| Wylie | e-texts produced with BDRC’s OCR application |
ཡེ་ཤེས་སྣང་བ་འགྲུབ་པར་འགྱུར།། རྡོ་རྗེའི་དེ་ཉིད་མི་ཤེས་ན།། བྱང་ཆུབ་དངོས་གྲུབ་རིང་དུ་སྤངས།། རྡོ་རྗེ་དག་པར་མ་གྱུར་ན།། བརྒྱ་བྱིན་མཚོན་ཆ་རྡོ་རྗེ་འདྲ།། དེ་ནས་དྲིལ་བུའི་དེ་ཉིད་ནི།། ནང་གི་ནམ་ཁའི་ཁམས་ལ་ནི།། ་བྱང་ཆུབ་སྙིང་པོ་གནས་པ་ཡིན།། འཇམ་ཉིད་མེད་པར་སྤངས་པ་ནི།། བུམ་པ་འ་ཤེས་རབ་བདུད་རྩིའོ།། དེ་སྟེང་འདབ་བརྒྱད་པད་མ་ལི།། ས་བོན་བརྒྱད་ལས་ལྷ་མོ་བརྒྱད།། ཤར་དུ་ལྷ་མེ་སྒྲོལ་མ་སྟེ།། ན་བཟའ་དཀར་མོ་བྱུང ་གི་ཕྱོགས།། ནུབ་ཏུ་མ་མ་ཀི་ཞེས་བྱ།། དེ་བཞིན་ལྷོ་རུ་སངས་རྒྱས་སྤྱན།། མེ་ཡི་མཚམསུ་སྦྲུལ་བྱེད་མ།། རྡོ་རྗེ་ལུ་གུ་རྒྱུད་དབང་ལྡན།། ཁྲོ་གཉེར་མི་ནི་རླུང་མཚམས་སུ།། བདེནི་ལ་མཚམས་སུ་རིན་ཆེན་སྒྲོན།། ལྷ་མོ ་དེ་བརྒྱད་དབུས་སུ་ཡང་།། ཤེས་རབ་ཕ་རོལ་ཕྱིན་མི་སྟེ།། པདྨ་རྒྱས་པའི་སྤྱན་མངའ་མ།། གཟུགས་རྫོགས་འདི་དང་ལྡན་པར་བསྒོམ།། སྟེང་གི་པདྨ་འདབ་བརྒྱད་ལ།། སྔོན་བཞིན་སྒེག་མོ་ལ་སོགས་བརྒྱད།། རྩེ་ལྔར ་མཁའ་འགྲོ་མ་ལྔ་བསྒོ། དབུས་ཀྱི་ལྕེ་ནི་ཡེ་ཤྭེ་ཏེ། ཐཾད་འདུ་དང་འཕྲོ་བར་བྱེད།། ཉི་ཤུ་རྩ་གཉིས་ལྷར་སྦྱོར་བ།། རྣམ་པར་དག་པའི་དྲིལ་བུ་འདི།། སྔགས་འདི་དག་ནི་བཟླས་ནས་སུ།། ཕྱོགས་བརྒྱད་དག་ཏུ་ལན་གསུམ་དཀྲོལ།། ཨོཾ་བཛྲ ་དར་མེ་ར་ནི་ཏི་པྲ་ར་ནེ་ཏི་སརྦ་བུད་དྷ་པྲ་ཙ་ལི་ཏི་པྲཛྙཱ་བ་ར་མི་ཏེ། ན་ཏྲ་ས་བྷྱོནནཱུ་ཙྪིནཱཾ། \ུ྅ཧ་ཧོ་ཨ་སྭཱ་ཧཱ། ཤེས་རབ་ཆོས་ཀྱི་དྲིལ་བུ་འདི།། སངས་རྒྱས་ཐམས་ཅད་སླར་བྱས་ནས།། མི་ཤེས་འདམ་ལ་བྱིང་བ་ཡི།། ་སེམས་ཅན་སངས་རྒྱས་དོན་དུ་བཀྲོལ།། དེ་ཉིད་སྦྱོར་བ་དམན་ན་ནི།། དངོས་གྲུབ་རིང་དུ་མཚོན་པ་སྟེ།། དེ་ཉིད་མེད་པའི་རྣལ་འབྱོར་པའི།། གླང་ཆེན་དྲིལ་བུ་བཀྲོལ་བ་འདྲ།། དེ་ནས་བགྲ ་ཕྲེང་དེ་ཉིད་ཀྱི།། ཡང་དག་ཆོག་ཤེས་པར་བྱའོ།། ཤེལ་དང་ཉཝ་ཕྱིས་མུ་ཏིག་དང་།། དཀར་པོ་ལ་སོགས་གཞན་ཡང་རུང་།། ཞི་བའི་ལས་ལ་ཁྱད་པར་གསུངས།། གསེར་དང་དངུལ་དང་ཟེངས་མ་དང་།། པད་མའི་སྙིང་པ ་རྒྱས་པ་ཡིན།། གུར་ཀུམ་ལ་སོགས་དྲི་ཡིས་ནི།། བྱུགས་པའི་རི་ལུ་དབང་ལ་སྨོས།། རུ་རག་ཤ་དང་ལུང་ཐང་དང་།། མི་རུས་མངོན་སྤྱོད་ཞེས་སུ་གསུངས།། ཞི་རྒྱས་དབང་དང་མངོན་སྤྱོད་ལ།། བོ་དེ་ཙས་ནི་ལས ་ཀུན་བྱེད།། དེ་ཡི་གྲངས་ནི་འདི་ལྟ་སྟེ།། སྔགས་གྲུབ་པ་ལ་ལྔ་བཅུ་དང་།། དབང་ལ་དེ་ཉིད་ཉི་ཤུ་ལྔ།། ཞི་བ་ལ་ནི་བརྒྱ་ཕྲག་སྟེ།། བརྒྱ་རྩ་བརྒྱད་ནི་རྒྱས་པའི་ཡིན།། མངོན་སྤྱོད་ལ་ནི་དྲུག་ཅུའོ།། ཕྲེང་ཐག་དགུ་སྐྱིལ ་བྱས་པ་ལ།། མདོ་འཛིན་ཉིས་བརྩེགས་ཤེས་པར་བྱ།། གཡས་པའི་ལག་མཐིལ་ཉི་མ་ལ།། ཨ་ཡིག་དམར་པོ་བསྒོམ་པར་བྱ།། གཡོན་གྱི་ལག་མཐིལ་ཟླ་བ་ལ།། ཧཱུཾ་ཡིག་དམར་པོ་བསྒོམས་ནས་སུ།། ས་བོན་དེ ་གཉིས་ལས་བསྐྱེད་པ།། གཡས་སོར་རྡོ་རྗེ་རྩེ་ལྔ་པ།། གཡོན་ནི་པདྨ་འདབ་ལྔར་བསྒོམ།། ཕྲེང་བ་གང་ཡིན་དཀྱིལ་བཞག་སྟེ།། རྡོ་རྗེ་པདྨ་སྙིམ་པར་སྦྱར།། རི་ལུ་དགྲ་བཅོམ་བསྒོམས་ནས་སུ།། ཕྲེང་ཐག་ལྷ་དགུར ་བྱིན་གྱིས་རླབས།། མདོ་འཛིན་འོག་མ་མཆོད་རྟེན་ཏེ།། གོང་མ་ཆོས་ཀྱི་སྐུ་རུ་བསྒོམ།། བགྲང་ཕྲེང་དེ་ཉིད་བསྒོམས་ནས་སུ།། སྔགས་འདྲི་ཡིས་ནི་བྱིན་གྱིས་བརླབ།། ཨོཾ་ཡ་ཏེ་ཡ་མ་ཧཱ་ཛྙཱ་ན་སརྦ་བུད་དྷ་མ་ཧཱ་བྷ་བེ་ཏ། ཧཱུཾ་ཧཱུཾ་ཧཱུཾ། ་ཧཽ་ཧོ་ཧོ། ཨ་སྭཱ་ཧཱ། ཆོས་ཀྱི་སྐུ་དང་མཆོད་རྟེན་ལ།། དགྲ་བཅོམ་བསྐུར་བ་བྱེད་བསམས་ཏེ།། མཆོད་རྟེན་གྲིབ་མའང་མོ་འགོང་ཕྱིར།། བསྒྱུར་ལོག་ནས་ནས་ཕྲེང་བ་བགྲང་།། ཕྲེང་བ་དེ་རྣམས་བགྲེང་བ་ཡང་།། སོ་སོའི ་ཁྱད་པར་གྱིས་ཤིས་ཏེ།། ཞི་བོའི་ཕྲེང་བ་མཛུབ་ལ་བཞག། དེ་བཞིན་རྒྱས་པ་གུང་མོ་སྟེ།། སྲིན་ལག་ལ་ནི་དབང་དུ་བཤད།། མངོན་སྤྱོད་མཐེ་ཆུང་ཤེས་པར་བྱ།། སྒྲིབ་པའི་ལྷ་གང་དཀུག་བསམས་ཏེ།། མཐེ་བོང ་ལྕགས་ཀྱུས་བཀུག་པ་བསྒོམ།། དེ་ཡང་ལྷ་མོ་གཡོན་པས་འདྲེན་པ་ཡིན།། དེ་ཡང་ལྷ་མོ་གཡོན་པས་འདྲེན།། གཡས་པས་ལྷ་རྣམས་འདྲེན་པ་ཡིན།། དེ་ལྟར་དག་པའི་བསྒྲེང་ཕྲེང་གིས།། གང་འདོད་དངོས་གྲུབ་འགྲུབ་པར་བྱེད།། ་དེ་ཉིད་མེད་པའི་ཕྲེང་བ་ནི།། དུད་མེད་རྒྱན་གྱིས་དྲོ་ཤལ་འདྲ།། དེ་ནས་ཡེ་ཤེས་དེ་ཉིད། འདི་ལྟར་ཡང་དགེ་ཤེས་པར་བྱ།། ཚྭ་ཀུན་ཡེ་ཤེས་གཅིག་པ་ལ།། ཁྱད་པར་རིང་ཐུང་གྱུར་ནས་གནས།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། ་དྲི་ཟ་དང་ནི་ལྷ་མིན་དང་།། ན་མཁའ་ལྡོང་དང་མི་འམ་ཅི།། རྒྱལ་ཆེན་དང་ནི་གང་བ་བཟང་།། ལྟོ་འཕྱེ་དང་ནི་གྲུལ་བུམ་དང་།། མི་དང་མི་མིན་མཁའ་འགྲོ་མ།། བྱོལ་སོང་དང་ནི་ཡི་དགས་དང་།། དམྱལ་བར་བཅས་པའི ་སེམས་ཅན་དང་།། བྱོལ་སོང་གཟུགས་ཀྱི་ཁྱད་པར་དང་།། ཕྲ་མོ་སྒོ་ང་འཛིན་སོགས་པའི།། དེ་རྣམས་གཡོ་བ་ཐམས་ཅད་དང་།། མི་གཡོ་བ་ཡི་རྣམ་པ་ཡང་།། ས་ཆུ་མེ་དང་རླུང་གི་ཁམས།། ཕྲ ་མོ་རྩཝ་དང་ལོ་མ་དང་།། རྡོ་དང་བོང་བ་རྩེ་མོ་སོགས།། ཐམས་ཅད་ཡེ་ཤེས་སྣང་བ་ཡིན།། དེ་ཡང་སེམས་དང་ལྡན་པ་དང་།། སེམས་པ་མེད་པ་གཉིས་སུ་འདོད།། སེམས་དཔའ་དང་ལྡན་ཁྱད་པར་ནི།། ཡེ་ཤེས་བྱ ་བྲག་འདི་ལྟ་སྟེ།། རྒྱལ་ཆེན་སུམ་ཅུ་རྩ་གསུམ་དང་།། འཐབ་བྲལ་དང་ནི་དགའི་ལྡན་དང་།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་།། ཚངས་རིས་ཚངས་པའི་མདུན་ན་འདོན།། ཚངས་ཆེན་དེའི་འོད་ཆུང་དང་།། དང་གོ ་མེ་དེ་འོད་དང་འོད་གསལ་དང་།། དགེ་ཆུང་དག་རྒྱས་ཚད་མེད་དག། སྤྲིན་མེད་དང་ནི་བསོད་ནམས་སྐྱེས།། འབྲས་བུ་ཆེ་དང་མི་ཆེ་བ།། མི་གདུང་བ་དང་གྱ་ནོམ་སྣང་།། ཤིན་ཏུ་མཐོང་དང་འོག་མིན་ཏེ།། ཉི་ཤུ་གསུམ་ལྷ་རྣམས ་ནི།། ཡེ་ཤེས་རགས་ཤིང་ཟབ་པ་ནི།། ཉིས་གྱུར་ཉིས་འགྱུར་ཤེས་པར་བྱ།། དེ་ཡང་རྒྱལ་ཆེན་རིསོ་བཞི་ནས།། གཞན་འཕྲུལ་དབང་བྱེད་བར་དུ་ནི།། འདོད་པ་ལྔ་ཡི་ཡེ་ཤེས་དག། གོང་ནས་གོང་དུ་བཟབ་པ་ཡིན།། ལྷ་མིན ་ཡེ་ཤེས་ཁྲོ་བ་སྟེ།། ཡི་དགས་ཡེ་ཤེས་སྐྱེ་བ་ཡིན།། གཏི་མུག་ཡེ་ཤེསོ་བྱོལ་སོང་གི། དམྱལ་བའི་འཇིགས་པས་ངུ་བ་ཡིན།། མི་ཡིས་ཡེ་ཤེས་རྣམ་ལྔ་སྟེ།། གླེལ་པ་དང་ནི་འོན་པ་དང་།། ལྐུགས་པ་དང་ནི་བྱིས་པ་དང་།། ་ས་ཅན་དང་རྣམ་པ་ལྔ།། བྱེ་བྲག་ཏུ་ནི་ཤེས་པར་བྱ།། གཞན་ཡང་གནོད་སྦྱིན་ལ་སོགས་པའི།། རྩ་བའི་རྒྱུད་ལས་མ་གསུངས་ཀྱང་།། དོན་གྱི་ཡེ་ཤེས་ཁྱད་པར་ནི།། རྣལ་འབྱོཪྵཱ་བསྟྲ་ནི་ཤེས་པར་བྱ།། དེ་འདྲའི་ཡང་ཤེས། ་དེ་ཉིད་ནི།། རྣལ་འབྱོར་གང་གིས་རྟོགས་གྱུར་པ།། དེ་ནི་ཚེ་རབས་ས་ཡ་སྟོང་།། སངས་རྒྱས་ཤེས་པས་བསྐུལ་བའོ།། རྣལ་འབྱོར་གཙུག་ལག་ལས་བྱུང་བའི།། ཡང་ཤེས་དེ་ཉིད་མི་ཤེས་ཏེ།། ཕྱི་ཡི་གཙུག་ལག ་ཤེས་ན་ཡང་།། གར་མཁན་ཆ་ལུགས་དང་འདྲའོ།། དེ་ནས་བདུད་ཎྜཱིའི་འོད་དེ་ཉིད།། མན་ངག་འདི་ལྟར་ཤེས་པར་བྱ།། བན་ད་འམ་ཉ་ཕྱིས་ལ་སོགས་པ།། བདུད་རྩི་ལྔ་དང་བསྲེས་པའི་ཡི།། བདུད་རྩིའི་འོད་ཀྱིས ་བཀང་བྱས་ལ།། སྔགས་དང་ཕྱག་རྒྱ་དག་པར་བྱ།། གཡས་པ་ཟླ་དཀྱིལ་བསྡམས་པ་ལ།། བདུད་རྩིའི་འོད་ཀྱི་སྣོད་བཞག་སྟེ།། གཡོན་པ་རྩེ་གསུམ་ཕྱག་རྒྱརྒྱུ་ཡིས།། སྣོད་ལ་རིགས་ནས་སྔགས་འདི་བརྗོད།། ཨོཾ་ཧ་ཧོ་ཧྲི ་སྭཱཧཱ། ཧ་ཡིས་ཁ་དག་འཕྲོག་པོ་དང་།། ཧོ་ཡཽས་ཕྱི་ཡི་དྲི་མ་གསལ།། ཧྲཱི་ཡིས་མཐུ་ཡང་འཇོམས་བྱེད་པ།། རིམ་པ་དེ་ནི་ཤེས་པར་བྱ།། ལྷུར་ལོག་པ་བསྔལ་ནས་སུ།། འདི་ལྟར་ཡང་དག་སྦྱོར་བ་བསྒོམ།། ་གཟུགས་ནི་པདྨའི་དབང་ཕྱུག་སྟེ།། རྣམ་པར་སྣང་མཛད་དྲི་མུ་དངོས།། རོ་ནི་རྡོ་རྗེ་དབང་ཕྱུག་སྟེ།། སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ།། དེ་འོག་ཕྱག་རྒྱ་སྔགས་ཀྱིས་ཡང་།། བསྲུབས་ན་བདུད་རྩི་འོད་དུ་འགྲུབ། ་ས་བོན་སུམ་ལས་བསྐྱེད་པ་ཡི།། གཡོན་པའི་མཐིལ་དུ་ཟླ་བ་བསྒོམ།། དེ་དཀྱིལ་བདུད་རྩིས་བོན་སུམ།། བསྒོམས་ནས་སྲིན་ལག་འཐབ་རྩེར་སྦྱར།། བདུད་རྩིའི་དཀྱིལ་དུ་ཕྱག་རྒྱ་དེ།། བཞག་ནས ་རིམ་པ་འདི་ལྟར་བསྒོམ།། ཧཱུཾ་ལས་བསྐྱེད་པའི་མཐེ་བོང་ནི།། དབང་ཆེན་ས་གཞིར་བསྒོམ་པ་དང་།། སུམ་ལས་བསྐྱེད་པའི་སྲིན་ལག་ནི།། རི་རབ་ཟུར་བཞིར་བསྒོམ་པར་བྱ།། སྲིན་ལག་རྩེར་ཡང་གསུམ་བསྒོམ་ཏེ།། བདུད་རྩིའི ་སྙིང་པོ་གསུམ་བཟླས་ནས།། ལན་གསུམ་བདུད་ནི་སྒྲུབ་པར་བྱ།། འཁོར་བ་བདུད་རྩིར་བསྒྲུབ་དམིགས་ནས།། ལྷོ་དང་རྣལ་འབྱོར་མཁའགྲོ་མ།། སོ་སོར་རྟོག་ནས་མཉེས་པར་བྱ།། ལྕེ་དང་དཔྲལ་བ་སྤྱི་བོ་ལ།། བདུད་རྩིའི་ཐིག ་ལོ་བཞག་ནས་སུ།། ཡི་དམ་ལྷ་ཡང་མཆོད་བྱ་ཞིང་།། དམ་ཚིག་ཙམ་དུ་བཏུང་བར་གྲོགས།། གང་ཚེ་རྣལ་འབྱོར་ཚོགས་པའི་ཚེ།། དབྱངས་འདི་བླངས་ནས། གཞལ་ལོ་དབུལ།། གཟིགས་ཤིང་མཛེས་པ་དམ་པའི་ཆོས།། ་འདི་ལ་ཐེ་ཚོམ་བྱར་མི་རུང་།། བྲམ་ཟེ་ཁྱི་དང་གདོལ་པ་དག་རང་བཞིན་གཅིག་ཏུ་བསྒོམས་ནས་གསོལ།། རྣལ་འབྱོར་གཞན་གྱིས་བླང་བ་ཡང་།། དབྱངས་དང་ཕྱག་རྒྱས་ཤེས་བྱ་སྟེ།། གཡས་པ་པདྨའི་གདན་བསྒོམས་ནས།། ་གཡོན་གྱི་རྩེ་གསུམ་ཕྱག་རྒྱས་བླངས།། བདེ་བར་གཤེགས་ཤིང་ཆོས་ཀྱི་མཆོག་དྲི་མ་མེད་པའི་ནས་འདི་ལ།། གཟུང་དང་འཛིན་པ་རྣམ་གྲོལ་བ།། དེ་བཞིན་ཉིད་དེ་ཕྱག་འཚལོ།། དེ་ལྟར་མན་ངག་རྟོགས་ནསུ།། བདུད ་འོད་ལ་བསྟེན་བྱས་ན།། འཁར་བའི་སྡུག་བསྔལ་བཅོམ་ནས་སུ།། ཐར་པའི་རྩེ་རུ་འགྲུབ་པ་ཡིན།། དེ་ཉིད་མེད་པའི་རྣལ་འབྱོར་པ།། མདངས་དང་སྟོབས་དང་ཁོངས་སྤྱོད་ཕྱིར།། སྲེད་པའི་སྒོ་ནས་ཟུང་བྱེད་ན།། སེམས་ཅན ་ཕལ་པའི་བཏུང་བ་འདྲ།། དེ་ནས་མཆོད་རྟེན་དེ་ཉིད་ཀྱང་།། ཡང་དག་པར་ནི་བསམ་པར་བྱ།། རང་བཞིན་ན་མཁའ་དང་འདྲ་བའོ།། དངོས་ཀུན་སྟོང་པ་ཉིད་དུ་བསྒོམ།། རིང་གི་སེམས་དེང་དབྱེར་མེད་པའོ།། གདན་བཅས་ཧཱུཾ་ཡིག ་འདུས་པར་སྒོམ།། དི་ཡིས་ཁམས་གསུམ་འཇིག་རྟེན་ནི།། མཆོད་རྟེན་གྲན་སུ་བསྒོམ་པར་བྱ།། ས་ཡི་ཁྲི་འཕང་ཟུར་བཅུ་གཉིས།། དགུ་པའི་ཕྱོགས་བརྒྱད་གླིང་ཡིན་ཏེ།། བང་རིམ་བདུན་དུ་བསམ་པ་ནི།། གསེར་གྱི་རི་བདུན ་ཤེས་པར་བྱ།། དྲིལ་བུ་དབྱིང་སུ་བུམ་པ་ནི།། ལྷ་གནས་རི་རབ་བསྒོམ་བྱ་སྟེ།། བུམ་རྟེན་འཁོར་བ་གདུང་བུའི་དབྱིབས།། ཀླུ་ཡི་རྒྱལ་པོ་ནོར་རྒྱུས་ཡིན།། ཁཾ་ཁྱེར་རིམ་པ་དྲུག་ལྡན་པ།། འདོད་རིག་ལྷ་གནས་དྲུག་ཏུ་བཏགས།། དབུསྐུ ་སོག་ཤིང་ཡིད་བསྒྲེང་བ།། བདག་མེད་ཆོས་ཉིད་ཟད་མེད་སྒོམ།། འཁོར་ལོ་བཅུ་བདུན་གྱིས་བརྒྱན་པ།། གཟུགས་ཁམས་གནས་བཅུ་བདུན་དུ་བཏགས།། ཆོས་ཀྱི་དབྱིག་པ་ཡར་འཕགས་པ།། གཟུགས་མེད་ཁམས་བཞིར་ཤཱ ་པར་བྱ།། དེ་ཡི་སྟེང་གི་སྒོ་ངའི་དབྱིབས།། དེ་རང་གི་སེམས་ནི་སྐུ་རུ་བསྒོམ།། དེ་ལ་དེ་བཞིན་གཤེགས་པ་དང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་གི་སློབ་དཔོན་ཡི་དམ་ལྷ།། བཞུགས་པར་དམིགས་ནས ་རང་སེམས་དང་།། དབྱེར་མེད་བསྒོམས་ནས་ཕྱག་བྱས་ནས།། མཆོད་དང་བསྟོད་དབུལ་བྱསྨྲ་ན།། བླ་ན་མེད་པའི་གོ་འཕང་ཐོབ།། གཞན་དུ་གཟུང་འཛིན་མ་སྤངས་པ།། དངོསུ་རྟོག་ནས་ཕྱག་བྱས་ན།། འཁོར ་བ་ལས་བསྒྲལ་མི་འགྲུབ་སྟེ།། མུ་སྟེགས་ཕྱག་གོནས་ལྷ་རྟེན་འདྲ།། དེ་ཉིད་དྲུག་གི་རིམ་པ་འདི།། ཕྱི་ནང་གོང་དུ་སྦྱར་ན་ཡང་།། འགལ་བ་མེད་ཅིང་དངོས་གྲུབ་སྟིར།། སྟོན་པས་ཐུན་མོང་བསྟེན་ཕྱིར་རོ།། སྨྲྀ་ཏི་ཛྙཱ་ན་ཀཱ་རན ་ཡི་སློབ་མས་ཞུས་པ་འདི་བྱིས་པའོ།། དགེ་བ་ཐོབ་པ་གང་ཡིན་པ།། དེ་ཡིས་སེམས་ཅན་སངས་རྒྱས་ཤོག། དེ་ཁོ་ན་ཉིད་དྲུག་རྣམ་པ་བཞག་པ།། རྒྱ་གར་གྱི་མཁན་པོ་སྨེ་ཏི་ཛྙཱ་ན་ཀཱ་ར་ཏིས་མཇེད་པོ་རྫོག་སོ།། ་པཎྜི་ཏ་དེ་ཉིད་ཀྱི་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་མམཚམམ་ས། རྣམས་\ུ0f7f། 1་ཆུ་མ་ན་རྒྱལ་མ། མམ་པ་ཐམནསཱཿ། ་སྨྲ་ཕྲུལ་ཆེན་པའི་རྒྱུད་ཀྱི་འབྲེལ་པ་བཙུན་།། ་