CLOSE WINDOW

GT491: dpal gdan bzhi pa'i bsgrub pa'i thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཙ་ཏུནྡི་ཐི་སཱ་དྷ་ནེ་ནོ་པི་ཀ། བོད་སྐད་དུ། དཔལ་གདན་བཞི་པའི་སྒྲུབ་པའི་ཐབས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། དངོས་དང་དངོས་མེད་ངང་ལས་དཔེ ་མཚན་ལྡན།། དེ་ལས་འགྲོ་བའི་དོན་མཛད་ལ་བཏུང་དེ།། བཅུ་དང་གསུམ་པོ་མངོན་དུ་བྱ་བའི་ཐབས།། རྒྱུད་ན་མི་གསལ་བསྡུས་ཏེ་བྲི་བར་བྱ།། དེ་ལ་རེ་ཞིག་སློབ་དཔོན་བུམ་པ་དང་གསང་བའི་དབང་ཐོབ་ཅིང་། རིགས་ངེས་པ་དེས། མཆོག་དང ་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་འཇུག་པར་བྱའོ།། ཡིད་དུ་འོང་བའི་ས་ཕྱོགས་ཀྱི།། གནས་དག་ཏུ་ནི་རྟེན་ནས་སུ།། བླ་རེ་དག་ནི་བྲི་བར་བྱ།། སྣ་ཚོགས་གོས་ནི་དཔྱངས་ནས་སུ།། བ་དན་རྒྱལ་མཚན་བསྒྲེང་བར་བྱ།། གཡེར་ཁའི་དྲ ་བས་མཛེས་པར་བྱ།། གནས་བཅུ་དག་ནི་ཀུན་ཏུ་ཡང་།། དེ་བཞིན་དྲི་ཡིས་དཀྱིལ་འཁོར་བྱ།། མཉམ་མེད་སེམས་ཀྱི་དྲི་ཡིས་ནི།། གྲུ་བཞི་པར་ནི་བྱུག་པར་བྱ།། ལུས་ལ་སྟེའུ་འཇོག་ཅན་དན་བྱུག། སེམས་ནི་མཉམ་པར་གནས་པ་སྟེ།། བཟོད ་པའི་མེ་ཏོག་རྣལ་འབྱོར་པས།། འབད་དང་ལྡན་པས་དགྲམ་པར་བྱ།། མཉམ་ཉིད་བསྒོམས་པའི་དུག་པ་ཡིས།། རང་བཞིན་དག་པས་འདུག་པར་བྱ།། ཤེས་རབ་མར་མེའི་སྣང་བ་སྟེ།། ཁམས་གསུམ་གྱི་ནི་མུན་པ་རྣམས།། མར་མི་འདི ་ཡིས་བཅོམ་ནས་སུ།། ཅི་ལྟར་འདོད་བཞིན་སྣང་བར་བྱ།། མཆོད་པ་དགྲམ་པར་བྱས་ནས་ཀྱང་།། བདེ་བའི་སྟན་ལ་འདུག་ནས་སུ།། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ། ལག་གཡོན་ཐལ་མོ་ཕར་བསྟན་ཏེ།། གཡས་པ་ཁུ་ཚུར་རྒྱབ་སྦྱར་ནས།། དབང ་ལྡན་ཕྱོགས་ཚེགས་བསྐོར་བར་བྱ།། ར་བའི་སྔགས་དང་ཕྱག་རྒྱའོ།། ལག་པ་གཉིས་ནི་བརྐྱང་ནས་སུ།། ཕན་ཚུན་རྩེ་མོ་རེག་པར་བྱ།། ཨོཾ་ཛུཾ་སྭཱ་ཧཱ། དྲ་བའི་སྔགས་དང་ཕྱག་རྒྱའོ།། གཡོན་པ་ཁུ་ཚུར་བཅིངས་ནས་སུ།། མཐེ་བོང ་འོག་ཏུ་བརྐྱང་བར་བྱ།། ཨོཾ་བྲུཾ་སྭཱ་ཧཱ། ཕུར་པའི་སྔགས་དང་ཕྱག་རྒྱའོ།། རྣམ་པར་དག་པ་དང་ཕན་ཡོན་ནི་རྒྱུད་ལས་ཤེས་པར་བྱའོ།། རང་གི་སྙིང་གའི་ཟླ་དབུས་སུ།། ས་བོན་ཧཱུཾ་གི་འོད་ཟེར་གྱིས།། བླ་མ་སངས་རྒྱས་སྣང་བྱས་ལ།། ཚིགས་བཅད ་འདི་ནི་བརྗོད་པར་བྱ།། བདག་མིང་འོད་ཞེས་བགྱི་བ་ནི།། བླ་མོའི་ཞབས་ལྷམ་ལ་ཕྱག་འཚལ།། མཁའ་འགྲོ་མ་རྣམས་ལ་ཡང་འདུད།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། འོད་ཟེར་དེ་ལས་བྱུང་བ་ཡི།། ལྷ་མོ་ལག་ནི་སྤོས་ལ་སོགས།། ཐོགས ་བས་མཆོད་པ་བྱས་པར་བསམ།། སྡིག་པ་བགྱིས་དང་བགྱིད་དུ་སྩལ།། རྗེས་ཡི་རང་བ་སོ་སོར་བཤགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཉན་ཐོས་རང་རྒྱལ་མ་ལུས་དང་།། འཇིག་རྟེན་དགེ་བའི་རྩ་བ་ལ།། ཀུན་ནས་བདག་ནི་ཡི་རང་ངོ་།། ་ཆོས་ཀྱི་འཁོར་ལོ་བསྐོར་བར་འཚལ།། མྱ་ངན་མི་འདའ་བཞུགས་སུ་གསོལ།། དུས་འདི་ནས་ནི་སངས་མ་རྒྱས།། བར་དུ་ལས་ནི་བསྙེན་པར་བགྱི།། བདག་གི་ལུས་ཀྱང་དབུལ་བར་བགྱི།། བདག་མིང་འདི་ཞེས་བགྱི་བ་ནི།། དུས་འདི་ནས་གཟུང་ཇི་སྲིད ་དུ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། ཡང་དག་བྱང་ཆུབ་ངེས་མཛད་པ།། དེ་བཞིན་བླ་མེད་བྱང་ཆུབ་སེམས།། དམ་པ་བདག་གིས་བསྐྱེད་པར་བགྱིད།། སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ།། ་སྡོམ་པ་ཐམས་ཅད་ལྡན་པར་བྱ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དེ་ནས་བརྩམས་ཏེ་མཆོག་ཏུ་གསུངས།། བསླབ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་བསྡུ་བ་དང་།། སེམས་ཅན་དོན་ནི་ཚུལ་ཁྲིམས ་གསུམ།། བདག་གིས་སོ་སོར་བརྟན་པར་གསུངས།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བགྱི་ཞིང་།། སློབ་དཔོན་དག་ཀྱང་བདག་གིས་གཟུང་།། རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། ་དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་སྤྲུལ་བར་བགྱི།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པ་ལ།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་ཆོས་རབ་ཏུ་གཟུང་བར་བགྱི།། ་ལས་ཀྱི་རིགས་མཆོག་མཐོན་པོ་ལ།། མཆོད་པ་ཅི་ནུས་བགྱི་བ་དང་།། སྡོམ་པ་ཐམས་ཅད་ལྡན་པར་བགྱི།། བླ་ན་མེད་པའི་བྱང་ཆུབ་སེམས།། དམ་པ་དེ་ནི་བསྐྱེད་བགྱི་ཞིང་།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། སྡོམ་པ་མ་ལུས་བཟུང་བར་བགྱི། ་མ་བསྒྲལ་བ་རྣམས་བསྒྲལ་བ་དང་།། མ་གྲོལ་བ་རྣམས་བདག་གི་དགྲོལ།། དབུགས་ཨ་ཕྱིན་པ་དབུགས་དབྱུང་ཞིང་།། འགྲོ་ཀུན་མྱ་ངན་འདས་ལ་དགོད།། བྱམས་དང་སྙིང་རྗེ་དགའ་བ་དང་།། བཏང་སྙོམས་བཞི་པོ་བསམ་པར་བྱ།། དེ་ནས་ཧཱུཾ་གི་མེ ་ལྕེ་ཡིས།། སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ།། ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུད་དྷོ་ཧཾ། མཉམ་ཉིད་སྟོང་པར་བསམས་ནས་སུ།། དེ་ཡི་དབུས་སུ་བལྟས་ནས་ཀྱང་།། དེར་ནི་མཚན་མ་བརྟག་པར་བྱ།། མར་མེའི་འོད ་ཀྱི་ཞི་བ་སྟེ།། དམར་པོ་བརྡུལ་གྱི་རྒྱས་པའོ།། ཉི་མའི་དཀྱིལ་འཁོར་ལྟར་སྣང་བ།། ཆགས་པ་ལ་སོགས་འགྲུབ་པར་འགྱུར།། མཐར་ནི་དུ་བ་ནག་མཐོང་ན།། མངོན་སྤྱོད་དུ་ན་རབ་ཏུ་གྲགས།། རླུང་གི་མདོག་ལྟར ་འཁྲུགས་པ་ཡི།། དེ་ཡི་མོད་ལས་སྐྲག་པར་འགྱུར།། ཟླ་བ་དཀར་པོའི་འོད་ཟེར་ལྟར།། ཐམས་ཅད་དུ་ནི་དཀར་མཐོང་ན།། རྣལ་འབྱོར་འགྲུབ་པར་ཤེས་པར་བྱ།། བློ་ལྡན་འགྲོ་བའི་ཡང་དག་གནས།། དེ་ཡི་ནང་དུ་བསམ་པ་ནི།། ཡུཾ་ལས ་རླུང་གི་དཀྱིལ་འཁོར་བསྐྱེད།། ཀྵཾ་ལེས་མེ་ཡི་དཀྱིལ་འཁོར་བསམ།། དེ་སྟེང་སུཾ་ལས་ཆུ་རང་བཞིན།། ཧཱུཾ་ལས་གསེར་གྱི་ས་གཞི་དང་།། རི་རབ་ཆེན་པོ་བསམ་པར་བྱ།། དེ་སྟེ་ང་ཧཱུཾ་ལས་གཞལ་ཡས་ནི།། བང་པ་བརྩེགས་པ་བསམ ་པ་སྟེ།། གསེར་ལས་བྱུང་བའི་གྲོང་ཁྱེར་མཆོག། རིན་ཆེན་བདུན་པོ་རྣམས་ཀྱིས་སྤྲས།། གཡེར་ཁའི་དྲ་བའི་ཕྲེང་བ་དང་།། དྲ་བ་དྲ་ཕྱེད་སོགས་པས་བརྒྱན།། དབུས་དང་ཕྱོགས་བཞིར་སེང་གེའི་གདན།། ཉི་མའི་དཀྱིལ་འཁོར་གྱིས་བརྒྱན ་པར།། འབྱུང་པོ་གླང་པོ་མེ་མཚམས་སུ།། རིན་ཆེན་བུམ་པ་གང་བའོ།། བདེན་བྲལ་དུ་ནི་མ་ཧེའི་གདན།། སྦྲུལ་གྱི་གདན་ནི་རླུང་མཚམ་སུ།། སྒོ་བཞིར་ཡི་དགས་གདན་དགོད་བྱ།། དབུས་ཀྱི་ཉི་མའི་གདན་སྟེངས་སུ།། རང་གི་དབུགས ་ལས་བྱུང་བ་ཡི།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི།། ཨོཾ་བཛྲ་ཤུད་དྷ་སརྦ་དྷརྨཱ་བཛྲ་ཤུད་དྷོ་ཧཾ། དེ་ལས་ཡེ་ཤེས་མཁའ་འགྲོ་བསྐྱེད།། སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན།། སྐྲ་གྲོལ་བས་ནི་གཡོགས་པ་སྟེ།། སངས་རྒྱས་ལྔ་ཡིས་མཛེས ་པར་བྱ།། ཁ་དོག་སྔོན་པོ་དྲག་ཆེན་མོ།། སྦྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས།། བཞད་དང་ཁྲོ་དང་སྒེག་པ་ཡི།། ཞལ་གསུམ་པ་ནི་སྤྱན་གསུམ་མོ།། ཧ་ཧར་བཞད་ཅིང་འཆག་པ་སྟེ།། ན་བཅའ་དམར་པས་ཤིན་ཏུ་མཛེས།། ཁནྡྷ་གྱེན་དུ་བསྒྲེང ་བ་དང་།། གཉིས་པ་ན་ནི་དགྲ་སྟ་ཉིད།། གསུམ་པ་ན་ནི་རྡོ་རྗེ་ཐོགས།། གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང་།། གཉིས་པ་ནཱ་ནི་སྣོད་ཉིད་དེ།། གསུམ་པ་དེ་བཞིན་རལ་གྲི་འཕྱར།། འོད་ཟེར་སྣ་ཚོགས་འབར་བ་རུ།། དབུས་སུ་མཁའ་འགྲོ་མ ་བསྒོམ་བྱ།། ཨོཾ་ཡོ་ག་ཤུད་དྷ་སརྦ་དྷརྨ་ཡོ་གང་ཤུད་དྷོ་ཧ~ཾ། ཡེ་ཤེས་ཀྱི་ནི་ཤར་ཕྱོགས་སུ།། བདག་གི་ཆུ་ལས་བྱུང་བ་ཡི།། སུམ་ལས་རྡོ་རྗེ་མཁའ་འགྲོ་བསྒོམ།། ཁཾ་དོག་དཀར་པོ་ཤིན་ཏུ་མཛེས།། སྐྲ་གྲོལ་བས་ནི་རྣམ་པར་ཀླུབས། ་ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན།། རྒྱན་རྣམས་ཀུན་གྱིས་བརྒྱུན་པ་སྟེ།། ཕྱག་ན་ཁ་ཊྭཱཾ་རྣལ་འབྱོར་སྣོད།། ཤིན་ཏུ་མཛེས་པའི་ན་བཟས་ཀླུབས།། འོད་ཟེར་སྣ་ཚོགས་འབར་བའོ།། ཡེ་ཤེས་ཀྱི་ནི་བྱང་གི་ཆར།། བདག་གི་མེ ་ལས་བྱུང་བ་ཡི།། ཀྵིཾ་ལས་བྱུང་བའི་དྲག་མོར་བསྐྱེད།། ཁ་དོག་སེར་མོ་ཤིན་ཏུ་མཛེས།། སེམས་དཔའ་ཡི་ནི་སྐྱིལ་ཀྲུང་བཅས།། སྐྲ་གྲོལ་བས་ནི་བརྒྱན་པ་སྟེ།། སྦྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས།། སྐུ་ལ་ནི་བཟའ་མཛེས་པ་མནབས། ་ཕྱག་གཉིས་ཁ་ཊྭཱཾ་རྣལ་འབྱོར་སྣོད།། ཡེ་ཤེས་ཀྱི་ནི་ནུབ་ཕྱོགས་ཆར།། བདག་གི་རླུང་ལས་བྱུང་བ་ཡི།། ཡུཾ་ལས་མཁའ་འགྲོ་རོ་ལངས་མ།། ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན།། ཁ་དོག་དམར་པོ་ཀུན་ཏུ་འོད།། ཁ་ཊྭཱཾ་རྣལ་འབྱོར ་སྣོད་བསྣམས་ཤིང་།། སྐྲ་གྲོལ་བས་ནི་མཛེས་པ་སྟེ།། ལུས་ཀུན་སྦྲུལ་གྱི་རྒྱན་གྱིས་བརྒྱན།། ཤིན་ཏུ་མཛེས་པའི་ན་བཟའ་གསོལ།། འོད་ཟེར་སྣ་ཚོགས་འབར་བར་བསམ།། ཡེ་ཤེས་ཀྱི་ནི་ལྷ་ཡི་ཆར།། སཱ་ཡཱི་ཡེ ་ཤེས་ལས་བྱུང་བའི།། ཧཱུ~ཾ་ལས་མཁའ་འགྲོ་གཏུམ་མོ་བསྒོམ།། སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན།། ཁ་དོག་སྔོན་པོ་ཤིན་ཏུ་མཛེས།། ཁ་ཊྭཱཾ་རྣལ་འབྱོར་སྣོད་བསྣམས་ཤིང་།། རྒྱན་རྣམས་ཀུན་གྱིས་ཀླུབས་པ་སྟེ།། སྐྲ་གྲོལ་བས་ནི་ཤིན་ཏུ ་མཛེས།། ཧ་ཧར་རྒོད་པས་འཇིགས་པར་མཛད།། འོད་ཟེར་སྣ་ཚོགས་འབར་བའོ།། དབང་ལྡན་གྱི་ནི་ཕྱོགས་ཀྱི་ཆར།། སེང་གེའི་གདོང་ནི་བསམ་བྱ་བ།། ཁ་དོག་དམར་ཞིང་སེར་བ་སྟེ།། གླང་པོ་ཡི་ནི་སྟན་ལ་བཞུགས།། རྡོ་རྗེ་ལྕགས་ཀྱུ ་སྡིགས་མཛུབ་ཅན།། ཤིན་ཏུ་མཛེས་པའི་ན་བཟའ་གསོལ།། འོད་ཟེར་སྣ་ཚོགས་འབར་བ་ཡི།། འབར་བའི་ལུས་ཅན་བསྒོམ་པར་བྱ།། མེ་མཚམས་སྟག་མོ་ཞེས་བྱ་བ།། རིན་ཆེན་བདུན་གྱི་སྟན་ལ་བཞུགས།། ཕྱག་གཉིས་ཁ་དོག་དཀར ་ཞིང་སྔོ།། ཤིན་ཏུ་མཛེས་པའི་ན་བཟའ་གསོལ།། ཕྱག་ན་ལྕགས་ཀྱུ་བརྒྱན་པ་སྟེ།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན།། འོད་ཟེར་སྣ་ཚོགས་འབར་བ་ཡི།། འབར་བའི་ལུས་ཅན་བསྒོམ་པར་བྱ།། བདེན་བྲལ་ལྷ་མོ་ཅེ་སྤྱང་མོ།། ་ཧ་ཧ་བཞད་པས་འཇིགས་པར་མཛད།། མ་ཧེ་ཡི་ནི་སྟན་ལ་བཞུགས།། མདོག་ནི་དམར་ཞིང་སྔོ་བ་སྟེ།། སྐུ་ལ་ན་བཟའ་མཛེས་པ་གསོལ།། ཕྱག་གཉིས་ལྕགས་ཀྱུ་ཞགས་པ་དང་།། སྡིགས་མཛུབ་ཀྱིས་ནི་ཤིན་ཏུ་མཛེས།། སྦྲུལ་གྱིས ་རྒྱུན་ཞིང་རྣམ་པར་ཀླུབས།། འོད་ཟེར་སྣ་ཚོགས་འབར་བ་ཡི།། འབར་བའི་ལུས་ཅན་བསྒོམ་པར་བྱ།། རླུང་མཚམས་ལྷ་མོ་འུག་པ་མོ།། ཁ་དོག་སེར་ཞིང་དམར་བ་སྟེ།། ཀླུ་ཡི་སྟན་ལ་ཡང་དག་བཞུགས།། རྒྱན་ཡང་དེ་ཉིད་སྦྱར་བར་བྱ།། ཕྱག་གཉིས ་སེམས་དཔའི་སྐྱིལ་ཀྲུང་ཅན།། སྡིགས་མཛུབ་ལྕགས་ཀྱུ་ཞགས་པ་བསྣམས།། འོད་ཟེར་སྣ་ཚོགས་འབར་བ་ཡི།། འབར་བའི་ལུས་ཅན་བསྒོམ་པར་བྱ།། དབུས་ཀྱི་མཁའ་འགྲོ་མ་བརྒྱད་ཀྱི།། ཕྱི་རོལ་དག་ནི་རྣམ་བཞི་ལོ།། ཤར་དུ་མཁ་འགྲོ ་ཕུ་ལས་བསྐྱེད།། ཕྱག་གཉིས་ཁ་དོག་དཀར་པོ་སྟེ།། ཡི་དགས་ཀྱི་ནི་སྟན་ལ་བཞུགས།། སྦྲུལ་གྱི་རྒྱན་གྱི་ཀླུབས་པ་སྟེ།། ཤིན་ཏུ་དྲག་ཅིང་སྐྲ་གྲོལ་བ།། འོད་ཟེར་སྣ་ཚོགས་ཡང་དག་པར།། ལག་གཉིས་ཁྭ་རུ་བཅུག་ནས་ནི།། ཧ་ཧར་བཞད་པས ་ཤིན་ཏུ་འབོར།། བྱང་དུ་འབར་མ་ཕེཾ་ལས་བསྐྱེད།། ཁ་དོག་སེར་པོ་ཤིན་ཏུ་དྲག། སྤྱི་བོའི་སྟེང་དུ་ལོག་པ་གཉིས།། ཐལ་སྦྱར་མར་མོ་ལྟ་བུར་འབར།། དྲག་པོའི་གཟུགས་ཅན་འཚིག་པ་སྟེ།། ཤིན་ཏུ་མཛེས་པའི་ན་བཟས་བརྒྱན།། ཡི་དགས ་ཀྱི་ནི་སྟན་ལ་བཞུགས།། འོད་ཟེར་མེ་ལྟར་འབར་བ་བསྒོམ།། ནུབ་ཏུ་འཇིགས་བྱེད་ཕྲེཾ་ལས་བསྐྱེད།། ཁ་དོག་དམར་མོ་འཇིགས་སུ་རུང་།། ཡི་དགས་ཀྱི་ནི་སྟན་ལ་བཞུགས།། ཤིན་ཏུ་མཛེས་པའི་ན་བཟའ་བརྒྱན།། ལག་གཉིས་སྙིམ་པར་སྦྱར ་བྱས་ནས།། ཁྲག་གི་རྒྱུན་ནི་འཐུར་བར་མཛད།། མེ་ལྟར་འབར་ཞིབ་ཤིན་ཏུ་གསལ།། འཇིགས་བྱེད་དྲག་མོ་བསྒོམ་པར་བྱ།། ལྷོ་རུ་འཕྲོག་བྱེད་པྲཾ་ལས་བྱུང་།། ཁ་དོག་སྔོན་པོ་ཤིན་ཏུ་འོད།། ཡི་དགས་ཀྱི་ནི་སྟན་ལ་བཞུགས།། སྐྲ་གྲོལ་བས་ནི ་བརྒྱན་པ་སྟེ།། ཤིན་ཏུ་འབར་བའི་ན་བཟའ་བརྒྱན།། སྦྲུལ་གྱི་རྒྱ་ན་གྱིས་ཀླུབས་པ་སྟེ།། སྡིགས་མཛུབ་དང་ནི་བཏུན་ཤིང་ཐོགས།། སེམས་ཅན་སེམས་ནི་རྨོངས་པར་བྱེད།། འོད་ཟེར་མེ་ལྟར་འབར་ཞིང་དྲག། ཀུན ་རིགས་པས་ནི་ཐམས་ཅད་བསྒོམ།། དེ་ནས་བ་དན་གསུམ་པའི་ཕྱག་རྒྱས་བསྲུང་བར་བྱ་སྟེ། མགོ་བོར་ནི་ཀླུང་ངོ་།། མིག་ཏུ་ནི་ཧཱུཾ་ངོ་།། སྣ་དང་རྣ་བ་གཉིས་ལ་ཡུཾ་ངོ་།། ཁར་སུཾ་མོ།། མགྲིན་པར་སྨཻ་ངོ་།། ནམ་ཚོང་དུ་སྨཻ་ངོ་།། སྙིང་གར་ཧཱུཾ་ངོ་།། ལྟེ་བ.རབྷྲཱུཾ ་ངོ།། དེ་ནས་རང་གི་སྙིང་གའི་ས་བོན་ལྔས་འོད་ཟེར་འཕྲོས་པས། སངས་རྒྱས་ལ་བསྐུལ་བས་ལྷ་མོ་མང་པོ་བྱུང་སྟེ། དབུ་རྒྱན་དང་བུམ་པ་ལ་སོགས་པས་དབང་བསྐུར་བར་བསམ་མོ།། བདག་ཨུ་གིས་དབུགས་ཡུ་ཀྱི་འོད་ཟེར་མུ~ཾ་གྱིས། ་མཁའ་འགྲོ་མ་རྣམས་སྤྱན་དྲངས་ཏེ།། དེ་དག་གི་ནི་གཟུགས་མདུན་ནོ།། དམ་ཚིག་རྣམས་ནི་བསྟན་པར་བྱ།། ཁུ་ཚུར་གཉིས་ནི་བཅིངས་ནས་སུ།། དབུ་མ་གཉིས་ནི་བརྐྱང་ཞེས་སུ།། རྩེ་མོ་ཕན་ཚུན་སྤྲད་ནས་ནི།། ཡེ་ཤེས་ལྷ་མོ་བསྟན་པར་བྱ།། ལག ་གཉིས་ཕན་ཚུན་སྦྱར་ནས་ནི།། དབུ་མ་དང་ནི་མཐེ་བོང་སྤྲད།། ཅུང་ཟད་ཅིག་ནི་བསྐྱོད་པར་བྱ།། ཤར་ཕྱོགས་རྡོ་རྗེ་མ་ལ་བསྟན།། ཁུ་ཚུར་མཉམ་པར་བཅིངས་ནས་སུ།། མཐེ་བོ་གཉིས་ནི་བརྐྱང་བྱས་ལ།། བྱང་གི་ཕྱོགས་ནས་བརྩམས་ནས་སུ། ་རྒྱུ་འདི་དྲག་མོ་ལ་བསྟན་བྱ།། ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ།། མཐའུ་ཆུང་གཉིས་ན་བཅིངས་ནས་སུ།། མཐེའུ་ཆུང་གཉིས་ནི་བརྐྱང་བར་བྱ།། ནུབ་དུ་གནས་པའི་རོ་ལངས་མའི།། ཕྱག་རྒྱ་རུ་ནི་སྦྱར་བར་བྱ།། ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ།། གུང ་མོ་གཉིས་ནི་ལྟུང་བར་བྱ།། ལྷོ་ཕྱོགས་ཕྱག་རྒྱར་བཤད་པ་སྟེ།། དེ་ནི་ཕྱག་རྒྱུ་བ་ནི་པའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། ཁྲོ་བོ་གཉིས་ནི་བརྐྱང་ནས་སུ།། རྩེ་མོ་སྤྱད་དེ་གནས་པ་ན།། མཚམས་པ་ནི་ཡི་ནི་ཕྱག་རྒྱ་ཡིན།། ལག་གཉིས་ཐལ་མ ་ཁར་བཅུག་ནས།། ཕུཾ་ཞེས་བྱ་བ་སྦྱར་བར་བྱ།། ཤར་ཕྱོགས་མཁའ་འགྲོའི་ཕྱག་རྒྱ་ཡིན།། ལག་གཡོན་ཐལ་མོ་ཁ་སྦྱར་ནས།། སྤྱི་བོ་རུ་ནི་བཞག་པར་བྱ།། བྱང་དུ་གནས་པའི་འབར་མ་ལ།། ཕྱག་རྒྱ་འདི་ནི་བརྟན་པར་བྱ།། ཕྱག་འཚལ་ཐལ ་མོ་སྦྱར་ནས་སུ།། ཁ་རུ་བཙུག་སྟེ་ཧཱུ~ཾ་ཞེས་བྱ།། ནུབ་ཕྱོགས་ལྷ་མོ་འཇིགས་བྱེད་མོ།། ཕྱག་རྒྱ་རུ་ནི་སྦྱར་བར་བྱ།། ལོག་གཉིས་ཀུན་ཏུ་བསྐོར་ནས་སུ།། སོར་མོ་རྣམས་ཀྱི་རྩེ་མོ་རུ།། གསང་བའི་གནས་སུ་བཞག་ནས་ཀྱང་།། ལྷོ་ཕྱོགས་འཕྲོག ་བྱེད་མ་ལ་བསྟན།། བསྐྱེད་པའི་དུས་སུ་བརྐྱང་མ་སྟེ།། ཕྱག་རྒྱའི་དུས་སུ་ཨོཾ་དང་ནི།། སྣོ་ཧཱའི་བར་དུ་སྤེལ་སྟེ་བཟླས།། དམ་ཚིག་ལྷ་མོ་རྣམས་ལ་ནི།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། གཡོན་པ་སྙིང་གར་བཞག་ནས་སུ།། གཡས་པ ་མཚན་ཁུང་གཞུག་བྱ་འོ།། དམ་ཚིག་སེམས་མ་རྣམས་ལ་བསྟན།། སྔགས་ནི་ཨོཾ་ཧཱུཾ་སྭཱཧཱ་ཞེས་སོ།། དེ་ལྟར་ཡེ་ཤེས་སེམས་མ་དང་།། དམ་ཚིག་སེམས་མ་རྣམས་ལ་ནི།། དམ་ཚིག་སོ་སོར་བསྟན་ནས་ཀྱང་།། གཉིས་སུ་མེད་པར་བསམ ་པར་བྱ།། ད་ནི་མཆོད་པ་འབྱུང་སྟེ། ཁྲོ་བོ་དང་མཐེ་བོང་སྦྱར་ལ།། ལྷག་མ་བརྐྱང་སྟེ། ཨོཾ་པུཥྤེ་མཱ་ལེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ།། མེ་ཏོག་གི་ཕྱག་རྒྱ་ལས་དབུ་མ་བསྒྲེང་བ་དང་། ཨོཾ་དྷཱུ་བཻ་ཤྭ་རི་ཧཱུཾ་སྭཱ་ཧཱ་ཞེས ་པ་ནི་བདུག་པའོ།། ཁུ་ཚུར་ལས་མཐེ་བོ་བརྐྱང་བ་དང་། ཨོཾ་བཛྲ་ཏཱིཀྵྞ་དཱི་པེ་ཧཱུཾ་སྭཱ་ཧཱ། ཞེས་པ་མར་མེའིའོ།། ལག་པ་གཡས་བརྐྱང་བ་དང་། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་སྔགས་དང་ཕྱག་རྒྱའོ།། ལག་པ་གཉིས ་བརྐྱང་སྟེ། གུང་མོའི་རྩར་མཐེབ་མོ་བསྐྱོད་པ་དང་། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བ་ལི་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ནི་གཏོར་མའི་སྔགས་དང་ཕྱག་རྒྱའོ།། ཕྱི་ནས་མཆོད་པ་ཉི་ཤུ་ཡིན།། ཡེ་ཤེས་ཅན་གྱིས་མཆོད་པར་བྱ།། ཧཱུཾ་ཞེས་བྱ་བའི་གླུ ་བླང་ཞིང་།། རྣལ་འབྱོར་མཾ་ཀུན་མཉེས་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལོ།། རྐེད་པའི་མཚམས་སུ་བཞག་ནས་ནི།། ཡན་ལག་གསུམ་དུ་ཧཱུཾ་གིས་བསྐྱོད།། པི་ཝང་ཚུལ་དུ་བསྒྲེང་བ་དང་།། གླིང་བུའི་ཚུལ་དུ་འབུད་པ་དང་། ་ཟང་དུང་ཚུལ་དུ་འབུད་པ་དང་།། དཀྲོལ་བའི་ཚུལ་དུ་དཀྲོལ་བ་དང་།། པ་ཊ་ཧ་ལྟར་བརྡུང་བ་དང་།། གར་གྱི་ཚུལ་དུ་བསྐྱོད་པ་དང་།། བསིལ་ཡབ་ཚུལ་དུ་གཡོབ་པ་དང་།། རྒྱལ་མཚན་ཚུལ་དུ་བསྐྱེད་པ་དང་།། བླ་རེའི་ཚུལ་དུ་བྲེ་བ ་དང་།། བ་དན་ཚུལ་དུ་འཕྱར་བ་དང་།། གདུགས་ཀྱི་ཚུལ་དུ་དགབ་པ་དང་།། རྫ་རྔའི་ཚུལ་དུ་བརྡུང་བ་དང་།། རྔ་ཟླུམ་ཚུལ་དུ་བརྡུང་བ་དང་།། འཛུམ་པའི་ཚུལ་དུ་བཞད་པ་དང་།། ཁྲོ་བོའི་ཚུལ་དུ་ཁྲོ་བོ་དང་།། སྒེག་པའི་ཚུལ་དུ་སྒེག་པ ་དང་།། འགྱིང་བའི་ཚུལ་གྱིས་རོལ་པ་དང་།། ཕྱག་འཚལ་ཚུལ་དུ་འདུད་པ་སྟེ།། མདའ་འདྲེན་ནུ་མེ་འཁྱུད་པ་དང་།། ཉི་ཤུའོ།། རྣལ་འབྱོར་མ་བརྒྱད་དེ་ཉིད་ཀྱིས།། དངོས་པོ་ཀུན་གྱིས་མཆོད་པར་བྱ།། ཧཱུཾ་ཞེས་བྱ་བར་བདག་སྤྲུལ་ནས། ་སྤྱུགས་བླུན་ཐང་བར་བྱ།། རྒྱུ་ལས་བྱུང་བ་བཞིན་དུན།། བདུད་རྩི་ལྟུང་བའི་བར་དུ་བྱ།། རྡོ་རྫའི་དེ་ཉིད་དང་ལྡན་པས།། ཚིགས་བཅད་འདི་ཡིས་བླང་བར་བྱ།། རྡོ་རྫགསར་བ་མཛེས་པ་ཡས།། སེམས་ཅན་རྣམ་ཐར་བསྐུལ་བར་བྱ།། རྣམ་ཐར ་ས་སུ་དྷྱཿ། ཤྀན་ཏུ་བྱུང་པོ་མཚ།། ལན་ཉིད་པོཛིན་པ་ཐོ་ཅཝོ་དི་རླུང་གི། ཧཱུ~ཾ། ཨོཾ་བཛྲ་བྷཱ་པ་ཏི་ཐཱ་པ་ཏཱ་ས་རྦ་ཏསཿ། བུད་དྷ་རྨེདྷ་དྷ། པྲདྷཱདྷཱ་མཻ་ཏནཱ་པ་སཾ་པས་བདྲདྷ་ཛུ་ས ་ཨ་བ་སོནྟོཿནཱི་ཧཱུཾ་ཧཱུ~ཾནྟུ།། ཨ་ཨ་ཨ། སྭཱཧཱུཾ། གནས་བརྒྱད་དྲིལ་བུའི་སྒྲ་སྐྱུགས་ཤིང་།། རྡོ་རྗེ་གསོར་དེ་རང་ལས་བྱུང་བའི་ལྷ་མོས་བསྟོད་པ་ནི། སུས་ཅན་དོན་ཕྱིར་ཤེས་རབ་གིསོལ་བཏབ་པ།། ཀུན་འཁྱུད་ལ་སོགས ་གཉིས་ཀྱིས་བཉིས་སྤྱོད་ཅིང་།། རྒྱུ་མ་སྟུ་བུ་སྦྱར་བས་ཤིན་ཏུ་བདྷཱན།། སྲིད་པ་ལས་སྒྲི་བ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་དགའ་དའི་མིཊྭཱ~ཾ་དང་སྦྱིན་གྱིས་གཟིགས།། མོ་གེའི་དངོས་པོ་རང་བཞིན་སྟོང་པར་རོལ།། དངས་དང་དངས་མེད་ལ ་སྒྲོལ་དབུ་མས་མཁྱེན།། མི་འགྱུར་ཀུན་བཅོམ་ལྷག་མ་སེམས་པའོ།། གཉིས་སྤྲོ་གུན་བྱུང་ཆུ་ཡི་བྱ་བ་ཅན།། གཉིས་མེད་ཆོས་བརྙེས་ཐར་པ་མཉེས་པའོ།། བདེ་བའི་འཁོར་མནན་ཐར་པ་བཏང་བའོ།། ཐམས་ཅད་དངོས་ཀྱི་རྣལ་འབྱོར་མ་སྔགས ་རིམ།། རྣལ་འབྱོར་མ་ལྔ་སངས་རྒྱས་དེ་ཉིད་མཁྱེན།། གཟུགས་མ་སྒྱུ་མ་སེམས་ཅནི་སྨོན་མཛད་པོ།། རྡོ་རྗེ་ཀུན་རྟོག་ཆོས་ཀྱི་རྨོངས་པ་གཅོད།། རྣལ་མ་མ་རྨོངས་སྤྱིད་ཆོས་ཚོགས་ལ་འདུང་།། སེམས་ཅན་སྒྲོལ་མཛད་རྣལ་འབྱོར་བདག ་བསྟོད་ཕྱག་འཚལ།། ཐམས་ཅད་བདག་སྐྱེས་ངོ་བོ་ནི་གཅིག་ལ་བསྟོད་ཕྱག་འཚལ།། འཁོར་བའི་རྒྱ་མཚོའི་རྨོངས་པ་གཅོད་ལ་བསྟོད་ཕྱག་འཚལ།། དེ་ཉིད་གཅིག་ལ་རྟག་ཏུ་བདག་འདུད་བསྟོད་ཕྱག་འཚལ། ་རང་དགར་སེམས་ཅན་དགྲོལ་བ་ཡི།། རྒྱུ་མེད་དངོས་ལ་འདུད་པར་བགྱི།། ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྟོན་ཀའི་ཟླ་ལྟར་རབ་མཛེས་ཤིང་།། དུང་ལྟར་དཀར་བའི་སྐུ་འཛིན་པ།། ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན།། གཉིས་འཁྱུད ་སྦྱོར་བ་འཛིན་པའོ།། ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྒྱུ་མའི་ལུས་སུ་ཐིམ་པ་ཡི།། འགྲོ་བ་འཛིན་པ་རྒྱུ་མེད་དངོས།། ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་འདུལ་བར་ལྡན།། འོད་ཟེར་རྣོན་པ་སྙིང་ལྡན་ཉི་མ་སྟོང་འདྲར་ལྡན། ་རྣམ་མང་སྐུ་དང་ཆ་བྱད་རྗེས་ཚོགས་སེམས་དང་ལྡན།། རྡོ་རྗེ་སེམས་དཔའ་དབང་ཕྱུག་མཆོག་རོལ་གར་མཛད་པ་ཞེས་བྱ་བས་ཁྱད་པར་དུ་བསྟོད་ཅིང་། གླུ་དང་བསྟོད་པས་མཆོད་པས་མཉེས་པར་བྱ། ཁར་བར་དུ་ཧཱུཾ་གི་སྒྲ་དང་དྲིལ་བུ ་བསྒྲགས་ལ་སྨོན་ལོམ་རྣམ་པ་གསུམ་གདབ་པར་བྱའོ།། རྡོ་རྗེ་ཐལ་མོ་དམ་བཅིངས་ནས།། སྙིང་གའི་ཕྱོགས་སུ་བཙིར་བར་བྱ།། ཨོཾ་སྭ་བྷ་བ་ཤུད་དྷ། སརྦ་དྷརྨཱ་ས་བྷཱ་བ་བཛྲ་ཤུད་དྷོ་ཧ། ཨོཾ་བཛྲོ་ཤུད་དྷ། སརྦ་དྷརྨཱ་བཛྲ་ཤུད་དྷོ་ཧཾ ་ཨོཾ་ཡོ་ག་ཤུད་དྷ། སརྦ་དྷརྨཱ་ཡཾ་ག་ཤུད་དྷོ་ཧཽ། ཞེས་བརྗོད་ལ་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ།། ཏིང་ངེ་འཛིན་གྱིས་སྐྱོ་ན་སྔགས་བཟླ་སྟེ། འཕྲེང་བ་དེ་ཉིད་དང་ལྡན་པས་སྔགས་འོདས་སྦྱར་རོ།། ཨོཾ་བ་ཏེ་པ་ཏེ་མ་ཧཱ་ཛྙཱ་ན ་ས་བུད་དྷ་སརྫྫ་\ུ0f7f་ཙེནྡྷནྡནཱ་ཙྪནྟ་\ུ0f7f་ཨ་སྭཱཿ། ཨོཾ་དྷི་རྨཱཿ། རྩ་བའི་སྔགས་སྷོ།། ཨ་ཛྫ་སྠཱཿ། ཡེ་ཤེས་མཁའ་འགྲོ་མ་འའོ།། མ~ཾ་སུ་སྠཱཏྨ། ཡཀྵེ་སྭཱཿ། ཨོཾ་ཙུ་སྠཱཏྨ། ཨ་སྟྲཻ་སྭཱཿ། ཨོཾ་མྦྷ་སྠཱཊྚ། ཨོཾཀྵྨ་སྭཱཿ། ཨོཾརྫྫ ་ཛཿཧཱུ~ཾ། བྲཱ་། མ་བྲྀ་སྱཱཧཱ། སྒྱུ་ཕྲག་གསུས་བཟླས་པས་སྦྱིན་དུ་བསྙེན་པོ་སྨོས་པར་འགྱུར་རོ།། བྱིནས་ལས་སྭཱསྟཱར།། དུ་ནསཔདྨན ་སྨོན་ལམ་གདབ་སྟེ། མི་ལུས་སེམས་ཅན་ཀུན་གྱིས་།། སྨོན་ལམ་དག་ནི་གདབ་པར་བྱ།། སེམས་ཅན་ཐམས་ཅད་ནད་མེད་ཅིང་།། སེམས་ཅན་ཐམས་ཅད་བདེ་འགྱུར་ཅིག། གང་གིས་ལམ་ལ་འགྲོ་བ་ཡི།། སངས་རྒྱས་ཉིད ་དང་ཕྲད་པར་ཤོག། མ་བརྒལ་བ་རྣམས་བསྒྲལ་བྱ་ཞིང་།། མ་གྲོལ་བ་རྣམས་བདག་གིས་དཀྲོལ།། དེ་ལྟར་ཉིད་དུ་རྗེས་བརྩེ་བས།། རྣལ་འབྱོར་བསྟན་ཆོས་ལ་གནས་ཤོག། གཏེར་མ་གཏང་བ་ནི། དམར་བ་ཡི་ནི་རྫས་རྣམས་ཀྱིས། མཎྜལ ་གྲུ་གསུམ་བྱུག་པར་བྱ།། མེ་ཏོག་དམར་པོ་བདུག་པ་དང་།། དྲི་དང་མར་མེ་ལ་སོགས་དབུལ།། ཉེ་བར་ལོངས་སྤྱོད་གཏོར་མར་ལྡན།། ཤ་རློན་དང་ནི་ཉ་ཤ་སོགས།། བཟའ་བའི་རྫས་རྣམས་ཐམས་ཅད་ལ།། བདུད་རྩི་ལྔ་དང་བཅས་པར ་དགོང་།། གཡོན་གྱི་མ་རུ་སྣོད་བཞག་ལ།། གཡས་ཀྱི་ཁྲོ་བོ་བསྟན་པར་བྱ།། ཧ་ཞེས་པ་ཡིས་ཁ་དོག་དབྲོག། ཧོ་ཞེས་པ་ཡི་དྲི་ཞེས་ཏེ།། དྷཱི་ཞེས་པ་ཡིས་ནུས་པ་གཞོམ།། གོ་རིམས་དེ་ལྟར་མངོན་པར་བརྗོད།། རྣམ་གསུམ་ལན ་གསུམ་བརྗོད་ནས་སུ།། ལྷ་རྣམས་གསུམ་ནི་གསལ་བར་བྱ།། གཡས་པ་པདྨ་བསམས་ནས་སུ།། གཡོན་པ་རྡོ་རྗེ་བསྒྲེངས་ནས་ཀྱང་།། པདྨའི་བསྐོར་བ་བསྐོར་ནས་ནི།། ཕྱག་རྒྱ་ཆེན་པོ་བསྟན་པར་བྱ།། ཨོཾ་ཧ་ཧཾ ་སྭཱཧཱ། ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱུའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལི།། རྒྱབ་དང་རྒྱོབ་ཏུ་སྦྱར་བར་བྱ།། མེཐེའུ་ཆུང་གཉིས་ནི་བྲི་སྒྲེང་ནས་སུ།། མཛུབ་མོ་གཉིས་ནི་བསྐྱང་བར་བྱ།། གཡས་བཅུང ་ཟེད་བསྐུམ་ནས་སུ།། སྦྱར་བས་ལྷ་རྣམས་སྤྱན་དྲུང་ངོ་།། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་ཛྙཱ་བ་ཏིཛྫཿཛཿསྭཱཧཱ། སྨན་དྲས་པའི་སྔགས་དོང་ཕྱག་རྒྱའོ།། ཤིང་གཙོག་ལ་སོགས་བརྗོད་པར་བྱ།། བདུད་རྩི་ལྔ་ཡོས་ཁ་བསྐྲང་ནས། ་ལས་ཀྱི་གོ་འཕང་མངོན་པར་བསམ།། རྣལ་འབྱོར་རྣལ་འབྱོར་མ་བསྒོམས་ཏེ།། ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཅིང་།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ།། མཐེའུ་ཆུང་གཉིས་ནི་དཀྲིས་ནས་སུ། ་ཁྲོ་བོ་དག་ནི་སྒྲོག་ཏུ་སྦྲེལ།། ཨོཾ་ཏིཥྛ་ཏིཥྛ་ཧཱུཾ། བྷཀྵ་བྷཀྵ་ཛཿཕཊ་སྭཱ་ཧཱ། ཙཾ་བཞིན་ལ་སོགས་སྦྱར་བྱས་ནས།། གཏོར་མ་ལ་སོགས་སྦྱར་བར་བྱ།། ཞི་རྒྱས་དབང་དང་དགུག་པ་དང་།། གསང་སྔགས་དབྱེ་དང་བཅིང ་དང་། ཕྱི་རོལ་གཏོར་མའི་དེ་ཉིད་ཀྱིས།། གཏོར་མའི་ལས་ལ་སོགས་པས་བསྒྲུབ།། མཆོག་གི་དངོས་གྲུབ་འདོད་རྣམས་ཀྱིས།། གསང་པོའི་གསང་བར་བསྒོམ་བྱ་བ།། ལྷ་ཡི་རྣལ་འབྱོར་ལ་གནས་ཏེ།། ལྟེ་བ་སྙིང་ག་མགྲིན ་པ་དང་།། མགོ་བོ་དང་ནི་རྣམ་པ་བཞི།། འདབ་མ་དྲུག་ཅུ་རྩ་བཞི་དང་།། བརྒྱད་དང་བཅུ་དྲུག་རིམ་པ་སྟེ།། སུམ་ཅུ་རྩ་གཉིས་བསྒོམ་པར་བྱ།། བདེ་ཆེན་དང་ནི་ཆོས་འཁོར་ལོ།། ཐབས་ཀྱི་ཆ་རུ་ཤེས་པར་བྱ།། སྤྲུལ་པ་དང་ནི་ལོངས་སྤྱོད་གཉིས།། ་ཤེས་རབ་ཆ་རུ་ཤེས་པར་བྱ།། ཨོཾ་དང་ཧཱུཾ་དང་ཨཱ་དྲུང་ཧཾ།། ལྟེ་བ་བཞི་ལ་དགོད་པར་བྱ།། འདབ་མའི་ཡི་གེ་ཐམས་ཅད་ལ།། གཏུམ་མོ་མེའི་སྦར་ཐབས་དང་།། བདེ་བའི་བསྐྱེད་པའི་རིམ་པ་ནཱི།། བླ་མའི་ཁ་ལོས ་རྟོགས་པར་བྱ།། ཏིང་འཛིན་དེ་ལས་ལངས་པའི་ཚེ།། གཞན་ནི་ཅི་ཡང་མི་བསམ་པར།། རྫོགས་པའི་རིམ་པའི་མན་ངག་ནི།། མཆོག་འདོད་དོན་ལ་མོས་པར་བྱ།། ཡང་ན་ལྷའི་ཚུལ་གནས་ཏེ།། སྒྱུ་མའི ་རྣམ་པའི་བཞི་རུ་བརྟག། མདོར་ན་མཆོག་འདོད་རྣལ་འབྱོར་པས།། མན་ངག་རིམ་པ་འདི་ཉིད་ལ།། ཟས་ལ་བྱ་བ་ཇི་བཞིན་དུ།། མ་ཡེངས་ནན་ཏན་བསྐྱེད་པར་བྱ།། བདག་འདྲས་རྩོམ་པར་ནུས་པ་མ་ཡི་ན ་ཡང་།། སེམས་ཅན་དམན་པ་རྣམས་ལ་ཕན་གདགས་ཕྱིར།། འདི་བྱས་བདུད་རྩི་ལྟ་བུའི་བསོད་ནམས་ཀྱིས།། ཐམས་ཅད་ཀུན་གྱིས་བདེན་པ་མཐོང་བར་ཤོག། དཔལ་གདན་བཞིའི་སྒྲུབ་པའི་ཐབས། སློབ་དཔོན་ཆེན་པོ ་བྷ་བ་བྷ་ཊས་མཛད་པ་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་བོད་ཀྱི་མཆེ་བ་ཆེན་པོ་འགས་ལྷས་བཅས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་དགེ་ལེགས་འཕེལ། ་