CLOSE WINDOW

GT485: rnal 'byor gyi rgyud dpal gdan bzhi pa'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཙ་ཏུ་རཱི་བྷཱི་ཡོ་ག་ཏནྟྲ་སཱ་དྷ་ནོ་བི་ཀ། བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཡི་གེ་བཞི ་དང་ཕྱག་རྒྱ་ནི།། བཞི་ལ་སོགས་པས་རྣམ་བརྒྱན་དང་།། སློབ་མ་མན་ངག་འགྱེད་པའི་བླ།། ཀླུ་སྒྲུབ་ལ་ཡང་ཕྱག་འཚལ་ཏོ།། ཆོ་ག་རྫོགས་ཤིང་རྣམ་གསལ་བ།། སྔགས་དང་ཕྱག་རྒྱ་སོགས་པོས་བརྒྱན།། སེམས་ཅན་ཀུན ་ལ་ཕོན་བསྐྱེད་པ།། རྣལ་འབྱོར་གྲུབ་པ་བཤད་པར་བྱ།། སྡེབ་སྦྱོར་དང་ནི་ཚིག་ཕྲད་མེད།། སྒྲ་ཡི་མཚན་ཉིད་རྣམ་སྤངས་ལ།། རྣལ་འབྱོར་ཚིག་གི་རྣལ་འབྱོར་པའི།། རྣལ་འབྱོར་བསྟན་བཅོས་ཡིན་པར་བཤོད།། འདི་ལ་དང་པོར ་དཔལ་གདོན་བཞི་པ་ཞེས་བྱ་བའོ།། རྣལ་འབྱོར་མའི་རྒྱུད་ཆེན་པོའི་ལྷ་རྣམས་མཉེས་པར་བྱེད་འདོད་པའི།། འདོད་པ་ཞི་བ་ལ་སོགས་པོའི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་པོས་ཡིད་དང་རྗེས་སུ་མཐུན་པའི་གནས་གང་ཡང་རུང་བར ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བོར་བྱ་བའི་ཕྱིར་དཔལ་རྣལ་འབྱོར་ནམ་མཁར་བདག་ཉིད་གྱུར་ཅིག་སྙམ་པའི་བསམ་པས་ནང་ཚངས་ཅན་གྱི་སྟན་འཇམ་པོ་ལོ་སོགས་པ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། དྲིའི ་དཀྱིལ་འཁོར་ཁྲུ་གང་བ། གྲུ་བཞི་པར་མཉམོ་ཤིང་རྣམ་པར་དག་པར་བྱས་ལ། མེ་ཏོག་ཡིད་དུ་འོང་བའི་སོལ་མས་གཏོར་བར་བྱའོ།། དེ་སྐད་དུ་ཡང་། དྲི་ལ་སོགས་པ་གཡ་སུ་བཞག། བསོང་གཏོར་གཡོན་དུ་བཞག་བྱེ ་ཞིང་། མདུན་དུ་མཆོད་ཡོན་ལ་སོགས་དང་། ཡུངས་ཀར་མེ་ཏོག་ཙན་ད་ནཱ་གཞག། ཅེས་གསུངས་པའི་ཕྱིར་རོ།། དེ་ལྷུར་ཏིང་ངེ་འཛིན་དང་པོ་ལ་དམིགས་ནས་ལྐོག་མ་ལ་སོགས་པ་སྦྱང་བར་བྱ་སྟེ། ལག་པ ་གཡས་པར་ཉི་མའི་དཀྱིལ་འཁོར་དམིགས་ལ།། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་ལ།། ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཡོངས་སུ་གྱུར་པ་ལས། ལྷ་མོ་རྣམས་རྩེ་མོ་རྣམས་ལ་བསྒོམ་པར་བྱའོ།། ལག་པ་གཡོན་པར་ཟླ་བ་རྣམོ་པཱར་བཀོད་ལ། ཧྲཱིཿ ་ལས་བྱུང་བའི་པདྨ་འདྲུབ་མ་བརྒྱད་བཱར་ཧཱུཾ་སྐྲྀ་ཙྪ་སྨྲྀ་ཡོངས་སུ་གྱུར་པ་ལས།། བྱུང་ངུའི་ལྷ་མི་རྣམས་བསམ་པར་བྱའོ།། དཀར་པོ་དང་དུད་ཁ་དྲང་དུང་དང་པདྨ་ལ་སྩོགས་པོ་ནི་གམས་པའི་སོར་མོ་དགོད་དོ།། གི་ཝ~ཾ་དང་དྲི་མ་གསུམ ་xxx། xxx ་བསུམ་པ་ལྔ་གླནས་བྱའི་པདྨའི་འདུབ་མི་ག་ཅིག་ལཾ། རྡོ་རྗེ་བཟང་པོ་ནས་འབྲུ་ཙམ་དབུས་སུ་ཡི་གེ་ཨོཾ་དང་ལྡན་པར་ལྕེ་ལྷ་བསམས་ཏེ་སྦྱང་ངོ་།། སྙིང་གཱའི་ཉི་མའི་དཀྱིལ་འཁོར་གྱི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཙྪ ་གི་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱིས་སེམས་ཅན་རྣམས་འབད་པས་ཡང་དག་པར་སྦྱངས་ནས་འོད་ཟེར་གྱི་ཕྲེང་བ་རྣམས་སྐད་ཅིག་ཙམ་གྱིས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེས་བརྒྱན་པའི་གནས་སུ་པདྨ་དང་ཟླ་བའི་གད་ནལ ་བཞུགས་པ། དུང་དང་། ཀུན་ད་ལྟར་དཀར་ཞིང་འོད་བཟང་བ། ཕྱག་གཉིས་པ་སེམས་དཔའི་དཀྱིལ་མོ་དཀྲུང་དུ་བཞུགས་པ། སངས་རྒྱ་རྫས་དབང་བསྐུར་བའི་ཅོད་པན་མངའ་བ། ཕྱག་གཡས་བྱ་རྡོ་རྗེ་ཐུགས་ཀར་གདེངས་ཤིང ་འཇུག་པ། གགཡོན་པ་དཀུར་བསྙེན་པས་དྲིལ་བུ་བསྣམས་པ། སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།། ན་བཟའི་ཤིན་ཏུ་མཛེས་པས་བརྒྱན་པ། འོད་ཟེར་གྱི་ཕྲེང་བ་དཔ་ཏུ་མེད་པ་འཕྲོ་བར་བསྣམས་ལཱ། བཛྲ་སྭཏྭོ ་ཧཾ་ཞེས་བརྗོད་དེ། གཡས་པས་རྡོ་རྗེ་གསོར་ནས་འོད་ཟེར་ལྔའི་ཚོགས་ཀྱིས་ས་འོག་རིམ་པ་བདུན་དང་། བགེགས་རྣམས་ཚིག་པར་གྱུར་པར་བསམ་མོ།། དེ་སྐད་དུ། གཞི་དང་རྣམ་བཞི་ཉིད་དང་ནི།། གཞི་ཉིད་གཞི་མེད ་རོ་ཡི་གཞི།། གཞི་བཟངས་དང་ནི་ངེས་པ་བཞི།། ས་འོག་བདུན་དུ་བསྒྲགས་པ་ཡིན།། ཞེས་པས་བཤད་པས་སོ།། དེ་ལྟར་ཡོངས་སུ་སྦྱངས་ནས་བཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་ཞིང་། སྦྱིན་པ་རྣམ་པར ་དག་པའི་རྡོ་རྗེའི་ར་བ་རིམ་པ་གསུམ་བྱའོ།། སྟེང་དུ་ཚུལ་ཁྲིམས་རྣམ་པར་དག་པའི་རྡོ་རྗེའི་རྭ་བ་རྣམ་པ་གསུམ་བྱའོ།། འོག་ཏུ་བཟོད་པ་རྣམ་པར་དག་པའི་ཕུར་བུའི་ར་བ་ལཱ། གནོད་པར་བྱེད་པ་འགོག་པར་བྱེད་པ། གྲཞོམ ་བའི་ཕྱིར་ཕུར་བུས་གདབ་པོ།། དེ་ལྟར་སྲུང་བའི་འཁོར་ལོ་བསམས་ནས།། ལྕགས་ཀྱུས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར་བས་བཀུག་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པོར་བྱ་སྟེ། རྡོ་རྗེ་ཁོ་ཚུར་གཉིས ་བཅིངས་ལྟ། གཡོན་པ་སྙིང་གར་བཞག་ནས། གཡས་པ་བཀུག་ནས་བསྟོད་དུ། འཇོག་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ།། དེ་ནས་གདན་དབུལ་བར་བྱ་སྟེ། རིན་པོ་ན ་སེང་གེའི་གདན་གྱི་སྟེང་དུ་པདྨ་དང་། ཟླ་འི་བའི་སྟེང་དུ་བཞུགས་ནས། གདུགས་དཀར་པོས་བརྒྱན་པར་བྱས་ལ། མཆོད་ཡོན་དང་། ཞལ་བསིལོ་དང་། མཆོད་པ་རྣམ་ལྔས་ཡང་དག་པར་མཆོད་དེ། རྡོ་རྗེ་དྲིལ་བུ་བླངས ་ལ། ཨཱ~ཾ་ཀཱ་ཡ་ཏུ་ཥྱཾ་ཧོ། བཱཀྵཱ་ཥྱ་ཧོ། ཙིཏྟ་ཏུཥྱ་ཧ~ཾ། ཞེས་དྲིལ་བུ་དཀྲོལ་ཞིང་བསྟོད་པའི་མཆོད་པས་བསྟོད་པར་བྱའོ།། དེ་ནས་ཐ་མལ་པའི་སྦྱོར་བས་དམིགས་ལ། ལྷ་དེ་ཉིད་ཀྱི་སྤྱན་སྔར་བདག་ཉིད་དངུལ་བར་བྱའོ།། ཨོཾ ་པཉྩ་ཌཱ་ཀི་ནཱི་པུ་ཛོ་བསྠཱ་ནཱ་ཡཱཏྨ་ནཱི་ནོཪྻཱ་ཡཱ་མི། ཨོཾ་ཨ་ར་ཙརྱ་པུ་ཙོ་བསྠཱ་ན་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མྲི། ཨོཾ་སཏྭནྡོཏྟ་རཱ་ཡོཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ཁྲོ་དང་ང་རྒྱལ་ལས་ལྡོག་ཅིང་།། བརྫུན་དང་ཞོ་གཅོད་ཚིག་རྣམས་དང་། སྡིག་པའི ་གྲོགས་དང་འཆེ་བའི་གཞི།། མ་བྱིན་ལེན་པས་ལྡོག་པར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་པར་བདུག་ཉིད་སྐྱབས་སུ་མཆེ།། ཐེག་པ་གསུམ་ནི་ཐམས་ཅད་དང་།། རྣལ་འབྱོར་གསང་སོགས་མཁའ་འགྲོ ་མོ།། དཔའ་བོ་དཔའ་མོ་དབང་ཕྱུག་མོ།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ།། ཁྱད་པར་དུ་ཡང་སློབ་དཔོན་ལ།། བདག་ནི་རྟག་པར་སྐྱབས་སུ་མཆི།། རང་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཚིགས་སུ་བཅད་པ་ཡང་བརྗོད་པ ་བྱ་སྟེ། ཕ་དང་མ་ནི་གསད་པ་དང་།། རྒྱལ་པོ་གཙང་སྦྲར་སྤྱོད་གཉིས་དང་།། ཕོ་བྲང་འཁོར་བཅས་བཅོམ་པ་ནི།། དག་པའི་ལུས་ཞེས་བྱ་བར་བཤད།། དེ་ནས་སྙིང་གའི་པདྨ་དཀར་པོ་ལཱ་ཀྵུཾ་བསམས་ལ། དེ་ལས ་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་དང་། བདག་ཉིད་ཀྱང་མི་སྣང་བར་བྱ་སྟེ། སྒྲ་མ་འགགས་པར་བསྣམས་ལཱ། ཨོཾ་སྱཱ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷ་ཧཱུཾ། ཞེས་བརྗོད་དོ།། ཡུཾཀྵུཾ་སུཾ་ཧཱུཾ་ལས ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་བས་མ་ལ། ཀྵུཾ་ལས་འོ་མ་ཅན་གྱི་རྒྱ་མཚོ། སུཾ་ལས་རི་རབ་བསམ་པའི་སྟེང་དུ་རྡོ་རྗེ་བུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐམས་ཅད་བསྲེགས་ནས། འོད་ཟེར་དེ་རྣམས་ཡོངསུ ་གྱུར་པ་ལས།། རིན་པོ་ཆེ་སྣ་ཚོགས་བཀོད་པའི་ཁང་པ་བརྩེགས་པ་བསམས་པར་བྱ་སྟེ། ཟུར་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་རྣམ་པར་བརྒྱན།། རྡོ་རྗེའི་ཀ་བས་བརྒྱན་པོར་ཡང་།། སྣ་ཚོགས་མཚན་མར ་རྣམ་པར་དགོད།། དྲིལ་བུ་དྲ་བའི་ཕྲེང་བ་དང་།། དྲ་བ་དྲ་ཕྱེད་བསྐོར་བ་ལ།། ཟུར་བཞི་དག་ཏུ་རྡོ་རྗེ་དང་།། རིན་ཆེན་ཟླ་བ་ཕྱེད་པས་བརྒྱན།། སྒོ་རྣམས་སུ་ནི་བུམ་པ་ལ།། གནས་པའི་རྒྱལ་མཚན་བསྒྲེང་བར་བྱ།། ཤར ་གྱི་སྒོར་ནི་པདྨ་ལ།། སེང་གེས་མཚན་མ་བསྒྲེང་བྱ་སྟེ།། བྱང་སྒོར་པདྨ་རྨ་བྱ་ཡིས།། མཚན་མ་དག་ནི་བསྒྲེང་བར་བྱ།། པདྨ་དང་པོས་མཚན་པ་ཡི།། རྒྱལ་མཚན་ནུབ་ཏུ་བཞག་པར་བྱ།། པདྨ་ཆུ་སྲིན་གྱིས་མཚན ་བ།། དེ་བཞིན་ཙྪ་ཡི་ཕྱོགས་སུ་བ་ཞག། དང་པོའི་དཀྱིལ་འཁོར་ཕྱོགས་ཀྱི་མདོག། གཉིས་པ་ཁྲག་ལྟར་དམར་བའོ།། གསུམ་པ་མཁའ་ལྟར་སྔོ་བསངས་ཏེ།། སྣུམ་བུ་གསེར་གྱི་མདོག་ཅན་ནོ།། ་རྣལྔ་འབྱོར་དབང་ཕྱུག་ཆེ་རྣམས་ཀྱང་།། རྟག་ཏུ་ཆུ་ལོ་ནི་འདྲི་བཞིན་རྟག། དབུས་སུ་སེང་གེ་ཡི་ནི་གདན།། ཤར་དུ་གླང་པོ་ཆེའི་གདན།། བྱང་ཕྱོགས་སུ་ནི་རྨ་བྱའི་གདོན།། ནུབ་དུ་ན་མཁའི་ལྡིང་གི་བདན།། ལྷོ་རུ་ཅི་བགྱི་ཞེས ་བྱའི་གོད་ན།། དབང་ལྡན་ཕྱོགས་སུ་སྟེང་གེའི་གདན།། མེ་ཕྱོགས་རྡོ་རྗེ་གདོང་གི་གྲདན།། བདེན་བྲལ་ཕྱོགསུ་མ་ཧེའི་གདན།། རླུང་གི་ཕྱོགས་སུ་ལྕེ་སྤྱང་གད་ནཽ།། སྒོ་བཞི་དག་ཏུ་རོ་ཡི་གདན།། གཉིས་པའི་འཁོར་ལོ་ཟླུམ ་བཽ་ལ།། པདྨ་དང་ནི་ཟླ་བའི་གདན།། རིམ་པ་གསུམ་པ་ཉིད་ལ་ནི།། འཇིག་རྟེན་པ་ཡི་རབ་གྲགས་གདོན།། དེ་ལྟར་གད་ན་ཡོངས་སུ་བརྟགས་ནས་དེ་བསྲུང་བར་བྱའི་ཕྱིར།། རྡོ་རྗེ་ར་བ་ལ་སོགས་པ་དང་།། དྲ་བ་དང་ཕུར་བུ་ལ ་སོགས་པ་བྱོས་ལ། གཙོ་བོའི་གདནཱ་པདྨ་དཀར་པོ་ལ་ཨཱ་ལྀ་ཡོངསུ་གྱུར་པ་ལས།། ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀཱ་ལི་ཡོངསུ་གྱུར་པ་ལས།། ཉི་མོའི་དཀྱིལ་འཁོར་ཏེ། གཉིས་པ་དེའི་སྟེང་དུ་ཡི་གེ་ཧཱུ~ཾ་ལ་ཕྱོགས ་ཀྱི་མངབ་མོ་ལ་གནས་པའི་ལྷ་མོ་བཞིས་བསྐུལ་བར་བསམ་པར་བྱི་སྟེ། ཛ་ཛ་ཛ་ཛ་བཛྲི་སཏྭ་བ་ཏྲ་ན་ར་སིདྡྷི། མ་ཧཱ་མ་ཧཱ་ཧེ་ཧི་ཧ་ཧ་ཧཱུཾ་ཀ་རི་ནཱ་ཐ། ས་མ་ཡོ་ཧཾ་ན་མ་ཏ་མི་ཏེ། བ་བ་བ་བ་བཛྲ་སྥོ་ཊ་གུ་ཧྱངྒ་ཏེ་དེ་ཧ་དྷརྨཱ། ཨོཾ་ཨ་ཨ ་ཨ་ཨཱ་ཧོ་ཏོ་ཥཊ། བཛྲ་ལི་མེ་ཀ་ཤུ་ལོ་ཡཱ་ན་ཧཱུཾ། བཞི་པོ་དེས་དེ་ལྟར་བསྐུལ་ནས། ཡི་གེ་ཧཱུཾ་དེར་ཐིམ་པར་གྱུར་པར་བསམས་ལ། དེའི་འོད་ཟེར་མོ་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པཱ་བསམ་པར་བྱ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ་ཨོཾ་བཛྲ་ཤུདྡྷ་དྷཱུ་སརྦ་དྷརྨྨཱ་བཛྲཱཾ་ཤྭདྡྷོ་ཧི། ཞེས་བརྗོད་ལ། ལྟེ་བའི་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱངས་ནས། བྱེ་བ་སྒྲུབ་པཱ་ལི་རོ་གཅིག་པར་གྱུར་པོ་དང་། སེང་གེའི་གདུན་གྱི་སྟེང་དུ་རང་གྱི ་གནས་སུ་སྦྱོང་ཞིང་། ཉི་མའི་དཀྱིལ་འཁོར་ཡང་བསུམས་ལ། གདུགས་དཀར་པོས་བརྒྱན་ཏེ། དེ་ནས་ཞལ་གསུམ་པ་དང་། ཕྱག་དྲུག་པ་སེམས་དཔོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ནི་གྲོལ་ཞིང་རྣམ་པར་འཕྲོ།། ་ཐོད་པའི་ཕྲེང་བས་རྣམ་པར་བཅིངས།། རྡོ་རྗེ་བརྒྱན་པའི་རྩེ་བྲན་ཡང་།། སངས་རྒྱསྔ་ནི་རྣམ་པར་བརྒྱན།། སྐུ་མདོག་སྔོ་ཞིང་ཤས་ཚོར་བྲེགས།། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན།། ཁྲོ་བོ་སྒེག་པ་རྣམ་པར་བཞད།། ཞལ ་གསུམ་སྦྱིན་ནི་རྣམ་པ་གསུམ།། གད་རྒྱངསུ་ཧཱུ~ཾ་ཧས་ཞལ་དྲེགངས་པ།། ན་བཟའ་དྲི་མེར་པོས་ཉེ་བར་མཛེས།། ཁ་ཊྭཱཾ་ག་ནི་གྱེན་དུ་བསྒྲེང་།། གཉིས་པ་ལ་ནི་དགྲ་སྟེ་ཉིད།། གསུམ་པོ་རྟག་ཏུ་རྡོ་རྗེ་ཅན།། གཡོན་གྱི་དྲིལ་བུ་ངེས ་དཀྲོལ་ཞིང་།། གཉིས་པས་རྣལ་འབྱོར་པ་ཡི་སྣོད།། དེ་བཞིན་གསུམ་པས་རལ་གྲི་བསྣམས།། འོད་ཟེར་དཔག་མེད་ལྡན་པར་ནི།། མཁས་པས་དབུས་སུ་བསྒོམ་པར་བྱ།། སྐུ་མདོག་དཀར་ཞིང་རབ་མཛེས་པའི།། ཕྱག་གཉིས ་མགྲིན་པར་འཁྱུད་ནས་སུ།། མ་མཆུ་ཚེམས་ཀྱིས་འདེབས་པར་མཛད།། ཞབས་ཀྱི་ཚོགས་ཀྱིས་དཀྲིས་ནས་སུ།། རྡོ་རྗེ་པདྨར་ཐིམ་པར་མཛད།། ཡན་ལག་རྒྱན་ཀུན་གྱིས་བརྒྱན་ཅིང་།། ཤིན་ཏུ་མཛེས ་བའི་གྲོས་གསོལ་ནས།། ཤེས་རབ་དང་ནི་འདུས་ནས་བཞུགས།། དེ་ནས་བ་དན་གསུམ་པའི་ཕྱག་རྒྱས་ཡི་གེ་བརྒྱད་དགོད་པར་བྱ་སྟེ། ཀྵུཾ་ནི་སྤྱི་བོར་རྣམ་པར་བསམ།། ཡི་གེ་ཧཱུཾ་ནི་མིག་གཉིས་སུ།། ཡུ~ཾ་ནི་རྣ་བ་སྣ་གཉིས་སུ།། ་སུམ་ནི་ལྕེ་ལ་ཡང་དགའ་བར།། ལྐོག་མར་སྨཻ་བསམ་པར་བྱ།། ནང་འཚོང་དེ་བཞིན་ཧཱུ~ཾ་བས་མོ།། སྙིང་གའི་ཕྱོགས་སུ་ཡྨྼ;ྻུཾ་ངོ་།། ལྟེ་བོར་ཀྵཾ་དགོད་པར་བྱ།། དེ་ལྟར་བསམས་ནས་ལྕགས་དཀར་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཀུག ་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང་། རླུ་མཆོད་ཡོན་དང་། ཞལ་བསིལ་དང་ཆུ་གདན་བསྟབས་ལ་ཡོང་དག་པར་རཱི་མཆོད་དོ།། བྷྲཱུ~ཾ། ཨོཾ་བཛྲོ་ཨཾ་ཀུ་ཤ་ཛཿཛཿཧཱུཾ་བཾ་ཧོཿཞེས་བྱ་བས་རྣལ་འབྱོར་ནུ་མཁའི་ཐུགས ་ཀར། ཉི་མའི་དཀྱིལ་འཁོར་ལ་བཅུག་ལ། བཅིངས་ཏེ་དབང་དུ་བྱས་ནས་མཉེས་པར་བྱའོ།། ཨོཾ་ཧཱུཾ་ཨཱ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས།། ཉི་མའི་ལུག་པས་སངས་རྒྱས་ལྔའི་དབང་བསྐོར་བྱ་བརྟག་པོར་བྱའོ།། སྔགས ་འདིས་རྒྱན་གྱི་ཕྱག་རྒྱ་དངུལ་བར་བྱའོ།། བཤད་མ་ཐག་པའི་རིམ་པོས་གསང་སྔགས་ཀྱིས་བསྐྱེད་པའི་ལྷའི་སྐུ་ལ་མངོན་པོར་ཞེན་པ་བསལ་བར་བྱ་བའི་ཕྱིར་སྔགས་འདིས་བརྗོད་པར་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷོཿསརྦ་དྷརྨཱ་ཡོ ་དོ་ཤུདྡྷོ་ཧ~ཾ། དེ་ནས་ཐབས་དང་ཤེས་རབ་ཤིན་ཏུ་ཐིམ་ཞིང་།། སྒྱུ་མ་ལྟ་བུར་ལྷག་པར་མོས་པས། བདག་དང་གཞན་གྱི་དོན་རྫོགས་པར་བྱེད་པའི་དཀྱིལ་འཁོར་དབྱུང་བར་བྱ་སྟེ། སུམ་བཟླས་པ་ལས་ཡང་དག་འབྱུང་།། ་དུང་དང་ཀུན་ད་ཟླ་འོད་བཅས།། ཕྱག་གཉིས་སྒྲ་ནི་རྣམ་པར་གྲོལ།། སངས་རྒྱས་ཕྲེང་བས་རྣམ་པར་བརྒྱན།། ཡན་ལག་བརྒྱན་རྣམས་རྣམ་པར་བརྒྱན།། རིགས་གསུམ་ཁྲོ་བོ་ཧཱུ~ཾ་མཛད་པ།། ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད།། ་འོད་ཟེར་དཔག་བ་དུ་མེད་པ་འབར།། ཤམ་ཐབས་གླང་པོའི་པགས་པ་སྟེ།། ན་རོའི་བགེས་པ་གོས་སུ་མན་པོས།། མེ་ཡི་དཀྱིལ་འཁོར་འོད་འཁོར་ལོ།། གློང་ཆེན་རོལ་པའི་སྟབས་ཀྱིས་བཞུགས།། རྡོ་རྗེ་ལྕགས་ཀྱུས་བཀུག་ནས ་ནི།། རྡོ་རྗེ་མཁའ་འགྲོ་མ་ཤར་དུ།། ཨོཾ་ཨཱཿསྭཱ་ཧཱ།། ས་ཡི་དབུགས་ཕྱིན་ལས་བྱུང་བ།། ཨཱ་སྐྱེས་མི་བཟད་མཁའ་འགྲོ་མ།། སྐུ་མདོག་སེར་མོ་ཤིན་ཏུ་མཛེས།། རྣམ་པར་གཙིགས་པ་ཧ་ཧར་བཞད།། དབུ་སྐྲ་གྱེན ་དུ་རྣམ་པར་འབར།། སངས་རྒྱས་ལྔའི་དབུ་རྒྱན་ཅན།། རྨེ་བྱའི་གདན་ནི་རྣམ་མནན་ནས།། སྐྱིལ་ཀྲུང་དགེ་ནི་ཕྱེད་པས་བཞུགས།། རྒྱན་རྣམས་ཀུན་གྱིས་སྐུ་ལ་བརྒྱ་ནི།། ཕྱག་གཉིས་རྣམ་པར་མཛེས་པས་ན།། ཁ་ཊྭཱཾ་རྣལ་འབྱོར ་སྣོད་དག་བསྣམས།། མེ་ཡི་དཀྱིལ་འཁོར་ལ་བཞུགས་པོས།། ཤམ་ཐབས་གླང་པོའི་པོགས་པ་སྟེ།། ན་རའི་པགས་པ་གོས་སུ་མནབས།། ལྷ་མོ་དེ་ལྟར་བསྒོམ་བྱ་བོ།། རྟག་ཏུ་བྱང་གི་ཕྱོགསུ་བཞུགས།། ཨོཾ་ཨཱ་སྭཱ་ཧཱ། ་ཨཱ་སྐྱེས་མེ་ཡི་དབུགས་ལས་བྱུང་།། རོ་ལངས་མ་ནི་ནུབ་ཏུ་དགོད།། མཁའ་ལྡིང་གདན་ལ་བཞུགས་ནས་ནི།། ཙུག་པུའི་འདུག་སྟངས་དག་གིས་བཞུགས།། ཁ་དོག་དམར་ཞིང་ཤིན་ཏུ་མཛེས།། ཕྱུགཉིས ་འཇིགས་པའི་ཧཱུཾ་མཛད་པ།། སྐེ་ནི་འབར་ཞིང་རྣམ་པར་དགྱེས།། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན།། ཁ་ཊྭཱཾ་རྣལ་འབྱོར་སྣོད་བསྣམས་ཤིང་།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཤམ་ཐབས་གླང་པོའི་བྲགས་པ་སྟེ།། ་ན་རིའི་པགས་པ་གོས་སུ་མནབས།། མི་གཱ་ཡོ་འཚེ་བ་མེད་པ་ཡི།། བསམ་པས་ཀུན་ནས་བསྒོམ་པར་བྱ།། ཨོཾ་ཨཱི་སྭཱ་ཧཱ། ཨཱ་སྐྱེས་རླུང་གིས་དབུགས་འབྱིན་འབྱུང་།། གཏུམ་མོ་ལྷ་ཡི་དབང་ཕྱུག་མ།། མདོག་སྔོན་མི་ཟད་ཆེན་མོ་སྟེ། ་ཧ་ཧཱའི་གང་རྒྱུངས་འཇིགས་པ་སྒྲོགས།། ཅི་བགྱིའི་གདན་ལ་གནས་ནས་ནི།། པུས་མོའི་སྐྱིལ་ཀྲུང་དག་གིས་བཞུགས།། དབུ་སྒོ་དམར་པོ་རྣམ་པར་འཐོར།། སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན།། ཕྱག་གཉིས་རྣལ་འབྱོར་སྣོང ་དང་ནི།། ཁ་ཊྭཱཾ་ག་ནི་རབ་ཏུ་བསྣམས།། སྐུ་ལ་རྒྱན་རྣམས་ཀུན་གྱིས་བརྒྱན།། ཤམ་ཐབས་གླང་པོའི་པགས་པ་སྟེ།། ན་རའི་བགོས་པ་གོས་སུ་མནབས།། ལྷོ་རུ་རྟག་ཏུ་བསྒོམ་པར་བྱ།། ཨོཾ་ཨོཾ་ཨ་ཨོཾ་སྭཱ་ཧཱ། རི་ཡི་ས་བོན་ལས ་བྱུང་བ།། ལྷ་མོའི་མིང་ནི་སེང་གི་ཅན།། སེང་གེའི་གདན་ལ་རྣམ་པར་བཞུགས།། རོལ་པའི་སྟངས་སྟབས་དག་དང་ལྡན།། དཀར་དང་སེར་ལ་སོགས་མདོག་ཅན།། འབར་བའི་འོད་དང་འདྲ་བའི་འོད།། ཕྱག་གཉིས་ནི་བཟའ་དམར་པོ་བསྣམ ་རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ལག་པ་གྱེན་གདེངས་རལ་གྲི་དང་།། གཡོན་པ་སྡིགས་མཛུབ་ཞགས་པའོ།། བདུད་རྣམས་ཐམས་ཅད་སྐྲག་བྱེད་པ།། དབང་ལྡན་ཕྱོགས་སུ་རྣམ་པར་དགོད།། ཨོཾ་ར~ཾ་སྭཱ་ཧཱ། རཱི་ཡི་ས ་ས་བོན་ལས་བྱུང་བ།། རྡོ་རྗེ་མཆུ་ཅན་ཟླ་བས་བརྒྱན།། དཀར་དང་གནག་ལ་སོགས་མདོག་ལྡན།། དཀྱིལ་འཁོར་ཚམ་ངམ་གནས་པས་བཞུགས།། ཕྱག་གཉིས་ཁྲོ་བོའི་བཞད་པར་ལྡན།། ན་བཟའ་དམར་པོས་རྣམ་པར་བརྒྱན།། ་ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་ལྡན།། སྟགྲྀ་མོ་མེ་ཡི་ཕྱོགསུ་བཀོད།། ཨོཾ་རཱྀ་སྭཱ་ཧཱ། ལི་ཡི་ས་བོན་ལས་བྱུང་བ།། ཝ་མོ་ནག་མོ་རྣམ་པྲེ་ར་མཱཛེས།། མ་ཧེའི་གདན་ལ་རྣམ་གནས་ཤིང་།། སྐྱིལ་ཀྲུང་ཕྱེད་པར་ཡང་དག་ལྡན། ་ཕྱག་གཉིས་དགྲ་སྟ་ཞགས་པ་བསྣམས།། མེ་ཡི་དཀྱིལ་འཁོར་དག་གིས་བརྒྱན།། མཆེ་བའི་གཟུགས་ནི་གཙིགས་པ་དང་།། ཧཱ་ཧ་བཞད་ཅིང་ཤིན་ཏུ་འཇིགས།། ན་བཟའ་དག་ནི་དམར་པོ་མནབོས།། བདེན་བྲལ་ཕྱོགས་ཀྱི་ལྷ་མོ ་ཡིན།། ཨོཾ་ལི་སྭཱ་ཧཱ། ལཱི་ཡི་ས་བོན་ལས་བྱུང་བའི།། ལྷ་མོ་འུག་པ་མོ་ནི་དབྱུང་།། སྐུ་མདོག་དམར་དང་སེར་བར་སྣང་།། ལྕེ་སྤྱང་གི་ནི་གདན་ལ་བཞུགས།། ཅོག་པུའི་འདུག་སྟངས་ཡང་དག་ལྡན།། གཾ་ཕྱག་གཉིས་དབྱིག་པ ་སྒོབསྣམས་ཤིང་།། རྒྱན་རྣམས་ཀུན་གྱི་རྣམ་པར་བརྒྱན།། ན་བཟའ་དག་ནི་དམར་པོ་གསིལ།། འབར་བའི་མེ་དང་མཉམ་པའི་འོད།། ལྷ་མོ་དེ་ལྟར་བསྒོམ་བྱ་བ།། ཤིན་པ་རླུང་གིས་ཕྱོགས་སུ་གནས།། ཨོཾ་ལཱྀ་སྭཱ་ཧཱ། ནོང་གི ་དཀྱིལ་འཁོར་སྒོ་རྣམས་སུ།། སྒོ་སྲུངས་རྣམ་པ་བཞི་དག་ནི།། ལྷ་འགུགས་ལ་སོགས་རྣམ་པར་འབྲེལ།། བསྒོམ་པ་དེ་ཉིད་བདག་གིས་བསྒོམ།། རང་སྔགས་ལས་བྱུང་མཁའ་འགྲོ་མ།། རྒྱལ་བའི ་དབང་མོ་ཞེས་བྱ་བ།། མདོག་དཀར་ཕྱག་ནི་གཉིས་དང་ལྡན།། རྒྱན་རྣམས་ཀུན་གྱིས་སྐུལ་བརྒྱན།། གཏུམ་མོ་སྐྲ་ནི་རྣམ་པར་འཐོར།། དེ་ཡི་ཞལ་དུ་ཕྱག་མཛད་ཅིང་།། ཧ་ཧ་ཞེས་བཤད་རབ་འཇིགས་མ།། ཡི་དགོས་ཀྱི ་ནི་གདན་ལ་བཞུགས།། འགུགས་པ་ལ་ནི་རབ་བརྩོན་པའི།། ལྷ་མོ་ཤར་གྱི་སྒོ་རུ་དགོད།། ཨོཾ་ཨིཾ་སྭཱ་ཧཱ། རང་སྔགས་ལས་བྱུང་ལྷ་མོ་ནི།། གླང་པོའི་དབང་མོ་ཞེས་བྱ་བ།། དྲག་པོ་ཆེན་མོ་སྐུ་མདོགས་སེར།། ཡི ་དགས་གདན་ལ་རྣམ་པར་བཞུགས།། ཕྱག་གཉིས་ཐལ་མོ་སྦྱར་བ་དང་།། དབུ་སྐྲ་གྱེན་དུ་མེ་ལྟར་འབར།། མི་བཟང་གཟུགས་ཀྱིས་བཞད་བྱ་ཞིང་།། ཤིན་ཏུ་མཛེས་པའི་འོད་ཀྱིས་བརྒྱ་ནི།། འོད་ཟེར་འབེར་བས་འཁྲུགས་ཤིང ་གསལ།། བྱང་གི་ཕྱོགས་སུ་རྣམ་པར་དགོད།། ཨོཾ་ཨཾ་སྟྭ~ཾ་ཧཱ། རང་སྔགས་ལས་བྱུང་འཛབ་མ་ནི།། རྒྱལ་བའི་དབང་མོ་ཞེས་བྱ་བ།། མདོག་དམར་འཇིགས་པའི་སྒྲ་སྒྲོགས་པ།། ཡི་དགས་ཀྱི་ནི་གདན་ལ་བཞུགས།། ་རབ་མཛེས་གཽ་ནི་རྣམ་པར་མནབས།། ཕྱག་མཐིལ་གཉིས་ནི་སྱཱད་བུ་དམར།། ཐལ་མོ་ཁྱེར་བས་ཁྲག་གསོལ་བ།། མེ་འབར་བ་ཡི་འོད་མངའ་བ།། དྲག་པོ་འཆིང་བར་བྱེད་པ་ཡི།། འཇིབ་མ་ནུབ་ཏུ་བསྒོམ་པར་བྱ།། ཨོཾ་ཧྲཱི ་ཧ~ཾ་སྭཱ་ཧཱ། རང་སྔགས་ལས་བྱུང་ལྷ་མོ་ནི།། ཀཾ་བུ་ཛཱི་ནཱི་ཞེས་བྱ་བ།། མདོག་གནག་རོ་ཡི་གདན་ལ་བཞུགས།། ཕྱག་གཉིས་སྐུ་ནི་རྣམ་པར་འཐོར།། རབ་མཛེས་ན་བཟའ་དམར་པོ་མནབས།། སངས་རྒྱས་ཀུན་གྱིས་རྣམ་པར ་བརྒྱ་ནི།། ཕྱག་ནཱ་ཐོ་བ་སྡིགས་མཛུབ་ལྡན།། འགྲོ་བའི་སེམས་ནི་རྨོངས་པར་བྱེད།། དྲག་ཅིང་མེ་འབར་འདྲ་བའི་འོདྲ།། ལྷོ་ཕྱོགས་སུ་ནི་བསྒོམ་པར་བྱ།། ཨོཾ་པྲི་སྭཱ་ཧཱ། རིམ་པ་དག་ནི་གཉིས་པོ་ལ།། རྣལ་འབྱོར་མ་རྣམས ་མཁས་པོས་དགོད།། སྤོས་བྱེད་འཛུབ་བྱེད་གཏུམ་མོ།། ཤར་གྱི་ཕྱོགས་ཀྱི་ལྷ་མོ་ཡིན།། བདུད་རྩིས་གང་བའི་ཐོད་པ་ལོ།། སྒེག་པའི་ཕྱག་ནརྀ་རྣམ་པར་མཛེས།། དྲག་མོ་ཁྲག་འཐུང་ཤྲ་ཟ་མ།། བྱང་གོ་ཕྱོགས་ཀྱི། ་ལྷ་མོ་ཡིན།། ལྕགས་ཀྱུ་ལ་སོགས་ལྔ་རྣམས་ཀྱིས།། བཀང་བཱའི་ཐ~ཾད་པ་ཕྱག་ན་བསྣམས།། གཏུམཱཾ་འབར་འཇིགས་སུ་རུང་བ་ནི།། ནུབ་ཀྱི་ཕྱོགས་ཀྱི་ལྷ་མོ་ཡིན།། ལུག་པ་གཉིས་ཀྱིས་ཀྱི་པདྨའི་སྣོད།། ཐོགས་པོ་རུ་ནི ་རྣམ་པར་དགོད།། ཐོད་ཅན་རྡོ་རྗེ་ཅན་གུན་དྲྀ།། ལྷོ་ཡི་ཕྱོགས་ཀྱི་ལྷ་མུ་ཡིན།། ཐོད་པ་བཟའ་བཏུང་གིས་ཁེངས་དང་།། རྡོ་རྗེ་དག་ནི་ཕྱག་ནཽ་བསྣམས།། སྐྱེག་མོ་དྲི་ནི་དབང་ལྡན་དུ།། པི་ཝཾ་མེ་ཏོ་གི་མེ་ཡི་ཕྱོགས།། གླུ་མ ་བདུག་སྤོས་འདིན་བྲལ་དུ།། གེར་མ་མེརརེ་མེ་རླུང་གི་ཕྱོགསོ།། སྡུག་པའི་ལྷ་མོ་ཉི་ཤུ་ཡང་།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། འདི་དག་རྒྱུན་སོགས་ཕྱོགས་དང་མཚུངས།། པདྨ་ཟླ་བའི་སྟེང་ན་གནས།། གསུམ་པོ ་གཞན་གྱི་གདན་ལ་ནི།། ཤར་སྒོར་ཁྱབ་འཇུག་གསོལ་བཀའི་ཚུལ།། ཚངས་པ་ལག་ན་རྔ་ཡབ་བསྣམས།། བྱང་གི་སྒོར་ནི་རྣམ་པར་གནས།། དྲག་པོ་ལ་སོགས་བསྟོད་སྒྲར་ལྡན།། ནུ ་ཀྱི་སྒོར་ནི་གཞག་པར་བྱ།། བརྒྱ་བྱིན་རིན་ཆེན་གདུགས་ཐོགས་ལ།། ལྷོ་ཡི་ཕྱོགས་སུ་བཞག་པར་བྱ།། རྔ་དག་བརྡུངས་ཞིང་རྔ་ཡིབ་ཐོགསོ།། གར་དང་གླུ་ཡིས་བརྒྱན་པ་དང་།། སྡེར་བཅས་ཆུང་མར་བཅས་པ་ཡི།། ་བརྒྱ་བྱིན་བྱང་ཤར་མཚམས་སུ་གཽཞག། ལག་ན་རྀ་ན་ཆེན་མྱུ་གུ་ཐོགས།། མྲྀ་ཏིག་དེ་ཤལ་དག་གིས་བརྒྱན།། སྡེ་དང་བཅས་ཤིང་ཆུང་མར་བཅས།། ཀུ་བེ་ར་ནི་ཤར་ལྷོར་བཞག། རྒྱལ་མཚན་གདུགས་དང་བླ ་བྲེར་བཽ་ཅསཽ།། སྡེ་དང་བཅས་ཤིང་ཆུང་མར་བཅས།། འབྱུང་པོའི་ཚོགས་ཀྱི་རྒྱལ་དབང་པོ།། ལྷོ་ནུབ་ཕྱོགས་སུ་བཞག་པར་བྱ།། པི་ཝང་གླིང་བུ་དུ་མ་ཡིས།། གླུ་དང་གར་ལ་སོགས་པ་མཁས།། ཆུང་མར་བཅས་པའི་ཀླུ། ་དབང་ནི།། ནུབ་བྱང་མཚམས་སུ་བཞག་པར་བྱ།། དེ་ལྟར་དཀྱིལ་འཁོར་པའི་ལྷའི་འཁོར་ལོའི་གནས་རྗེ་ལྟོ་བ་བཞིན་དུ་བཞག་ལ།། ཡང་ལྕགས་ཀྱུ་དཀར་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས།། དམ་ཚིག་གི་དཀྱིལ་འཁོར ་ལ་བཞག་སྟེ།། སྔར་བཤད་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། རང་གི་གཟུགས་རྣམས་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ།། དེ་རྣམས་ཀྱི་ཐུགས་ཀར་སྔགས་ཀྱིས་ཕྲེང་བ་རབ་ཏུ ་འབར་བ་ནི་ཆོས་ཀྱི་ཕྱག་རྒྱའོ།། སྤྲོ་བ་དང་བསྡུ་བ་ནི་ལས་ཀྱི་ཕྱག་རྒྱའོ།། དེ་ལྟར་ཕྱག་རྒྱ་བཞི་དང་སྦྱར་ནས་ཐམས་ཅད་ཀྱི་ཅོད་པན་ལ་རྣལ་འབྱོར་ན་མཁྭའི་དབང་བསྐུར་བ་ཉིད་དུ་བྱསམ་པར་བྱའོ།། དེ་ནས་ཕྱག་རྒྱ་བསྟན་པར ་བྱ་བའི་ཕྱིར་གསུངསཽ་པ། དེ་རྣམས་མིང་གི་གིསང་སྔགས་ནི།། ཨོཾ་དང་བསྲེག་པོའི་མཐའ་མའོ།། དྲི་མཱ་གསུམ་གྱི་ཚིགས་གསུམ་ལ།། རོ་ཙཱ་ན་ནི་ལྕགས་ཀྱུ་རེ་སྦྱར།། ཨོཾ་ཨཱ་ཀཪྵ་ནོ་ཧཱུ~ཾ་ཕཊ་སྭཱ་ཧཱ། འཇིག་རྟེན་པ་ལ ་སོགས་པ་དགུག་པའི་སྡུག་དང་ཕྱག་རྒྱའོ།། ཁུ་ཚུརུ་གཉིས་སྦྱར་བརྟན་བཅིངས་ནས།། དྲི་མ་གསུམ་གྱིས་བདུག་སྤོས་གཏང་།། གཉིས་པོ་རེག་པའི་སྦྱོར་བ་ཡིས།། རྡོ་རྗེ་མདུང་ཐུང་བསྟན་པར་བྱ།། ཨོཾ་ཏིཥྛ་ཨཱ་སཱ་ན ་སྭཱཏྠ། གདན་གྱི་སྔགས་དང་ཕྱག་རྒྱའོ།། པཱདྨཱ་སཾ་ཤེས་དཀྲིས་པ་ཡིས།། ས་ཡཱི་གདུགས་དང་རྣམ་ཤེས་མནན།། གཉིས་པོ་ལྕགས་སྒྲོག་དཀྲིས་ནུ་ས་ནི།། ལྷག་མ་བ་དན་གསུམ་པར་བསྒྲེང་།། དྲི་མ་གསུམ་ནི ་བདུག་སྤོས་རེག། རྡོ་རྗེ་རྩེ་ནི་ལྔ་པ་སིན།། ཨོཾ་ཧཱུཾ་ཧཿསྭཱ་ཧཱ།། རྣལ་འབྱོར་ན་མཁའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་གཉིས་ནི་བརྟན་བཅིངས་ལ།། གུང་མོ་གཉིས་ནི་བརྐྱང་བར་བྱ།། མཛུབ་མོ་བདུན་དུ་ཁེ་སྤྲད་ལ།། ཡེ ་ཤེས་ལྷ་མོ་དག་ལ་བསྟན།། ཨོཾ་ཨོཾ་ཨ་སྭཱ་ཧཱ།། ཡེ་ཤེས་མཁའ་འགྲོ་མའི་སྔགས་དང་ཕྱག་རྒྱའོ།། ལག་པ་དང་ནི་ལག་པར་སྦྱར།། མཐེ་བོང་དབུས་སུ་གཞུག་པར་བྱ།། ཡང་དོང་ཡང་དུ་བསྐྱོད་བྱས་ལཾ། ཤར་གྱི ་རྡོ་རྗེ་ཅན་ལ་བསྟན།། ཨོཾ་སྱཱཾ་ས་སྭཱ་ཧཱ།། རྡོ་རྗེ་ཅན་མའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་མཉམ་པར་བརྟན་བཅིངས་ལ།། མཐེ་བོང་གཉིས་ནི་རྣམ་པར་བརྐྱང་།། དྲག་མོ་ལ་ནི་ཕྱག་རྒྱ་བསྟན ་བྱང་གི་ཕྱོགས་སུ་བརྩམ་པར་བྱ།། ཨོཾ་ཀྵུཾ་ཀྵཱ་སྭཱ་ཧཱ།། དྲག་མེའི་སྔགས་དང་ཕྱག་རྒྱའོ།། འདི་ཡི་ཕྱག་རྒྱ་བརྟན་བཅིངས་ལཾ།། གུང་མོ་གཉིས་ནི་རྣམ་པར་བརྐྱང་།། ནུབ་ཀྱི་ཕྱོགས་སུ་རོ་ལོངས་མ།། ཕྱག་རྒྱ་དེ་ཉིད་ལོ་སྦྱར ་བོར་བྱ།། ཨོཾ་ཡུ་ཡཱ་སྭཱ་ཧཱ།། རོ་ལངས་མཽའི་སྔགས་དང་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་བརྟན་བཅིངསོ་ལ།། མཐེའུ་ཆུང་གཉིས་ནི་རྣམ་པར་བརྐྱང་།། ལྷོ་ཡཽ་ཕྱོགས་སུ་གཏུམ་མོ་ལཱྀ།། ཕྱགྶ་དྷེ་ནི་རྣམ་པོར་བཱརྒྒད་།། ཨོཾ་ཧཱུཾ ་སྭཱཧཱ།། གཏུམྦ་མཱཾའི་སྔགས་དང་ཕྱག་རྒྱའོ།། ཕྱག་རྒྱུ་ཀུན་གྱི་དང་པོ་།། པདྨའི་སྐོར་བ་སྔོན་དུ་བྱ།། རྡོ་རྗེ་བསྡོམས་པ་གཉིས་བྱས་ལྔ།། རོ་རྩན་དཀར་པོའི་ལྕགས་སྒྲོགས་ཡིན།། ཨོཾ་སྨྼ;ྻུཾ་སྭཱ་ཧཱ།། སེ་མའི་སྔགས ་དང་ཕྱག་རྒྱའོ།། དེ་ཡི་ཕྱགེ་རྒྱུ་བརྟན་པོ་ཅིངས་ལ།། དྲི་མ་གོ་སུམྦྷ་དང་དདགྲ་སྤོས་བཏང་།། ཨོཾ་ཧཱུཾ་སྭཱ་ཧཱུཾ།། སྒྲོག་མོའི་སྔགས་དང་ཕྱག་རྒྱའོ།། དེ་ཡི་ཕྱག་རྒྱུ་བསྟན་བཅིངས་ལ།། སྱེ་ཡི་གདུགས་དང་བདེ་ལྕག་སློབ། ཨོཾ་སྨྼ;ྻུཾ ་ཧཱུ~ཾ།། ཝ་མོའི་སྔགས་དོང་ཕྱག་རྒྱའོ།། རྡོ་རྗེ་བཅིངས་པ་གཉིས་ལས་ནོ།། ཕན་ཚུན་དུ་ནི་མངོན་པར་བསྐྱོད།། ཨོཾ་ཕཊ་ཧཱུ~ཾ་སྭཱ་ཧཱ།། འགྲོ་བ་མོའི་སྡིགས་དང་ཕྱག་རྒྱའོ།། ལག་པ་གཉིས་ཀ་ཁར་བཅུག་སྟེ།། རྒོད་ཧཱུ~ཾ ་པྲ་བླ་ན་མེད་པ་བྱང་།། ཨོཾ་ཧཱུཾ་ཧཱུ་སྭཱ་ཧཱ།། མཁའ་འགྲོ་རྒྱལ་པོའི་དབང་མོའི་སྔགས་དང་ཕྱག་རྒྱའོ།། ཐལ་མོ་སྤྱི་བོར་སྦྱར་ནས་བཞག། ཨོཾ་ཕཊ་ཧཱུཾ་སྭཱ་ཧཱ།། སྒྲོན་མུའི་སྔགས་དང་ཕྱག་རྒྱའོ།། ཡི་དགས་ཐུལ་མོ་ཁུར་བཅུག་ནས།། ཧཱུཾ ་ཞེས་བྱ་བ་རབ་ཏུ་སྒྲོགས།། ཨོཾ་པ~ཾ་ཧཱུ~ཾ་སྭཱ་ཧཱ།། འཇིབ་མའི་སྔགས་དང་ཕྱག་རྒྱའོ།། ཟླ་བའི་ཁུ་ཚུར་བརྡྷན་བཙོངས་ལ།། རྣ་བའི་རྣ་རྩཝ་རུ་སྦྱར་བར་བྱ།། ཨོཾ་ཧྲཱི་ཧཱུ~ཾ་སྭཱ་ཧཱུཾ། ཀཾ་པྲོ་ཛའི་སྔགས་དང་ཕྱག་རྒྱའོ།། དཀྱིལ་འཁོར་ནང་གྲི ་མོ་བཅུ་གསུམ་གྱི་སྔགས་དང་ཕྱག་རྒྱའོ།། ཟླ་བའི་ལག་པ་བརྐྱང་གནས་སུ།། རྣམ་ཤེས་དག་ནི་དགུག་པར་བྱཱ།། མདུན་གྱི་གི་ས་ནི་སྦྱོར་བར་བྱ།། བདུད་རྩིའི་ཆུ་ནི་སྔོན་འཕྲོ་བའི།། ཨོཾ་ཧཻ་ཧོ་ཧྲཱིཿསྭཱ་ཧཱ། ཤར་གྱི་ཕྱི ་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགློས་དང་ཕྱག་རྒྱའོ།། ཉི་མ་ཟླ་བ་སྦྱོར་ནསཱ་ནི།། ཉི་མའི་སྟེང་དུ་སྦྱར་བར་བྱ།། ཨོཾ་གྷྲྀ་བྷཱུ་སྭཱ་ཧཱ།། བྱང་གི་ཕྱོགས་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་བརྟནཱ་བཅིངས ་ནས།། ཉི་མ་ད་ནི་ཟླ་བ་སྤྲོ།། ཨོཾ་ཀུ་རུ་ཀུ་རུ་ཀུ་རུ་སྭཱ་ཧཱ།། ནུབ་ཀྱི་ཕྱོགས་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ།། ཟླ་བ་ཉོ་མ་གཉིས་བརྐྱང་ནས།། རྒྱབ་ཀྱི་རྒྱབ་ཏུ་སྦྱར་བར་བྱ།། སོར་མོའི་རྩེ་མོའི་སྤྲད་པ་ནི།། ལྷོའི ་རྣལ་འབྱོར་མ་ས་མི་རྒྷ་། ཨོཾ་བནཱི་ལཱྀ་ཥྚྲྀ་སྭཱ་ཧཱུ~ཾ། རྡོ་རྗེ་ཁུ་ཚུརེ་གཉིས་བརྩིས་ལ།། རྙེང་པ་གཉིས་ཀྱི་མཚམས་སོ་བཞིག། ཨོཾ་ཧཱུ~ཾ་ཙྱཻ་སྭཱཏྨ།། སྐྱེག་མོའི་སྡུག་སོ་དང་ཕྱག་རྒྱའོ།། ཟླ་བའི་ཁུ་ཚུར་བརྐྱང་ནས་སུ།། མཐེ་བོང་བསྐུ ་བར་ཤེས་བྱས་ལ།། བཟུང་ནས་ཉི་མའི་ལག་པ་ནི།། དུང་ལྟར་སྦྱར་བ་དྲི་ཡི་རྒྱ།། ཨོཾ་སྱཱ་པཱ~ཾ་ཡ་གནྡྷེ་དྷྭཾ་སྭཱཧཱ། དཱིའི་སྔགས་དང་ཕྱག་རྒྱའོ།། བཱི་ཝཾ་འདྲ་བའི་པི་ཝཾ་གིས།། ཨོཾ་ཛྫ་ཧོ་སྭཱ་ཧཱ། བི་ཝ ་གི་སྔགས་དང་ཕྱག་རྒྱའོ།། ཐལ་མོ་གཉིས་ཀླུ་སྦྱར་ནས་ནི།། སྤྱི་བོར་བསྐོར་ནས་དབྱེ་བར་བྱ།། ཨོཾ་ཤཱཾ་སྭཱ་ཧཱ།། མེ་ཏོག་གི་སྟེགས་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། དཱུཀར་བོ་བཏེག་ནས་མདུན་དུ་སྦྱར། ་གླུ་ལེན་པ་ལྟར་བྱ་བཱ་ནི།། གླུ་ཡི་ཕྱག་རྒྱ་ཡིན་པར་བཤད།། ཨོཾ་ཧཱུཾ་ཨཾ་སྭཱ་ཧཱ།། གླུའི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་བརྟན་ཅིངས་ཏེ།། ཟླ་བས་མཚུན་ནི་གཟུང་བར་བྱ།། ཨོཾ་ཨི་སྭཱ་ཧཱ།། བདུག་པའི་སྔགས་དང ་ཕྱག་རྒྱའོ།། ཟླ་བའི་ལག་པ་གཡས་པ་ཡཱི།། ཕྲག་པ་དག་ཏུ་རྣམ་པར་བཞག། ཨོཾ་སུ~ཾ་ནརྀ་ཏྱཻ་སྭཱ་ཧཱ།། གར་གྱི་སྔགས་དང་ཕྱག་རྒྱའོ།། ཐལ་མོ་བཅིངས་ནས་སྤྱི་བོར་བཞག། ཨཱ~ཾ་ཀྵུཾ་སྭཱ་ཧཱ།། མེར་མེའི་སྔགས་དང་ཕྱག ་རྒྱོའོ།། རིམ་པ་གཉིས་པའི་ལྷ་མོ་ཉི་ཤུའི་སྔགས་དང་ཕྱུག་རྒྱ་བཤད་ཟིན་ཏོ།། ཉི་མིའི་ཁུ་ཚུརི་བཅིངས་ནས་སུ།། གྱེན་དུ་རྣམ་པར་གྲོལ་བར་བྱ།། ཨོཾ་ཀྵུཾ་སྭཱ་ཧཱུ~ཾ།། ཁྱབ་འཇུག་གི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར ་བཅིངས་ནས་ནི།། སྙིང་དག་ཏུ་ནི་རྣམ་པར་བསྐྱེད།། ཨོཾ་ས་སྭཱ་ཧཱུཾ།། ཚངས་པའི་སྔགས་དེང་ཕྱག་རྒྱུའོ།། བ་དན་གསུམ་པོ་གྱེན་དུ་འགྲེང་།། ཨོཾ་ཧཱུཾ་སྭཱཧཱ། དྲག་པོའི་སྔགས་དང་ཕྱག་རྒྱའོ།། ཟླ་བའི་ཁུ་ཚུར་བརྟན་བཅི ་ལ།། དེ་ནས་ཉི་མའི་ལག་པ་བརྐྱང་།། རོ་ཙ་ན་ནི་གཞུག་པར་བྱ།། ཨོཾ་མཾ་མུ་ཧཱུཾ་སྭཱ་ཧཱ།། བརྒྱ་བྱིན་གྱི་སྔགས་དང་ཕྱག་རྒྱའོ།། ཉི་མ་ཁུ་ཚུར་བརྟན་བཅིངས་ལ།། དཀར་པོ་དུད་པ་བསྒྲེང་བར་བྱ།། དཔྲལ་བའི་སྟེང་གི་ཐད་སོར་བྱུག ་དབང་པོ་ཡི་ནི་དམ་ཚིག་འདོད།། ཨོཾ་མཱུ་མུ་སྭཱཧཱ། དབང་པོའི་སྔོགས་དང་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་བརྟན་བཅིངས་ལོ།། རི་ཙ་ན་ནི་དཀར་པོ་བརྒྱུད།། སྔོན་མ་གཉིས་ནི་ཁ་སྤྱད་ལ།། རིན་ཆེན་ལྟ་བུར་སྦྱར་བར་བྱ།། ཨོཾ་དྷྱཱ་ནྟ ་ཧཱུཾ་སྭཱ་ཧཱ།། ཀུ་བེ་རའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་བྱས་ནས་དཀར་པོ་བསྐྱོང་།། ཨོཾ་གྷཱ་ཏ་ནི་ཧཱུ~ཾ་ཕཊ་སྭཱ་ཧཱ།། འབྱུང་པོའི་སྔགས་དང་ཕྱག་རྒྱའོ།། ཁུ་ཚུར་བྱས་ནས་དཀར་པོ་བསྒྲེང་།། ཨོཾ་བྷུར་བྷུ་བ་སྭཱ་ཧཱ།། ཀླུའི་བདག་པོའི་སྔཊ ་དང་ཕྱག་རྒྱའོ།། ལག་པ་གཡོན་པ་རྒྱབ་བསྟན་ཅིང་།། ལག་པ་གཡས་པ་མདུན་བསྟན་ལ།། དབང་ལྡན་གྱིས་ནི་ཕྱོགས་དག་ཏུ།། ལན་གསུམ་བར་དུ་བསྐྱེད་པོར་བྱ།། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་ཕཊ། རྡོ་རྗེ་རེ་བའི་སྔགས་དང་ཕྱག ་རྒྱའོ།། ལག་པ་གཉིས་ནི་བརྐྱང་ནས་སུ།། རྩེ་མོ་དག་ཏུ་རེག་པར་བྱ།། ཨོཾ་ཛུཾ་སྭཱ་ཧཱ།། རྡོ་རྗེ་ར་བའི་སྔགས་དང་ཕྱག་རྒྱའོ།། ལག་གཡོན་ཁུ་ཚུར་བྱས་ནི།། མཐེ་བོང་བརྐྱང་ནས་སྨད་པར་བྱ།། ཨོཾ་བྲུཾ་སྭཱ་ཧཱ། ་ཕུར་པའི་སྔགས་དང་ཕྱག་རྒྱའོ།། ཉི་མའི་ལག་པ་བརྐྱང་ནས་ནི།། རྣལ་འབྱོར་མ་རྣམས་ཀུན་ལ་བསྟན་ཨི་པྲ་ཏཱིཙྪ་སུཾ་གནྡྷཾ་ཧཱུཾ་སྭཱ་ཧཱ། དྲིའི་སྔགས་དང་ཕྱག་རྒྱའོ།། དེ་ཉིད་ལེགས་པར་བཅིངས་ནས་ནི།། རྐེད་པའི ་འོག་ཏུ་སྦྱར་བཱར་བྱ།། ཨོཾ་པུཥྤེ་སྭཱ་ཧཱ།། མེ་ཏོག་གིའོ།། དེ་ཉིད་བཅིངས་ལ་བདུག་སྤོས་དབུལ།། ཨོཾ་དྷཱུ་པེ་མ་ལྀ་ནི་ཧཱུཾ་སྭཱ་ཧཱ། བདུག་པའི་འོ།། ཉི་མའི་ཁུ་ཚུར་མཐེ་བོང་བརྐྱང་།། ཨོཾ་དཱི་ཏཱིཀྵྞ ་དཱ་བེ་ཧཱུཾ་སྭཱ་ཧཱ།། མར་མེའིའོ།། ལག་པ་གཉིས་ནི་བརྐྱང་ནས་ཀྱང་།། དབུས་སུ་མཐེ་བོང་བསྐྱོད་པར་བྱ།། ཨོཾ་ཀཱུ་རུ་ཀུ་རུ་མཧཱ་བརྨྨ་བི་བིདྡྷི་སྭཱཧཱུཾ། ལྔ་བར་ནས་ཀྱིའོ།། དེ་ལྟར་སྔགས་དང་ཕྱག་རྒྱ་དང་བཅས་པའི་མཆོད་པ་རྣམ་པ ་ཤུ་ཧཱུཾ་དང་སྦྱར་བས།། ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་བཞིན་པའི་བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བསམ་པར་བྱའོ།། དེ་ནས་བདག་དང་གཞན་མཆོད་པར་བྱ་བའི་ཕྱིར།། བདུད་རྩིས་བཀང་བའི་དུང ་ཆོས་བླངསོ་ལ།། རྣལ་འབྱོར་མ་ཐམས་ཅད་ཀྱི་མདུན་དུ།། སྔགས་འདྲིས་སེ་གོལ་གསུམ་གཏོག་པར་བྱའོ།། ཨོཾ་ཧཱ་ན་ཧོ་ཧྲཱི་སྭཱ་ཧཱ།། བདུད་རྩི་ལྷ་སྦྱིན་པའི་སྔགས་དང་ཕྱག་རྒྱའོ།། སྔར་བཤད་པའི་རྣམ་པར་དག་པའི་རྡོ་རྗེ ་དྲང་དྲིལ་བུདྡྷ་ས་ལ།། ཡི་གེ་ཧཱུཾ་གི་བྱངས་དང་བཙོས་པའི་སྔགས་འདྲི་གདོན་པར་བྱའོ།། ཨོཾ་ཙྪིཙྪ།། ཨཱ~ཾ་པྲཛྙཱ་ཏྲཱ~ཾ་ཧཱུ~ཾཧྲཱི.ོཾ་པ~ཾ་ཀྵྨཱི། ཨོཾབྷྲཱུ~ཾ། མ~ཾ་ཥྚྲི། ཨོཾ་བྷྱོ་གྷྣཱཾ་བྷྲཱུ~ཾ་ཧཱུ~ཾ་སྭཱཏྨ།། མཉེས་བྱ་ཆེན་པོར་བྱ་བའི་སྔགས་སོ།། ་དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ།། འབད་པ་ཡིས་ནི་གསང་སྔགས་གདོན།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལོ།། རྒྱབ་ཀྱི་རྒྱབ་ཏུ་སྦྱོར་བར་བྱ།། ས་གདུགས་པདྨ་བཅིངས་པ་དང་།། ཨོཾ་བིཛྲ་གྷཱཏྟ་ཧོ།། ཨོཾ་བཛྲ་གྷཎྚ་རོ་ཎི་ཏཱ་པཱུ་ར་ཎི་ཏ། ་སརྦ་བུདྡྷ་ཀྵེ་ཏྲ་པྲཙྪ་ལ~ཾ་ཏེ། བཛྙཱ་བ་ར་མི་ན་ཏཱ་ནཱ་ད་སྭ་བྷཱ་བེ་བཛྙཱ་དྷརྨཱ་ཧྲྀ་ད་ཡ་སཾ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་སྭཱཿ། རྡོ་རྗེ་དྲིལ་བུའི་སྔགས་སྷོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། རྐེད་པའི་མཚམསུ་བཞག་པར་བྱ།། ཁྲོ་བའི་སྒེག་དྲང་གཞུང ་པ་དང་།། ལུས་ན་དགུག་གསུམ་ལྟར་བཞག་སྟྭ~ཾ།། སྒེག་མོའི་ཚུལ་གྱིས་སྒེག་པ་དང་།། པི་ཝི་ཚུལ་གྱིས་བི་ཝ~ཾ་དང་།། གླིང་བུའི་ཚུལ་གྱིས་འབུད་པ་དང་། སིལ་སྙན་ཚུལ་གྱིས་དཀྲོལ་བ་དང་།། བརྡེབ་པའི་ཚུལ་གྱིས་བརྡེབས ་པ་དང་།། གར་གྱིས་ཚུལ་གྱིས་ཡན་ལག་བསྐྱོད།། རླུང་ཡབ་ཚུལ་གྱིས་གཡོབ་པ་དང་།། རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང་།། བླ་དེའི་ཚུལ་གྱི་བྲེ་བ་དང་།། བ་དན་ཚུལ་གྱིས་འཕྱར་བ་དང་།། གདུགས་ཀྱི་ཚུལ་གྱིས་དགབ ་བ་དང་།། ཅང་ཏེའུ་ཚུལ་གྱིས་བརྡེག་པ་དང་།། རྔ་ཡི་ཚུལ་གྱིས་བརྡུང་བ་དང་།། བཞད་པའི་ཚུལ་དུ་འཛུས་པ་དང་།། གྲར་གྱིས་ཚུལ་གྱིས་གར་བྱེད་པ།། ཁྲོ་བོའི་ཚུལ་གྱིས་ཁྲོ་བ་དང་།། སྒེག་པའི་ཚུལ་གྱིས་སྒེག་པ ་དང་།། འགྱིང་བའི་ཚུལ་གྱིས་བསྒྱིངས་པ་དང་།། མདའ་འདྲེན་ནུ་མ་འཁྱུད་པ་དང་།། རྡོ་རྗེ་གསོར་ཞིང་ཕྱག་འཚལ་བྱའི་ཚུལ་གྱིས་འདུད་པར་བྱེད་པ་སྟེ།། མཆོད་པ་ཉི་ཤུ་དེ་ཉིད་ཀྱིས།། ཧཱུཾ་གིས་གླུ་དང་སྦྱར་བར་བྱ།། དེ་ནས ་བསྟོད་པས་མཆོད་བྱ་སྟེ།། སེམས་དཔའ་ཆེན་པོ་དང་པོའི་མཆོག། དགྱེས་ཆེན་རྣམས་ཀྱི་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་གཟིགས་པའོ།། རྡོ་རྗེ་བསྙེམས་པ་བདག་པོའི་བདག། ཐུགས་ཀྱི་སེམས་དཔའི་ཏིང་འཛིན་མཆོག། ་རྡོ་རྗེ་ཆེན་པོ་སྟངས་པ་ན།། ཀུན་ཏུ་བཟང་བ་སྤྱོད་པའི་མཆོག། སྙིང་པོར་གྱུར་ཅིང་བདུད་འཇོམས་པ།། སངས་རྒྱས་ཀུན་གྱི་བྱང་ཆུང་རྗེ།། སངས་རྒྱས་བྱང་ཆུབ་རྫོགས་པའི་མཆོག། ཧཱུཾ་མཛད་ཧཱུ~ཾ་འཇིག་རྟེན ་གྱི།། བདག་པོ་ཐུགས་ཀྱི་གཙོ་བོ་ཉིད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འདོད་དང་ཐར་པའི་ནོར་ཆེ་བ།། དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། མཾ་རྒྱུ་བོ་ན་མཆོག་ཏུ་གསལ།། ་ཤིན་ཏུ་ཕྲ་དང་སྒོམ་པའི་ཚོགས།། རྒྱུ་བ་རྣམས་ཀྱི་རབ་མཆོག་བརྙེས།། སྲིད་པའི་འཁོར་ལོ་སྦྱོང་མཛད་པ།། ཐོག་མཐའ་མེད་ཅིང་གསལ་བ་མིན།། སྔོན་དུ་སྡུག་པ་རྣམ་པར་གནས།། ཐུགས་ཀྱི་ཕྱག་རྒྱ་སྦྱོར་བ་ཆེ།། དམ་ཚིག་དེ་ཉིད ་བློ་གྲོས་ཚེ།། རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ།། འདྲར་ཞིང་འཇིགས་པ་འདུལ་བ་པོ།། གདུག་པ་མཆོག་ནི་བདུག་པ་ཆེ།། དྲག་ཅིང་ཁྲོ་ལ་འཇིག་པར་བྱེད།། དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ།། མཆོག་གོ་ལས་ཅན་ལས་ཆེན་པོ།། དམ ་ཆོཚིག་ལས་ནི་བཟང་པོའི་ལམ།། བྱང་ཆུབ་སེམས་ནི་རྟོགས་མཛད་པ།། ཐམས་ཅད་དག་བྱས་པདྨ་ཆེ།། ཤེས་རབ་ཐབས་ཀྱི་ནོར་ཆེ་བ།། འདོད་ཆགས་དག་པའི་ཏིང་འཛིན་མཆོག། སྣ་ཚོགས་ཆགས་པའི་དབང་ཕྱུག་ཆེ།། ན་མཁའ ་མཐའ་ཡས་རྟག་པའི་དོན།། སེམས་ཅན་ཀུན་གྱི་གནས་ཆེན་པོ།། དཔལ་གྱི་འབྱོར་པ་འབྱོར་པའི་རྒྱལ།། བསམ་པ་ཐམས་ཅད་རྫོགས་མཛད་པ།། ཕྱག་འཚལ་བདུད་ཅིང་ཕྱག་འཚལ་འདུད།། དད་པས་ཁྱོད་ལ་འཇུག་བགྱིད་པས།། ་བདུན་དུ་ན་སེམས་ཟླ་དྷཱུ། ནས་སྷོད་ན།། ང་ད་བྱུང་\ུ0f7f།། དོན་སུ་རྦྷསྤྲུལ་གས་པ་རྒྱུ་བ་དྡྷབྷྱ། !ནཱནྟུ། ཤཱནྡྷ་སྭཱ། དུདུན་དྷ་ངྠ། ཛས་ངྱས། བྷྱཏྨདྷཱ་དྷཱ ་བྷྱཱཾ། དྷྱེ། བྷྱཿདྷྨཌྷི། མྲྀ་སོ་སུཛྫིཛིན། ཀྲཱ་ཏཱི་མཱ་རྀ་ཧོ།། བུཛྙཱཾ་ན་ཐཾཏྟཾ། དྷེནྱཱདྷྲྀདྷཱི། ནཱ་ཏེ། ཨོཾ་མཿ། ཨོཾ་ན་གགྡྷ། སཻདྡྷི། བྷྲྀནྨཏྟཾ། སུནྟི་བཾ་སྱཱམྦྷ། ནཱཾ་ས་ནཱ་ས་རཱ། བྷཱིདྷཱབྷྱཱཾ། ཏིནཱནྣམྦྷ ་ཧཱུ~ཾ་ཏེ་ཏྭེ་ཧཱུཾ་མཱཾ་ར་བ་བནྡྷ་བཧཱུཾ་བ་ཧཾ་དེ་ཧཱུཾ།། སུ་ནེ་སནྣ་རེ་ཀཛྫཱ་ཏུ་ཧཱུཾ་ཧའུ་ཛྙཱ་ནཱ་པེ་ཏེ་ཏེ་ནཱ་ནདྡྷཾ། དེ་ནས་ཕྱི་རོལ་གྱི་རྣལ་འབྱོར་མ་དཔག་ཏུ་མེད་པས་ཀྱང་། བ་བུ་ན་གོནྡ་མཾ་ཧཱུཾ་ལི་ནི་ཥནྟྲ་མ། དྷ་པཾ་ལ་སཾ་ས་ག། ཀ་མ་ནི་ཏ་ནི་མེ། ཨ་མི་ཏ ་བི་ཤུདྡྷ་སི་ཧི་དྷཱ་ནྱཱ་ཀནྣཱ་ཀཉྫ། ན་བཨཱརྱཱ་ཏི་དྷཱ་ཏྶཾ་ཀརྞྞ་ཏཱི་མི་དྷྲྀ། ཨཱི་ཏཽ་བ་ས་གྷོ་རཱི་མཎ་རུ་ཊྚི་ནཱ་ཡཽ། སཱཛྫ་ཀཽ་བ་ལེ་སོ་ནི་ཏཱཀྵ་ཁཾ། ཛཱ་ཡ་ཛཱ་ཡཾ། ཨུཏྟཱ་རཱི་ཏེ་བྷ་དཱ་དྷྭཾ། མཱུ་ཡ་ར་ཡ། སོ་སུཾ་ཧི་ཧཱུཾ། ཀིནྡུ་བ་ར་བྷི་ས་ན་གྷོ་རུ་དཏྟ། ས་ཛུ་བ་ཀ་ལཾ། ་བ་སྱ་མཽ་ཏེ་བཱ་ན་མི་པཱ་བྷྱཱཾ། སོ་ཧི་ལི་ལུ་ཏི་ཚྭ་བིཛྲཱི་ལུ།། ཧ་རི་ཧ་ར་མུ་ཏྭཱ་ཏྲི་པ་ད་བ་ཧཱུཾ། མཱ་ར་བི་དྷ་ར་ན་ཀོ་ཏཱ་ཡོ་ན་མེ་ཧཱ་མ་ཧཱི་ཧཱུཾ། རྫ་ཡཱི་ནི་བི་ཧཱུཾ།། རྡོ་རྗེ་གླུ་ནི་དེ་ཉིད་དང་།། རྡོ་རྗེ་དྲིལ་བུར་རབ་མཆོད་ཅིང་།། པཉྩ་མ་དང་ཀོ་ཤི་ཀི། ་བསྲོས་པའི་མཚན་ཉིད་བཟང་པོས་བླང་།། དེ་ནས་རིམ་པ་གསུམ་པ་འཇིག་རྟེན་པ་ལ་སོགས་པ་བསྟོད་པར་བྱེད་པ།། དཔལ་ལྡན་དེ་ཉིད་རྒྱལ་པོའི་དབང་ཕྱུག་དམ་པ་ཅོད་པན་མཛེས།། གསང་བའི་གདན་ལ་སྐུ་མཆོག་འོད་འབར ་དང་ལྡན་ཞིང་།། དཔལ་ལྡན་རྡོ་རྗེ་དྲིལ་བུ་བསྐྱོད་སྒྲས་རྣལ་འབྱོར་མཉེས།། དཔལ་གྱི་ཡེ་ཤེས་དམ་པའི་དབང་ཕྱུག་ལོངས་སྤྱོད་རྣམས་ལ་སྤྱོད།། དེ་ལ་སོགས་པའི་སྟོང་པ་རྣམ་པ་སྣ་ཚོགས་པས ་སྟོང་པར་བྱའོ།། རྡོ་རྗེ་ཐལ་མོ་སྦྱར་ནས་ནི།། སྙིང་གའི་ཕྱོགས་སུ་གཞག་པར་བྱ།། ཨོཾ་ཤུདྡྷ་དྷརྨྨ་ཧཱུཾ། ཨ་ཨ་ཨོཾ་ཨ་སྭཱ་ཧཱ།། དེ་ལྟར་མཉེས་པར་བྱིས་ནས།། ཇི་སྐད་བཤད་པའི་ལྷའི་འཁོར་ལོ་ཐུན་བཞིའི་རོ་མ་བྱས། ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པོར་བྱའོ།། བསྒོམ་པས་སྐྱོ་ན་གསང་སྔག་ཟླས་བྱ་སྟེ།། ཧ་ཅང་མྱུར་མིནི་ངལ་བ་མིན།། གསལ་བ་མེ་ཡིན་ས་གསང་སྔགས་ནི།། མ་ཚངས་པ་ཡང་མ་ཡིན་པ།། ཀུན་རྟོག་ཐམས་ཅད་སྤངས་ཏེ་བཟླ།། ་དེ་ནས་ཀྱང་ནི་སྐྱོ་གྱུར་ན།། བསྟོད་དེ་རྡོ་རྗེ་གཟུང་ནས་ནི།། རྡོ་རྗེ་དྲིལ་བུས་རབ་བསྐུལ་ལ།། འཁོར་ལོ་ཅན་རྣམས་གླུ་ཡིས་བསྟོད།། གུས་པས་ལེགས་པར་མཆོད་ནས་ནི།། དགེ་བ་རྣམས་ནི་ཡོངས་སུ་བསྔོ།། མཉེས་པར་བྱས ་ནས་གཤེགས་སུ་གསོལ།། སླར་ཡང་གཤེགས་པ་མཛད་པར་གསོལ།། གཤེགས་སུ་གསོལ་བའི་སྦྱོར་བ་ཡཽ།། རྡོ་རྗེ་ཐལ་མོ་སྙིང་གར་བསྣམ།། ཨོཾ་ན་མ་སྟེ་ཧཱུཾ། ནུ་མ་མི་ཧཱུཾ། ན་མོ་ན་མ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས ་ལ། སྙིང་ག་རུ་ནི་ཙཱ་བ་བསྡམ་སོ།། ཉི་མ་ས་ལ་བཞག་ནས་ནི།། གསང་སྔགས་འབད་དེ་བརྗིད་པར་བྱ།། ཨོཾ་གཙྪ་གཙྪ་སྭ་བྷ་བ་ན་ཧཱུ~ཾ་སྭཱཧཱ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་རྣམས་གོའི་ཤེགས་སུ་གསོལ་བའོ།། ་ཨོཾ་གྲཙྪ་གཙྪ་པུ་ནཱ་རཱ་ག་མ་ན་ཡ་ཧཱུཾ་ཕནྡྷ་སྭཱ་ཧཱ།། སེ་གྲོལ་ལནྡ་གསུམ་བརྡབ་པ་དྲང་བཅས་པ་ནི་འཇིག་རྟེན་པའི་ལྷ་རྣམས་གཏང་བའི་སྔགས་སོ།། དེ་ལྟར་དཀྱིལ་འཁོར་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས ་གཤེགས་སུཾ་གེ་ས~ཾ་ལེ་ནཱས། དམ་ཚིག་གི་ལྷ་རྣམས་སྙིང་གའི་པདྨ་དཀར་པོ་ལ་ཐིམ་པར་གྱུར་པར་བུསམས་ལ། གོ་རྒྱ་ཆེན་པོ་དང་། དང་བའི་གཤོག་པ་ལ་སོགས་པ་བྱས་ལ། ཡི་གེ་བརྒྱ་པས་བརྟུན་པ་ཉིད་དུ་བྱའོ།། ་དེ་ལ་ཡི་གེ་བརྒྱ་པ་ནི་འདྲི་ཡིན་ཏེ། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ས་མ་ཡ། མི་ནུ་བཱ་ལ་ཡ། ཛྙཱ་ནཱ་ཌཱ་ཀི་ནཱི་ཏྲེ་ནོ་པ་ཏིཥྚ། དྲི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷུ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པཱ་ཡཙྪ། ་སརྦ་ཀརྨ་སུ་ཙེ་མེ། ཙིདྡྷཾ་ཤྲྀ་ཡེ་དྷཱཀཱ་རཱི་ཥྚཱཾ། ཧ་ཧ་ཧ་ཧ་ཧཱུ~ཾ། བྷཱ་ག~ཾ་བ་ཏཱི་ཛྙཱ་ན་ནཱཥྚཱི། མཱ་མེ་མུཉྩ་བཛྲི་བྷཱ་བ་མེ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་པས་ཕྱུག་རྒྱ་ཆེན་པོར་དབང་བསྐོར་ལ། བཱརྒ་བཙོ་ནི་ཨཽ་ཌྷཾ་ཞེས་བྱུང ་དང་། སྔར་བཤད་པ་ཉིད་ཀྱི་ཕྱག་རྒྱ་ཉིད་ཀྱི་གོ་ཆ་བཅིངས་ནས་ཕྱོགས་བཅུ་ན་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཇི་ལྟར་བདེ་བའི་མཛོད་ཅིག། ཅེས་གསོལ་བ་བཏབ་སྟེ་ལྡང་བར་བྱའོ།། རི་མོཾ་པ་འདིས ་ལྷའི་ཡིད་ལ་བྱ་བ་ཉིད་ཀྱིས།། ཇི་སྲིད་མཆོག་དམ་པ་མ་ཐོབ་པའི་བར་དུ་རྟག་ཏུ་གནས་པར་བྱའོ།། དེ་རབ་རྒྱུད་ལས་གསུངས་པ་ཡི།། སྒྲུབ་པའི་ཆོ་གའི་མན་ངག་གིས།། ངེས་པར་བདག་གིས་བསྒྲུབ་པར་བྱ།། ཨོཾ་ཧཱུཾ་ཧཱུཾ་གྷི། ་དྷཱི་མཱ་ནྣ་དྡྷ། ནཱཿཧཱུ~ཾ། དམ་ཚིག་བཅུ་པའི་ས་བོན་ནི་དེ་དབྱུག། སྒྲུང་ཞིང་རྟོགས་དང་དེ་བཞིན་སྔར།། མི་རྟོགས་པ་ཡི་སེམས་ཀྱིས་ནི།། དགའ་བའི་སེམས་དང་བཟའ ་བྱ་ཞིང་།། དེ་བཞིན་གཤེགས་ཀུ་ནི་ཚིམ་པར་བྱ།། དཔལ་ལ་གདན་བཞི་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་གུབྟ ་དང་། བུ་ཆེན་གྱི་མ་ཆེ་བ་དགེ་སློང་རིན་ཆེན་ཡང་པོས་བསྒྱུར་ཅིང་ཐུས་ཏེ་གཏན་ལ་ལབ་པའོ།། ་