CLOSE WINDOW

GT484: mchan khung gi sbyor ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀཀྵ་པ་ཏཱ། བོད་སྐད་དུ། མཆན་ཁུང་གི་སྦྱོར་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། རྒྱལ་པོ་ལྷན་ཅིག་གཙུག་ཕུད་ཛ་རི་ལཱག། མགོ་དང་འཆིམ་གཞོན་ནུ་དང་།། ཉི་མ་རལ་པ ་འཇིགས་རྨོངས་དང་།། དབང་པོ་དང་ནི་རྡོ་རྗེ་རྣམས།། བཞི་ཆ་བཞི་རུ་བྱས་པ་སྟེ།། ལྔ་ཡི་ལུས་ཀྱི་ཡང་བསྲེས་ན།། སྐྱེས་པོ་བུད་མེད་དབང་དུ་བྱེད་པ་སུམ་ཅུ་རྩ་བཞི་ཆ།། ས་བདག་མིག་དང་བཅུ་གསུམ་ཕྱོགས་དང་ཐུབ་པ་དྲག་པོ་ཀླུ། ་དང་ནི།། ཕྱོགས་བཅུ་མདའ་དང་གཟའ་དང་དུས་དང་ནི།། ཉི་མ་ཟླ་བ་ཚེས་ཀྱི་རིམ་པའི་ཆ།། དང་པོའི་མཚམས་ཀྱི་བཞི་ནི་ཡོངས་བྱ།། གཉིས་པས་ནི་བྱུག་པར་བྱའོ།། གསུམ་པས་ནི་བཟའ་བར་བྱའོ།། བཞི་པས་ནི་བདག་གི་སྐུ་མཉེ ་བྱའོ།། རྒྱལ་པོ་ལ་སོགས་པ་བཞིའི་གོ་རིམ་ནི་དབང་གི་ལས་ལ་ཤིས་སོ།། ཐུབ་པ་ལ་སོགས་ལྷོ་ནི་བྱུག་པར་བཤད།། ན་བཟའ་ལ་སོགས་གྷོ་ནི་བྱུང་ང་བཤད།། ཀླུ་ནི་རྐང་པར་ཤེས་པར་བྱ།། དབང་ཕྱུག་སྤྱི་བོར་ཡང་དག ་གནས།། ཉི་མུ་ཟླ་བ་དབུགས་གནས་པས།། དགོས་པ་ཐམས་ཅད་རྟག་ཏུ་བྱེད།། དེ་ལྟར་བསྐུས་པའི་ལུས་དེ་ནི།། སུམ་ཅུ་པས་ཀྱང་མཆོད་པར་འགྱུར།། བདུག5དྲུག་པ་ལ་སོགས།། ས་བདག་ཕྱག་འཚལ་དགྲའ་བོར་བྱེད།། བཟའ ་སོགས་སྐུ་མཉེ་བྱ་བར་ཤིས།། དུས་སོགས་སྨིག་སྨན་སྦྱར་བར་བཤད།། མངའ་ལ་སོགས་པ་ཁྲུས་ཀྱི་ལས།། དྲག་པོ་ལ་སོགས་བཟའ་བ་ཉིད།། ཕྱོགས། ཞན་ལ་ཡང་སྦྱར་བར་བྱ།། ས་བདག་དང་ནི་བཟའ་ཉིད་དང་།། དུས་དང ་མིག་ཏུ་སྦྱར་བ་ཡི།། དེ་ཡིས་ཐིག་ལེར་བྱས་པ་ཡིན།། འཇིག་རྟེན་གསུམ་པོ་དབང་དུ་བྱེད།། ཉི་མ་བཅུ་གསུམ་ཕྱོགས་དང་ནི།། ཐུབ་པ་དང་ནི་སྔོན་སྦྱར་བ།། སྟོབས་མེད་སྐྱེ་གནས་གནས་བཅུག་ན།། ་བཅུ་གཉིས་ལོ་རུ་མངག་གཞུག་བྱེད།། ཊཱི་རྱ་དབང་པོ་ཀླུ་དང་དྲག། རྡོ་རྗེ་འདོམ་དུ་རབ་ཏུ་གྲགས།། ཚེས་གྲངས་དུས་དང་ཕྱོགས་མངའ་ཡི།། རི་ལུ་ཡིས་ནི་དབང་དུ་བྱེད།། ས་བདག་དང་ནི་གཟའ་ཉི་དང་།། ཕྱོགས་དང་ཐུབ་པར་ཡང་དག་ལྡན།། སྤྱི ་བོའི་གཙུག་ཏུ་རྣམ་བརྟགས་ན།། མེ་ནི་སྡོམ་པ་བྱེད་པའི་མཆོག། ཐུབ་པ་དྲང་ནཾ་ཚེས་ཉིད་དང་།། དུས་དང་གཟའ་ནི་ཀུན་ནས་ལྡན།། ལུས་ཀུན་ལ་ནི་བྱུགས་ནས་ནི།། ཉ་བཞིན་དུ་ན་ཆུ་ལ་རྒྱུ།། མདའ་དོང་དུས་དང་མི་དང་དྲག། རི་ལུ་བྱས་ཏེ ་ཁར་བཅུག་ན།། ལམ་དུ་བགྲོད་ཀྱང་མི་ངལ་ཞིང་།། བིཀྲེས་དང་སྐོམ་པས་འཆི་མི་འགྱུར།། གསུམ་དང་བཅུ་དྲུག་ཕྱོགས་དང་མདའ།། རབ་མྱོས་དུག་དང་བྱུག་པ་ཡིས།། ཕན་ཚུན་སྦྱོར་བའི་བློ་ཡིས་ནི།། སྦྲུལ་དང་ལྷན་གཅིག་རྩེ་བར་བྱེད།། ་བཅུ་གསུམ་སྦྲུལ་དང་ཕྱོགས་མིག་གིས།། རང་གི་ལུས་ལ་ག་བྱས་ན།། གང་གིས་འདྲི་ནི་བློ་ལྡན་པ།། སྦྲུལ་དང་ལྷན་ཅིག་ཕན་ཚུན་ནྡྷེ།། སུམ་ཅུ་ཕྱོགས་དང་དྲག་པོ་ཉིད།། ཀླུ་དང་ཡང་དག་ལྡན་པ་ཡིས།། མངལ་དང་བྷ་གར་བྱུགས་བྱས་ན།། ་བདེ་བར་བཙའི་བར་འགྱུར་བའོ།། སྦྲུལ་དང་ཉི་དང་ཕྱོགས་དང་ནི།། ཐུབ་པ་གཟའ་ནི་ཡང་དགེ་ལྡན།། ལག་པ་བྱུག་པར་བྱས་པ་ཡིས།། ཚོ་ལོ་རྩེ་ན་གཞན་ལས་རྒྱལ།། དབང་པོ་དང་ནི་བཅུ་གསུམ་དང་།། མིག་དང་དུས་སུ་ལྡན་པ ་པ་ཡིས།། སྦྱར་བའི་རི་ལུ་ཁར་བཅུག་ན།། མཚན་མོ་འཇིགས་པ་འང་འཇིགས་དང་བྲལ།། མི་དང་ཐུབ་པ་ཕྱོགས་མིག་དང་།། ཡང་དག་ཏུ་ནི་ལྡན་གྱུར་པ།། བུད་མེད་ཀྱི་མངལ་བཅོས་སོ།། བདུན་ཉིད་དང་ནི་བཅུ་གསུམ ་དང་།། ཕྱོགས་དང་དུས་དང་ཡང་དག་ལྡན།། ཟླ་མཚན་དུས་ཀྱི་བུད་མེད་དེ།། མཁས་པ་ཡིས་ནི་བྷ་གཱ་བྱཱག། དྲི་ལ་བུ་ནི་འབྱུང་བར་འགྱུར།། སྐྱེ་བ་སྔ་མ་ཡང་དག་ལྡན།། འདི་ཡིས་ཡན་ལག་མཆོག་བྱུགས་ན།། དྲི་ཡིས ་ནོར་རྣམས་མང་པོར་རྙེད།། གང་ཞིག་ཕན་པར་འདོད་པའི་མོ།། ཕྱོགས་དང་ཆོས་དང་དུས་དང་མིག། འདི་རྣམས་རི་ལུ་ཁར་བཙུག་ན།། ཇི་སྲིད་འདོད་པའི་བར་དུ་ནི།། ཁུ་བ་སྡོམ་པར་བྱེད་པའི་མཆོག། བཅུ་གསུམ་དང་ནི ་ཕྱོགས་མིག་ཀླུའི།། འདི་རྣམས་ཉེ་བར་བསྡུས་ནས་ནི།། ཕྱེ་མ་རང་གི་ལུས་བསྐུས་པས།། ཕྱེ་མ་རུ་ནི་བྱས་ནས་སུ།། སྭ་རྩི་དང་ནི་ཡང་དག་ལྡན།། དབང་དུ་བྱ་བའི་དོན་དུ་ནི།། བུད་མོད་རྣམས་ནི་ཐམས་ཅད་ཀྱི།། སྐྱོ་བར་བྱེད ་པ་མཆོག་ཡིན་ནོ།། མངའ་དང་དུས་དང་གཟེའ་ས་བདག། ཕྱེ་མར་ཉེ་བར་བསྐུ་བེ་དང་།། ལག་གཉིས་སྟོབས་ཀྱིས་མཉེས་པ་ཡི།། མྱུར་དུ་དམག་དྲང་རྐུན་པོ་འབྲོས།། ཕྱོགས་དང་དུས་དང་ཚེས་དྲང་མིག། རང་གི་ད་མོར་སྐྱེས ་དང་སྦྱར་ནས།། དུས་སུ་ལག་མཐིལ་བཟུང་ན་ནི།། ལྕགས་བསྲེགས་ཁ་པ་ལྟེ་བུར་བསིལ།། བཅུ་གསུམ་ཉི་མ་ཟླ་བ་ཀླུ། དམར་སྐྱེ་ས་དང་ནི་གཅིག་ཏུ་བྱས།། ཀ་རཉྫི་ཡི་རྡོ་བོ་ཙམ།། མི་ཡི་ཁར་ནི་བཅུག་པ་ཡིས།། དུག ་ནི་བསྡོམ་པར་བྱེད་པའི་མཆོག། དྲུག་པོ་མདའ་དང་ས་བདག་ཕྱོགས།། ལྷན་ཅིག་བྱུག་དང་ལྕེ་ཡིས་བཟའ།། ལཱུ་ཡི་ལུས་དང་འདྲ་བར་འགྱུར།། དུས་དང་ན་མཁའི་མིག་དང་ནི།། བཅུ་གསུམ་ཧཱི ་མར་ཟུམ་བུ་ནི།། ཁྲོན་པའི་ནང་དུ་བཅུག་བྱས་ན།། ཆུ་ལ་ཉེ་བར་ལིངས་སྤྱོད་ཅིང་།། འགྲོ་བ་ཐམས་ཅད་དབང་དུ་བྱེད།། ས་དང་ཉི་ཟླ་ཐུབ་པ་ཡིས།། རྐང་པའི་མཐིལ་དུ་བྱུགས་བྱས་ན།། སྐྱེ་ཆུ་ཆུ་ནང་ཞུགས་ཞ་གྱུར་ན།། རྟག་ཏུ ་ཐང་ལ་འགྲོ་བཞིན་རྒྱུ།། ཕྱོགས་དང་ཀླུ་དང་ཐོབ་པ་མདའ།། གང་གིས་མངོན་དུ་སྦྱོར་བ་ཡིས།། རིམས་དང་དབྱིགས་དུག་མ་ལུས་བཟློག། བཅུ་པ་ཉི་མ་ཟླ་བ་ཕྱོགས།། མཚོན་དང་ཆར་པ་དམག་ཚོན་རྣམས།། རིམ་པར་སྦྱར་བས ་འཇོམས་པར་བྱེད།། མདའ་དང་དྲག་པོ་ཕྱོགས་དང་ཀླུས།། སྣ་ཚོགས་ཀླུའི་མཆེ་བ་དང་།། ཁྱད་པར་དུས་ཡང་ཆུ་སྲིན་གྱི།། དུག་ནི་འཕྲོག་པར་བྱེད་པ་རྣམས།། རྒྱལ་པོ་ལྷན་ཅིག་གཙུག་ཕུད་སོགས་བཤད་པ།། བཞི་ཡིས་ལྷག ་པའི་སུམ་ཅུའི་སྦྱོར་བསྐྱེད་པ།། སྐྱེས་པ་བུད་མེད་མི་རྣམས་རྗེས་གཟུང་བའི།། ཆེད་དུ་འད་བྱས་ཐམས་ཅད་དུསུཾ་བཟའ།། སློབ་དཔོན་ཀླུ་སྐྱོབ་ཀྱི་ཞལ་སྔ་ནས་མཛད་པ།། མཆན་ཁུང་སྦྱོར་བ་ཞེས་བྱ་བ་རྫོགསོ།། ་