CLOSE WINDOW

GT495: rnal 'byor nam mkha'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཡོ་གྷམྦ་ར་ནོ་པི་ཀ། བོད་སྐད་དུ། རྣལ་འབྱོར་ན་མཁའི་སྒྲུབ་ཐབས། ཤིན་ཏུ་དགའ་བའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་མ་ཡི་དྲ་བའི་གཙོ།། རྣལ་འབྱོར་ན་མཁའི་འགྲོ ་མགོན་ལ།། དངོས་པོ་ཀུན་གྱི་བདག་ཕྱག་འཚལ།། རྟག་ཏུ་གུས་པས་བླ་མ་ལ།། གདན་བཞིའི་རིམ་པ་གསུངས་པ་ཡི།། བདེ་བའི་སྒྲུབ་ཐབས་བཏུས་ནས་སུ།། སློབ་མོས་སྔོན་དུ་ཞུས་ནས་ནི།། དེ་ཡིས་བསྙེན་པ་བདག་གིས ་བཤད།། དེ་ནས་གདན་བཞི་པའི་རྒྱུད་ཀྱི་རིམ་པས་དབང་བསྐུར་བ་ཐོབ་པ་དང་། བླ་མ་ལ་གུས་པ་དང་། ཟབ་མོའི་ཆོས་ལ་མོས་པ་དང་། སྦྱོར་བའི་རྒྱན་གྱིས་བརྒྱན་པའི་སྒྲུབ་པ་པོས། ལྷ་ཁང་ཀུན་དགའ་ར་བ་ལ་སོགས་པ ་བཅས་ཡིད་དགའ་བའི་ཕྱོགས་སུ་ཤིན་ཏུ་འཇམ་པའི་སྟན་ལ་འདུག་ནས་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་བཞུགས་པའི་རྣལ་འབྱོར་ན་མཁའི་བསྙེན་པ་བྱའོ།། དེ་ལ་དང་པོར་རེ་ཤིག་ཉི་མའི་ལག་མཐིལ་ལཱ་ནི་ཡི་གེ་ཨ་དམར ་པོ་བསམས་ནུས། དཀར་པོ་ལ་སོགས་པའི་ལག་པའི་སོར་མོ་ལ་རིམ་པས་སུཾ་ཧཱུཾ་ཡུཾ་ཧཱུཾ་ཨ་ས་བོན་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ།། དེ་བཞིན་ཟླ་བའི་ལག་མཐིལ་ལྔ་ཡི་གེ་སཽ་ལས་ཟླ་བའི་དཀྱིལ་ལ་སྟྭ~ཾ་བྷྲཱུཾསྟྭ~ཾ་ཀྵྨཱཾ་སོ་ས ་བོན་དེ་དག་གིས་སྦྲུལ་ཏེའི་གྲི་ཝང་ལ་སོགས་པའི་ལག་པ་འི་སོར་མ་པདྨ་འི་བསྒོམ་པར་རྒྱན།། དེ་དགི་ནི་ལག་པ་རྣམ་པར་དག་པའིསོ།། དེ་ནས་མགྲིན་པ་ལ་ཡི་གེ་དྷཱིཿལས་བསྐྱེད་པའི་པདྨ་ཧཱུ~ཾ་བྷྲཱུཾ་ཧཱུ~ཾ་ཧཱུ~ཾ་འདས ་མ་བརྒྱད་ལྕེའི་འདབ་མ་ལ་ཡི་གེ་ཧཱུཾ་གཱི་རྫརྗེ། དེའི་བུམ་པ་ལ་ཡི་གེ་ཧཱུཾ་བསྐྱེད་ཅིང་བསྒོམས་ཏེ། ཨོཾ་བཛྲ་ཛི་ཧཱ་སཾ་བནྡྷ་ནི་ཧཱུ~ཾ་ཕཊ། སྔགས་ཀྱིས་བྱིན་གྱིས་བརླབས་པའོ།། དེ་དག་ནི་ལྕེ་རྣམ་པར ་དག་པའི་ཆོ་གའོ།། དེ་ནས་ཉི་མའི་ལག་པ་ལ་དཀར་པོ་དང་ཡེ་ཤེས་སྦྱར་ནས་ཡན་ལག་བརྒྱད་ལ་བཀོད་པའི་བདག་ཉིད་དུ་བྱའོ།། སྤྱི་བོ་མིག་གཉིས་རྣ་བ་གཉིས།། སྣ་ལྕེ་མགྲིན་པ་དཔུང་པ་གཉིས།། སྙིང་ག་ལྟེ་བ་ཨོཾ ་བཛྲ་ཀཱ་ཡ་ཧོཿོཾ་བཛྲ་ཝཱ་ཀ་ཨཱཿོཾ་བཛྲ་ཙིཏྟ་ཧཱུཾ་ཡན་ལག་བྱིན་གྱིས་བརླབས་པར་བྱ་བའི་ཆོ་གའོ།། དེའི་འོག་ཏུ་དུང་ཕོར་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ ་བའི་སྔགས་དེ་ཕྱག་རྒྱ་དང་བཅས་པས་བདུན་གསུམ་ཉི་ཤུ་རྩི་གཅིག་མངོན་པར་བསྡོགས་ལ་གདབ་པར་བྱའོ།། དེའི་ཕྱག་རྒྱའི་རྡོ་རྗེ་བཙོངས་པ་ལས་དྲི་མ་གསུམ་དང་དུང་བསྒྲེང་བའོ།། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དཀར ་བོ་དང་ཡེ་ཤེས་སྦྱར་ནས་པདྨ་དང་དུང་དང་དུད་པ་བསྒྲེང་བའི་ཚུལ་གྱིས་ཕྱག་རྒྱ་དེས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེས་མཆོད་པའི་ཞལ་བསིལ་གྱི་སྣོད་ལ་སྔགས་བཏབ་ནས ་བཞག་པར་བྱ་སྟེ། དེ་ནི་ཞལ་བསིལ་གྱི་སྣོད་བྱིན་གྱིས་བརླབ་པའི་ཆོ་གའོ།། ཡང་ཉེ་བར་སྦྱོར་བའི་སྣོད་རྣམས་ལ་སེང་གེ་མའི་སྔགས་དང་ཕྱག་རྒྱས་ཡོངས་སུ་བཏབ་སྟེ་བཞག་པར་བྱའོ།། ཁུ་ཚུར་གཉིས་བཅིངས་ཏེ་དཀར་པོ་དང ་གི་ཝང་ལྕགས་ཀྱུའི་ཚུལ་དུ་བྱས་ལ། ཨོཾ་སྨྼ;ྻུཾ་སྭཱ་ཧཱ་དེའི་ཆུས་བསང་གཏོར་བྱའོ།། སྔགས་ནི་ཨོཾ་སརྦ་ས~ཾ་ཤོ་དྷ་ནི་ཧཱུ~ཾ་ཕཊ། དེ་ནི་ཉི་ཤུ་རྩ་གཅིག་ཏུ་མཆོད་པའི་སྔགས་ཡན་ལག་ལ་ཆུ་གཏོར་བའི་ཆོ་གའོ།། དེ་ནས་བདག་བསྲུང་བ་དང ་བགེགས་བསྒྲེང་བའི་དོན་ཏུ་ཕུར་བུ་གདབ་བ་མུཾ་དང་དྲ་བ་ལ་སོགས་པའི་རིམ་པ་བྱའོ།། ཟླ་བ་ཉི་མ་ཕྱེ་ནས་སུ་ཡེ་ཤེས་རྣམ་ཤེས་སྦྲེལ་བར་བྱ། དང་པའི་བཤོག་པའི་ཚུལ་བྱས་ཏེ། ཕྱིར་བཟློག་སྙིང་གར་བཞག་པར ་བྱ། སྔགས་ནི་ཨོཾ་ཧཱུཾ་ཕཊ་དང་བཅཝབས་དག་ལ་གོ་ཆས་བསྲུང་བར་བྱའོ།། བདག་ལོ་བསྲུང་བ་བྱས་ནས་སུ།། ཉི་ཟླ་བཅིང་བ་བྱས་ནས་སུ།། དྲི་མ་གསུམ་དང་དུད་པ་བསྒྲེང་།། ང་རོ་ཧཱུཾ་གཱི་ལྡན་བྱས་ནས།། ཕྱག་རྒྱ་དེ་ལྟར་བཅིང་བར ་བྱི། ཕྱག་རྒྱ་དེ་ནི་ཕྱོགས་བཅིང་བ་དང་ཕུར་བུ་གདབ་པ་དང་དྲ་བ་དང་ར་བ་དང་ཁོ་ར་ཁོར་ཡུག་བཅིང་བ་ལ་སོགས་པ་རིམ་པ་བཞིན་དུ་བྱའོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ།། དཀར་པོ་གི་ཝེང་བསྒྲེངས་ནས་སུ།། ཀུན་ནས་དེ་ཉིད་ཁ ་སྤྱོད་ནས།། དུད་པ་དྲི་མ་གསུམ་བསྒྲེངས་ནས།། དེ་ནི་རྟག་ཏུ་དབང་བསྐུར་བྱའོ།། སྤྱི་བོ་དང་། དཔྲལ་བ་དང་རྣ་བ་གཡས་ཀྱི་སྟེང་དང་ལྟག་ཁུང་དང་རྣ་བ་གཡོན་གྱི་སྟེང་རྣམས་སུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན ་ཆེན་འབྱུང་ལྡན་དང་།། སྣང་བ་མཐའ་ཡས་དང་། དོན་ཡོད་འགྲུབ་པ་རྣམས་སྐུ་མདོག་དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་ཕྱག་རྒྱ་བྱང་ཆུབ་མཆོག་དང་། ས་མནོན་དོང་། མཆོག་སྦྱིན་དང ་ཏིང་ངེ་འཛིན་དང་། སྐྱབས་སྦྱིན་དང་རྣམས་དང་ལྡན་པས་གནས་གོ་རིམས་བཞིན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་མཛེས་པ་ན་བཟའ་ཀླུབས་པར་བསམ་པར་བྱའོ།། སྔགས་ནི། ཨོཾ་ཧཱུཾ་ཨ་སྭཱཧཱ། ་དབང་བསྐུར་བའི་ཆོ་གའོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ།། དཀར་པོ་གི་ཝང་བསྒྲེངས་ནས་སུ།། གཉིས་ཀ་བཟློས་ནས་རྩེར་སྦྱར་སྤྲང་།། རྒྱུ་བ་དང་སྙིང་གའི་གོ་ཆ་བསྲུང་། སྔགས་ནི། ཨོཾ་ཊུ་ཧཱུཾ་སྭཱ་ཧཱ། ཨོཾ་ཧཱུཾ་སྭཱ་ཧཱ། སྔགས ་དེ་གོ་རིམས་བཞིན་དུ་བཅིངས་པ་དང་ལན་གསུམ་དུ་བཅངས་པ་དང་ལན་གསུམ་དུ་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཏུ་ཥ་ཧོ་ཞེས་བྱ་བའི་སྔགས་དེས་ཐལ་མོ་ལན་གསུམ་དུ་གདབས་ནས་དགའ་བར་བྱའོ།། དེ་ནི་བདག་བསྲུངས་པའི ་ཆོ་གའོ།། དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ་མིག་སྣ་རྩེ་ལ་བཞག་ནས་དང་པོ་ལ་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ལྷའི་སྐུས་བརྒྱན་པའི་དཀྱིལ་འཁོར་དམིགས་ནས་དྲིལ ་སོགས་པས་མཆོང་བར་བྱའོ།། དེ་ལ་སྔགས་དང་ཕྱག་རྒྱ་འདི་ཡིན་ཏེ། ཉི་མའི་ལག་པ་ཕྱེ་ནས་སུ།། དུད་བ་དྲི་མ་གསུམ་བསྒྲེང་སྟེ།། ཨོཾ་ཨནྡྲ་པྲ་ཏཱིཙྪ་ཨ་ཧཱུཾ་སྟྭཾ་ཧཱ། ཉི་མའི་ལག་པ་བརྐྱང་ནས་སུ།། དཀར་པོ་ཡེ་ཤེ ་སྦྱར་བར་བྱ།། སྔགས་ལ། ཨོཾ་བྱ་བར་སེཏྐཱ་ར་བྱཱ་ཏྭོཙྪ་ཧྣ་སྭཱཧྣ། ཇི་ལྟར་འབྱུང་བའི་དཀྱིལ་འཁོར་བསམ་བྱས་ཏེ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ཏོག་དང་སྤྲོས་དང་མཽར་མོ་དབུལ་བར་བྱའོ།། ཡང་ན་སྔགས་དང་ཕྱག་རྒྱས་དྲི་ཞིམ་པ་ལ་སོགས ་བ་མཆོད་པར་བྱའོ།། དེ་ལྟར་སྔགས་དང་ཕྱག་རྒྱ་སྦྱར་བར་བྱའོ།། ཉི་མའི་ལག་པ་བརྐྱང་བསྒྲེངས་ནས།། དྲི་ཡི་ཕྱག་རྒྱ་དྲང་བར་སྦྱར། ཨོཾ་ཧཱུཾ་སྭཱཧཱ། དྲིའི་སྔགས་དང་ཕྱག་རྒྱའོ།། དཀར་པོ་ཡེ་ཤེས་ལེགས་སྦྱར་བ།། མེ་ཏོག་ཕྱག ་རྒྱུ་རྣམ་པར་བསྒོམ།། ཨོཾ་སུཾ་སྭཱ་ཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ།། དུང་དང་པདྨ་བཀུག་ནས་སུ།། སྤྲོས་ཀྱི་ཕྱག་རྒྱར་རབ་ཏུ་སྦྱར།། ཨོཾ་ཨ་སྭཱཧཱ། སྤྲོས་ཀྱི་སྔགས་དང་ཕྱག་རྒྱའོ།། ཉི་མ་རྡོ་རྗེ་ཁུ་ཚུར་ལ།། མཐོ་བོང ་གྱེན་དུ་བསྒྲེང་བར་བྱ། ཨོཾ་ཀུ་སྭཱ་ཧཱ། མར་མེའི་སྔགས་དང་ཕྱག་རྒྱའོ།། ཉི་མའི་ལག་པ་ཕྱེ་ནས་སུ།། དབུས་ཀྱི་སོར་མོ་བསྒྲེང་བར་བྱ།། ཨོཾ་ཨི་སྭཱ་ཧཱ། ལྷ་ཤོས་ཀྱི་སྔགས་དང་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལྷས་མཐེ་བོང་བསྐྱོད ་ཅིང་། ཨོཾ་གྷུ་སྭཱ་ཧཱ། གཏོར་མའི་སྔགས་དང་ཕྱག་རྒྱའོ།། དེ་ནས་སྙིང་གར་ཐལ་མོ་བཞོག་སྟེ། པདྨ་བསྐོར་ཞིང་བསྐོར་བས་དཀྱིལ་འཁོར་ལྔས་ཕྱག་འཚལ་ལོ།། སྔགས་ནཽ་ཨོཾ་ན་མཿཏེ་ཧཱུ~ཾ། ན་མཿམི་ཧཱུཾ། ན་མོ་ན་མ ་ཧཱུཾ་སྠཱཏྶུ། ཡང་ཕྱག་རྒྱ་ཡང་ཕྱག་འཚལ་བ་གསུམ་པའི་སྔགས་ནི་འདི་ལྟ་སྟེ། བནྡྷ་ཌཱ་ཀི་ནི་བྷུ་ཛོ་ང་སྠཱ་ཡ་ཨཱཏྨ་ཏ་ཙིཪྻ་ཏཱ་ཡ་སཽ། ཨོཾ་ཨཱ་ཙིརྱཱ་བྷྱོ་ཛ་ཨུ་བ་སྟཱ་ན་ཡ་ཨཱཏྨ་ཏ་ནིརྻ་ཏཱ་ཡ་མི་ཨོཾ་ས་ཀ་ལ་སཱཏྭཱ་བ་རི་ཏྲ་ནཱ་ཡཱུཏྨ་ཏ་ནཾརྨཱ ་ཏཱ་ཡ་མེ་ས་མ་ཡ་སྟྭཾ་ས་མ་ཡ་ཧོཿཞེས་ལན་གསུམ་བརྗོད་དོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་པང་བདག་ནི་སྐྱབས་སུ་མཆི། ་ཐམས་ཅད་ཐོག་པ་གསུམ་ལ་ཡང་།། སྦྱོར་བ་གསང་བ་མཁའ་འགྲོ་དང་།། དཔའ་བོ་དཔའ་མོ་དབང་ལྷ་མོ།། བྱང་ཆུབ་སེམས་དཔའ་དགའ་ཆེན་དང་།། ཁྱད་པར་དུ་ཡང་སློབ་དཔོན་ལ།། རྟག་ཏུ ་སྐྱངས་སུ་བདག་མཆིའོ།། བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས།། རྣམ་སྣང་མི་བསྟོད་རིན་ཆེན་མཆོག། སྣང་མཐའ་ཡས་དང་དོན་ཡོད་སོགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། ཆེ་གེ་མོ་ཞེས་བྱ་བ་དག ་དུས་འདི་ཉེ་བར་གཟུང་ནས་སུ།། སྙིང་པོ་བྱང་ཆུབ་ཐོབ་པའི་བར།། བླ་ན་མེད་པའི་བྱང་ཆུབ་སེམས།། མཆོག་ཏུ་བདག་གིས་བསྐྱེད་པར་བགྱི།། ཇི་ལྟར་དུས་གསུམ་མགོན་པོ་ཡིས།། བྱང་ཆུབ་ཏུ་ནི་ངེས་བྱས་བཞིན།། ་ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱའི་ཚུལ་ཁྲིམས་ཀྱང་།། སོ་སོརོ་བདག་གིས་བརྟན་པ་གཟུང་།། སངས་རྒྱས་ཆོས་དང་དགེ་འདུན་དང་།། བླ་མེད་དཀོན ་མཆོག་གསུམ་གྱི་མཆོག། སྡོམ་པ་སངས་རྒྱས་འབྱོར་བསྐྱེད་པ།། དང་པོར་དེ་རིང་གཟུང་བར་བགྱི།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། སོ་སོར་དེ་བཞིན་ཉིད་དུ་གཟུང་།། རྡོ་རྗེ་ཆེན་པོའི་རིགས ་མཆོག་ལ།། སློང་དཔོན་ཉིད་དུ་གཟུང་བར་བགྱི།། ད་མ་ཚིག་ཡིད་དུ་འོང་བ་ལ།། རིན་ཆེན་འབྱུང་བའི་རིགས་མཆོག་ལ།། ཉིན་རོ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི།། བྱང་ཆུབ་ཆེན་པོ་འབྱུང ་བ་ཡི།། པདྨ་ཆེན་པོའི་རིགས་དག་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། སྡོམ་པ་ཐམས་ཅད་དང་ལྡན་པ།། ཅི་ལྟར་ནུས་པ་མཆོད་པའི་ལས།། ལས་ཀྱི་མཆོག་ཆེན་པོ ་ལ།། དེ་བཞིན་ཉིད་དུ་སོ་སོར་བཟུང་།། བླ་ནི་མེད་པའི་བྱང་ཆུབ་སེམས།། མཆོག་ཏུ་བསྐྱེད་པ་བྱས་ནས་སུ།། སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར།། སྡོམ་པ་མ་ལུས་གཟུང་བར་བགྱི།། མ་བསྒྲལ་བ་རྣམས ་བདག་གིས་བསྒྲལ།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། དབུགས་མ་བྱིན་པ་དབུགས་དབྱུང་སྟེ།། མྱ་ངན་འདས་ལ་དགོད་པར་བགྱི་ཞེས་པའོ།། དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པས་གནས་ཏེ་སྣའི་རྩེ་ལ་མིག ་བཞག་ནས་རང་གི་སྙིང་གའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའི་ཡི་གེ་ཀྵིཾ་རང་གི་ལུས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་བདག་གི་ས་བོན་ཙམྦ་ལུས་ལ་མི་སྣང་བར་བྱེད་པར་བསྒོམ་མོ།། ཨོཾ་སྭ་བྷཱ་བ་ཤུད ་དྷཱཿསརྦ་དྷརྨྨ་ས་བྷཱ་བ~ཾ་བི་ཤུད་དྷོཛྷཻཾ་ཞེས་བྱ་བའི་སྔགས་བཟླསཆོས་བདག་མེད་པར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་བསྐྱེད་པར་བྱ་ཐོ ་ཕྱིར་རྡོ་རྗེ་མཁའགྲོ་ལ་སོགས་པའི་ལྷ་མོ་བཞིས་དབྱངས་ཀྱིས་བསྐུལ་བར་བྱེང་བར་བསྒོམ་པར་བྱའོ།། ཛ་ཛ་ཛ་རྡོ་རྗེ་སེམས་དཔའི་དངོས་གྲུབ་བཞུགས་པའི་བདག ་བེ་ཁྱོད།། ཧ་ཧ་ཧ་ཧ་ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ།། བ་བུ་བ་བ་རྡོ་རྗེ་སྒྲོག་གི་བསང་བ་ལས་བྱུང་སྒྲ་འཛིན་པ།། ཨ་ཨ་ཨཱ་ཨ་ཧོ་མགུ་བའི་རྡོ་རྗེ་ཨཱ་གཅིག ་ཏུ་ཐིམ་པར་ཧཱུཾ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་ཚུལ་དུ་བསྒོམས་ཏེ་ཛྙཱ་ན་ཨ་ཧཾ་ཞེས་བརྗོད་པར་བྱའོ།། ཡང་དེའི་སྟེང་དུ་སྒྲ་ཡིག་ལ་སོགས་པ་ཡོངས་སུ་རྫོགས་པ་གང་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ནས་དེའི་དབུས ་སུ་ཡི་གེ་ཧཱུཾ་དེ་ནས་ཧཱུཾ་ལས་རྡོ་རྗེ། རྡོ་རྗེའི་ལྟེ་བ་ལས་ས་བོན་གྱིས་བརྒྱན་པར་བསམས་ཏེ་དམ་པའི་སྔགས་བརྗོད་ནས་ང་རྒྱལ་བྱའོ།། ཨཾ་བཛྲ་ཤུད་དྷ་སརྦ་དྷརྨཱ་བཛྲ་ཤུད་དྷོ་བཛྲ་ཧ~ཾ། དེ་ནས་རྡོ་རྗེའི་འོད་ཟེར་འཕྲོས་པ་ལས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་སླར་ཡང་དེ་ཉིད་ལ་ཞུགས་ཏེ་སྔགས་ཀྱི་ང་རྒྱལ་བྱའོ།། ཨོཾ་བརྡྷ་མ་ནོ་ཡ་ཧ་ཧོཿཞེས་བྱའོ།། དེ་ནས་མཚན ་ཀུན་ཡོངས་རྫོགས་པར།། སེམས་ཅིནི་དོན་གཅིག་དམ་པར་བྱེད།། ཞལ་གསུམ་དེ་ཉིད་ཕྱག་དྲུག་པོ།། དབྱར་གྷི་སྤྲིན་དང་འདྲ་བའི་འོད།། སྤྱན་གསུམ་བཙུད་དང་ཁྱ་བ་དང་།། ལྡེམ་ཕྲག་ཚུལ་དང་ཡང་དག་ལྡན།། ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། ཐོད་པའི་དབུ་རྒྱན་འཇིགས་བྱེད་པ།། རྒྱལ་བའི་འད་ཟེར་སྤྲོས་པའི་སྐུ། ཤེས་རབ་ལུས་ཐོགས་ལྡན་པ་སྟེ།། རྡོ་རྗེ་ནུ་མ་མངའ་དེང་ནི།། དྲིལ་བུའི་སྣོད་དང་གཞུ་བསྣམས་ཏེ། ་སངས་རྒྱས་རྣལ་འབྱོར་ན་མཁའི་བདག། མགོན་པོ་རྒྱས་པར་བསྒོམ་པར་བྱ།། དེ་ནས་རྣལ་འབྱོར་ན་མཁའི་བདག་ཉིད་དུ་ང་རྒྱལ་བསྐྱེད་པའི་སྔགས་འདི་བརྗོད་དོ།། ཨོཾ་སུཾ་བྷ་བོ་བཾ་ཨ་ཨ་ཨཱ་ཨཾ་ཧཱུཾ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་ཆེན ་པོར་གསོལ་བར་བསམས་ཏེ། ཨོཾ་ཡོ་ག་ཤུད་དྷ་སརྦ་དྷརྨཱ་ཡོ་ག་ཤུད་དྷོ་ཧིཾ། ཡང་རྡོ་རྗེ་གསོར་ནས་སྔགས་འདི་རྗེས་སུ་དྲན་པར་བྱའོ།། ཨོཾ་ཛྙཱ་ན་ཀཱ་ཡ་ཨ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སུ་ལྡན་ནས་སྙིང་ག ་དང་དཔྲལ་བ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། ཡེ་ཤེས་པདྨ་ལ་སྦྱར་ཏེ།། ས་ཡི་གདུགས་དང་རྣམ་ཤེས་སྦྱར།། གཉི་ག་ལུ་གུ་རྒྱུད་བཅིངས་ཏེ།། ལྷག་མ་རྣམས་ནི་གྱེན་དུ་བསྒྲེང་།། དུད་པ་དྲི་མ་གསུམ་སྤྲད་དེ།། ་རྩེ་ལྔ་རྡོ་རྗེ་འཛིན་ཞེས་སོ།། ཨོཾ་སརྦ་ཡ་ཧཱུཾ་ཧཱུཾ་ས་མ་ཡ་ཏྲཾ་ཨ་དྷི་ཏིཥྛ་ཞེས་སྔགས་བརྗོད་པར་བྱའོ།། དེ་ནས་དཀྱིལ་འཁོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་བསམས་ནས་རྫོགས་པར་བྱའོ།། སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང ་འཛིན་ཏེ།། དེ་ནས་ཡུཾ་ཀྵཾ་སུཾ་ཧཱུཾ་རྣམས་ཀྱིས་རླུང་དང་མེ་དང་ཆུ་དང་ས་རྣཾས་ཟླ་བ་ས་ཕྱེད་པ། གྲུ་གསུམ་པ། ཟླ་བོ། གྲུ་བཞི་པའི་དཀྱིལ་འཁོར་ཆ་ག་རིམ་བཞིན་དུ་བསྒོམ་མོ།། དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་གིས་རིན་པོ་ཆེ་སྣ་བདུན་གྱི ་དངོས་པོའི་རི་རབ་ཆེན་པོ་བསྒོམས་ཏེ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལག་ཁ་སྦུབ་སྟེ་རྡོ་རྗེའི་དང་པོའི་ས་གཞིར་བྱིན་གྱི་བརླབ་པར་བྱ་སྟེ། རི་རབ་རྩེ་མོར་སྔགས་དེ་ཁོ་ནས་རྣལ་འབྱོར་ན་མཁའི་དཀྱིལ་འཁོར་རིན་པོ་ཆེ་སྣ་བདུན ་གྱི་གཞལ་ཡས་ཁང་གི་ནཔན་གྲུ་བ་ཞིང་རྣཾ་ཀི་ཏྤ་ར་ན་བཞིས་བརྒྱན་པ་སྟེ་དྲ་བ་དང་དྲ་ཕྱེད་དུ་བརྒྱན་པའོ།། དྲིལ་བུ་དང་དྲ་བས་ཀླུབས་པའི་སུམ་རིམ་ལ་སེང་གེ་དང་རྨ་བྱ་དང་ངང་པའི་རྒྱལ་པོ་དང་ཆུ་སྲིན་རྣམས ་ཀྱིས་བརྒྱན་པའི་རྒྱལ་མཚན་གྱིས་སྒོ་བཞི་བརྒྱན་ཏེ་གྲཱ་དང་མཚམས་ན་ཟླ་བ་རྡོ་རྗེས་བརྒྱན་པའོ།། དེའི་ནང་ན་དབུས་ན་སེང་གེ་ཤར་ཕྱོགས་སུ་གླང་པོ་ཆེའི་གདན། བྱང་ཕྱོགས་སུ་རྨ་བྱའི་གདན། ནུབ་ཕྱོགས་སུ་བྱ་ཁྱོང་གི ་གདན། ལྷོ་ཕྱོགས་སུ་གཱི་ཀ་ར། དབང་ལྡན་མཚམས་སུ་སེང་གེ། མེའི་མཚམས་སུ་རྡོའི་གདོང་། བདེན་བྲལ་གྱི་མཚམས་སུ་མོ་ཧེ། རླུང་གི་མཚམས་སུ་སྦྱང་ཀཽ་རྣམས་ཀྱི་གདན་ཏེ་དེ་ལྟར་རེ་མིག་དགུའི་གདན་གྱིས་བརླབ ་པར་བྱའོ།། སྒོ་བཞི་ལེ་རོའི་གདན་ནོ།། དེའི་ཕྱི་རོལ་རྡོ་རྗེའི་ཕྲེང་བས་བྱིན་གྱིས་བརླབ་པར་བྱའོ།། ཡང་དེའི་ཕྱི་རོལ་ཏུ་འཁོར་ལོ་ཟླུམ་པོ་དེ་ལ་ལྷ་ཀུན་གནས། པདྨའི་སྟེང་ན་ཟླ་བའི་གདན་དུ་བྱིན་གྱིས་བརླབ་པར་བྱའོ།། དེའི་ཕྱི་རོལ ་ཏུ་དཀྱིལ་འཁོར་གྱི་སྣམ་བུ་ལ་ཡང་དེ་ཁོ་ན་བཞིན་དུ་པདྨའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་འཇིགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་དམིགས་པར་བྱའོ།། དེ་ནས་ན་མཁའ་ལས་བོབས་ཏེ་སེང་གེའི་གདན་ལ་གནས་ནས ་གོང་མ་བཞིན་དུ་སྔགས་ཀྱིས་སངས་རྒྱས་རྣལ་འབྱོར་ན་མཁའ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་མཁའ་འགྲོ་མ་སུཾ་ཞེས་བྱ་བའི་སྙིང་པོས་ཕྱུང་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཀོན་མཆོག་གསུམ ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསྐལ་པ་ཇི་ལྟ་བ་བཞིན་དུ་སྦྱར་ནས་བསྡུ་བའི་ཚུལ་གྱིས་སླར་བསྡུས་ཏེ། མདུན་དུ་གླང་པོ་ཆེའི་གདན་ལ་རྡོ་རྗེ་མཁའ་འགྲོ་མ་བསམས་ཏེ། སྐུ་མདོག་དཀར་པོ་ཕྱག་གཉིས་ན་ཁ་ཊྭཱཾ་ག་དང་རྣལ་འབྱོར་མའི ་ལྷུང་བཟེད་འཛིན་པ། སྤྱན་གསུམ་པ་སྐུ་སིལ་བུར་བཏང་བ་སངས་རྒྱས་ཀྱི་དབུ་ལ་བརྒྱན་པ། གླང་པོ་ཆེའི་པགས་པས་སྨད་གཡོགས་ཤིང་ན་རཱ་ཙ་སྨས་གཡོགས་པ། གླང་པོ་ཆེའི་གདན་ལ་ཉི་མའི་དཀྱིལ་འཁོར་ལ་རོལ་པའི་སྐྱིལ་མོ ་ཀྲུང་དུ་བཞུགས་ལ། རྡོ་རྗེ་མཁའ་འགྲོ་མའི་བདག་ཉིད་བསྒོམ་པར་བྱའོ།། སུཾ་བཛྲེ་ཌཱ་ཀི་ནི་ཨ་ཧཾ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་ཀླུ་ཞེས་བརྗོད་པས་དྲག་མོའི་མཁའ་འགྲོ་མ་སྤྲོས་ཏེ་སེམས་ཅན་ཀུན་ལ་མ་རིག་པའི་མུན་པའི ་ཡཾ་ཤེས་ཀྱི་མིག་ཅན་དུ་བྱས་ཏེ། སླར་འདུས་དྲུག་མོའི་མཁའ་འགྲོ་མོ་གསེར་གྱི་མདོག་ཅན་སྒྲ་སྐྱུག་ནས་མཆེ་བ་གཙིགས་པ་སྐྲ་གྱེན་དུ་བསྣོལ་བ་དང་སངས་རྒྱས་དབུ་བརྒྱན་པ། རྨ་བྱའི་གདན་ལ་ཕྱེད་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས ་པཱ། སྦྲུལ་གྱིས་བརྒྱན་པོ། ཁ་ཊྭཱཾ་ག་དང་ལྷུང་བཟེད་འཛིན་པ་མེའི་དཀྱིལ་འཁོར་ལ་གནས་པ། རྡོ་རྗེ་མཁའ་འགྲོ་མ་བཞིན་དུ་སྟོང་གཡོགས་དང་སྨད་གཡོགས་བསྣམས་པ། དྲག་མོའི་བདག་ཉིད་དུ་བསྒོམས་ཏེ། ཀྵིཾ་གྷོ་རི་ཌཱ་ཀི་ནི་ཨ ་ཞེས་བྱིན་གྱིས་བརླབ་པར་བྱའོ།། དེ་བཞིན་དུ་ཡུཾ་ཞེས་བརྗོད་པས་རོ་ལངས་མའི་མཁའ་འགྲོ་མ་ཀུན་སྤྲོས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་བཀོད་ནས་སླར་ལོག་སྟེ་གཅིག་ཏུ་གྱུར་ནས་བྱ་ཁྱུང་གི་གདན་ལ་སོགས ་བའི་འདུག་སྟངས་ཀྱིས་འདུག་པ་ཕྱིར་དང་འདྲ་བའི་མདོག་གཞན་རྡོ་རྗེ་མཁའགྲོ་མ་དང་འདྲ་བར་རོ་ལངས་མའི་གཟུགས་བསམས་ཏེ་ཡུཾ་བཏྟཱ་ལཱི་ཨ་ཧཾ་ཞེས་ང་རྒྱལ་བྱའོ།། དེ་ཁོ་ན་བཞིན་དུ་ཧཱུཾ་ཞེས་བརྗོད་པས་སྙིང ་ག་ནས་སྤྲོས་པའི་ཚུལ་གྱིས་གདིལ་པ་མོའི་མཁའ་འགྲོ་མོ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་དོན་ཡོངས་སུ་བསྐངས་ནས་སླར་ལོག་སྟེ་གཅིག་ཏུ་གྱུར་ཏེ། གདོལ་པ་མོའི་གཟུགས་ཇི་ལྟར་སྤྲུལ་པ་ལས་བསྐྱེད་པ་ལ་མཉམ ་པར་བཞག་སྟེ། སྐུ་མདོག་ནག་མོ་དང་། སྐྲ་དམར་པོ་སིལ་བུར་འདུག་པ། པུས་མོའི་སྐྱིལ་ཀྲུང་དུ་འདུག་པ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་སྟེ། གཞན་ནི་དྲག་མོ་མཁའ་འགྲོ་མ་དང་འདྲ་བར་བསྒོམས་ཏེ། ཨོཾ་ཙཎྜ་ལི་ཌཱ་ཀི་ནཱི་ཨ ་ཧཾ་ཞེས་ང་རྒྱལ་བྱའོ།། དེ་བཞིན་དུ་བྱང་ཤར་མཚམས་སུ་ནི་སྐྱེ་གིས་བསྐྱེད་པའི་སེང་གེའི་སྐུ་མདོག་ཅན་སྐུ་མདོག་དཀར་པོ་དང་སེར་པོ་དང་གོས་དམར་པོ། ཕྱག་གཉིས་པའི་གཡས་པ་ཁ་ཊྭཱཾ་གཱ་གྱེན་དུ་སྒྲེང་བ། གཡོན་སྡིགས ་མཛུབ་དང་ཞགས་པ་འཛིན་པ། བདུད་ཐམས་ཅད་སྐྲག་པར་མུ་བྱེད་པ།། སེང་གེའི་མཁའ་འགྲོ་མ་དེ་སེང་གེའི་གདན་ལ་རོལ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ།། དེ་བཞིན་དུ་ཤར་ལྷོའི་མཚམས་ན་ཧཱུཾ་གིས ་བསྐྱེད་པ་སྟག་མོ་སྐུ་མདོག་དཀར་བ་དང་ནག་པོ་གོས་དམར་མོ་གཡོས་པ་ན་ལྕགས་ཀྱུ་གཡོན་པ་ནི་ཞགས་པ་འཛིན་པ། གོང་ནས་གསུངས་པའི་གདན་ལ་ཟླུམ་པོའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམ་མོ།། ཡུཾ་དེ་བཞིན ་དུ་ལྷོ་ནུབ་མཚམས་སུ་ས་བོན་ཙྪ་གིས། བསྐྱེད་པའི་ལྕེ་སྤྱང་མ་སྦྱང་གིའི་མགོ་ཅན་མ་སྐུ་མདོག་དཀར་མོ་དང་ནག་མོ། གོས་དཀར་པོ་དང་ཕྱག་གཉིས་ཀྱིས་ཞགས་པ་དང་དགྲ་སྟ་འཛིན་པ། གོང་དུ་གསུངས་པའི་གདན་ལ་ཕྱེད་ཀྱི་སྐྱིལ་མོ ་ཀླུང་གིས་བཞུགས་པར་བསྒོམ་མོ།། ནུབ་བྱང་གིས་མཚམས་ན་ས་བོན་ཀྵྨཱཾ་གིས་བསྐྱེད་པའི་འུག་པ་མོ་སྐུ་མདོག་དམར་མོ་དང་སེར་མོ་གོས་དམར་པོ་ཕྱག་གཉིས་ལ་བེ་ཙན་དང་ཞགས་པ། གང་དུ་གསུངས་གདན་ལ་འཇོ་བའི ་ཚུལ་དུ་བསྒོམ་པར་བྱའོ།། ཤར་ལ་སོགས་པའི་སྒོ་བཞི་ལ་ས་བོན་ཕུ་ལ་རཱུ་ས་མཁའ་འགྲོ་མ་ས་བོན་ཕེཾ་ལས་མར་མེ་མ། ས་བོན་ཕྲེཾ་ལས་འཇིགས་བྱེད་པ། ས་བོན་ཕྲ་ལས་འཕྲོག་བྱེད་མ། བསྐྱེད་དེ་གོང་དུ་གསུངས་པའི ་གདན་ལ་གོ་རིམས་བཞིན་དུ་གནས་པ་སྐྲ་མདོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་། ཕྱག་གཉིས་ཀར་བཅུག་པ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། ཁ་དང་སྙིང་གར་ལག་པ་བཞག་པ་དང་། ཏུན་ཤིན་འཛིན ་པ་རྣམས་ཏེ་སྐུ་སིལ་བུར་བཏང་བ་མཁའ་འགྲོ་མ་ལ་སོགས་པའི་སྒོ་གསུངས་སྙིང་ག་ནས་སྤྲོས་ཏེ་བཞག་པར་བྱའོ།། རྡོ་རྗེ་ཕྲེང་བའི་ཕྱི་རོལ་ན་ས་བོན་ཧ་ཧོ་ཧཱུ~ཾས་བསྐྱེད་པ། པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་བདུད་རྩིའི་སྣོད ་ཕྱག་གིས་འཛིན་པ་རྣམས་ཤར་དུ་དགོད་དོ།། ས་བོན་གྷི་གྷཱ་ལས་བསྐྱེད་པ་དྲག་མོ་དང་། ཁྲག་འཐུང་མ་དོང་། ཤ་ཟ་མ་རྣམས་ལྕགས་ཀྱུ་རྣམ་པ་ལྔས་གང་བའི་པདྨའི་སྣོད་འཛིན་པ་བྱང་དུ་དགོད་དོ།། ས་བོན་ཀུ་རུ་ཀུ་རུ་ལས ་བསྐྱེད་པའི་ཁྲོ་མོ་དང་། འབར་མ་དང་། འཇིགས་མ་རྣམ་གསུམ་གཏོར་མའི་སྣོད་ཕྱག་གིས་འཛིན་པ་ནུབ་ཏུ་དགོད་དོ།། ས་བོན་བཏྟཱ་ལི་ལས་བསྐྱེད་པའི་ཐོད་ཕྲེང་མ་དང་། རྡོ་རྗེ་མ་དང་། བུམ་པ ་མ་དང་གསུམ་དམ་ཚིག་གི་ཟས་དང་བཏུང་བའི་སྣོད་ཕྱག་གི་བཛྲཱི་པ་ལྷོར་དགོད་དོ།། དབང་ལྡན་མཚམས་ལ་སོགས་པའི་གྲཝ་བཞི་ལ་དབང་ལྡན་མཚམས་སུ་ས་བོན་ཝཱ་སྱེ་ཧཱུཾ་དང་། སུ་པྲི་ཡ་གནྡྷེ་ཧཱུཾ་གིས་སྒེག་མོ་དང་དྲི་ཆབ་མ ་བསྐྱེད། བཀུར་བརྟེན་པའི་ཕྱག་རྒྱ་དང་དྲི་ཆབ་ཀྱི་སྣོད་འཛིན་པའོ།། མེའི་མཚམས་སུ་ས་བོན་ཧཱུཾ་ཧོཿདང་སྲཾ་གིས་བསྐྱེད་པའི་པི་ཝང་མ་དང་མེ་ཏོག་མ་བསྐྱེད་དེ། པི་ཝང་བརྡེབས་པ་དང་མེ་ཏོག་འཐོར་བའི་མཆོད་པའི་ཕྱག་རྒྱ ་དང་བཅས་པའོ།། བདེན་བྲལ་མཚམས་སུ་ས་བོན་ཧཱུཾ་ཧཱུཾ་ཧཱུཾ་དང་ཨོཾ་ལས་བསྐྱེད་པ་དབྱངས་ལེན་མ་དང་སྤོས་མ་བསྐྱེད་དེ་ཁའི་མདུན་དུ་དཀར་པོ་བསྐུལ་བ་དང་སྤོས་པོར་འཛིན་པའི་ཕྱག་རྒྱ་དང་བཅས་པའོ།། རླུང་གི་མཚམས་ཀྱི། ་ས་བོན་ནི་ཧཱུཾ་ནརྀ་ཏེ་ཧཱུཾ་དང་ཀྵུཾ་ལས་སྐྱེས་པའི་གར་བྱེད་མ་དང་མེ་མར་མ་སྟེ་གར་བྱེད་ཅིང་སྤྱི་བོར་ཐལ་མོ་སྦྱར་བ་དང་མེར་མེ་ལག་པས་འཛིན་པའི་ཕྱག་རྒྱ་དང་བཅས་པའོ།། དེ་དག་ཀུན་ཀྱང་དྲི་ཞིམ་པའི་མེ་ཏོག་ཕྲེང་བས་བརྒྱན་པ། ་བར་གྱི་དཀྱིལ་འཁོར་ཟླུམ་པོའི་འཁོར་ལོའི་སྔོན་དུ་དགོད་པར་བྱའོ།། དེའི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཤར་སྒོ་ནས་ས་བོན་ཁེ་ཞེས་པས་ནི་ཁྱབ་འཇུག་གོ།། བྱང་གི་ཕྱོགས་སུ་ཨོཾ་ཞེས་པས་ཚངས་པའོ།། ནུབ་སྒོ་ནས་ས ་བོན་ཧཱུཾ་ཞེས་པས་ལྷ་ཆེན་པོའོ།། ལྷོ་ཕྱོགས་སུ་ས་བོན་མུ་མུ་ཞེས་པས་བརྒྱ་བྱིན་ནོ།། དབང་ལྡན་གྱི་མཚམས་སུ་ས་བོན་མུ་མུ་ཞེས་པས་དབང་ལྡན་ནོ།། མེའི་མཚམས་ན་ས་བོན་དྷ་ན་ཨ་གྲེ་ཞེས་པས་ནོར་ལྷ་ཀུ་བེ་རའོ།། ་བདེན་བྲལ་མཚམས་ན་ས་བོན་ཁ་ནཽ་ཞེས་པས་འབྱུང་པོའི་བདག་པོའོ།། རླུང་གི་མཚམས་ན་ས་བོན་པུ་ཕུ་ཞེས་པས་ཆུ་ལྱཱ་བ་རུ་ཎའོ།། ཤེར་གྱི་སྣམ་བུ་ལ་ཨོཾ་གླུ་ཨཱུ་སྭཱ་ཧཱ། ཀེང་རུས་འཇིགས་བྱེད་དོ།། ཨོཾ་གུཾ་ཨ་དྷེ ་སྭཱཧཱ་ཁ་ཊྭཱཾ་སྲིན་པོའིའོ།། ཨོཾ་གུ་ཨཱ~ཾ་སྭཱཧཱ་ཚོགས་ཀྱི་དབང་ཕྱུག་གོ། ཨོཾ་གུ་ཨི་སྭཱཧཱ་དྲིལ་སྣའོ།། དེ་དག་ནི་མཁའ་འགྲོ་མེའི་སྐུ་མདོག་དང་མཐུན་ནོ།། བྱང་གི་སྣམ་བུ་ལ་ཨོཾ་ཙུཾ་ཨུ་སྭཱ་ཧཱ། གཏུམ་པའི་དབང་ཕྱུག་གོ། ་ཨོཾ་ཙུཾ་ཨུ་སྭཱཧཱ་བདུན་པའི་ལྷའོ།། ཨོཾ་ཛྭ་རེ་སྭཱ་ཧཱ་ཚ་བའི་དབང་ཕྱུག་གོ།། ཨོཾ་ཛུ་རེ་སྭཱཧཱུཾ་འཇིགས་བྱེད་དོ།། དེ་དག་ནི་མར་ལཾ་སྭའི་སྐུ་མདོག་དང་མཐུན་ནོ།། ནུབ་ཀྱི་སྣམ་བུ་ལ་ཨོཾ་ཏཱི་ལེ་སྟྭ~ཾཧྣ། འདོད་བྱའི་བདག་པོའོ།། ཨོཾ་ཐ ་ལེ་སྭཱ་ཧཱ་ཐཾ་ན་དེའི་དབང་ཕྱུག་གོ། ཨོཾ་དུ་ཡེ་སྭཱ་ཧཱ། ཅང་ཏེའུའི་རྔ་བཞག་གོ། ཨོཾ་ཏུཾ་ཨེ་སྭཱ་ཧཱུ~ཾ་རྔ་ཆེན་འཇིགས་བྱེད་དོ།། དེ་དག་ནི་འཇིགས་བྱེད་མའི་སྐུ་མདོག་དང་མཐུན་ནོ།། ལྷོའི་སྣམ་བུ་ལ་ཨོཾ་ཊུ་ཨོཾ་སྭཱ་ཧཱ་པི་ཝང་དབང ་ཕྱུག་གོ། ཨོཾ་རྫུ་ཨོཾ་སྭཱ་ཧཱ་ང་རོ་ཆེན་པོའོ།། ཨོཾ་ཌུ་ཨཾ་སྭཱ་ཧཱ་མཆེ་བ་གཙིགས་པའོ།། ཨོཾ་བྷྲཱུཾ་ཨ~ཾ་སྭཱ་ཧཱ། གཞུ་འཛིན་པའོ།། དེ་དག་ནི་འཕྲོག་བྱེད་མའི་སྐུ་མདོག་དང་མཐུན་ནོ།། དེ་རྣམས་ཀྱང་ཕྱག་བཞི་བཞི་སྟེ་ཁ་ཊྭཱཾ་ག་དང ་བན་དྷ་དང་ལྷ་མོ་ལ་འཁྱུད་པ་དང་དྲིལ་བུ་འཛིན་པ་དང་སྤྱན་གསུམ་དང་ལྡན་པའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐོད་པའི་ཕྲེང་བ་བཅིངས་པ་སྟེ་དེ་དག་ནི་ཕྱི་རོལ་གྱི་དཀྱིལ་འཁོར་ལའོ།། དེ་ལྟར་ལྷ ་སོ་སོའི་སྔགས་རེ་རེས་རྫོགས་པའི་སྐད་ཅིག་གིས་ཏིང་ངེ་འཛིན་གྱི་མངོན་སུམ་དུ་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་གང་བར་བསྐྱེད་པར་བྱའོ།། དེ་ཡན་ཆད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱའོ།། དེ་ནས་ན་མཁའི ་ཁམས་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སོགས་པ་ཐམས་ཅད་རྩོམ་པ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་རིམ་པ་འདིས་བྱའོ།། ཏིལ་དང་ནས ་དང་འབྲས་ཡོས་དང་མེ་ཏོག་དཀར་པོ་དང་དྲི་ཆུ་དང་བསྲེས་པའོ།། རི་མས་གང་བ་འབྱོར་པ་གསེར་ལ་སོགས་པ་ཡོན་ཆབ་ཀྱི་སྣོད་རང་གི་ས་བོན་གྱི་གློར་བཞག་སྟེ་སྔགས་བཟླས་ཏེ་ས་བོན་ལ་གནས་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིང ་ཏེ། ས་གདུགས་དང་ནི་དཀར་པོ་སྦྲེལ།། དཀར་པོ་ལྕགས་ཀྱུ་ཞེས་བྱ་བའི་དམ་ཚིག་གི་འགུགས་པའོ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཞེས་བྱ་བའི་ཕྱག་རྒྱ་དང་སྔགས་ཀྱིས་འཇིག་རྟེན་ལས་འདས་པའི་ལྷ་སྤྱན་དྲང་ངོ་།། རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ཏེ། གི་ཝང་དྲི་མ་གསུམ་བསྒྲེང་ནས། དྲི་མ་གསུམ་གྱི་ཚིགས་གསུམ་ལ་གི་ཝང་བཀུག་ནས་གནས་པར་བྱའོ།། ཨོཾ་ཨཱ་ཀོཪྵ་ནཾ་ཧཱུ~ཾ་ཕཊ་ཅེས་བྱ་བའི་ཕྱག་རྒྱ་དང་སྔགས་ཀྱི་འཇིག་རྟེན་པའི་ལྷ་ཐམས་ཅད་དགུག་པར་བྱའོ།། ་གོང་མ་བཞིན་དུ་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། དཀར་པོ་དང་གི་ཝང་སྦྲེལ་ལ། ཨོཾ་སྨྼ;ྻུཾ། སྭཱ་ཧཱ་སེང་གེ་མའི་སྔགས་དང་ཕྱག་རྒྱས་བགེགས་བསྐྲད་པར་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ ་རྒྱབ་དང་རྒྱབ་ཏུ་ཡང་སྦྱར་ནས།། བཛྲ་སྥོ་ཊ་བཾ་ཞེས་ལྕགས་སྒྲོག་གི་ཕྱག་རྒྱ་དང་སྔགས་ཀྱི་སྒོ་བཅིང་བར་བྱའོ།། དེ་ནས་ཡེ་མུ་ཤེས་མཁའ་འགྲོ་མེའི་དམ་ཚིག་གི་ཕྱག་རྒྱ་ཟླ་བ་དང་ཉི་མ་ཁ་སྦྱར་ནས་པདྨ་ཁ་བྱེ་བའི་ཚུལ་དུ་བྱའོ།། ཨོཾ་ཏིཥྛ ་ཨཱ་ས་ནི་ཧཱུཾ་སྭཱ་ཧཱ་སྔགས་དང་ལྡན་པ་ས་ལྷ་ཐམས་ཅད་གདན་ལེ་བཞུགས་པར་བྱའོ།། དེ་ནས་རིམ་པ་འོདིས་ཕྱག་རྒྱ་བཞི་བསྟན་པར་བྱ་སྟེ། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། ཨོཾ་ཡོ་གྷ་བ་ར་དྲྀ་ཤྱ་ཛཿཧཱུཾ་བ~ཾ་ཧོཿསཽ་མ་ཡ་སྟྭཾ་ས་མ ་ཡཾ་ཧཾ། པདྨ་ཡེ་ཤེས་སྦྱར་བར་བྱ།། ས་ཡི་གདུགས་དང་རྣམ་ཤེས་སྦྱར།། གཉིས་ཀཱ་ལུ་གུ་བརྒྱུད་དུ་ནི།། ལྷག་མ་བ་དན་ཚུལ་དུ་བྱ།། དྲི་མ་གསུམ་དང་དུད་པར་སྦྱར།། རྩེ་མོ་རྔ་པོ་རྡོ་རྗེ་འཛིན།། སྙིང་པོའི་སྔགས་དེ་རྣལ་འབྱོར ་ནམ་མཁའ་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱའོ།། ཨོཾ་ཧཱུཾ་ཨ་སྭཱ་ཧཱ་རྣལ་འབྱོར་ན་མཁའི་དམ་ཚིག་གི་སྔགས་སོ།། དེ་ནས་ཉི་མ་ཟླ་བའི་སྙིམ་པར་བྱས་ཏེ། པདྨའི་ཚུལ་གྱི་རྣམ་པར་ཕྱེ་བར་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཨ་སྭཱ་ཧཱ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་དང་ཕྱག་རྒྱའོ།། ས་གདུགས་རྣམ་ཤེས་སྦྱར་ནོས་སུ།། ལྷག་མ་རྡོ་རྗེ་བཞིན་དུ་བསྒྲེང་།། ཨོཾ་སུཾ་སྭཱ་ཧཱ། རྡོ་རྗེ་མོརི་སྔགས་དང་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་གཉིས་བཅིངས་ཏེ།། གཉིས་ཀ་རྒྱབ ་གཉིས་སྦྱར་བར་བྱ།། མཀྵེ་སྭཱ་ཧཱ་དྲག་མོའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་གཉིས་ནི་སྦྲེལ་ནས་སུ།། ཁ་ཡི་ཕྱོགས་སུ་དགྲོལ་བར་བྱ།། ཨོཾ་ཡུ་སྭཱ་ཧཱ་ར་ལངས་མའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་དམ ་བོར་གཉིས་བཅིངས་ཏེ།། དཀར་པོ་ག~ཾ་ཝང་བསྒྱིངས་ནས་སུ།། རྩེ་དང་རྩེ་མོ་སྤྱང་བྱོས་ཏེ།། རིན་ཆེན་ཚུལ་དུ་སྦྱར་བར་བྱ།། ཨོཾ་ཧཱུཾ་སྭཱ་ཧཱ། གདོལ་པ་མོའི་སྔགས་དང་ཕྱག་རྒྱའོ།། མདུན་དུ་ལག་པ་གོར་བྱས་ནས།། ཕྱོག་རྒྱ ་ཐམས་ཅད་བཅིངས་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། དཀར་པོ་གི་ཝང་སྦྲེལ་བར་བྱ།། ཨོཾ་སྱཻ་སྭཱ་ཧཱ་སེང་གེ་མོའི་སྔགས་དང་ཕྱག་རྒྱའོ།། དེ་ཡི་ཕྱག་རྒྱ་དམ་བཅིངས་ཏེ།། དུད་པ་དྲི་མ་གསུམ་བསྒྲེང་ངོ་།། ཨོཾ ་སྭཱཧཱ་སྟག་མོའི་སྔགས་དང་ཕྱག་རྒྱའོ།། དེ་ཡིས་ཕྱག་རྒྱ་བརྟན་བཅིངས་ཏེ།། ས་གདུགས་དང་ནི་པདྨ་ཧཱུ~ཾ་སྦྲུལ།། ཨོཾ་ཡྨྼ;ྻུཾ་སྭཱ་ཧཱ་ཅེ་སྦྱང་མོའི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། ཕན་ཚུན་ལནཱ་གསུམ་ཡུཾ ་གདབ་པར་བྱའོ།། ཨོཾ་ཀྵྨཱ~ཾ་སྭཱ་ཧཱུ~ཾ་འུག་པའི་སྔགས་དང་ཕྱག་རྒྱའོ།། གང་གི་ལྷ་མོ་དགུ་རྣམས་ནི།། སྙིང་པོ་ཕྱག་རྒྱ་སྔགས་བཞིན་དུ།། རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ།། ལྷ་མོའི་ཕྱག་རྒྱ་དེ་བཞིན་ནོ།། ཟླ་བའི་ལག་པ་ཕྱེ ་ནས་སུ།། རྣམ་ཤེས་ཆུ་འཇིགས་པ་སྦྱར་བར་བྱ།། གཉིས་པ་རྩེ་མོ་ཁ་སྤྲད་པ།། བདུད་རྩིའི་ཆུ་ཡ~ཾ་སྟེང་དུའོ།། ཨོཾ་ཧ་ཧོ་ཧྲཱི་སཱཧཱ་ཤར་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ།། ཟླ་བའི་ལག་པ་ཕྱེ་ནས་སུ། ་སྟེང་དུ་ཉི་མ་བསྟིམ་པར་བྱ།། ཨོཾ་ཤྲཱིགྷྲ་སྭཱ་ཏྠ་བྱུང་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་བསྟན་བཅིངས་ཏེ།། ཉི་མ་ཟླ་བ་རྣམ་པར་ཕྱེ།། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ནུབ་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི ་སྔགས་དང་ཕྱག་རྒྱའོ།། ཟླ་བ་ཉི་མི་ཕྱེ་ནས་སུ།། རྒྱབ་དང་རྒྱབ་ཏུ་སྤྱད་པར་བྱ།། རྩེ་མོ་གཉིས་ཀ་ཁ་སྤྲད་དེ།། ལྷ་མོ་རྣལ་འབྱོར་མ་གསུམ་སྟེ།། ཨོཾ་བཏྟཱ་ལི་པཏྟཱ་ལྀ་ཧཱུཾ་སྭཱཧཱ་ལྷོའི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ།། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། སྟི་ཟུར་གཉིས་སུ་བཞག་པར་བྱ།། ཨོཾ་ཧཱུཾ་སྭཱ་ཧཱ་སྒེག་མོའིའོ།། གཡོན་གྱི་ལག་པ་ཕྱེ་ནས་སུ།། འཇིགས་པ་རྣམ་ཤེས་སྦྱར་བར་བྱ།། ཉི་མ་ཀུན་གྱིས་བཟུང་བ་ནི།། དུང་གི་ཕྱག་རྒྱ་ཇི་བཞིན།། ་ཨོཾ་སུ་པྲི་ཡ་གནྡྷེ་སྭཱ་ཧཱ་དྷི་ཆབ་ཀྱི་སྔགས་དང་ཕྱག་རྒྱའོ།། དབང་ལྡན་མཚམས་ནིའོ།། པི་ལྔ་ཚུལ་གྱིས་པི་ཝང་སྟེ།། ཨོཾ་ཧྲི་ཧོཿསྭཱ་ཧཱ་པི་ཝང་མའི་སྔགས་དྲང་ཕྱག་རྒྱའོ།། ལག་པ་གཉིས་ཀྱི་ཐུལ་མོ་སྦྱར། བསྐོར་ཞིང་གྱེན་དུ ་གཏོར་བར་བྱ།། ཨོཾ་ཨོཾསཏྭ་མཻ་ཏིག་མའི་སྔགས་དོང་ཕྱུག་རྦྷའོ།། མེའི་མཚམས་ནའོ།། རྡོ་རྗེ་ཚུར་བཅིངས་ནས་སུ།། ཁུ་ནུར་བཅིངས་པ་དཀར་བ་ནོ།། དསྒྲེང་སོ་ན་མོ་ཁ་ཡི་མདུན་དུ་སྐུལ།། མཻ་ཧཱུ་ཐཱ་ཧཱུ~ཾ་དབྱུངས་མཁན་མའི་སྔགས ་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ།། མཁྲིག་མ་ཟླ་བས་གཟུང་བར་བྱ།། ཨོཾ་ཨོཾ་སྭཱ་ཧཱ་སྤོས་མའི་སྔགས་དང་ཕྱག་རྒྱའོ།། བདེན་བྲལ་མཚམས་ནའོ།། ཡེ་ཤེས་དཀར་པོ་སྦྱར་ཏོ། སྤྱི་བར་བརྐྱང་། རྣམ་ཤེས ་གི་ཝཱང་སྦྱར་ཏེ་དཀུ་རུ་བརྐྱང་།། ཨོཾ་སུ་ནརྀ་ཏྱཻ་སྭཱ་ཧཱ་གུར་མཁན་མའི་སྔགས་དང་ཕྱག་རྒྱའོ།། ཉི་མ་ཁུ་ཚུར་བཅིངས་ནས་སུ།། ཡེ་ཤེས་གྱེན་དུ་བསྒྲེང་བར་བྱ།། ཨོཾ་ཀྵུཾ་སྭཱ་ཧཱ་མར་མེའི་སྔགས་དང་ཕྱག་རྒྱའོ།། ་གཡས་ཀྱི་སྟ་ཟུར་མཚམས་སུ་ནི།། ཟླ་བའི་ལག་པ་བརྐྱང་བར་བྱ།། བསྒྲེང་ནས་གཡོན་གྱི་ཕྱག་ན་བསྣམས།། ཨོཾ་ནྱེ་དྷི་སྭཱ་ཧཱ་རླུང་མཚམས་སུའོ།། ཉི་མའི་ལག་པཾ་ཁར་བཅུག་སྟེ། སྭཱ་ཧཱ་གང་སྒྲོགས་བཞད་བྱེད་པ།། ཨོཾ་ཕུཾ་ཕུ ་སྭཱ་ཧཱ་མཁའ་འགྲོ་མའི་སྔགས་དང་ཕྱག་རྒྱའོ།། ཐལ་མོ་སྤྱི་བོར་བཞོག་པ་ནི།། ཨོཾ་པཾ་ཕུ་སྭཱ་ཧཱ་བྱུང་གི་འབར་བྱེད་མའི་སྔགས་དང་ཕྱག་རྒྱའོ།། ཡི་དགས་ཐལ་མོ་ཁར་བཅུག་སྟེ། ཨོཾ་ཕྲེཾ་པུཾ་སྭཱ་ཧཱ་ནུབ་ཀྱི་འཇིགས་བྱེད་མའིའོ།། ཟླ་བའི ་ཁུ་ཚུར་དམ་བཅིངས་ཏེ།། རྣ་བའི་རྩ་བ་ལ་སྦྱར་བར་བྱ།། ཨོཾ་པྲི་ཕུ་སྭཱ་ཧཱ་ལྷོར་འཕྲོག་བྱེད་མའིའོ།། ཕྱག་རྒྱ་ཐམས་ཅད་སོ་སོ་རུ།། སྙིང་པོ་སྔགས་དང་སྦྱར་བར་བྱ།། ཐམས་ཅད་ལྷ་མོ་རྣལ་འབྱོར་མ།། རྡོ་རྗེ་སྒྲོག་གིས་བསྟན ་བར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། རྒྱབ་དང་རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ།། ཨོཾ་བཛྲ་སྥོ་ཊ་བཾ་རྡོ་རྗེ་ལྕོགས་སྒྲོག་གི་སྔགས་དང་ཕྱག་རྒྱའོ།། མདའ་བོཀང་བ་ཡི་ཚུལ་དུ་ནི།། རྣ་བར་མདའ་འདྲོན་ཐུགས་བསྐུལ་ལོ།། ཨོཾ་ཁྲུ ་སྭཱ་ཧཱ་མཽདྲན་པའི་སྔགས་དང་ཕྱག་རྒྱའོ།། འཁྱུད་དང་ནུ་མོ་འཛིན་པ་ནི།། བདག་གི་ལག་པ་གཉིས་ཀྱིས་གཟུང་།། ཨོཾ་སུ་པྲི་ཡ་ཏི་མེ་ཧཱུཾ་སྭཱ་ཧཱ་ནུ་མ་འཛིན་པའི་སྔགས་དང་ཕྱག་རྒྱའོ།། ཉི་མའི་ལག་པ་ཕྱེ་བས་ཏེ།། དཀར་པོ ་ཡེ་ཤེས་སྦྱར་བར་བྱ།། དེ་ཡི་དུད་པ་ལ་སོགས་བསྒྲེང་།། རྡོ་རྗེ་ཕྱག་རྒྱ་བསྟན་པར་བྱ།། ཨོཾ་ཧཱུཾ་སྭཱརྠ་རྡོ་རྗེའི་སྔགས་དང་ཕྱག་རྒྱའོ།། དེ་ཉིདརྟསྦྱར་བྱས་ནས།། དྲིལ་བུའི་ཕྱག་རྒྱར་རབ་ཏུ་གྲགས།། ཨོཾ་ཨ་སྭཱ་ཧཱ་དྲིལ་བུའི་སྔགས་དང་ཕྱག ་རྒྱའོ།། སྙིང་གར་ཉི་མ་ཟླ་བ་སྦྱར།། པདྨ་ས་གདུགས་བསྐྱོད་བྱོས་ནས།། གསང་བའི་གནས་སུ་སྦྱར་བར་བྱ།། ཨཱ་ལིའི་ཕྱག་རྒྱར་གྲགས་པ་ཡན།། ཨོཾ་ཨཱ་སྭཱ་ཧཱ། ཨཱ་ལིའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་བྱས་ནས་ཨོཾ་བསྒྲེང་ནས། ་ཨོཾ་ཁཾ་སྭཱ་ཧཱ་ཤར་གྱི་ཁྱབ་འཇུག་གིའིའོ།། ཁུ་ཚུར་སྙིང་གོར་བསྐུལ་བྱེད་ཅིང་།། ཨོཾ་ཨཾ་སྭཱ་ཧཱ་བྱང་གི་ཚངས་པའིའོ།། བ་དཾན་གསུམ་ནི་གྱེན་བསྒྲེང་ནས།། ཨོཾ་ཧཱུཾ་སྭཱ་ཧཱ་ནུབ་ཀྱི་དྲག་པོའིའོ།། ཟླ་བའི་འགི་ཝ་བསྒྲེང་པོ་ལ།། ཉི་མའི་ལག ་བ་ཕྱེད་ནས་སུ།། དེ་ཡི་རྩེ་མོ་ཁོ་ནར་སྦྱར།། ཨོཾ་མུ་མུ་སྭཱ་ཧཱ་ལྷོའི་གདུགས་འཛིན་པའིའོ།། ཁུ་ཚུར་བཅིངས་ནུས་དཔྲལ་བ་ནས།། དུད་པ་ད། རི་པོ་གཤིངས་ནས་ཀྱང་།། ཨོཾ་མུཿཧཱུཾ་སྭཱ་ཧཱ་དབང་ལྡན་མཚམས་ནས་དབང་ལྡན་གྱིའོ།། ་ཁུ་ཚུར་གཉིས་ནི་གཤིབས་ནས་སུ།། དཀར་པོའི་གཽ་ལྲྀང་བསྒྲེང་བྱིས་ནས།། རྩེ་དང་རྩེ་རུ་ཁ་སྤྲད་དེ།། རིན་ཆེན་ཚུལ་དུ་སྦྱར་བར་བྱ།། ཨོཾ་ནཱ་དཱ་གྲེ་ཧཱུཾ་སྭཱ་ཧཱ་མེའི་མཚམས་ན་ཀུ་བེ་རེའོ།། ཁུ་ཚུར་བྱས་ནས་དཀར་པོ་བསྒྲེང་།། ཨོཾ་ཁ་དེ ་ནི་ཧཱུཾ་ཕཊ་བདེན་བྲལ་གྱི་མཚམས་ན་འབྱུང་པོའི་བདག་པོའིའོ།། རྡོ་རྗེ་ཁྲོ་ཚུར་གཉིས་བཅིངས་ནས།། དུང་པ་དཀར་པོ་བསྒྲེང་པོར་བྱ།། ཨོཾ་བྷུར་བྷུ་བི་སྭེཧཱུ~ཾ། རླུང་གི་མཚམས་ནི་བ་རུ་ཎའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། དུད་པ ་མྱ་གསུམ་བསྒྲེད་ནས།། དྷཱུ་དང་ནཱམ་ཁ་སྟུད་དེ།། སེམས་མ་རྡོ་རྗེར་རབ་ཏུ་གླགས།། ཕྱག་རྒྱ་དོནི་ཀིང་རུས་འཛེགས་བྱེད་ལ་སོགས་པ་རྣམས་རྣམས་ཀྱི་ཐུན་མྱོང་དུ་བསྟ་བའོ།། སྔགས་ནི་རང་རང་གི་སྔགས ་བཛྲོད་དེ་ཤེས་པར་བྱའོ།། ཨོཾ་ཀུཾ་ཨ་སཱུ་ཧླཱ་ཀེང་རུས་འཇིགས་བྱེད་ཀྱིའོ།། ཨོཾ་ཁུ་ཨ་སྭཱ་བྷཱ་ཁ་དང་སྲིན་པོའིའོ།། ཨོཾ་གུཾ་ཨི་སྭཧཱ་ཚེགས་ཀྱི་དབང་ཕྱུག་གིའོ།། ཨོཾ་གཾ་ཨཱི་སྭཱ་ཧཱ་དྲིལ་བུའི་རྣ་མའིའོ།། ཨོཾ་ཙུཾ་ཨུ་སྭཱ་ཧཱ་གཏུམ་མོ་དབང་ཕྱུག ་གིའོ།། ཨོཾ་ཙུཾ་ཨུ~ཾ་སྭཱ་ཧཱ་བདུན་པའི་ལྷའིའོ།། ཨོཾ་ཛུ་རི་སྭཱ་ཧཱ་ཚོ་བའི་དབང་ཕྱུག་གོ། ཨོཾ་ཛུ་རཱི་སྭཱ་ཧཱ་ཧཱུཾ་སྒྲ་འབྱིན་བྱེད་དོ།། ཨོཾ་ཏུ་ལྀ་སྭཱ་ཧཱ་འདོད་པ་དྲག་པོའིའོ།། ཨོཾ་ཐུ་ལཱྀ་སྭཱ་ཧཱ་ཐེན་ལ་དབང་ཕྱུག་གིའོ།། ཨོཾ་དུ་ཨི་སྭཱ་ཧཱ་ཅང་ཏེའུའི་ཕྱི་བཞག ་གིའོ།། ཨོཾ་ཐུ་ཡཾ་སྭཱ་ཧཱ་རྔ་ཆེན་འཇིགས་བྱེད་ཀྱིའོ།། ཨོཾ་ཏུཾ་ཨོཾ་སྭཱ་ཧཱ་པི་ཝང་དབང་ཕྱུག་གིའོ།། ཨོཾ་བྲུ~ཾ་ཨཽ་སྭཱ་ཧཱ་ང་རོ་ཆེན་པོའིའོ།། ཨོཾ་ཛུ་ཨོཾ་སྭཱ་ཧཱ་མཆེ་བ་རྣམ་པར་གཙིགས་པའིའོ།། ཨོཾ་དུཾ་ཨཿསྭཱ་ཧཱ་གཞུ་འཛིན་མའིའོ།། ་དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། ཆོས་ཀྱི་ཕྱག་རྒྱ་ནི་ལྷ་དང་རང་གི་ལྕེའི་པད་མའི་འདབ་མ་ལ་དེའི་དབུས་སུ་རང་གི་སྔགས་ཀྱི་ཡི་གེ་རྣམ་པར་བསྒོམས་པར་བྱའོ།། དེ་ནི་ཆོས་ཀྱི་ཕྱག་རྒྱའོ།། ལས་ཀྱི་ཕྱག་རྒྱ་ནི་སྔོན ་བཞིན་དུ་བཅིང་བ་གོང་མ་དང་འདྲ་སྟེ། ལྷ་དང་རང་གི་ཐུགས་ཁར་ཡི་གེ་ཨ་ལས་རྡོ་རྗེ་རྒྱ་གྲམ་བསམས་ཏེ་ཕྱག་མཚན་མེད་པར་འཆིང་བ་ནི་ལས་ཀྱི་ཕྱག་རྒྱའོ།། ཕྱག་མཚན་དོ་ཁོ་ན་ཕྱག་མཚན་དང་ལྡན་པར་བྱ་སྟེ། ་རྣལ་འབྱོར་ན་མཁའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཡིན་ནོ།། དེ་ནས་རྣལ་འབྱོར་ན་མཁའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྒེག་མོ་ལ་སོགས་པ་མཆོད་པ་བརྒྱུད་ཀྱིས་རིམ་པ་བཞིན་དུ་མཆོད་དེ་ཟླ་བ་ཉི་མའི་ལག་པ་ཕྱེ་སྟེ། དུད་པ་དྲི ་མ་གསུམ་བསྒྲེང་སྟེ། ཕྱག་རྒྱ་དེས་ནི་ཡོན་ཆབ་དབུལ་ལོ།། ཨོཾ་ཨརྦ་པྲ་ཏཱིཙྪ་ཨཱཿ་བྷཱུ་སྭཱ་ཧཱ་ཡང་མེ་ཏོག་ལ་སོགས་པས་མཆོད་དོ།། པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱཧྨཱ་དེ་ནས་གྲོང་མ་བཞིན་དུ་དྲི་ལ་སོགས་པས་མཆོད་དོ་མཆོད་པ་ཉི་ཤུ ་པས་ཀྱང་རིམ་པ་འདིས་མཆོད་པར་བྱའོ།། དེ་ལ་ཉི་ཤུ་འདིས་ལྟ་སྟེ། སོ་སཽ་རེ་རེ་གར་བྱས་ནས།། སྔོན་དུ་སྒེག་པ་ལ་སོགས་པ་བཙང་ངོ་།། དེ་ནས་པི་ཝང་གི་ཆུང་གླིང་བུའི་ཚུལ་དང་། དུང་གི་ཚུལ་དང་། ཕྱག་འཚལ་བའི ་ཚུལ་དང་། སྦྱང་གཡབ་ཀྱི་ཚུལ་དང་། རྒྱལ་མཚན་གྱི་ཚུལ་དང་། བླ་བྲེའི་ཚུལ་དང་། འཕེན་གྱི་ཚུལ་དང་། གདུགས་ཀྱི་ཚུལ་དང་། རྔ་བརྡུང་བའི་ཚུལ་དང་། རྗེ་པཊ་ཧཱ་བརྡུང་བའི་ཚུལ་དང་། གོར་བྱེད་པའི་ཚུལ ་དང་རྒོད་པའི་ཚུལ་དང་། འགྱིང་བའི་ཚུལ་དང་། ཁྲོ་བའི་ཚུལ་དང་། མངའ་འཕང་བའི་ཚུལ་དང་། རྡོ་རྗེ་གསོར་བའི་ཚུལ་དང་། ནུ་མ་འཆིར་བའི་ཚུལ་དང་། ཐལ་མོ་སྦྱོར་བའི་ཚུལ་ལོ།། སྔགས་ནི་ཀུན་ལྀ་ཧཱུཾ་སྦྱར་བར ་བྱའོ།། རྡོ་རྗེ་དེ་བཞིན་དུ་ནི་གཟུང་བྱའོ།། དྲིལ་བུ་ཆོས་སུ་གཟུང་བར་བྱའོ།། ཨོཾ་གྷཎྚ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་ཏ་སརྦྦ་བུད་དྷཀྵེ་ཏྲ་པྲ་ཙ་ལི་ཏ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཱ་བྷཱ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿ། དྲིལ་བུ་དཀྲོལ་ནས་དེ་དེ་དག་ལ་སོགས་པའི ་མཆོད་པ་བྱའོ།། དཔལ་ལྡན་སྐུ་གསུང་ཐུགས་ལས་གྲོལ་བའི་ཞལ་གསུམ་པ། འགྱིང་བག་ཁྲོ་བོ་རྒོད་པ་དེ་བཞིན་སྤྱན་ཡང་གསུམ།། ཀླུ་དབང་ནོར་བུའི་འོད་མདོག་ཤིན་ཏུ་མཛེས་པའི ་སྐུ།། ཕྱག་མཚན་དྲུག་གིས་མཚན་པའི་ཕྱག་མཆོག་དྲུག། ཁ་ཊྭཱཾ་ལྷུང་བཟད་རལ་གྲི་དགྲ་སྟ་རྡོ་རྗེ་དྲིལ་བུ་འཛིན།། ཧ་ཧ་ལ་སོགས་གང་སྒྲོགས་དམྱལ་བའི་ལང་ལིང་གཅོད་བྱེད་པ།། ཐར་པར་ཕྱིན་པའི་སྲིད་པའི་རང་བཞིན ་སྐྱེ་བའི་མཆོག། ཡེ་ཤེས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ཕྱག་འཚལ་བསྟོད།། དཔལ་ལྡན་སངས་རྒྱས་མི་གཟུགས་མཛེས་པའི་སྐུ་མདོག་དཀར་བའི་སྐུ།། བྱང་ཆུབ་སེམས་ཀྱི་བདུད་རྩི་དམ་པས་གང་བའི་སྣོད ་འཛིན་པ།། མགོན་མེད་སེམས་ཅན་ཀུན་དོ་ནི་དཀོན་མཆོག་གསུམ་སྐྱབས་མཛད།། རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ལ་བདག་ཕྱག་འཚལ།། དཔལ་ལྡན་རིན་ཆེ་ནི་སྤྱི་གཟུགས་ཤིན་ཏུ་གསེར་མདོག་སྐུ།། ཁཱ་ཊྭཱཾ་བདུད ་རྩི་དམ་པས་བཀང་བའི་ལྷུང་བཟེད་འཛིན།། སྡུག་བསྔལ་སེམས་ཅན་མོང་པོ་ཚིམ་པར་བྱེད་པའི་སྐུ།། དྲག་མཽ་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ།། དཔལ་ལྡན་ཆོས་ཀྱི་སྤྱི་གཟུགས་པད་མེ་རཱ་གའི་མདོག། ་ཁ་ཊྭཱཾ་ཡར་བསྒྲེང་དྲག་མོའི་རོ་ཅན་འཛིན་པ་པོ།། ཀུན་འགྲོ་ལ་སོགས་སྲིད་པའི་འཚང་བ་གཅོད་བྱེད་མ།། རོ་ལངས་མཁའི་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ།། དཔལ་ལྡན་ལས་ཀྱི་སྤྱི་གཟུགས་མདོག ་ལྗང་དོན་ཡོད་གཟུགས།། ཁ་ཊྭཱཾ་དྲག་པོ་མི་ཡི་ཐོད་པ་སར་པ་འཛིན།། འདོད་པའི་ཉོན་མོངས་སྲིད་པའི་འཆིང་བྱེད་གཅོད་བྱེད་མ།། གདོལ་པའི་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ།། དཔལ་ལྡན་སེང་གེ་མ་དང ་སྟག་མོ་ཅེ་སྐྱང་འུག་མགོ་མ།། སྡིགས་མཛུབ་ཞགས་པ་དང་ནི་དགེ་བའི་ལྕགས་ཀྱུ་དགྲ་སྟ་ཅན།། དམྱལ་པོའི་སྡུག་བསྔལ་མང་པོ་ཐམས་ཅད་གཅོད་མཛད་མ།། སྤྲུལ་པའི་སྐུ་རྣམས་ཁྱེད་ཀྱི་ཞབས་གཉིས་ལ་ཕྱག་འཚལ།། ་མཁའ་འགྲོ་མཱར་མེ་འཇིབ་བྱེད་འཕྲོག་བྱེད་ཁྱོད་རྣམས་ནི།། མཆོག་ཏུ་ས་རྣམས་སྲུང་བར་བྱེད་པོ་དྲག་པོ་རྣམས།། སྡང་བ་གདུལ་དཀའ་གཞན་གྱི་རིག་པ་གཅོད་པ།། ལྷ་ཡི་མཁའ་འགྲོ་མ་ཀུན་ཞབས་གཉིས་ལ་ཕྱག ་འཚལ།། སྒེག་མོ་ཡིད་དགའ་ཡིད་འང་ཕྲེང་བ་དབྱངས་ལྡན་མ།། གུར་སོགས་དབྱིངས་སྒྱུར་གར་གྱི་ཡན་ལག་དགུ། སྣ་ཚོགས་རྣམ་དཀོད་མེ་ཏོག་མཆོག་གི་སྤོས་རྣོ་བ།། ཡེ་ཤེས་སྣང་བ་མེར་མེ་དྲི་ཞིམ་ཞིང་།། དབང་པོ ་དབང་མཆོག་རྣལ་འབྱོར་མ་ཡི་འཁོར་ལོ་ནི།། སྦྱོར་བ་ཤིན་ཏུ་སྦྱོར་བ་ཆེན་པོ་ལ།། ལུས་ངག་ཡིད་ཀྱིས་ཆགས་པས་ནན་ཏན་དྲུག་ཏུ་ནི།། དཔལ་ལྡན་གསང་བའི་གདན་མཆོག་མཆོད་ནས་ཕྱག་འཚལ་ལོ།། དཔལ་ལྡན་དེ ་ཉིད་རྒྱལ་པོ་དམ་པ་དབང་ཕྱུག་གི་གཟུགས་ཀྱི།། དཔལ་ལྡན་གསང་བའི་གདན་མཆོག་འོད་ཟེར་རབ་འབར་བ།། དཔལ་ལྡན་རྡོ་རྗེ་དྲིལ་བུ་དཀྲོལ་སྦྱོར་དེ་བཞིན་ཉིད།། དཔལ་ལྡན་ཡེ་ཤེས་བརྟེན་པའི་དབང་ཕྱུག་ལོངས་སྤྱོད ་འདུད།། དེ་ལྟར་བསྟོད་པ་བྱས་ནས་དྲིལ་བུ་དཀྲོལ་བར་བྱའོ།། ཨོཾ་ཤུད་དྷོམ་མ་ཧཱུཾ་ཨ་ཨ་ཨ་ཨཾ་སྭཱ་ཧཱ། དེ་ནས་ཐམས་ཅད་སྦྱོར་བ་བཞི་ལ་སོགས་པའི་སྦྱོར་བ་ཆེན་པོའི་བར་དུ་ཆོས་ཐམས་ཅད་བདག ་མེད་པའི་རང་བཞིན་དུ་བསྒོམ་པར་བྱའོ།། ཇི་སྲིད་མི་སྐྱོའི་བར་དུའོ།། སྐྱོ་བར་གྱུར་ནི་གོང་མ་བཞིན་དུ་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས་རིམ་པ་འདིས་གཏོར་མ་ཡང་དབུལ་བར་བྱའོ།། དང་པོར་དཀྱིལ་འཁོར་མདུན་དུ་བྱས ་ནས་ཕྱག་རྒྱ་འདིས་དགུག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ།། ས་གདུགས་པད་མས་དཀྲིས་ནས་སུ།། དཀར་པོ་གི་ཝང་བསྒྲེང་བར་བྱ།། དཀར་པོ་དགུག་ནས་འདྲེན་པ་ནི།། ལྷ་རྣམས ་འགུགས་པའི་དམ་པའོ།། དགུགས་པ་དམ་ཚིག་གི་ཕྱག་རྒྱ་དམ་པའོ།། ཨོཾ་བིཏྟཱ་ལི་མོ་ཧཱ་བཏྟཱ་ལྀ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། དགུག་པའི་དམ་ཚིག་གི་སྔགས་སོ།། དེ་ནས་ཡོན་ཆབ་དང་ཁྲུས་ཆབ་དབུལ་ལོ།། དྲི་དང་མེ་དོག་དང་སྤོས་དང ་འབྱོར་པ་ཇི་བཞིན་དུ་བརྟེན་པ་ཟས་ལྕགས་ཀྱུ་ལྔ་ལ་སོགས་པ་དང་།། ཟན་དང་སྲན་མ་ལ་སོགས་པ་དང་ཉེ་སྐམ་པོ་དང་བྱིས་ཀྱུ་དང་ལྡན་པའི་གཏོར་མའི་སྣོད་ལྔ་ལག་རེག་པས་སྔགས་འདི་བཟླས་པས་གཏོར་མ་སྦྱིན་ནོ།། ཨོཾ ་ཤིང་གཅིག་དང་ནི་དུར་ཁྲོད་དང་།། རི་བྲག་དང་ནི་ཕྱུགས་ཀྱིས།། ཡུལ་གྱི་མདོ་དང་ལམ་གྱི་གཞི།། ཁྱད་པར་དུ་ནི་ཁྱིམ་སྟོང་དང་།། སྣོད་དང་ཐང་དང་ས་སྟེང་དང་།། ཁྱད་པར་གདོལ་པའི་ཁྱིམ་གནས་དང་།། ནག་པོ་དྲག ་བོ་དྲག་ཆེན་པོ།། ལྷ་མིན་མཉམ་དུ་བརྟེན་པ་དང་།། ནག་པོ་གཙིགས་བྱེད་འཇིགས་བྱེད་པ།། དགའ་ལས་འདས་དང་བགེགས་རྒྱལ་པོ།། དགའ་བྱེད་མ་དང་དྲག་མོ་དང་།། འཇིགས་བྱེད་མ་དང་ཨུམས་བསྟོད།། རྒྱལ་མོ་རྣམ་པར ་རྒྱལ་དབང་མོ།། ཐུབ་མེད་གཞན་གྱི་མི་ཐུབ་མ།། ནག་མོ་བཟང་མོ་ནོག་ཆེན་མོ།། ནག་སྦྲུམ་མ་དང་རྣལ་འབྱོར་མ།། དབོང་བྱེད་མ་དང་ཟླ་བོ་མོ།། ནག་མ་སྡང་བའི་ལམ་པ་ཀིཾ། འཕྲོག་བྱེད་མ་དང་མེ་མར་མ།། འཇིགས ་བྱེད་ཡུལ་གནས་རྣལ་འབྱོར་མ།། དྲག་མོའི་གཟུགས་དང་གཟུགས་ཆེན་མོ།། མཆེ་བ་གཙིགས་དང་ཐོད་ཚོན་མ།། ཐོད་ཕྲེང་ཐོད་པའི་ཕྲེང་ཆེན་མ།། ཁ་རྫུ་འཕྲུལ་ཆེན་མོ་དང་།། རལ་གྱི་དགྲ་སྟའི་ལག་པ་གང་།། ་རྡོ་རྗེ་དེ་བཞིན་མུ་ལག་དང་།། མཁའ་འགྲོ་ལ་ཡི་དེ་ཉིད་ཆེ།། ལས་ཀུན་རྗེས་སུ་སྒྲུབ་པ་ཡི།། སྦྱོར་བའི་དཀྱིལ་འཁོར་རྒྱ་ཆེན་པོ།། རྡོ་རྗེ་དབང་ཕྱུག་དེ་བཞིན་གཅི།། དེ་བཞིན་གཤེགས་པའི་སྐུ་ཆེན་པོ།། གོས་མེད་སྦྱོར ་སྤྱོད་མེད་མ།། རྡོ་རྗེ་དཔུང་བྱུགཱ་མ་ཡི་བྱཱ་ཀེས།། ཐམས་ཅད་ཐམས་ཅད་འགུགས་པའོ།། ཨཱ~ཾ་ཀྲྀཀྐ་བྷཱ་ན་བབྦནྡྷ་ན་སྤྱན་དྲ་བའི་སྔགས་དང་ཕྱག་རྒྱུའོ།། ཁཱ་ཁྱཱ་དཱ་ནཱ་ཧཱ་ཧཱུཾ་ཧཱུ~ཾ་ཕཊ་ཕཊྚཱ་ར་སྭཱ་ཧཱ། སྤྱན་དྲངས་པའི་ཕྱག་རྒྱ་དེ་ཉིད་ལས ་དར་བ་དང་གི་ཁྲིང་བསྒྲེང་ཟེའོ།། ཨོཾ་བདྡྷ་མ~ཾ་བཏྟཱ་ལ~ཾ་ཧཱུ~ཾ་ཧྲཱི་ཧཱུ~ཾ་ཧོཿསྭཱཏྨ། དགའ་བར་བྱ་བའི་སྔགས་དེ་ཕྱོག་རྒྱའོ།། གཏོར་མའི་སྣོད་བཞག་སྟེ་རྡོ་རྗེ་ཙིངས་ཏེ་རལ་གྲིང་བྱུག་པའི་ཚུལ་དུ་བྱས་ཏེ།། ཨོཾ་ཨཀྵ ་མུ་ཁཾ་སརྦྦ་དྷརྨཱརྞྞ་ཨཱདྱ་ནུབྷམྦྷ་ཏཱ་ཨོཾ་གུ་སྭཱཧཱ། སྒེག་མོ་ལ་སོགས་པའི་མཆོད་པས་ཀྱང་མཆོད་དེ་བསྟོད་པ་བྱ་ཞིང་དྲིལ་བུ་དཀྲོལ་བར་བྱའོ།། སེམས་དཔའ་ཆེན་པོ་དང་པོ་མཆོག། དགའ་བ་ཆེན ་པོ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་གྱི་བདག། རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ།། ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག། རྡོ་རྗེ་རྡོ་རྗེ་ཆེན་པོའི་སྟོབས།། ཀུན་ཏུ་བཟང་པོའི་སྤྱོད་པའི་མཆོག། བདུད་དང་བདུད་ནི་ར ་འཇོམས་པ།། ཀུན་གྱི་ཁྲོ་བོ་ཁྲོ་ཆེན་པོ།། སངས་རྒྱས་སངས་རྒྱས་ཆོས་སྐྱེས་མཆོག། རྡོ་རྗེ་ཧཱུཾ་བྱེད་ཧཱུཾ་བྱེད་པ།། འཇིག་རྟེན་དབང་ཕྱུག་ནོར་བུ་སྦྱིན།། ཆགས་པ་ཆེན་པོ་བདེ་བ་ཆེ།། འདོད་པ་ཐར་པ་ནོར་ཆེན་པོ།། སྲིད ་གསུམ་འཇིག་རྟེན་གསུམ་གྱི་མཆོག། འཇིག་རྟེན་གསུམ་མཆོག་ཁམས་གསུམ་ལ།། མི་གཡོ་རབ་མཆོག་མི་གསལ་བ།། ཤིན་ཏུ་ཕྲ་བ་རབ་འདུས་པ།། གཡོ་དང་རབ་མཆོག་ཐོབ་པ་ཡི།། སྲིད་དང་འཁོར་བ་བདེག ་བྱེད་པ།། ཐོག་མ་མེད་པ་ཐ་མེད་པ།། འདོད་ཆགས་དག་པ་ཏིང་འཛིན་མཆོག། སྣ་ཚོགས་འདོད་ཆགས་དབང་ཕྱུག་ཆེ།། ནམ་མཁའི་མཐའ་ལས་རྟག་པའི་དོན།། འབྱུང་བ་ཆེན་པོ་ཀུན་གྱི་གཞི།། ལོངས་སྤྱོད་དཔལ་གྱི ་རྒྱལ་པོ་གཙོ།། འདོད་པ་ཐམས་ཅད་རྫོགས་བྱེད་པ།། ཕྱག་འཚལ་བསྟོད་དེ་ཕྱག་འཚལ་བསྟོད།། གུས་པ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའ་རབ་འགྲུབ་བསྟོད་།། བདག་གིས་ཚིག་མ་ཚང་བ ་རྣམས་ནི་བཅོམ་ལྡན་འདས་ལ་བཟོད་པར་གསོལ།། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད།། དངོས་གྲུབ་གསོལ་ནས་ཅི་བདེར་གཤེགས།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་འདིར་ནི་གཤེགསུ ་གསོལ།། ཕྱི་རོལ་ལྷ་རྣམས་ཀྱང་སཾ་གོལྔ་གསུམ་དང་སྔགས་འདིས་བཏང་བར་བྱའོ།། ཨོཾ་གཱནྡྷ་གནྡྷ་ཧཱུ~ཾ་སྱཱཏྨ། ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་རྣམས་རང་གི་དབུགས་ཀྱིས་དྲངས་ནས། རང་གིས་ལུས་ལ་ཞུགས་ཏེ། ་རང་གི་གནས་ལ་དགོད་པར་བྱའོ།། འདི་ལྟ་སྟེ་སྤྱི་བོ་དང་མིག་དང་རྣ་བ་དང་ལྕེ་ལོ་གོ་རིམས་བཞིན་དུ་དྲིག་མོའི་མཁའ་འགྲོ་མ་དང་། གདོལ་པའི་མཁའ་འགྲོ་མ་དང་། རོ་ལངས་མའི་མཁའ་འགྲོ་མ་དང་། རྡོ་རྗེ ་མཁའ་འགྲོ་མ་རྣམས་དགོད་དོ།། སེང་གེ་མ་དང་སྟག་མོ་དང་། ཅེ་སྤྱང་མ་དང་། འུག་པ་མ་རྣམས་གོ་རིམས་བཞིན་དུ་མགྲིན་པ་དང་། དཔུང་པ་གཉིས་དང་སྙིང་ག་དང་། ལྟེ་བ་རྣམས་ལ་དགོད་དོ།། སྒོ་བ་བཞིནི་བརླ ་གཡས་གཡོན་དང་རྗེ་ངར་ལའོ།། པུཀྐ་སི་ལ་སོགས་པ་གོ་རིམས་བཞིན་དུ་ལྕེའི་ཐིག་ལེའི་སྟེང་དུ་པུཀྐ་སཱི་ལ་སོགས་པ་བསྟིམ་པར་བྱའོ།། བྲང་ལ་སོ་ཌ་པཱི་ཡན་ལག་ལྔ་ལ་ནི་དགྲ་མོ་ལ་སྨོཿ་པ་བསྟི་པཱ་བྱའོ།། ཁའི་གནསུ་བྱིན་གྱི་བརླབ་ནཱ་ག་ཏུ་མོ་ལ་སོཊ་པ་བསྟི་པཱཤྩའོ། ་སོའི་ཕྲེང་བ་དང་ལྕེ་ལ་ཡང་ཐོད་ཕྲེང་མ་ལ་སོགས་པ་བསྟིམ་པར་བྱའོ།། དེ་དག་གི་བདུད་རྩི་ལ་སོགས་པའི་སྣོད་ནི་ལུས་ལ་བྱིན་གྱིས་བརླབ་པར་བྱའོ།། འཇིག་རྟེན་གྱི་ལྷ་ཚངས་པ་དང་ཁྱབོ་འཇུག་ལ་སོགས་པ་ནི་བ་སྤུའི ་བུ་ག་དང་རྐང་པ་ལ་སོགས་པ་ལ་གོ་རིམས་བཞིན་དུ་ཐིམ། ཀེང་རུས་འཇིགས་བྱེད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི་རྣལ་འབྱོར་ན་མཁའི་དབུགས་དང་འོད་ཟེར་ལ་ཐིམ་པར ་བྱའོ།། སྙིང་གར་སྒེག་མོ།། ནུ་མའི་བར་དུ་དྲི་ཆབ་མའོ།། མགྲིན་པ་ལ་དྲི་པི་ཝང་མའོ།། མགོ་བོ་ལ་མེ་ཏོག་མའོ།། སོའི་ཕྲེང་བ་གཉིས་ལ་དབྱངས་མའོ།། གསང་བར་སྤོས་མེ་མའོ།། དཔུང་པ་གཉིས་པོར་གར་བྱེད ་མའོ།། མིག་གཉིས་ལ་མར་མེ་མའོ།། གཟུགས་ཀྱི་རྣམ་པའམ་ངོ་བོ་ཉིད་དུ་རྣམ་པར་བམ། དངོས་པོ་ཐམས་ཅད་ཀྱི་ངོ་བོ་རྣལ་འབྱོར་ན་མཁའ་བདག་གོ།། ཞེས་ང་རྒྱལ་གཟུང་བར་བྱའོ།། བསྲུང་བ་དགོད་པ་དང་། དབང ་བསྐུར་བ་དང་། གོ་ཆ་གོ་བ་བྱས་ནས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ནས་བཞག་པར་བྱའོ།། ཉལ་བ་དང་། འདུག་པ་དང་། འགྲོ་བ་དང་། འགྲེང་བ་དང་། རྟག་ཏུ་ཤིན་ཏུ་མཉམ་པར་བཞག་ནས་ལྷ་དང་བདག ་གི་སྦྱོར་བ་བསྒོམ། དེ་དག་ནི་ཤིན་ཏུ་སྦྱོར་བ་ཞེས་བྱའོ།། དེ་ནས་ལོངས་སྤྱོད་རྣལ་འབྱོར་པོ་བཞིན་དུ་ཛ་བཞན་དུ་ཇི་སྙེད་དམ་ཚིག་གི་རྫས་དེ་དག་གིས་ཚོགས་ཀྱི་འཁོར་ལོའི་ཟས་རིམ་པ་མཆོད་པ་འདིས་བྱའོ།། ཡི་གེ་ཀྵ ་གིས་དགའ་བར་བྱ་བ་དང་། ཡི་གེ་ཡུ་གྱིས་དག་པོར་བྱ་བ་དང་། ཡི་གེ་ཧཱུཾ་གིས་མཁྲེགས་པར་བྱ་བ་དང་། ཡི་གེ་སུཾ་གྱིས་བདུད་རྩིར་བྱ།། ཡི་གེ་ཧཱུཾ་གིས་རོ་མཉམ་པོར་བྱ་བ་དང་། པད་མའི་སྣོད་ལ་བཞག་ལ ་ཉི་མའི་ལག་པ་བདུད་རྩའི་སྣོད་བཅུག་ནས། ཟླ་བའི་ལག་པའི་མཐེ་བོ་དང་སྲིན་ལགས་དང་རི་རབ་ཏུ་བསྒོམ། ཨོཾ་ཧཱ། ཧོ། དྷཱིཿས་བོན་གྱི་སྐུ་གསུང་ཐུགས་གཟུགས་དང་དྲི་དང་རོ་དང་དཔའ་བོ་ལྷ་གསུམ་གྱི་བདག་ཉིད་བཟུང ་འཛིན་སྤངས་པའི་རང་བཞིན་དཀྱིལ་འཁོར་གྱི་ལྷ་རེ་རེའི་འཁོར་ལོ་ལ་མཐོ་བོ་དང་སྲིན་ལག་གིས་འཐོར་འཐུང་གིས་སྦྱིན་པར་བྱའོ།། དེ་ནས་མཆིད་ནས་ཕྱག་བྱས་ཏེ་དེ་ནས་རང་གིས་ལུས་ལ་གནས་པའི་ལྷ་དང་འཁོར་ལོའི་ལྷ ་ཇི་ལྟར་དགའ་བར་ཚིམ་པར་བྱའོ།། དེ་ཁོ་ན་བཞིན་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་ཡང་སྦྱོར་བ་གསུམ་གྱི་རང་བཞིན་ལྷའི་སྦྱོར་བ་ལ་གནས་ནས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པར་བྱའོ།། འདི་ལྟ་སྟེ་དཔྲལ་བ་དང ་སྤྱི་བོ་དང་ལྕེའི་རྩེ་མོ་ལ་ཐིག་ལེ་གསུམ་བྱིན་ནས་ཇི་ལྟར་བདེ་བར་བྱའོ།། དེ་ལྟར་མངོན་སུམ་དུ་དགའ་བ་ཡུལ་གྱི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམ་ལ་མཆོད་ནས། ཡོངས་སུ་རྫོགས་པ་ལ་གོང་མ ་བཞིན་དུ་མེ་ཏོག་ལ་སོགས་པས་རྫོགས་པར་བྱའོ།། དེའི་འོག་ཏུ་ལྐོག་མའི་གཏོར་མ་སྦྱིན་པར་བྱའོ།། ཚིགས་བཅད་བཟླས་ནས་གཏང་བར་བྱའོ།། ཚིགས་བཅུད་ནཱི་འདི་ལྟ་སྟེ། ཨོཾ་བ་བ་བཏྟཱ་ལ~ཾ་བཏྟཱ་ལི་ཆེ། ཨོཾ་ཀུ་རུ ་ཀུ་རུ་བཏྟ་ལི་མ་ཧཱ་བཏྟ་ལི་སྭཱ་ཧཱ། དུར་ཁྲོད་གནས་མོ་དངོས་གྲུབ་ཞལ།། གཏུམ་མོ་འཇིགསཽ་བྱེད་ཡི་དྭགས་ཁ།། དམ་ཚིག་སྲིང་མོ་ཁྲག་དགའ་མ།། ཀི་ལི་ཀི་ལི་སྒྲ་སྒྲོགས་མ།། དུར་ཁྲོད་རོ་ཡི་ཚལ་དབུས་སུ།། ་ཚོགས་དང་ཕོ་ཉ་བཅས་པ་རུ།། འཇིག་རྟེན་གཏུམ་མོ་དུད་སོལ་མ།། གསོལ་ཞིག་གཞེངས་ཤིག་དམ་ཚིག་མ།། གནས་ནས་དབང་དུ་མཛད་དུ་གསོལ།། ཏཱིཥྛ་སཱིད་དྷི་ཀུ་རུ་ཏྱཱ་ཧུ་མོ་པྲོ་ཧ་གྣི་ས་སན ་དུཥྚིཾ་བྷཱུཀྵ་ཕུ་ཕེཾ་ཕྲེཾ་པྲི་ཕཊ་སྭཱཧྨ། རྡོ་རྗེ་དམ་པ་བཅིངས་ནས་སུ།། དཀར་པོ་གི་ལྲྀང་བསྒྲེང་ནས་སུ།། གཉིས་ཀ་རྩེ་མོ་བཀུག་ནས་ནོ།། ཁ་ཡི་འགྲམ་དུ་བཞག་པར་བྱ།། ལྷག་མེ་གཏོར་མ་བྱིན་གྱིས་བརླབ།། དུད་པ་སོལ་བ་ཞེས ་བྱ་བའི་སྔགས་དང་ཕྱག་རྒྱའོ།། བཅོམ་ལྡན་འདས་རྣལ་འབྱོར་ན་མཁའ་དང་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ་རྫོགསོ།། ་