CLOSE WINDOW

GT499: dpal sgyu 'phrul chen mo'i 'grel pa yon tan ldan pa
Wyliee-texts produced with BDRC’s OCR application

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུབ་པའི་ལམ་འཁོར་དང་བཅས་པའོ།། གསང་སྔགས་ཀྱི་ཐེག་པ་ལ་ནི་བྱང་ཆུབ་ཀྱི་ལམ་ནི་ཤིན་ཏུ་རྒྱ་ཆེན་པོ་དེ་ཉིད་མདོར་བསྡུས་པའི་རང་བཞིན་ཤིན ་ཏུ་མྱུར་བ་དང་། ཤིན་ཏུ་བདེ་བར་བྱང་ཆུབ་སྒྲུབ་པའི་ཐབས་དཀྱི་ཀྱི་འཁོར་ལོ་ལ་སོགས་པའི་ལམ་འཁོར་དང་བཅས་པའོ།། རྒྱུ་དང་། འབྲས་བུ་དང་། ཐབས་དེ་དག་གིས་དབང་དུ་བྱས་ནས་གང་བསྟན་པ་དེ་དག་ནི་རྒྱས་པ ་སྟེ་གོ་རིམས་བཞིན་དུ་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དེ། རྒྱུད་རྣམ་གསུམ་པོ་འདི་དག་རབ་ཏུ་བཤད་པར་བྱའོ།། འོ་ནི་རྒྱུད་དེའི་མིང་ཅི་ཞེ་ན། མཆོག་ཏུ་གསཔ་བོ་ཅེས་པའི་སྒྲ་ནི་ཟད་པར་མི་འགྱུར་བ ་དང་། གྲགས་པ་ལ་འཇུག་པ་སྟེ། མཆོག་ཏུ་གསང་བ་ཅེས་བྱ་བའི་མིང་ཅན་དུ་གྲོགས་པ་ཞེས་བྱ་བའི་དོན་ཏོ།། གང་རྣམས་ཀྱི་མཆོག་ཏུ་གསང་བ་ཡིན་ཞེ་ན། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་གསུངས་ཏེ། འདི ་ནི་རྡོ་རྗེ་མཁའ་འགྲོ་མ་མ་ལུས་པ་རྣམས་ཀྱི་མཆོག་ཏུ་གསང་བའི་རྒྱུད་ཅེས་བྱ་བའི་བར་དུ་མཆོད་པའི་དོན་དང་སྦྱར་བར་བྱའོ།། མཁའ་འགྲོ་མ་ཞེས་བྱ་བ་ལ། དེ་ནི་ན་མཁའ་ལ་འགྲོ་བ་སྟེ། ཨེ་ཨར་བྱས་ནས་དྷཱ་གསུམ་པའི ་དོན་དུ་སྦྱར་བས་ཟླས་ན་མཁའ་ལ་འགྲོ་བ་ཞེས་བྱ་བའི་དོན་ཏོ།། ཨོཾ་ཀ་ཨོཾ་ག་ནི་གྱ་གྱུར་འགྲོ་བའོ།། འདིར་ཐམས་ཅད་དུ་འགྲོ་བ་ནི་གྱ་གྱུར་འགྲོ་བའོ།། ཌཱས་གྱ་གྱུར་འགྲོ་བའི་ངང་ཚུལ་གང་རྣམས་ལོ་ཡོད་པ་དེ་དག་ནི་ནམ ་མཁའ་ལ་འགྲོ་བ་རྣམས་ཏེ། རྫུ་འཕྲུལ་གྱིས་བྱེ་བ་ཕྲག་བརྒྱ་སྦྲང་གི་སྐུས་གཅིག་ཅར་ཐམས་ཅད་དུ་འགྲོ་བ་ན་རྣམས་ཤེས་བྱ་བའི་དོན་ཏེ།། དེ་སྐད་དུ་ཡང་། དེ་ནི་ནམཁར་འགྲོ་མ་ཞེས།། ཁམས་ལ ་འདིར་ནི་རྣམ་པ་བརྟགས།། རྣམ་པའ་ཀུན་ཏུ་རྒྱུ་གྲུབ་པས།། མངའ་འགྲོ་མ་ཞེས་བརྡར་བཏགས་སོ།། ཞེས་གསུངས་སོ།། རྡོ་རྗེའི་སྒྲ་སྨྲས་པ་ནི་རལ་གྱི་མཔའ་འགྲ་མ་རྣམ་པར་གཙང་པའི་དོན་ཏེ།། རྡོ་རྗེ་ལྷུང་ཡིན་ལཱ་མ་ཐ ་འགྲོམ་ཡང་ཡིན་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཏེ། སྨྲས་པ་མེད་པའི་ཡེ་ཤེས་ལས་བྱུང་བ་ཅེས་བྱཱ་དྷཱ་དི་ནི་དྷེ། དེ་རྣམསྶ་ཥ~ཾ་མིག་ཡོན་ཞེ་ན། གསང་བའི་དབྱུ་ཕྱུག་མ་ཞེས་སྨྲས་ས། འདིར་རིགས་ལྔ་ནི་གས ་ཡིནྡྲ་ལཱ། དེས་ནྱ་དེ་རྣམས་འབྱིན་པ་དང་ཡང་དག་པར་སྡུད་པར་བྱེད་པས་ན་དབང་ཕྱུག་ནའོ།། དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་འང་མ་ནི་སངས་རྒྱས་མཁའ་འགྲོ་མའོ།། རྡོ་རྗེ་རིགས་ཀྱིནི་རྡོ་རྗེ་མཁའ་འབྲུ་མའོ།། ནར ་བུའི་རིགས་ཀྱི་ནི་རིན་ཆེན་མཁོའ་འགྲོ་མཱཊ།། པདྨའི་རིགས་ཀྱི་ནི་པཱུདྡྷ་མཁའ་འགྲོ་མའོ།། ལཱས་ཀྱི་རིགས་ཀྱི་དང་མ་ནི་སྣ་ཚོགས་མཁོའ་འགྲོམའོ།། དེ་རྣམས་ཀྱི་སྨང་དེ་བྱུང་མཱན་སྒྱུ་འཕྲུལ་ཚུན་མ་སྟེ། གང་གི་ཕྱིར་འདི་ནི་གས ་ཝཾ་ལས་ཀྱ་ཤིན་ཏུ་གས་ཐ་མིན་པ་ཟེར་ཕྱིར་མི་ཚིག་ཏུ་གསོ་བའོ།། དེ་བརྗོད་པར་བྱེ་འི་ཚིག་ལ་ཡང་དེ་སྐད་ཅེས་བྱི་སྟེའི་ལ་རྙེང་མ་བྲེགས་པའི་སྟན་ངག་བཞིན་ནོ།། མི་འདྲི་བོ་ཉིད་ཀྱི་དོན་བསྟན་པར་འཞེད་ནས། ག་ནི ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ཞེས་བྱ་བ་ལ། བྲཱཧྨ་ནི་ཏ་སྟེ་རྒན་པ་ཡིན་ལ། མ་ནི་ནི་ཌྱན་ཡནྣཏ། ཡི་གེ་རྣམ་པར་བསྒྱུར་བའི་ངེས་པའི་ཚིག་ཏུ་བྱས་པས་ཚངས་པར་འགྱུར་ཏེ། འདིར་འཇིག་རྟེན་ཐམས ་ཅད་ཀྱི་བླ་མར་གྱུར་པས་ཐམས་ཅད་ལས་རྒན་པས་ན་ཚངས་པ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྒྲོལ་པའི་སྐུས་བསྡུས་པའི་དེ་བཞིན་ནོགཤེགས་པ་རྣམས་སོ།། དེ་རྣམས་ཀྱི་སྐུ་ང་ནི་སྐྱེ་གནས་ཏེ། ཆོས་ཀྱི་སྐུ་ཞེས ་བྱའི་དོན་ཏོ།། ཡང་ན་ཁྱད་པར་དུ་གྱུར་པའི་ཐར་པ་ནི་ཚངས་པ་ཡིན་ལ། སྐུ་ཉིད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་སྒོ་ང་ཡིན་པས་ཚངས་སྒོ་ང་སྟེ་ཆོས་ཀྱི་སྐུའོ།། འདིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱི་སེམས ་ཅན་གྱི་འཇིག་རྟེན་རྣམས་ནི་རྒྱུ་བའོ།། དེ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ནི་འདོར་མི་རྒྱུ་བའོ།། དེ་རྣམས་དང་ལྷན་ཅིག་འཇུག་པསྡུ་ན་རྒྱུ་མི་རྒྱུ་བཅས་ཚངས་སྒོ་ང་སྟེ། དེ་དག་ལ་གང་གིས་ཁྱབ་པ་ཞེས་བྱ་བར་འབྲེལ ་ཏོ།། མ་ལུས་དུ་ཤེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་དག་ཀུན་ལ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཇི་ལྟར་ན་ཚངས་པའི་སྒོ་ང་ལ་དྲིས་ཁྱབ་ཅེ་ན། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཚངས་པའི ་སྒོ་ང་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ལ་དེས་ཁྱབ་ཅེ་ན། དེ་ལས་བྱུང་བའི་ཕྱིར་རོ།། དེ་ཉིད་བསྟན་པའི་ཕྱིར་ལྷ་མོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལྷ་མོ་ཐམས་ཅད་ནི་རིགས་ལྔའི་མཁའ་འགྲོ་མ་རྣམས་སོ།། ཚངས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། རིགས་དེ་དག་མཐའ་ཡས་པ་དེ་རྣམས་ཀྱི་སྐྱེད་པར ་བྱེད་པ་ནི་རྒྱུར་གྱུར་པའི་ཕྱིར་རོ།། བདག་ཉིད་ཚ་ཞེས་བྱ་བ་ནི་མཐུ་ཆེ་བའོ།། དེ་སུ་ཞིག་ཅེ་ན་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོའི་སྒྲས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཆོག་ཏུ་གསང ་བོའི་སྐུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བསྟན་ཏོ།། དབང་ཕྱུག་ཆེ་ཞེས་བྱ་བ་ལ།། གང་གི་ཕྱིར་ཚངས་པ་ལ་སོགས་པ་འབྱིན་པར་བྱེད་པས་དེ་དག་ནི་དབང་ཕྱུག་ཡིན་ལ། དེ་དག་ཀྱང་འདིས་འབྱིན་པར་བྱེད་པས ་ན་འདི་ནི་དབང་ཕྱུག་ཆེའོ།། གང་གི་ཕྱིར་དབང་ཕྱུག་ཆེན་མོ་ཡིན་པ་དེའི་ཕྱིར། དེ་རྣམས་ཀྱི་ནི་གསང་ཆེན་འདྲི་ཞེས་གསུངས་ཏེ། དེ་རྣམས་ཤེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ།། གསོང་ཆེན་ནི་མཆོག་ཏུ ་གསང་བའོ།། འདི་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ།། འདི་ལྟར་རྒྱ་ཚོན་པོ་ལ་ལྟོས་ནས་ཕྲ་བའི་རང་བཞིན་ནི་གསང་བར་བརྗོད་ངོ་།། དེ་ཉིད་ཀྱི་ཕྱིར་རིགས་རྣམས་ལས་རིགས་ཀྱི་བདག་པོ་ལྔ་ནི་གསང་བ་ཡིན་ཏེ་རིགས ་རྣམས་དེའི་བདག་ཉིད་ཡིན་པའིཕྱིར་རོ།། ཡང་མཁའ་འགྲོ་མ་ལྔ་ནི་གསང་བ་དེ་ལས་ཀྱང་གསང་བར་གྱུར་པའོ།། འདི་ལྟར་རང་རངྒ་རིགས་ལ་ཁྱབ་པའི་རིགས་ཀྱི་དབང་པོ་རྣམས་ནི་གསལ་བའི་མཚན་ཉིད་དེ། ་དངོས་པོའི་ཆ་གཙོ་བོར་བྱས་པས་ན་དེ་དག་ནི་རིགས་པའོ།། མཁའ་འགྲོ་མ་རྣམས་ནི་གསལ་བ་དེ་ཉིད་ཀྱིས་སྟོང་པའི་མཚན་ཉིད་དེ། དངོས་པོ་མེད་པའི་ཆ་གཙོ་བོར་བྱས་ནས་དེ་བས་ཕྲ་བའོ།། དེ་བས་ན་གསང ་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པ་རྣམས་ཀྱི་ཡང་གསད་པ་ནི་སྒྱུ་མ་ཆེན་མོ་སྟེ་འདི་ལྟར་རིགས་སོ་སོའི་ཆོས་ཉིད་ཀྱི་མཚན་ཉིད་ནི་རྒྱ་ཆེ་བ་ཡིན་ལ། འདི་ནི་ལྔ་ཅར་གྱི་ཆོས་ཉིད་མཉམ་པ་ཉིད་མཐུན་མོང་བ་སྐྱེ ་དེས་ན་འདི་ནི་གསང་བ་དེ་རྣམས་ཀྱིས་ཡང་གསང་ཆེན་ནོ།། དེ་རྗོད་པར་བྱེད་པའི་རྒྱུད་ལ་ཡང་གསང་ཆེན་ཞེས་བརྗོད་དོ།། གསང་ཆེན་ཞེས་བརྗོད་མོད། ཡང་ཅིའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཡིན་ཞེ་ན། དེའི་ཕྱིར ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ནི་དྲག་མོ་ཆེན་མོ་སྟེ། མཆོག་ཏུ་རྣམ་པར་འཚེ་བའི་ཕྱིར་རོ།། གང་ལས་ཤེ་ན་གང་གི་ཕྱི་ཙོར་འབྱུང་བ་ཡང་དག་སྡུད་མཛད་མའོ།། ་མ་རིག་པ་ལས་བྱུང་པོས་ན་འབྱུང་བ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལ་སྒྲིབ་པ་ཐམས་ཅད་དོ།། དེ་ཡང་དག་པར་སྡུད་པ་ནི་དེ་འཇིགས་པར་མཛད་པ་སྟེ། དེ་བཅོམ་པས་ན་ཐར་པའི་མཆོག་ཏུ་གྱུར་པའོ།། ་འདི་སྙམ་དུ་རྣམ་པར་འཚེ་བ་ནི་མ་ཡིན་ལ། ཨོཾ་ཨར་བྱས་པས་མར་གྱུར་ཏེ། ཌཱ་རྐྱེན་དུ་སྦྱར་བས་ཡང་འདྲེན་པར་བྱེད་དེ། དེས་ན་མཱ་ཡཱ་ཞེས་བྱ་བར་དགོངས་སོ།། རྣམ་པ་གཞན་གསུངས་པ ་གང་གིས་ཤེས་བྱུབ་དྷཱ་། འཇུག་རྟེན་གསུམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞེས་ཡོངས་སུ་དག་པའོ།། རྒྱ་མི་རྒྱུ་བཅས་དྷ་ཤེས་བྱ་བ་ནི་སྣུ་མ་བཞིན་ནོ།། ཁྱབ་པ་ཞེས་བྱ་བ་ན་དུ་ལུས་བྱུང ་སྟེ། གང་གི་བྷི་བྷཱུ་བི་ཎྱར་བཅས་པ་རྣམས་རྒྱས་ཀྱི་སྐུའི་རྩཝ་མཐུན་པ་ཡིན་པའི་ཕྱིརརརོ།། འདི་སྙམ་དུ་ངེས་པར་སྦྲུལ་པོ་ནི་སྒྱུ་མ་སྟེ། མའི་མཱ་ཡ་ཎའི་རྐྱེན་སྦྱོར་བས་ཡ་དྲངས་པས་མྦྷ་སྦྱོར་འགྱུར་པོར་དགོངས། ་རྣམ་པ་གཞན་གསུངས་པ།། དེ་ནས་དེ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དོནས་ཤེས་བྱ་བ་ནི་གཞན་ཏེ། རྣམ་པའི་གཞན་ཞེས་བྱ་བའི་དོན་ཏོ།། དེ་ཡི་ཤེས་བྱེ་བྷ་ནི་ཧེ་རུ་ཀའི་གཟུགས་ཅན་གྱི་སྒྱུ་འ ་ན་མས་སོ།། བ~ཾདྷཱས་ཤེས་བྱ་བ་དང་། འཇོག་རྟེན་གསུམ་པོ་ཞེས་བྱུ་བནྡྷ་རཱབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་གཟིགས་པསོ་བསྒྱེལ་ལམྦྷ་ཐལ་བར་མཛད་པའོ།། ཡོང་ཞེས་བྱ་བ་ནི་ཕྱིན་ཐོས་སོ།། ་སྒྲའོ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་སོ་ཞེ་སྡང་མེད་པར་མཛད་ནས་རྒྱལ་མཚན་ཆེན་པོའི་དྲིལ་བུའི་སྒྲ་རྣམས་ཀྱིས་སླར་གཡོ་བར་མཛད་པའོ།། དེསོ་ཅིར་འགྱུར་ཞེ་ན། གསསྒྲུབ་པ་རྣམས་ཤེསོ་བྱ་བ་ལོ་སོགས་པ ་གསུཕྱི་རོལ་རྡོ་རྗེ་རིགས་ཀྱི་ལྷ་རྣམས་ནི་ཅུང་ཟང་གསང་བར་གྱུར་པས་ན་གས་པ་ཇིའོ།། དེ་རྣམས་ཀྱིས་མ་ནི་མར་གྱུར་པ་སྟེ། དེ་བྲིས་ན་འདི་ནི་སྒྱུ་མའི་བདག་ཉིད་ཅེས་རྣམོ་གྲངས་ཤེས་གསུ ་ཏེ། སྒྱུ་མའི་སྒྲུབ་པ་ནི། སྔར་བཤད་པ་བཞིན་དུ་དགོངས་སོ།། རྣམ་པར་གྲགས་པ་ནི་རབ་ཏུ་གྲགས་པར་གྱུར་པའོ།། དེ་ལྟ་བུར་གྱུར་པའི་བདག་ཉིད་ཅན་ཡིན་མེད། དེས་སྒྲུབ་པ་པོ་རྣམས་ལ་ཅི་ཞིག་བྱེད་ཅེ་ན། ་དེའི་ཕྱི་ར་འཇིག་རྟེན་གསུམ་སྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རིག་པ་སྟེ།། སྒྱུ་མའི་བདག་ཉིད་དུ་གྲགས་པའི་རིགས་པས་སྒྲུབ་པ་པོ་རྣམས་ལ་འཇིག་རྟེན ་གསུམ་པོ་སྒྲུབ་པའོ།། འདོད་པ་ཐམས་ཅད་ནི་བསམས་པ་ཐམས་ཅད་དེ། རིག་འཛིན་ལ་སོགས་པའོ།། སྟེར་བ་ནི་དེ་དག་ཁྱད་པར་དུ་སྟེར་བར་པོ་བྱེད་པ་སྟེ། ཚིགས་སུ་བཅད་པ་ཕྱེད་པོ་འདི་ནི་བསྟན་པའོ།། འདི་ཉིད ་ཀྱི་ཉེ་བར་བསྟན་པ་ནི།། གང་ཞིག་ཅེས་བྱ་བ་ནས་སྒྱུ་མའི་རིག་པ་འདི་ཞེས་བྱ་བའི་བར་ཡིན་ཏེ། གང་ཞིག་ཅེས་བྱ་བ་ནི་རེག་པའོ།། རྣམ་པར་རོཤེས་པ་ཙམ་གྱིས་ཤེས་བྱ་བ་ནི་ཉམས་སུ་བླངས་པ་ཙམ་སྟེ། སྒྲུབ ་པོ་རྣམས་ལ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལཏེ། སྒྲུབ་པའི་དབང་ཕྱུག་ཅེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་དབང་ཕྱུག་སྟེ་རིག་པ་ཉིད་དོ།། ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལྷ་ནི་བརྒྱ་བྱིན་ལ་སོགས་པའོ།། ནོར་བདག་ནི་ཡི་དགས་རྫུ་འཕྲུལ་ཅན་ནོ།། དྲི་ཟ་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ།། བཅས་པ་ནི་དེ་དག་དང་ལྷན་ཅིག་ཏུ་འཇུག་པའོ།། སྒྲུབ་བོ་ཞེས་བྱ་བ་ནི་སྒྲུབ་པ་པོའོ།། ་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ།། དབང་དུ་འདུ་ཞེས་བྱ་བ་ནི་དབང་དུ་གྱུར་པ་ཉིད་དོ།། འབྱུང་པོ་ནི་སེམས་ཅན་རྣམས་སོ།། ཆུ་ལས་སྐྱེས་ནི་ཆུ་སྲིན་ལ་སོགས་པའོ།། ཐང ་ལས་སྐྱེས་ནི་སྟག་ལ་སོགས་པའོ།། དེ་ལྟར་རེ་ཤིག་ཕྱི་རོལ་གྱི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས་པར་བསྟན་ནས་འཇིག་རྟེན་ལས་འདས་པའི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས་པར་བསྟན་པའི་ཕྱིར་ཆོས་རྣམས་ཤེས་བྱ་བ་ལ ་སོགས་པ་གསུངས་ཏེ། འདིར་ཚིག་རྐང་དང་པོ་གཉིས་ཀྱིས་ནི་རྒྱུའི་རྒྱུད་མདོར་བསྡུས་ནས་བསྟན་ཏོ།། རང་བྱུང་ཡེ་ཤེས་ལྔ་པར་འགྱུར་ཞེས་བྱ་བ་ནི་འབྲས་བུའི་རྒྱུད་དོ།། ཚིག་རྐང་པ་གསུམ་པ་དང་། ལྔ་པ་དང་། ་དྲུག་པས་ནི་ཐབས་ཀྱི་རྒྱུད་བསྟན་ཏོ།། རང་བཞིན་ནི་གཉུག་མའི་རང་བཞིན་ནོ།། འོད་གསལ་བ་ནི་སྣང་ཞིང་གསལ་བ་སྟེ། ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞིག་ཅེ་ན་ཆོས་རྣམས་ཏེ། རང་གི་མཚན་ཉིད ་འཛིན་པས་ན་ཆོས་ཏེ། དངོས་པོའི་ཆོས་ཐམས་ཅད་དོ།། དེ་ཡང་འདི་ལར་དངོས་པོ་ཐམས་ཅད་སེམས་ཙམ་སྟེ། དཔེར་ན་རྨི་ལམ་ན་ཁང་ཁྱིམ་དང་། སྐྱེད་མོས་ཚལ་དང་། རྫིང་བུ་དང་། རྟ་དང་། གླང་པོ་དང་། ་མི་ལ་སོགས་པའི་གཟུགས་སུ་སེམས་ཉིད་སྣང་བ་ལྟར་སེམས་ཉིད་དངོས་པོ་དེ་དང་དེའི་རྣམ་པར་སྣང་སྟེ། སེམས་ལས་བྱུང་བ་ནི་སེམས་ལས་གུད་ན་མེད་པའི་ཕྱིར་རོ།། དེ་སྐད་དུ་ས་བཅུ་པ་ལས། ཁམས་གསུམ ་བ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་ལ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་རྣམ་བརྟགས་པའི།། ཕྱི་རོལ་དོན་ནི་ཡོད་མིན་པས།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། ་དོན་དུ་སྣང་བ་རབ་ཏུ་སྐྱེ།། ཞེས་གསུངས་ཏེ། བག་ཆགས་ཀྱིས་དཀྲུགས་པ་ནི་བག་ཆགས་ཀྱིས་བཅོམ་ཞིང་བསློད་པའོ།། ཆོས་ཐམས་ཅད་སེམས་ཙམ་ཡིན་མོད། ཡང་དེ་རང་བཞིན་གྱིས་སྣང་ཞིང་འོད་གསལ་བ་ཅིའི ་ཕྱིར་ཡིན་ཞེ་ན། གདོད་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོད་ནས་ནི་ཐོག་མ་མེད་པ་ཉིད་ནས་སོ།། ཐོག་མ་མེད་པ་ཉིད་ནས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པས་ན་དག་པའོ།། སྒྲིབ་པ་རྣམས་ཀྱི་བག་ཆགས ་མེད་པས་ན་རྙོག་པ་མེད་པའོ།། ཅིངོ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གདོད་མ་ནས་དག་པའི་ཕྱིར་རང་བཞིན་གྱིས་སྣང་ལ་རྙོག་པ་མེད་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བའོ།། འོ་ན་དྲི་མ་རྣམས་ཀྱང ་ཡོད་ལ་དེའི་བག་ཆགས་རྣམས་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་དག་པ་དང་རྙོག་མ་མེད་ཅེས། དེ་དག་གི་རང་བཞིན་དེ་མ་ཡིན་པའི་ཕྱིར་ཏེ། ན་མཁའ་ལ་རྡུལ་དང་། དུ་བ་དང་། ཁུག་རྣ་ལ་སོགས་པ་བཞིན་དུ་དྲི་མ་རྣམས་དེ ་ལ་བློ་བུར་བ་ཡིན་པའི་ཕྱིར་རོ།། དེ་བས་ན་ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་བའོ།། ཅི་སྟེ་དེ་ལྟར་མ་གྱུར་ན་འགའ་ཡོང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་དྲི་མར་གྱུར་ན་སེམས་ཡོད་པ་ལ ་དེ་ཟད་པར་འགྱུར་བ་མི་རིགས་པའི་ཕྱིར་རོ།། དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་ལ། བྱང་ཆུབ་ནི་འབྲས་བུ་ཡིན་ནོ།། བྱང་ཆུབ་དེ་ཡང་བག་ཆགས་དང ་བཅས་པའི་སྒྲིབ་པ་ཐམས་ཅད་ཟད་པས་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པའི་ཆོས་རྣམས་ཀྱི་གཞི་དང་གནས་སུ་གྱུར་པས་ན། ་སྐུའོ།། དེ་ལ་ཆོས་ཀྱི་སྐུ་ཉིད་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་བྱུང་བ་ཡིན་ཏེ། སྒྲིབ་པ་ཐམས་ཅད་ཟད་པས་རང་ཉིད་འབའ་ཞིག་ཏུ་གྱུར་པ་སྟེ། རང་གི་རང་བཞིན་ཁོ་ན་སྣང་ངོ་།། ཞེས་བྱ་བའི་དོན་ཏོ།། ་སྐུ་གསུམ་གྱིས་ནི་ཡེ་ཤེས་ལྔ་པོར་འགྱུར་ཏོ།། དེ་ལ་དེ་དག་གི་ཡེ་ཤེས་ལྔ་ནཱི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ།། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མེ་ལོང་དྲི་མ་མེད་པ་ལྟར་དག་ཅིང་མཐའ་མེད་ལ་ལྷག་པ་སྟེ། ཡེ་ཤེས་པར་མ་གསུམ་གྱིས་གནས་སུ་གྱུར་པ་དང་། ཡེ ་ཤེས་གཞོན་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བའི་གནས་ཡིན་ལ། གཟུགས་བརྙན་གང་ཞིག་ཤར་བས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་གཟིགས་པར་གྱུར ་པའོ།། མཉམ་པ་ཉིད་ཀྱི་ཡང་ཤེས་ནི་རྟག་ཏུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་མཚུངས་པར་ལྡན་པས་སེམས་ཅན་ཐམས་ཅད་དང་བདག་ཉིད་ཁྱད་པར་མེད་པར་མཁྱེན་པའོ།། སོ་སོར་རྟོག་པའི་ཡེ་ཤེས་ནི ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཐམས་ཅད་ཀྱི་གནས་སུ་གྱུར་པས་འཁོར་གྱི་དཀྱིལ་འཁོར་དུ་བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པར་མཛད་ཅིང ་ཆོས་ཀྱི་ཨཱར་ཆེན་པོ་འབེབས་པར་མཛད་པའོ།། ཡང་ཤེས་གང་གིས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཐམས་ཅད་དུ་སྐུ་དང་གསུང་དང་ཐུ་གྱི་སྤྲུལ་པ་ནས་ཀྱི་མཐའ་ཡས་པའི་སེམས་ཅན ་རྣམས་ཀྱི་དོན་མཛད་པ་དེ་ནི་དེ་རྣམས་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་སོ།། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་གཟིགས་པ་སྟེ། མཚན ་མའི་དྲི་མ་ཐམས་ཅད་ཤིན་ཏུ་མི་སྣང་བས་དེ་ཙམ་དུ་གཟིགས་པ་སྟེ། དེ་ནི་དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ།། དེ་ལ་ཡེ་ཤེས་དང་པོ་གསུམ་ནི་ལོངས་སྤྱོད་རྒྱོ་བཱི་སྐུའོ།། ཞི་པ་ནི་སྤྲུལ་དྲི་སྐུས ་ལྔ་པ་ནི་ཆོས་ཀྱི་སྐུའི་ཕྱོགས་གཅིག་སྟེ། རང་བྱུང་ཡང་ཡིན་ལ་ཡང་ཤེས་ལྔ་པ་ཡང་ཡིན་པས་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཤེས་བྱ་བའི་དོན་ཏོ།། དེ་ལས་ཤེས་བྱ་བ་ནི་རང ་བཞིན་གྱི་འོད་གསལ་བའི་རྒྱུ་དེ་ལས་སོ།། ཐབས་བརྗོད་པ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་དེ་རྣམས་ལ་ཐབས་གཙོ་བོར་གྱུར་པར་བསྟན་པ་སྟེ། འདི་ལྟར་རྒྱུ་ཡིད་དུ་ཟིན་ཀྱང་ཐབས་མ་རྟོགས ་པར་འབྲས་བུར་འགྱུར་བ་མ་ཡིན་ཏེ། རྒྱུ་ནི་ཐོག་མེད་པའི་དུས་ཅན་ཡིན་པས་ཐམས་ཅད་ཐོག་མ་ཉིད་ནས་བྱང་ཆུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་བས་ན་ཐབས་གཙོ་བོར་གྱུར་པར་བསྟན་ཏོ།། དེ་ཅི་ཞིག་ཅེ་ན། ་རྣལ་འབྱོར་མ་རྣམས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མ་ལྔའོ།། སྦྱོར་བའི་མ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ།། ཁམས་གསུམ་པོ་ནི་མ་ལུས་ཀུན་ཞེས་བྱ་བ་ནི་ཁམས ་གསུམ་པ་ཐམས་ཅད་དེ། དེ་དག་ལས་ཡང་དག་པར་བྱུང་བ་ནི་རིགས་ཀྱི་དབང་པོ་རྣམས་དང་། རིགས་རྣམས་སོ།། ཅིའི་ཕྱིར་དེ་དག་ཁམས་གསུམ་པ་ཡིན་ཞེ་ན། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི ་གསང་བ་གསུམ་གྱི་རྡོ་རྗེའི་ཁམས་སུ་འདུས་པའི་ཕྱིར་རོ།། དེའི་ཕྱིར་དེ་དྲག་ཐབས་ཡིན་ཞེ་ན། བྱང་ཆུབ་ཀྱི་སྣོད་དུ་གྱུར་པའི་མཚན་ཉིད་རྒྱུ་ཕུན་སུམ་ཚོགས་པ་ཡོད་པ་ལ་འདི་རྣམས་ཉིད་བསྒོམ་པ་དང་བཟླས་པ་འཁོར ་དང་བཅས་པས་མྱུར་དུ་བྱང་ཆུབ་ཐོབ་པར་བྱེད་ལ་དེ་ཐོབ་ནས་ཀྱང་དེ་དག་ཉིད་ལོང་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་བསྡུས་པ་རྣམས་ཀྱིས་གཞན་རྣམས་སྣོད་ཇི་ལྟ་བ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱེད ་བའི་ཕྱིར་རོ།། མ་ལུས་ལུས་པ་མེད་པ་ཞེས་བྱ་བ་ལ། མ་ལུས་པ་ནི་རྣལ་འབྱོར་མ་ལ་སོགས་པ་ཕུང་པོ་གསུམ་པོ་དེ་དག་ལས་ཕུང་པོ་གཅིག་ཀྱང་དོར་བ་མེད་པའོ།། ལུས་པ་མེད་པ་ནི་ཕུང ་པོ་གཅིག་གི་ཡང་ལྷ་གཅིག་ཀྱང་དོར་བ་མེད་པ་སྟེ། མ་ལུས་པ་ཡང་དེ་ཡིན་ལ་ལུས་པ་མེད་པ་ཡང་དེ་ཡིན་པས་དེ་དག་ལ་དེ་སྐད་ཅེས་བྱའོ།། གྲུབ་ཅིང་ཞེས་བྱ་བ་ནི་གང་ཞིག་རྣམ་པར་ཤེས་པ་ཙམ་གྱིས་སྒྲུབ་པ ་པོ་རྣམས་ལ་ལམ་དང་འབྲས་བུ་རང་བཞིན་གྱིས་རྫོགས་པར་གྱུར་པའོ།། ཅིའི་ཕྱིར་འགྲུབ་ཅེ་ན། སྒྱུ་མས་ཀུན་ལ་རྣམ་པར་རོལ་པའི་ཕྱིར་ཏེ། ལམ་དང་འབྲས་བུ་ལ་སོགས་པའི་གནས་སྐབས་འདི་དག་ཐམས་ཅད ་སྒྱུ་འཕྲུལ་ཆེན་མོ་ཁོ་ན་ལ་རག་ལས་པའི་ཕྱིར་རོ།། འཇིག་རྟེན་གསུམ་བསྒྲུབ་ཅེས་གང་སྔར་བསྟན་པ་དེའི་ཉེ་བར་བསྟན་པ་མཛད་ནས། འདོད་པ་ཐམས་ཅད་རབ་སྟེར་བ་ཅེས་བྱ་བ་གང་སྔར་བསྟན་པ་དེ་ཉེ་བར་བསྟན་པའི ་ཕྱིར་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་སོ།། འཕྲོག་པ་ཞེས་བྱ་བ་ནི། བདག་གམ་གཞན་གྱི་ཕྱིར་འགུགས་པའོ།། ལྷ་མཆོག་ནཱི་ལྷའི་གཙོ་བོ་རྣམས་ཏེ། བརྒྱུ ་བྱིན་ལ་སོགས་པའོ།། སྤྱོད་ཅེས་བྱ་བ་ནི་བཀུག་ནས་ཉེ་བར་སྤྱོད་པའོ།། རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ།། དེའི་དབང་ཕྱུག་ནི་སྙོམས་པར་འཇུག་པ་དང་ལྡོང་བ་དག་ལ་དབང་ཐོབ་པའོ།། མིག་འཕྲུལ་ནི་ཡོད་པ་དང་མདོ ་རྒྱབའི་དམྱག་ལ་སོགས་པ་ཇི་མྱུར་རགས་པ་སྦྲུས་ཏེ་སྦྱིན་དུ་དང་། མྀ་སྣང་བར་ཡང་བྱེད་པའོ།། རྨོངས་པ་ན་བརྟུལ་བྱའི་ཀནས་སྒྲུབསྡུ་ས་གྱུར་པའོ།། རེངས་པ་ན་མ་གླལ་བར་བྱས ་བའོ།། བསྐྲད་པ་ནི་གནས་ནས་གཡོ་བའོ།། གསད་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་ཤིན་ཏུ་གནོད་པར་བྱེད་པ་རྣམས་གཞོམ་པའོ།། སོགས་པའི་སྤོས་ནི་ཡན་ལག་ཉམས་པ་དང་རིམས་དང ་སྲིན་པོས་གཟུང་བ་ལ་སོགས་པ་བསྡུའོ།། དབང་ནི་དབང་དུ་གྱུར་པ་སྟེ། འདི་དབང་དུ་བྱེད་པའི་ལས་ལ་དབང་ཞེས་བྱའོ།། དགུག་ན་རྣམ་པ་གཉིས་ཏེ། རྐང་པས་དགུག་པ་དང་། གོང་བུར ་དགུག་པའོ།། དང་པོ་ནི་ས་ལས་འོང་བྱའོ།། གཉིས་པ་ནི་ནཱ་མཁའ་ལས་འོང་བའོ།། ལས་རྣམས་ནི་དབང་དང་དགུག་པའི་ལས་གསུམ་མོ།། གཞན་གྱི་གྲོང་ན་གཞན་གྱི་ལུས་ལ་འཇུག་པའོ།། སོགས་པའི་སྒྲས ་ནི་གོང་དུ་འཕོ་བ་ལ་སོགས་པ་གཟུང་ངོ་།། བྱ་བ་ནི་གཞན་གྱི་གྲོང་ལ་སོགས་པ་ལ་དེ་དག་ཉམས་སུ་བླང་བའོ།། མི་སྣང་བ་ནི་མི་མཐོང་བར་བྱའོ།། ཞེ་འགྲས་པ་ནི་ཕན་ཚུན་ཆགས་པ་དང་ལྡན་པ་དག་ཀྱང་སྡང་བར ་བྱ་བའོ།། རྨུགས་པ་ནི་ལྐུགས་པའོ།། ས་འོག་འགྲོ་བ་ནི་ལྷ་མ་ཡིན་གྱི་སྒོར་འཇུག་པའོ།། རིག་འཛིན་འཁོར་ལོས་བསྒྱུར་བ་ཅེས་བྱ་བ་ལ། རིག་འཛིན་རྣམས་ཚར་བཅིང་པ་དང་རྗེས་སུ་གཟུང་བའི་ནུས་པ་ཅན ་དེ་ནི་འཁོར་ལོ་སྒྱུར་བ་སྐྱེ་དེའི་དངོས་པ་དེ་ཉིད་དོ།། འཆ་བ་མེད་པ་དང་། རྒས་པ་མེད་པ་དང་། ན་བ་མེད་པ་གསུམ་ནི་གོ་སྒྲ་སྟེ། ན་བ་མེད་པ་ཉིད་དང་ཞེས་དང་གི་དོན་ཤེས་བྱར་བྱ་སྟེ། རྨོངས་པ་ལ་སོགས་པ་དེ་དག་ཐམ ་ཅད་རྣལ་འབྱོར་སྒྱུ་མའི་རིག་པ་འདི་ཡིས་བྱའོ་ཞེས་བྱ་ནི་ལྷག་མའོ།། སྒྱུ་མ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ་དེ་ཉིད་ནི་རིག་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་སྦྱོར་བས་ན་རྣལ་འབྱོར་ཏེ། རྣལ་འབྱོར་ཡང ་ཡིན་ལ་སྒྱུ་མའི་རིག་པ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ།། དེ་ཇི་ལྟར་སངས་རྒྱཆོས་ཐམས་ཅད་ལས་འཕྲོག་པ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ཁ་ཅིག་ནི་རྒྱུད་འདི་ཉིད་ལས་བརྗོད་པ་ཡིན་ལ། ཁ་ཅིག་ནི་རྒྱུད ་གཞན་གྱི་རྗེས་སུ་འབྲངས་ཏེ། བལྟ་བར་བྱའོ།། གང་ཞིག་རྣམ་པར་ཤེས་པ་ཙམ་གྱིས་ཤེས་བྱ་བ་ནི་ཉམས་སུ་བླངས་པ་ཙམ་མོ།། ཞེས་བྱ་ལ་ཉམ་སུ་བླང་བ་དེ་བསྟན་པའི་ཕྱིར། སྔགས་ཀྱི་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྔགས་ནི་སྔགས་ཀྱི་ཚོགས་སོ།། ཡི་གེའི་གཟུགས་ནི་ཡི་གེ་ལས་སྐྱེས་པའི་གཟུགས་ཏེ། སྔགས་དང་ཡི་གེའི་གཟུགས་དེ་དག་གི་ཅེས་བྱ་བའི་དོན་ཏོ།། རྣལ་འབྱོར་པ་ནི་སྒྲུབ་པ་པོ་རྣམས།། ་རྣམ་པར་རོལ་པ་ནི་ལས་ལ་སོགས་པ་གྲུབ་པའི་རྣམ་པ་རྩེ་བ་པའོ།། སྔགས་ཇི་ལྟར་ཉམ་སུ་བླང་ཞེ་ན།། བཀླགས་པ་དང་ནི་བསམས་པ་དང་།། ཞེས་གསུངས་ཏེ། བཀློག་པ་ནི་ངག་གི་བཟླས་པའོ།། བསམས་པ་ནི ་ཡིད་ཀྱི་བཟླས་པའོ།། ཡི་གེའི་གཟུགས་ཉིད་ཇི་ལྟར་ཉམས་སུ་བླང་ཞེ་ན། བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཆག་སུ་འཇུག་པས་ལྟ ་བའོ།། ཏིང་འཛིན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་སེམས་གནས་པའོ།། བཀླགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་ཉམས་སུ་བླངས་པའི་འབྲས་བུ་སྟོན་པ་ཡིན་ཏེ། བཀླགས་པ་ཞེས་བྱ་བ་ནི་བཟླས་བརྗོད་དོ།། ་རིག་པ་ནི་རྒྱུ་འཕྲུལ་ཆེན་མོའོ།། བྱེད་པ་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ།། རིག་པའི་སྒྲ་གཉིས་པས་སྒོམ་པ་ལས་བྱུང་བའི་ཤེས་རབ་སྟོན་ཏོ།། དེ་ཡང་སྐུའི་བསྒོམ་པ་རྫོགས་པ་སྟེ། ་རང་གི་ལྷའི་གཟུགས་ཀྱི་རྣམ་པར་བདག་ཉིད་གསོལ་བར་བལྟའོ།། དངོས་གྲུབ་བྱེད་པ་ནི་དེས་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོ་སྒྲུབ་པའོ།། དང་ཞེས་བྱ་བ་ནི་ལས་རྣམས་ཀྱང་སྒྲུབ་པར་བྱེད་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་རང་གི་ལྷའི ་གཟུགསུ་རྫོགས་པར་བྱས་པ་རང་ངམ་གཞན་གྱིས་མཐོང་བར་གྱུར་པའོ།། དེ་བྲག་ཏུ་ཉམས་སུ་བླང་པོ་བསྟན་པའི་ཕྱིརརོ། བརྟུལ་ཞུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེད་ཅེས་བྱ་བའི་སྒྲས་ནི་བྱེད་པ་ཞེས ་བྱ་བ་སྔ་མ་དང་སྦྱར་ཏེ། བྱ་བ་མ་ཡིན་ནོ་ཞེས་ཞེས་བྱ་བའི་དོན་ཏོ།། བརྟུལ་ཞུགས་ནི་ཁྲུས་གསུམ་དང་གོས་གསུམ་བརྗེ་པ་ལཾ་སོགས་པའོ།། དགའ་ཐུབ་ནི་སྡེ་ཚོང་དང་། སྲེ་ཏ་ཟ་བ་ལ་སོགས་པོའོ།། དཀའ་སྤྱོད་ནི། ་བརྟེན་པར་དཀའ་བ་སྟེ་འདི་ནི་བསྟན་པའོ།། འདིའི་ཉེ་བར་བསྟན་པ་ནི། བསྲུང་བ་དང་།། སྡོམ་པ་མེད་པའོ།། དེ་ལ་བསྙུང་བ་ནི་དུས་མ་ཡིན་པར་མི་ཟ་བའོ།། སྡོམ་པ་ནི་འདོད་ཆགས་སྡོམ་པར་གྱུར་ཅིང་ཁྱིམ་པ་ཡིན་ན་ཡང་ཚངས ་པར་སྤྱོད་པའོ།། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་སིམ་པ་ནི་འདྲེ་བའོ།། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་སིམ་པ་ནི་དགའ་བ་སྟེ། དེས་སྒྲུབ་པ་པོ་རྣམས་ལ་འགྲུབ་པར་འགྱུར་བའོ།། ་བསྒོམས་པ་ལས་བྱུང་བ་ནི་མཁའ་འགྲོ་མ་ཆེན་མོ་དང་། དེའི་གཟུགས་བསྒོམ་པའི་ཕྱི་རོལ་གྱི་བུད་མེད་ནི་ཤེས་རབ་བོ།། ཐབས་ནི་དེ་ལས་ཉེ་བར་འགྲོད་པ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་སུ་བསྒོམ་པས་ཉེ་བར ་སྤྱོད་པའོ།། སོགས་པའི་སྒྲས་མཆོད་པ་རྣམ་པ་ལྔ་དང་། འདོད་པའི་ཡོན་ཏན་ལྷ་རྣམས་ཀྱང་གཟུང་ངོ་།། དེ་རྣམས་ཀྱིས་རྟག་ཏུ་ཐུན་མཚམས་རྣམས་སུའོ།། ཤེས་རབ་དང་ཐབས་གང་གིས་རེ་ཤིག་ཇི་ལྟར་ན་དགའ་བ ་དོང་བདེ་བར་འགྱུར་ཞེ་ན། ལྟེ་བའི་དབུས་གནས་ཤེས་བྱ་བ་ལ་སོགས་གསུང་སྭ་ཏེ། ལྟེ་བ་ནི་པདྨའི་ལྟེ་བའོ།། དེའི་དབུས་སུ་གནས་པ་དེ་སུ་ཞིག་ཅེ་ན། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུན་མི་འཆད་པར ་བརྩོན་པ་དང་ལྡན་པས་ན་དཔའ་བོ་སྟེ་རྡོ་རྗེ་སེམས་དཔའོ།། དེ་འདིར་སྣོད་གང་ན་གནས་ཤེ་ན། ཀ་རྀ་ནི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་པདྨའི་ཀ་ར་ནི་ཀ་ལའོ།། གསང་བའི་སྤྱོད་ཡུལ་ན་གསང་ཞིང་སྦ་བར་བྱ། ་བའི་ཕྱིར་སྤྱོད་ཡུལ་ཏེ། ཉི་མ་དང་ཟླ་བ་ཁ་སྦྱར་བའི་སྣོད་ཅེས་བྱ་བའི་དོན་ཏོ།། འདི་ཙམ་གྱིས་ནི་དེ་གནས་པའི་སྣོད་བསྟན་ནས། རང་བཞིན་བསྟན་པའི་ཕྱིར། སེམས་དང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སེམས་ནི་རྣམ་པར་ཤེས་པའོ།། ཚིག་གཅིག་ལ་ཡང་ངེས་པར་གཟུང་བར་སྣང་སྟེ། དཔེར་ན་ཆུ་ཙམ་འཐུང་བ་ལ་ཟས་སུ་ཆུ་འཐུང་ཞེས་བྱ་བ་དང་། རླུང་ཙམ་ཟ་བ་ལ་ཟས་སུ་རླུང་ཟ་ཞེས་བྱ་བ་ལྟ་བུའོ།། དེ ་ན་དུ་འདིར་ཡང་རྣམ་པར་ཤེས་པ་ལས་མ་གཏོགས་པའི་གཟུང་བ་མེད་པས་སེམས་ཀྱི་སྐྱེས་སྣ་ཚོགས་འདི་དག་སེམས་ཙམ་མོ་ཞེས་ངེས་པར་གཟུང་ངོ་།། སེམས་དེ་ཡང་སེམས་མེད་པའོ།། ཅིའི་ཕྱིར་སེམས་ཤེ་ན། ་གཟུང་བ་མེད་པའི་ཕྱིར་རོ།། ཅིའི་ཕྱིར་སེམས་མེད་པ་ཞེ་ན། གཟུང་བ་མེད་པས་འཛིན་པ་ཡང་མེད་པའི་ཕྱིར་རོ།། གང་གི་ཕྱིར་འཇིག་རྟེན་ན་དོན་འཛིན་པ་ནི་རྣམ་པར་ཤེས་པར་གྲགས་ལ། རྣམ་པར་ཤེས་པ་ཉིད་ནི་སེམས ་ཡིན་པས་སེམས་ཀྱང་དེ་ཡིན་ལ་སེམས་མེད་པ་ཡང་དེ་ཡིན་པས་ན་སེམས་མེད་པའོ།། གལ་ཏེ་འཛིན་པའི་མཚན་ཉིད་ཀྱི་སེམས་དང་བྲལ་བས། དེ་སེམས་མེད་པ་ཡིན་ན་སེམས་གང་གི་མཚན་ཉིད་དང་ལྡན་པས་དེ་ལ ་སེམས་ཞེས་ཅིའི་ཕྱིར་བྱ་ཞེ་ན། སེམས་ཀྱི་གཟུགས་ཤེས་བྱ་བ་གསུངས་ཏེ། གསལ་བའི་ཕྱིར་སེམས་ཀྱི་གཟུགས་ཏེ། སེམས་དང་། སྣང་བ་དང་། མོང་བ་དང་། ཡོངས་སུ་གསལ་བ་དང་། ལྐོག་ཏུ་གྱུར་པ་མ་ཡིན་པ ་ཞེས་བྱ་བའི་བར་དུ་སྟེ། རང་བཞིན་བདི་ལ་ཡོད་པས་ན་སེམས་ཀྱི་གཟུགས་ཏེ། སེམས་ཀྱི་གཟུགས་ཀྱི་མཚན་ཉིད་དེ་དང་ལྡན་པས་སེམས་ཤེས་བྱའོ།། འོ་ན་རྣམ་པར་ཤེས་པ་ཐམས་ཅད་དེ་ལྟ་བུ་ཉིད་ཡིན་བཞིན་དུ་དཔའ ་བོ་ལ་ཡང་ཁྱད་པར་གྱི་རང་བཞིན་ཅི་ཞིག་ཡོད་ཅེ་ན། ཡེ་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ནི་གཉུག་མའོ།། བཞིན་ནི་དེའི་ངོ་བོ་སྟེ་དེའི་རང་བཞིན་ནོ།། འདྲིས་ཤེས་པར་བྱེད་པ་ན་ཡེ་ཤེས་ཡིན་ལ་ཤེས ་པར་བྱ་བས་ན་ཤེས་བྱའོ།། ཡེ་ཤེས་དང་ཤེས་བྱ་ནི་བཟླས་དབྱེ་བ་སྟེ། ཡེ་ཤེས་ཤེས་བྱའི་རང་བཞིན་འདི་ལ་ཡོད་པས་ན་ཡེ་ཤེས་ཤེས་བྱ་བའི་རང་བཞིན་བདག་གོ།། དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་རང་བཞིན་མ་ཡིན ་པ་ཡོད་ཤེས་བྱར་འགྱུར་ཏེ། གཟུང་བ་དང་འཛིན་པ་དག་དེ་དག་གིས་བརྟགས་པའི་ཕྱིར་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་དངོས་པོརོ་མེད་བཞིན་དུ་དེ་རྣམས་ལ་སྣང་བའི་ཕྱིར་རོ།། གང་ཡང་མེད་པ་དང་། ་དངོས་པོ་མ་ཡིན་པ་དེ་ནི་རྣམ་པར་ཤེས་པའི་གཉུག་མའི་རབ་བཞིན་མ་ཡིན་ནོ།། འོ་ན་ཅི་ཞིག་ཅེ་ན། འཁྲུལ་པས་སྒྲོ་བཏགས་པ་སྟེ། འཁྲུལ་པས་མཚན་མར་གཟུང་བའི་ཕྱིར་འཁྲུལ་པའི་མཚན་མའོ།། ཞེས ་བརྗོད་དོ།། གང་དག་གི་རང་བཞིན་མ་ཡིན་པའི་ཤེས་བྱར་གྱུར་པ་དེ་རྣམས་ཀྱི་ཡེ་ཤེས་ཀྱང་རང་བཞིན་མ་ཡིན་པར་འགྱུར་ཏེ་འདི་དག་འཁྲུལ་པའོ།། འདི་ལྟར་འཁྲུལ་པའི་དབང་གིས་མེད་པ་དང་དངོས་པོ་མ་ཡིན ་བ་ཡང་སྣང་སྟེ། དེའི་ཕྱིར་འཁྲུལ་པ་དེ་ཡང་དེ་དག་གྲི་ཤེས་པ་མ་ཡིན་ཏེ། སྣང་བའི་རྒྱུར་གྱུར་པའི་ཕྱིར་རོ།། འཁྲུལ་པ་དེ་ནི་བླ་ཡིས་བསླད་པ་ཡིན་གྱི་བླ་ཡི་གཉུག་མའི་རང་བཞིན་ན ་མ་ཡིན་ཏེ། དྲི་མ་རྣམས་བློ་བུར་བ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་རང་བཞིན་མ་ཡིན་པ་ཡང་དེ་རྣམས་ཀྱི་ཤེས་པ་ཡིན་ནོ།། དོན་དོམ་པའི་བྱང་ཆུབ་ཀྱི་སེམས་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། སྤྲོས ་པ་ནི་འཁྲུལ་པའོ།། དེ་བས་ན་དེ་ལ་སྤྲོས་པ་ཐམས་ཅད་མེད་པས་རང་བཞིན་ཉིད་དེའི་ཡེ་ཤེས་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་དེ་ལ་མི་སྣང་ཞིང་ནུབ་པའི་ཕྱིར་རོ།། རང་བཞིན་ཉིད ་དེའི་ཤེས་བྱ་ཡིན་གྱི་མེད་པ་དང་དངོས་པོ་མ་ཡིན་པ་ཡང་ནི་མ་ཡིན་ནོ།། ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་དཔའ་བོའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན་དངོསུ་མ ་ནས་བདེ་བ་ཆེན་པོའི་ངོ་བོ་ནི་ཤུགས་ཀྱིས་སྟོན་པ་སྟེ། སྤྲོས་པ་མེད་པའི་ཡེ་ཤེས་དང་བདེ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་རོ།། དེ་སྐད་དུ་རྣམ་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། ད ་འདི་ལ་རྒྱལ་སྲས་རྣམས།། མི་རྟོག་བསམ་པས་བརྟན་གནས་ན།། རིམ་གྱིས་རྒལ་དཀའ་རྟོག་པ་ལས།། འདས་ནས་རྣམ་པར་མི་རྟོག་རྙེད།། རབ་ཞི་མི་གཡོ་དམ་པ་སྟེ།། དབང་སྒྱུར་མི་མཉམ་མཉམ་པ་ཡིན། ་རྣམ་པར་མི་རྟོག་བདེ་བ་ནི།། བྱང་ཆུབ་སེམས་དཔའ་དེ་ལས་ཐོག། ཅེས་གསུངས་ཏེ། དམ་ཆོས་འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པའོ།། རྒྱུ་ལ་སྨྲས་ཤེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ།། ཀུན་གནས ་ཤེས་བྱ་བ་ནི་མི་གཡོ་བར་གནས་པའོ།། རྣམ་རྟོག་ཉིད་ནི་རྒལ་དཀའ་བ་སྟེ། རྣམ་པར་རྟོག་པའི་གཞིའོ།། རིམ་བཞིན་འདས་པ་དེ་ལས་འདས་པའོ།། མཽ་རྟོག་རྙིད་པ་ནི་རྣམ་པར་མཱི་རྟོག་ཅིང་སྤྲོས་པ་མེད་པའི་ཡེ ་ཤེས་འཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱི་བདེ་བ་ཐོབ་པར་འགྱུར་རོ།། འདིར་ཉོན་མོངས་པ་མེད་པས་ན་རབ་ཏུ་ཞི་བའོ།། ཉམས་པ་མེད་པས་ནི་མི་གཡོ་བའོ།། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ལས་འཕགས་པས་ན་དམ་པའོ།། ཇི་ལྟར་འདོད་པ་དང་ཇི་སྙེད་འདོད་པ་མངོན་དུ་བྱེད་པའི་ཕྱིར་དབང་སྒྱུར་བའོ།། དེ་ལས་གཞན་པའི་བདེ་བ་དང་རིགས་མཚུངས་པས ་ན་མཉམ་པའོ།། ཁྱད་པར་བཞི་པོ་དེ་དག་གིས་ཁྱད་པར་དུ་འཕགས་པས་ན་མི་མཉམ་པ་ཡང་ཡིན་ནོ།། དེ་ལྟ་བུར་གྱུར་པའི་དཔོའ་བོ་དེ་ནི་བདགགིས་བཤད་པར་བྱའོ།། ཞེས་བྱའོ།། ཐེག་པ་གང་ལྔ་གྲཌཱ ་པ་ཞེ་ན། སངས་རྒྱས་བསྟན་པ་ཞེས་བྱ་བ་གསུངས་ཏེ། ཐེག་པ་གང་གིས་སངས་རྒྱས་སུ་འགྱུར་བའི་བསྟན་པ་ནི་སངས་རྒྱས་བསྟན་པ་སྟེ། ཐེག་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ།། འོ་ན་སྔར་ཚིགས་སུ་བཅད་པ་ཕྱེད ་ཀྱིས་དེ་བསྟན་ཟིན་བཞིན་དུ་ཡང་བཤད་པས་ཅི་ཞིག་བརྗོད་ཅེ་ན། དེའི་ཕྱིར་ཟབ་མོ་ཞེས་བྱ་བ་གསུངས་ཏེ། ཐེག་པ་ཆེན་པོ་ལས་གསང་སྔགས་ཀྱི་ཐེག་པ་ནི་ཟབ་མོ་སྟེ་གངངྒཱ་གི་ཕྱིར ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གསང་སྔགས་ཀྱི་ཚུལ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱའི་རྣམ་པ་འཁོར་དང་བཅས་པས་མྱུར་པོ་ཁོ་ནར་བྱང་ཆུབ་བསྒྲུབ་པའི་ཕྱིར་བསྒོམ་པར་བྱ་བ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ།། ་དེ་ཡང་དེ་དུང་མ་གསུངས་ཏེ། དེ་བས་ན་བཤད་པ་བྱོ་ཞེས་གསུངས་སོ།། དེ་ཉིད་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། དེ་ལོ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བ་ལའོ།། ངེས་པར་སྦྱར་ཞེས་བྱ་བ་ནི་ངེས ་པར་བཅིང་བའི་ཕྱིར་སྦྱར་བའོ།། ཅི་ཞིག་ཅེ་ན། རི་མོ་སྟེ། དཔའ་བོ་དེ་ཉིད་ལས་ཟླ་བའི་དབུས་ཀྱི་བུ་ག་ཤིན་ཏུ་ཕྲ་བ་ལས་བྱུང་བ་དབྱེར་མེད་ལ་བཅད་དུ་མེད་པ་པདྨའི་རྩེ་བའི་སྣལ་མ་ལྟ་བུའི་འོད་ཕྲ་མོའི་སྐུད་པ་ལྟ ་བུའོ།། ཇི་ལྟར་སྦྱོར་ཞེ་ན། ཨཱ་ལི་ཀཱ་ལི་མཉམ་བྱས་ཤེས་བྱ་བ་གསུངས་ཏེ། ཨཱ་ལི་ཀཱ་ལི་དགྲ་མཉམ་པ་གང་ལེ་ཡོད་པ་དེ་སྐད་ཅེས་བྱའོ།། དེ་ལ་དེ་དག་ཇི་ལྟ་བུར་ཞེ་ན། མུ་ཏིགྲྀ་གི་ཕྲེང་བ་བརྒྱུས་པ་ལྟ་བུར ་སྦྱར་ནས་སོ།། ཇི་ལྟར་མཉམ་པར་བྱ་ཅེ་ན། གོང་གི་ཕྱིར་ཀཱི་ལི་ཕྱེད་མར་བགོས་ཏེ་དུམ་བུ་གཉིས་སུ་བགོས་པ་ནི་ཀཱ་ལིའི་སྒྲས་བཤད་ལ་དེ་ཡང་ང་དང་ཉ་སྤངས་ཏེ་བཅུ་དྲུག་པ་གཉིས་སུ་བྱའོ།། དེ་བས་ན་དེ ་དག་མཉམ་པོར་གྱུར་པའི་འོད་ཀྱི་རི་མོ་ཁ་སྦྱར་བའི་རིམ་པ་གསུམ་དུ་བསྐོར་བས་དཀྲི་བར་བྱ་སྟེ། ཡི་གེ་རྣམས་ཀློག་པའི་རིམ་བཞིན་དུ་བཟླ་བའི་སྟེང་དུ་བརྒྱུས་ཏེ་དགོད་དོ།། དེ་ལ་ཕྲེང་བ་དབུས་མ་ལ་ནི་ཨཱ་ལི་རྣམསོ།། ་ཐ་མ་གཉིས་སུ་ནི་ཀཱ་ལི་ཕྱེད་ཕྱེད་དོ།། དེ་སྐད་དུ། བཟང་པོའི་གེའི་ཕྲེང་བ་རྣམས་ཤེས་འག་ནས་སྟོན་པར་འགྱུར་ལ། དཔལ་བདེ་མཆོག་བླ་མཾ་ལས་ཀྱང་། ཡི་གེ་ཀ་ནས་ཧ་ཡི་བར། ང་ཉ་སྤངས་ནས་དགོད་པར་བྱ། ་དྷ་ནས་ཀྵ་ཡི་བར་ཐུག་པར་ཕྲེང་བ་གཉིས་ནི་མཉམ་པོར་བྲི།། ཨ་ལ་སོགས་པ་དབུས་གནས་པར།། ཟླ་བའི་དཀྱིལ་འཁོར་ལ་དགོད་བྱ།། ཅེས་གསུངས་སོ།། རི་མོ་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཀྱི་རི་མོ ་གཞན་ཤེས་རབ་ཀྱི་འདོད་ཆགས་ཀྱི་མེ་འབར་བ་གང་གི་ཚེ་དཔའ་བོ་ལ་གྱེན་དུ་ལྷུང་བ་དེའི་ཚེ་དེའི་འོག་ཏུ་འབབ་པར་བྱེད་པར་འགྱུར་རོ།། འདིར་འཛག་པ་ནི་འབབ་པའི་སྒྲས་བསྟན་པ་སྟེ། རྒྱུན་འཛག་པ་ཞེས་བྱ ་བའི་དོན་ཏོ།། ཅི་སྟེ་འབབ་པར་བྱེད་པ་དེས་ཅི་ཞིག་འཛག་པར་འགྱུར་ཞེ་ན། བདུད་རྩི་ཞེས་བྱ་བ་གསུངས་ཏེ། ཐར་པ་ཡིན་པའི་ཕྱིར་དང་། ཟད་པ་མེད་པའི་ཕྱིར་དང་། ཟད་པ་མེད་པའི་ཕྱིར་བདུད་རྩི་སྟེ་དེ། བདེ་བ་ཆེན་པོའོ།། ་ཇི་ལྟ་བུ་ཞེ་ན། ཐིགས་པའི་གཟུགས་ཤེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་ཁ་དོག་དཀར་པོའི་ཐིག་ལེའི་གཟུགས་ཀྱི་དཔའ་བོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་འཛག་པར་འགྱུར་ཞེ་ནོ།། ཁུ་བའི་ཚུལ་གྱིས་ཤེས་བྱ ་གསུངས་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་རོ་བསིལ་ཞིང་བདེ་བ་ཞུ་བའི་རང་བཞིན་ཅན་ཡིན་པས་ན། ཁུ་བ་དང་ཆོས་མཐུན་པའི་ཕྱིར་ཁུ་བའི་སྒྲས་བསྟན་ཏེ། ཚུལ་དེས་འབབ་ཅིང ་འཛག་པ་སྟེ། དེ་ཉིད་འཛག་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་ནི་དེར་དཔའ་བོ་དེ་ལེགས་པར་གནས་པ་བསྟན་ལ། རི་མོ་སྟེང་དུ་ཞེས་བྱ་བ་ལ་སོགས་པས་ནི ་དེའི་ལས་བསྟན་ཅིང་ཁུ་བའི་ཚུལ་གྱིས་ཤེས་བྱ་བ་ལ་སོགས་པས་ནི་རང་བཞིན་གྱིས་ཁྱད་པར་བསྟན་ཏོ།། ཐིགས་པའི་གཟུགས་ཤེས་བྱ་བས་ནི་དེའི་ཕྱག་རྒྱའི་རྣམ་པ་བསྟན་ཏོ།། ཡང་དེ་ཇི་ལྟར་ནི་ཕྱག་རྒྱའི་རྣམ་པར ་འགྱུར་ཞེ་ན། འདིར་བརྗོད་པར་བྱ་སྟེ། གོང་ཟླ་བ་ལྟར་དཀར་བའི་ཐིག་ལེ་ཕྲ་མོ་དེ་ནི་སེམས་ཏེ། ནང་ན་གསལ་བའི་ཕྱིར་རོ།། གང་ཡོང་དེ་ཙམ་ལ་སེམས་གནས་པ་དེ་ནི་སེམས་ཙམ་སྟེ། དེ་ལས་མ་གཏོགས་པའི ་དོན་གཞན་མི་དམིགས་པའི་ཕྱིར་རོ།། གང་ཡང་དེའི་གཟུང་བ་མེད་པས་འཛིན་པ་མེད་པ་དེ་ནི་དེའི་སེམས་མེད་པ་སྟེ། དེའི་ཕྱིར་འདི་ནི་སྟོང་པའི་གཟུགས་ཅན་ནོ།། གང་ཡང་དེའི་གསལ་བཞིན་པ་དེ་ནི་སེམས་ཀྱི་གཟུག་སོ།། ། ་གང་ཡང་དེ་ཙམ་ལ་སེམས་གནས་པས་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་ནུབ་པ་དེ་ནི་དེའི་ཡེ་ཤེས་ཤེས་བྱ་བའི་རང་བཞིན་བདག་གོ།། རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཤིན་ཏུ་ཕྲ་བའི་རྣམ་པ་དེ་ནི། དཔལ ་གསང་བ་འདུས་པ་ལས་ཀྱང་། ན་མཁའི་དབྱིངས་ཀྱི་དབུས་གནས་པར།། ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ།། སངས་རྒྱས་གཟུགས་སུ་རྣམ་བསྒོམས་ནས།། ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ།། སྣ་ཡི་རྩེ་མོར་ཡུངས ་ཀར་བསམ།། འགྲོ་དང་མི་འགྲོ་ཡུངས་ཀར་ལོ།། གསང་བའི་ཡེ་ཤེས་ཀྱིས་བརྟག་པའི།། ཡེ་ཤེས་གནས་ནི་ཉམས་དགའ་བསྒོམ།། ཞེས་གསུངས་ལ། དཔལ་རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལོས་ཀྱང་། ཕྲ་མོའི་རྣལ ་འབྱོར་འདི་བཞི་དང་ལྡན་པར་གསུངས་ཏེ། རིག་པར་མི་གཡོ་གནས་ནས་ནི།། བདུད་རྩིའི་བསམ་གཏན་བརྩམ་པར་བྱ།། བདུད་རྩི་ཐིགས་པའི་གཟུགས་ཀྱི་ནི།། དེ་ཉིད་མཆོག་གི་བསམ་གཏན་བྱ།། ན་མཁའི་དབུས་སུ་ཟླ ་འདྲོ་བའི།། སྟོང་པའི་དེ་ཉིད་ཞེས་བྱར་བརྗོད།། ཟད་མེད་ཉམས་མེད་ཕྲ་བ་སྟེ།། རྡོ་རྗེ་སེམས་དཔའ་མ་ཤིགས་པའོ།། གེ་སར་གསང་བའི་སྤྱོད་ཡུལ་ལ།། ལྟེ་བའི་དབུས་ནས་བཞུགས་པའི་ལྷ།། བྷུ་ག་ལིང་གའི་དབུས ་གནས་ནས།། ཁུ་བའི་གཟུགས་ཀྱིས་འཛག་པར་འགྱུར།། དེ་བས་ན་ཇི་ལྟར་བཀླགས་པའི་རིམ་པ་བཞིན་དུ་འདྲིའི་རྣལ་འབྱོར་དང་ལས་དག་བྱའོ།། གང་ཡང་ཁ་ཅིག་གི་རྒྱུད་འདིར་གནས་བཞིར་འཁོར་ལོ་བཞི་བསྒོམས་པས ་གཏུམ་མོ་སྦར་བས་རང་གི་འཁོར་ལོ་བཞི་པོ་བསྲོ་བ་དང་།། དེ་ལས་བྱུང་སྟེ་སྤྲོས་ནས་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་བཞི་རྣམས་བསྲོས་ཏེ་ཞུ་བ་ལས་བྱུང་བ་སླར་འོངས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་ནས ་ཡི་གེ་ཧཾ་ལས་བདུད་རྩི་འཛག་པར་གཞན་དྲུག་ཏུ་བསྟན་པ་དེ་ཐམས་ཅད་བཏུས་ནས་འདིར་སྦྱོར་བར་བྱེད་པ་དེ་ནི་རིག་པ་མ་ཡིན་ཏེ། དེ་དག་སྟོན་པའི་ཚིག་མེད་པའི་ཕྱིར་རོ།། རྒྱུད་ཐམས་ཅད་ནི་མངོན་པར་རྟོགས ་པ་སྣ་ཚོགས་ཡིན་པ་དང་། རྒྱུད་འདིར་ནི་མངོན་པར་རྟོགས་པ་ཤིན་ཏུ་མདོར་བསྡུས་པ་ཡིན་པའི་ཡང་ཕྱིར་རོ།། གང་གང་ཞེས་བྱ་བ་ལ་སོགས་པས་ནི་བྱ་བ་གཞན་གསུངས་ཏེ། དབང་པོ་ནི་མིག་ལ་སོགས་པའོ།། ལམ་ནི་ཡུལ ་ཉིད་དོ།། སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཐོབ་པ་སྟེ། དངོས་པོ་གང་དག་མཐོང་བ་དང་ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། ཅི་ཡོང་རུང་བ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། དེ་དག་མ་ལུས་པ ་སོ་སོར་སངས་རྒྱས་ཀྱི་རང་བཞིན་དུ་ངེས་པར་བྱའོ།། ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་དང་བཅོས་མ་མ་ཡིན་པ་ཅེས་བྱ་བའི་བར་དུ་སྟེ། འདི་ལྟར་ཐོག་མ་དོང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཆོས ་ཐམས་ཅད་ཀྱི་རང་བཞིན་ཏེ། ཆོས་ཀྱི་དབྱིངསྡེ་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་མཆོག་སྟེ། རང་བཞིན་དེས་འགྲོ་བ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ།། རང་བཞིན་འབའ་ཞིག་གིས་ཀྱང་མོ་ཡིན་ཏེ། ་མཆོག་ཏུ་གཞག་པའི་རྣལ་འབྱོར་གྱིས་ཀྱང་ཡིན་ཏེ། མ་སྨོས་མོད་ཀྱིས་ཀྱང་གི་སྒྲ་བལྟ་བར་བྱའོ།། མཆོག་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའོ་ཡེ་ཤེས་སྤྲོས་པ་མེད་པ་དཔའ་བོ་ཞེས་པར་གྲགས་པའོ།། དེས་གཞག་པ་ནི ་བསྐྱེད་ཅིང་སྤྲུལ་པ་སྟེ། དཔའ་བོའི་རྒྱུ་མཐུན་པར་གྱུར་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེའི་རྣལ་འབྱོར་ནི་ལྷག་པར་མོས་པ་སྟེ། མིག་ལ་སོགས་པ་ལ་གཟུགས་ལ་སོགས་པ་འདི་དག་དཔའ་བོ་ཉིད་ཀྱི་རྒྱུ་མཐུན་པ་ཡིན་ན་ཞེས་ལྷག་པར ་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དམ་ཚིག་ཆེན་པོ་ཞེས་བྱ་བོ་ལ་སོགས་པས་ནི་ཡང་བྱ་བ་གཞན་གསུངས་ཏེ། དམ་ཚིག་ནི་དཀྱིལ་འཁོར་ཀྱེ་ལྷ་རྣམས་སོ།། དེ་དང་བཅས་པའི་དཀྱིལ་འཁོར་བའི་བདག་པོ་ནི་དམ་ཚིག ་ཆེན་པོའོ།། དེའི་དངོས་གྲུབ་ནི་བསྐྱེད་པའོ།། ནི་ཞེས་བྱ་བའི་སྒྲ་ནི་ཚིག་ཁ་བསྐང་བའོ།། དངོས་གྲུབ་དེ་ནི་རིལ་བུ་ཆེན་པོས་སྒྲུབ་པ་སྟེ། རིལ་བུ་ནི་ཡེ་ཤེས་ཀྱི་ཐིག་ལེ་བཞི་བསྐོར་བའོ།། དབུས་ཀྱི་ཐིག་ལཾ་ནི་རིལ་བུ་ཆེན ་པོ་སྟེ། དེས་གྲུབ་པ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་དེ་བསྐྱེད་པའོ།། དཀྱིལ་འཁོར་གྱི་དངོས་གྲུབ་དེས་ཅི་ཞིག་བྱ་ཅེ་ན། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོ་དཔལ ་ཧེ་རུ་ཀ་ནི་སྒྱུ་འཕྲུལ་ཆེན་མོ་ཡིན་ལ། དེའི་རིག་པ་སངས་རྒྱས་མཁའ་འགྲོ་མ་ཡང་སྒྱུ་འཕྲུལ་ཆེན་མོ་སྟེ། དེ་དག་རང་བཞིནགཅིག་པའི་ཕྱིར་རོ།། དེའི་རབ་ཏུ་སྦྱོར་བ་ནི་ཀུན་ཏུ་འཁྱུད་པ་དང་ཙུམ་པ་ན་ལ་སོགས་པ་སྟེ། ་དེའི་སྦྱོར་བ་དང་སྡོམ་པ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་ལྟེ་བའི་པདྨའི་ཀར་ནི་ཀར་ཉི་མ་དང་ཟླ་བ་སྦྱར་བའི་དབུས་སུ་ཐིག་ལེ་ཕྲ་མོ་དཀ་པོ་གནས་པ་ནི་སྦྱོར་བའོ།། སྡོམ་པ་ནི་བདེ་མཆོག་སྟེ་སོ་སོར་དབུག་པ་དང ་རྣམ་པར་བཅད་པའི་མཐར་བདེ་བ་ཆེན་པའི་ལས་བྱུ་བ་སྟེ། རམ་སྣང་དུ་འབར་བའི་མཐར་ཞེས་བྱ་བ་ལ་སོགས་པའི་ཚོགས་སུ་བཅད་པས་གང་སྦྱར་གསུངས་པའོ།། ཅི་འདི་འབའ ་ཞིག་བྱའམ་ཞེ་ན། མཆོད་པ་ལྔ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུ་པོ་འདི་དག་ལྷན་ཅིག་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ཀྱི་ཐིག་ལེ་སྟེ། མཁའ་འགྲོ་མུའི་པདྨའི་ནང་དུ་བབས་པའི་ཐིག་ལེ་དྭེ་ལས་མ ་ཏོག་ལྀ་སོགས་པའི་རྣམ་པ་བཅུའི་སྤྲིན་གྱི་སོ་སོར་ཁྱབ་པར་རིམ་གྱིས་སྤྲོ་བར་བྱ་སྟེ། མེ་ཏོག་དང་། བདུག་པོ་དང་། མར་མེ་དང་། དྲྀ་དང་། ལྷ་བཤོས་རྣམས་ནི་ཉེ་བར་སྤྱོད་པར་བྱ་བས་ན་མཆོད་པ་ལྔའོ།། མ ་ཐོབ་པ་རྣམས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་འདོད་པའོ།། ཐོབ་པ་རྣམས་ཡང་དང་ཡང་དུ་གོམས་པར་བྱ་ཞིང་སྤྱད་པར་བྱ་བས་ན་ཡོན་ཏན་ཏེ། འདོད་པ་ཡང་དེ་ཡིན་ལ་ཡོན་ཏན་ལྔ་ཡང་དེ་ཡིན་པས་ན་འདོད་པའི ་ཡོན་ཏན་ཏེ། གྱ་ནོམ་པའི་གཟུགས་དང་། སྒྲ་དང་དྲི་དང་། རོ་དང་། རེག་བྱ་རྣམས་སོ།། དེ་ལ་སྡོམ་པས་ནི་གསང་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྟན་ལ། ལྷག་མེས་ནི་ཕྱིའི་མཆོད་པ་བསྟན་ཏོ།། ་དེས་ལྷ་རྣམས་མཉེས་པར་བྱས་པའི་འབྲས་བུ་གསུངས་པ། སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱ་བ་ཅེས་བྱ་བ་ནི་ངེས་པས་བྱ་བའོ།། རྟག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། ཉམས ་པ་མེད་པ་དང་། ཤིན་ཏུ་ཟད་པ་མེད་པའི་ཕྱིར་ཏེ། དེ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ་དེ་ལྟར་མདོར་བསྡུས་པའི་ཕན་ཡོན་དང་བཅས་པའི་སྒོམ་པ་བསྟན་ནས། ད་ནི་སྒོམ་པ་དང་ཐུན་མོང་བའི་ཕན་ཡོན་དང ་བཅས་པའི་བཟླས་པ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་ཞེས་བྱ་བ་ནི་རིག་པའོ།། དངོས་གྲུབ་ཀྱིས་ཤེས་བྱ་བ་ནི་ཉམས་སུ་བླངས་པས་སོ།། ལྷ་ཞེས་བྱ་བ་ནི་ལྷ་རྣམསོ།། ་དེ་རྣམས་ཀྱི་གནས་ནི་ཡུལ་ལོ།། ལྷ་མོ་ཞེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་མ་ལ་བོད་པའོ།། ཅི་འདི་བདྲོན་པ་ཁོ་ན་ཡིན་ནམ་ཞེ་ན། བདེན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ཁོ་ནས་སྨྲའི་ནམ ་ཡང་བརྫུན་པ་མ་ཡིན་ནོ།། ཞེས་ངེས་པར་གཟུང་བའི་དོན་ཏོ།། འོ་ན་ཡེ་ཤེས་དེའི་ལྷ་ནི་གང་ཞིག་ཡིན། ནུས་པ་ནི་ཅི་འདྲ། རང་བཞིན་ནི་གང་ཞིག་ཡིན་ཞེ་ན། ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཁྱོད་ལ་ངོས་བཤད་པར་བྱ་ཞེས་བྱ་བའོ།། འོག་ནས་བྱུང་བ་དང་འབྲེལ་ཏོ།། དེ་ལ་ལྷ་ནི་གླང་ཞིག་ཡིན་ཞེས་བྱ་བའི་ལན་ནི་ས་འཕྲུལ་ཆེན་མོ་ཁྱོད་དང་ང་ཞེས་བྱ་བ་ཡིན་ཏེ་རིག་པ་ཞེས་བྱ་བོའི་དོན་ཏོ།། མཐུན་ནི་ཅི ་འདྲ་ཞེས་བྱ་བའི་ལན་ནི། འཇིག་རྟེན་གསུམ་འགྲུབ་ཅེས་བྱ་བ་གསུངས་སོ།། རང་བཞིན་ནི་གང་ཡིན་ཡིན་ཞེས་བྱ་བའི་ལན་ནི་སྒྱུ་འཕྲུལ་ཆེན་མོ་རྣམས་ཀྱི་ནི་བཟང་པོ་ཞེས་བྱ་བ་ཡིན་ཏེ། བཟོང་པོ་ཞེས ་བྱ་བ་ནི་འདིར་རོལ་ཅིང་རྩེ་བས་ན་བཟང་པོ་སྟེ། ཉི་མ་དང་ཟླ་བ་ཁ་སྦྱར་བའི་བྷ་ག་ཅེས་བྱ་བའི་དོན་ཏོ།། དེ་ཡང་རྣལ་འབྱོར་མ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱི་རོལ་པ ་གནས་སོ།། ཡི་གེ་ཕྲེང་བ་རྣམས་ཤེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་རྣམ་པ་གསུམ་སྟེ། དེས་དཀྲིའོ་ཞེས་བྱ་བ་ནི་ལྷག་མའོ།། དེའི་དབུས་སུ་གྱུར་པ་ནི་དཔའ་བོ་སྟེ་དཔལ་ཧེ་རུ་ཀ་ཡིན་ལ། ཁ་སྦྱོར་དེ་ནི་སངས ་རྒྱས་མཁའ་འགྲོ་པ་ཡིན་ནོ།། གང་ཞིག་ཅེས་བྱ་བ་ནི་དཔའ་བོས་བྱིན་གྱིས་བརླབས་པ་སྟེ། དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་གསུམ་གྱིས་བརྒྱན་པའི་ཉི་མོ་དང་ཟླ་བ་ཁ་སྦྱར་བ་ན་གནས་པའོ།། བསམ་པ་ཙམ་གྱིས་ཞེས ་བྱ་བ་ནི་བཟླས་པ་ཙམ་གྱིས་ཏེ། བཟླས་པ་ཇི་ལྟར་བྱ་བ་ནི་ངེས་པར་བསྟན་པ་གཉིས་པ་ལས་འཆད་པར་འགྱུར་རོ།། རྒྱུད་དང་མི་རྒྱུད་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇིག་རྟེན་གསུམ་མོ།། འགྲུབ་ཅེས་བྱ་བ་ནི་དབང་དུ་འགྱུར་བའོ།། ་ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུའོ།། བསྟེན་བྱས་ནས་ཞེས་བྱ་བ་ནི་རྣལ་འབྱོར་མའོ།། སུ་ཡིས་ཞེ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་སོ།། རྣལ་འབྱོར་བདག་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས།། ་སྟོན་པར་བྱེད་ཅེས་བྱ་བ་ནི་དེས་མཐོང་བར་བྱེད་པའོ།། དངོས་གྲུབ་ཆེན་པོ་སྟེར་བར་འགྱུར་ཞེས་བྱ་བ་ནི་རལ་གྲི་དང་། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམ་པ་བརྒྱད་སྟེར་བའོ།། དེ་བཞིན་གཤེགས་པ་ཞེས ་བྱ་བ་ལ་དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་རྣམས་ཀྱི་དཔལ་ནི་ཕུན་སུམ་ཚོགས་པའོ།། སེམས་ཅན་དོན་བྱེད་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིསོ།། ་ཆང་ཞེས་བྱ་བ་ནི་དགུག་པ་ཞེས་བྱ་བར་སྦྱར་རོ།། ཚེ་ཞེས་བྱ་བ་ནི་འཚེ་བའོ།། བཛྲཱིན་འགྲུས་ནི་སྤྲོ་བའོ།། གཟི་བརྗིད་ནི་མཐུའོ།། ལྷའི་མོགེ་ནི་མིག་གི་མངོན་པར་ཤེས་པའོ།། རྫུ་འཕྲུལ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས ་བའོ།། ཟློ་བ་འཐུང་བ་ན་བདུད་རྩི་འཐུང་པོའོ།། ཉིན་རེ་ཞེས་བྱ་བ་ནི་ཉིན་གཅིག་བཞིན་དུ་འཐུང་བ་སྟེ། ཐེབ་པར་འགྱུར་རོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་རངས་པའི་ལྷག་མའོ།། ཚེ་རཱིང་ཞེས་བསྟན་པ་དེ་ཉིད་ཀྱི་ཉེ་བར་བསྟན ་པ་ནི། དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཡི་ཞེས་བྱ་བ་ནི་རྣལ་འབྱོར་པའིའོ།། འཕེལ་ཞེས་བྱ་བ་ནི་རིང་དུ་ནུར་བའོ།། འགྱུར་ཞེས་བྱ་བ་ནི་ཐོབ་པའོ།། བསྐལ་པ་ཆེན་པོའི་བར་དུ་གནས་པ་གང་ལ་ཡོད་པའི ་ལ་དེ་སྐད་ཅེས་བྱའོ།། ཆོ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། འདི་སེམས་ཅན་རྣམས་ཀྱི་ཡིད་སོ་སོར་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་ལོ།། དེ་ཡང་རྣམ་པ་གསུམ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆུ ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། གོ་རིམས་བཞིན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ་གསུམ ་པོ་དེ་དག་ཡིན་ནོ།། དེ་དག་བྱེད་ཅེས་བྱ་བ་ནི་རྣལ་འབྱོར་པའོ།། བལྟ་བསྟ་མི་ངོམས་པའི་ལུས་ཤེས་བྱ་བ་ནི་མཐོང་བས་ཚིམ་པ་མེད་པ་ལུས་ཏེ། སྟོན་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ།། རང་ག ་གཟུགས་ནི་བདག་ཉིད་ཀྱི་ལུས་སོ།། ཡོངས་སུ་རྗེས་ཞེས་བྱ་བ་ནི་གཞན་གྱིས་གཟུགས་ཡོངས་སུ་འཛིན་པའོ།། ཡིད་ལ་བསམས་མ་ཐག་ཏུ་ཞེས་བྱ་བ་ནི་ཡིད་ལ་བརྗོད་མ་ཐག་ཏུ་སྟེ། བདག་གཟུགས་འདིར་བྱའོ་སྙམ་པའི ་རྗེས་ལའོ།། ཕན་ཡོན་གྱི་སྒོ་ནས་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། བཀླགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀླགས་པས་འགྲུབ་པ་ཞེས་བྱ་བ་ནི་ད་ལྟར་ཀློག་བཞིན་པ་སྟེ། བཟླས་པ་ཙམ་གྱིས་འགྲུབ་པ་ཞེས ་བྱ་བའི་དོན་ཏོ།། དོན་ཡོད་པ་ཞེས་བྱ་བ་ནི་མཐུ་དང་ལྡན་པ་སྟེ། གྲུབ་པར་གྱུར་ན་ངེས་པར་ཇི་སྐད་དུ་གསུངས་པའི་འབྲས་བུ་སྟེར་བར་བྱེད་པས་ན་དོན་ཡོད་པའོ།། རིག་པ་ཞེས་བྱ་བ་ནི་ཀྱེ་རིག་པ་ཞེས་བོད་པའོ།། ཁྱོད་ཅེས་བྱ་བ་ནི། ་ཁྱོད་དང་མཉམ་པའི་རིག་པ་གཞན་ལོ་མེད་པའོ།། འཇིག་རྟེན་གསུམ་པ་ཞེས་བྱ་བ་ནི་དེ་བཞིན་གྲི་རྀ་ཤླེ་གོས་པ་དང་། རྡོ་རྗེ་དང་པདྨའི་རིགས་རྣམས་སུའོ།། ལུང་ཞེས་བྱ་བ་ནི་སྒྲུབ་ཐབས་སོ།། མཛེས་མ་ཞེས་བྱ་བ་ནི་བོང་པོའོ།། ་རྣལ་འབྱོར་མའི་དབང་ཕྱུག་ནི་ཐབས་ཀྱི་ཆས་སོ།། རིག་མཚན་མོ་ཞེས་བྱ་བོ་ནི་ཤེས་རབ་ཀྱི་ཆ་ཡིས་སོ།། དེ་དག་ཅི་ཞིག་ཅེ་ན། སྒྱུ་འཕྲུལ་ཆེན་མོའོ།། དངོས་གྲུབ་ནི་དེ་ཉམས་སུ་བླངས་པའོ།། མཚན་མ་ནི་བརྟགས ་ཏེ་མཐུ་རྣམ་པ་དུ་མའོ།། དེའི་ངེས་པར་བསྟན་པ་ནི་བཤད་པའོ།། དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ཞེས་བྱ་བ་ལས་ངེས་པར་བསྟན་པ་དང་བའ།། ། དེ་ནས་དེ་ལས་རྣལ་འབྱོང ་མའི་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཡི་གེ་བཟང་པོ་ཞེས་པ་ཡི་གེ་བཅུ་གཉི་ས་ནི་རྐང་པ་གཅིག་པོའི་ཚིགས་སུ་བཅད་པའོ།། དེ་ནས་དེ་ལས་ཤེས་བྱ་བ་ལ་སོགས་པ་ལ། དེ་ནས་ཤེས་བྱ་བ་ནི་བཟླས་པ་ཡོངས་སུ་རྫོགས་པོར ་བྱས་པའི་སྐབས་ཀྱི་དོན་ཏོ།། དེ་ལས་ཤེས་བྱ་བ་ནི་ལྷའི་སྐུ་བསྒོམས་པའི་རྗེས་ཐོགས་ལྔའོ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཞེས་བྱ་བ་ནི་བཟང་པོ་ཞེས་བྱ་བ་དང་སྦྱར་ཏེ། བཟང་པོ་ཞེས་བྱ་བ་ནི་དཔའ་བོ་དང་བཅས་པའི ་དཔའ་བོའི་སྣོད་དེ། ལྟེ་བའི་པདྨའི་ཀ་ར་ནི་ཀ་ལོ་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ།། འདིར་ཅི་ཞིག་བཟློས་པར་བྱ་ཞི་ན། གསང་བའི་ཞེས་བྱ་བོ་ལ་སོགས་པ་གསུངས་པ་ལ། སྦ་བར་བྱ་བས་ན་གསོང་བ་སྟེ་མངོན་དུ་མི་དབྱུང་བའོ།། ་ཡང་ན་འདིས་ལྷའི་དེ་ཁོ་ན་ཉིད་བསྡུས་པས་ན་གསང་བ་སྟེ། གསོང་བ་ཡང་དེ་ཡིན་ལ་ཡི་གེ་ཡང་དེ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ།། སྦྱོར་བ་ཞེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ཏེ།། དངོས་གྲུབ་ནི་དེ་རྫོགས་པའོ།། འབྲས་བུ་ནི། ་རྫོགས་པ་དེའི་རྒྱུ་མཐུན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ།། རབ་ཏུ་སྟེར་བ་ནི་དེ་ཉིད་ཀྱི་ཁྱད་པར་དུ་སྟེར་བ་སྟེ། སྦྱོར་བའི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ།། བསམ་པ་ཙམ་གྱིས་ཤེས་བྱ་བ་ནི་སྦྱོར་བ་འདིའི ་དངོས་གྲུབ་མ་རྟོགས་པར་བཟླས་པ་ཙམ་གྱིས་ཀྱང་དོན་དུ་གཉེར་བའི་མཆོག་སྟེ་རིག་འཛིན་ལ་སོགས་པའི་མཆོག་དེ་སྟེར་བའོ།། ཁ་སྦྱོར་གྱི་དབུས་སུ་གསང་བའི་ཡི་གེ་བལྟས་ལ་དེའི་མགོ་བོར ་དཔའ་བོ་གཞུག་སྟེ་བཟླས་པ་བྱའོ་ཞེས་དགོངས་སོ།། ཇི་ལྟར་བཟླས་པར་བྱ་ཞེ་ན། དང་པོའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཡི་གེ་ནི་རབ་བསྔགས་ཏེ། སྔགས་ཕལ་ཆེར་གྱི་དང་པོར་མཐོང་བའི་ཕྱིར་རོ།། ་དེའི་སྦྱོར་བ་ནི་དལ་བར་བརྗོད་པའོ།། དབུགས་བཏང་བ་ནི་སྲོག་སྟེང་དུ་འགྲོ་བའོ།། བྱ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཞེས་བྱ་བ་དང་འབྲེལ་ཏོ།། བརྒྱད་པའི་མཐའ་ཞེས་བྱ་བ་ནི་ཡི་གེ་ཧའོ།། ཨཱུ་དང་ཞེས་བྱ་བ་ལ་སོགས་པོ་ལ། ་ཇི་ལྟར་ཧའི་འོག་ཏུ་ནི་ཨཱུ་སྦྱར་ལ་ཧའི་མགོར་ནི་ཐིག་ལེ་དང་བཅས་པར་བྱེ་བ་སྟེ་བསྡུས་པས་ཧཱུ~ཾ་ཞེས་བྱ་བར་འགྱུར་རོ།། ཇི་ལྟར་བུའི་དབུགས་གཏོང་བ་དང་རྔུབ་པ་ཡིན་ཞེ་ནོ།། དངོས་དང་དངོས་མེད་རྣམ་སྤངས་པ་ཞེས་བྱ་བ་གསུངས ་ཏེ། གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལྷག་མའོ།། དེ་ལ་ཨོཾ་གྱི་དོན་ནི་ཡེ་ཤེས་ཙ་མུ་སྟེ། དཔལ་གོསང་བ་འདུས་པ་ལས། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ་ཞེས་གསུངས་པའི་ཕྱིར་རོ།། ཧཱུཾ་གི་དོན་ནི་སྐུ་དང་གསུང་དོང་ཐུགས ་སྣང་བ་མེད་པ་ཉིད་ཀྱིས་མཉམ་པ་ཉིད་དེ་ཧཱུཾ་ནི་སྐུ་གསུང་ཐུགས་རྡོ་རྗེ། གསུམ་པོ་མི་ཕྱེད་མཉམ་ཐོབ་པ་ཞེས་གསུངས་པའི་ཕྱིར་རོ།། དེ་བས་ན་ཨོཾ་གྱིས་སྣ་ཚོགས་འདི་དག་སེམས་ཅན་ཉིད་དུ་བསྟན་པ་ལ་བལྟས་པས་ནི་དངོས ་པོ་རྣམ་པར་སྦྱངས་པའོ།། སྣ་ཚོགས་འདི་དག་སེམས་ཙམ་པོ་དེ་ཉིད་དངོས་པོ་མེད་པ་སྟེ། སེམས་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་སྣ་ཚོགས་པའི་སེམས་ཙམ་པོ་དེ་ཉིད་ཀྱང་སྣང་བ་མེད་པས་མཉམ་པ་ཉིད་དུ ་འཇུག་པར་ཧཱུཾ་གིས་སྟོན་པར་བྱེད་དེ། དེ་ལ་བལྟས་པས་ནི་དངོས་པོ་མེད་པ་རྣམ་པར་སྤངས་པའོ།། འོ་ན་འདིར་སེམས་ཙམ་དང་མཉམ་པ་ཉིད་ལྀ་འཇིག་པ་ཇི་ལྟར་བལྟ་ཞེ་ན། འདིར་མན་ངགི་ནི་རབ་སྔགས་བརྗོད་ནས་དཔའ ་བོས་ལས་དབུགས་གཏོང་བ་ནི་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་འོད་ཟེར་སྟེང་དུ་རྒྱུ་བར་བལྟས་ལ། དེ་སྤྲོས་པས་སྣ་ཚོགས་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ཏེ། ས་བོན་གྱི་ཡི་གེ་བརྗོད་ནས་སྣ་ཚོགས་སངས་རྒྱས་སུ་བྱས་པ་དེ ་དག་ཡང་རང་གི་ལྷའི་རྣམ་པར་བསྒོམ་པ་ནི་སེམས་ཙམ་དུ་བལྟ་བའོ།། དེ་ན་ཧཱུཾ་བརྗོད་པས་དབུགས་འཇུག་པས་ན་སྣ་ཚོགས་དཔའ་བོ་ལ་བསྡུ་བ་ནི་མཉམ་པ་ཉིད་དུ་འཇུག་པ་ལ་བལྟ་བའོ།། དེ་དག་གཉི་ག་ཡང་དྲིལ་བུས་ཡང ་དང་ཡང་དུ་ཇི་སྲིད་ངལ་བར་མ་གྱུར་གྱི་བར་དུ་བྱ་སྟེ། འདི་ནི་རྒྱུད་འདིར་བཟླས་པའོ།། འདིར་ཚེགས་མེད་པར་ཉེ་སུ་བྱུང་བ་ལ་གསུང་གདེ་ལ་ཞེ་བྱ་བ་ཡིན། པ། དེ་ལ་ཞེས་བྱ་བ་ནི་བཟླས་པ་ལའོ།། བརྟུལ་ཞུགས་ཤེས་བྱ་བ་ནི་མི་སྨྲ་བ་དང་། ་ཁྲུས་དང་། སློངས་མོ་ལ་སོགས་པའི་ངེས་པ་མེད་པའོ།། ཕྲེང་བ་སྔགས་དང་གཟུང་བ་ཞེས་བྱ་བ་ནི་སྲོག་གི་རླུང་གིའོ།། ལྡོག་པར་འགྱུར་ཞེས་བྱ་བ་ནི་རྒྱུད་གཞན་དག་ལས་འབྱུང་བ་འདིར་མི་དྲང་ཞིང་བཟློག་པར་བྱ་བའི་དོན ་ཏོ།། གཞན་དང་གཞན་དག་ཅེས་བྱ་བ་ལས་ཀྱང་གི་དོན་བལྟ་བར་བྱ་སྟེ། དེ་ལས་གཞན་དའི་ལས་ཐམས་ཅད་ཀྱང་བཟློག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འོ་ན་བཟླས་པ་ནི་བརྗོད་པ་ཡིན་ལ་འདིར ་བཟླས་པ་འདའ་ཞིག་བརྗོད་པར་བྱ་བ་ཡིན་ནམ། འོན་ཏེ་སྐུ་དང་ཡེ་ཤེས་ཀྱང་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་སྔགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ།། ་རྣལ་འབྱོར་དེ་ཡང་རྣམ་པ་གསུམ་སྟེ་བྱེ་བྲག་གསུམ་མོ།། གང་ལས་ཤོ་ན། གང་གི་ཕྱིར་སྔགས་དང་། དབྱིབས་དང་། ཆོས་ཀྱི་བདག་ཉིད་ཀྱིས་སོ།། དེ་ལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ངག་ནི་སྔགས་སོ།། ལྷའི ་སྐུ་ནི་དབྱིབ་བོ།། སྔགས་ཀྱི་དོན་གྱི་ཡཽ་ཤེས་སྔོ།། ཡེ་ཤེས་རྣམ་པ་གསུམ་གྱིས་ནི་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡིན་གྱི་བརྗོད་པ་ཙམ་གྱིས་ནི་མ་ཡིན་ནོ།། སྲིད་པའི་ཉེས་པས་གོས་མི ་འགྱུར་ཞེས་བྱ་བ་ལ། སྲིད་པའི་ཉེས་པ་སྟེ་སྡིག་པ་ལ་སོགས་པ་རྣམས་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཞེས་བྱ་བ་ནི་རྣལ་འབྱོར་གསུམ་མོ།། རྒྱུན་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་།། རྟག་ཏུ་ཞེས་བྱ་བ་ནི། ་ཐུན་མཚམོས་སོ་སོ་ལའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ།། མཚུངས་པ་ནི་དེ་དང་མཉམ་པའོ།། འང་གི་སྒྲས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་ཡང་མཉམ་པ་པོ།། དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ།། ་འགྱུབ་འགྱུར་ནས་བྱ་བ་ན་རྫོགས་པར་འགྱུར་བ་སྒྲ། དེ་ལ་དྷི་ཏྱཱ་དྷཱཀྵ་འསུ་མཁའ་འ་མྦ་རྣམས་ཀྱི་སྐུར་དུ་དང་རྒྱལ་གྱིས་བསྐམས་ལ། རབ་སྔགས་དང་ཐཱག་དབུས་སུ་རྩ་བའི་སྔགས་བཅུག་སྟེ་རིམ་གྱི་དལ་བུས་བརྗོད་དེ་སྡུག ་ཀྱི་དོན་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཆུད་པའི་རིག་པའི་ཡི་གེའི་ཐིག་ལེ་ལ་དཔའ་བོའི་ཐིག་ལེ་བཞག་སྟེ། དེ་ལས་བྱུང་བའི་འོད་ཀྱིས། དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་དེ་རྣམས་ཀྱི་རང་བཞིན་དུ་བྱས ་ནས་དེ་རྣམས་ཀྱིས་རང་གི་ལྷའི་སྐུའི་རྣམ་པར་བྱས་ཏེ། དཔའ་བོ་ཐིག་ལེ་ལས་ཡང་དག་པར་བསྡུ་བས་སྔགས་ཀྱི་དོན་རིག་པར་བྱའོ།། དེ་ལྟར་སྔགས་དང་། དབྱིབས་དང་། ཆོས་ཀྱི་རྣལ་འབྱོར་གྱིས་ཟླ་བ་དྲུག་ཏུ་བཟླས་པ་བྱས ་ན་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ་རིག་པའི་ཡི་གེ་དང་ཡང་དག་པར་རབ་ཏུ་ལྡན་པས་ལས་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱ་སྟེ། དེ་བས་ན་རིག་པའི་ཡི་གེ་དང ་དེའི་རབ་ཏུ་སྦྱོར་བ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། དབང་པོའི་མདོག་ཅེས་བྱ་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོའི་སྒྲས་ནི་ལྡུམ་དུ་མུག་ཤེར་བསྟན་ཏོ།། དབང་པོའི་ཡི་གེའི་ནི་རབ་བསྔགས་སོ།། དེ་བསྒོམས ་བ་ནི་གང་གོས་དགུག་པར་བྱ་བའི་དོན་དུ་རབ་ཏུ་སྦྱོར་རོ།། རིག་པ་ཞེས་བྱ་བ་ནི་རིག་པོ་དང་ལྡན་པའི་རྣལ་འབྱོར་པའོ་དེས་ཤེས་བྱ་བ་ནི་རྣལ་འབྱོར་པས་སོ།། འདི་ཞེས་བྱ་བ་ནི་བསྒྲུབ་བྱའོ།། མདོ་ལས་ཞེས་བྱ་བའི་ཉེ་བར་བསྟན ་པ་ནི་མྱུར་དུ་ཞེས་བྱའོ།། དེ་དག་གིས་འདི་སྐད་དུ་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་གུར་ཀུམ་གྱི་མདོག་ལྟ་བུ་བྱས་ལ། དཔའ་བོའི་སྣོད་དུ་གུར་ཀུམ་གྱི་མདོག་ལྟ་བུའི་རབ་བསྔགས ་བསམ་སྟེ། དེའི་ཐིག་ལེར་དཔའ་བོ་བཀོད་ལ་རབ་བསྔགས་ཀྱི་འོད་ཀྱི་དཔའ་བོ་ཡོང་དམར་པོར་བསྒྱུར་ནས་དཔའ་བོ་ལ་འོད་དམར་པོའི་རི་མོ་གཉིས་ཕྱུང་ནས་འོད་གཅིག་གི་རྩེ་མོར་ཞགས་པ་དང་གཉིས་པའི་རྩེ་མོར་ནི ་ལྕགས་ཀྱུ་བསམས་ཏེ་ཞགས་པས་བསྒྲུབ་བྱའི་མགུལ་པ་བཅིངས་ལ་ལྕགས་ཀྱུས་སྙིང་ཁ་ཕུག་སྟེ། མྱུར་དུ་འགུགས་པར་བསམས་ན་སྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ།། ཡི་གེ་གཉིས་པ ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་གཉིས་སྟེ་ཨཱིཾའོ།། དེ་དང་ལྡན་པ་ནི་དེའི་མགོ་བོར་གཞག་པའི་དཔའ་བོའོ།། དེས་བསམ་པ་ནི་རང་གི་ལྷའི་རྣལ་འབྱོར་པས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་མདོག་དམར་པོར་བསྒྱུར་བའོ།། ་རྣམ་པར་བསྒོམ་ཞེས་བྱ་བ་ནི་བསྒྲུབ་བྱ་རྣམ་པ་དུ་མ་སྟེ་གང་འདོད་པའོ།། དེ་དག་ཐམས་ཅད་ཅེས་བྱ་བ་ནི་བསྒྲུབ་བྱའོ།། ས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་དང་ཡང་ཞེས་བྱ་བའི་དོན་བལྟ་བར་བྱ་སྟེ། འཇིག་རྟེན ་གསུམ་པོ་མི་ལུས་པ་ཡང་དམ་དུ་འགྱུར་ན། སྲོག་ཆགས་བརྒྱ་དང་སྟོང་ལྟ་སྨོས་ཀྱང་ཅི་དགོསོ་ཤེས་བྱ་བའི་དོན་ཏོ།། འདི་དག་གིས་ཀྱང་འདི་སྐད་དུ་ལྷ་དྲུག་གི་ནང་ནས་གང་ཡང་རུང་བའི་རྣལ་འབྱོར་ཇི་བའི་ཀུ་སུ་མ་ལྟར ་དམར་བ་བྱས་ལ། ཡི་གེ་ཨཱ་ཛ་བའི་ཀུ་སུ་མ་ལྟར་དམར་བ་ཁ་སྦྱོར་དུ་བཀོད་དེ། དེའི་མགོ་བོར་དཔའ་བོ་བཀོད་ལ་དེ་ཉིད་ཀྱིས་མདོག་བསྒྱུར་ཏེ། དེ་ཉིད་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་བཙོས་ལ་རྐང་པའི་དྲུང ་དུ་འགྱེལ་བར་བསྒོམས་ཏེ་དབང་དུ་གྱུར་པར་བསམས་ན་དེས་ནི་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་དབང་ཕྱུག་ཅེས་བྱ་བ་ནི་བདུད་དོ།། མི་ཟད་པས་ན་ཡི་གེ། ་སྟེ་ཐུགས་རྡོ་རྗེའོ།། དེའི་གསང་བའི་ཡི་གེ་ནི་ཡང་ཡི་གེའོ།། གཞུང་ཁ་ཅིག་ལླེ་ནི་མས་ཡི་གེ་ཞེས་འབྱུང་སྟེ། ཡེ་ཤེས་ནི་དཔའ་བོ་སྟེ་དེའི་ཡི་གེའོ།། གཉི་ག་ལྟར་ན་ཡང་ཡི་གེ་ཧཱུཾ་ལ་བྱའོ།། དེ་ཡང་དགུག་པ་ལ་ནི ་ཛ་བེའི་ཀུ་སུ་མེ་ལྟར་དམར་བའོ།། དེས་བསྐུལ་བ་ནི་སྐད་ཅིང་གཏོང་བའོ།། ཇི་ལྟར་བསྐུལ་བར་བྱ་ཞེ་ནུ། དགུག་པའི་ཆོ་ག་དང་པོའི་སྦྱར་བས་སོ།། གཞན་དག་ནི་ཧཱུཾ་གིས་དབུགས་ནང་དུ་གཞུག་པས་དགུག་གོ་ཞེས་ཟེར་རོ།། ་ཁ་ཅིག་ནི་རི་རྒྱུད་འདི་ལ་དཔའ་བོ་ལས་བྱུང་བའི་འོད་གླང་པོ་ཆེའི་སྭཱ་ལྟ་བུས་དགུག་པའི་སྦྱོར་བ་བྱའོ་ཞེས་ཟེར་རོ་གོང་བུ་དགུག་པའི་མཆོག་གསུངས་པཡི་གེ་ཨ་དང་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་དང་ཡི་གེ་ནི་བཟླས་དབྱེ་བའོ།། དེ་དག་དང་ཡང་དག་པར་ལྡན་པ་ན་ཨ་འམ་ཡི་གེ་ཧཱུཾ་དང་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ།། རྣམ་པ་གསུམ་དང་སྦྱོར་བ་ནི་སྦྱར་བ ་རྣམ་པ་གསུམ་མ།། སྐུ་གསུང་ཐུགས་ལ་ལེགས་གནས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་དང་། མགྲིན་པ་དང་། སྙིང་ཁ་དག་ཏུ་གནས་པར།། དེས་ཀྱང་འདི་སྐད་དུ་ལྟ་དྲུག་གཱིན ་ནས་རྫ་བའི་སྐུ་སུ་མ་ལྟ་བུ་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། ཁོ་སྦྱོར་གྱི་ནང་དུ་ཨཱཿའམ་ཡི་གཽ་ཧཱུཾ་གཱི་མགོ་དང་ཐིག་ལེར་དཔའ་བོ་བཀོད་ལ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསྐྱོན། དཔའི་བོའི ་འོད་ཟེར་གྱི་རི་མོ་དམར་པོ་གཉིས་ཀྱི་རྩེ་མེའི་ཞུགས་པོ་དང་ལྕགས་ཀྱུ་དག་གཾ་གི་རིམས་བཞིན་དུ་མགྲིན་པ་བཅིངས་པ་དང་སྙིང་ཁ་ཕུག་སྟེ་བར་སྣང་ལ་སྦྱར་དུ་འགུགས་པར་བསམས་ན་སྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས ་བསྟན་པ་ཡིན་ནོ།། ཡི་གེ་ཁཾ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་ཀྱང་འདི་སྐད་དུ་ཡི་གེ་ཁེ་ལུས་སྐུ་མདོག་དཀར་པོ་ཞལ་བ་ནི་པ་ཕྱག་ནི་ཐོད་པ་བསྣམས་པ། ཆགས་པའི་བདག་ཉིད་དེ་སེམས་ཆགས་པ་དང་ལྡན་པར ་བསྒོམས་ལ། ཁེའི་མགོ་བོར་བཀོད་པའི་དཔའ་བོ་ལས་འོད་ཟེར་སྦུ་གུའི་གཟུགས་ཅན་བསྒྲུབ་བྱའི་གོས་དེ་བར་ཞུགས་ཏེ་ཁུ་བས་བཀང་ནས་ཐོད་པར་དྲངས་པར་བསམ་ན་སྐད་ཅིག་གིས་ཁུ་བ་ཁུག་པར་འགྱུར་རོ་ཞེས་བསྟན་ཏོ།། ་ཡི་གེ་རྩི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་རྩི་ཐུང་ངུ་ལས་མདོག་སེར་པོ་འོད་ཟེར་སེར་པོ་དང་ལྡན་པ་རྟའི་ཞལ་ཅན་བསམས་ལ། ཡི་གེ་རྩིའི་མགོ་བོར་གནས་པའི་དཔའ་བོའི་འོད་གླང་པོ་ཆེའི་སྣ་ལྟ་དུས་ཆང་སྣོད་ཚང་གིས ་བཀང་ནས་དྲངས་ཏེ་སྣོད་གང་བར་བསམས་ན་སྐད་ཅིག་གིས་གང་བར་འགྱུར་རོ་ཞེས་སྟོན་ཏོ།། ཡི་གེ་ར་ཞེས་བྱ་བ་ལ་སོགས་པས་ཀྱང་ཡི་གེ་ར་ལས་མདོག་དམར་པོ་ཕྱག་བཞི་ལ་ལྕེ་སྦྱང་གི་ཞལ་བཞི་དང་ལྡན་པ་གནྡྷི ་བརྗིད་ཆེ་ཞི་ཁྲོ་བའི་བདག་ཉིད་ཅན་དུ་བསྒོམ་ལ། སྔ་མ་བཞིན་དུ་འོད་ཟེར་སྲིན་བུ་པདྨའི་གཟུགས་ལྟ་བུར་སྤྲོས་པས་བསྒྲུབ་བྱའི་ལུས་ལས་ཁྲག་འདྲེན་བཞིན་པར་བསྒོམས་ན་སྔ་མ་བཞིན་དུ་འགྱུར་རོ།། དེ་ལྟར་རིག་པའི་ཡི ་གེ་དྲུག་གི་སྐབས་སུ་རང་གི་ལྷའི་རྣལ་འབྱོར་གྱི་ཡན་ལག་དྲུག་ལ་དགོད་པ་ཡང་བསྟན་པའི་ཕྱིར། ཡི་གེ་དྲུག་དང་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། ཡི་གེ་དྲུག་ནི་བསྟན་མ་ཐག་པའི་རིག་པའི་ཡི་གེ་དྲུག་གོ། དེ་དང ་ཡང་དག་ལྡན་ཞེས་བྱ་བ་ནི་ངེས་སྦྱར་བྱ་ཞེས་བྱ་བ་དང་སྦྱར་ཏེ། རང་གི་ལྷའི་ལུས་ལ་ཞེས་བྱ་བ་ནི་ལྷག་མའོ།། གང་དུ་ལྡན་པ་ཡིན་ཞེ་ན། གནས་དྲུག་ཏུ་ཞེས་བྱ་བ་གསུངས་ཏེ། ཡན་ལག་དྲུག་ཏུ་ཞེས་བྱ་བའི་དོན་ཏོ།། ་དེ་ལྟ་བུས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། དེ་ལ་རྡོ་རྗེ་ནི་དཔལ་ཧེ་རུ་ཀའོ།། རྣལ་འབྱོར་ནི་མཁའ་འགྲོ་མ་ལྔ་རྣམས་སོ།། ཡ་རྣལ་འབྱོར་ནི་དཔལ་ཧེ་རུ་ཀའོ།། མཁའ་འགྲོ་མའི་བདེ་མཆོག ་ནི་རྣལ་འབྱོར་མ་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་ལས་བྱུང་བའི་བདེ་བའི་མཆོག་དང་ལྡན་པས་སོ།། གནས་དྲུག་པོ་བསྟོན་པ་དེ་ཉེ་བར་བསྟེན་པའི་ཕྱིར་མིག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཅེས་བྱ་བ་ནི ་སྙིང་ཁའོ།། དང་གི་སྒྲས་ནི་ལྕེ་དང་ལུས་ཀྱང་གཟུང་ངོ་།། རྣལ་འབྱོར་རྣམ་པ་གཞན་གསུངས་པ། སེང་གེ་ཞེས་བྱ་བ་ལ་སོགས་པ་ལ། སེང་གེ་ནི་དཔའ་བའོ།། དེ་རྣམ་པར་རོལ་པ་གང་ལ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ།། ཕྱག་རྒྱ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བའོ།། བཅིང་བར་བྱ་བ་ནི་ཡི་གེའི་ཕྲེང་པོ་གསུམ་གྱིས་སྔར་བསྟེན་པ་བཞིན་དུ་བཅིངས་པར་བསམ་པའོ།། རྣལ་འབྱོར་པས་ཤེས་བྱ་བ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི ་དཔལ་ཧེ་རུ་ཀཽའི་རྣལ་འབྱོར་ལ་གནས་པས་སོ།། སྲོག་དང་རྩོལ་བ་ནི་དབུགས་དབྱུང་བ་དང་འཇུག་པའོ།། བསྡམས་ན་སུ་ཤེས་བྱ་བ་ནི་རིམ་གྱིས་ཤིན་ཏུ་ཕྲ་བར་བོས་པས་ཤིན་ཧཱུ~ཾ་གནས་པར་འགྱུར་བའོ།། བསྒོམས་ན་ཞེས ་བྱ་བ་ནི་ཟླ་བའི་བུ་ག་ནོས་དཔའ་བོ་དེ་ཉིད་ལ་ལྟ་བཞིན་པས་བསྒོམ་པའོ།། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་ནི་དཔའ་བོ་ལ་སེམས་བསྟན་པ་ལས་ཡེ་ཤེས་ཀྱི་མེ་ལྕི་ལྡང་ཞིང་འབར་བ་སྟེ་སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ་ཇི་སྐད་དུ་སླེབས་པར་འབར་ཞེ་ན། འོག་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་འོག་དང་། ས་སྟེང་དོང་། བར་སྣང་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ཡང་དག་པར ་བསྡུས་པས་ནི་འཇིག་རྟེན་བདུན་ནོ།། བསམ་གཏོན་གསུམ་པོ་ནི་སོ་སོར་རེ་རེ་ཡིན་ལ། བསམ་གཏན་བཞི་པ་ལི་གནས་གཞན་བརྒྱད་པ་ནི་འོག་མིན་གན་ཀན་མཚམ་ན་དུས་ཀྱིས་མི་ས་མི་ཆིར་ཆུས་གོས་རྒྱུ་བ་ནི་སེམས་ཅན་ནོ།། ་གཞལ་མེད་ཁང་ལ་སོགས་པའི་གནས་ནི་མི་རྒྱུ་བའོ།། ད་ནི་དཔའ་བོ་དེ་སེམས་ཅན་ཐམས་ཅད་ཀྱི་སྣང་བཞིན་དུ་མ་མཐོང་བར་བསྟན་པར་བཞེད་ནས། ཐམས་ཅད་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད ་ཀྱིས་ཤེས་པ་ནི། སེམས་ཅན་ཐམས་ཅད་དོ།། དེ་བསྒོམས་ནས་ཞེས་བྱ་བ་ནི་འདྲིས་པར་བྱས་པ་སྟེ། རང་གི་སེམས་ཉིད་དེ་དེ་དེ་དག་ཏུ་སྣང་བའི་ཕྱིར་རོ།། དེ་ནི་རྟོགས་པོ་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་དེ་ཁོ་ན་ཉིད་མཐོང ་བ་མ་ཡིན་པ་སྟེ། བྱིས་པ་རྣམས་ལ་དེའི་ཡང་དག་པ་མ་ཡིན་པའོ་ངོ་བོ་སྣང་བའི་ཕྱིར་རོ།། འགྲོ་བའི་རོལ་པ་ཞེས་བྱ་བ་ནི་སྣ་ཚོགས་སུ་རོལ་པ་སྟེ། དེ་དང་དེའི་རྣམ་པ་གཉིས་སུ་བརྟག་པའི་ཕྱིར་རོ།། རྣམ་པར་འཇིག ་ཅེས་བྱ་བ་ནི་གལཱ་ཏེ་ཀུན་གྱིས་རྟོགས་ན་ནི་འགྲོ་བའི་རོལ་པ་དང་པོ་ཉིད་ནས་ཞིག་པར་འགྱུར་ན་ད་ལྟར་གྱི་བར་དུ་དེ་ལྟར་ནི་མ་ཡིན་ནོ།། གླང་གི་ཕྱིར་དེ་ལྟ་བུ་ཡིན་པའི་དེའི་ཕྱིར་ཡེ་ཤེས་འདི་གསངོ་ཞིང་ཞེས་བྱ་བ་གསུངས་ཏེ། ་ཡེ་ཤེས་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དཔའ་བོ་ཞེས་བྱ་བའོ།། གསང་བ་ཞེས་བྱ་བ་ནི་བྱིས་པ་རྣམས་ལཱ་སྦས་པའོ།། གང་གིས་ཤེ་ན། ཡང་དག་པ་ཡིན་པའི་ངོ་བོ་མ་མཐོང་བའི་འཁྲུལ་པ་རྣམས་ཀྱིས་སོ།། ་ཡེ་ཤེས་དེ་ཅི་འདྲ་ཞི་ན། མི་གསལ་ཡི་གེ་མེད་པ་གོས་གསུངས་ཏེ། ངག་གི་ཡུལ་ལོས་འདས་པའི་ཕྱིར་ན་མི་གསལ་བའོ།། ཡིད་ཀྱི་བརྗོད་པའི་ཡུལ་མ་ཡིན་པའི་ཕྱིར་ཡི་གེ་མེད་པའོ།། འོ་ན་དེའི་དོན་དམ ་པ་དེ་སུས་ཤེས་ན། སངས་རྒྱས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། 6་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བས་ངེས་པར་གཟུང་བའི་དོན་ཏུ། དེ་བཞིན་གཤེགས་པ་ཉིད ་ཀྱིས་ཤེས་བྱ་བའི་དོན་ཏོ།། འོ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོང་རང་བཞིན་དེ་ཕྱིས་གཟིགས་ན་ནི་གཞན་གྱིས་ཀྱང་དེ་མཐོང་བ་གྲུབ་པར་འགྱུར་ལ། སྟེ་རྡོ་རྗེ་རྣལ་འབྱོར་གྱི་ཁ་ན་ལས་པ་ཡིན་ན་ཡང་རྣམ ་འབྱོར་དེས་གཞན་དག་གིས་ཀྱང་དྲི་མཐོང་བར་འགྱུར་རོ།། ཞེ་ནཱ་དེའི་ཕྱིར་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ཁི་ནར་གཡོ་བ་མེད་པའི་ཕྱིར་གཉིད་དང་ཆོས་མཐུན་པས་ན་གཉིད་དོ།། ་འོདི་ནི་རྡུལ་འབྱོར་ཡང་ཡིན་ལ་གཉིད་ཀྱང་ཡིན་པས་རྣལ་འབྱོར་གཉིད་དོ།། སྣང་དོག་པར་ལྗོན་པ་ནི་མངའ་བའོ།། དེ་ཉིད་ཀྱི་ཉེ་བར་བསྟན་པ་ནྟི། གློང་བུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུགས་ཤེས ་བྱ་བ་ནི་ཚེས་ཐ~ཾང་ནི་ཐཾད་ཀྱི་རང་བཞིན་ནོ།། གཅིག་ཅེས་བྱ་བ་ནི་སྣང་བ་མེད་ཅིང་གསལ་བ་ཙམ་དཱ་རོ་གཅིག་པའོ།། གྲོང་བུ་ཞེས་བྱུ་བ་ནྀ་དེ་དག་ཉིད་ཤིན་ཏུ་བསྡུས་པ་སྟེ། ཡུངས་ཀར་ལྟར་ཟླ་བའི་ཐིག་ལེ་ཙམ་གྱིས ་གོང་བུར་ཕྲ་མོར་བྱས་པའོ།། དེ་དག་གིས་ནི་དཔའ་བོའི་ཕྱག་རྒྱའི་གཟུགས་སུ་བསྒྲུབ་པ་བསྟན་ཏོ།། དེར་སོང་བའི་ཡིད་ཅེས་བྱ་བ་ནི་གོང་བུ་དེ་ལ་སེམས་གནས་པའོ།། དེ་དག་གིས་རྣལ་འབྱོར་གྱི་གཉིད་ཀྱི་དོན ་བསྟན་ཏོ།། རྣམ་པ་དེ་ལྟ་བུའི་རྣལ་འབྱོར་རྫོགས་པར་བྱེད་པའི་དམ་ཚིག་བསྟན་པའི་ཕྱིར། སྐྱོ་དགུ་ལས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་བསྒོམས་ལ་ཞེས་བྱ་བ་ནི་ལྷག་པར་མོས་པར་བྱ་ཞེས་བྱ་བའི་དོན་ཏོ།། ་གང་ཞིག་ལ་ལྷག་པར་མྱོས་པར་བྱ་ཞོས་ན། སྒྲོ་དགུ་ལས་བྱུང་བའི་རྫས་ལྔའོ།། ཅི་ཞིག་ཏུ་མོས་ཤེ་ན། བདག་ཉིད་ཅེས་བྱ་བ་གསུངས་ཏེ། རྟག་པ་དང་། མི་སྤྱོད་པོ་དང་། རིན་ཆེན་དབང་དང་། འཇིག་རྟེན ་དབང་དང་། གདོན་མི་ཟ་བའི་རང་བཞིན་གྱི་སྣངས་རྒྱུས་རྣམས་ཀྱི་བདག་ཉིད་དུའོ།། རང་བཞིན་མེད་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་མི་སྣང་བས་སོ།། ཟླ་ལྗོན་པ་ཅེས་བྱ་བ་ནི་གསལ་བ་ཙམ་ལ་གནས་པའི ་བློ་ཅན་ནོ།། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་དོགསོ་བ་མེད་པས་སོ།། བཟའ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཟའ་བའི་ཕྱིར་བཅད་པའོ།། མཐེ་བོང་ཞེས་བྱ་བ་ལ་སོགས་པ་ལྀ། ཁ་རུ་ཡིད་བཞིན་ནོར་བུ་ཞེས་བྱ་བ ་ནི་མཐེ་བོང་དང་སྲིན་ལག་གི་རྩེ་མོ་ཡིད་བཞིན་གྱི་ནོར་བུར་གྱུར་པ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་དེ་ཉིད་ཀྱིས་དེ་བཟའོ་ཞེས་བྱ་བར་དགོངས་སོ།། ནམ་ཞེ་ན། བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གང་གི་ཚེ་འོག་ནས་བྱུང་བའི་ཚོགས་དེ་དག་ཐམས་ཅད་བདུད་རྩིར་བྱས་པོ་དེའི་ཚེ་ཞེས་བྱ་བའི་དོན་ཏོ།། དེས་ཅིར་འགྱུར་ཞེ་ན། རྟག་པའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུང་སོ།། རྣལ་འབྱོར་མའི་དབ ་ཕྱུག་མའི་རིག་པ་ཆེན་མོ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེའི་སྦྱོར་བ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ཐིག་ལེའི་རྣལ་འབྱོར་རོ།། དེ་སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་བྱེ་བྲག་གང་དག་གིས ་ངེས་པར་བྱེད་པ་དེ་ནི་གཏན་ལ་ཕབ་པ་སྟེ་བསྟན་པ་ནི་བརྗོད་པའོ།། དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ལས་ངེས་པར་བསྟན་པ་གཉིས་པའོ།། དེ་ནས་ཤེས་བྱ་བ་ལ་སོགས་པ་ལཱ། རྫས ་གཞན་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྒྱུས་དགུ་ལས་གཞན་པའོ།། ཚེ་རྫོགས་ཤེས་བྱ་བ་ནི་ཚོགས་ལས་ཐ་མི་དད་པའི་ཕྱིར་སོ་སོ་རེ་རེ་ཞིང་ཡང་ཚོགས་ཀྱི་སྒྲས་བསྟན་ཏོ།། ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཡིན། ་པས་ན་ཐམས་ཅད་མཁྱེན་པའི་འབྲས་བུའོ།། གང་ཞིག་ཅེས་བྱ་བ་ནི་རྫས་ཀྱི་ཚོགས་རྣམས་སོ།། འབྱུང་པོའི་མ་ནི་རྡོ་རྗེ་མཁྲིའ་འགྲོ་མ་རྣམས་སོ།། ཆེན་པོར་ཡང་དག་ལྡན་པ་ནི་ཡོན་ཏན་ཚོ་བས་བརྒྱན་པ་སྟེ། ་ཤ་ཆེན་པོའི། དེ་བཞིན་ཞེས་བྱ་བ་ནི་ཡང་དག་པར་བསྡུ་བའོ།། ལྷན་ཅིག་མ་ཡིན་ཞེས་བྱ་བ་ནི་སོ་སོར་རོ།། བསྒྲེས་ཤེས་བྱ་བ་ནི་བྱུག་པ་སྟེ། ཤ་ལྔ་པོ་སོ་སོ་ཞིང་བདུད་རྩི་ལྔ་ལྔས་བསྒོ་བཱའོ།། དུས་ཇི་སྙེད ་ཅིག་ཏུ་ཞེ་ན། ཉི་མ་བདུན་དུ་ཞེས་བྱ་བ་གསུངས་ཏེ། མེར་ངོའི་ཉི་ཤུ་གསུམ་ནས་ཉི་ཤུ་དགུའི་བར་དུའོ།། སྦྱར་བྱས་ནས་ཤེས་བྱ་བ་ནི་དེ་ལྟར་བྱས་པའི་འོག་ཏུ་སྦྱར་ནས་སོ།། ལྕེ་སྤྱང་གི་དབུས་སུ་གཞག་ལ ་ཞེས་བྱ་བ་ནི་འབྱུང་པོའི་མཚན་མོ་ལྕེ་སྦྱང་གི་ཡན་ལག་མཆོག་ཏུ་གཞག་པའོ།། དེ་ལས་ཤེས་བྱ་བ་ནི་དེ་ལྟར་བསྒོས་པ་དང་གཞུག་པའི་རྫས་ལས་སོ།། ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཞེས་བྱ་བ་ནི་ཡུངས་ཀར ་གྱི་ཚོད་ཙམ་མོ།། ཅི་ལས་བྱས་ཤེ་ནོ།། ལྔ་པོ་དག་ཅེས་བྱ་བ་གསུངས་ཏེ། ཤ་ལྔ་པོ་དག་ལས་སོ།། རྒྱུད་འདིར་གསུངས་ཀྱི་ཞེས་བྱ་བ་ལཱ། ཚད་ནི་ཉེ་བར་མཚོན་པ་སྟེ་ཆོ་ག་ཡང་གཟུང་བར་བྱའོ།། དེ་བས་ན་ཆད ་ལ་སོགས་པ་འདིར་རྫོགས་པོར་གསུངས་སོ།། ཀུན་ཏུ་སྤྲོས་ཤེས་བྱ་བ་རྣཾ། རྒྱུད་གཞན་དུ་ཐམས་ཅད་རྫོགས་པར་གསུངས་པའོ།། ཅིའི་ཕྱིར་ཞེ་ནྡེ། འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྟོགས་ནས་ཤེས་བྱ་བ་ནི་འབྲས་བུ་ཆེན་པོར་ཤེས་པར་བྱ་སྟེ། ཕུང་པོ་ལྔ་པོ་ཡེ་ཤེས་ལྔས་བསྒོས་ཤིང་ལྕེ་སྦྱང་གི་ཡན་ལག་མཆོག་ཁོ་སྦྱོར་གྱི་སྣོང་དུ་གནས་པའི་དཔའ་བོ་དང་མཉམ་པར་རྟོགས་པས་སོ།། ་དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། དེ་ནས་ཤེས་བྱ་བ་ནི་དེའི་འོག་ཏུའོ།། རྒྱུད་འདིར་སྒྲུབ་པའི་ཐབས་འབྱུང་བ་ཅེས་བྱ་བ་ནི་སྒྲུབ་པའི་ཐབས་ཀྱི་ལས་གང་གིས་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་སྒྲུབ ་ཅིང་མཉེས་པར་བྱེད་པར་གྱུར་པའི་སྐབས་ཤེས་བྱ་བའི་དོན་ཏོ།། པདྨ་བསམ་བྱེ་བ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྣང་བ་མེད་པར་བསྒོམས་པས་འགྲོ་བ་རྣམས་ན་མཁའ་ལྟེར་མཉམ་པ་ཉིད་དུ་བྱས་ཏེ། རྡོ་རྗེ་རང ་བཞིན་གྱིས་ས་གཞི་བསམས་ནས་ཕྱོགས་མཚམས་རྣམས་སུ་འཇིགས་པར་བྱེད་པའི་དུར་ཁྲོད་བརྒྱད་བལྟས་ལ། དེའི་དབུས་སུ་ཁང་བུ་བརྩེགས་པའི་ནང་དུ་ཆུད་པའི་པདྨ་འང་བཱ་མྱ་བརྒྱུད་པ ་འམ་བཞི་པ་བསལ་པའོ།། ཁ་དོག་དམར་པོ་ཀུན་འོད་ཅེས་བྱ་བ་ནི་མདོག་དམར་ཞིང་འོད་དམར་པོ་དང་བཙོས་པའོ།། ཡིད་ཀྱིས་ཤེས་བྱ་བ་ནི་དཔའ་བོར་གླེགས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡིད་ཀྱི་ཐིག ་ལེ་པདྨའི་ཀཱར་ནི་ཀར་གནས་པ་ལས་ཕྱོགས་བཞིའི་མེད་བཱ་མཱ་རྣམསུ་ཡང་སྤྲོས་པས་མཚན་པའོ།། ལྷ་མོ་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ནཱི་ཤར་ཕྱོགས་ལ་སོགས་པའི་འདབ་མ་རྣམས་ཀྱི་ཐིག་ལེ་རྣམས་ལས་གོ་རིམས ་བཞིན་དུ་རྡོ་རྗེ་དང་།། ནོར་བུ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་དབང་པོ་མཐུའ་ཡས་པའི་རིགས་དང་བཅས་པར་སོ་སོར་མཐའ་ཡས་པའི་རིགས་དང་བཅས་པར་སོ་སོར་མཐའ་ཡས་པའི་ཕྱོགས་སུ་སྤྲོས་ཏེ་དེ་དག་བསྡུས ་པ་ལས་བྱུང་བའི་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་།། སྣ་ཚོགས་མཁའ་འགྲོ་མ་རྣམས་འདབ་མ་དེ་རྣམས་ཀྱི་གདན་ལ་བཀོད་པའོ།། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ་ཞེས་བྱ་བ་ལ་སོགས་པ་ལ། སངས ་རྒྱས་ནི་རྡོ་རྗེ་འཛིན་པོའོ།། གཟུགས་ནི་དཔལིཾ་ཧེ་རུ་ཀའི་སྐུ་སྟེ། དེ་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་ཉེ་བར་བརྒྱན་པའོ།། དེ་ཡང་ལྷ་མོ་དེ་རྣམས་ཀྱིས་རྩ་བའི་ཐིག་ལེ་ལོ་འོག་ནས་འབྱུང་བའི་གླུས་བསྐུལ་བར ་གྱུར་པས་ས་བོན་གཉིས་ཀྱི་རྣམ་པར་གྱུར་པཱ་ལ་དེ་ལས་རིགས་ལྔའི་དབང་པོ་དེའི་རིགས་རྣམས་ཕྱོགས་མཚམས་སུ་ཁྱབ་པར་སྤྲོས་ཏེ། དེ་རྣམས་ཡང་དག་པར་བསྡུས་པའི་ས་བོན་གཉིས་པོ་ཡོངས་སུ་གྱུར་པ་ལས་སངས ་རྒྱས་མཁའ་འགྲོ་མས་ཡོངས་སུ་འཁྱུད་པའི་དཔལ་ཧེ་རུ་ཀས་ཉེ་བར་བརྒྱན་པའོ།། སངས་རྒྱས་ཀྱི་གཟུགས་ཅི་འདྲ་བ་ཞིག་གི་ཞེ་ན། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞལ་བཞི་ཞེས་བྱ་བ་ནི་ཕྱོགས་བཞིར ་བསྟན་པའི་ཞལ་བཞིའོ།། ཕྱག་བཞི་དང་སྤྱན་གསུམ་ནི་གོ་སླའོ།། ཞོལ་གང་གི་མདོག་གང་ཡིན་པ་བསྣུན་པའི་ཕྱིར། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ཕྱོགས་ཀྱི་ཞལ་ནོ་ཨུཏྤ་ལོ་སྟོན་པོའི་མདོག ་གོལྷོ་ཕྱོགས་ཀྱི་ཞལ་ནཱི་སེར་པོའོ།། ནུབ་ཕྱོགས་ཀྱི་ཞལ་ནི་དཀར་ཞིང་དམྱུར་བའོ།། བྱང་ཕྱོགས་ཀྱི་ཞལའི་ལྗང་ཁཱ་སྟྭ~ཾ། རྩ་བའི་ཞལ་གྱི་མདོགྲོ་གང་ཡིན་པ་དེ་ཉིད་སྐུ་མདོག་ཀྱང་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ།། ་འབར་བའི་ཕྲེང་བས་འཁྲིགས་པ་ཞེས་བྱ་བ་ལ། འཇིགས་པའི་དུས་ཀྱི་མེ་ལྕེའི་ཕྲེང་པོ་ལྟ་བུའི་འོད་ཀྱིས་ཀུན་ཏུ་འཁྲིགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཕྱག་གཡོན་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱི ་མཚན་མ་གསུངས་པ་སྟེ། འདིའི་ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་དྲིལ་བུ་ཡོད་པས་ན་ཕྱག་གཡོན་ན་ཁ་ཊྭཱཾ་ག་དང་དྲིལ་བུའོ།། དེ་བཞིན་དུ་རྡོ་རྗེ་དང་ཐོད་པ་བསྣམསོ་ཤེས་བྱ་བ་ལ། རྡོ་རྗེ་དང་ཐོད་པ་དག་འདིའི་ཕྱག་གཡས་ན་མངའ ་བས་ནཱ་དེ་སྐད་ཅེས་བྱའོ།། ཤར་ཕྱོགས་ཤེས་བྱ་བ་ནི་ཤར་ཕྱོགས་ཀྱི་འདབ་མའིའོ།། ལྷྭ་མོ་ཞེས་བྱ་བ་ནི་བྱུང་ཕྱོགས་ལ་སྔགས་པའི་བར་དུ་ཡང་སྦྱར་བར་བྱའོ།། འདིར་དང་པོར་དཔལ་རྡོ་རྗེ་མཁར ་འགྲོ་མ་ནས་བཟུང་སྟེ་བྱང་ཕྱོགས་ཀྱི་བར་དུ་གཽ་རཱིམས་བཞིན་དུ་རིན་ཆེན་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་སྣ་ཚོགས་མཁའ་འགྲོ་མ་རྣམས་ཡིན་ནོ།། ལྷོ་ཕྱོགས་ཤེས་བྱ་བ་ལ་སོགས་པ་ལ། མདུང་རྩེ་གསུམ་དང་། ་རིན་པོ་ཆེ་དང་། བ་དྲྀན་དང་། ལྕེ་སྦྱོང་རྣམས་འདིའི་ཕྱག་ན་མངའ་བས་དེ་སྐད་ཅེས་བྱའོ།། ནུབ་ཕྱོགས་ཤེས་བྱེ་བ་ལ་སོགས་པས་ཀྱང་གཞུ་དང་། མདའ་དང་། སྣ་ཚོགས་པདྨ་དང་། ཐོད་པ་ཅན་བསྟན་ཏོ།། བྱང་ཕྱོགས་ཤེས ་བྱ་བ་ལ་སོགས་པའི་དོན་ཀྱང་རལ་གྲི་དང་། ཞགས་པ་དང་། རྡེའུ་ཆུང་དང་། ཐོད་པ་རྣམས་འདིའི་ཕྱག་ན་མངོའ་བས་ན་དེ་སྐད་ཅེས་བྱའོ།། དེ་དག་ཀྱང་། འབར་བའི་ཕྲེང་བས་འཁྲིགས་པ་དང་། ཞལ་བཞི་ཕྱོག་བོཞི་སྤྱན ་གསུམ་མཛེས། ཤེས་བྱ་བ་སྦྱར་ཏོ། གཙོ་བོ་དང་རྗེས་སུ་མཐུན་པའི་འཁོར་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་དག་གི་མདོག་བཅོམ་ལྡན་འདས་ཀྱི་ཞལ་གྱི་རྗེས་སུ་འབྲེང་བར་བྱ་སྟེ། ཤར་ཕྱོགས་ཀྱི་ནི་སྔོན་མོའོ།། ་ཕྱོགས་ཀྱི་ནི་སེར་མོའོ།། ནུབ་ཕྱོགས་ཀྱི་ནི་དཀར་ཞིང་དམར་བའོ།། བྱང་ཕྱོགས་ཀྱི་ནི་སྔོ་བསངས་མ་ཡོན་ལ། ཞལ་གྱི་མདོག་ཀྱང་དེ་བཞིན་ནོ།། འོན་ཀྱང་རྩེ་བའོ་ཞལ་ནི་སྐུ་མདོག་དང་མཐུན་པ་ཡིན་ལེ། བཅོམ་ལྡན ་འདུས་ཀྱི་ལ་བྷྲཱུཾ་གནས་སུ་མུན་པ་སྤྱན་པ་དག་དུ་པར་བྱན།། བཙམ་ལྡནྟ་རྒྱུ་གནས་དང་ས་ན་ནུ་མ་གསུངས་པ། ནས་བྱུ་བ་ལ་དགུས་པ་གསས་པ། སྐྱུ་གསུང་ཐུགས་རྒྱ་རྔ་རྫུན་དཔལ་ཧེ་རུ་ཀ་སྟེ་དེ་བསམ་པ།། ་དེའི་ཞེས་བྱ་བ་ནི་པདྨ་དམར་པོའོ།། དབུས་སུ་ཤེས་བྱ་བ་ནཱི་ཀ་རི་ན་ཀ་ལའོ།། ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱག་ཏུ་ཞེས་བྱ་བ་ནི་ལྷག་མའོ།། དཔལ་ཧེ་རུ་ཀ་ཛཾ་ལྟ་བ་བཞིན་དུ་སངས་རྒྱས་མཁའ་འགྲོ་མ་ཡང ་དེ་བཞིན་ཏོ། འོན་ཀྱང་སྐུ་མདོག་དམར་ཞིང་དེ་དང་ཞོལ་སྦྱོར་བ་ཕྱག་གཉིས་ཀྱིས་མགྲིན་པ་ནས་འཁྱུད་པའོ།། དམ་ཚིགོ་མ་རྟོགས་པོར་དངོས་གྲུབ་འགྲུབ་པར་མི་འགྱུར་བས་དམ་ཚིག་སླར་བཤད་པའི་ཕྱིར། དང ་པོའི་སྔགས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་སྔགས་ནི་རབ་སྔགས་སོ།། དེ་དང་ཡང་དག་ལྡན་ནི་རྫས་འབར་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ།། བསྒོམས་ནས་ཤེས་བྱ་བ་ནི་མན་ངག་སྟེ་ཇི་ལྟ་བ ་བཞིན་དུ་བསྒོམས་པར་གྱུར་ནའོ།། རྫས་ཤེས་བྱ་བ་ནི་དམ་ཚྭ་གྲེ་གྲི་རྫས་སོ།། བསྒྲུབས་ན་ཞེས་བྱ་བ་ནི་བསྐྱེད་པའོ།། ཇི་ལྟ་བུར་བསྐྱེད་ཅེ་ན། དངོས་གྲུབ་འབྲས་བུ་སྟེར་ཞེས་བྱ་བ་གསུངས་སོ།། དེ་སྐད་དུ་ཡང ་དཔལ་གསང་བ་འདུས་པ་ལས་ཀྱང་། སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ།། ཐེསྒོམ་ན་སྐད་ཅིག་དེ་ལ་འབར་ཞེས་གསུངས་སོ།། འབར་བའི་ཕན་ཡོན་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ ་ལ། རྣལ་འབྱོར་ནི་རྣལ་འབྱོར་པ་སྟེ། འདིས་རྣལ་འབྱོར་པ་དང་རྣལ་འབྱོར་མ་གྲུབ་པར་གྱུར་པ་དག་ཡོད་དོ་ཞེས་སྐྱེ་བོ་རྣམས་ཀྱི་ཡིད་ཆེས་པ་འཇུག་པར་འགྱུར་ཏེ། འབར་བས་མཐུ་དང་ལྡན་པའི ་དཔེ་སྟོན་པར་བྱེད་དོ་ཞེས་བྱ་བ་ནི་དོན་ཏོ།། མཽ་སྣང་བ་ལ་སོགས་པའི་དངོས་གྲུབ་ཀྱི་མཐུ་གསུངས་པོ་ཐམས་ཅད་ཀྱིས་ནི་ཤེས་བྱ་བ་ལ་སོགས་པ་ལ། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར་ཞེས་བྱ་བ་ནི་གླིང་བཞི་པ་སྟོང ་གི་འཇིག་རྟེན་གྱི་ཁམས་ནི་སྟོང་ཕྲག་གཅིག་གོ།། དེ་གཅིག་ཏུ་སྣང་བ་ནི་བདག་པོར་གྱུར་པ་དང་། གཞན་གྱི་དོན་བྱེད་པར་གྱུར་པའོ།། གྲུབ་པ་ཀུན་ལས་ཤེས་བྱ་བ་ནི་རིག་པ་འཛིན་པ་ལ་སོགས་པ་ལ་སྟེ་བུ་མོ་ཞེས་བྱ་བ་དང་འབྲེལ ་ཏོ།། རྡོ་རྗེའི་གནས་ཤེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཀྱི་སྟེ་སངས་རྒྱས་རྣམས་ཀྱི་ཞིང་ངོ་།། ཡང་དག་གནས་ཤེས་བྱ་བ་ནི་དེ་དག་ཉིད་ཀྱི་འཁོར་རོ།། བཅས་པ་ནི་རྡོ་རྗེའི་གནས་དང་ཡང་དག་གནས་དེ་དག་དང་ལྷན་ཅིག་ཏུའོ།། ། ་རྡོ་རྗེའི་མིག་ནི་རྡོ་རྗེའི་སྤྱན་གྱིས་ཏེ། ལྷའི་མིག་གི་མངོན་པར་ཤེས་པས་ཤེས་བྱ་བའི་དོན་ཏོ།། ལག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལག་མཐིལ་དུ་གཞག་པའི་སྐྱུ་རུ་ར་གཅིག་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། ་ཞིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་སྟེ། དེར་གནས་པའི་སེམས་ཅན་རྣམས་ཤེས་བྱ་བའི་དོན་ཏོ།། སྐུ་ཞེས་བྱ་བ་ལ་སོགས་པ་ལ། སྐུའི་ཐུགས་ནི་དབང་པོའི་རྣམ་པར་ཤེས་པ་རྣམས་སོ།། གསུང་ཐུགས ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བདྨོ་དང་བཅས་པའི་ཕྱིར་རོ།། མཚན་ཉིད་ནི་དེ་རྣམས་ཀྱི་རང་བཞིན་ནོ།། མཁྱེན་ཞེས་བྱ་བ་ནི་ཡིད་ཀྱིས་རྟོགས་པའོ།། ཇི་ལྟར་རྟོགས་ཤེ་ན། ཀུན་གྱི་བདག་ཉིད་ཀྱིས་ཏེ་དངོས་པོ་ཀུན་གྱི་བདག ་ཉིད་ཀྱིས་སོ།། དེ་ཅི་ཞིག་ཅེ་ན། སེམས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱི་གར་ཞེས་བྱ་བ་ནི་རྡོ་རྗེའི་སེམས་ཤེས་པའི་མངོན་པར་ཤེས་པའི་བྱ་བའི་དོན་ཏོ།། གར་ཞེས་བྱ་བ་ལ་གར་མཁན་དང་ཆོས ་མཐུན་པས་ན་གར་ཏེ་རྣལ་འབྱོར་གྱི་རྒྱུད་ལ་བདག་ཉིད་རོང་གི་ལྷའི་རྣམ་པར་བསྒོམ་པའོ།། འདི་ལ་དེ་ལས་བྱུང་བ་ཡོད་པས་ན་དེ་སྐད་ཅེས་བྱའོ།། དམ་ཚིག་གི་རྫས་སྒྲུབ་པ་ཅུང་ཟད་ཅིག་གསུངས་ནས་དེའི་ཆོ་ག་གཞན་བསྟན ་པའི་ཕྱིར་ཡི་གེ་ཞེས་བྱ་བ་ལྀ་སོགས་པ་གསུངས་ཏེ། དེ་རུ་ཞེས་བྱ་བ་ནི་དམ་ཚིག་སྦྱར་བ་ལའོ།། སྔགས་ཤེས་བྱ་ནི་ཡི་གེ་གསུམ་གྱི་སྔགས་སོ།། གོ་བཟློག་པ་ཞེས་བྱ་བ་ནི་གང་དུ་ཡི་གེ་རྣམས་ཀྱི་སྦྱོར་བ་རིམ་པ་ལས ་བཟློག་པ་སྟེ་ཧཱུཾ་ཨཱཿོཾ་ཞེས་བྱ་བའོ།། རྣམ་བསྒོམ་ཞེས་བྱ་བ་ནི་ཇི་སྐད་དུ། དཔལ་གསང་བ་འདུས་པ་ལས། རྡོ་རྗེ་ཧཱུཾ་ལས་བྱུང་བ་རུ།། བར་སྣང་གནས་སུ་ཆུད་པར་བསམ།། པདྨོ་ཨཿལས་བྱུང་བ་ནི།། དེ་ཡིད ་འོག་ཏུ་བསྒོམ་བྱས་ལ།། བདུད་རྩིམ་གྱིས་མཚན་པ་ནི།། དེ་ཡི་ནང་དུ་གཞག་པར་བྱ།། ཞེས་གསུངས་སོ།། རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཆང་ངོ་།། བྱིན་གྱིས་པི་རླབས་པའི་དོན་དུ་བརྗོད་པའི་སྔགས་བཏུང་བསྟན་པར ་བྱ་བའི་ཕྱིར།། བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་བརྒྱད་ཀྱི་མཐའ་ནི་ཧའོ།། ལྡན་པ་ཞེས་བྱ་བ་ནི་ཨཱུ་དང་ཞེས་བྱ་བ་དང་འབྲེལ་ཏོ།། མཐའ་ནི་ཀུན་གྱི་རྗེས་ལའོ།། ་ཀུན་ཏུ་བརྗོད་ཅེས་བྱ་བ་ནཱི་ངལ་བར་བཟླས་པའོ།། གསདང་ཞེས་བྱ་བ་ནི་དམ་ཚིག་གི་རྫུས་སོ།། ཉེ་བར་བརྟགས་ཤེས་བྱ་བ་ནི་མངོན་དུ་ཡོངས་སུ་བརྟགས་པོའོ།། འདི་ལྟར་ཞེས་བྱ་བ་ནི་འོག་ནས་སྟོན་པའི་ཚིགས་སོ།། རྣལ ་འབྱོར་མ་ཀུན་སྦྱོར་བ་ཡིས་ཤེས་བྱ་བ་ནི་རྣལ་འབྱོར་མ་ལྔའི་ནང་ནིས་གང་ཡང་རུང་བའི་སྦྱོར་བས་སོ།། སྔགས་ཇི་ལྟ་བུ་ཞེ་ན། དང་པོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཡི་གེ་ནི་ཨོཾ་སྟེ་དེ་དང་ཡང་དག་པར་ལྡན་པ་ན ་དངངོ་པོ་ཉིད་དུ་སྦྱོར་བའོ།། རྡོ་རྗེ་ཅན་གྱིས་གྲུབ་འདོད་ན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་ནའོ།། ལན་བདུན་ཞེས་བྱ་བ་ནི་གོ་སླའོ།། རྣལ་འབྱོར་པ་ནི་རྣལ་འབྱོར་ཅན་ནོ།། ཅི་སྟེ་བྱིན་གྱིས་རློབ་པའི་སྔགས་འདི་ཡི་གེ་དུ་ཞིག ་ཅེ་ན། ཡི་གེ་གསུམ་ཞེས་བྱ་བ་ལ་སོགས་གསུངས།། འོ་ན་ཡི་གེ་གཉིས་ནི་སྔར་གསུངས་ན་ཡི་གེ་གསུམ་པའི་གནས་ནི་གང་། ངོ་བོ་ནི་གང་ཞིག། མཐའ་རུ་ཙཽ་དང་ཞེས་བྱ་བ་ལ་མཐའ་ནི་བསྟན་པའི་ཡི་གེ་དག་དང་ཉེ་བར་ཏེ ་དབུས་སུ་ཞེས་བྱ་བའི་དོན་ཏོ།། ཙ་ནི་བསྡུ་བའོ།། ཙ་དང་འབྲེལ་པའི་ཨ་ནི་གསུམ་པའོ།། བསྟན་པའི་སྦྱོར་བ་དང་སྡོམ་པའི་ཚིག་བསྟན་པར་བྱ་བའི་ཕྱིར། བརྒྱད་པའི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡེ་ཆེན ་བརྒྱད་ཀྱི་མཐར་གནས་པ་ནི་ཧ་ཞེས་བྱ་བའི་དོན་ཏེ།། ཇི་ལྟ་བུར་ཞེ་ན། ཨཱུ་དང་ཐིག་ལེར་ཡང་དག་ལྡན་ནོ།། མཆོག་ཏུ་གྱུར་པའི་གནས་ཤེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ས་བོན་དུ་གྱུར་པས་སོ།། ཡི་གེ་ཞེས་བྱ་བ་ལཱ། མི་འགྱུར་བ་ནི ་རྡོ་རྗེ་སྟེ་དེས་དེ་བསྐྱེད་པར་བྱ་བའོ།། ཇི་ལྟར་ཞེ་ན། དང་པོའི་སྔགས་དང་ཡང་དག་ལྡན་ཏེ། དེའི་ནོར་བུ་རབ་སྔགས་ཀྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཧྲི་ཞེས་བྱ་བ་ཡང་དག་ལྡན་ཞེས་བྱ་བ་ལ། ཡི་གེ་ཧྲཱིཿཡིས་པད ་འདབ་བརྒྱད་པར་བསྐྱེད་ལཾ་ཡང་དག་པར་སྦྱར་ཞེས་བྱ་བ་འོག་ནས་འབྱུང་བ་དང་འབྲེལ་ཏོ།། གང་དང་ཞེ་ན། ཨ་ཡི་ཨི་ཧྲཱི་ནྟེ་ནྱ་ཨ་ཡི་མཐའོ་ནི་གཤེགས་སུ་གསོལ་བ་སྟེ། དེ་དང་ལྡན་པའི་ཡི་གེ་ཨས་དེའི་ནོར་བུ་བསྐྱེད་པར་བྱའོ་ཞེས་བྱ་བའི ་དོན་ཏོ།། ས་བོན་ལྔས་ནི་རབ་ཏུ་དགང་ཞེས་བྱ་བ་ནི་ཨོཾ་བྷྲཱུཾ་སྠཱ་ཨཱཥྚ། ཞེས་བྱ་བའི་ས་བོན་རྣམས་ཀྱི་ཤེས་རབ་ཀྱི་ལུས་ཀྱི་མགོ་དང་ནུ་མའི་དབུས་དང་ལྟེ་བ་དང་གསང་དེ་དང་བརླ་གཉིས་སུ་སྦྱར་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ་ཡི་གེ་ཡས་ཤེས་བྱ་བ་ལ། འདིས་མི་འཇིག་པས་ན་ཡི་གེ་སྟེ་ཕཊ་དོ།། རྣམ་བསྒོམས་ཏེ་ཞེས་བྱ་བ་ནི་དེ་དང་སྦྱར་བ་སྟེ། རྡོ་རྗེའི་སྒོར་ཞེས་བྱ་བ་ནི་ལྷག་མའོ།། རབ་ཏུ་རྒྱས་པར་བྱ་ཞེས་བོ་ནི་རྡོ་རྗེ་དང་སྦྱར་བས་སོ།། ་དེ་ལྟའི་སྦྱོར་བ་ཀུན་ཤེས་བྱ་ཞེས་བྱ་བ་ནི་སྦྱར་བ་ཐོབ་ནས་ཏེ། བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དགོངས་པ་ནི་གང་དེ་རྣམས་ཀྱིས་ཡོངས ་སུ་གཟུང་བའི་གྲུབ་པའི་མཐའ་འོ།། རྡོ་རྗེ་ནི་བདེ་བ་ཆེན་པོའོ།། དེ་སད་པར་བྱེད་པའི་གླུ་ནི་རྡོ་རྗེའི་གླུའོ།། སྲིད་པ་ཞེས་བྱ་ནི་སྐུ་དང་གསུང་དང་ཐུགས་ཏེ། བྱུང་བས་ན་སྲིད་པའོ།། ཤིན་ཏུ ་ཞེས་བྱ་བ་ནི་ཨན་ཏ་ནི་འཇིག་པའོ།། དེ་ལས་འདས་པས་ན་ཨན་སྟེ་འཇིག་པ་མེད་པའོ།། ཤིན་ཏུ་ཡང་དེ་ཡིན་ལ་དངོས་གྲུབ་ཀྱང་དེ་ཡིན་པས་ན་ཤིན་ཏུ་དངོས་གྲུབ་སྟེ། སྒྲུབ་པ་དེའི་ཐབས་སོ།། ཧ་ལེ་ཞེས་བྱ་བ་ལ ་སོགསོ་བ་ལ། འདིར་ཚིགས་སུ་བཅད་པ་རྐང་པ་བཞི་པ་གཉིས་ཏེ། འདི་ལྟར་ཚིགས་སུ་བཅད་པ་ཕྱེད་པ་གཉིས་པ་གང་ཡིན་པ་དེ་ཉིད་ཕྱེད་པ་བཞི་པ་ཡང་ཡིན་ཏེ། འདུས་པར་སྦྱར་བའི་ཕྱིར། ཧ་ལ་སི་ཧ་ཞེས་བྱ་བ་ནི་ཀྱེ ་གྲོགས་པོ་ཞེས་པའོ།། བི་ཨ་སི་ཨ་ཀཱ་མ་ལྭ་ཞེས་བྱ་བ་ནི་པདྨ་བྱེ་བར་གྱུར་ཏོ་ཞེས་པའོ།། པ་པོ་ཧོ་ཨུ་པ་ཛེ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ། པདྨའི་ཀར་ནི་ཀཽ་ལ་གནས་པའི་ཡེ་ཤེས་ཀྱི་ཐིག་ལེའི་གཟུཊ ་སམ། དཔལ་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ཅིང་རྫོགས་པར་གྱུར་པའོ།། རབ་ཏུ་སད་པ་ནི་གདུགས་པར་གྱུར་ཏེ་ཞེས་པའོ།། ཅིའི་ཕྱིར་གདུང་འགྱུར་ཞེ་ན། ཨ་ལ་ལི་ལ་ལ་ཧོ་ཞེས་བྱ་བ་གསུངས་ཏེ། དང་པོའི་ཨ་དང ་མཐའ་མའི་ཧོ་དང་ལ་བཞི་པོ་དག་ནི་ཤིན་ཏུ་རྨད་དུ་གྱུར་པའི་བདེ་བ་ཆེན་པོ་འདིའི་དོན་དུ་འཇུག་པའི་ཕྱིར་རོ།། དེ་སྐད་དུ་ཡང་། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་ཨེ་མའོ་བདེ་མཆོག་རྨད ་བྱུང་བ།། ཨ་ལ་ལ་ལ་ལ་ཧོ་ཞེས་བརྗོད་ཅེས་གསུངས་སོ།། དེ་ལྟ་བས་ན་ཅི་ཞིག་ཏུ་བྱ་ཞེ་ན། མ་ཧཱ་སུ་ཧེ་ན་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ།། ཨི་ན་ནི་བདག་པོའོ།། བདེ་བ་ཆེན་པོ་ཡང་ཡིན་ལ་ཨཱི་ན་ཡང ་ཡིན་པས་ན་བདེ་བ་ཆེན་པོ་ཡིན་ཏེ། མགོན་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ།། ཨ་ར་ཧཱི་ཨུ་ཞེས་བྱ་བ་ནི་མནུས་པར་བྱ་བ་སྟེ། བདག་ཅག་གིས་ཞེས་བྱ་བར་ཤེས་པར་བྱཱ། གི་སྟེ་ཞེས་བྱ་བ་ནཱི་གར་གྱིས་སོ།། ར་བི་ཞེས་བྱ ་བ་ལ་སོགས་པ་ལ། པ་ཕུ་ལཾ་ཨཱ་ཀ་མཱ་ལུ་ཞེས་བྱ་བ་ནི་པདྨོ་རྣམ་པོར་གས་པའོ།། གང་གིས་ཤེ་ནོ། མཧཱ་སུ་ཧེ་ན་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་སྟེ་རྡོ་རྗེ་དེ་ཉིད་ཀྱིས་སོ།། ཅི་འདྲ་ཞེ་ནཽ། ཉི་མཱ་ལྟ་བུའི་འོད་འདི་ལ་ཡོད་པས ་རཱ་བི་ཀ་ར་ནེ་ན་ཞེས་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཀྱིས་པདྨའི་ཁ་འབྱེད་པ་དེ་བཞིན་དུ་བདེ་བ་ཆེན་པོའི་རྒྱུ་མཐུན་པའི་འོདི་ཟེར་རྣམས་ཀྱི་ཞེས་བྱ་བར་དགོངས་སོ།། ཨ་ལེ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་བསྒྱུར་ལ་གླང་སྟེ་དོན ་ནི་དེ་ཉིད་དོ།། གླུ་འདིའི་གནས་སྐབས་གཉིས་པ་བསྟན་པར་བཞེད་ནས། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་བྱ་བ་ནི་ལྷ་མོ་བཞི་བསྐྱེད་པའི་འོག་ཏུའོ།། འདིར་ནི་གླུ་ཙམ་གྱིས་ཤེས་བྱ་བ་ནི་གླུ་འབའ ་ཞིག་གིས་བསྐུལ་བས་སོ།། ཅིའི་དོན་དུ་ཞེ་ན། རྡོ་རྗེ་འཛིན་པ་ཆེན་པོ་སྟེ། མགོན་པོ་བང་བ་ཆེན་པོའི་ཕྱིར་རོ།། རྡོ་རྗེ་མཁའ་འགྲོ་མ་རྣམས་ཤེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིའོ།། གཻར་ཞེས་བྱ་བ་ནི་དེ་དག་གིས་པར ་ཀྱང་བྱས་པའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གླུ་དང་གར་གྱིས་སད་པར་བྱས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྐྱེད་པའི་དཔལ་ཧེ་རུ་ཀ་གཞག་པ་སྟེ། ཀར་ནི་ཀྭའི་ཉི་མའི་དཀྱིལ་འཁྲུར ་ཕྱེད་ཀྲུང་གིས་བཞུགས་གསོལ་བའི།། འདི་ནི་བླང་བའི་གནས་སྐབས་སོ།། མཆོད་པའི་དུས་ཀྱི་གནས་སྟོབས་གཉིས་པ་བསྟན་པའི་ཕྱིར། འདི་ཡིས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཤེས་བྱ་བ་ནི་རྡོ་རྗེའི ་གློ་དང་གར་གྱིས་སོ།། སྦྱོར་བའི་དངོས་གྲུབ་འགྱུར་བ་ཉིད་ཅེས་བྱ་བ་ནི་མཆོད་པའི་ཕན་ཡོན་ནོ།། རྟག་ཏུ་གུས་ལྡན་པས་སྒོམ་པའི་མཆོག་ཅེས་བྱ་བ་ནི་རྒྱུན་མོའི་འཆད་པས་དུས་རིང་པོར་རབ་ཏུ་སྦྱར་ཞིང་བསྒོམ་པོའོ།། དུས ་བཞིར་རབ་ཏུ་སྦྱོར་བ་ཡིས་ཤེས་བྱ་བ་ནི་རྣལ་འབྱོར་དང་མཆོད་པའི་དུས་སོ།། གསང་བའི་མཆོད་པ་བསྟན་པའི་ཕྱིར། རྒྱུན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་མོ་གཞུག་པར་བྱའོ་ཞེས་བྱ་བ་ནི་ལྷག ་མའོ།། རྡོ་རྗེའི་བྷྲཱུ~ཾ་དང་། རྡོ་རྗེའི་གསུང་དང་། རྡོ་རྗེའི་ཐུགས་དྲུག་ནཱི་སྭཱ་གསུམ་མཆོག་གོ།། དེ་སྟེར་བྱས་ན་སྐྱེ་གསུ་མོ་མཆོག་སྟེར་བ་སྟེ། རྡོ་ཎྜཱི་སེམས་དཔོའོ།། ཇི་ལྟར་ཞེས་བྱ་བཾ་ནི་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཐེབ་པོར་འགྱུར ་བའོ།། རབ་ཏུ་སྣང་བར་བྱེད་ཅེས་བྱ་བ་ནི་རང་བཞིན་འོད་ཀྱིས་སོ།། འདིར་འདའ་བར་བྱ་བ་མ་ཡིན་པའི་དམ་ཚིག་གཉིས་བསྟན་པའི་ཕྱིར། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཤེས་བྱ་བ་ལ། ་བཟའོ་ཞེས་བྱ་བ་ནི་ལྷག་མའོ།། སངས་རྒྱས་ཀྱི་བྱང་ཆུབ་ཉིད་གོ་འཕང་ཡིན་ཏེ་རབ་ཏུ་གནས་པའོ།། ལྷག་མ་ནི་འདི་ཉིད་ཀྱིས་བཤད་པ་སྟེ། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བས་ན་ཞི་བ་སྟེ། ངེས་པར་ལེགས ་པ་ཞེས་བྱ་བའི་དོན་ཏོ།། ཉན་ཐོས་དང་། རླུང་སངས་རྒྱས་དག་ལ་ཡང་འདྲི་ལྟ་བུའི་ཞི་བ་ཡོད་པས་དེ་ཉིད་ཅེས་བྱ་བ་ནི་དེ་ལས་ཁྱད་པར་དུ་བྱེད་དེ། སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་བྱ་བའི་དོན་ཏོ།། བྱང ་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ལྟ་བུའི་ཡེ་ཤེས་ཡོད་མོད་ཀྱི། ད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བླ་མ་དང་བཅས་པ་ཡིན་པས་དེ་ལོས་བྱེ་བྲག་ཏུ་བྱེ་བའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལས ་བླ་མར་གྱུར་པ་མེད་པས་ན་བླ་ན་མེད་པའོ།། འདིར་ཚིགས་བཅད་དུ་འགྱུར་བ་ཅེས་བྱ་བ་ནི། ཇི་སྐད་དུ་གསུངས་པའི་རྒྱུད་ཀྱི་དོན་བསྡུ་བའི་ཚོགས་སུ་བཅད་པའོ།། གཟུགས་རྣམས་ཤེས་བྱ་བ་ནི་ལྷ་རྣམས་ཀྱི ་སྐུ་མདོག་དང་དབྱིབས་རྣམས་སོ།། ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱས་བཏབ་པ་སྟེ། ཡན་ལག་དྲུག་ཏུ་དགོད་པ་དང་། རྡོ་རྗེ་པདྨོ་སྦྱོར་བ་ལ་སོགས་པའོ།། དེ་བཞིན་མཚན་མ་ཞེས་བྱ་བ་ནི་ཐོད་པ་དང་ཁ་ཊྭཱཾ་གཱ་ལ ་སོགས་པའོ།། རྫས་རྣམས་ནི་དམ་ཚིག་གི་རྫས་རྣམས་སོ།། བསམ་གཏན་ཞེས་བྱ་བ་ལ། བསམ་པར་བྱ་བས་ན་བས་མི་གཽཏན་ཏེ། བཟླས་པ་ཞེས་བྱ་བའི་དོན་ཏོ།། བསྒོམ་པ་ཅེས་བྱ་བ་ནི་དཀྱིལ ་འཁོར་གྱི་འཁོར་ལ་ལ་སོགས་པའི་ཏིང་ངེ་འཛིན་ཏོ།། ཆོ་ག་རི་ཐབས་སྣ་ཚོགས་ནི་ལས་རྒྱས་པ་ལ་སོགས་པ་སྟེ། དམན་པའི་དངོས་གྲུབ་ལ་སོགས་པའོ།། བསྟན་པ་ནི་དེ་དག་ཐམས ་ཅད་བཤད་པའོ།། འདི་དག་ཐམས་ཅད་ཅིའི་ཕྱིར་བྱས་ཤེ་ན། ལྷ་མོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ནི་སྒྱུ་འཕྲུལ་ཆེན་མོའོ།། དེའི་ཡིད་ལ་འདོད་པ་ནི་ཐུགས་སུ་བྱོན་པ་གང་ཡིན་པ་སྟེ། དེའི་ཕྱིར ་བསྟན་པའོ།། རྒྱུད་ཡོངསུ་འཛིན་པའི་ཕན་ཡོན་བསྟན་པའི་ཕྱིར། གང་གི་ཁྱིམ་དུ་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བ་པེ་གསུངས་ཏེ། གང་གི་ཁྱིམ་ནི་གང་ཞིག་གི་ཁྱིམ་དུའོ།། རྒྱུད་ནི་སྒྱུ་འཕྲུལ་ཆེན ་མོ་ཞེས་གྲགས་པའོ།། རྟག་ཏུ་གནས་ཤིང་ཞིང་ཞེས་བྱ་བ་ནི་རྟག་པར་གནས་པའོ།། འཆུ་ང་ཞེས་བྱ་བ་ནི་འཛིན་པའོ།། ཀློག་པ་ནི་གུས་པར་འདོན་པའོ།། རྣམ་པ་བསྒོམ་པ་ནི་ཏིང་ངེ་འཛིན་དུ་བྱེ་ད་པའོ།། ་བགེགས་ནི་བགླེགས་རྣམས་སོ།། རྡོ་རྗེ་རྣལ་འབྱོར་མོ་ཡང་དེ་ཡིན་ལ་ཆེན་མོ་ཡང་དེ་དག་ཡིན་ནོ།། དགོངས་པ་ནི་དེ་དག་གིས་ཡོངསུ་གཟུང་བའི་གྲུབ་པའི་མཐའ་སྟེ། རྣལ་འབྱོར་མའི་རྒྱུད་མཐའ་དག་ཅེས་བྱ་བའི་དོན་ཏོ།། ། ་གསང་བའི་ནི་དང་སྣང་བའོ།། དེ་ཙནི་གསོ་ན། གསང་འཆེན་པ་ཞེས་བྱ་བ་སྟེ། རྒྱུད་ཀྱི་དང་བ་ནི་མཆོག་ཏུ་གསང་བ་ཞེས་གསུངས་པ་ལི། མཐར་ནི་གསང་པོ་ཆེམ་པར་ཞེས་བྱ་བའི་རྣམ་གྲངས་གཞན་གྱིས་བཙུ ་བྱ་ཡིན་ཏེ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བར་གྲགས་པའི་རྒྱུད་དོ།། ཉེ་བར་སྤྱོད་པ་དང་བཅས་པ་ཞེས་བྱ་བ་ལ། བསྒྲུབ་བྱ་སྒྲུབ་པའི་ཐབས་ཀྱིས་ཆོགཉེ་བར་སྤྱད་པ་དང་བཅས་པའོ།། དེ་དང་ལྷན་ཅིག་ཏུ་འཇུག་པ་ནི་ཉེ་བར ་སྤྱོད་པ་དང་བཅ་ཐོས་པ་སྟེ། དེས་སྦྱོང་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། རྫོགས་པ་ནི་དེ་མཐར་ཐུག་པ།། དེ་ལྟར་བདག་གིས་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ ་ཡོན་ཏན་ལྡན་བྱས་པས།། ཡོངསུ་རྫོགས་པའི་རི་བ་ཙནྡོ་ལྟར་མཛེས་པའི་བསོད་ནམས་ཐོབ་པ་གང་ཡིན་པས།། རྟུལ་བ་རྣམས་ཀྱི་བདག་ཉིད་གཅིག་པོ་རྡོ་རྗེ་འཛིན་པ་ཉིད་དུ་བང་ག་གྱུར་ནས།། དེ་ཡིས་སྐྱེས ་རྣམས་ཀྱི་སྡིགེ་བསྣོལ་མི་བཟང་མ་ལུས་ཟུང་བ་སྐྱེད་པར་ཞིག། ངན་རྒྱུན་འབྱུང་གནས་དེ་ནི་རྫོགས་པའི་སངས་རྒྱས་སྲས་བཅས་རྣམས་ཀྱི་ངེས་པར་བྱིན་པརླབསྔོ་བས། ་ཧཱུཾ་ཡཾ་སྐུ་གསུང་ཐུགས་འཇུག་པ་རྣམས་ནི་ངེ་པོར་འགྲོ་བ་རྣམས་ལ་ཕནྡྷ་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་རྒྱུད་མཆོག་ཚིག་ད་ནི་རྟགས་དཀར་སྦྱར་བར་དཀའ་བ་གང་སྟོན་པའི།། འགྲེལ་པོ་ཡོན་ཏན་ལྗོན་པ་འདི་ནི་མུ ་གྲོ་བྷྱོ་བོར་རྙི་ནི་འཇུག་བྱེད་ཡིན།། དཔལ་སྒྱུའི་ཕྲུལ་ཆེན་མཛེའི་འབྲལ་བ་ཡོན་ཏན་ལྡན་པོ་ལས་ངེས་པར་བསྟན་པ་གསུམ་པོར།། རཔལ་སྒྱུ་འཕྲུལ་ཆེན་མོ་འགྲེལ་པོ་ཁོམ་ལྡན་པ་ཞེས་བྱ ་xxx། xxx ་xxx། xxx ་xxx། xxx ་མ་ཁྲ་མན་མ་ཐན་མང་ན་མ་མའང་མ་ནམ ་xxx། xxx ་