CLOSE WINDOW

GT483: 'phags pa gdan bzhi pa'i rnam par bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུ་རྦིསྟིཊྚི་ཀྵ། བོད ་སྐད་དུ། འཕགས་པ་གདན་བཞི་པའི་རྣམ་པར་བཤད ་པ། མཁའ་འགྲོ་མ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཟླ་བ་གཞོན་པའི་སྟེང་ན་ཉིན་བྱེད་ཐིག་ལེ་འཛིན་པའི་སངས ་རྒྱས་ཀྱིས་བརྒྱན་པ།། མཛེས་པའི་གཟུགས་ཅན་བྱམས་པའི་མགོ་སྟེ་སྐུ་མཆོག་འཇམ་པའི་ལུས་ལ་ཡང་།། དབྱིག་པའི ་གཟུགས་ནི་པདྨ་ལས་བྱུང་འགུགས་པའི་སྐུ་ནི་འཇིགས་པའི་ང་རོ་རྡོ་རྗེ་ཅན།། རྣམ་ཤེས་ཡེ་ཤེས་ཀྱི་གཟུགས་སྲིད་པའི་འཇིགས ་བ་འཇོམས་བྱེད་ལྔ་ཡི་སྤྱི་གཙུག་ལ་ཕྱག་འཚལ།། དཔལ་ལྡན་གདན་བཞིའི་རྒྱུད་ཆེན་ལ།། གསང་བའི་མདུད་པ་འགྲོལ་བྱེད་པ།། རྣམ་བཤད་དེ་ཡིས་འདི་བྲིས་ཏེ།། དེ་ཡི ་གོམས་ཞུས་ཕྱིར་རོ།། འདི་སྐད་བཤད་པ་ཞེས་པ་དང་པོར་བརྩམས་ནས་མངོན་པར་བསྟོད་དོ།། ཞེས་པའི་ཚིག་ཇི་སྙེད་ཀྱི་བར་རྣམ་པར་འབྱེད་པ་དང་མཚན་མ་དང་ཚིག་དང་།། ་མདོར་བསྡུས་པ་ལ་སོགས་པ་དང་། ལྕི་བ་དང་། ཡང་བ་དང་། ཚེགས་དང་ཡིག་འབྲུ་ལ་སོཌ་བའི་དོན་ཉེ་བར་སྟོན་པའི་དབང་ལས་ཇི་ལྟར་འབྱོར་པ་བཞིན་དུ་སྦྱར་བར་བྱའོ།། ་འདི་སྐད་བཤད་པའི་ཐམས་ཅད་མཁྱེན་ཅེས་པ་ལ་སོགས་པས་ནི་དོན་བཞི་བསྟན་ཏེ། སྟོན་པ་པོ་དང་། བསྟན་པའི་རྣམ་པ་དང་། བསྟན་པའི་དོན་དང་། གནསོ།། དེ་ལ་ཐམས་ཅད ་མཁྱེན་པ་ཞེས་པ་ནི་སྟོན་པ་པག།། དི་སྐད་ཅེས་བསྟན་པའི་རྣམ་ག།། ཤེས་ཞེས་པ་ནི་བསྟན་ཀྱ་ངན་ནོ།། གནས་གཙང་མ་ལ་ཞེས་པ་ནི་གནས་སོ།། དེ་ལ་ཚིག་ས་དོན་ནི་དྲང་སྲོང་རྣམས་ཞེས་བྱསྟེ། སངས་རྒྱས་རྣམ་ཏུ ་ཞེས་པའི་དོན་ཏོ།། དྲང་སྲོང་རྣམས་ཀྱི་ཞེས་པ་ནི་ཁ་ཅིག་ལ་ཡང་དོན་དེ་ཁོ་ནའོ།། རྣལ་འབྱོར་མའི་དྲ་མཆོག་བདེ་ཞེས་པ་ལ།། དེ་ལ་རྣལ་འབྱོར་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པའོ།། དྲ་བ་ནི་འདུས་པའོ།། མཆོག་ཏུ་བདེ་བ་ནི་ལོངས ་སྤྱོད་དོ་ཞེས་པའོ།། འཁོར་གང་ལ་ཡིན་ཞེ་ན། གསུངས་པ། སྦྱངས་པའི་ཡོན་ཏན་ཅན་དང་། ཞེས་པ་ལ་སོགས་པ་སྟེ། སྦྱངས་པའི་ཡོན་ཏན་ཅན་དང་། ཞེས་པ་ནི་ཚི་ག་གཉིས་ག་ལ་ཡང་བྱམས་པའོ།། འཇིགས་པར་མཛད་པ་བློ་དང་ཞེས་པ་ནི ་ཕྱོག་ན་རྡོ་རྗེའོ།། འཕྱང་བ་དང་ཞེས་པ་ནི་ཀུནྡ་བཟང་པོའོ།། མགྲིན་པ་གསུམ་པ་ཅན་དང་ཞེས་པ་ནི་ན་མཁའི་མཛོད་དོ།། རི་རབ་པ་དང་། ཞེས་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། རི་རབ་གཙུག་ཏོར་ཅན་དང་ཞེས་པ་ནི་སའི་སྙིང་པོའོ།། པདྨ ་ཙན་དང་ཞེས་པ་ནི་འཇིག་རྟེན་དང་ཕྱུག་གོ། པདྨ་མ་འཆང་བ་པོ་དང་ཞེས་པ་ནི་ཤེས་རབ་རྣོན་པོའོ།། དེ་དག་ལ་སོགས་པ་ལྷ་དང་མི་ལ་སོགས་པ་ཇི་སྙེད་དང་བཅས་པའོ།། གསང་བར་སྦྱོར་བ་ཞེས་པ་ནི་གསང་བའི་དུས་སོ།། ས་ཞེས་པ་ནི་སྡེའོ།། འབྱུང ་དུ་འཇུག་པའི་དབུགས་དག་ནི་ཞེས་པ་ནི་ཡར་འོང་བའི་རླུང་དང་། མར་འགྲོ་བའི་རླུང་ངོ་།། ཡུལ་དང་ལུས་སོགས་ལྷ་རྣམས་དག་ཅེས་པ་ནི་ཕུང་པོ་ལྔ་དང་དབང་པོ་ལྔ་དང་། དེའི་ཡུལ་ཁམས་དང་། སྐྱེ་མཆེད་རྣམས་གཟུང་བར་བྱའོ།། ཡེ་ཤེས་རྣམ ་པར་ཤེས་པའི་ཡུལ་ཞེས་པ་ལ་དེ་ལ་ཡེ་ཤེས་ཞེས་པ་ནི་སྐྱེས་བུའི་གཟུགས་ཏེ་ཐབས་སོ།། རྣམ་པར་ཤེས་པ་ཞེས་པ་ནི་ལྷ་མོའི་གཟུགས་ཏེ་ཤེས་རབ་མའོ།། ཡེ་ཤེས་དབང་ཞེས་པ་ནི་དེ་དག་གི་དབང་ཕྱུག་པ་ཇི་སྙེད་པའོ།། སེམས་ཅན་གྱི་གཞི་ཐབསུ ་གྱུར་པ་རྩ་བའི་འཁོར་ལོ་དང་པོ་ཁོ་ནར་སྟོན་འདོད་པས་ཉོན་ཅིག་ཅེས་དེ་གཉིས་གཅིག་ཏུ་གྱུར་པའི་དབུགས་རྣམ་པའི་ཆ་གསུངས་པ།། ཉི་ཁྲི་དང་ནི་ཞེས་ལ་སོགས་པ་གསུངས་ཏེ། དེ་ལ་ཁྲི་ནི་སྟོང་ཕྲག་བཅུའོ།། ཉི་ཁྲི་ཞེས་པ་ནི་ཁྲི་ཕྲག་གཉིས།། ་ཚིག་སྟོང་ཞེས་པ་ནི་སྟོང་ཕྲག་གཅིག། དྲུག་བརྒྱ་ནི་ཞེས་པ་ནི་བརྒྱ་ཕྲག་དྲུག་གོ། ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ནི་ཞེས་པ་ནི་ཆུ་ཚོད་དྲུག་ཅུའོ།། དེ་གཉིས་ཉིན་མཚན་དུ་ཇི་སྙེད་ཡོད་པའི་དབུགས་ཀྱི་དོན་ཤེས་པའོ།། འབྱུང་ཞེས་པ་ནི་ཡར་འཁྱུད་པའི ་དབུགས་སོ།། འཇུག་ཅེས་པ་ནི་མར་འཇུག་པའི་དབུགས་སོ།། ཕྱི་རོལ་བརྩི་བར་གཞག་བྱ་བ།། བཅུ་གཉིས་ས་ལ་དེ་བཞིན་ཏེ། ཞེས་པ་ལ་དེ་སའི་འཁོར་ལོའོ།། བཅུ་གཉིས་ནི་རེའུ་མིག་བཅུ་གཉིས་སོ།། ཕྱི་རོལ་ཞེས་པ་ནི་ཕྱི་རོལ་ཏུ་བྲི་བའོ།། ། ་བརྩི་བར་བཞག་བྱ་བ་ཞེས་པ་ནི་རྩིས་ཀྱི་ཡི་གེ་བཞག་པར་བྱའོ།། ཞེས་པ་ཇི་སྙེད་པའོ།། ཇི་ལྟར་ཚེས་གྲངས་བརྩི་བ་བཞིན་ཞེས་པ་ནི་ཕྱོགས་དང་མཚམས་ལ་རིམ་པས་ཕྱི་རོལ་ཏུ་མིང་འཇིགས་པ་ལ་སོགས་པ་རྣམ་པ་བཅུ་གཉིས་རིའུརུ ་མིག་ལ་བཞག་པར་བྱའོ་ཞེས་ཇི་སྙེད་པའོ།། དེ་ཡང་ཚེས་ཀྱི་རིམ་པ་གང་ལས་བརྩམས་ཏེ་བཞག་པར་བྱ་ཞེ་ན་གསུངས་པ། ཤར་ནས་དགུན་ཟླ་འབྲིང་སོགས་བཞག་ཅེས་པ་ལ་སོགས་པ་གསུངས་ཏེ། དགུན་ཟླ་འབྲིང་པོ་ཞེས་ཇི། དཀུན ་ཟླ་འབྲིང་པོའོ།། དེ་ནས་བརྩམས་ནས་ཇི་སྙེད་དགུན་ཟླ་ར་བའི་བར་དུ་ཞེས་པའི་དོན་ཏོ།། འཇིགས་པ་ལ་སོགས་པ་དང་པོ་ནས་འདོད་པ་མཐར་ཐུག་པ་རེའུ་མིག་བཅུ་གཉིས་ཁུང་བུ་ལ་བཞག་པར་བྱའོ།། ཞེས་ཇི་སྙེད་པའོ།། མ་རིག ་པ་ལ་སོགས་བཅུ་གཉིས་ཡན་ལག་རྣམས་ནི་འཛགས་པ་ལ་སོགས་པ་རྣམས་རྣམ་གྲངས་གཞན་དུ་གསུངས་པ་བླ་མའི་མན་ངག་གོ། རོ་ཧི་ཏ་དུས་ལྷ་ལ་མཆོད།། དེ་བཞིན་ལོ་ནི་བཅུ་བདུན་ཐུབ་ཅེས་པ་ནི་རྩ་བ་རྣམ་པར་བཟློག་པར་བཤད་པར་བྱའོ།། ་རབ་འབྱོར་ས་ནི་ཐེག་རྒས་ཤིང་།། རྣལ་འབྱོར་ས་ནི་འབྱུང་བའི་བར། ཞེས་པ་ནི་རང་བཞིན་འཇུག་པ་དང་། ལོག་པ་གཉིས་སྦྱོར་བ་ཆ་ལ་སྐྱེས་པ་ཞེས་པ་སྟེ། དེའི་ལུས་རྣམས་ཀྱི་མཚན་ཉིད་ནི་ཀུན་ལ་ཤེས་པར་བྱའོ།། རེ་ཅན་པྲེ་ཤ་བ་ལ་འགྲུབ ་ཅེས་པོ་ནི། དེ་ལར་ཅན་ནི་འཛག་པ་དང་། ཆུ་སྲིན་དང་། སྦོམ་པོ་དང་། སྡིག་པ་རྣམས་ཏེ། རྒྱུ་གར་གྱི་ཚིག་ལ་ཡི་གེ་ཡོད་པའི་ཕྱིར་རོ།། དེ་ངོཞིན་དུ་ཁྱུ་མཆོག་ལ་གང་བྱེད་པའི་དོན་ཏེ་འགྲུབ་པོ་ཞེས་པའི་དོན་ཏོ།། མཁས་པས་སྔ་དྲོ་བརྩི་བར་བྱ་ཞེས ་བ་ནི་ཐོ་རངས་ཀྱི་དུས་ལས་བརྩམས་ནས་དབུགས་ལ་སོགས་པ་རྩིས་བྱའོ།། ཞེས་པ་ཇི་སྙེད་པའོ།། ནོར་རྒྱས་བུ་ཞིག་འཛེགས་པ་སྟེ་ཞེས་པ་ལ་སོགས་པས་ནི།། དུག་ཕོག་པའི་དུས་ན་སོས་གཟུང་བ་བརྟགས་པ་ལ་འཛག་པ་ལ་སོགས་པའི ་ཞིང་ལ་ནི། ནོར་རྒྱས་ཀྱི་བུ་ལ་སྦྱར་བར་བྱའོ་ཞེས་ཇི་སྙེད་པའོ།། འདི་ལ་དུག་གི་རིམས་སྦྱར་བ།། བྱེ་བྲག་ཏུ་ནི་ཤེས་པར་བྱ་ཞེས་པ་ནི་འདི་ལ་དུག་པ་ཅེས་པ་ནི་གོང་དུ་ཀླུའི་འཁོར་ལོའོ།། རིམས་སྦྱར་བ་ཞེས་ནི། སོས་པ་དང་མི་སོས་པའི་རིམ ་བྱེ་བྲགྷྣ་ནི་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ།། ར་ཅན་ཁྱུ་མཆོག་རྣམས་ལ་གྲུབ།། བདུད་རྩི་སྐྱེ་བར་མི་འགྱུརརོ་ཞེས་ནི། དེ་ལ་ཡང་འགྲུབ་འཇིགས་པ་དང་། ཆུ་སྲིན་དང་། སྦོམ་པོ་དང་། སྡིག་པ་རྣམས་ཏེ། རྒྱ་གར་གྱི་ཚིག་ལ་ར་ཡིག་ཡོད་པའི ་ཕྱིར་རོ།། ར་ཅན་པོའི་སྒྲ་ནི་མི་དགེ་བའི་རྣམ་གྲངས་སོ།། དོན་ནི་འདི་ལྟ་སྟེ། ར་ཅན་དྲི་ཞོ་དང་ཁྱུ་མཆོག་ལ། སོས་བཏབ་ཟིན་ན་མཽ་འཚེའོ་ཞེས་ཇི་སྙེད་པའོ།། དེ་ཁོ་ནའི་ཕྱིར་བདུད་རྩི་སྐྱེ་བར་མི་འགྱུར་ཞེས་པ་སྟེ། ནག་པོས་ཟོས་པར་འགྱུར ་རོ་ཞེས་པ་སྟེ། ནག་པོས་ཟོས་པར་འགྱུར་ཞེས་ཇི་སྙེད་པའོ།། དུག་བསྡུ་བ་ཡི་སྦྱོར་བ་ནི།། གཞན་གྱི་ཆོ་ག་ཀུན་སྦྱར་ན་ཞི་བ་ནི།། ཁྱུ་མཆོག་དང་། ར་ཅན་བཞི་ལས་གང་གི་ཚད་ལ་གལ་ཏེ་ཟོས་པར་གྱུར་ན་དེ་ཚེ་དཔྱད་པར་བྱ་བའི་དོན་ཏོ།། ་རིམ་གྱིས་དགུན་ཟླ་འབྲིང་སོགས་པར།། དུས་ཀྱིས་བགོད་པ་བྱང་གི་ཕྱོགས་ཞེས་པ་ནི། དགུན་ཟླ་འབྲིང་པོ་དང་པོ་ནས་གཟུང་སྟེ། རིམ་པར་ཉི་མའི་སྤྱོད་པའི་དབང་ལ་བགྲོད་པ་སྟེ། ལྷོ་རུ་བགྲོད་པ་དང་། བྱང་དུ་བགྲོད་པའི་བྱང་གི་ཕྱོགས ་ཞེས་པ་ནི། བྱང་དུ་བགྲོད་པའོ་ཞེ་བའོ། ལྷོ་ན་བགྲོད་པ་ནི་ཉིན་མོ་མངོན་དུ་བསྐྱེད་པ་དང་། བྱང་དུ་བགྲོད་པ་ལ་ནི་མཚན་མོ་མངོན་དུ་བསྐྱེད་པའོ་ཞེས་ཇི་སྙེད་པའོ།། དེ་ནི་དགུན་ཟླ་འབྲིང་པོ་ལ་སོགས་པ་བཟླ་བཅུ་གཉིས་ཀྱི་མཚན་མོ་དང་ཉིན་མོའི ་རྣམ་པའི་ཆུ་ཚོད་བཅུ་དྲུག་ལས་ཕྲི་བ་དང་། བསྐྱེད་པ་གསུངས་པ། བཅུ་གཉིས་བུན་དང་བཞི་དག་ནི་ཞེས་པ་ལ་སོགས་པ་སྟེ། ཆུ་ཚོད་སུམ་ཅུ་རྩ་དྲུག་ཅེས་པའི་དོན་ཏོ།། ཇི་ལྟར་ཉིན་དང་ཉིན་བྱེ་བ་ཞེས་པ་ནི། ཇི་སྙེད་ཟླ་བ་རྫོགས ་བ་ལ་ཞེས་པ་སྟེ། དེ་སྙེད་ཁོ་ན་ཉིན་རེ་དང་། མཚན་རེ་ལ་ཆུ་ཚོད་ཀྱི་རྣམ་པ་ཆེར་ཤེས་པར་བྱའོ།། རེའུ་མིག་གི་ནི་བཅུ་གཉིས་པ་ཡིས་ཞེས་པ་ཡིས་ཞེས་པ་ནི་དགུན་ཟླ་བ་ཆུང་ངོ་།། བཅུ་གཉིས་གྱུར་དང་དྲུང་དང་ནི།། ཞེས ་ནི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གེ། བཅུ་གསུམ་བུན་འགྱུར་བཞི་དག་ནཱི་ཞེས་པ་ནི།། དེ་ཁོ་ནའི་མཚན་མོ་ལ་ཨུ་ཆེ་དོ་སུམ་ཅུ་རྩ་བཞིའོ།། བཅུ་གཉིས་བསྒྱུར་བའི་བརྒྱད་དག་ནི། ཞེས་པ་ནི་ཏྱི་དཱི་ཌཱུ་ར་བའི་ཉིན་མོའི་ཆུ་ཚེ་དེ་ཉི་ཤུ་རྩ་བརྒྱད་དོ།། བཅུ ་གསུམ་བུན་འགྱུར་གཉིས་དག་ནི་ཞེས་པ་ནི། མཚན་མོ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ།། བྷི་ཤུའི་བར་དུ་གཉིས་སྦྱར་བ་ཞེས་པ་ནི། དཔྱིད་ཟླ་འབྲིང་པོའི་ཆུ་ཚོད་སུམ་ཅུས་བརྟགས་པ་ཡིན་ཞེས་ཏེ། དེའི་ཉིན་དང་མཚན་ལ་ཆུ་ཚོད་སུམ་ཅུ་ཞེ་བའི་དོན་ཏོ།། ་བཅུ་གསུམ་དང་ནི་གཉིས་དག་གོ་ཞེས་པ་ནི་དབྲིང་ཟླ་ཆུད་ཀྱི་ཟླ་བ་ལ་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་གཉིས།། བཅུ་གི་ཉེས་གྱུར་དང་བརྒྱུད་དག་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ།། བཅུ་གསུམ་རྣམ་པར་བཞུག་པ་དང་། བཞི་པོ ་དག་ནི་ལྡན་པར་བྱ་ཞེས་བཱ་ནི། དབྱར་ཟླ་ར་བཱིའོ་ཉིན་མོ་ཆུ་ཚུད་སུམ་ཅུ་རྩ་བཞིའོ།། བཅུ་གཉིས་བསྒྱུར་དང་དྲུག་རྣམ་སཱ་ནི་ཞེས་པ་ནཱི་དེ་ཁོ་ནའི་མཚན་མོ་ལུ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ།། བཅུ་གསུམ་བསྒྱུར་བའི་གཉིས་དང་ཡང་ཞེས་པ་ནི། སྟོན་ཟླ་ར་བའི་ཟླ་བའི་ཉིན ་མོ་ལ་ཆུ་ཚེད་སུ་མོ་ཅུ་རྩ་གཉིས་སོ།། བཅུ་གཉིས་དུན་དང་བཞི་ཡིས་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་འིཆུ་ཚད་ཉི་ཤུ་རྩ་བཞིར་འགྱུར་རོ་ཞེས་པའི་དེན་ཏོ།། དེ་ལྟར་ཉིན་མོ་མངོན་དུ་བསྐྱེད་པའི་རྒྱུར་གྱུར་པའི་ལྷོའི་བགྲོད་པ་ཞེས་བྱ་བ་དེ་དག་ཙམ་གྱིས་ཡོ ་སྐུ་རྟོགས་སོ་ཞེས་གསུངས་པ། བྷྱོ་ཕྱོགས་སུ་ནི་བགྲོད་སྟོན་པའོ་ཞེས་པ་ལྔ་སོགས་པའོ།། ཡང་མཚན་མོ་མངོན་དུ་བསྐྱེད་པའི་རྒྱུར་གྱུར་པ། བྱུང་གི་བགྲོད་པ་བརྗོད་འདོད་པས་གསུངས་པ། བཅུ་གསུམ་བསྒྱུར་བ་ལ་སོགས་པ་སྟེ། དེ་ལ་ཞེས་པ ་ནི། དབྱར་ཟླ་ཐ་ཆུང་ཟླ་བའི་ཉིན་མོ་ཆུ་ཚད་སུམ་ཅུ་རྩ་བཞིའོ།། བཅུ་གཉིས་བུན་བསྒྱུར་དྲུག་དང་ནི་ཞེས་པ་ནི།། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ། བཅུ་གསུམ་བསྒྱུར་བའི་གཉིས་དང་ཡང་ཞེས་པ་ནི་སྟོན་ཟླ་ར་བའི་ཟླ་བའི་ཉིན ་མོ་ལ་ཆུ་ཚད་སུམ་ཅུ་རྩ་གཉིས།། བཅུ་གཉིས་བསྒྱུར་དང་བརྒྱད་ཀྱིས་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚེད་ཉི་ཤུ་རྩ་བརྒྱད་དོ།། བཅུ་གསུམ་གྱུར་དུ་བསྟན་པ་ཡིས་ཞེས་པ་ནི་སྟོན་ཟླ་འབྲིང་པོའི་བྷི་ཤུ་ཞེས་བྱ་བ་ཉིན་མོ་དང་། མཚན ་མོ་ལ་ཆུ་ཚེད་སུམ་ཅུ་སུམ་ཅུ་ཞེས་ཇི་སྙེད་པའོ།། བཅུ་གཉིས་གྱུར་དང་བརྒྱད་ཀྱིས་ནི་ཞེས་པ་ནི། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བའི་ཉོན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ།། བཅུ་གསུམ་གྱུར་པའི་གཉིས་དང་ནི་ཞེས་པ་ནི། དྭེ་ཁོ་ནཱིའི་མཚན་མོ་ལྔ་ཆུ ་ཚོད་སུམ་ཅུ་རྩ་གཉིས་སོ།། བཅུ་གཉིས་བསྒྱུར་བ་དྲུག་དང་ནི་ཞེས་པ་ནི་དགུན་ཟླ་ར་བའི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག། བཅུ་གསུམ་བསྒྱུར་བའི་བཞི་དོང་ནི་ཞེས་པ་ནི་དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་བཞི་ཡིན་ནོ་ཞེས་པའི་དོན ་ཏོ།། ཡང་བགྲོད་པས་ཟླ་བ་དང་མཚན་མོ་དང་ཉིན་མོའི་ཆ་རྣམ་པར་ཕྱེ་བ་རྣམས་ཀྱི་ཆུ་ཚོད་གཅིག་ལ་དབུགསུ་ཞེས་དཔྱད་པ་གསུངས་པ་སུམ་ང་རྒྱ་དེ་བཞིན་དྲུག་ཅུ་ལ་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་འདི་ལྟ་སྟེ། ཉིན་མཚན་གྱི་དེའི་ཆུ ་ཚོང་དྲུག་ཅུའི་གྲངས་ལ་ཆུ་ཚོདངྒ་རེ་རེ་ཁོ་ན་ལ་སུམ་བརྒྱ་དྲུག་ཅུ་དབུགས་ཡིན་ནོ་ཞེས་པའོ།། ཟླ་བ་གྲཝ་རིམས་ཇི་ལྟ་བར་ཞེས་པ་ནི་དབྱར་ཟླ་འབྲིང་པོ་ལ་སོགས་པའི་ཆུ་ཚོད་རྣམས་དེ་བཞིན་དུ་དབུགས་རྣམསོ།། ཆུ་ཚོད་དབུགས་ནི་ཀུན ་རྫོགས་དང་། རིམ་པར་འཁོར་བ་ཆད་པ་ནི་ཞེས་པ་ནི། དེ་ལྔ་དཔྱིད་ཟླ་འབྲིང་པོ་དང་། སྟོན་ཟླ་འབྲིང་པོ་གཉིས་ལ་བྷི་ཤུར་འགྱུར་ཏེ། དེ་གཉིས་ཀྱི་ཉིན་མི་དང་མཚན་མོ་ལ་མཉམ་པར་འཁོར་རོ།། ལྡེག་མ་རྣམས་ཟླ་བ་ལ་ནི་ཆད་པ་ཞེས་ཕྲ ་བ་དང་། བསྐྱེད་པར་འཁོར་རོ།། བགྲོད་པ་དང་ཟླ་བའི་རྣམ་པའི་ཚེའི་དབུགས་དང་། ཆུ་ཚད་ཕྱི་བྲི་མངོན་པར་བརྗོད་ནས་ད་ནི་ལཾ་གཅིག་གི་ཚེས་གྲངས་རྣམ་པའི་ཆ་དབྱེ་བར་འདོད་པས་གསུངས་པ། ཁ་སོགས་ཞེས་པ་ལ་སོགས་པ་སྟེ། དེ ་ལ་ཁ་སོགས་ཞེས་པ་ནི་ཉི་ཤུ་རྩ་བཞིའི་ཡི་གེ་ཁེ་དྲང་པོར་གཟུང་ནས་ཡི་གེ་བར་མའི་བར་དུ་བྱ་སྟེ། བྱ་ཀ་རཱ་ཎའི་ཨ་ཀཱ་ར་ཤ་མ་ཏི་ཀ་ལ། ཡ་ཝ་རཱ་ལ་ཞེས་བརྗོད་པའི་ཕྱིར་རོ།། དུས་ཞེས་ནི་དྲུག་ཁོ་ན་བྱའོ་ཞེསོ།། དེ་དག་ཐམས་ཅད ་འདུ་བར་བྱས་ཏེ། བགྲོད་པ་གཉིས་ཀྱི་བརྩི་བ་ལ་ཞེས་པ་སྟེ། བགྲོད་པ་གཉིས་ལས་རྣམ་པར་ཤེས་པ་གཉིས་བྱའོ་ཞེས་པའི་དོན་ཏོ།། བསམ་པ་ནི་འདི་ལྔ་སྟེ། སུམོ་ཅུ་རྩ་དྲུག་གི་གྲངས་འདུས་ནས་ཆ་མཉམ་པོར་བྱའོ་ཞེས་པའོ།། ། ་དེ་ལྟར་ཟིན་མོ་ཐག་ཏུ་ཆེ་གཅིག་ལ་བརྩིས་བཅོ་བརྒྱད་དུ་འགྱུར་རོ།། གཉིས་ནི་བཅུ་འགྱུར་བྱ་བ་ཡིས་ཞེས་ནི་ཆ་གཉིས་སོ་སོར་རེ་རེར་བཅུ་བདུན་དུ་བྱས་ཏེ། དེ་གཉིས་འདུས་པའི་ཇི་སྙེད་ཀྱི་གྲངས་སྙེད་པ་དེ་སྙེད་གྲངས་ཡོངསུ་བརྩིས་པ་ནི། ་དེ་ལྟར་ལོའི་ཆུ་ཆུད་དོ་ནས་པ་སྟེ་ཆུ་ཚོད་དབུགས་རྣམས་ནི་བསྒྱུར་ཞེས་པའི་དོན་ཏོ།། ཉིན་དང་མཚན་གྱི་དབུགས་དག་ནི།། དེ་ཡི་ཚད་ཀྱིས་སྦྱར་བར་བྱ་ཞེས་པ་དེའི་ཚད་ཅེས་ཆུ་ཚོད་ཀྱི་བློ་དང་དབུགས་ཀྱི་མཐར་ཐུག་པ་ཚད་གས་ལོ་ཞེས་དེ་ཤེས ་པར་བྱའོ་ཞེས་ཇི་སྙེད་པའོ།། དེ་ལྟར་རྩ་བའི་འཁོར་ལོ་གྱུར་པ་ལོ་དང་ཟླ་བ་དང་། ཉིན་མཚན་གྱི་ཆུ་ཚོད་དང་། དབུགས་ཀྱི་ཚད་མངོན་པར་བརྗོད་ནས་ཕྱིའི་དཀྱིལ་འཁོར་བྱས་ནས་བཅུ་གཉིས་ལ་བཞག་པའི་སྒྲ་ཡིག་གི་ཁྱད་པར་གྱི་དབང ་ལས་དགེ་དང་མི་དགེ་བའི་མཚན་མ་རྟག་པའི་དོན་དུ་རྣལ་འབྱོར་ལོ་སྟོན་འདོད་པས་གསུངས་པ། གང་གིས་དབང་ཕྱུག་ཀུན་བཟུང་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་མན་ངག་གི་འདི་ལྟ་སྟེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས ་པའི་གསང་བའི་ཕྱོགས་ལ་ཙན་དནྟྲ་དང་གུར་གུམ་ལ་སོགས་བུ་རྣམ་བྷར་བགྲོད་པའི་དཀྱིལ་འཁོར་ལཱ་མཁྲའུ་འགྲོ་མུ་ལྔའི་ས་བློན་གྱིསྟེ་སྔགས་བཏབ་པའི་རྡོ་རྒྱུས་ཀྱི་སྤུ་རེའུ་མིག་བཅུ་གཉིས་པ་འཁོར་ལོ་མངོན་པར་བྷིས་ཏེ། དེ་ལ་ཤར་གྱི ་མིག་ནས་བརྩིམས་ནས། ཡི་གེ་ཨ་ལ་སོགས་བུ་ཡི་གེ་ཨའི་མཐར་ཐུག་པ་རྣམས་མ་ནིང་གི་ཡི་གེ་རི་རིའི་དང་ལི་ལཱི་སྤངས་བྲི་བར་བྱས་ཏེ། བདག་ཀྱང་ཡི་དམ་གྱི་ལྷ་ཡོད་ལ་བྱེད་པ་བྱས་པ་དེས་འདྲི་བ་པོའི་དག་གི་དབང་ཕྱུག་ཚད ་གཟུང་ནས་དེའི་གྲངས་སུ་གསུངས་པ་དང་། འཁོར་ལོའི་ཡི་གེ་ཡང་གཟུང་ནས་དེའི་གྲངས་དེ་ཡང་སུམ་འགྱུར་དུ་བྱས་ཏེ། རྩ་སི་དེ་ཡང་དྲུག་འགྱུར་དུ་བྱས་ནས། དེ་ཁོ་ན་ལ་དྲུག་ཅུ་རྩི་ལྔས་བསྲེས་ཏེ། དེ་ལས་བཅུ་གཉིས་སུ་ཕྲ་ནས ་ལུས་པའི་རྩིས་ཀྱི་ཚད་གང་དེའི་ཡོན་ཏན་བལྟས་ནས་དགེ་དང་མི་དགེ་བ་བསྟན་པར་བྱའོ།། མུ་ནིང་གཉིས་ནི་མངོན་སྤངས་ཏེ། ཞེས་ནི་རྀ་རཱྀ་དང་ལྀ་ལཱྀ་སྤངས་པའི་སྒྲ་ཡིག་ཅེས་པའི་དོན་ཏོ།། ཨ་ཞེས་བྱ་བར་རིམ་ལྡན་ན་ཞེས ་དང་པོ་ནས་གཟུང་སྟེ། ཇི་ལྟར་དང་པོ་ཨ་ཞེས་པས། དེ་བཞིན་མཐའ་མ་གཟུང་བར་བྱ་ཞེས་ཇི་སྙེད་ཀྱི་བང་མཚན་མའི་ཡོན་ཏན་གསུངས་སོ།། ད་ནི་ངག་གི་དབང་ཕྱུགས་ཀུན་གཟུང་ན་ཞེས་པ་དེ་ལ་མན་ངག་སྟོན་པ་ནི། བཅོམ་ལྡན་འདས་ཉིད་ཁ་ནས་གསུང། ་བར་མཛད་པས་གསུངས་པ། གོང་དུ་སུམ་འགྱུར་བྱ་བ་དང་། ཞེས་པ་ལ་སོགསོ་བ་སྟེ། དེ་ལ་གོང་དུ་སུམ་འགྱུར་བྱ་བ་དང་ཞེས་པ་ནི། འདྲི་མཁན་གྱི་ངག་གི་དབང་ཕྱུག་རྣམས་ནི་དང་པོ་སུམ་འགྱུར་དུ་བྱས་ནས་ཕྱི་ནས་དྲུག་འགྱུར་བྱའོ།། ་ཞེས་དོན་གསུངས་པ། དྲུག་འགྱུར་དུ་ནི་བརྩི་བོ་བཞག་ཅེས་པ་སྟེ། དོན་ནི་འདི་ལྟ་སྟེ། འདྲི་མཁན་གྱི་ངགི་དབང་ཕྱུག་སུམ་འགྱུར་དུ་བྱས་པ་ཁོ་ན་ཇི་སྙེད་ཀྱི་སྒྲ་ཡིག་དེ་སྙེད་ཚད་ཁོ་ན་ཡང་དྲུག་འགྱུར་དུ་བཞག་པར་བྱའོ་ཞེས་པའོ།། ཡང་གསུངས ་བ་དྲུག་ཅུ་རྩ་ལྔས་བསྲེས་ནས་ནི་ཞེས་པ་ནི་དྲུག་འགྱུར་དུ་བྱས་པའི་ཚད་ཁོ་ན་ལ་དྲུག་ཅུ་རྩ་ལྔས་བསྲེས་གནས་གཅིག་ཏུ་བྱས་ཏེ། ས་ཡོས་དེ་ནི་བཅད་ནས་སུ་ཞེས་པ་སྟེ། བཅུ་གཉིས་བཅུ་གཉིས་སུ་བཅས་ནས་ཕྲི་བར་བྱས་པའོ།། ཡི་གེ་ལྷག་མ ་གཟུང་བྱས་ཏེ། ཞེས་པ་ནི་བཅུ་གཉིས་སུ་བྲི་བ་ལས་ལྷག་པའི་ཡི་གེ་རྩིས་ཀྱི་ཡི་གེ་གྲངས་ཀྱིས་བགྲངས་པའི་ཡི་གེའི་ཡོན་ཏན་དགེ་མི་དགེ་ལུང་དུ་བསྟན་པར་བྱའོ་ཞེས་ཇི་སྙེད་པའོ་ཡང་ན་རི་མོ་ཀྱག་ཀྱོག་རིས་ཞེས་པ་ལ་སོགས་པས་ནི་ཡང་དང ་ཡང་དུ་དགེ་བ་དང་མི་དགེ་བའི་མཚན་མ་རྣམ་པ་གཞན་གསུངས་པ་སྟེ། འདི་ལས་ཀྱག་ཀྱོག་ཅེས་བྱ་ནི། ཀླུང་གི་གཅིན་བཞིན་དུ་འདྲེན་པར་བྱེད་པའི་རི་མོའོ།། དེ་འདྲའི་རི་མོ་སྟོན་གསུངས་པའི་འདུ་བྱེད་ཀྱིས་གཙང་བར་བྱས་པར་འགྱུར་བའི་ས་ལ་གང ་ནམཁའ་འགྲོ་མའི་སྔགས་བཏབ་པ་རྡོ་རྒྱུས་ཀྱིས་མཉམ་པོར་ཚུར་འདྲེན་ནས་བྲིས་ཏེ། དེའི་སྟེང་གི་སྤྱི་བོ་ལ་སྒྲ་ཡིག་བཅུ་གཉིས་རྣམས་བཀོད་ནས་བརྩིས་པ་ལ་ཐ་མར་གྱུར་པའི་སྒྲ་ཡིག་གི་ཡོན་ཏན་བརྗོད་པར་བྱའོ་ཞེས་ཇི་སྙེད་པའོ།། ཡང་ན་མེ་ཏོག ་མར་གཏང་སྟེ་ཞེས་པ་ལ་སོགས་པས་ནི། གཞན་ཡང་མཚན་མ་བརྗོད་པ་སྦྱོར་བ་ཁོ་ན་གསུངས་ཏེ། དེ་ལ་མན་ངག་ནི་འདི་ལྟ་སྟེ། གོང་གི་རིའུ་མིག་བཅུ་གཉིས་པའི་འཁོར་ལོ་ནི་གྲོང་ནས་གསུངས་པའི་རིམ་པས་མངོན་དུ་བྲིས་ཏེ། དེ་ལ ་ཡང་མ་ནིང་གི་ཡི་གེ་སྤངས་པའི་སྒྲ་ཡིག་བཅུ་གཉིས་བཀོད་ནས་རང་གཱི་ཡི་དམ་གྱི་སེམས་སྔོན་དུ་བྱས་ཏེ། མེ་ཏོག་མར་གཏང་བར་བྱའོ།། རེའུ་མིག་ལ་མེ་ཏོག་ལྷུང་བ་རེའུ་མིག་དེ་ལྔ་བཞག་པའི་སྒྲ་ཡིག་གི་ཡོན་ཏན་འདྲ་མཁན་དེ་ལ ་དགེ་མྱི་དགེ་ལུང་དུ་བསྟན་པར་བྱའོ།། དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །། ད་ནི་དུས་མེ་ཡིན་པར་འཆི་བའི་མཚན་མ་འབྱུང་བ་དེས་མཚན་མའི་སྐྱེས་བུ་བསྲུང ་བའི་སྦྱོར་བ་དང་། འདྲི་མཁན་གྱི་གནས་དང་། དབུགས་ཀྱི་རྣམ་པའི་ཆ་དང་། འཚོ་བ་དང་། མི་འཚོ་བ་དང་། ཆར་པ་དབབ་པའི་སྦྱོར་བ་དང་། ཕོ་ཉའི་མཚན་མ་རྣམས་སྟོན་འདོད་པས། ཡེ་ཤེས་དེ་ཉིད་བྱེ་བྲག་དག་ཙོས་པ་ལ ་སོགས་པས་ནི་ལེའུ་གཉིས་པ་བརྩམས་སོ།། དེ་ལ་ཇི་ལྟར་ལུས་ཀྱི་མཚན་མ་དང་ཞེས་པ་ནི་སྐྱེས་བུ་རྣམས་ཀྱི་ལུས་ལ་རྣམ་པར་གནས་པའི་དུས་མ་ཡིན་པར་འཆི་བའི་མཚན་མུ་ཅི་འདྲ་ག་ལ་གནས་ཤེས་པའོ།། ཉོན་ཅིག ་རྒྱལ་པོ་རྡོ་རྗེ་ཆེ་ཞེས་པ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་སླར་གསུངས་པའོ།། དབུགས་ནི་རྣམ་པར་དགོད་པ་ཡིས།། ལུས་ཅན་ཟླ་བ་དྲུག་ན་འཆི་ཞེས་པ་ནི་འཇུག་པ་དང་འབྱུང་བའི་དབུགས་ཀྱི་མཚན་ཉིད་རྣམས་ཇི་ལྟར་གསུང ་བའི་གྲངས་ལས་ཕྱིན་ཅི་ལོག་ལ་ཕྲི་བ་དང་བསྐྱེད་པར་འཇུག་པའོ།། ལུས་ཀྱིས་ཀྱང་བསྐྱེད་པ་དང་བྲི་བར་འབྱུང་བ་དང་། ལུས་ཅན་རྣམས་ཀྱི་ལུས་ནི་ཤི་བ་ཞེས་ཤི་འཕོ་བའོ།། དེ་བཞིན་འཇིག་པ་ཆུང་མཐོང་ན་ཞེས་པ་ལ་སོགས་པས་ནི་གཞན ་ཡང་དུས་མ་ཡིན་པོར་འཆི་བའི་མཚན་མ་གསུངས་སོ།། དོན་ནི་འདི་ལྟ་སྟེ། འཇིགས་པ་ཆུང་ཞེས་པ་ནི་དུས་མ་ཡིན་པར་ཤི་བ་མཐོང་ནས་འཇིགས་པའོ་ཞེས་པའོ།། འགྲམ་པའི་ཚོགས་ནི་གཡོ་བར་འགྱུར་ཞེས་པ་ནི། གལ་ཏེ་དུས་ལ་བབ ་འགྱུར་ན། དབུགས་ནི་ཆད་ཅིང་འཆད་པར་འགྱུར། ཞེས་པ་ནི་དུས་ལ་བབ་འགྱུར་ཞེས་པ་ནི། བློ་བུར་དུས་འཆི་བའི་ས་ལ་གལ་ཏེ་རྩིས་ཀྱིས་བརྩིས་ན། དབུགས་ཀྱི་ཚད་ལ་ཆད་ཅིང་། ཆད་འགྱུར་ཞེས་བསྐྱེད་པ་དང་ཕྲི་བ་ཡིན་ནོ།། དེ་ཚེ་ཆད ་བ་ནི་ཤི་བའོ།། དེ་ལ་ཡང་ཆད་པའི་རིམ་པ་ཡོངས་སུ་ཤེས་པ་ནི་བླ་མའི་མན་ངག་སྟེ། རེའུ་མིག་བཅུ་གཉིས་པ་ལ་མུ་ཁྱུད་བཅུ་གཉིས་པ་དང་ལྡན་པར་བྱ་བ་དང་། དབུས་ཀྱི་རེའུ་མིག་སྔོན་དུ་བྲི་བའོ།། དེ་ལ་ཕྱིའི་ཚད་ནི་ཤར་གྱི་རེའུ་མིག་ལ་ཚད ་ལྔའོ།། རྩིས་ཡིག་ལྔའོ།། རེའུ་མིག་གཉིས་པཱ་ལ་ཡང་བཅུའོ།། རེའུ་མིག་གསུམ་པ་ལཱ་བཅོ་ལྔའོ།། རེའུ་མིག་གཞི་པ་ལ་ཉྫི་ཤུའོ།། རེའུ་མིག་ལྔ་པ་ལཱ་ཉི་ཤུ་རྩ་ལྔའོ།། རེའུ་མིགྲ་དྲུག་པ་ལཱ་ཉི་ཤུ་རྩ་དྲུག་གོ། རེའུ་མིག་བརྒྱད་པ་ལ་ཉྩི་ཤུ་རྩཝ་བརྒྱ་དོ།། ་རེའུ་མིག་དགུ་པ་ལ་ཉི་ཤུ་རྩ་དགུའོ།། རེའུ་མིག་བཅུ་པ་ལ་སུམ་ཅུ་ཐམ་པའོ།། རེའུ་མིག་བཅུག་པ་ལ་ནི་སུམ་ཅུ་རྩ་གཅིག་གོ།། རེའུ་མཾག་བཅུ་གཉིས་པ་ལ་སུམ་ཅུ་རྩ་གཉིས་སོ།། རེའུ་མིག་དབུས་མ་ལ་སུམ་ཅུ་རྩ་གསུམ་མོ།། དེ་དག་དབུས ་ཀྱི་རིམ་པ་ཤེས་པར་བྱའོ།། ཡང་བར་གྱི་མུ་ཁྱུད་ལ་ཤར་གྱི་རེའུ་མིག་ལ་ལོ་གསུམ་མོ།། གཉིས་པ་ལ་ལོ་གཉིས་སོ།། གསུམ་པ་ལ་ལོ་གཅིག་གོ། བཞི་པ་ལ་ཟླ་བ་དྲུག་གོ།། ལྔ་པ་ལ་ཟླ་བ་གསུམ་མོ།། དྲུག་པ་ལ་ཟླ་བ་གཉིས་སོ།། བདུན་པ་ལ་ཟླ ་བ་གཅིག་གོ།། བརྒྱད་པོ་ལ་ཟླ་བ་ཕྱེད་དོ།། དགུ་པ་ལ་ཚེས་བཅུའོ།། བཅུ་པ་ལ་ཚེས་ལྔའོ།། བཅུ་གཅིག་པ་ལ་ཚེས་གསུམ་མོ།། བཅུ་གཉིས་པ་ལ་ཚེས་གཉིས་སོ།། དབུ་མ་ལ་ཚེས་གཅིག་གོ། དེ་ལྟར་འཚོ་བའི་ཚེས་གྲངསོ།། དེ་ལྟར་ཡང་སྨྲས་པ། ་དེ་ལྟར་དབུགས་ཆད་པ་དང་། བསྐྱོད་པ་རྣལ་འབྱོར་པས་དུས་གང་ལ་ཡོངསུ་བརྟག་པར་བྱ་ཞེ་ན་གསུངས་པ། སྔ་དྲོ་འཛགས་པའི་དུས་ལ་ནི། དེ་ལ་མཚན་མ་བརྟག་པར་བྱ་ཞེས་པ་སྟེ། བསམ་པ་ནི་འདི་ལྟ་སྟེ། ཐོ་རངས་འཛེགས་པའི་ལན ་ལག་གི་གནས་སྐབས་ལས་ཡོངསུ་བརྟག་པར་བྱའོ་ཞེས་པའོ།། ད་ནི་ཡན་ལག་བརྒྱད་ལ་གནས་པ་ཆད་པར་གྱུར་ན། འཚོ་བའི་ཚེས་གྲངས་ཀྱི་ཚད་གསུངས་པ། སྣའི་ནང་ཀ་ཚད་ན། ཉི་མ་བདུན་གྱིས་གདོན་མི་ཟ་ཞེས་པ་ལ་སོགས ་པའོ།། དོན་ནི་འདི་ལྟ་སྟེ། སྣའི་རྩེ་མོ་ཞོམ་མ་ཐག་ཏུ་ཚེས་བདུན་གྱིས་འཆིའོ་ཞེས་པའོ།། མིག་གྲི་ཨཱཾ་བ་ར་ཆད་ན། ཏྲོ་ཏ་དེ་བཞིན་ཉི་མ་ལྔ་ཞེས་པ་ནི་མིག་གི་རྩ་ལ་ཏྲོ་ཏཱ་ཞེས་བྱ་བ་ཆད་ན། མི་འཕར་བས་ན་ཚེས་ལྔས་འཆིའོ།། ་དེའི་ཡང་སྣ་རྒྱུད་ཀྱི་ཕྱོགས་ཀྱི་མིག་རྩའི་མཐའ་ན་འཕར་བ་བརྟག་པར་བྱའོ།། འགྲམ་པའི་བརླ་ཤ་ཆད་གྱུར་ན་ཞེས་པ་ནི་འགྲམ་སྤུའི་གློ་ན་རྩ་གང་ཡིན་པ་དེར་ཆད་པར་གྱུར་ན་ཞག་གཅིག་གིས་འཚོའོ།། རྣ་བའི་ཨུ་དུཾ་རྣམས་ཆད་ན་ཞེས་པ་ནི་ན ་བའི་ཕུང་བུའི་ཕྱི་རོལ་དེ་དང་འབྱོར་པའི་རྩ་བང་དེ་ཆད་པར་གྱུར་ན་ཆུ་ཚོད་ལྔ་ལས་མི་ཐུབ་པོ།། འདི་ལ་ལྕེ་ནི་ཐིག་ནག་ཞེས་པ་ནི། ལྕེ་ལ་བློ་བུར་དུ་སྐུད་པ་འདྲ་བའི་རི་མོ་ནག་པོ་མཐོང་མ་ཐག་ཏུ་ཞག་གཉིས་ཀྱིས་འཆིའོ།། སྟེང་འོག་སེ་ནི་འཐམས ་འགྱུར་ན་ཞེས་པ་ནི། སོ་སོ་འཐམས་མ་ཐག་ཏུ་ཞུག་གསུམ་ཁོ་ནུས་འཆིའོ།། མགྲིན་པ་གློ་འམ་ཕྱི་རོལ་རྩ་ཞེས་པ་ནི་མགྲིན་པའི་ཕྱི་རོལ་གྱི། རྩེའུ་ཆུང་ཞེས་པ་དེ་ཆད་ན་ཟླ་བ་ཕྱེད་ན་འཆིའོ།། བྲང་གི་ལྕེའུ་ནི་ཞོམ་འགྱུར་ན་ཞེས་པ་ནི ་བློ་བུར་དུ་དང་སྙིང་མར་ཞོམ་ན་ཟླ་བ་ཕྱེད་ཁྲོ་ནའོ།། སེན་མོ་བཀྲུག་ནི་མེད་འགྱུར་ན་ཞེས་པ་ནི་གློ་བུར་དུ་རྐང་ལག་གི་སེན་མོ་རྣམས་མར་པོའི་དངོས་པོ་མེད་ཟིན་མ་ཐག་ཏུ་ཚེས་དྲུག་ནི་འཚོའོ།། དེ་ལྟར་གསུངས་པའི་མཚན་ཉིད་དུས་མ་ཡིན་པར ་འཚོ་བའི་མཚོན་མཉེ་བར་བརྟགས་པོའི་སྐྱེས་བུ་བསྲུང་བའི་ཆོ་ག་གསུས་པི། སྣའི་ནས་ཚད་ནི་ཞེས་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ལ་མན་ངག་ནི་འདི་ལྟ་སྟེ། གནས་གང་གི་རྩ་ཆད་པར་གྱུར་པ་གནས་དེ་ཁོ་ན་ལ་ཇི་ལྟར་གསུང ་སྱ་ཐོན་ནམ་དེས་སྐྱེད་ངྒཱ་ཧྲཱིཥྚརྣམས་བསྒོམ་མམས་བྱའོ།། གྱུར་ནུ་གསུ་ས་སུ། སོ་ས་སྣརོན་གྱིས་བྱས་ན་བྱ་། སུ་སྨོས་ས་ལྡནན་ནརྨྨཱ། རྣམས་ཅན་མི་ག་སུམ་།། དྲུག་པའོས་རྒན། ་རོ་ལྡངས་མའི་ས་བོན་ནི་ཡི་གེ་ཡུ~ཾ་ངོ་།། གདོལ་བ་མོའོ་ས་བོན་ནི་ཡི་གཽ་ཧཱུཾ་ངོ་།། སེང་གེ་མའི་ས་བོན་ནི་ཡི་གེ་སྨྼ;ྻུཾ་ངོ་།། སྟུག་མོའོ་ས་བོན་ནི་ཧཱུ~ཾ་།། ཅེ་སྦྱོང་གི་ས་བོན་ནི་སྨྼ;ྻུཾ་ངོ་།། འུག་པ་མའི་ས་དོན་ནི་ཀྵུ~ཾ་ངོ་།། ཡང་།། འི་སྲུང་བའི་དོན ་ནི་འཁོར་ལ་བཞག་པའི་ཆོ་ག་གསུང་བ། གཞན་ཡང་བསྲུང་བ་བཤུད་པར་བྱ་ཞེས་པ་ལ་སོགས་པ་སྟེ། ཆུ་དེ་ལ་སྲེག་སྣོད་གཉིས་ཀ་ཆུ་ཟུང་སྟེ་ཞོས་པ་ནི་བསྲེག་ནུས་པའི་གྱོ་མོའི་སྟོང་གཉིས་བྷྲཱུཾ་བླངས་ཏེ། པུར་གུམ་གོ་རོ་ཙ་ནས ་བ་སྟེ། གྲཱི་ཝཾ་དཱམ་གུར་གུམ་གྱིས་བྲི་བར་བྱའོ་ཞེས་པས་རྙོག་གོ།། ད་ནྀ་ཐབ་བྱི་བའི་རྣམ་པ་གསུངས་པ། གཞན་ཡང་བཤད་པར་བྱ། རེའུ་མིག་དགུ་སོགས་རྦྦ་དག་དང་ཞེས་པ་ཀྵ~ཾ། མུན་དགྷྲྀ་ནི། དཱི་ལྷ་སྟེ། འོག་མའི་གྱོ་མོ ་ཨུ་ཁྱུད་གཅིག་གིས་བསྐོར་བ་རིའུ་མིག་དགུ་པའི་འཁོར་ལོ་བྷི་བར་བྱའོ་ཞེས་པའི།། སྟེང་མ་ཆ་དག་བཅུ་གཉིས་ནཱི་ཞེས་པ་ནི་སེང་གེའི་སྣོད་ལ་ཡང་མུ་ཁྱུད་གཅིག་གིས་བསྐོར་བཻ་རེའུ་མགྲི་བཅུ་གཉིས་པའི་འཁོར་ལོ་བྲི་བཱའོ།། ་ནི་ནང་དུ་དགོད་པའི་སྔགས་སྟོན་འདོད་པས་གསུངས་པ། དབུས་སུ་མིང་ནི་བྲིས་སུ་ཞེས་པ་ལ་སོགས་པ་སྟེ་གྱོ་མོའི་སྣོད་གཉི་ག་ལ་ཡང་དབུས་སུ་བསྒྲུབ་བྱའི་མིང་བྲི་བར་བྱའོ།། ཇི་ལྟར་བྲི་ཞེ་ན་གསུངས་པ། ས་བོན་གྱོས་ནི་དེ་བཞིན ་དུ་བསྐོར་ཞེས་པ་སྟེ། སྔགས་ཀྱི་ཡི་གེའི་བར་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ།། དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཕྱག་འཚལ་སྒྲ་ནི་སྔོན་དུ་སྟེ་ཞེས་པ་ལ་སོགས་པའོ།། ཕྱག་འཚལ་སྒྲ་ནི་ཡི་གེ ་ཨོའོ།། དེ་ནི་བསྒྲུབ་བྱའི་མིང་གི་འོག་ན་བྲི་བར་བྱའོ་ཞེས་པའོ།། བསྲུང་བའི་ངག་གོ་གོང་དུ་བཞག་ཅེས་པ་ནི་རཀྵ་རཀྵ་ཅེས་པ་དག་གི་གོང་དུ་བསྒྲུབ་བྱའི་མིང་བྲི་བར་བྱའོ་ཞེས་པའོ།། མཐའ་རུ་བཞག་པའི་ས་བོན་ནི་ཞེས་པ་ནི་གོང་དུ་གསུངས་པ་དེའི ་མཐའ་ན། སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན་ཅེས་པ་སྟེ། ཡི་གེ་ཧཱུཾ་བྲི་བའོ།། བསྲེག་པའི་ཡི་གེ་མཐུར་བཞག་སྟེ་ཞེས་པ་ནི་སངས་རྒྱས་ལྔ་ལིས་མངོན་པར་བརྒྱན་པའི་མཐའ་ན་བསྲེག་པའི་ཡི་གེ་སྭཱ་ཧཱ་བཀོད་པར་བྱའོ།། དེ་ལྟར་དབུས་སུ་ཡི ་གེ་བཀོད་ནས། མུ་ཁྱུད་འཁོར་བ་ལ་བཀོད་པ་གསུངས་པ་སྒྲ་ཡིག་སྟེང་སོགས་མུ་ཁྱུད་ལ་ཞེས་པ་སྟེ། སྟེང་གི་མུ་ཁྱུད་འཁོར་བ་ལ་གྱོ་མོའི་སྣོད་གཉིས་པ་ལ་མ་ནིང་སྤངས་པའི་སྒྲ་ཡོག་བཅུ་གཉིས་བཀོད་པར་བྱའོ།། ཞེས་ཇི་སྙེད་པའོ།། ་ད་ནི་འོག་གི་ཕྱེ་མོའི་སྙིང་རེའུ་མིག་དགུ་ལ་བཞག་པའི་ས་བོན་གསུམ་སྟེ། ཀ་པེ་གཉིས་འགྱུར་ས་བོན་པ་ཞེས་པ་ལཾ། དེ་ལ་ཀ་ཞེས་པ་ནི་ས་སྣེ་དེའི་ས་བོནྡྷ་ཡཱི་གྲེ་ཧཱུ~ཾ་ངོ་།། ཕྱ་ཞེས་པ་ནི་རླུང་སྟེ། དེའི་ས་བྱོན་ཡི་གེ་ཡཱཾ་ངོ་།། གྲིཉིས་འགྱུར ་ས་བོན་དང་ཞེས་པ་ནི་ཡི་གེ་ཀྵུཾ་སྟེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ།། རྡོ་རྗེ་མའི་ལྷ་མོའི་མཚན་ཞེས་པ་ནི་ཡི་གེ་སུཾ་ངོ་།། ལྔ་ལྡན་མའི་ས་བོན་དང་ཞེས་པ་ནི་ཡི་གེ་ཧཱུ~ཾ་དེ་དག་ཁོ་ན་ཐམས་ཅད་དབུས་ཀྱི་རེའུ་མིག་ལ་བཀོད་པའི་རིམ་པ་ཁོ་ནས ་སྔགས་བཀོད་པ་བཤད་འདོད་པས་གསུངས་པ། ཕྱག་འཚལ་བསྲེགས་པ་མཐའ་མཱ་རུ་ཞེས་པ་སྟེ། སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཆེ་གེ་མོ་རཀྵ་རཀྵ་སཱཾ་སཱཾ་ཞེས་དེ་ལྟར་བཀོད་པར་བྱའོ།། དེ་ལྟར་ཡི་གེ་ཀྵུཾ་ལ་སོགས་པ་རྣམས་ལ ་ཨཱ་སྦྱར་བར་བྱའོ།། སངས་རྒྱས་ལྷུའི་མངོན་པར་བརྒྱན་ཅེས་པས་ལྔ་ལྡན་མའི་ས་བོན་ཞེས་གསུངས་པོས་དེ་བཤད་འདོད་པས་གསུངས་པ། དབྱུག་པོ་འཇིག་རྟེན་དབང་ཕྱུག་གོ་ཞེས་པ་ལ་སོགས་པ་སྟེ། ཚག་བཤད་དེ་ཡིས ་ཡི་གཱི་ཧཱུཾ་ཁོ་ན་རྣམ་པར་བ་ཤོདདྲ་པའི།། དེ་ཡང་དབྱུག་པ་ནཱཾ་ཡི་གེ་ཧའོ་བྲོག་ནྱ་རི་མོ་དྲང་པོ་སྟེ། དེ་ནི་འཇིག་རྟེན་དབང་ཕྱུག་གོ།། བརྟག་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག། ཞེས་པཱ་ནཱི་ཡི་གཱི་ཧཱུཾ་གི་ཞབས་བསྐྱེད་དེ། དེ་ནི་ཕྱག་ན་རྡོ་རྗེ ་ལུས་ནི་ཞེས་པ་ནི་ཧཱའི་ཁོག་པ་སྟེ་དེ་ནི་འཇམ་པའི་མགོན་ནོ།། དྲིལ་བུའི་མཆོག་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་དེ་གཉིས་ཀྱི་རང་བཞིན་གཅིག་ཉིད་ཀྱི་ཕྱི་རོ།། ཡི་གེ་ཧཱ་ནི་འཇམ་པའི་དཔལ་གྱི་རང་བཞིན་ཡང་སྨིན ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡང་ཡིན་ནོ་ཞེས་རྣམ་པར་རྟོག་གོ། དེ་བཞིན་མགོ་ནི་བྱམས་པོ་དང་ཞེས་པ་ནི་ཡི་གེ་ཧཱུཾ་གི་གང་མགོའི་རོ་མོ་སྟེ་དེ་ནི་བྱམས་པ་སྟེ། མ་ཞེས་བྱ་བ་སྟེང་འབར་བ་ཅེས་པ་ནི ་དེ་ལ་མ་ཞེས་བྱ་བ་སྟེང་འབར་བ་ཞིས་པ་ནི་ཟླ་བ་མེ་འདྲ་བའི་རི་མོའོ།། སྟེང་འབར་ཞེས་པ་ནི་དེ་ནི་དེའི་དཀྱིལ་འཁོར་གྱི་ཐིག་ལེའོ།། རྣམ་སྣང་འཁོར་བ་སྒྲོལ་བར་མཛད་ཅེས་པ་ནི་དེ་གཉིས་རྣམ་པར་སྣང་མཛད་དེ་གོང་དུ་གསུངས ་བ་རྣམས་ཁོ་ནའོ།། དེ་ནི་ཁ་པ་ལ་སོགས་པའི་ས་བོན་རྣམས། རེའུ་མིག་གི་གོ་རིམས་ཀྱི་དབང་གིས་གསུངས་པ། ཤར་གྱི་ཕྱོགས་སུ་བཞག་པ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཤར་གྱི་རེའུ་མིག་ལ་སུམ། ་མཁའ་འགྲོ་མའོ།། བྱང་དུ་ཀྵུཾ་དྲག་པོའི་མཁའ་འགྲོ་མའོ།། ནུབ་དུ་ཡུམ་རོ་ལངས་མའི་ས་བེན་ནོ།། ལྷོ་རུ་ཧཱུཾ་གདོལ་པའི་མཁའ་འགྲོ་མའོ།། དེ་ལྟར་ཕྱོགས་ཀྱི་བཀོད་པ་བྱས་ནས། ད་ནི་མཚམས་ལ་བཀོད་པ་གསུངས་པ། དཔང་ལྡན་ཕྱོགས ་སེང་གེ་མ་ཞེས་པ་ལ་སོགས་ཏེ། དབང་ལྡན་རིའུ་མིག་ལ་སྱཱཾ་སོང་གི་མའོ།། མེའི་རེའུ་མིག་ལ་ཧཱུཾ་སྟག་མའོ།། བདེན་བྲལ་གྱི་རེའུ་མིག་ལ་སྨཻ་ཅེ་སྤྱང་མིའོ།། རླུང་གི་རེའུ་མིགྲ་ལཀྟཾ་འུག་བཱ་མ་རྣམས་བཀོད་པའོ།། གྲཝའི་དྲི་དག་ཁེ་ནའི་ས་བོན་རྣམས་ཀྱི ་བོ་རྣམས་ཀྱི་ངོ་བོ་རྣམས་བཤང་འདོད་པས་གསུངས་པ་བཱརྨྨ་ཞི་བའི་ཡཱི་གྲེ་དྲུག་པ་ཞེས་པ་ཆུ་སྟེ། དོན་ནི་འདི་ལྟེ་སྟེ། ས་དང་ཆུ་ཀྵེ་དང་ཡ་དང་ཧཱ་རྣམས་ནི་ཡི་གེ་དྷྲྀ་བཞི་རྣམས་རྣམ་པར་བཞག་སྟེ། དེ་རྣམས་ཀྱི་འོག་ན་ཡི་གེ་མའོ།། ་དེའི་འོག་ན་ཡི་གེ་རའོ།། དེའི་འོག་ན་ཡང་ཡི་གེ་ཡའོ།། དེའི་འོག་ན་ཡང་ཡི་གེ་ཨུ་ཞབས་སྐྱེད་དོ།། དེ་དག་གི་སྟེང་དུ་ཐམས་ཅད་ལ་ཟླ་བ་ཕྱེད་དང་ཐིག་ལེའོ།། དེ་ལྟར་ཟིན་མ་ཐག་ཏུ་ཡི་གེ་ས་ལ་སོགས་པ་བཞི་སོ་སོར་རེ་རེ་ལཱ་བརྟག་པལླི་ཡི་གེ་དྲུག ་དང་ལྡན་པར་འགྱུརརོ་ཞེས་པའོ།། ཇི་སྙེད་ནི་འོག་གི་གྱོ་མོའི་ཁམ་པོར་གྱི་དཀྱིལ་འཁོར་གྱི་མན་ངག་གོ།། ང་ནི་སྟེང་བྱི་གྱོ་མོ་མོག་དང་ཁམ་ཕོར་གྱི་འཁོར་ལོ་ལ་ས་བོན་བཀོད་པ་ཉེ་བར་སྟོན་འདོད་པས་གསུངས་པ། སྟེང་གི་བཅུ་གཉིས་གནས་དེ ་ལ་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདྲི་ལྟ་སྟེ། གོང་དུ་གསུངས་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོའི་ཕྱོགས་སུ་སྒྲའི་ས་བོན་བཞག་པར་བྱའོ།། ཕྱག་འཚལ་བསྲེག་པ་མཐར་བཞག་སྟེ་ཞེས་པ་ནི་གོང་མ་བཞིན་དུ་དང་པོར་ཡི་གེ་ཨོཾ་མཐའ་མ་ནི ་ཡི་གེ་སྭཱ་ཧཱ་དང་ལྡན་པ་ནི་མ་ནིང་གི་ཡི་གེ་གཞུགས་པར་བྱའོ་ཞེས་པའོ།། མ་ནིང་གི་ཡི་གེ་ནཱ་རི་རཱི་དང་ལྀ་ལཱུ་ཞེས་སྒྲ་ཡི་ག་བཞག་པའོ།། མ་ནིང་གཱིགི་ཡི་གེ་དྭེ་དགུ་ཁོ་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་ཞེས་བྱ་བ་གསུངས་པ། འབར་བྱེད་མ་དང་འཇིག་བྱེད ་དང་ཞེས་པ་ལ་སོགས་པའོ།། དེ་ལ་འབར་བྱེད་མ་ནི་ཡི་གེ་རཻའོ།། འཇིབ་བྱེད་མ་ནཱི་ཡི་གེ་ལྀའོ།། འཕྲོག་བྱེད་མ་ནི་ཡི་གེ་ལཱིའོ།། མཁའ་འགྲོ་མ་ནི་ཡི་གེ་རཱིའོ།། ད་ནི་ཡི་གེ་དེ་དག་གི་རིམ་པར་བཀོད་པ་གསུངས་པ། ཤར་དུ་ན་མཁའ་འགྲོ་མའི་གནས་ཞེས་པ་ལ ་སོགས་པ་སྟེ། ཤར་གྱི་རེའུ་མིག་ལ་རི་ནི་ན་མཁའ་འགྲོ་མའོ།། བྱང་གི་རཱི་ནི་འབར་བྱེད་མའོ།། ནུབ་ཀྱི་ལྀ་ནི་འཇིབ་མའོ།། ལྷོའི་ལཱྀ་ནི་འཕྲོག་བྱེད་མ་བཀོད་དོ།། གྲཱ་ལ་ཡང་བླ་མ་ཐི་མན་ངག་གིས་བཀོད་པ་གསུངས་པ། དབྱང་ལྡན་གྱི་གྲཝའི་རེའུ་མིག་གཉིས ་ཨི་ཨཱིའོ།། མེའི་གྲཝའི་རེའུ་མིག་གཉིས་ལ་ཨུ་ཨཱུའོ།། བདེན་བྲལ་གྱི་རེའུ་མིག་གཉིས་ལ་ཨཻ་དང་ཨཻའོ།། རླུང་གྲི་གྲཱའི་རེ་རུ་མིག་གཉིས་ཨཽ་དང་ཨཽའོ།། དབུས་སུ་མིང་ནཱི་བྲི་བཱ་སྟེ་ཞེས་པས་ནི། འོག་གི་འོག་འཁོར་ལོ་བཞིན་དུ་དབུས་ཀྱི་རེའུ་མིག་ལ ་བཀོད་པ་དང་ཕྱིའི་མུ་ཁྱུད་འཁོར་བ་ལ་སྒྲ་ཡིག་བཀོད་པ་དྲན་པར་བྱེད་པའོ།། དེ་ལྟར་བྲིས་པའི་བསྲུང་བའི་འཁོར་ལོ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། མཁའ་འགྲོ་ལྔ་ཡིས་བྱིན་བརླབས་པ་ཞེས་པ་ནི་དོན་ནི་འདི་ལྟ་སྟེ། མཁའ་འགྲེ་ལྔ་ཡིས་བྱིན་གྱིས ་བརླབ་པར་བྱ་སྟེ། དཀྱིལ་འཁོར་དེ་ཁོ་ན་བསྒོམ་པར་བྱའོ།། རྡོ་རྗེ་སློབ་དཔོན་གྱི་ཀྱང་རང་བཞིན་གང་བསྒོམ་པར་བྱ་ཞེ་ན་གསུངས་པ། བདག་ཉིད་རྡོ་རྗེ་ཅན་སྦྱོར་བས་ཞེས་པ་སྟེ། དེ་ལ་ཡང་མན་ངག་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། ་དཀྱིལ་འཁོར་གྱི་ནོ་བ་ཀ་ལས་གསུངས་པའི་རིམ་པས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱའོ།། རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད་ཅེས་པ་ནི་ཨོཾ་བཛྲ་སཏྭ་ཨ་ཧཾ་ཞེས་ང་རྒྱལ་བྱས་ནས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། རྡོ་རྗེ་ལག་གི་ལག་རྩེ་ཡིས་ཞེས་པ་ནི་གསུངས ་པའི་རིམ་པས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས། ལག་རྩེར་རང་གི་ལག་པའི་མཐིལ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས་ལག་པ་དེས་གྱོ་མོའི་ཁམ་ཕོར་ལ་རེག་པར་བྱའོ།། དབུས་སུ་བརྟན་པའི་ས་བོན་ནཱི་ཞེས་པ་ནི་ཡི་གེ་ཧཱུཾའོ།། བརྒྱ་དང་བརྒྱད་དུ་བཟླ་བར་བྱ་ཞེས་པ་ནི་དྲི ་ལ་སོགས་པས་མཆོད་ནས་འབྱུང་བའི་གཏོར་མ་ཡང་དབུལ་ཏེ། བསྒྲུབ་བྱའི་མགོ་ཕྱོགས་ན་བཞག་ནས་སྔགས་བཏབ་པའོ།། དེ་དག་ནི་ཕྱི་རོལ་བསྲུང་བའི་ཆོ་གའོ།། དེ་ནི་མཚན་མ་འདྲི་བ་པོའི་གནས་དང་བདག་ཉིད་མཉམོ་པ་ཉིད་དང་། མི་མཉམ་པ་ཉིད ་ས་དགེ་བ་དང་མི་དགེ་བསྟན་འདོད་པས་གསུངས་པ། གཞན་ཡང་དབུགས་ཀྱི་བདག་ཉིད་ནི་ཞེས་པ་ལ་སོགས་པའོ།། དབུགས་དང་མཉམ་པར་གནས་པ་ཡིས་ཐམས་ཅད་གྲུབ་པར་བཤད་པ་ཡིན་ཞེས་པ་ནི། དེ་ལ་མཉམ་པའི་དབུས་ནི། མཚན་མ་འདྲི་བ་པོ ་ཉེ་བར་འོངས་ནས་རྡོ་རྗེ་སློབ་དཔོན་གྱི་གཡས་ཀྱི་བློ་ནས་འདྲི་ན་དེའི་ཚེ་གཡས་ཀྱི་རྩར་འཇུག་ན་དགེ་བར་བརྟག་པར་བྱའོ།། གལ་ཏེ་གཡོན་དུ་འཇུག་ནས་དྲི་ན་དེའི་རྩ་ལ་འཇུག་ན་དགེའོ།། དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། གཡས་ཀྱི་གཡས་པ ་ཉིད་ཀྱི་གནས་ཞེས་པ་ལ་སོགས་པ་སྟེ། གཡས་པའི་དབུགས་གཡས་སུ་གནས་ན་དགེའོ།། གཡོན་གྱི་དབུགས་ལ། གཡོན་དུ་གནས་ན་དགེའོ།། ཞེས་ཇི་སྙེད་པའོ།། དེ་ཕྱིན་ཅི་ལོག་ནས་ཡང་མི་དགེ་བ་གསུངས་པ། དབུགས་དང་མི་མཐུན་པའི་ཚིག་ཅེས་པ་ནི། ་མི་མཐུན་པ་ཞེས་པ་ནི་ཕྱིན་ཅི་ལོག་པར་འཇུག་པ་སྟེ། དེ་ལ་ངེས་པ་གཡས་ཀྱི་དབུགས་ལ་འཇུག་པ་ན་གཡོན་དུ་གནས་པ་དང་གཡོན་དུ་དབུགས་འཇུག་པ་ན་གཡས་སུ་གནས་ན་མི་དགེའོ།། དབུགས་དང་མཉམ་དུ་གནས་ན་ཡང་འབྱུང་དང་འཇུག་པའི་རྣམ ་པའི་ཆ་ཡིས་འདོད་པ་དང་མི་འདོད་པའི་ཁྱད་པར་སྟོན་འདོད་པས་གསུངས་པ། འབྱུང་དང་འཇུག་པའི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇུག་པ་ནི་དབུགས་འཇུག་པའོ།། འབྱུང་བ་ནི་དབུགསུ་འབྱུང་བའོ།། དབུགས་དང་གནས་གཉིས་གཅིག ་ཏུ་དྲི་བ་ཟིན་ན་ཡང་གལ་ཏེ་འཇུག་པ་ན་འདྲི་ན་དེའི་ཚེ་དགེའོ།། གལ་ཏེ་འབྱུང་བ་ན་འདི་ནི་དེ་ལས་གཞན་མོ་དགེའོ།། དེ་ཁོ་ན་གསལ་བར་གསུངས་པ་ཞུགས་པ་ཐམས་ཅད་བྱ་བ་ནི་རྒྱས་པར་ཡོངསུ་གྲགས་པ་ཡིན་ཞེས་པ་ནི། རྒྱས་པ་ཞེས་དོན་ཐམས་ཅད་གྲུབ་པོ ་ཞེས་བསམ་པའོ།། ད་ནི་ཟོས་པའི་བསྲུང་བ་དང་། དུག་སྦྱོར་བའི་ཐབས་ཀྱི་སྦྱོར་བ་སྟོན་འདོད་པས་གསུངས་པ། དུག་སེམས་ཀྱིས་ནི་ཟོས་པ་ལ་སོགས་པ་སྟེ། དེ་ལ་གསོ་དཔྱད་བྱ་བར་བྱ་ཞེས་པ་ནི་གསོ་དཔྱད་བྱའོ།། གཞན་ཡང་ནི་དུས་བཞི་ལ་སོགས་ཟོས ་པའི་ཞེས་པ་ལ་སོགས་པ་ནི་དུས་བཞི་ནི་ཡི་གེ་ར་ཅན་བཞིའོ།། དེ་དག་ལ་ཟོས་པ་རྣམས་གསོ་དཔྱད་མི་བྱའོ་ཞེས་པའོ།། དེ་ལ་གཞན་ནི་ཟོས་པ་རྣམས་གསོད་དཔྱད་བྱའོ་ཞེས་པ་དང་འབྲེལ་ཏོ།། དེ་ཁོ་ན་གསལ་བར་བྱ་བ་ནི། གསོ་དཔྱད་གཞན་ནི ་ཐམས་ཅད་ལ་ཞེས་པ་ལ་སོགས་པའོ།། དེ་ལྟར་ཟོས་པའི་འདུས་པ་ཡོངསུ་གཅོད་པ་མངོན་པར་བརྗོད་ནས་གཟུང་བའི་བསྲུང་བ་མངོན་དུ་བྱས་ནས་གསོ་དཔྱད་བཤད་འདོད་པས་དང་པོ་བསྲུང་བ་མངོན་པར་བཤད་དེ། ཡི་གེ་རྣམ ་བཀོད་བཀོད་བྱས་ནས་ཞེས་པ་ལ་སོགས་པའོ།། དེ་ལ་ཡི་གེ་བརྒྱད་ཀྱི་སྔགས་དག་ནི། ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་བརྗོད་པའི་དོན་ནི་འདི་ལྟ་སྟེ། ཡི་གེ་བརྒྱད་སྔགས་སུ་གྱུར་པ་རྣམས་ནི་ཡི་སུ་ལ་སོགས་པ་མཁའ་འགྲོ་མ་བརྒྱད་ཀྱི་ས་བོན་ནོ།། ་ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་པ་ནི་སྤྱི་བོར་ཡི་གེ་ཀྵུཾ་སེར་པོ་དང་མིག་གཉིས་ལ་ཡི་གེ་ཧཱུཾ་སྔོན་པོ་དང་། རྣམ་པ་གཉིས་དང་སྣའི་བུ་ག་གཉིས་ལོ་ཡི་གེ་ཡུམ་དམར་པོ་དང་། ལྕེ་ལ་ཡི་གེ་སུཾ་དཀར་པོ་དང་། མགྲིན་པ་ལ་ཡི་གེ་སྨྼ;ྻུཾ་སཽར་དཀར་དང་། དཔུང ་པ་གཉིས་ལ་ཡི་གེ་ཧཱུཾ་དཀར་ནག་དང་། ཐོང་ཀ་ལོ་སྨྼ;ྻུཾ་ནག་དམར་དང་། ལྟེ་བ་དང་ལཀྶཾ་དམར་སེར་རྣམས་རང་གི་མདོག་དྲང་ལྡན་པ་ཁ་ནས་གནས་གྲོ་རིམས་བཞིན་དུ་དང་པོ་བཀོད་ནས་དུག་འཕྲོག་པའི་རྣམ་པར་ཕྱེ་བ་ལ་ཡང་ཐམས་ཅད་ཁོ་ན་ད་མུ་ཀར་པོར་གྱུར་ནས། ་བསྒོམ་པ་ཞེས་པ་ཆུ་ཐེ་ཚོམ་མེད་པའོ།། དེ་མུ་ཁོ་ན་གསུངས་པ། ཁ་དོག་དཀར་པོ་ཀུན་བསམས་ནས་སྙིང་པོས་དུག་ནི་འཕྲོག་པར་ཞེས་པའོ།། དེ་ལྟར་ཡན་ལག་ཡོངས་སུ་བསྲུངས་ནས་རྣམ་པར་ཤེས་པ་ཡང་དག་པར་བསྲུང་བ་གསུངས་པ། དཀྱིལ ་འཁོར་དབུས་སུ་བཞག་ནས་སུ། ཤེས་དང་རྣམ་ཤེས་ཀྱིས་བཀག་སྟེ། ཞེས་པ་སྟེ། དཀྱིལ་འཁོར་དབུས་སུ་བཞག་པ་ནི། སྙིང་གར་ན་མཁའི་ཕྱོགས་ལ། ཨོཾ་ཀ་མ་ལ་བེ་སྭཱ་ཧཱ་ཞེས་སྔགས་དེ་དང་སྦྱིན་སྲེག་ལས་གསུངས་པའི་མཚན་ཉིད་པདྨའི་ཕྱག ་རྒྱས་ཡོངས་སུ་བསྐྱེད་པར་འགྱུར་བ་འདབ་བརྒྱད་སྙིང་ལ་བསམས་ནས་དེ་སྟེང་དུ་མི་གེ་ཨ་ལས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་འདི་སྐར་དང་འདྲ་བའི་ཀུན་གཞི་རྣམ་པར་ཤེས་པ་བསམ་པར་བྱའོ།། ཤེས་དང་རྣམ་ཤེས་ཀྱིས་འགགྲ་སྟེ་ཞེས་པ་ནི་རྣམ་ཤེས ་དང་ནི་ཡེ་ཤེས་ཏེ་ཡི་གེ་ཏྲཱུཾ་།། རྣམ་ཤེས་ཀྱང་དེའི་ཕྱིར་ན་དོན་ནི་འདི་ལྟ་སྟེ། ཐབས་དང་ཤོས་རབ་གཉིསུ་གྱུར་པ་ཡི་གེ་ཧཱུཾ་གི་འོད་དམར་པོར་གྱུར་པ་རྣམ་པར་ཤེས་པའི་གློ་ན་གནས་པས་དཀར་པོར་གྱུར་པ་རྣམ་པར་ཤེས་པ་སྟེ། ཁ་ན་གནོན་པར ་བྱའོ་ཞེས་མན་ངག་གོ།། དྲི་ནི་གསོད་དབྱུང་གསུངས་པ། ལུས་བསྲུང་མ་ཐག་ཏུ་ནི་ཞེས་པ་ལ་སོགས་པའོ།། དེ་ལ་ཡང་མིན་དགྲ་ནི་འདི་ལྟ་སྟེ། གྱོ་མོའི་སྣོད་དམ་ཟངས་མའི་གཞོང་པ་འོ་མ་དང་ཆུས་གང་བ་ཡོངསུ་གཟུང་ནས་ཟོས་པའི་རྐང་པའི་རྩ་ན་འདས ་གི་མདུན་དུ་འཞག་ནས། དེའི་དབུས་སུ་གོང་ནས་གསུངས་པའི་སྔགས་དང་ཕྱག་རྒྱ་བཀོད་པ། འབྲུ་བརྒྱད་དམིགས་ཏེ། དེའི་སྟེང་ན་ཡི་གེ་ཨ་ལཾས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ཡི་གེ་སུམ་ལེས་བསྐྱེད་པ། རྡོ་རྗེ་དེའི་བུམ་པ་ལ་ཡི་གེ་སུམ། དེའི ་འོད་ཟེར་གྱི་ངོ་ལས་མཁའ་འགྲོ་མ་ཐམས་ཅད་ཀྱི་འཁོར་ལོ་འཕྲོས་ནས་ཡོང་འདུ་བར་བྱ་སྟེ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨྨ་བཛྲ་ཤུདྡྷ&ཧཾ་ཞེས་བརྗོད་པར་བྱའོ།། རྡོ་རྗེ་དེས་བསྐྱེད་པ་སྐུ་མདོག་དཀར་མོ་ཕྱག་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ་སྐྲ་ནག་མ་པོ་སལ་བུར་བཀྲམ་པ། སྦྲུལ་གྱི་རྒྱན་པ། གོས་དཀར་པོས་སྟོད་གཡོགས་སྨད་གཡོག་པ། གདུགས་དཀར་པོས་སྟེང་ནས་བཀབ་པ། གཡས་ཀྱི་ཁ་ཊྭཱཾ་ག་དང་དྷ་འཛིན་མོ། འདབ་མ་བརྒྱད་ལ་གནས་པ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུ་བརྒྱད་ཀྱི་མགོ ་བསྡུ་བར་བྱས་ནས་གདན་བྱེད་པར་བསྒོམ་པར་བྱའོ།། དེ་ལ་ཀླུ་རྣམས་བཀོད་པ་ནི། ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དང་། བྱང་གི་འདབ་མ་ལ་འཇོག་པོ་དང་། ནུབ་ཀྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང་། ལྷོའི་འདབ་མ་ལ་པདྨ་དང་། ་དབང་ལྡན་གྱི་མཚམས་ན་པདྨ་ཆེན་པོ་དང་། མེའི་མཚམས་ན་དུང་སྐྱོང་དང་། བདེན་བྲལ་གྱི་མཚམས་ན་རིགས་ལྡན་དང་། རླུང་གི་མཚམས་སུ་ལིནྡྲ་ཀ་ཞེས་དགོད་པར་བྱའོ།། དེ་དག་ཀྱང་གོང་དུ་གསུངས་པའི་ཟོས་པའི་ཡན་ལག་ལ་བཀོད་པའི་ས་བོན་བརྒྱད ་དང་འདྲ་བའི་མདོག། དེ་ཁོ་ན་གསུངས་པ། སྣོད་ལ་ཆུ་ཡིག་བཀང་ནས་སུ་ཞེས་པ་ལ་སོགས་པའོ།། སྔོན་དུ་རྡོ་རྗེ་སེམས་དཔའ་སྦྱོར་བ་བྱས་པ་རྡོ་རྗེ་སློབ་དཔོན་ཁོ་ནས་དེ་ཀུན་བརྩམ་པར་བྱའོ་ཞེས་སྟོན་པ། བདག་གིས་ལུས་ནི་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའ་བསཾ ་པར་བྱ་ཞེས་པ་སྟེ། དེ་ལ་ཡང་མན་ངག་ནི་འདི་ལྟ་སྟེ། རྒྱས་པའི་སྒྲུབ་ཐབས་ལས་གསུངས་པའི་རིམ་པ་དང་། ཡང་ན་ཡུད་ཙམ་གྱི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་བདག་བསྒོམ་པར་བྱའོ།། དེ་ལ་ཡུད་ཙམ་གྱི་ཚུལ་ཞེས་པས་ནི་རང་གི་སྙིང་གར་ཟླ་བ་ལ་གནས ་པའི་ཡི་གེ་ཨ་ལས་བསྐྱེད་པ་རྡོ་རྗེ་དེ་གནས་གྱུར་ནས་ཕྱག་རྒྱ་ཆེན་པོར་དམིགས་པའོ།། ཡང་ན་ཡུད་ཙམ་ནི་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་དམིགས་པ་ཙམ་མོ།། དེ་ལྟར་ལྷ་ཡིད་ལ་བྱེད་པ་བྱོས་པའི་རྣལ་འབྱོར་པས་གང་གིས་དུག་འཕྲོག་པར་བྱ་ཞེ་ན་གསུངས་པ། ་ཡི་ནི་མདོངས་ཀྱིས་སུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རིམ་པ་ནི་འདི་ལྟ་སྟེ། རང་གི་ལག་པས་གཟུང་བའི་རྨ་བྱའི་མདོངས་ཡེ་ཤེས་མཁའ་འགྲོ་མའི་ཕྱག་གིས་བསྣམས་པ་ཁོ་ན་བསྒྲུབ་བྱའི་དཔྲལ་བ་ལ་སོགས་པ་ནས་ཇི་སྙེད་རྐང་མཐལ་གྱི་བར་ཡན ་ལག་ཐམས་ཅད་ལ་དུག་དྲངས་ནས་འོག་ཏུ་ཡང་ཆུའི་དཀྱིལ་འཁོར་དུ་གཏོར་མ་ཡེ་ཤེས་མཁའ་འགྲོ་མ་བསམ་པར་བྱའོ་ཞེས་ཇི་སྙེད་པའོ།། དེ་ཀུན་ཡང་རིག་པ་བཟླས་པ་ཁོ་ནའི་རྡོ་རྗེ་སློབ་དཔོན་གྱིས་བྱའོ་ཞེས་པ་སྟེ། བཟླས་པའི་སྔགས་གསུངས་པ། ཨོཾ་ཧྲི་ད ་དནྡྷ་ར་ཧཱུཾ་ཕཊ་ཅེས་པ་ནི་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་པོ་འདི་དག་གི་སྙིང་པོ་སྟེ། ཟློས་པའི་དུས་ན་མིང་བཅུག་པ་མེད་པ་དེ་ཙམ་བཟླ་བར་བྱའོ་ཞེས་པའི་དོན་ཏོ།། སྙིང་པོ་དེ་ཡང་སྦྱོར་བ་གང་གི་ཚང་དུ་བཟླ་ཞེ་ན་གསུངས་པ། རྡོ་རྗེ་སེམས་དཔའ་མངོན ་སྦྱོར་བའི་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་ནི་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་པས་འབུམ་ཕག་གཅིག་བཟླས་པར་བྱས་པའོ།། ཡང་སྔགས་དེ་ཁོ་ན་མིང་བཅུག་པ་གསལ་བར་བྱས་པས་གསུངས་པ། ཨོཾ་བ་སུ་ཀཱི་ཧྲི་ད་དནྡྷ་ར ་སྥོ་ཧཱ། ཞེས་པ་ལ་སོགས་པ་སྟེ། ཨོཾ་ཧྲིད་དནྡྷ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཆེ་གེ་མོ་དུག་མེད་པར་གྱིས་ཤིགྲི་ཧཱུ~ཾ་ཕཊ་སྭཱ་ཧཱ། དེ་ལྷོར་ནར་རྒྱས་ཀྱི་བུ་ལ་སོགས་པ་ལ་ཡང་སྦྱོར་རོ།། ཡུངས་ཀར་དཀར་པོའི་མེ་ཏོག་དང་།། ཙན་དན་གྱིས་ནི་བསྲེགས་པ་ཡིས་ཞེས་པ་ནི ་དེ་ལ་དཀར་པོའི་སྒྲ་ནི་སོ་སོར་རེ་རེ་ལ་མངོན་དུ་སྦྱར་བར་བྱའོ།། སྙིང་ནི་གཡོས་མ་ཐག་ཏུ་ནི།། རྣམ་ཤེས་དེ་ནི་བསྡམས་ཏེ་གཟུང་།། གོང་ནས་གསུངས་པས་སྙིང་གོར་བརྡེག་མ་ཐག་ཏུ་མགུལ་བའི་སྲོག་གི་དབང་པོ་ཇི་ལྟར་གསུངས་པའི་ས་བོན་གྱིས་བསྡུམས་ནས ་གཟུང་བར་བྱའོ་ཞེས་པའོ།། དབུགས་ནི་རྒོད་མ་ཐག་ཏུ་ནི།། རང་གི་དབུགས་ཀྱིས་བརྩེ་བར་བྱ་ཞེས་པ་ནི། རང་གི་དབུགས་ཀྱིས་བསྒྲུབ་བྱའི་དབུགས་སློང་བར་བྱའོ་ཞེས་པའོ་བསམ་པ་ནི་འདི་ལྟ་སྟེ། བསྒྲུབ་བྱའི་སྲོག་གི་དབང་པོ་རླུང་གི་ས་བོན་གྱིས་གཙེ་བར་བྱའོ།། ་ཞེས་ཇི་སྙེད་པའོ།། རྐང་ལག་ཐམས་ཅད་གཡོས་པ་དང་། བདག་ཉིད་དབྱངས་ནི་བླང་བར་བྱ་ཞེས་པ་ནི། ཡི་གེ་ཧཱུ~ཾ་གི་དབྱངས་ཀྱིས་བསྒྲུབ་བྱའི་ཡེ་ཤེས་དབབ་པ་ནི་བྱའོ་ཞེས་མངོན་ནོ།། དུས་པ་ཀླུའི་གནསུ་ནི། འོ་མ་དེ་རུ་བྱུག་པར ་བྱ། ཞེས་པ་ནི་འོ་མ་ལ་སོགས་པ་ཉེ་བར་སྤྱོད་པ་རྣམས་ཀླུའི་གནས་སམ་གཙང་པོ་ཆེན་པོ་ལ་བོར་བར་བྱའོ་ཞེས་པའོ།། ཟོས་པ་ཡོངསུ་རྟགས་པ་ལ་གསོ་དཔྱད་མ་བྱ་བའི་རྣམ་པའི་ཆ་གསུངས་པ། གདོང་དང་ཐིག་ལ་མིང་དང་ནི་ཞེས་པ་ལ་སོགས་པའོ།། གཞན་གྱི ་དོན་གྱིས་བཅིང་བའི་ཐུགས་ཀྱིས་ཕྱག་ན་རྡོ་རྗེའི་སེམས་ལ་བསམ་པ་ཡོངསུ་རྟོག་ནས་མཁྱེན་ཏེ། བཅོམ་ལྡན་འདས་ཉིད་ཁོ་ནས་བཤད་འདོད་པས་གསུངས་པོ། ཚོར་དབབ་པའི་ཆོ་གའི་མཆོག། ཉིན་གཅིག་དེ་ཉིད་རྒྱལ་པོ་ཆེ་ཞེས་པ་ལ་སོགས་པ་སྟེ། ཆུའི་འགྲམ ་དང་ཉེ་བ་ཡི།། ཡིད་དུ་བོང་བའི་ས་ཕྱོག་སུ་ཞེས་པ་ནི་ཆུ་དང་ཉེ་བ་ཁོ་ན་ལ་ཕྱིན་བརྗོད་པའི་ཆར་པ་དང་བ་པའི་དཀྱིལ་འཁོར་བྲི་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་སྙེད་པའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཀླུ་བརྒྱད་ཀྱིས་ནི་ཀླུབས་བརྒྱན་ཏེ། ཞེས་པ་ནི་རྡུལ་ཆེན་ལྔ ་ཡིས་ནོར་གྱི་བུ་ལ་སོགས་པ་ཀླུ་བོརྒྱུད་རྣམ་པར་བཀོང་པར་བྱའོ་ཞེས་མངོན་ནོ།། མགོ་གཉིས་ཀྱིས་ནི་སྒྲོ་བྱས་ནས། ཞེས་པ་ནི་ཀླུ་གཉིས་འཕགས་པ་ཁོ་ནས་མགོ་སྒྲ་ལ་བཀོད་པར་བྱའོ་ཞེས་སོ།། མཇུག་མས་གྲཝ་རུ་དཀྲི་བར་བྱ་ཞེས་པ་ནི། མཇུག་མ་གཉིས་དཀྲིས་པ ་ཡིས་གྲཝ་ལ་རྣམ་པར་དགོད་པར་བྱའོ་ཞེས་སོ་ཀླུ་བརྒྱད་ཀྱིས་ནི་རབ་སྟེ་ཞེས་པ་ནི། རྒྱལ་བ་བཟང་པོ་ལ་སོགས་པ་ཀླུ་བརྒྱད་ཀྱི་ར་བ་ལ་སོགས་པ་བྱའོ།། ཕྱོགས་སུ་རིགས་ནི་བརྒྱད་པོ་ཡིན་ཞེས་པ་ལ་སོགས་པས་ནི་དེ་དབུསུཾ་རྣམ་པར་བཀོད་པ་གསུངས་ཏེ། དེ་ལ་ཡང ་ཉེ་བར་སྨོན་པ་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་པ་བྲིས་ཏེ། དེ་ལ་ཤར་གྱི་འདབ་མ་ནོར་རྒྱས་ཀྱི་བུ་སྟེ་མདོག་དཀར་པོའོ།། བྱང་དུ་འཇོག་པོ་སྟེ་སེར་པོའོ།། ནུབ་ན་སྟོབས་ཀྱི་རྒྱུ་དམར་པོའོ།། ལྷོན་པདྨོ་ནག་པོ། དབང་ལྡན་པདྨ ་ཆེན་པོ་སྟེ་མདོག་དཀར་ས་ར། མེའི་གྲཝ་ལ་དུང་སྐྱོང་དཀར་ནག་བདྲེ་ན་པཱལ་རིགས་སྦྱོང་དམར་ནག་གོ།། རླུང་མཚམས་ནི་ཧུ་ལིནྡྷ་ཀཱ་སེར་དྲམ་རོ།། དེ་ལྟར་ར་བ་ལ་སོགས་པ་ལ་ཡང་རིགས་ཀྱི་རིམ་པས་མདོག་གི་ཁྱད་པར་ཤེས་པར་བྱའོ།། སྤྲིན་གྱི་དབང་ཕྱུག ་རྒྱ་མན་པ། ཕྱོགས་བརྒྱད་ནས་ནི་དགུག་པར་བྱ་ཞེས་པ་ནི་ཀླུའི་ཕྱོགས་བརྒྱད་ནོས་སྤྲིན་གྱི་ལྷ་ཆེན་པོ་རྣམས་དགུག་པར་བྱའོ་ཞེས་པའི་དོན་ཏོ།། ཨག་ཙར་ཅན་དང་ང་རོ་ཅན།། དྲག་པོ་ཅན་དང་དཀྲིགས་པ་ཅ་ནཽ།། སྲ་བ་ཅན་དང་གཽཏུམ་པོ་ཅན།། ཆར ་འབེབས་མད་རབ་གང་ཅན་ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་དེ་རྣམས་གོ་ར་མ་བཞིན་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ།། དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཇི་ལྟར་སོགས་བཞག་པ་ནི། ཕྱོགས་ཀྱི་མདོག་ཏུ་ཤེས་པར་བྱ་ཞེས ་པྲ་སྟེ། ས་རྗེ་མཁའ་འགྲོ་མ་བི་ང་རྒྱལ་བྱེད་པའི་རྣལ་འབྱོར་པས་བྱའོ་ཞེས་གསུངས་པ། དབུས་སུ་རྡོ་རྗེ་མཁའ་འགྲོ་མ།། པདྨའི་སྟན་གྱི་སྟེང་དུ་བཞུགས་ཞེས་པ་ལ་སོགས་པ་སྟེ། སྦྲུལ་གྱིས་པདྨ་བཀོར་བ་ཡི།། སྦྲུལ་གྱི་གདན་དུ་སྦྱོར་བ་ཡིས ་ཞེས་གྱིས་དཀྲིས་པ་པདྨའི་གདོན་ལ་བཞུགསོ་བ། རྡོ་རྗེ་མཁའ་འགྲོ་མའི་བཀའ་ཡིས་ཀླུ་བརྒྱད་ཀྱི་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་བར་བྱེད་པ་མངོན་པར་བྱའོ་ཞེས་ཇི་སྙེད་པའོ།། དེ་ཁོ་ན་གསལ་བར་བྱས་པ་ནི།། རྣལ་འབྱོར་ཡེ་ཤེས ་གསལ་བྱས་ལ།། ཡེ་ཤེས་མཁའ་འགྲོའི་བདག་ཉིད་དོ།། ཞེས་སོ།། ཨོཾ་བྷུརྷཿསྭཱ་ཧཱ། \ུ0f7fཞེས་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་སྔགས་སོ།། ཨོཾ་བ་སུ་ཀཾ་ཧཱུ~ཾ་སྭཱ་ཧཱ་ཞེས་པ་བཞིན་དུ་ད་ལྟར་ཏ་ཀཱ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། ་ཨོཾ་གི་ལི་གི་ལི་བ་རི་ཤ་བ་རི་ཤ་བ་ཡཻ་ཧཱུཾ་ཧཱུཾ་ཧཱུཾ་ཧེ་ཧོ་ཧོ་ཐ་ཐ་ཐ་སྭཱ་ཧཱ། ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་བརྒྱད་ཀྱི་སྔགས་སོ།། ཨོཾ་བཛྲ་ཏ་ཀྲི་ནཱི་བརྱ་ཧཱུཾ་བྷུརྟ་སྭཱ་ཧཱ་ཞེས་པ་ནི་བཟླས་པའི་རྩ་བའི་སྔགསོ།། དེ་དག་ནོར་རྒྱས་ཀྱི་བུ་ལ་སོགས་པའི་སྔགས་སོ།། དེ་ཀུན་ཡོང་མཚན་མ ་པའི་རྣལ་འབྱོར་པ་ཁོ་ནས་བྱའོ་ཞེས་གསུངས་པའོ།། གཞན་ཡང་ཕོ་ཉིའི་མཚན་མ་བསྟན་པར་བྱའོ།། ཞེས་པ་ལ་སོགས་པ་ནི་དེ་ལའོ།། མིག་གཡོན་ནི་མིག་བག་ཙམ་ཡོ་བའོ།། ཇི་ལྟར་བདག་གི་ཕོ་ཉ་ཡི།། གཉི་གའི་རྒྱུ་ནི་བརྟག་པར་བྱ། ཞེས་ཕོ་ཉ་བཞིན་དུ ་བདག་ཀྱང་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་དོན་ཏོ།། དེ་དག་ནི་དཔལ་ལྡན་གདན་བཞི་པའི་རྣམ་པར་བཤད་པའི་ལེའུ། གཉིས་པའོ།། །། བྱང་ཆུབ་ཀྱི་སེམས་མ་སྐྱེས་ན་སྔགས་ལ་སོགས་པ་དངོས་གྲུབ་དུ་མི ་འགྱུར་ཞེས་དགོངས་པོ་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་བརྩོན་པའི་བྱེ་བྲག་ཉིད།། གང་གིས་སྔགས་འཚལ་བགྱི་ཞིང་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་ལེའུ་གསུམ་པ་བརྩམས་སོ།། དང་པོར་སྟོང་པ་བསམ་བྱས་ཏེ་ཞེས་པ་ལ་སོགས་པས་ནི་ཆོས ་ཐམས་ཅད་རང་བཞིན་མེད་པ་གསུངས་པའོ།། གཟུགས་སྟོང་ལ་སོགས་དང་པོ་ནས།། ཇི་སྙེད་བཅོ་བརྒྱད་ཡིས་ཀྱི་བར་ཞེས་པ་ནི་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམསོ།། དེ་ལྟར་མིག་ལ་སོགས་པ་རྣམས་ལ་ཡང་སྦྱར་བར ་བྱའོ།། གཟུགས་ཀྱི་ཁམས་ཉིད་སྟོང་པ་ཞེས་པ་ནི་གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་ནི་ས་ཡང་ཞེས་པ་ནི་སྒྲ་ལ་སོགས་པ་རྣམས་ཡང་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ།། ཡིད་ནི་ན་མཁར་ཐིམ་བསམ་ན་ཞེས་པ་ནི། ཡིད ་ན་མཁའ་འདྲ་བར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གསུངས་པ་ན་མཁའི་དབུས་སུ་བདག་མེད་ཅིང་།། བདག་དབུས་ལ་ཡང་ན་མཁའ་བགྱིས། དེ་གཉིས་དབྱེར་མེད་ཤེས་པ་ནི། གང་གིས་མཐོང་བ་དེ་གྲོལ་ལོ།། ཁམས་གསུམ་ཞེས་པ་ནི་འདོད་པ་དང་། ་གཟུགས་དང་། གཟུགས་མེད་པ་རྣམས་སོ།། དེ་ཡི་དབུས་སུ་མཐོང་བ་ནི་ཞེས་པ་ནི། དེ་ལ་དེའི་ཞེས་པ་ནི་སྟོང་པ་ཉིད་ཅེས་པའོ།། དེ་ལ་ཡོངས་སུ་བརྟགས་པའི་རྒྱུ་ཞེས་པ་ནི། འདོད་པ་དང་མི་འདོད་པ་གསུངས་པའི་མཚན་མ་ཡོངསུ་བརྟག་པར་བྱའོ་ཞེས་པའི་དོན ་ཏོ།། འབར་བ་ཡིས་ནི་ཞི་བ་དང་། ཞེས་པ་ལ་སོགས་པས་ནི།། ཞེས་པ་ལ་སོགས་པས་གསུངས་པའི་མཚན་མ་གསུངས་སོ།། ཚག་ཚིག་འཁྲིགས་པས་རྒྱས་པ་སྟེ་ཞེས་པ་ནི་དེ་ལ་ཚག་ཚིག་ཞེས་པ་ནི་རྡུལ་ཕྲ་རབ་བོ།། ཕྱི་ན་སྦྱོར་བ་འབྱུང་བ་ནི།། མྱུ་གུ ་ལ་སོགས་པའི་སེམས་ཤེས་པ་ལ་སོགས་པས་ནི། མཚན་མའི་འབྲས་བུ་ལ་ལོངས་སྤྱོད་པ་གསུང་སོ།། ཤེས་བྱའོ་འགྲོ་བ་བརྟག་པར་བྱ་ཞེས་པ་ནི། བླ་མའི་མན་ངག་ལས་ཤེས་པར་བྱའོ།། རབ་ཏུ་བྱེད་པ་འདི་ལ་དྲི་བཞིན་ཉིད་ཁོ་ན་གསལ་བར་བྱེད ་འདོད་པས་གསུངས་པ། ཕ་དང་མ་ནི་གསད་པ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕ་ནི་གཏི་མུག་མ་ནི་སྲེད་པའོ།། རྒྱལ་པོ་ནི་ང་རྒྱལ་ལོ།། བྲམ་ཟེ་གཙང་སྦྲ་ཅན་ནི་རྣ་བའི་དབང་པོ་ལ་སོགས་པའོ།། ཡུལ་ཕྱོགས་ནི་ཕུང་པོ་ལྔའོ།། རྒྱུ་བ་ནི་རྣམ་པར ་རྟོག་པའི་རྣམ་པར་ཤེས་པའོ།། བསད་པ་ནི་ཤེས་རབ་ཀྱི་རལ་གྲི་ཁོ་ནས་དེ་དག་བསད་པར་བྱའོ་ཞེས་ཇི་སྙེད་པའོ།། དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་བདག་གི་གདན་ལེའུ་གསུམ་པོའི་རྣམ་པར་བཤད་པ་རྫོགསོ།། ་དེ་ལྟར་དེ་བཞིན་ཉིད་ཆེར་དམིགས་པའི་རྣལ་འབྱོར་པའི་ལྷའི་ང་རྒྱལ་མེད་པར་ལས་ཀྱི་དངོས་གྲུབ་མི་འགྱུར་བས་ལྷའི་སྦྱོར་བ་དང་། རྨུགས་པ་དང་གསོད་པ་ལ་སོགས་པའི་ལས་བརྗོད་འདོད་པས། གསུངས་པ་ཉོན་ཅིག་ཇི་ལྟར་དེ་ཉིད་ལམ་ཞེས་པ་ལ་སོགས་པས་ནི། ་ལེའུ་བཞི་པ་བརྩམ་སོ།། གཉིས་དང་གཉིས་མིན་རབ་སྤངས་པ་ཞེས་པ་ནི་གཅིག་དང་དུ་མ་ཉིད་སྤངས་པ་ཞེས་པ་ནི་ཉིད་སྤོངས་པ་ཉིད་དེ་ཞེས་མངོན་ནོ།། ཆུ་བོའི་སྒྲ་ཡིས་ཞེས་པ་ནི་ཆགས་པ་ལ་སོགས་པའོ།། འཁོར་བའི་རྒྱ་མཚོ་ལ་བྱིང་བ་རྣམས་དྲང་བའི་ཐབས་གསུངས་པ། ་མཚན་བྱ་མཚོན་པའི་མཚན་ཉིད་ཅན་ཞེས་པ་ནི། མཚན་བྱ་ནི་གང་ཟག་གོ།། མཚོན་པ་ནི་ཐབས་སོ།། མཚན་ཉིད་ནི་མངོན་པར་མཚན་ཞེས་པའི་དོན་ཏོ།། རྣམ་ཤེས་ཡ་ཤེས་ཀྱིས་བསམ་བྱ་ཞེས་པ་ནི་དེ་ལ་རྣམ་པར་ཤེས་པ་ལ་ཡེ་ཤེས་བཞག་ནས་གསུངས ་པའི་མཚོན་བྱའི་ཡེ་ཤེས་མཚོན་པས་སེམས་ལ་ལས་འདུ་བའོ།། དེ་ལྟར་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་ཏེ། ལས་ནི་སེམས་ཀྱིས་འདུ་བར་བྱེད། ཡེ་ཤེས་ཀྱི་ནི་རྣམ་པར་རྟོག། རྣམ་ཤེས་ཀྱིས་ནི་རྣམ་པར་ཤེས་ཞེས་པའོ།། དཀྱིལ་དུ ་བྱིང་བའི་ལུས་ཅན་རྣམས།། གྲོལ་བ་མཚན་མ་ཞེས་བྱའོ་ཞེས་པ་ནི། གོང་མའི་ཐབས་ཀྱིས་གྲོལ་བར་བྱའོ་ཞེས་པའི་ཐ་ཚིག་གོ།། དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག། ཤེས་བྱའི་འགྲོ་བ་བརྟག་པར་བྱ།། ཞེས་པ ་ལ་སོགས་པའོ།། ཚེ་རབ་ལྔ་པས་རྟོགས་ཆུབ་པ།། རྣལ་འབྱོར་པ་ནི་གཏོང་ལ་དགའ་ཞེས་པ་ནི། དེ་ལ་ཚེ་རབས་ལྔ་པ་རྟོགས་ཆུབ་པ་ཞེས་པ་ནི། དེ་བཞིན་གཤེགས་པའི་ལམ་གསུང་སོ།། བསམ་པ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་སྟོང་ཕྲག་བརྒྱའི་ནང་ན ་འགའ་ཞིག་ཀྱང་འགྲོ་བ་འམ་མི་འགྲོ་ཞེས་པ་ཇི་སྙེད་པའོ།། སྟོང་པ་ཉིད་བསྒོམ་པ་ཡིས་འདོད་ཆགས་ལ་སོགས་པ་མེད་པར་བྱས་པའི་ལུས་ཀྱི་འོག་ནས་འབྱུང་བའི་ས་བོན་གདབ་པར་བྱའོ་ཞེས་གསུངས་པ། སྟོང་པའི་ཞིང་ལ་སོགས་ལུས་ལ། བློ་དང ་ལྡན་པས་ས་བོན་བཏབ་ཅེས་པའོ།། དེ་ཁོ་ན་རྒྱས་པར་བྱེད་འདོད་པས་གསུངས་པ། དཔེར་ན་གདོལ་པའི་གང་པ་མེས་བསྲེགས་ནས་ཞེས་པ་ལ་སོགས་པ་སྟེ་དེ་ལ་ལྷ་ལ་སོགས་པའི་ཚེ་རུ་གནས་བྱས་ལ་ཞེས་པ་ནི། ཆེ་རུ་ཞེས་པ་མང་བར་བྱའོ།། དོན་ནི ་འདི་ལྟ་སྟེ། ཇི་ལྟར་གདོལ་པའི་ཁྱིམ་བསྲེགས་ནས་མཆོག་ལྷ་ལ་སོགས་པའི་ཁྱིམ་བྱས་པ་བཞིན་དུ། དེ་ལྟར་འདོད་ཆགས་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཡེ་ཤེས་ཀྱི་མེས་བསྲེགས་ཏེ། སེམས་ཅན་གྱི་དོན་རྒྱུར་གྱུར་པའི་སྙིང་རྗེ ་ཞེས་བྱིན་གྱིས་བརླབས་པའི་ལུས་བསྐྱེད་པར་བྱ་བའི་དོན་ཁོ་ནས་ཆོས་ཀྱི་དབྱིངས་ཀྱི་ས་བོན་བཏབ་པར་བྱའོ་ཞེས་པའོ།། དགེ་དུང་རིགས་ཅན་མཁས་པ་ཀུན་ཏུ་གནས་ཞེས་པ་ནརྀ་དཾ་ལ་དགེ་དང་རིགས་ཅན་ཞེས་པ་ནི་སྙིང་རྗེ་ཅན་རྣམས་སོ།། མཁས་པ་ཞེས ་པ་ནི་སྠིང་རྗེ་རྣམ་སོ།། མཁས་པ་ཞེས་པ་ནི་རྣལ་འབྱོར་པའོ།། དེ་ལ་རྣལ་འབྱོར་པས་སྙིང་རྗེ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་མངོན་ཏོ།། དགོད་བྱི་ཡི་གོ་རྣམས་དགོད་པ་ཞེས་པ་ལ་སོགས་པས་ནི་ས་བོན་རྣམ་པར་བཀོད་པར་བྱའོ་བར་གསུངས་པ། ་སྤྱི་བོར་མེ་ནི་བརྟག་བྱ་སྟེ་ཞེས་པ་ནི་སྤྱི་གཙུག་ན་ཡི་གེ་ཀྵུཾ་བཀོད་པའོ།། ས་གཉིས་དག་གིས་ས་བོན་གྱིས།། མིག་ཏུ་དེ་ཡིས་སྦྱོར་བར་བྱ་ཞེས་པ་ནི་ཡི་གེ་ཧཱུཾ་མིག་གཉིས་ལ་དཀོད་པའོ།། སྟོང་པ་རླུང་གི་ས་བོན་གྱིས། སྣ་དང་བ་དག་ལ་བསམ་ཞེས་པ་ནི ་རྣ་བ་དང་སྣ་གཉིས་ལ་ཡི་ག་ཡུཾ་བསམ་པར་བྱའོ།། ཞེས་བྱའོ་བདུད་རྩི་ཆུ་ཡི་ས་བོན་གྱིས།། ལྕེ་ཡི་དབང་པོ་དབང་ཕྱུག་གཙོ་ཞེས་པ་ནི། ལྕེ་ལ་ཡི་གེ་ཧཱུཾ་དཀོད་པའོ།། གང་དག་ཞེས་པ་ནི་སྨྼ;ྻུཾ་ལ་སོགས་པ་སྟེ། དེ་དག་ཁོ་ན་ནི་བརྩེགས་པའི་གཟུགས་ཀྱིས་གཟུང་བར་བྱའོ་ཞེས་པ་ཇི ་སྙེད་པའོ།། གནས་བཞི་དག་ཏུ་སྦྱར་བར་བྱ་ཞེས་པ་ནི་མགྲིན་པ་ལ་སྨྲེ། དཔུང་པ་གཉིས་ལ་ཧཱུཾ་ཐོང་ཀ་ལ་ཡཱཾ། ལྟེ་བ་ལ་ཀྵཱཾ་ངོ་། ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་པ་ནི་དེ་ལྟ་བུ་ཡི་རྣ་ནུམ་པས་སོ།། ས་བོན་དང་ལུས་ལྡན་ལུས་ཀྱི་ནི་ཞེས་པ་ནི། དེ་དག་གི་ས་བོན་རྣམ་པར་བཀོད ་པའོ།། བདག་ཉིད་ཡེ་ཤེས་མཁའ་འགྲོ་མ། ཞེས་པ་ནི་ཡེ་ཤེ་ས་ཀྱི་མཁའ་འགྲོ་ཡུཾ་མའི་ཆུ་རང་བཞིན་ནརྀ་བདག་ཉིད་བསྒོམ་པར་བྱའོ།། ཨཱ་ལི་ཀཱ་ལི་རབ་སྦྱོར་བ་ཞེས་པ་ནི། དེ་ལ་ཨཱ་ལི་ནཱི་ཡི་གེ་ཨ་ལ་སོགས་པའོ།། ཀཱ་ལི་ནི་ཡི་གེ་ཀ་ལ་སོགས་པའོ།། ་སྦྱིན་མར་ཐིགས་པ་གནས་དག་ཏུ་ཞེས་པ་ནི། དེ་ལ་ཐིག་ལྔའི་གྲནས་ནི་ཡི་གེ་ཧཱུཾ་སྟེ། སྤྲིན་མའི་བར་དུ་བསྒོམ་མོ་ཞེས་པའི་དོན་ཏོ།། སངས་རྒྱས་ལྔ་ཡིས་མངོན་པར་བཛྙཱན་ཞེས་པ་ནི་དེ་ཁོ་ནའོ།། དེ་ཁོ་ནའི་ངོ་བོ་བཤང་འདོད་པས་གསུངས་པ། མེ་དང་རླུང་གྱི་བདུན་དོན་ལ ་ཞེས་པ་ནི། དེ་ལ་མེ་ནི་ཡི་གེ་རའོ།། རླུང་ནི་ཡི་གེ་ཡའོ།། དེ་གཉིས་གཅིག་ཏུ་གྱུར་པ་ནི་མེ་དང་རླུང་ཞེས་སོ།། དེ་ལས་བདུན་པའི་དོན་ནི་ཡི་གེ་ཧའོ།། རྡོ་རྗེ་ས་བོན་ནི་ཞབས་སྐྱེད་ཨུ་སྟེ། འགུག་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག་ཅེས་པའི་ལུང་གི་ཕྱིར་རོ།། ཐིག་དང་འདྲེན་ལས་ཡང ་ངག་ལྡན་ཞེས་པ་ནི། ཟླ་ཆོས་ཀྱི་ཚུལ་གྱི་དཀྱིལ་ན་ཐིག་ལེའི་རི་མོས་ཡང་དག་བཞོན་པ་ཞེས་སྟེང་ན་བཀོད་པའོ།། བདུད་རྩིའི་ཆར་རྒྱུན་བཤད་པ་ཡིན་ཞེས་པ་ནི་བདུད་རྩི་འཛག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ལས་བརྒྱད་ལ་སོགས་པ་སྔོན་དུ་ནི་ཞེས་པ་ནི་དེ་ལ་ལས ་བརྒྱད་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགང་བ་དང་། རྨུགས་པ་དང་། བསྐུལ་བ་དང་། དབབ་པ་ལ་སོགས་གཟུང་བར་བྱའོ།། སོགས་པའི་སྐུ་ཡིས་ཀྱང་རལ་གྲི་དང་། ས་འོག་དང་། རོ་ལངས་དང་། མི་སྣང་བར་བྱ་བའི་མིག་སྨན ་དང་། གཽ་ཝཾ་བསྒྲུབ་པའི་དོན་དང་། སྐར་མ་དང་། བརྩག་དང་སྣམ་བུ་དང་། གཞན་ཡང་བའི་འདོད་པ་རྣམས་སོ།། སྔོན་དུ་བསྙེན་པ་ལ་སོགས་བྱ་ཞེས་པོ་ནི་སྔོན་དུ་བསྙེན་པ་ཞེས་པ་ནི་བཟླས་པ་དང་བསྒོམ་པའོ།། འདིར་ཡང་སོགས་པའི་སྒྲ་ནི་བོརྟུལ་ཞུགས་པ ་དང་དམ་བཅས་པ་དང་། ཟས་སྤགས་པ་ལ་སོགས་པ་རྣམས་སོ།། ཉོན་ཅིག་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པས་ནི་སྔགས་སྤྲས་ཕྱུང་བ་གསུངསོ།། དང་པོ་རྡོ་རྗེ་ངག་དང་ནི་ཞེས་པ་ནི། དེ་ལ་རྡོ་རྗེ་ངག་ནི་བཛྲའི་སྒྲའོ།། དང་པོའི་སྒྲ་ནི་གོང་མའི་ཚི་ག་གོ། སྡེ ་ཚན་གོང་མའི་ཡི་གེ་དང་ཞེས་པ་ནི་ཡི་གེ་ཀའོ།། ཇི་ལྟར་སྡེ་ཚན་བཞི་པའི་ཞེས་པ་ནི། ཀའི་སྡེ་ཚན་དང་པོར་གཟུང་ནས་སྡེ་ཚན་བཞི་པ་ནི་ཏའི་སྡེ་ཚན་ནོ།། དང་པོའི་ཡི་གེ་ཞེས་པ་ནི། ཡི་གེ་ཏ་བཟུང་བར་བྱའོ་ཞེས་སོ།། གཉིས་འགྱུར་ར་ཡིག་སྟེང་དུ་དང་ཞེས ་པ་ནི་དེ་ལ་གཉིས་འགྱུར་ནི་ཡི་གེ་ཏ་དེ་ཁོ་ན་གཉིས་སུ་བརྩེགས་པའོ།། ར་ཡིག་སྟེང་དུ་དང་ཞེས་པ་ནི་ཡི་གེ་ཏ་དེ་ཁོ་ནའི་མགོ་ན་ཡི་གེ་ར་བྱིན་པའོ།། ཨི་ཞེས་པ་དང་ར་ཡིག་སྦྱར་ཞེས་པ་ནི་གུ་གུ་དང་ལྡན་པའི་ཕྱིར་རོ།། ཇི་ལྟར་སྡེ་ཚན་གཉིས་པ་ཡི།། ཡི་གེ ་གཉིས་གཟུང་ཐིགས་པ་ལ། ཞེས་པ་ནི་སྟེང་ན་ཐིག་ལེ་ཅན་ཡི་གེ་ཚའོ།། ལྕགས་ཀྱུ་ཡིས་ནི་བརྩེ་བྱས་ཏེ་ཞེས་པ་ནི། ཚ་ཁོ་ན་ལ་གུ་གུ་ཨི་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ།། བཞི་པའི་ཡི་གེ་གསུམ་པའི་ཞེས་པ་ནི་ཡི ་དའོ།། གཉིས་ཀ་གཉིས་བུན་བསྒྱུར་བར་བྱ་ཞེས་ནི། ཆེན་དང་དེ་གཉིས་ལན་གཉིས་བརྗོད་པར་བྱའོ།། ལྔ་པ་དག་ནི་སྦྱིན་པ་དང་ཞེས་པ་ནི། ལྔ་པ་ཅན་ཡི་གེ་ཧཱུ~ཾ་གིས་སྦྱོར་བར་ལྡན་པར་བྱའོ་ཞེས་ཇི་སྙེད་པའོ།། གོང་དུ་ཕྱག་འཚལ་ཡི་གེ་དང་ཞེ ་པ་ནི། ས་དང་པོར་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་མངོན་ཏོ།། ཡི་གེ་དག་པོ་ཐ་མར་བཞག་ཅེས་པ་ནི་མཇུག་དུ་ཡི་གེ་ཕཊ་བཀོད་པར་བྱའོ་བཀོད་པའོ།། དེ་ལྟར་སྦྱོར་བ་ནི། ཨོཾ་བཛྲ་ཀརྟ་རི་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ་ཞེས་པའོ།། ལག་པ་གཉིས་གྲ་བསྡམ་བྱ་ཞིང ་ཞེས་པ་ནི། རྡོ་རྗེ་བཅིང་བ་བཅིངས་ནས། དེ་ཉིད་ཁ་ལ་སྦྱར་བྱས་ཏེ་ཞེས་པ་ནི་ཁའི་དྲུང་ཁོ་ནར་བཞག་པར་བྱའོ་ཞེས་པའོ།། ཁྲོ་བོ་དབུ་མ་བརྐྱང་བའོ་ཞེས་པ་ནི་མཛུབ་མོ་དང་གུང་མོ་བརྐྱང་བའོ།། གཉིས་ཀ་རེག་ཅིང་རེག་པར་བྱ་ཞེས་པ་ནི། ཆན་པའི ་ཚུལ་དུ་ལན་དུ་མ་རུ་གཅོད་པར་བྱའོ་ཞེས་པའོ།། དེ་ནས་ཆར་གཅོད་བཤད་བཅུ་ཞེས་པ་འོ། ནི་མས་སོགས་པ་གཅོད་པ་གསུངས་སོ།། དེ་ལ་ཡང་སྔགས་སྦས་ཕྱུང་བ་སྟེ། ཇི་ལྟར་སྔོ་ཚན་ཐ་མ་ཡི།། ཡི་གེ་གསུམ་པ་གཟུང་བྱ་སྟེ། ཞེས་པ་ནི་ཡི ་གེ་བའོ།། དེ་ལྟར་སྡེ་ཚན་གསུམ་པ་ཡི། དེ་བཞིན་ཡི་གེ་གསུམྦྷ་ལ། ཞེས་པ་ནི་ཡི་གེ་ཌའོ།། གོང་གི་ས་བོན་གསུམ་གྱི་ཆ།། ཡི་གེ་ཨེ་དང་ལྡན་པ་བྱ་ཞེས་པ་ནི། གོང་མའི་ཡི་གེ་བ་ལ་ཨེ་དང་ལྡན་པའི་འགྲེང་བུ་བྱའོ།། གོང་ཞིག་ལྔ་པའི་དང ་པོ་ལ།། ལྕགས་ཀྱུ་ཡིས་ནི་བརྗེ་བྱས་ཏེ། ཞེས་པ་ནི། ཡི་གེ་ཨི་གུ་གུ་དང་ལྡན་པའི་ཡི་གེ་བའོ།། གསུམ་པའི་ཆུ་ཡིས་བློན་དང་། ཚེག་དྲག་པ་ཡི་བར་དག་ཏུ་ཞེས་པ་ནི། ཡི་གེ་བ་ལ་གྲོ་ཐིག་ལེ་བཞག་པའོ།། རྡོ་རྗེ་ས་བོན་ཐ་མ་ཡཱི་ཞེས་པ་ནི་རྡོ་རྗེ་མཁཱ ་འགྲོ་མའི་ས་བོན་ཡི་གེ་ས་སྟེ། དེའི་མཐའ་མ་ཡི་གེ་ཧ་ལ་ཤེས་པར་བྱའོ།། ར་ཡིག་ལྕགས་ཀྱུ་ཞག་པ་དང་ཞེས་པ་ནཽ། ཡི་གེ་ཧ་དེའི་འོག་ན་ཡི་གེ་ར་བཏགས། མགོ་ན་ཨི་གུ་གུས་གློ་ན་ཕྱིན་ཕྱོགས་སུ་འདྲེན་པའོ།། འཇོམས་པའི་ཡི་གེ་མཐར་བཞག ་སྟེ་ཞེས་པ་ནི། འཇུག་ཏུ་ཡི་གེ་ཕཊ་དགོད་པར་བྱའོ།། ཕྱག་འཚལ་གོང་དུ་བཞག་པ་སྟེ་ཞེས་པ་ནི་གོང་དུ་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་པའོ།། དེ་དག་སྦྱོར་བ་ནི། ཨོཾ་བ་ཌ་བཻ་བིཿཧྲི་ཕེཾཊ། དེ་ལ་ཡང་ཉེ་བར་བསྟན་པའི་མན་ངག་ནི་འདི་ལྟ་སྟེ། ་འཕགས་པ་རྩཝ་མཆོག་གི་ང་རྒྱལ་རྣལ་འབྱོར་པས་བརྩམ་པར་བྱའོ།། རྒྱུད་གཞན་གྱི་བི་བཱི་པི་བཱ་ཞེས་ལན་གཉིས་ཤེས་པར་བྱའོ།། ལག་གཉིས་ཐལ་མོ་སྦྱོར་བྱས་ཏེ། ཞེས་པ་ནི། ལག་པ་གཉིས་རྡོ་རྗེ་ཐལ་མོ་བྱས་པའོ།། སྲིན་ལག་གཞན་དང་གཞན ་དུ་བྱ།། ཁྲོ་བོ་ཡིས་ནི་ཀུན་མནན་ཏེ་ཞེས་པའོ།། སྲིན་ལག་གཉིས་ཀྱིས་ཞེས་པ་ནི། སྲིན་ལག་ལ་གཉིས་ཀྱིས་གུང་མོ་གཉིས་ཚེ་རོལ་ཏུ་དཀྲི་བར་བྱའོ་ཞེས་པའོ།། དེ་ཉིད་དུ་ནི་མཐེ་བོ་སྦྱོར།། རྟ་རྒོད་མ་ཡི་ཕྱག་རྒྱའོ།། ཞེས་པ་ནི་གུང་མོ་གཉིས་དང ་མཐོ་བོ་གཉིས་ཀ་སྦྱར་བ་བྱས་པ་ཡིས། རྟ་རྒོད་མའི་ཁའི་ཕྱག་རྒྱ་ཡིན་ནོ།། འབར་བའི་ཕྲེང་བ་མཉམ་པའི་འོད།། ཕྱོགས་བཅུའི་གནས་སུ་འབར་བྱེད་པ།། སྤྲིན་ལྷ་སོགས་པ་བསྲེག་པར་འགྱུར། ཞེས་པ་ནི་འོད་ཟེར་ཕྲེང་བ་ལང་ལིང་གི་འོད་ཀྱིས་དང ་རྟ་མཆོག་གི་ང་རྒྱལ་གྱིས་ཕྱོགས་བཙུན་གནས་པའི་སྦྱིན་གྱི་ལྷ་རྣམས་ཟོས་པ་མཐོང་བར་བྱའོ་ཞེས་པའོ།། རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་དཔལ་ལྡན་གདུན་བཞི་པ་རྣམ་པར་བཤད་པ་ལས། བདག་གིས་གདན་རྫོགས ་སོ།། ། ད་ནི་གཟུགས་བརྙན་རྣམས་བསྐྱོན་པ་དང་། ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། གཏོར་མའི་ངོ་བོ་ཉིད་དང་། སློབ་མ་ཡོངསུ་གཟུང་བ་ཇི་ལྟར་ཡིན། ཤེས་འདོད་པས་ཕྱག་རྡོ་རྗེས་ཞུས་པ། གཟུགས་དང་ནི་ཅི་འདྲ་དང་ཞེས་པ་ལ་སོགས་པས ་གཞན་གྱིས་གདན་བརྩམས་པ་ལ་ཚར་གནས་སོ།། ཧོ་ཁུང་གི་རིམ་པར་ཕྱེ་བ་ལ། ཁྭ་གང་ཙམ་ལས་བརྩམས་ནས་སུ།། ཅི་སྙེད་ཁྲུ་སྟོང་བར་དུའོ་ཞེས་པའོ།། ལས་ཀྱི་རིམ་པ་ཡིས་སོར་བརྒྱད་ནས་བརྩམས་ནས། ཇི་སྙེད་སོར་ཤ་ཉི་ཤུའི་བར་དུ་འཕེལ་བར་བྱའོ།། འདི་ལ ་མུ་ཁྱུད་ཞེས་པ་ནི་ཧཽ་ཁུང་གི་སྤྱི་ལ་ཞེས་པའོ།། ཚད་གྱི་ཚན་གསུམ་ལས་ནི།། ཆ་གཉིསུ་ནི་བརྐོ་བར་བྱ་ཞེས་པ་ནི། ཇི་ལྟར་གསུངས་པའི་ཧོ་ཁུང་གི་ཚད་གསུམ་དུ་བྱ་སྟེ། ཆ་གཉིས་སུ་འོག་བརྐོ་བར་བྱའོ།། བརྐོས་པ་ལས་ཀྱང་བརྒྱད་ཀྱི་ཆ། ཁུང་གི་ཁ་རན་དུ་ཡང་བྱ་ཞེས ་བི་ན་ཧཽ་ཁུང་བརྐོ་བའི་ཚད་ཆ་བརྒྱད་དུ་བྱས་ཏེ། ཆ་གཅིག་གི་ཚད་ནི་ཧིཾ་ཁུང་གྲི་ཁར་ན་བྱའོ་ཞེས་པའོ།། ཁ་རན་ལས་ཀྱང་ཕྱེད་ཀྱི་ཆར། ཕྱི་རོལ་ཏུ་ཡང་མུ་ཁྱུད་བྱ་ཞེས་པ་ནི་ཁ་རནཱ་གྱི་ཕྱེད་ཀྱི་ཆ་ཡིས་ཕྱི་རོལ་དུ་མུ་ཁྱུད་བརྐོ་བར་བྱའོ་ཞེས་པའོ།། མུ་ཁྱུད་བརྒྱད་དུ་ལྡན་བྱས་པའི། ་པདྨ་འདབ་མ་བརྒྱད་པ་སྟེ། ཞེས་པོ་ནི་མུ་ཁྱུད་འཁོར་བའི་ཚད་ཆ་བརྒྱད་དུ་བསྐྱེད་པ་པོདྨའི་མདབ་མའི་ཚད་བྱ་བའོ།། པདྨ་དོག་གི་ཕྱི་རོལ་ཏུ། སོར་གཅིག་པོ་ཨོཾ་རབ་བྱ་ཞེས་པ་ནི། པདྨའི་ཕྱི་རོལ་ན་རིང་སོར་གཅིག་བྱས་པའོ།། ཁུང་གི་དབུས་སུ་རྡོ་རྗེ་ནི།། པདྨའི་ནང་དུ ་བཞག་པར་བྱ་ཞེས་བུནྟ། ཧོ་ཁུང་གི་དབུས་སུ་ཇི་ལྟར་མཛེས་པ་དང་། པདྨའི་སྟེང་ན་རྡོ་རྗེ་དཀོད་པར་བྱའོ་ཞེས་པའོ།། མུ་ཁྱད་གསུམ་ནི་མངོན་སྤྱོད་དེ། ཞེས་པ་མངོན་པར་སྤྱོད་པའི་ལས་ལ་ཧོ། དུང་ཟུར་གསུ་མོ།། ཞི་བ་ལ་ནི་གྲུ་བཞི་པ་ཞེས་པ་ནི། ཞི་བ་ལས་ལ་ཧོ་ཁུ ་ཁུང་ཟུར་བོ་ཞི་བྱས་པའོ།། ཡོངས་སུ་གང་བ་དབང་དུ་ལྡན།། རྒྱས་པ་ལ་ཡང་དེ་བཞིན་ནོ།། ཞེས་པ་ནི་དབང་དང་རྒྱས་པ་ལ་ཧ~ཾ་ཁུང་ཟླུམ་པོ་ཟླ་གམ་དག་ནི་བསྐྲད་པ་དང་ཞེས་པ་ནི། བསྐྲད་པ་ལ་སོགས་པའི་ལས་ལ་ཧོ་ཁུང་གཞུའི་ཚུལ་ལོ།། ཟུར་བརྒྱད་འགུག་དང ་རྨོངས་པའི་ལོས་ལ་ཧོ་ཁུང་ཟུར་བརྒྱད་པ་ཡིན་ནོ།། གོ་རིམས་རིམ་པར་སྦྱར་བར་བྱ།། ཞི་བ་རྒྱས་པ་དབང་ལ་སོགས་པ་ཞེས་པ་ནི། ཇི་ལྟར་གསུངས་པ་དེ་ཁོ་ན་ཞི་ལ་སོགས་པ་རྣམས་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ།། ཞེས་པའོ།། སངས་རྒྱས་ལྔ་ཡི་རྟག་དག་གི། ་ཇི་ལྟར་ཕྱོགས་དང་ཕྱོགསུ་དགོ་ཞེས་པ་ནི། གཡོན་དུ་འཁོར་ནས་རྡོ་རྗེ་སེམས་མ་ལ་སོགས་པ་ཕྱོགས་ལ་དགོད་པར་བྱ་སྟེ། ཤཱར་གྱི་ཕྱོགས་ན་སེམས་མ་རྡོ་རྗེ་མའོ།། བྱང་ན་རིན་ཆེན་རྡོ་རྗེ་མའོ།། ནུབ་ནི་ཆོས་ཀྱི་རྡོ་རྗེ་མའོ།། ལྷོ་ན་ལས་ཀྱི་རྡོ་རྗེ་མའོ།། ཕྱག་མཚན ་དེ་དག་ཁ་ར་ན་ལ་པོ་ནག་པར་བྱའི་གཞན་དུ་མ་ཡིན་ནཱཾ་ཞེས་གསུངས་པ་གནས་རྣམ་བཞི་ཡི་ཁ~ཾ་རནྡ་དུ། སངས་རྒྱས་རྟགས་ཀྱིས་མངོན་པར་བརྒྱནཱ་ཞེས་པའོ།། ཟླ་གྲོམ་རྡོ་རྗེ་རབ་མཛེས་རྣམས།། གྷ་དང་གྲཝ་རུ་བཞག་པར་བྱ་ཞེས་པ་ནི། ཇི་ལྟར་མཛེས་པར་ཟླ་བ ་རྡོརྗེས་ཀླུ་དང་སྦྲུལ་བཞག་པར་བྱའོ།། ཅི་མིགིས་སྤྱན་གྱི་གན་སུ་ནི།། མཐེ་བོ་བཅུ་གཉིས་ཚད་དག་གི་ས།། སྐྱེས་བུ་བྱེང་དུ་ལྡན་པ་དང་།། ཏི་མི་གང་རི་བརྩེགས་ཏེ་དགེ་ཞེས་པ་ནི། རང་གི་སྟན་གྱི་མདུན་དུ་སུ་ཁྱུ་གྱི་བདོན། ཏི་སི་ག་ས་ར་བ་རྣས་པར་བྱསྟེ་སྐྱེས ་བུ་བྱེད་དུ་ཞེས་པ་ནི། སྐྱེས་བུའི་ཁྲུ་གང་གི་ཚད་དེའི་ཕྱེད་མཐོ་གང་སྟེ། ཡང་མཐེ་བོང་བཅུ་གཉིས་ཀྱི་ཚད་དང་ལྷན་ཅིག་ཏུ་བསྲེགས་མ་ཐག་ཏུ་སོར་ཉི་ཤུ་རྩ་བཞིར་བསྒྱུར་ཏེ། དེའི་ཚད་ཀྱིས་ཏི་ས་གང་རིའི་ཚད་ཡིན་ནོ་ཞེས་ཇི་སྙེད་པའོ།། འདབ ་མ་བརྒྱད་ལ་སོགས་པའི་གནས།། རིམས་བཞིན་ལྷ་ནི་བཞུགས་སུ་གསོལ་ཞེས་པ་ནི། འདབ་བརྒྱད་ཇི་ལྟར་གེ་རིམས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞག་པར་བྱའོ།། ཚད་ཀྱི་ཚད་མ་ནི་གདོན་མི་ཟ་བར་བྱའོ་ཞེས་གསུངས་པ། རྣལ་འབྱོར་པ་ཡིས་དེ་ཚད ་ཁྱད་པར་དུ་ཡང་སྦྱར་བར་བྱ་ཞེས་པའོ།། དེ་དག་ནི་དང་ལྡན་གདན་བཞི་པ་འཇིགས་པ་ལས་གངན་ལས་རྣམ་པར་བཤད་པའི་ལེའུ་དང་པོའོ།། །། ཆུའི་སྦྱིན་སོགས་ཇི་ལྟར་ལགས།། ཆུའི་སྦྱིན་སོགས་དེ་ལ་ཡང་། ་ཞེས་པ་ལ་སོགས་གསུངས་པས་ནི། ཆུའི་སྦྱིན་སྲེག་ལ་སོགས་པ་ཉན་འདོད་པ་ཕྱག་ན་རྡོ་རྗེས་གཞན་གྱི་གདན་ལེའུ་གཉིས་པ་ཡོངསུ་ཞུས།། ཆུའི་སྦྱིན་སྲེག་ཅེས་པ་ནི། ཆུའི་སྦྱིན་སྲེག་པས་ན་ཆུའི་སྦྱིན་སྲོག་གོ།། འདི་ལ་སོགས་པའི་སྒྲ་ནི། གཏོར་མ་དང་། ཉེ་བར ་མཆོད་རྫས་ལ་སོགས་པ་རྣམས་གཟུང་བར་བྱའོ།། མཚན་ཉིད་ཇི་ལྟར་མཚོན་པར་བགྱི་ཞེས་པ་ནི་ཆུའི་སྦྱིན་སྲེག་གི་དེ་ཇི་ལྟར་ཡིན་ཞེས་པའི་དོན་ཏོ།། དབུས་སུ་ཆུའི་སྣོད་ལ་སོགས་ཞེས་པ་ནི་འོག་ནས་གསུངས་པའི་བུམ་པ་བརྒྱད་ལ་གཞན། པདྨའི་ཚུལ་ང་གསེར ་ལ་སོགས་པ་ལས་བྱས་པའི་ཆུའི་སྣོད་ཅེས་པོའོ།། དཀར་བོ་རྫས་ཀྱིས་བསྐུ་བར་བྱ་ཞེས་པ་ནི་དཀར་པོ་དྲོ་ཞིམ་པོ་ལ་སོགས་པས་བསྡུ་བར་བྱའོ།། དེ་ནས་ཕྱི་རོལ་གནས་པ་ནི། ཆུའི་ལས་ལ་སོགས་ཞེས་པ་ནི། ཡུད་ཙམ་གྱིས་རྡོ་རྗེ་མཁའ་མའི་བདག་ཉིད་བསྒོམས་ཏེ། ་ཕྱི་ན་བདག་ཉི་ག་དབུགས་ཀྱིས། གོང་ནས་གསུངས་པའི་བཀོད་པའི་རིམ་པས་པད་ནས་ཕྱི་རོལ་གྱི་གནས་ལ་ཆུའི་དབུསུ་ཡེ་ཤེས་མཁའ་འགྲོ་མ་ལས་ཀྱི་རིམ་པས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པར་བསྐྱེད་ནས་ཞི་བ་ལ་སོགས་པའི་སྦྱིན་སྲེག ་བྱའོ།། སོ་སོར་རྟགས་ནི་བརྟན་པ་ནི། རང་གི་གཟུགས་ཀྱིས་ཁ་དོག་ཝཱན།། དམ་ཚིག་ཀུན་གྱི་ཕྱག་རྒྱ་ནི།། སྔགས་དང་ཕྱག་རྒྱ་ལ་སོགས་བསྟན་ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཞིན་དུ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་སྟོན ་བར་བྱའོ་ཞེས་སོ།། སྔགས་པས་རྟག་ཏུ་ཆུ་གཏོར་ན།། ཁྱད་པར་དག་ནི་རྒྱས་པར་འགྱུར་ཞེས་པ་ནི། མདུན་ན་བསྒོམ་པའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་གྱི་རྡོ་རྗེ་རྩེ་མོར་ཉིན་རེ་བཞིན་དུ་ཆུ་གཏོར་ནས་ཕུལ་བས་རྒྱས་པ་ཆེན་པོར་སྐྱེ་བའོ་ཞེས ་པའོ།། དེ་དག་ནི་དཔལ་ལྡན་གདན་བཞི་པའི་རྣམ་པར་བཤད་པས་ལས་གཞན་གྱི་གདན་གྱི་ལེའུ་གཉིས་པའོ།། ། འདི་ལྟར་བསྒོམ་པའི་རྣལ་འབྱོར་པའི་དཀྱིལ་འཁོར་བྲི་བ་མེད་པར་མཆོག་གི་དངོས་གྲུབ་མི་འགྱུར ་བས་འཁོར་བ་ལས་མཚན་ཉིད་དག། ཉོན་ཅིག་རྒྱལ་པོ་རྡོ་རྗེ་ཆེ། ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལེའུ་བརྩམས་མོ།། ཕུང་པོ་ལྔ་ལ་སོགས་པ་རྣམས་རང་བཞིན་མེད་པ་ནི་སྟོང་པ་ཉིད་ཀྱི་ལེའུ་བཤད་ཟིན་པས་ན་འདིར་མ་བཀྲོལ་ལོ།། ཇི་ལྟར ་མཉམ་པར་བལྟ་བ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ།། གཉིས་མེད་ཡེ་ཤེས་མཚན་ཉིད་དག། ཉོན་ཅིག་རྡོ་རྗེ་དེ་ཁོ་ན། ཞེས་པ་ལ་སོགས་པའི་དངོས་པོ་རྣམ་པར་དག་པ་གསུངས་སོ།། བླ་མེད་ཉིད་དུ་བྱ་བའི་ཕྱིར།། ཐལ་སྦྱར་འདི་གསུམ་བརྗོད་པར་བྱ།། ་ཤེས་པ་ནི་བྱང་ཆུབ་སེམས་བསྐྱེད་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་མཆོད་པ་བྱའོ་ཞེས་པའི་དྲོན་ཏོ།། ཧཱུཾ་ཞེས་བྱ་བ་ལ་སྦྱོར་བ། ཕྱག་འཚལ་འཇོམས་པ་མཐར་བཞག་སྟེ་ཞེས་པ་ནི། དེ་ལ་ཧཱུཾ་ཞེས་བྱ་བ་རབ་སྦྱོར་བ་ཞེས་པ་ནི། ་ཕྱག་འཚལ་དང་འཇོམས་པ་གཉིས་ཀྱི་བར་དུ་ཡི་གེ་ཧཱུཾ་སྦྱོར་བར་བྱའོ་ཞེས་པ་ཇི་སྙེད་པའོ།། དེ་ལྟོར་ཟིན་མ་ཐག་ཏྱོ། ཨོཾ་ཧཱུཾ་ཕཊ་ཅེས་པའི་སྔགསུ་འགྱུར་རོ།། སྔགས་དེས་རང་གི་ལག་པ་རྡོ་རྗེར་བསམས་ནས་དེ་བཞིན་གཤེགས་པོ་ལྔའི་གནས་སུ་བརྟགས ་པོར་བྱས་ནས་ས་སྦྱང་བར་འགྱུ་རོ་ཞེས་པའོ།། དེ་ནས་དཤིན་ཏུ་དྲི་ཞིམ་པའི་དྲིས་གྲུ་བཞིའི་དཀྱིལ་འཁོར་བྱས་ཏེ། རྡུལ་ཚོན་ལྔ་ཡིས་པདྨ་འདབ་མ་བརྒྱད་བྲིས་ཏེ། དེའི་དབུས་སུ་དངོས་གྲུབ་ཐམས་ཅད་ཀྱི་བུམ་པ་དང་། ཤར་གྱི་འདབ་མ་ལ་ཚོན་སྣ་ལྔའི་ཐིག ་ལེ་དང་། ལྷོའི་འདབ་མ་ལ་རྡོ་རྗེ་དང་། བྱང་གི་འདབ་མ་ལ་དྲིལ་བུ། ནུབ་ཀྱི་འདབ་མ་ལ་བདུད་རྩིས་གང་པོའི་དུང་ཆེན་པོ་ལ་སོགས་པའི་སྣོད་རྣམས་ཀྱི་དཀྱིལ་འཁོར་བྲིས་ཏེ། སྐུད་པ་དམ་པོས་དེའི་གློར་ཀུན་ཡོངསུ་དཀྲིས་ནས་བཞག་པར་བྱའོ།། དེའི ་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་མཁྲུའ་འགྲོ་མའི་ང་རྒྱལ་གྱིས་མེ་ཏོག་དང་། དྲི་དང་། སྤོས་མེ་དང་། མེ་ཏོག་གི་ཕྲེང་བ་དང་། ལྷ་བཤོས་དང་། གཏོར་མེ་དང་། ཉེ་བར་སྤྱོད་པ་ལ་སོགས་པས་མཆོད་པ་རྣམས་བྱའོ།། དེའི་འོག་ཏུ་ཡང་ལག ་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྣའི་རྩེ་ལ་ཕྱིན་ཅི་ལོག་ནས་བཞག་སྟེ། ཕྱོགསུ་བརྐྱང་ནས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ།། རེ་ཞིག་གང་དང་གང་ཞིག་ཁྱེད་ཅག་བདག་རྣམས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ་འབྱུང་པོ་དང་། འབྱུང་མོ་དང་། མཁའ་འགྲོ་མ་ལ་སྩོགས་པ་རྣམས་སེམས་ཅན་གྱི་དོན་དུ་འདིར་དཀྱིལ་འཁོར་རྩོམ་གྱིས་མྱུར་བ་ཁོ་ནར་སོང་ཞིག། ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ནི་བགེགས་བསྐྲད་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་སྒེག་མོའི་སྔགས་ད ་ཕྱག་རྒྱ་བཅིངས་ནས། ཨོཾ་པྲ་སཱ་དཱ་ཀུ་རུ་པདྨཱ་ཏི་སུནྡྷ་ནཱི་ད་ཡ་ཙི་ཏ་ཏཾ་ཧཱུཾ་ཧཱུཾ་ཛྲ་ཛུཾ་སྭཱ་ཧཱ། དེ་ནི་སའི་ལྷ་མོ་ལྔ་གསོལ་བ་གདབ་པའི་སྔགས་དང་ཕྱག་རྒྱའོ།། དེའི་འོག་ཏུ་རྡོ་རྗེ་དེ་བཞིན་ཉིད་ཀྱིས་གཟུང་།། དྲིལ་བུ་ཆོས་ཀྱི་དཀྲོལ་བར་བྱའོ།། དེ་ནས་པདྨའི་དབུས ་ནུ་གནས་པའི་བུམ་པ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དཀར་བ། རྡོ་རྗེ་དང་དྲིལ་བུ་བསྣམས་པ་དམིགས་ཏེ་འོག་ཏུ་མཆོད་པར་བྱའོ།། རྡོ་རྗེ་བཅིང་བ་བཅིངས་ན་སུ་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་ནས་རྩེ་དང་རྩེ་མོར་སྦྱར་ཏོ་སྙིང་གར་བཞག་པར་བྱའོ།། ་ཨོཾ་ཨཱཏྨ་སྭཱ་ཧཱ་དེ་ནི་སྙིང་པོའི་སྔགས་དང་ཕྱག་རྒྱའོ།། གཡས་ཀྱི་རྡོ་རྗེ་འདིས་བུམ་པ་ལ་རེག་པ་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་སངས་རྒྱས་ལྔའི་བདག་ཉིད་ཀྱི་ས་བོན། ཨོཾ་ཧཱུཾ་ཧཱུ~ཾ་སྭཱ་ཧཱ། ཞེས་ཚོན་ལྔ་ལ་མངོན་པར་བསྔགས་བཏབ་པར ་བྱའོ།། སེང་གེ་མའི་ས་བོན་ཨོཾ་སྨྼ;ྻུཾ་སྭཱ་ཧཱ་ཞེས་པས་རྡུལ་ཚོན་ལྔ་ལ་བཟླ་བར་བྱའོ།། དེ་ནས་འབྱུང་པོའི་གཏོར་མོ་བྱིན་ནས་གཟུང་བའི་དོན་དུ་ཇི་སྙེད་པའི་ཉེ་བར་སྤྱད་པ་ལྔས་མཆོད་པར་བྱ་སྟེ། དཔུང་བ་ལ་སོགས་པ་གཡས་ཀྱི་མཚམས་ལ་བཞག ་པར་བྱའོ།། དཀྱིལ་འཁོར་ནི་ཆུ་བོའི་ལས་ལ་སོགས་པ་བཅོལ་བ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱོར་ཏེ། ཡང་དྲི་ཞིམ་པོའི་ཆུས་བསྐུས་ཏེ་ཐིག་གདབ་པར་བྱའོ།། དེ་དག་ནི་ས་བསྲུང་བའི་ཆོ་གའོ།། དེ་ནས་ཐིག་གདབ་པར་བྱ་བ་ནི། དེ ་ལྟར་ཉེ་བར་སྦྱོར་བའི་སྐུད་པ་རྒྱུད་ལྔ་བྱས་ཏེ་ཚོན་ལྔས་བཙོ་བར་བྱའོ།། དེའི་འོག་ཏུ་དཀྱིལ་འཁོར་གྱི་སའི་དབུས་སུ་ཕྱོགས་མཚམས་བརྒྱད་ལ་ཐིག་ལེ་བྱས་ནས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་བསྐྱེད་དེ། ཐལ་མོའི་ཕྱག་གཉིས ་ཀྱིས་ཚོན་ལྷའི་ཐིག་རྣམས་གདུང་ནས་མཁའ་འགྲོ་མེ་ཡི་གྷིའི་ས་བོན་གྱིས་སྔགས་གདབ་པོར་བྱའོ།། སྔགས་ནི་ཨོཾ་ཨ་ཨ་ཨ་ཨོཾ་ཨཱཿའོ། སློབ་དཔོན་གྱིས་སྣ་གཅིག་ལ་གཟུང་སྟེ། སློབ་མ་སྣ་ཕར་སྣ་གཟུང་ནས་ཐོག་གདབ་པར་བྱའོ།། དེ་ལ་རིམ་པ་འདི ་ལྟ་སྟེ། བདེན་བྲ་མཚམས་ན་སློབ་དཔོན་བཞུགས་ལ་སློབ་མ་དང་ལྡན་གྱི་མཚམས་ན་གནས་པར་བྱའོ།། ཡང་སློབ་དཔོན་གཡས་སུ་བསྐོར་ནས་འོང་བ་རླུང་གི་མཚམས་ན་བཞུགས་ན། དེ་ཁོ་ན་བཞིན་སློབ་མས་མེའི་མཚམས་སུའོ།། སློབ་དཔོན་ནུབ་ཕྱོགས ་སུ་གནས་ན་སློབ་མ་ཤར་ཕྱོགས་སུའོ།། དེ་ནས་སློབ་དཔོན་ལྷོ་ཕྱོགས་སུ་གནས་ན་སློབ་མ་ཡང་དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སུའོ།། ཕྱི་མ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྲུ་བཞི་པ་ཆ་ལྔ་བྱ་སྟེ། དབུས་ཀྱི་རེའུ་མིག་ནས་རེའུ་མིག ་གསུམ་གྱི་ཕྱེད་ཆ་ལས་སྒོ་པར་བྱའོ།། དཀྱིལ་འཁོར་སྙིང་པོ་རོའུ་མིག་དགུ་པ་ལ་རྡོ་རྗེ་ཀ་བས་བརྒྱན་པར་བྱའོ།། བློ་དདོག་ཐམས་ཅད་ལ་རྡོ་རྗེ་རྒྱ་གྲམ་ཁོ་ནས་བརྒྱན་པར་བྱའོ།། འཁོར་རྣམས་ཀྱི་ཚེ་ཡིས་སྒོ་རྣམས་ཏེ་བྷ་བཞིའོ།། དེའི་ཕྱེད་ཀྱི་ཆ་དེ་ཁོ་ནས་བྱུང་ངོ་།། ་བྲང་གི་ཕྱེད་ཀྱིས་མུ་ཁྱུད་དོ།། མུ་ཁྱུད་ཀྱི་ཕྱེད་ཀྱིས་ཚོན་ལྔའི་སའོ།། ནང་གི་ཤར་དང་། བྱང་དང་། ནུབ་དང་། ལྷོའི་རེའུ་མིག་ལ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་རྡུལ་ཚོན་གདབ་པར་བྱའོ།། དབུས་སུ་ནི་སྔོན་པོ་རྡོ་རྗེ་ཕྲེང་བའི་ཕྱི་རོལ ་ཏུ་ཕྱྀ་རྣལ་འབྱོར་མའོ་གདན་ལ་དམར་ན་ཚ་རྡོ་ཅན་མ་ཚན་གོ།། ལྷ་མོ་གུཀྐ་ས་ལ་སོགས་པའི་ཕྱི་རོལ་ཏུ་ར་བ་ལྔས་བསྐོར་བར་བྱའོ།། རྡོནི་ཕྱི་རོལ་གྱི་ཚོན་ནག་པོའི་གནས་ན་མཁའ་ལྡན་པ་བཞིན་ནོ།། ལྷའི་སྣམ་བུ་ལ་ནི་གསེར་བརྩ་མའི་མདོག་གདབ་པར ་བྱའོ།། ཕྱི་རོལ་ན་ཏཱ་ར་ན་བཞི་དང་བཅས་པའོ།། དེ་ལྟར་གསུངས་པ་གྲུ་བཞི་དང་ནི་སྒོ་བཞི་དང་། ཏཱ་ར་ན་བཞིས་བརྒྱན་པ་སྟེ། དྲིལ་བུ་དྲ་འཕྱང་འབར་བ་ཕྲེང་།། དྲ་བ་དྲ་ཕྱེད་ལ་སོགས་དཀྲིས།། གྲཝ་ཡི་ཆ་ནི་ཐམས་ཅད་དང་།། སྒོ་ཡི་ཁྱམས་དང་མཚམས ་དག་ལ།། རྡོ་རྗེ་རིན་ཆེན་བཀོད་པ་ནི།། ཕྱི་ཡི་དཀྱིལ་འཁོར་བརྟག་པ་ཡིན་ཞེས་སོ།། སྒོ་བཞི་གློ་རུ་བུམ་པའི་སྟོང་ན། ཤར་དང་བྱང་དང་། ནུབ་དང་། ལྷོ་རུ། རྡུལ་ཚོན་གྱིས་སེང་གེ་དང་། རྨ་བྱ་དང་ངང་པ་དང་། ཆུ་སྲིན་གྱིས་མཚོན་པའི་རྒྱལ་མཚན ་བཀོད་པའོ།། དེ་ཁོ་ནའི་རྫ་ན་བུམ་པ་བརྒྱད་བཞག་པའོ།། གྲཝ་བཞི་ལ་ཡང་བུམ་པ་བཞི་དགོད་པར་བྱའོ།། དེ་འདྲའི་དཀྱིལ་འཁོར་ཁྲུ་གང་ནས་བརྩམས་ནས་ཇི་སྙེད་དུ་སྟོང་གི་བར་དུ་བྲི་བར་བྱའོ།། དཀྱིལ་འཁོར་ལ་ཡང་ཧོ་ཁུང་བཞིན་དུ་ཚད་དམ་བཅས་པ ་གདོན་མི་ཟླ་བར་བྱའོ།། དེ་ནས་འཕེན་པའི་ཆོ་ག་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་མྱའི་ང་རྒྱལ་གྱིས་ཧཱུཾ་སྒྲ་དང་ལྡན་པར་བྱས་ཏེ། རྡོ་རྗེ་དང་དྲིལ་བུར་བཅས་པས་བགྲོགས་རྣམས་བསྐྲད་པར་བྱའོ།། བསྐོར་བའི་ཐབས་དང་། འཕེན་པའི་ཐབས་བྱ་བ་དང་། ་མཉམ་པའི་ཐབས་དང་། དབྱེ་བའི་ཐབས་དང་། རྐང་གཅིག་པ་དང་། གཡོན་གཅོད་པ་རྣམས་ཀྱིས་ཤར་གྱི་སྦྱོར་གནོས་ཏེ། རྡོ་རྗེ་མཁའི་འགྲོ་མ་བདག་ཅེས་བརྗོད་ནས་སྔགས་འདིས་བགྲོགས་རྣམས་གཞོམ་པར་བྱའོ།། ཨོཾ་ཧཱུ~ཾཏྱ་ནྱ་མཱ་ར་ཛྲ ་གྷཱ་ཏ་ཡ་གྷཱ་ཏ་ཡཱ་ཨ་ཨ་ཧྲཱིཿཕཊ་ཅེས་སོ།། དེ་ཁྱེ་ན་བཞིན་དུ་བྱུང་དུ་བླུན་པའི་མཁའ་འགྲོ་མའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་བཅིངས་པ་བཅིངས་ནས། སྙིང་གར་བཞག་སྟེ། གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། ས་ག ་དང་། ཟླུམ་པོའི་སྟབས་ཀྱིས་གནས་ནས་བགེགས་རྣམས་བསྔགས་འདིས་གཞོམ་པར་བྱའོ།། ཨོཾ་ཥྚྲྀཿཿཕཊ་ཞེས་སོ།། དེ་ནས་ནུབ་ཀྱི་སྒོ་ནས་སྒེག་མོའི་ཕྱག་རྒྱ་བཅིངས་ནས་པུས་མོ་དང་སྦྱར་བ་གཡོན་གྱི་རྐང་པ་བཞག་ནས་འཁོར་བའི་སེང་གེའི་སྟབས ་ཀྱི་གནས་པས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ།། ཨོཾ་ཧཱུཾ་ཨ་ཕཊ་ཙོས་སོ།། དེའི་འོག་ཏུ་ལྷོ་རུ་གདོལ་པ་མོའི་ང་རྒྱལ་གྱིས་རྡོ་རྗེ་བཅིངས་པ་སྤྱི་བོར་བཞག་སྟེ་བུས་མའི་སྟབས་དང་། ཅོག་པུའི་སྟབས་དང་། བཟློག་བསྐོར་བའི་ཐབས་དང་། ་བཟློག་པའི་ཐབས་ཀྱིས་གནས་ནས་སྔགས་འདིས་བགེགས་གཞོམ་པར་བྱའོ།། ཨོཾ་ཧཱུཾཿཾ་ཕཊ་ཅེས་སོ།། ཡང་གར་གྱི་ཕྱོགས་ལ་གནས་པས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་ཁོ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ་གཡས་བརྐྱང་བ་དང་། འདུག་པ་དང་། འདུས་པ་དང་། གནས་པས་རྣམ་པ་དུ་མར་ཡི་གེ་ཧཱུཾ་བརྗོད་པར་བྱའོ།། དེ་ནས་སོ་སྦྱང་བའི་སྔགས་དང་ཕྱག་རྒྱ་ཁོ་ནས་ཕུར་བུ་གདབ་པར་བྱའོ།། སྤྱི་བོར་རྡོ་རྗེ་ཐལ་མོ་ཕྱེ་ནས་རྡོ་རྗེ་དྲ་བའི་སྔགས་འདི་གདབ ་པར་བྱའོ།། ཨོཾ་ཧཱུཾ་ཕཊ་ཅེས་སོ།། རྡོ་རྗེ་བཅིངས་པ་བཅིངས་ནས་མཐེའུ་ཆུང་དང་མཐེ་བོང་བསྒྲེང་སྟེ། ཕྱོགས་སུ་བསྐོར་ནས་སྔགས་འདིས་རབ་སྨིན་པར་བྱའོ།། ཨོཾ་ཛོ་པ་ནི་ཧཱུཾ་ཕཊ་ཅེས་སོ།། སྔོན་གྱི་བུམ་པ་ཇི་ལྟར་བརྒྱན་བཞག་སྟེ། གཡོན་གྱི་ལག ་པ་མཐེའུ་གིས་མཐེ་བོ་མནན་པར་རེག་སྟེ། བུམྦྷ་པ་ལ་བརྒྱད་སྔགས་འདིས་བཟླ་བར་བྱའོ།། ཨོཾ་ཏཔྟེ་ཏཱཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ་ཞེས་སོ།། རོལ་མཚོའི་ཆུས་དགང་བའི་སྔགས་དང་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཁོ་ན་དང་སྔགས་བོག་ནས་འབྱུང་བ་ཁོ་ནས་བདུད་རྩི་ལྔར ་བཅུག་སྟེ། ལན་ཅིག་ཇི་ལྟར་གསུངས་པ་བཞིན་དུ་སྔགས་འདི་བཟླ་བར་བྱའོ།། ཨོཾ་སུཾ་ཀྵུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ།། དེ་དག་ནི་བུམ་པ་ས་བོན་ལ་གནས་པའི་སྔགས་སོ།། དེ་ནས་ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ཏེ། བྱམས་པ་ལ་སོགས ་པ་དང་ལྡན་ནས་གོ་ཆ་ཁོ་ནས་བསྐོར་བར་བྱས་སོ།། ལག་པ་གཉིས་ནི་རབ་ཕྱེ་སྟེ།། མཐེ་བོ་གཉིས་ཀྱང་དཀྲིས་བྱས་ནས།། ངང་པའི་གཤོག་པའི་ཚུལ་བྱས་ཏེ།། ཕྱིར་བཟློག་ནས་ནི་སྙིང་ཁར་གཞག། ཕྱག་རྒྱ་དེ་བཅིངས་ནས་སྔོགས་འདིས་གོ་བསྐོན ་པར་བྱའོ།། ཨོཾ་ཧཱུཾ་ཧོཿཕཊ་ཅེས་སོ།། འདིར་ཡང་བསྒོམ་པ་བརྩམས་ནས་སོ་སོར་བསྐྱེད་དེ། སྔོན་དུ་ཡན་ལག་བརྒྱད་ལ་བཀོད་པ་བྱས་ནས། མེ་ཏོག་དང་། སྤོས་དང་། མར་མི་དང་དྲི་དང་། མེ་ཏོག་ཕྲེང་བ་དང་། ཉེ་བར་སྤྱོད་པ་ལྔས ་མཆོད་ནས་སྐུ་གསུམ་གྱི་བདག་ཉིད་སྔགས་འདིས་བྱའོ།། ཨོཾ་བཛྲ་ཀཱ་ཡ་ཧོ་ཨཽཾ་བཛྲཱ་བ། ཨོཾ.ོཾ་བཛྲ་ཙིདྡྷི་ཡ་ཧཱུཾ་ཞེས་སོ།། སྭ་བྷཱ་བོ་ཤུདྡྷཿསཱརྦ་དྷརྨྨ་ཛྙཱསྭ་བྷཱ་བ་ཤུདྡྷོ་ཧ~ཾ། བཛྲ་ཤུདྡྷཿསརྦ་དྷརྨྨཿབཛྲ་ཤུདྡྷོ་ཧ~ཾ། ཡོ་གཾ་ཤུདྡྷཿསཿ ་དྷརྨྨཿཡོ་གཾ་ཤུདྡྷོ་ཧ~ཾ། ཞེས་པས་སྐུ་གསུམ་རྣམ་པར་དག་པར་བྱ་སྟེ། ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་ཨོཾ་བཛྲ་ཧཾ་གིས་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱས་ཏེ། དེ་ནས་དགུག་པར་བྱའོ།། ས་གཙང་མའི་ཡེ་ཤེས ་ཀྱི་དཀྱིལ་འཁོར་ནི་རང་གི་སྙིང་གའི་དཀྱིལ་འཁོར་ལ་བཀུག་ནས་བཅུད་དེ་བཅིངས་ནས་དབང་དུ་བྱས་ནས་བསྒྲུབ་པར་བྱའོ།། དེ་ལ་སྔགས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ ་བཛྲ་སྥོ་ཊ་བཾ་ཨོཾ་བཛྲ་གཱཎྜེ་ཧོ།། ལྕགས་ཀྱུ་བཅིང་བྱས་ཏེ། མཐེའུ་ཆུང་ལ་ཡང་ལྕགས་ཀྱུ་ཆེ།། དཔུང་བར་མདུད་བྱ་མཛུབ་གཉིས་ནི།། གདུའ་བུ་རྒྱོབ་སྦྱོར་གཟིར་བར་བྱ་ཞེས་གསུངས་སོ།། དགུག་པའི་སྔགས་དང་ཕྱག་རྒྱའོ།། དེ་དག་ནི་ཉེ ་བར་བསྟན་པའི་སྦྱོར་བ་དང་པོའོ།། དེ་དག་མ་ལུས་པར་བསྐྱེད་ནས། ལྷའི་ང་རྒྱལ་ཅན་རྣལ་འབྱོར་པས་རི་རབ་ཀྱི་རྩེ་མོ་ན་རྣམ་པར་བསྒོམ་མོ་ཞེས་གསློངསོ་པ། ཕྱག་བྱོ་ཀུན་གྱི་ཐོག་མ་རུ།། དམ་ཚིག་ཕྱག་རྒྱ་བཅི་པ་བྱ། ཞེས་པ་ལ་སོགས ་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་སྙིང་གར་བཞག་ནས་སུ།། གཡས་པའི་ཁུ་ཚུར་གཡོན་གྱི་མཚན་ཁུང་དུ་བཅུག་པ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ།། ཇི་ལྟ་ར་ས་བོན་རྡོ་རྗེ་དངོས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ་།། ཕྱག་འཚལ་བསྲེགས ་པ་མཐར་བཞག་པའོ་ཞེས་པ་ནི་གོ་སླའོ།། ཨོཾ་ཧཱུཾ་སྭཱཧཱ་ཞེས་པ་ནི་དམ་ཚིག་གི་སྔགས་དང་ཕྱག་རྒྱའོ།། ནང་གི་དཀྱིལ་བཱ་ཀྵོཥེའུ་མིག་ལྔ་ལ་སེང་གེའི་གདན་ཡོངས་སུ་བརྟག་པར་བྱའོ་ཞེས་གསུངས་པ། སེང་གེའི་གདན་ནི་ལྔ་དག་གིས།། ་གདན་ལྔ་རུ་ནི་སྦྱོར་བར་བྱ་ཞེས་སོ།། གདུགས་དཀར་པོ་ཡིས་བརྒྱན་པ་ཡིས།། ཉི་མའི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི། དེ་ལྟ་བུ་ལ་སོགས་པས་མངོན་པར་བརྒྱན་པར་བྱའོ་ཞེས་ཇི་སྙེད་པའོ།། བདག་གིས་དབུགས་ལས་བྱུང ་ནས་ནི། དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནི། རང་གི་ས་བོན་ལས་བསྐྱེད་པ་སྣ་ནས་ཕྱུང་སྟེ། གདན་ལ་ཡེ་ཤེས་མཁའ་འགྲོ་མ་བཞག་པར་བྱའོ་ཞེས་པའི་དོན་ཏོ།། ཞལ་གསུམ་ཕྱག་ནི་དྲུག་པ་ལ་ཞེས་པའི་དོན་ནི་གསལ་ལོ།། ་དེ་ལྟར་ཀུན་ཏུ་ཡང་ཤེས་པར་བྱའོ།། བདག་གི་ཆུ་ལས་བྱུང་བ་ཞེས་པ་ནི་ཆུའི་རྩ་ལ་སཽ་ཤེས་པའོ།། བདག་གི་རླུང་ལས་བྱུང་བ་ཞེས་པ་ནི་རླུང་གི་རྩ་ལས་ཤེས་པའོ།། རང་གི་ས་ལས་བྱུང་བྱ་བ་ཞེས་པ་ནི། སའི་རྩ་ལས་ཤེས་པའོ།། དེའི་ཕྱི ་རོལ་བཞི་པོ་ནི་ཞེས་པ་ནི་ཕྱི་རོལ་གྱི་མཁའ་འགྲོ་མ་ལ་སོགས་པ་བཞི་ཡང་ནང་བཞིན་སྒོ་བཞི་ལ་བཞག་པར་བྱའོ་ཟླ་བའི་དོན་ཏོ།། དེ་དག་གཟུགས་སོགས་མདུན་ན་ནི། དམ་ཚིག་ཀྱང་ནི་བསྟན་པར་བྱ་ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མ་ལྀ ་སོགས་པའི་མདུན་དུ་དམ་ཚིག་བསྟན་པར་བྱའོ།། ཞེས་པ་སྟེ། ཡེ་ཤེས་མཁའ་འགྲོ་མིའི་མདུན་དུ་དེའི་དམ་ཆོག་བསྟན་པར་བྱའོ་ཞེས་པའོ།། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་སོ།། ས་བོན་དེ་ཉིད་ལ་ལྡན་པ་ཞེས་པ་ནརྀ། དང་པོ་ཀུན་ལ་ཡང་གོང་ནས་གསུངས་པ་ཁོ ་ནཱས་གཟུང་བར་བྱའོ།། དབྱུག་པ་གློ་རུ་གཞག་ནས་སུ་ཞེས་པ་ནི་གུག་ཀྱང་གསུམ་པའོ།། དེས་སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཨོཾ་སྭཱཧཱ། ཨཱཾ་ཨཱ་སྭཱཿཱཾ་ཨ་སྱཱཏྨ། ཨོཾ་ཨཱཾ་སྥཱ་ཧཱ་ཞེས་སོ།། པྲཱ་ཡི་ལྷ་མོ་བཞི་ཡི་ནཱི།། ཨོཾ་རཱ་སྱཱ་ཧཱ། ཨཽ་རཱྀ་སྱཱཿ། ་ཨོཾ་ལྀ་སྭཱ་ཧཱ། ཨོཾ་ལཱྀ་སྭཱཧཱ། ཞེས།། ནང་གི་སྒོ་སྲུངས་མ་ལྷ་མོ་རྣམས་ཀྱིས་ནི། ཨོཾ་ཕུཾ་སྭཱ་ཧཱ། ཨོཾ་ཕེཾ་སྭཱ་ཧཱ། ཨོཾ་ཕྲེཾ་སྭཱ་ཧཱ། ཨོཾ་ཕྲེཾ་སྭཱ་ཧཱ། ཞེས་སོ།། བདུད་རྩི་ཐིག་ལེར་ཡི་གེ་ཞེས་པ་ནི་ཡི་གེ་སུཾ་ངོ་།། དགུ་ཐ་མའི་ས་བོན་གཟུང་ནས་ནི་ཞེས་པ་ནི། ཡེ ་གཻ་ཡ་དང་བ~ཾ་གཟུང་ནས་དགུ་ཐ་མ་ནི་ཡི་གེ་ཀྵའཾ།། 8་མམཚན་ལས་གསུམ་པ་དང་། རང་ཐུགས་པ་སྦྱར་བ་མ་ཞེས་པ་ན། ཡི་གེ་གུང་། གཉིས་མིན་གཏོར་མ་གང་བ་ཡིས།། དེ་དེ་ཉིད་ཀྱིས་མཆོད་པར་བྱ་ཞེས་པ་ན ་འོག་ནས་འབྱུང་བ་གསུངས་ཏེ། བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་། བཟའ་བཏུང་ལ་སོགས་པ་དང་། ལྡན་པ་བྱུང་བའི་གཏོར་མོ་སྦྱིན་པར་བྱའོ།། པདྨོ་བསྐོར་བས་བསྐོར་བྱ་ཞིང་།། གཡས་སུ་པདྨ་བསམ་པར་བྱ།། གཡོན་པ་རྡོ་རྗེ་བསྒྲེང་ནས་ནི།། ཕྱག ་རྒྱ་ཆེན་པོ་བསྟན་པར་བྱ་ཞེས་པ་ནི། ལག་པ་གཡས་པ་ལ་པདྨའི་བནྡྷ་བསམས་ཏེ། གཡོན་པས་རྡོ་རྗེ་བསྒོམས་ནས་ལན་གསུམ་གྱི་ཕྱག་རྒྱ་བཙོངས་སྟེ། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ་ཞེས་བརྗོད་ནས་སྟོན་པར་བྱའོ་ཞེས་པའི་དོན་ཏོ།། མཆོད་པའི་ཁྱད་པར་བྱེད་པ་ལ ་གསུངས་པ། ཡེ་ཤེས་ཅན་གྱིས་འཇིག་རྟེན་བྱའི།། ཕྱི་སེཾད་དཀྱིལ་འཁོར་བཏགས་པ་ཡིན། ཞེས་གསུངས་ཏེ། དོན་དེ་ལྟར་འགྱུར་བར་གསུངས་ཏེ། ཤིན་ཏུ་ཟླུམྦྷ་པར་བཟླས་པའི་མཆོད་པ་རྣམས་འོས་བ་ཉིད་ཀྱི་ཕྱིར་ན། འཇིག་རྟེན་ལསོ་བས ་བའི་ལྷ་མོ་དགོད་པར་བྱ་སྟེ། དེའི་དེ་མ་ཐག་ཏུ་ཁོ་ན་ཡང་འཇིག་རྟེན་ལ་སོགས་པའི་ལྷ་མོ་རྣམས་ཕྱིའི་དཀྱིལ་འཁོར་ལ་བཀོད་པར་བྱའོ་ཞེས་པའོ།། དེ་ལ་བཀོད་པའི་རིམ་པ་ནི་འདི་ལྟ་སྟེ། ནང་གི་དཀྱིལ་འཁོར་གྱི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཤར་ཕྱོགསུ་པུཀྐ ་སི་དང་། ཁྲོ་གཉེར་མོ་དང་། གཏུམ་མོ་རྣམས་བདུད་རྩིའི་ཆུའི་སྣོད་ཕྱག་གིས་འཛིན་པ་དམར་པོ་དོང་། སེར་པོ་དང་། ནག་པོའི་སྐུ་མདོག་དུ་དཔོད་ངོ་།། བྱང་ན་དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམ་པ་གསུམ་ལྕགས་ཀྱུ་ལྔ་ལ་སོགས་པས ་གང་བའི་སྣོད་ཕྱག་གིས་འཛིན་པ་སེར་པོ་དང་། དཀར་པོ་དང་། དམར་པོའི་སྐུ་མདོག་གོ།། ནུང་དུ་ཁྲོ་མོ་དང་། འབར་མ་དང་། འཇིགས་བྱེད་མ་རྣམས་གཏོར་མའི་སྣོད་ཕྱག་གིས་འཛིན་པ་དམར་པོ་དང་། སེར་པོ་དང་ནག་པོའི་མདོག་གོ།། ལྷོར་ཐོད་བྲེང ་མ་དང་རྡོ་རྗེ་མ་དང་། བུམ་པ་རྣམས་བཟའ་བ་དང་། བཏུང་བ་ལ་སོགས་པའི་སྣོད་འཛིན་པ། ནག་པོ་དང་དམར་པོ་དང་། དཀར་པོའི་སྐུ་མདོག་གོ།། དབང་ལྡན་ན་སྟེ་གོ་མོ་དང་དྲི་ཆབ་མ་སྟེ་དཀར་པོ་དང་། སེར་པོའི་མདོག་གོ། མེའི་མཚམས་ན་པི་ཝེང ་མ་འཁྲུགས་ཤིང་འབར་བ། སྐྲ་སིལ་བུར་བཏང་བ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། སྣ་ཚོགས་ཀྱི་ན་བཟའ་དང་། རྒྱན་གྱིས་ཀླུབས་པ། དབང་པོའི་སྐྱིལ་མོ་ཀྲུང་གི་གནས་པའོ།། དེའི་ཕྱིར་དུ་འཁོར་བའི་ས་ལ་ཕྱི་ན་འབྱུང་པོའི་གཏོར་མའི་སྔགས ་ཀྱི་རིམ་པས་ཕྱོགས་བརྒྱད་ལ་ཡོངས་སུ་བརྟགས་པའི་དུར་ཁྲོད་བརྒྱད་ལ་ནག་པོ་དྲག་པོ་ལ་སོགས་པའི་དུར་ཁྲོད་ཀྱི་བདག་པོ་རྣམས་དགོད་པར་བྱའོ།། དེ་ལ་རིམ་པ་ནི་འདི་ལྟ་སྟེ། ཤར་དུ་ནག་པོ་དྲག་པོའོ།། བྱང་དུ་དྲག་ཆེན་པོའོ།། ནུབ་ཏུ་ལྷ་བྱིན།། ་ལྷོར་ནག་པོའོ།། དབང་ལྡན་ན་གཙིགས་བྱེད།། མེའི་མཚམས་ན་འཇིགས་བྱེད་དོ།། བདེན་བྲལ་ན་དགའ་བོ་ལས་འདསོ།། རླུང་གི་མཚམས་ནི་བགེགས་ཀྱི་རྒྱལ་པོའོ།། དེ་དག་ཐམས་ཅད་ཀྱང་མིག་གསུམ་པོ་ལག་པ་བཞི་པ། ཇི་ལྟར་གསུངས ་པའི་ལག་ཆ་དང་། གོས་དང་རྒྱན་གྱིས་བོརྒྱན་པ་ནག་པོ་དང་། སེར་པོ་དང་དཀར་པོ་དང་དམར་པོའི་གཟུགས་ཀྱི་མདོག་གོ།། དབང་ལྡན་ལ་སོགས་པའི་གྲཝ་བཞི་ལ་གནས་པ་ནི། དཀར་སེར་དང་། དཀར་ནག་དང་། དམར་ནག་དང་། སེར ་དམར་གྱི་གཟུག་སྤྱི་མདོག་གོ།། དེ་དག་གི་འཁོར་གསུངས་པ། རྒན་བྱང་མ་དང་དྲག་མོ་དང་། འཇིགས་བྱེད་མ་དང་། ཨུ་མས་བསྟོད་ཅེས་པ་སྟེ། ནག་པོ་དྲག་པོའི་མདུན་དུ་རྒན་བྱད་མ་དང་། གཡོན་དུ་དྲུག་མ ་དང་། རྒྱབ་དུ་འཇིག་བྱེད་མ་དང་། གཡས་སུ་ཨུ་མའོ།། བསྟོད་ཅེས་པ་ནི། ལྷ་མོ་དེ་དག་མཁའ་འགྲོ་མ་ལ་སོགས་པའི་མདོག་སྟེ། ཉེ་བར་སྤྱད་པ་ལྔ་ལ་སོགས་པས་ལག་པ་བྲེལ་བ། ཉེ་བར་སྤྱད་པ་ལྔ་ཡིས་ཡང་དག་པར་མཆོད་པའོ།། ་དེ་བཞིན་དུ་བྱང་དུ་ཡང་རྒྱལ་མོ་རྣར་རྒྱལ་མོ་དང་། ཐུབ་མེད་གཞན་གྱིས་མི་ཐུབ་མ་ཞེས་པ་སྟེ། དྲག་ཆེན་པོའི་འཁོར་རྣམས་མར་མེ་ལ་སོགས་པའི་སྐུ་མདོག་དང་མཐུན་ནོ།། དེ་བཞིན་དུ་ནུབ་དུ་ཡང་ནག་མོ་བཟང་མོ་ནག་ཆེན་མོ།། ནག་དྲག་མོ ་དང་རྣལ་འབྱོར་མ་ཞེས་པ་སྟེ་ལྷ་བྱིན་གྱི་བྱན་མོ་བཞི་པ་ནི་འཇིག་བྱེད་མ་ལ་སོགས་པའི་མདོག་གོ། དེ་བཞིན་དུ་ལྷོ་ན་ཡང་དབང་བྱེད་མ་དང་ཟླ་བ་མོ། དྲག་མོ་སྡང་བ་ལམ་པ་ནི། ཞེས་པ་སྟེ། ནག་མོའི་ལྷ་མོ་སྟེ། འཕྲོག་བྱེད་མ་ལ་སོགས ་པའི་མདོག་གོ། དབང་ལྡན་ན་ནི་འཕྲོག་བྱེད་མ་དང་མེ་མར་མ། འཇིགས་བྱེད་གཡུལ་གནས་རྣལ་འབྱོར་མ་ཞེས་པ་སྟེ། གཅིགོས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཏེ་རྒན་བྱེད་མ་ལ་སོགས་པའི་མདོག་གོ། མེ་མཚམས་ན་དྲག་མོའི་གཟུགས་དང་། ་གཟུགས་ཆེན་པོ།། མཆེ་བ་གཙིགས་མ་ཐོད་ཅན་མ། ཞེས་པ་སྟེ། འཇིགས་བྱེད་ཀྱི་རྣལ་འབྱོར་མ་སྟེ། དབང་བྱེད་མ་ལ་སོགས་པའི་མདོག་གོ། བདེན་བྲལ་ན་ཐོད་ཕྱེད་ཕྱེད་བ་ཁ་ཊྭཱཾ་མ། སྦྲུལ་ཆེན་ཞེས་པ་སྟེ། དགའ་བ་ལ་འདས་ཀྱི་བྱིན་མོ ་མོ་སྟེ། ནག་པོ་བཟང་པོ་ལ་སོགས་པའི་མདོག་གྲོ། རླུང་གི་མཚམས་ན་རལ་གྲི་སྒྲ་ཅནྡྲ་དང་། རྡོ་རྗེ་དེ་བཞིན་གཞུ་ལུག་དང་ཞེས་པ་སྟེ། བགེགས་རྒྱལ་གྱི་བྱན་མོ་རྣམས་ཏེ། རྒྱལ་མོ་ལ་སོགས་པའི་མདོག་གོ།། དེ་ནས་ཤར་གྱི་སྒོ་ན་ཁྱབ་འཇུག ་སྟེ། དབྱུག་པོ་འཛིན་པའོ།། བྱང་ན་ཚངས་པ་སྟེ་སྦྲང་ཡུབ་འཛིན་པའོ།། ནུབ་ན་འཛིན་པ་སྟེ། མཚན་ཉིད་ཀྱི་སྒྲ་བརྗོད་ལ་བརྩོན་པའོ།། ལྷོ་ན་བརྒྱ་བྱིན་ཏེ་གདུགས་འཛིན་པའོ།། དེ་བཞིན་དུ་ལྷོའི་སྣམ་བུའི་གྲཝ་ལ་དབང་ལྡན་གྱི་མཚམས ་ནདབང་ལྡན་ནོ།། མེ་མཚམས་ནི་ནོར་ལྷ་གུ་བེ་རའོ།། བདེན་བྲལ་ན་འབྱུང་པོའི་བདག་པོ། རླུང་གི་མཚམས་ན་རླུང་གི་བདག་པོ་ཞེས་པའོ།། དེ་དག་ཀྱང་བུ་དང་བུད་མེད་འཁོར་དང་བཅས་པ། མདོག་དང་ལག་ཆ་དང་ལྡན་རིམ་པར་བྲིའོ་ཞེས ་ཤེས་པར་བྱའོ།། དེའི་ཚོམ་བུའི་གློ་ལ་ཤར་ཕྱོགས་ན་ཀེང་རུས་འཇིགས་བྱེད་དང་། ཁྭ་དང་སྲིན་པོ་དང་ཚོགས་ཀྱི་དབང་ཕྱུག་དང་། དྲིལ་སྣའོ།། དེ་དག་མཁའ་འགྲོ་མ་ལ་སོགས་པའི་མདོག་གོ།། དེ་བཞིན་དུ་བྱང་ཕྱོགས་ན་གཏུམ་མོ ་དབང་ཕྱུག་དང་། བདུན་པའི་ལྷ་དང་། ཚ་བའི་དབང་ཕྱུག་དང་། ཧཱུཾ་སྒྲ་འཇིགས་བྱེད་དོ།། དེ་དག་ནི་མར་མེ་ལ་སོགས་པའི་མདོག་གོ།། དེ་བཞིན་དུ་ནུབ་ཕྱོགས་ན་འདོད་པའི་དྲག་པོ་དང་ཐ་དེའི་དབང་ཕྱུག་དང་། ཅང་ཏེའུ་ཕྱི་བཞག་དང་། ་ཆེན་འཇིགས་བྱེད་དོ།། དེ་དག་ནི་འཇིགས་བྱེད་མ་ལ་སོགས་པའི་མདོག་གོ།། དེ་བཞིན་དུ་ལྷོ་ཕྱོགས་ན་པི་ཝང་དབང་ཕྱུག་དང་། ང་རོ་ཆེན་པོ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པའོ།། དེ་དག་ནི་འཕྲོག་བྱེད་མ་ལ་སོགས་པའི ་མདོག་གོ། དེ་དག་ཀྱང་ཕྱག་བཞི་པ་ཁ་ཊྭཱཾ་ག་དང་བན་དྷ་དང་། ལྷ་མོ་འཁྱུད་པ་དང་། ཏྲི་ཤཱུ་འཛིན་པ་དང་། སྤྱན་གསུམ་པ། སྟག་ལྤགས་ཀྱིས་སྨད་གཡོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ་ཐོད་ཕྲེང་གི་བཅིངས་པ་རྣམས་སོ།། དེའི་ཕྱི་རོལ་ནང་གི་མུ་ཁྱུད་ཀྱི་ས་ལ་འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རོལ་ཅིང་རོལ་པར་བྱེད་པ་དེའི་འཁོར་རྣམས་ཤེས་པར་བྱའོ་ཞེས་པའོ།། དྲག་པོ་ནག་པོ་དང་། ཀེང་རུས་འཇིགས་བྱེད་ལ་སོགས ་པའི་རང་རང་གི་མིང་གི་དང་པོ་ཡིག་འབྲུ་ཁོ་ན་ཆོས་ཀྱི་ཡི་གེའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་སྟེ། སྡིགས་མཛུབ་དབུ་མ་བརྐྱང་བར་བཽ། དབུ་མའི་ཚིགས་གསུམ་ལ་སྡིགས་འཛུབ་ལྕགས་ཀྱུའི་ཚུལ་གྱིས་སྦྱོར། ཨོཾ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ་ཅེས ་སོ།། འཇིག་པའི་ལྷ་རྣམས་དགུག་པའི་ཕྱག་རྒྱ་དང་སྔགསོ།། གོང་ནས་གསུངས་པའི་བདུད་རྩི་འོད་ཟེར་གྱི་ཕྱག་རྒྱ་དང་། སྔགས་ཁོ་ན་པུཀྐ་སཱི་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ།། སྙི་མོ་བྱའི་ཐལ་མོ་བྱས་ནས་དེ་ཁོ་ན ་གཡས་སུ་གཡོ་བར་འཛིན་པའོ།། ཨོཾ་གྷི་སྭཱ་ཧཱ་ཞེས་པ་དྲག་མོ་ལ་སོགས་པའོ།། ལག་པ་གཉིས་ནི་བརྐྱང་ནས་སུ། རྒྱབ་དང་རྒྱབ་གཉིས་སྦྱར་བར་བྱ། སོ་སོར་རེ་རེ་ནི་སོར་མོའི་རྩེ་མོ་དཀྲི་བར་བྱའོ།། ཨོཾ་བཏྟེ་ལཱི་ཧཱུཾ་ཞེས་པ་ནི་དྲག་མོ ་ལ་སོགས་པ་རྣམས་ཀྱིའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྟ་ཟུར་གཉིས་སུ་བཞག་པར་བྱ། ཨོཾ་ཧཱུ~ཾ་སྭཱ་ཧཱ། སྒེག་མོ་ཡིའོ།། གཡོན་པའི་ལོག་པ་ཕྱི་ནས་སུ། མཐེ་བོ་སྦྱིན་ལག་བསྒྲེང་བར་བྱ། གཡས་པ་ཡིས་ནི་གཟུང་ནས་སུ། ་དུང་གི་ཕྱག་རྒྱ་དྲི་སྦྱིན་ནོ།། ཨོཾ་དྷཱུ་བྱཱ་བྲི་གནྡྷེ་ཧཱུཾ་དྲི་ཆབ་མའིའོ།། བི་བྱཱང་གིས་ནི་པི་བང་སྟེ།། ཨོཾ་ཧཱུཾ་ཧོ་སྭཱ་ཧཱ། བི་བང་མཱའི་འོ།། སྙིང་པ་གཉིས་ཀྱི་ཐལ་མོ་ནི།། བསྐོར་ཞིང་གྱེན་དུ་གཏོར་བར་བྱ།། ཨོཾ་སྭཾ་སྭཱ་ཧཱ། གཏོར་མའིའོ།། རྡོ་རྗེ་ཁུ ་ཚུར་གཉིས་བཅི་མོ་ཏེ། མཛུབ་མི་བསྒྲེངས་ནས་ཁ་ལ་བསྐུལ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། དབྱངས་མཱ་ཁ་ནཱ་མྲའི་འོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། མཁྲིག་མ་གཡོན་པས་གཟུང་བར་བྱའོ།། ཨོཾ་ཨི་སྭཱཧཱ། སྤྲོས་མའིའོ།། གཡས་ཀྱི་སྒྲ ་ཟུར་གྱི་ཕྱོགས་སུ་ལག་པ་འགྱིང་བལ་གིས་བཏང་ནས་གཡས་པཾ་དཔུང་བ་ལ་ཡིང་བགྲངས་ནས། ཨོཾ་སུ་ནརྀ་ཏྱེ་སྭཱཧཱ། གར་མཁེ་སྔ་མའོ།། ཐལ་མོ་སྦྱར་ནས་སྤྱི་བོར་བཞག་སྟེ། ཨོཾཀྵུ~ཾ་སྭཱཧཱ། མར་མེ་མའིའོ།། རྡོ་རྗེ་ཁུ་ཚུར་གུ་ཡས་བཅིངས ་ཏེ། སྡིག་མཛུབ་དབུ་མ་བསྒྲེངས་ནས་སུ།། དཔྲལ་བ་ལ་ནི་རེག་པར་བྱ།། ཨོཾ་མུ་མུ་ཧཱུཾ་སྭཱ་ཧཱ། དབང་ལྡན་གྱིའོ་རྡོ་རྗེ་བཅིངས་ནས་སྡིག་འཛུབ་གཉིས་བསྒོངས་ལ་རིན་ཆེན་གྱི་ཚུལ་དུ་སྦྱར་བོར་བྱའོ།། ཨོཾ་ད་ན་གྷཾ་ཧཱུཾ་སྭཱ་ཧཱ་ནོར་གྱི་ལྷའིའོ།། གཡས་པ ་རྡོ་རྗེ་ཁུ་ཚུར་བཅིངས་ནས་སྡིག་མཛུབ་བསྒྲེང་བར་བྱའོ།། ཨོཾ་ཁཱ་ཏེ་ནི་ཧཱུ~ཾ་ཕཊ་སྭཱ་ཧཱ། འབྱུང་པོའི་བདག་པོའིའོ།། གཡས་པ་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཤིན་ཏུ་བརྐྱང་བར་བྱའོ།། ཨོཾ་བྷུར་བྷཱ་བ་སཱཏྨ། ཀླུའི་རྒྱལ་པོའིའོ།། རྡོ་རྗེ་ཁུ ་ཚུར་ཡར་བསྒྲེངས་ནས།། ཨོཾ་ཁྲེ་ས་སྭཱཧཱཏྨ། ཁྱབ་འཇུག་གིའོ།། གཡས་པ་འཕན་གསུམ་གྱི་ཕྱག་རྒྱ་ཡར་བསྒྲེངས་ནས།། ཨོཾ་ཧཱུཾ་སྭཱ་ཧཱ། དྲག་པོའིའོ།། གཡས་པ་རྡོ་རྗེ་ཁུ་ཚུར་སྙིང་གོར་བསྐུལ་བར་བྱ་སྟེ། ཨོཾ་ཨོཾ་སྭཱ་ཧཱུ~ཾ། ཚངས་པའོ།། ལག ་བ་གཡས་པ་ཕྱེ་ནས་ཁ་མར་སྦུབ་པར་བྱ་སྟེ། གཡོན་པའི་ཁུ་ཚུར་ལས་ཁྲོ་བོ་སོར་མོ་བསྒྲེངས་ནས་གདུགས་ཀྱི་ཚུར་གྱིས་དཀྱིལ་དུ་རེག་པར་བྱའོ།། ཨོཾ་ཨཾ་མུ་མུ་སྭཱ་ཧཱ། བརྒྱ་བྱིན་གྱིའོ།། ལག་པ་ཀྲི་ཤུལ་དམ་ཚིག་གི ་ཕྱག་རྒྱའི་སྔགས་ཁོ་ན་ནག་པོ་དྲག་པོ་ལ་སོགས་པ་དང་། ཀེང་རུས་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་སྤྱིའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། ལྷ་རྣམས་བཀོད་པའི་དེ་མ་ཐོག་ཏུ་མཆོད་པ་ཉི་ཤུ་པས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ ་མཆོད་པར་བྱའོ་ཞེས་གསུངས་པའོ།། དེ་ནས་མཆོད་པ་ཉི་ཤུ་པས། མཁས་པ་ཡིས་ནི་མཆོད་པར་བྱ་ཞེས་པོ་ལ་སོགས་པ་སྟེ། སྒེག་མོའི་ཕྱག་རྒྱ་བཅིངས་ནས་ཡི་གེ་ཧཱུཾ་གི་དབྱངས་བླངས་པས། ཡི་གེ་ཧཱུཾ་གི་སྒྲས་གང་སྟེ། མཉེས་པ་ཆེན་པོ ་འདིས་བྱའོ།། ཧཱུཾ་ཧཱུཾ་དྷཱུབྷྲཱུ~ཾ། ཧཱུ~ཾ་བྷྲཱུཾ་ཏྲཱུཾ། ཨོཾ་ནྡྷི་མཾ་གོ། ཨོཾ་ག་བྷྲཱུཾ། ག་ཏྲུཾ་ག་དྲུཾ། ག་ཏྲ~ཾ་ཧཱུ~ཾ་སྭཱ་ཞེས་སྷོ།། དེ་ནས་རྡོ་རྗེ་དེ་བཞིན་ཉིད་ཀྱིས་གནོད་ནས།། དྲིལ་བུའི་ཆོས་ཀྱིས་དེ་རྣམས་བརྗོད་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། རྒྱུ་བ་དང ་རྒྱུབ་ཏུ་སྦྱོར་བར་བྱ།། མཐེའུ་ཆུང་གཉིས་ནི་དཀྲིས་བྱས་ནས།། བག་ཙམ་འགུལ་བར་བྱེད་པ་ཡིས།། ཨོཾ་བཛྲ་གྷཎྚ་ཧོ།། ཨོཾ་བཛྲ་ཏཱ་ར་མེ། ཨོཾ་བཛྲ་གྷཏྣེ་ར་ནི། ཏ་པྲ་ར་ཎི་ཏེ་སརྦ་བུདྡྷ་པྲ་ཙ་ལི་ཏེ་བུདྡྷོ་བྷཱ་ར་མི་ཏྲཱ་སྭ་བྷཱ་བི་བཛྲཱ་སརྦ་ཏྲི་ད་བྷཱ་བ་ཏོ་ཥ་ནི་ཧཱུ~ཾ་ཧཱུ~ཾ་ཧཱུཾ་སྭཱཧཱ ་ཞེས་སོ།། རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་དོ།། དེ་ནས་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། སེམས་དཔའ་ཆེན་པོ་དང་པོའི་མཆོག་ཅེས་པ་ལ་སོགས་པ་མཚན་བརྒྱ་རྩ་བ་རྒྱད་ཀྱིས་བསྟོད་པར་བྱའོ།། དེའི་འོག་ཏུ་ཡང་ཧཱུཾ་ཧཱུཾ་ཧཱུཾ་འཁོར་པོ་མོས ་བསྒྲལ་སྐུ་འཛིན་པ། ཕན་ཚུན་འཁྱུད་པའི་སྦྱོར་འཆང་བ།། ཀྱེ་རྡོ་རྗེ་ཁྱོད་ཧཱུཾ་ལ་ལ་ཧཱུཾ་ཛྭཱ་ལ་ལ་ལོ་གཅིག་རྫྫ། ལྷ་མིས་ཕྱག་འཚལ་ཞབས་ཀྱིས་མཆོག། དྲི་མིང་མེ་ཏོག་དགའ་འཆང་བ།། ཀྱེ་རྡོ་རྗེ་ཁྱོད་ལ་ལ་ལ་ཧཱུཾ་ལ་ལ་ལ་ཧཱུཾ་ལ་ལ་ལོ་གཅིག ་དངོས་པོ་དང་དྲལ་བསྙེན་མཛད་པོ། གསང་བ་ལས་གསང་ཆེན་པོ་འདིར། རོ་ལ་ཅིག་རོལ་ཙལ་རྡོ་རྗེ་ཁྱོད།། གསང་བར་གཟིར་བ་ཁྱོད་ཀྱིས་དོན།། བདུད་རྩི་མཐའ་ཡས་གསོལ་མཛད་པ་ཧཱུ~ཾ། སེམས་ཅན་རྣམ་པར་བསམ་མཛད་འདི།། ་འཁོར་བ་འདི་ལས་རྣམ་བརྒལ་བ།། མཆོག་འགྱུར་གང་དེ་ཕྱག་འཚལ་ལོ།། ཀླུ་དབང་མཆོག་གིས་དབུ་བརྒྱན་པ།། རི་བོང་འཛིན་དཀར་བརྒྱན་པའི་སྐུ།། གྲངས་མེད་སྣ་ཚོགས་མཛེས་པའི་གཟུགས།། སངས་རྒྱས་རྡོ་རྗེ་མ་ཕྱག་འཚལ།། ་གསེར་གྱིས་མདོག་ཆེན་སྐུ་ཡི་མཆོག། ཤིན་ཏུ་དྲག་པོའི་སྦྲུལ་གྱིས་བརྒྱན།། ཐོད་པ་གསར་པར་ཁྲག་འཐུང་བ།། རྒྱལ་ཅིང་བྱང་གི་ལྷ་མོའི་ཞིབས།། མ་རཱ་ག་ཏར་དམར་ཞིང་མཛེས།། སྒྲ་སོགས་ཧཱུ~ཾ་མཛད་དཱ་རཽ་འཇིགས། ་དྲག་པོའི་དབྱུག་པ་ཐོད་པ་འཛིན།། ནུབ་ཀྱི་ལྷ་མོ་ཞབས་ཕྱག་འཚལ།། མཛེས་པའི་སྔོན་པའི་རྣམ་བཀོད་མཛོད།། ལྷ་ཚན་ཁྱབ་འཇུག་མགོ་བླའི་ཞབས།། བདུད་རྣམས་འཇོམས་པའི་ཁྲོ་འཛིན་པ།། ཕྱག་འཚལ་ཧཱུ~ཾ་མཛད་ལྷ་ཆེན་མོ།། དེ་དག ་ལ་སོགས་པ་རྣམ་པ་སྣ་ཚོགས་རྡོ་རྗེ་དབྱངས་ཀྱིས་བསྟོད་པ་མཛད་ནས་དྲིལ་བུ་དཀྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་སྙིང་ཁོར་གཞག་ནས། ཨོཾ་ཤུདྡྷ་ར་མེ་ཧཱུ~ཾ། ཨ་ཨ་ཨ་ཨ་སྭཱ་ཧཱ་ཞེས་སོ།། ལྷའི་ང་རྒྱལ་བྱེད་པ་བརྟན་པོར་བྱས་ནས། ་ཕྱིའི་གཏོར་མཱ་སྦྱིན་པར་བྱའོ།། དེ་ལ་རེ་ཞིག་བརྒྱ་བྱིན་ལ་སོགས་པའི་འཁོར་ལ་གཏོར་མ་སྦྱིན་པ་ནི། ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ནས། རྡོ་རྗེ་དྲིལ་བུ་དང་ལྡན་པས་རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་། ་གསོན་པ་རབ་ཏུ་བརྐྱང་ནས་རོལ་པའི་སྐྱིལ་མོ་ཀྲུང་ལ་གནས་ཏེ། འདིའི་དཀྱིལ་འཁོར་གྲཝ་བཞི་པ་བྱས་ཏེ། མེ་ཏོག་དཀར་པོ་ལ་སོགས་པས་མཆོད་ནས། དྲི་ཞིམ་པོ་སཱ་ལུ་འབྲས་ཅན་དང་། ཞོ་དང་། འདབ་བུ་ཁ་ར་དང་། སྦྲང་ཙ་དང་། མར་དང་ལྡན་པ ་ཤར་གྱི་སྒྲོ་རུ་གཏོར་མའི་ཟས་ཕུལ་ཏོ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ནས་ལྷ་རྣམས་སྔགས་འདིས་དགུག་པར་བྱའོ།། ཨོཾ་བ་ཏ་ལི་མ་ཧཱ་པ་ཏ་ལི་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཛྫཿསྭཱཧཱ་ཞེས་སོ།། ཨོཾ་རྒྱུད་མ་དང་རྒྱུད་ཆེན་མོ།། ཉིན་དང་ཟླ་བནྡེ་གྲུབ་བཞིན།། རྟ་རྒྱལ་མོ་དང ་ཟླ་རྒྱལ་མོ།། ལྷ་མོ་ཨུ་མ་གང་གཱ་དང་།། གཟུགས་མཛེས་སྐུར་མ་འདུས་པ་དང་།། གཟའ་ཚོགས་ཀུན་དང་ཚོགས་ཀྱི་གོ་ཙོ།། ཀནྟི་ཀ་དང་དཔལ་ལྡན་མ།། ལྷ་མོ་བོང་འཛིན་ཅན་མ།། ཨེ་ག་ལྔ་དང་ཨུ་བཱ་གལ།། ལྷ་མིན་ལྕེ་ཡི་རྒྱལ་པོ་རྣམས།། པུཀྐ་སི་ད ་བུས་ཀིས་ཆེ།། ཧཱུཾ་ཧེ་ཧཽ་ཨཱ་ཀཪྵ་ཡེ་ཨཱ་ཀཱཪྵ་ཡ་ས་མ་ཡ་དེ་བི་ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ་ཛཿསྭཱ་ཧཱ། ཞེས་དགུགས་པའི་ཕྱག་རྒྱ་དང་སྔགས་སོ།། དགུག་པའི་ཕྱག་རྒྱ་ཉིད་ལ་སྡིག་མཛུབ་གཉིས་བཀྲིས་ཏེ། ཨོཾ་བཱཀྵ་བཀྵ་ས་མ་ཡ་ཏིཥྛ་ཛུ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ།། ་ཚིག་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ།། སེ་གོལ་གསུམ་བརྡོབས་ནས་བཏང་བར་བྱའོ།། དེ་དག་ནི་ལྷ་ཡོ་གཏོར་མའོ་ཚི་གའོ།། གོང་མ་གསུངས་པའི་རིམ་པ་ཁོ་ནས་རྣམ་པར་བཀོད་པའི་དཀྱིལ་འཁོར་ལ། འོ་མེ་ལ་སོགས་པས་ལྷ་བཤོས ་བྱས་ཏེ་དང་སུ་བཱར་བྱཱའོ།། མུང་རཱ་གསུམ་དང་།། ཟླས་ཀྱི་བསྲེས་པའི་འོམ་། འོ་མས་བཀང་བའི་གསེར་གྱི་སྣོད་ལ་སོགས་པ་བཞུག་བྷུར་བྱའོ།། གོང་མའི་སྔགས་དང་བྱུག་རྒྱ་དེ་ཁོ་ནས་དབུག་སྟེ། ཀླུའི་རྒྱལ་པོ་མམྦྷའ་ཡས་པཱ་ནི་ནོར་རྒྱུས ་བློ།། འཛིག་པོ་དྲོ་ནི་སྟོབས་ཀྱི་རྒྱུ།། པདྨ་པདྨ་ཆེནུ་བོ་དང་།། དུང་སྐྱོང་དང་ནི་རིགས་ལྡན་རྣམས།། ལྷ་མོ་སྣ་མོ་ཆེན་པོ་དང་།། ཟླ་བ་འིརི་སྒྲ་གཱི་ཙུག་བོ་ཙན་དང་།། བ་ཙོན་རྣོན་པོ་ཧཱུ~ཾ་ལུན་དྷ།། དགེའ་བོ་དང་ནི་ཉི་དགའ་བོ།། རྒྱ་མཚོ་རྒྱ་མཚོ་ཆེན ་དང་།། ཚབ་ཚ་བ་ཆེན་པོ་དང་།། དཔལ་གྱི་འོད་དང་ཁྱོད་ཆེན་པོ།། རྗེ་སུ་འདོད་དང་མཛེས་པ་དང་།། མཛེས་ཆེན་པོ་དང་སྦྲུལ་པནང་དང་།། སྟོབས་པོ་ཆེ་དང་ཚེ་ལི་དང་།། རྨི་ལྡི་ཆེན་པོ་རྣམ་དྲག་ནི།། ཨོཾ་ཨཱ་གྷནྡྷཾ་ཨཱ་གྷཙྪ་མཏྨ་ནྱཱ་གཱ་དྷི་པ་དྷིས་ནེ་བྷར ་དྷཱུ་བཿཕུཾ་ཕུ་སྭཱཧཱ། དགུག་པའི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ལྕགས་ཀྱུ་དམ་བཅིངས་ཏེ།། མཐོ་བོང་མཐེའུ་ཆུང་བསྒྲེང་བར་བྱ།། ལག་པཱ་གཡས་ནི་རབ་བྱེ་སྐྱེ།། སྦྱོར་གྱིས་གདུགས་ཀྱི་ཚུལ་དུ་སྦྱོར།། ཞེས་པའི་ཕྱག་རྒྱ་དེ་དང་། ཨོཾ་བྷྱ ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཛྲི་ཧཱུཾ་ཕཊ་སྭཱ་ཧཱ། བྱ་བའི་སྡིགས་ཀྱིས་ཀླུ་རྣམས་དགའ་བར་བྱ་སྟེ། གྲོང་མ་བཞིན་དུ་གཏོར་བར་བྱའོ།། དེ་དག་ནི་ཀླུའི་གཏོར་མའི་ཆོ་གྲོའོ།། དེ་ནས་ནུབ་ཏུ་ཁ་བལྟས་ནས་ཟླུམ་པོའི་སྟང་ཐབས་ལ་གནས་ཏེ། ཙན་དན་དམར ་བོ་ལ་སོགས་པས་དཀྱིལ་འཁོར་ཟུར་གསུམ་བྱས་ནས། མེ་ཏོག་དམར་པོ་ལ་སོགོས་པས་ཉེ་བར་བརྒྱན་ནས། གོང་མོ་བཞིན་དུ་ཞོ་དང་སྦྲང་རྩི་དང་ལྡན་པའི་སཱ་ལུ་ཅན་བདུད་རྩི་ལྔ་དང་ལྡན་པ་བྱས་ཏེ། མདུན་དུ་སྣོད་བཞག་ནས་གོང་མ་བཞིན ་དུཿཀྐི་རཱ་ཛའི་ཕྱག་རྒྱ་དང་སྔགས་འདིས་དགུག་པར་བྱའོ།། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བུདྡྷ་བྷཱུ་དྲཱ་ཡ་སྭཱ་ཧཱ། ཨོཾ་དཱ་ན་ད་ཡ་སྭཱ་ཧཱ། ཨོཾ་ཊེ་ཤྲ་བ་ཎ་ཡ་སྭཱཏྨ། ཨོཾ་ཛཾ་བི་ཀུཏྟཱ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡེ་སྭཱཧཱ། ཨོཾ་ཙ་ལེནྡྲ ་སྭཱ་ཧཱ། ནོར་བུ་བཟང་དང་གང་བ་བཟང་།། ནོར་སྦྱིན་བདག་དང་རྣམ་ཐོསས། རྒྱལ་བ་བཟང་པོ་རོལ་པའི་དྲེང་།། བཞིན་གྱི་དབང་པོ་འགྲོ་བའི་དབང་།། དེ་དག་ལ་སོགས་འཁོར་དང་བཅས།། ཨོཾ་ཧེ་ཧོ་ཨཱ་ཀཪྵ་ཡ་ས་མ་ཡེ་དེ་བ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་དེ་རྣམས ་དགུག་པར་བྱ་བའི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་བཅིང་བ་བཅིངས་ཏེ། བསྐོར་ནས་སྙིང་ཁར་བཞག་པར་བྱ་བའི་ཕྱག་རྒྱ་དེ་དང་། སྔགས་འདིས་ཨོཾ་དཱ་ནི་དཱི་བཱ་པྲ་ཏ་ལི་ཧཱུཾ་སྭཱ་ཧཱ་ཞེས་པས་མཉེས་པར་བྱས་ཏེ། གྲོང་ཁོ་ན་བཞིན་དུ་བཏང་བར་བྱའོ།། ་དེ་དག་ནི་གནོད་སྦྱིན་གྱི་གཏོར་མའི་ཆོ་གའོ།། ཡང་དེ་ཁོ་ན་ལྷོ་རུ་ཁཾ་བལྟས་ཏེ། རྡོ་རྗེའི་སྟོབས་ཀྱིས་གནས་ཏེ། ཙན་དན་དམར་ལ་སོགས་པས་ཕྱི་རོལ་གྱི་དཀྱིལ་འཁོར་ཟུར་གསུམ་པ་བྱས་ཏེ། མེ་ཏོག་དམར་པོ་ཆེར་བཀྲམ་སྟེ། ལྷ་བཤེས་ལ ་སོགས་པས་འདོན་ནས། ཉ་ཤ་སྐམ་པོ་དང་། ཤ་སྐམ་པོ་དང་། སྒྲོག་པ་བྱི་སྐུ་ཁྲག་གི་སྣོད་རྣམས་ཏིལ་གྱི་ཚ་མིག་དང་ཁུ་བ་རྣམས་དང་།། ཁྱོད་པར་དུ་བདུད་རྩི་རྣམ་པ་ལྔ་དང་། རྣམ་པ་སྣ་ཚོགས་བཟའ་བའི་ཟས་དང་། སྲན་མ་ལྷ་དང་ལྡན ་པ། སྲན་མ་བཙོས་པ་དང་། གང་བའི་སྣོད་མདུན་དུ་བཞག་སྟེ། གོང་མའི་སྡིགས་པ་ཏ་ལི་ལ་སོགས་པ་དང་། ཊཀྐི་ར་ཛའི་ཕྱག་རྒྱ་གཉི་སྤྱི་དགུག་པར་བྱ་སྟེ། སྣོད་ལ་གཡོན་པས་རེག་ནས་སྔགས་འདི་བཟླའོ།། ཨོཾ་ཤིང་གཅིག་དང་ནི་དུར ་ཁྲོད་དང་།། རི་དང་བྲག་དྲང་ཕུག་གིས།། ཡུལ་གྱི་འདབ་དང་ལམ་དང་ཞིང་།། ཁྱད་པར་དུ་ནི་ཁྱིམ་སྟོང་ལ།། སྣོད་དང་ཐང་དང་སྭ་སྟེང་དང་།། ཁྱད་པར་གདོལ་པའི་ཁྱིམ་གནས་པ།། ནག་པོ་དྲལ་པོ་དྲག་ཆེན་པོ།། ལྷས་བྱིན་མཉམ་དུ་བསྟེན་པ་དང་།། ་ནག་པོ་གཙིགས་བྱེད་འཇིགས་བྱེད་པ།། དགའ་བ་ལས་འདས་བགེགས་རྒྱལ་པོ།། རྒན་བྱེད་མ་དང་དྲག་མེ་དིང་།། འཇིགས་བྱེད་མ་དང་ཨུ་མས་བསྟོད།། རྒྱལ་མོ་རྣམ་པར་རྒྱལ་མོ་དང་།། ཐུབ་མེད་གཞན་གྱིས་མི་ཐུབ་པ།། ནག་མོ་བཟང་མོ ་ནག་ཆེན་མོ།། ནོགོ་སྦོམ་མ་དོང་རྣལ་འབྱོར་མ།། དབང་མོ་དང་ནི་ཟླ་བ་མོ།། དགྲ་མོ་སྦྱང་བ་ལམ་པ་ཀི། འཕྲོག་བྱེད་མ་དང་མོ་མར་མ།། འཇིག་བྱེད་ཡུལ་གནས་རྡུལ་འབྱོར་མ།། དྲག་མོའི་གཟུགས་དང་གཟུགས་ཆེན་མ།། མཆེ་བ་གཙིགས་མ ་ཐོ་ཆེན་མ།། སྐྲོད་ཕྲེང་ཕྲེང་མ་ཁ་ན་མ།། སྦྲུལ་ཆེན་རབ་ཀྱི་དགྲ་སྟ་ཅན།། རྡོ་རྗེ་དེ་བཞིན་གཞུ་ལུག་དང་། ལླེ་ཡི་དབང་ཕྱུག་མ་རྣམས་དང་།། མཁའ་འགྲོ་ལྔ་ཡི་དེ་ཉིད་དང་།། ལས་ཀུན་རྗེས་སྒྲུབ་བྱེད་པ་ཡི།། སྦྱོར་བའི་དཀྱིལ་འཁོར་རྒྱལ ་ཆེན་མོ།། དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ།། དེ་བཞིན་གཤེགས་པའི་སྐུ་ཆེན་མོ།། རྡུལ་མེད་སྦྱོར་བ་སྐྱེ་མེད་མ།། རྡོ་རྗེ་དབང་ཕྱུག་མའི་བཀའ་ཡིས།། ཐམས་ཅད་ཐམས་ཅད་འགུགས་འགྱུར་ཏེ། ཨོཾ་ཀཀྐ་ཌྷཱ་ན། བ~ཾ་བྷཱནྡྷ་ནཱ། བཥྤཱ་ད་ན། ་སརྦ་དུཥྚཱ་ན། ཧ་ན་ཧ་ན། ཀ་ཏི་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛཿསྭཱ་ཧཱཿཞེས་སོ།། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་བྱས་པའི་ཕྱག་རྒྱ་དེ་དང་། ཨོཾ་ཏིཥྛ་ཧཱུཾ་བྷཀྵི་བཀྵ་ཕཊ། ་ཛྫཿསྭཱ་ཧཱ་ཞེས་དགའ་བར་བྱའོ།། དགའ་བར་བྱ་བའི་སྔགས་དང་ཕྱག་རྒྱའོ།། དེ་ལྟར་དགའ་བར་བྱས་ནས། སེ་གོལ་གསུམ་གྱིས་གཏང་བར་བྱའོ།། དེ་དག་ནི་འབྱུང་པོའི་གཏོར་མའི་ཆོ་གའོ།། རྔ་ལ་སོགས་པ་བརྡུང་བ ་དང་ལྡན་པ་དང་། དྲིལ་བུའི་སྒྲས་ཡོངས་སུ་གང་བས་འབྱུང་པོའི་གཏོར་མ་ཉེ་བར་སྤྱོད་པའི་སྔགས་དང་ཕྱག་རྒྱ་ཁོ་ནས་བྱིན་ནོས་དཀྱིལ་འཁོར་བྱེད་པའི་ས་དགང་། དེའི་ཕྱི་རོལ་ཏུ་ཉེ་བ་ན། སློབ་མ་རྣམ་པར་བརྟག་པའི་དོན་དུ་ཨོཾ་ཨ་ཛ་ཧཱ་སཾ་བརྡྷ ་ནི་ཧཱུཾ་ཕཊ་ཞེས་པའི་སྔགས་དེས་ལན་བདུན་མངོན་པར་བསྔགས་གད་བ་སྟེ། སོ་ཤིང་དང་ཆུ་སྦྱིན་ནས་དམ་ཚིག་གི་སྡོམ་པ་སྦྱིན་པར་བྱའོ།། དེ་ལ་རེ་ཞིག་སློབ་མས་ཞུས་པའི་ཚིག་ནི། བདག་ལ་དགོངས་ཤིག་ཐམས་ཅད་ཀྱི་རྟག་པ་དང་མི་བསྐོད་པ ་དང་། རིན་ཆེན་ཞེས་བྱ་བ་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ཆེ་གེ་མོ་ཞེས་བྱ་བས་དུས་འདི་གནས་ཉེ་བར་བཟུང་ནས་སུ་ཇི་སྙེད་བྱང་ཆུབ་ལ་གནས་པའི་བར ་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་པར་བྱའོ།། ཇི་ལྟར་དུས་གསུམ་མགོན་པོ་ཡིས།། བྱང་ཆུབ་ཉིད་དུ་ངེས་བྱས་ཏེ། ཚུལ་ཁྲིམས་རྣམས་གསུམ་བསླབ་པ་དང་། དགེ་བའི་ཆོས་ནི་བསྡུ་བ་དང་། སེམས་ཅན་དོན་བྱའི་ཚུལ་ཁྲིམས ་ཏེ།། སོ་སོར་བདག་གིས་བརྟན་པོར་གཟུང་།། སངས་རྒྱས་ཆོས་དང་ངགེ་འདུན་ཏེ།། བླ་མེད་དཀོན་མཆོག་གསུམ་གྱི་མཆོག། སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ།། དང་པོ་རེ་ཞིག་གཟུང་བར་བགྱི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་།། སོ་སོར་དེ་བཞིན་ཉིད ་དུ་གཟུང་།། རྡོ་རྗེ་ཆེན་པོའི་རིགས་མཆོག་ལ།། སློབ་དཔོན་ཉིད་དུ་གཟུང་བར་བགྱི།། དམ་ཚིག་ཉིད་དུ་དག་པ་ཡི།། རིན་ཆེན་འབྱུང་བའི་རིགས་མཆོག་ལ།། ཉིན་རེ་དུས་དྲུག་བྱས་ནས་སུ།། སྦྱིན་པ་རྣམ་བཞི་སྦྱིན་པར་བྱ།། བྱང་ཆུབ་ཆེན་པོ་འབྱུང ་པ་ཡི།། པདྨ་ཆེན་པོའི་རིགས་དག་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། སྡོམ་པ་ཐམས་ཅད་དང་ལྡན་པ།། ཇི་ལྟར་ནུས་པ་མཆོད་པའི་ལས།། ལས་ཀྱི་རིགས་མཆོག་ཆེན་པོ་ལས།། དེ་བཞིན་ཉིད་དུ ་སོ་སོར་གཟུང་།། བླ་ན་མེད་པའི་བྱང་ཆུབ་སེམས།། མཆོག་ཏུ་བསྐྱེད་པར་བྱས་ནས་སུ།། སེམས་ཅན་ཐམས་ཅད་དོ་ནི་བྱེད་ཕྱིར།། སྡོམ་པ་མ་ལུས་གཟུང་བར་བགྱི།། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ།། མ་གྲོལ་བ་རྣམས་བདག་གིས ་དགྲོལ།། དབུགས་མ་ཕྱིན་རྣམས་དབུགས་དབྱུང་སྟེ།། མྱ་ངན་འདས་ལ་སེམས་ཅན་དགོད་པར་བགྱི།། ཞེས་སོ།། སློབ་མོས་ཞུས་པའི་ཚིག་གོ།། སློབ་དཔོན་གྱིས་ལན་བཏབ་པ།། ཐེག་པ་ཆེན་པོའི་འབྲས་འབྱུང་བའི།། དཔལ་ལྡན་མ་ཚིག་ལས ་འདི་ཡིན།། གང་གིས་ཁྱོད་རྣམས་འགྲོ་འགྱུར་བ།། དེ་བཞིན་གཤེགས་པར་འགྱུར་བ་ཡིན་ཞེས་པའོ།། ལན་བཏབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་མོའི་ཆོས་བསྟན་པར་བྱས་ཏེ། ཕྱི་ནས་དཀྱིལ་འཁོར་དུ་བཞལ ་པར་བྱའོ།། དེ་དག་ནི་སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས། མཆོད་པ་ཉི་ཤུ་པ་བདུན་དུ་བྱས་ནས་དྲིལ་བུ་དཀྲོལ་ཏེ། རྡོ་རྗེའི་དབྱངས་འདིས་བསྟོད་པར་བྱའོ།། ལྷ་ཆེན་མགོ ་མགོ་བརྒྱན་ཅོད་པན་ནོར་བུའི་འོད་ཀྱིས་ཕོག་པའི་ཞབས་གཉིས་བྱ།། རྟག་པར་གདུན་ལ་ཤིན་ཏུ་བརྟན་པར་བཞུགས་པར་མགུལ་བར་འཁྱུད་པའི་སྐུ་འཆང་བའི།། འོད་ཟེར་འཕྲོ་བའི་དྲ་བ་བསྐྱོད་པར་མཛད་པ་གསང ་བ་ལས་འབྱུང་སྐུ་འཛིན་པ།། དབང་ཕྱུག་དམ་པ་གོ་འཕང་མཆོག་འགྱུར་རྡོ་རྗེ་སེམས་ལ་བདག་གིས་ཕྱག་འཚལ་ལོ།། དེ་ནས་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་བླངས་ལ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ། ་མཆོད་པ་ཉི་ཤུ་བཾ་ལ་སོགས་པས་སྔོན་དུ་མཆོད་ནས། མཚན་བརྒྱ་རྩ་བརྒྱད་དང་། སྣ་ཚོགས་པའི་རྡོ་རྗེའི་དབྱངས་བླངས་ནས་བསྟོད་དེ། དེ་ནས་དམ་ཚིག་ལྀ་སོགས་པོ་སྦྱིན་པར་བྱའོ།། ཞེས་གསུངས་པ། བདུད་རྩི་ལྔ་ནི་བསྲེས་ནས་སུ། 1 ་ཕྱི་ལ་སོགས་བསྒོམ་པར་བྱ།། ཞེས་བྷ་ནི། དོན་ནི་འདི་ལྟ་སྟེ། བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དྲང་བསྲེས་བྱའི་བདུད་རྩིའི་འོད་ནས་གསུངས་པའི་རྣམ་པས་ཡང་དག་པར་སྦྱང་ཏོ།། དམོ་ཚིག་ཡོངས་སུ་བརྟག་པར་བྱའོ།། ཞེས་སོ།། དེ་གསལ་བར ་བྱོས་པས་གསུངས་པ། ཧཾ་ཞེས་པ་ཡིས་ཁ་དོག་འཕྲོག། ཧོ་ཞེས་པས་ནི་དྲི་མེད་ཅིང་།། ཧྲཱིཿཡིས་དཔའ་བོ་བཅོམ་པ་ཡིས།། དེ་དག་རིམ་པ་བསྟན་པའོ།། ཞེས་པ་སྟེ་བདུད་རྩི་འོད་སྦྱང་བར་བྱ་བ་གསལ་བར་བྱས་པའོ།། རྣམ་གསུམ་ལན་གསུམ ་བརྗོད་པ་ནི། ཞེས་པ་ནི། ལན་གསུམ་བརྗོད་པར་བྱའོ་ཞེས་པའོ།། བསམ་པ་ནི་འདི་ལྟ་སྟེ། རང་བཞིན་གསུམ་གྱིས་སྔགས་བཟླས་ཏེ། འོག་ནས་འབྱུང་བའི་ས་བོན་གྱིས་བསྐྱེད་པ་རི་རབ་ཀྱིས་ལན་གསུམ་བསྲུངས་ཏེ། ལྷག་པར་སྔགས་བཏབ་ཟིན་མ ་ཐག་ཏུ་བདུད་རྩིའི་འོད་ཀྱང་རང་བཞིན་གསུམ་ཁོ་ནར་བསྒོམ་པར་འགྱུར་རོ་ཞེས་པའོ།། གཟུགས་དང་མཛེས་པའི་མདོག་ནི་པདྨའི་དབང་ཕྱུག་སྟེ་ཞེས་པ་ནི་སྣང་བ་མཐའ་ཡས་སོ།། དེ་ཆུའི་ངོ་བོ་ཤིན་ཏུ་མཛེས་པ་སྣང་མཛད་དང་། ཞེས་པ་ནི་རྣམ་པར ་སྣང་མཛད་དོ།། དྲི་ནི་རྡོ་རྗེའི་དབང་ཕྱུག་རྡོ་རྗེའི་ཕྱག་ཅེས་པ་ནི་མི་བསྐྱེད་པའོ།། ལྷ་དག་གསུང་གི་རྣམས་ཀྱིས་ནི།། ཆོ་ག་གསུམ་གྱིས་ཤེས་པར་བྱ་ཞེས་པ་ནི་ལྷ་གསུམ་གྱི་རང་བཞིན་གྱིས་བདུད་རྩིའི་འོད་ནི་བསྒོམ་པར་བྱའོ།། ཞེས་པའི་དོན་ཏོ།། ་གཡོན་པ་ཟླ་བའི་ལག་པ་ལ།། ཟླ་བའི་དབུས་སུ་ཡི་གེ་ནི།། ཞེས་པ་ནི་གཡོན་པའི་ལག་པའི་མཐིལ་བདུད་རྩིའི་ཡི་གེས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡང་བདུད་རྩིའི་ཡི་གེ་རྣམ་པར་བཀོད་པའོ།། བདུད་རྩིའི་ཀུན་རིག་རི་མོ་ཅན་ཞེས ་བ་ནཱི། དེ་ལ་ཀུན་རིགྶ་ནཱི་རྣམ་པར་ཧཱུ~ཾང་མཛད་དོ།། དེའི་རིམྦི་ནི་ཡི་གེ་ཨོཾའོ།། དེས་བདུད་རྩི་ཡི་གེ་ལ་བཏ་ཀྲེས་ནས། ཡི་གོ་ཨོཾ་དུ་འགྱུར་རོ།། ཡི་གེ་ཨོཾ་དེ་ཁོ་ན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ།། ཞེསྡུ་པའི་ཐ་ཚིག་གོ།། དེ ་བཞིན་མཐེ་བོས་དང་ནི་ཞེས་པ་ནི་ཡི་གེ་ཧཱུཾ་གིས་གཡོན་པའི་མཐེ་བོ་བསྒོམ་པར་བྱའོ་ཞེས་པའོ།། སྲིན་ལག་གིས་ཀྱང་རི་རབ་སྟེ།། བདུད་རྩི་བསྲུབས་པའི་སྟོབས་དག་ནི། ཞེས་པ་ནི་གཡོན་པའི་སན་ལག་བདུད་རྩིའི་རང་བཞིན་རི་རབ་ཏུ་བསྒོམས་ཏེ། ་དེའི་སྟེང་དུ་ཡི་གེ་གསུམ་བཀོད་པ་ནས་བསྲུང་བར་བྱའོ།། ཞེས་པའོ།། ཆུ་ནི་རྣམོ་གསུམ་ཤེས་པར་བྱ་ཞེས་པ་ནི། དེ་ལ་ཆུ་ནི་བདུད་རྩིའི་འོད་དོ།། རྣམ་གསུམ་ཤེས་པར་བྱ་ཞེས་པ་ནི་བསྒྲུབས་མ་ཐག་ཏུ་གསུམ་ཀྱི་ཚུལ་གྱིས་བསམ་པར་བྱའོ།། ཞེས ་པའོ།། རྣལ་འབྱོར་མ་ཀུན་སོ་སོ་རུ།། མཐེ་བོས་ཐིག་གཏོར་དབུལ་བར་བྱ།། ཞེས་པ་ནི་སོ་སོར་རྣལ་འབྱོར་མ་ཐམས་ཅད་ལ་མཐེ་བོང་དང་སྲིན་ལག་གིས་འཐོར་ནས་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ་ཞེས ་པའོ།། དེ་ནས་བདག་གིས་ངོ་བོ་ཡིས།། རང་སེམས་ཀྱི་ནི་བྱ་བ་ནི། ཞེས་པ་ནི། ཕྱིས་ནི་རང་གི་ལུས་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་པའོ།། སྒྲོགས་པ་ལྔ་ཡིས་མཆོད་རྟེན་ལ།། རྣམ་པ་གསུམ་གྱིས་བཀྲུ་བར་བྱ། ཞེས་པ་ནི་རང་གོ་ཕུང་པོའི ་གྲེ་བར་ཡི་གེ་ཧྲི་ལས་ཡོངས་སུ་བསྐྱེད་པའི་པདྨའི་སྟེང་ན། ཡི་གེ་ཧཱུཾ་གིས་བསྐྱེད་པའི་ཡོཾ་ཤེས་མཁའ་འགྲོ་མ་མཆོད་རྟེན་གྱིས་ཚུལ་དུ་སྒྲིབ་པ་ལྔའི་གནས་སུ་བསྒོམས་ཏེ། ཉོན་མོངས་པ་བཀྲུ་བར་འདོད་པའི་ཕྱིར་བདུད་རྩིའི་ཐེག་ལེ་ཕབ་པས་ལན་གསུཾ ་ཀྲུ་བར་བྱའོ།། ལྕེའི་རྗེར་ཐིགས་པོ་དེ་རྣམས་ཀྱིས།། བློ་དང་ལྡན་པར་གནས་གསུམ་པའོ།། ཞེས་པ་ནི་ལྕེ་དང་དཔལ་བ་དང་། སྤྱི་གཙུག་དང་། དེ་ཁོ་ནར་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ།། དེ་ནས་སྟ་གོན་ལ་གོནས་ཟིན་པའི་སློབ་མ་རྣམས་ལ་དབྱངས ་ཚིག་འདིས་དམ་ཚིག་སྦྱིན་པར་བྱ་སྟེ། གཟིགས་ཤིག་མཛེས་པ་དམ་པའི་ཆོས།། འདི་ལ་ཐེ་ཚོམ་བྱར་མི་རུང་།། བྲམ་ཟེ་ཁྱི་དང་གདོལ་པ་དང་།། རང་བཞིན་གཅིག་ཏུ་དགོངས་ནས་གསོལ་ཞེས་པའོ།། སློབ་མ་རྣམས་ཀྱིས་ཀྱང་ཕྱག་རྒྱས་པདྨ་བསྐོར ་བ་མདུན་དུ་བྱས་པའི་ལན་གསུམ་གྱིས་ཕྱག་རྒྱ་བཅིངས་ཏེ། དབྱངས་ཚིག་འདིས་བླང་བར་བྱའོ།། བདེ་བར་གཤེགས་ཤོང་ཆོས་ཀྱི་མཆོག། འདོད་ཆགས་དྲི་མ་མེད་པ་འདི།། གཟུང་འཛིན་རྣམ་པར་གྲོལ་བ་ཡི།། དེ་བཞིན་ཉིད་ནི་བདག་ཕྱག་འཚལ།། ་ཞེས་པའོ།། དེ་ནས་སློང་མ་གཞུག་པ་རྣམས་ནི་དྲི་ཆུས་མངོན་དུ་བསང་གཏོར་བྱས་ཏེ། མེ་ཏོག་གིས་ཐལ་མོ་ཡང་དག་པར་འཆིང་དུ་བཅུག་ནས་དར་གྱིས་གདོང་གཡོགས་ཏེ་དཀྱིལ་འཁོར་གྱི་སྒོར་བཞག་ནས་སྡོམ་པ་བྱིན་པར་བྱའོ།། དེ་ལ་རེ་ཞིག་སློབ་མས ་ཞུས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འཁོར་བའི་བསོད་ནམས་ཡི་རང་སྟེ།། སངས་རྒྱས་བྱང་ཆུབ་ཡིད་ལ་བཀོད་ཅེས་པའོ།། དེ་ནས་གོང་དུ་གསུངས་པོའི་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་པ་ལ་སོགས་པས། སྐུ་གསུམ་སྦྱར་བ་བརྗོད་པར་བྱ་སྟེ། བྱམས་པ་ཆེན་པོ་ལ་སོགས་པ་སོ་སོར་བཞག་ནས། ཕྱག་འཚལ་བ་གསུམ་བྱ་སྟེ། ཨོཾ་པཉྩ་ཌཱ་ཀི་ནི་པུ་ཛོ་བསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱ་ཏ་ཡཱི་མཾ། ཨོཾ་ཨ་ཙརྱ་པཱུ ་ཛེ་བསྠ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱ་ཡཱ་མི། ཨོཾ་ས་ཀ་ལ་སཏྭ་པ་ར་ཏཱི་ནཱ་ཡ། ཨཱཏྨ་ནཻ་ནཻ་རྱ་ཏ་ཡཱཾ་མི་ཞེས་བརྗོད་ནས། ཕྱག་འཚལ་བ་གསུམ་བྱ་བའོ།། སློབ་དཔོན་གྱིས་ནི་སྡོམ་པ་བྱིན་ནས་ས་མེ་ཡ་སྟྲཻ་ས་མ་ཡཻ་ཧོ་ཞེས་ལེན་གསུམ་བརྗོད་ནས། ལུས་ཀྱི ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་འདི་བྱའོ།། ཨཱཿནི་ཡེ་ཤེས་ཀུན་གྱི་མཆོག། ངག་ནི་རྡོ་རྗེ་བྱིན་བརླབས་ཏེ། ཧཱུཾ་གིས་ཉོན་མོངས་བསྲེག་བྱས་ནས།། སྙིང་གར་རྡོ་རྗེ་བྱིན་གྱིས་བརླབ།། ཡེ་ཤེས་འདྲེན་པའི་ཨོཾ་གྱིས་ནི།། ལུས་ཀྱང་རྡོ་རྗེ ་བྱིན་གྱིས་བརླབས་ཞེས་པ་དང་། ཨོཾ་ཧི་ཧི་མོ་ན་གུཪྵཱི་ཏ་བཛྲ་ཙ་ལེ་ཡུཾ་ཡུཾ་སྭཱ་ཧཱ།། ཡེ་ཤེས་ཅན་གྱིས་ཡེ་ཤེས་འདི།། དེ་རིང་བདུད་རྩིར་མྱང་བར་བགྱིས། ཞེས་པ་བརྗོད་ནས། ཨོཾ་ཨ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་གསུམ་སྔགས་བཏབ་སྟེ། བདུད ་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྔགས་པའི་བདུད་རྩིའི་འོད་ཁ་ལ་སྦྱིན་པར་བྱའོ།། ཞེས་པའོ།། དེ་ནས་སློབ་མ་དབབ་པར་བྱ་བ་ནི་སློབ་མའི་སྙིང་གར་ཡི་གེ་ཨུཾ་ལས་གྱུར་པ་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ། ཡི་གེ་ཨུཾ་ཁོ་ན་བསམ ་ཏེ། དེ་བཞིན་དུ་ནང་མཐིལ་གཉིས་ལ་ཡང་བཀོད་ནས་སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མའི་ངོ་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་དང་། ང་རོས་འཇིགསོ་བར་བྱེད་ཏེ། དེ་བཞིན་དུ་རང་གི་སྙིང་ག་ནས་གཽཏུམ་མོ་ཆེན་པོ་རླུང་ཕྱུང་ནས་སྔགས་འདིས་འགུལ་བར ་བྱའོ།། ཨོཾ་ལེ་ལཾ་ཧཱུཾ་ཨ་སྭཱ་ཧཱ་ཞེས་པའོ།། གལ་ཏེ་འདིས་འགུལ་བར་མ་མ་གྱུར་ན། དེའི་ཚེ་གང་དུ་གསུངས་པའི་རིམ་པས་ཡང་དག་པར་བྱའོ།། དང་བ་ཟིན་མ་ཐག་ཏུ་སྣ་ཚོགས་རྡོ་རྗེའི་དཔྱངས་སྒྲས་བཀང་སྟེ། དེའི་འོག་ཏུ་དབབ་པ་དེ་ཞི་བར་བྱ་བར་སྔགས ་འདིས་བྱའོ།། ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་བ་ལེ་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧེ་ཧོ་སྭཱ་ཧཱ་ཞེས་སོ།། དེ་ནས་མེ་ཏོག་གཏོར་དུ་བཅུག་སྟེ། གར་ལྷུང་བའི་ལྷའི་དངོས་གྲུབ་ཐོབ་པ་ཡིན་པའོ།། དེ་ནས་ཛྙཱ་ཙཀྲ་ཧཱུ~ཾ་ཞེས་པའི་སྔགས་ཀྱིས་གདོང་གཡོགས་པ་ཤུ་བར་བྱས་ཏེ། ལྷའི ་དེ་ཁོ་ན་ཉིད་བསྟན་ནས་སེ་སོ་རུ་ཀེང་རུས་འཇིགས་བྱེད་དང་པོ་གཟུང་ནས་ཡེ་ཤེས་མཁའ་འགྲོ་མའི་མཐར་ཐུག་པའི་བར་བསྟན་པར་བྱའོ།། དེ་ནས་བླ་མའི་ཞབས་དྲུང་དུ་མགོས་གཏུགས་ཡོན་དབུལ་ཏེ། ཅི་འདོད་པའི་དངོས་གྲུབ་ཞུ་བར་བྱའོ།། གོང་མ ་བཞིན་དུ་སྙིང་ཁར་ཐལ་མོ་བཞག་པའི་སློབ་མས། ཨོཾ་བཛྲ་མཎྜ་ལ་པྲ་བེ་སོ་ཨ་ཧཾ། ཨོཾ་ཡཽ་ག་མཏཱ་ལ་པྲ་དཪྴ་ན་ཨ་ཧཾ། ཨོཾ་གུ་ཧྱེ་མཎྜལ་མ་ཧཱ་མཎྜལ་དྲིཥྛི་ཏི་ཨ་ཧ~ཾ། ས་མ་ཡ་ཧོ་ཞེས་ལན་གསུམ་བརྗོད་དུ་བཅུག་ནས། གོང་མ་བཞིན་དུ་ཡན་ལག ་བརྒྱད་པ་དཀོད་པར་བྱའོ།། དེ་ནས་ས་མ་ཡ་ཨཱ་ཧཱུཾ། ཧཱུཾ་བཛྲ་ཨ་ཧཾ། ཨོཾ་ཧུངྒ་ཏོ་ཨ་ཧཱུཾ། ཨ་ཨཱཿཾ་ཨ་ཧཱུཾ་སྠཱདྡྷཱ། ཞེས་པས། ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཛྙཱ་ནཀྵ་ཡ་ཨཱ་ཧཾ་ཞེས་ཀྱང་བརྗོད་དུ་གཞུག་གོ།། དེ་ལྟར་ཆེར་གནས་པ་ལ ་དབང་བསྐུར་བར་བྱ་སྟེ། ལྷོའི་སྒོའི་བུམ་པའི་ནི་སློབ་མ་དབང་བསྐུར་བའོ།། ནུབ་ཀྱིས་ནི་སྔགས་ཀྱིས་དབང་བསྐུར་བའོ།། བྱང་གིས་ནི་རྒྱུད་ཀྱི་དབང་བསྐུར་བའོ།། འཁོར་ལོས་སྒྱུར་བའི་འགྱིང་བག་གིས་ཤར་ཕྱོགསུ་ཁ་བསྟན་ནས་གདན་ལ་གནས ་བས་སློབ་མ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱས་པ་ལས། ཨོཾ་ཡེ་ཤེས་ཆུ་ཡི་བུམ་པ་ཡིས།། རྡོ་རྗེ་ལྕགས་ཀྱུའི་རྒྱུན་གྱིས་ནི།། དབང་བསྐུར་ནས་ནི་བྱང་ཆུབ་ཐོབ།། དེ་རིང་འཁོར་བ་ལས་གྲོལ་ལོ།། ཨོཾ་ཨོཾཿཕྲུཾ་ཧོ་ཕཊ་ཧཱུ~ཾ་སྭཱ་ཧཱ་ཞེས་པས་དབང ་བསྐུར་བར་བྱའོ།། དེ་ནས་གནས་བརྒྱུད་ལ་པོ་སྨྱུང་བར་བྱ་སྟེ། རྡོ་རྗེ་སྒྲོག་གི་ཕྱག་རྒྱུ་བཅིངས་ནས། ཨོཾ་བཛྲཱ་ཀཱ་ཡ་ཧཱུ~ཾ་ཨ་དྷྱ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དགོངས་ནས་གསུངས་པའི་ཨོཾ་བོཛྲ་གྷཏྣེ་རཎི་ཏི་པྲ་ར་ཎི་ཏ་ཞེས ་པ་ལ་སོགས་པའི་སྔགས་ཀྱིས་རྡོ་རྗེ་དྲིལ་བུའི་དབང་བསྐུར་བར་བྱའོ།། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། མཛུབ་མོ་གཉིས་བཀུག་ནས་ཁ་སྐུད་པར་བྱ་སྟེ། ཨོཾ་ཧཱུཾ་ཨ་སྭཱ་ཧཱ་ཞེས་པས། སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར ་བྱའོ།། དེ་ནས་ལུང་སྟོན་པ་སྦྱིན་པར་བྱ་སྟེ། དེ་ནས་ཤར་དུ་གོམ་པ་བདུན་སོང་ནས་གོས་གྱོན་ཏོ། དེ་ཁོ་ན་ལས་ཕྱིར་ལོག་ནས། ཐེག་པ་གསུམ་མཆོག་ཏུ་གྱུར་པ་སྟོན་པར་བྱ་སྟེ། བྱིན་བརླབས་ཀྱི་རིམ་པ་ཡང་བསྟན་པར་བྱའོ།། དེ་ལྟར་རིམ་པས ་གཞན་ཡང་གཞུག་པར་བྱའོ།། དེ་ནས་སློབ་མའི་གང་གཏོང་དཀའ་བའི་རྫས་དེ་དང་། འདོད་ཆགས་པའི་རྫས་དེ་ནི་བླ་མ་ལ་ཡོན་དུ་དབུལ་བར་བྱའོ།། དེ་ལྟར་ཡང་གསུངས་པ། གང་དག་ཡོངསུ་གཏོང་དཀའི་རྫས།། ཡང ་ན་ཤིན་ཏུ་ཁྱད་པར་ཅན།། དེ་དང་དེ་ནི་བླ་མ་ལ།། དེ་ཉིད་མི་བཟད་འདོད་པས་དབུལ་ཞེས།། དེ་ནས་དཔའ་བོའི་འཁོར་ལོའི་མཆོད་པ་བརྩམས་པའོ།། དེ་ལ་རིམ་པ་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཕྱོགས་བརྒྱད་ཀྱི་ཆ་རུ་བོར་ནས།། སྣ་ཚོགས་རྣམ་པར ་བཀོད་པའི་གདན་བཏིང་སྟེ། དེ་ལ་ལྷ་མོ་དང་བཅས་པའི་ཚོགས་ཀྱིས་འཁོར་ལོར་གནས་པས་སྣ་ཚོགས་ཀྱི་མེ་ཏོག་དང་། སྤོས་དང་། དྲི་དང་། མེ་ཏོག་གི་ཕྲེང་བ་དང་། དཀྲུས་པ་དང་། སྣ་ཚོགས་ཀྱིས་ཟས་དང་། བཏུང་བ་དང་། གོས་དང་། ་རྒྱན་ལ་སོགས་པ་རྣམས་ཇི་ལྟར་འབྱོར་བཞིན་དུ་འདུ་བར་བྱའོ།། དེ་ལ་དང་པོ་ནི་དཔའ་བོའི་འཁོར་ལོ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་ན། རྫས་བཅུ་དང་ལྡན་པའི་བདུད་རྩིའི་འོད་གོང་དུ་གསུངས་པའི་རིམ་པས་སྦྱངས་ཏེ། སྔགས་བཏབ ་ནས་ཕྱག་རྒྱ་དེ་ཁོ་ནས་དམ་ཚིག་སོ་སོར་མེ་དབྱངས་ཚིག་འདིས་དབུལ་བར་བྱའོ།། གཟིགས་ཤིག་མཛེས་པ་དོམ་པའི་ཆོས་ཞེས་པ་ལ་སོགས་པས་སོ།། གཞན་རྣམས་ཀྱིས་ཀྱང་། བདེ་བར་གཤེགས་ཤིག་ཆོས་ཀྱི་མཆོག་ཅེས་པ་ལ་སོགས་པ ་བླང་པོར་བྱ་སྟེ། དབྱངས་ཚིག་བརྗོད་ནས་ཕྱག་འཚལ་བ་དང་། ལག་བསྐོར་སྔོན་དུ་བྱས་ཏེ། ལན་གསུམ་གྱི་ཕྱག་རྒྱ་དང་ལྡན་པའི་དབྱངས་ཚིག་གིས་ཤིན་ཏུ་མཉམ་གཞག་དག་པའི་སེམས་ཀྱིས་སྔགས་རྒྱུད་ལ་མཁས་པས་དབང་པོ་བཏུལ་ནས ་སེམས་ཅན་གྱི་ཁམས་ཀུན་ལ་སྙིང་རྗེ་བསྐྱེད་ནས་དམ་ཚིག་གི་ཕྱག་རྒྱའི་སྔགས་རྩམ་པར་བྱའོ།། གཞན་དུ་ནི་མ་ཡིན་ནོ།། དེ་གསུས་བྱ། ཇི་ལྟར་དེ་བཞིན་ཉིད་སྤྱོད་ལ། ཐམས་ཅད་གཙང་མའི་རྣལ་འབྱོར་བས་ཤེས་སོ།། རང་གི་རིག་པའི་ལྷ་སྒྱུར ་ནས།། མཐེ་བོང་སྲིན་ལག་ཁ་གཉིས་ཀྱིས།། བཟའ་བའི་བཏུང་བ་མྱང་བྱས་ནས།། རྟག་ཏུ་བདེ་བའི་བོས་གྲུབ་ཐོབ་ཅེས་པའོ།། དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པས། ཇི་ལྟར་སྦྱོར་ཅིག་སྨྲ་ཞེས་པ་ལ་སོགས་པའོ།། དེ་ལ ་ལྟར་བདེ་བ་ཞེས་པ་ནི་རྣམ་པ་གང་གིས་བདེ་བར་གྱུར་པ་ཞེས་པའི་དོན་ཏོ།། འདིར་ཡང་བདེ་བའི་སྒྲ་ཡིས་ནི་ཆེན་པོར་བརྗོད་པའོ།། དེ་བཞིན་ཉིད་ཀྱིས་དགའ་བའི་དངོས་པོ་ཉིད་ཀྱི་མཆོག། ཚངས་པ་མྱ་ངན་འདས་པར་གྲོལ་བ་ཡིས་ཞེས་ཇི་སྙེད་པའོ།། ། ་འདི་ལ་ནི་རྡོ་རྗེ་རབ་ཏུ་བསྒོམ་པས་ཐོབ་པ་སེམས་རྩེ་གཅིག་པ་དེ་ཉིད་དོ།། དེ་བས་ན་བསམ་པ་ནི་འདི་ལྟ་སྟེ། རྩེ་གཅིག་ཏུ་གྱུར་པའི་དེ་ཁོ་ན་གཞན་མི་འགྱུར་བ་དེ་ལྟར་བརྩམ་པར་བྱའོ།། ཁ་རན་གྲུ་གསུམ་བརྩམས་པ་ཡི།། དམྱར་བའི་དཀྱིལ་འཁོར་ཕྱི ་རོལ་ཏུ་ཞེས་པ་ནི། འཁོར་ལོའི་ཕྱི་རོལ་ཏུ་ཙན་དན་དམར་པོ་ལ་སོགས་པས་གླུ་གསུམ་པའི་དཀྱིལ་འཁོར་བྱས་ཏེ། ཤར་གྱི་སྒོ་ནས་དགུག་པར་བྱའོ།། མེ་ཏོག་དམར་པོ་སྤོས་མེད་དང་ཞེས་པ་ལ་སོགས་པ་ནི་དོན་གོ་སླའོ།། ཨོཾ་ཤིང་གཅིག་དང ་ནི་དུར་ཁྱོད་དང་། ཞེས་པ་ལ་སོགསོ་བས་གོང་དུ་གསུངས་པའི་རིམ་པས་འབྱུང་པོའི་གཏོར་མ་ཡོངསུ་བརྟག་པར་བྱ་སྟེ། བདུད་རྩི་ཡིས་ནི་ཁ་བཀང་སྟེ། གང་དེ་ལ་སོགས་པ་བརྩམ་པ་ནི་ཞེས་པ་ནི། རྫས་བཅུ་དང་ལྡན་པ་བདུད་རྩིའི་འོད་རང་གི་ཁ་བཀང ་བར་བྱ་སྟེ། ཇི་ལྟར་འདོད་པའི་ལས་བསམ་པ་སྔོན་དུ་བྱས་ནས་ཡི་གེ་ཕྲུཾ་གིས་གཏོར་མའི་སྟེང་དུ་གཏོར་མར་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ཏུ་སྦྱོར་ནས་སུ།། སྲིན་ལག་གཉིས ་ཀྱིས་གྲི་བྱས་ནས།། ཁྲོ་བོ་ལུ་གུ་རྒྱུད་ཀྱི་ཚུལ་ཞེས་པ་དང་། ཨོཾ་བཱཀྵ་ཡ་བྷཀྵ་ཡ། སརྦ་ཡོ་ག་ཡོ་གཱི་ཤྩ་རི་ཧཱུཾ་ཧཱུཾ་ཧཱུཾ་ཛྙཱ་སྭཱ་ཧཱ། ཞེས་བརྗོད་ནས། ཞི་བ་ལ་སོགས་པའི་དོན་དུ་འབྱུང་པོའི་གཏོར་མ་སྦྱིན་པར་བྱའོ་ཞེས་པའོ།། དེ་ནས་མཆོད་པ་བྱེ ་ཏུ།། རྟོག་དང་མི་རྟོག་རབ་ཏུ་སྤོང་།། ཞེས་པ་ནི། བཟའ་བ་དང་མི་བཟའ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས།། དག་པའི་རང་བཞིནི་ཁྱད་པར་དུ་དམ་ཚིག་གི་མཆོད་པ་བྱའོ།། ཞེས་པའོ།། ལྕགས་ཀྱུ་ལ་སོགས་ལྔ་དག་ནི།། དེ་ཁཾ ་ན་ལྔར་བརྟག་པར་བྱ་ཞེས་པ་ནི། ལྕགས་ཀྱུ་ལྔ་དང་། སོགས་པའི་སྒྲ་ལས་བདུད་རྩི་ལ་ཡང་འོག་ནས་འབྱུང་བའི་མཚན་ཉིད་ཀྱིས་དེ་བཞིན་ཉིད་ལྔར་བྱའོ་ཞེས་པ་སྟེ། སངས་རྒྱས་ལྔའི་བདག་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། ལྕགས ་ཀྱུ་ཆེན་པོ་ཞེས་བྱ་བ་ཞེས་པ་ནི་མིའི་ཤིའོ།། ཡེ་ཤེས་ལྷའི་ཞེས་པ་ནི། དེའི་རང་བཞིན་ཉིད་དུ་འདོད་པའི་དོན་ཏོ།། རྡོ་རྗེ་ལྕགས་ཀྱུ་མི་འཁྲུག་པ་ཞེས་པ་ནི་གླང་པོ་ཆེའི་ཤའོ།། མི་བསྐྱོད་པའི་རང་བཞིན་ཞེས་པའོ།། ཡུམ་གྱི་ལྕགས་ཀྱུ་རིན་ཆེན ་ལྡན་ཞེས་པ་ནི། ཁྱི་ཤ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ།། རྒྱལ་བའི་ལྕགས་ཀྱུ་དོན་ཡོད་པ་ཞེས་པ་ནི་གླང་གི་ཤ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ནོ།། གཡོ་བའི་ལྕགས་ཀྱུ་འོད་དཔག་མེད་ཅེས་པ་ནི།། རྟའི་ཤ་སྟེ་འོད་དཔག་མེད་ཀྱི་རང ་བཞིན་ནོ།། ལྕགས་ཀྱུ་ལྔ་ལ་སོགས་པ་ཡི།། ཐམས་ཅད་དེ་ཉིད་རབ་ཏུ་སྦྱར་ཞེས་པ་ནི། དེ་ལ་ཐམས་ཅད་དེ་ཉིད་ཅེས་པ་ནི། མྱ་ངན་ལས་འདས་པ་སྟེ། དེ་སྦྱོར་བ་ནི་རྐྱེན་ཞེས་པའི་དོན་ཏོ།། དེ་དག་ཡང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན ་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་རང་བཞིན་དུ་གསུངས་པ། གང་ཞིག་འདོད་པའི་ལྷ་ཀུན་དང་། ཞེས་པ་སྟེ། སངས་རྒྱས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་འདོད་པ་སྒྲུབ་བོ།། དེ་དག་ཐམས་ཅད་ཁོ་ནས་ནི།། རྣལ་འབྱོར་མ་རྣམས ་ཚིམ་པར་བྱའོ།། གཞན་ནི་མ་ཡིན་ནོ་ཞེས་གསུངས་པ། རྣལ་འབྱོར་མ་ཀུན་མཉེས་པར་བྱ།། དེ་བཞིན་འདོད་དག་མ་ཡིན་ཞིང་།། ཞེས་པ་ལ་སོགས་པའོ།། རང་འདོད་ཙམ་པ་ལ་སོགས་པ་ནི། གསལ་བར་བཤད་ཟིན་ཏོ།། དེ་དབུས་སུ་ནི་དཔའ ་པོ་རྣམས།། ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར་ཞེས་པ་ནི། འོག་ནས་འབྱུང་བའི་ཨཱ་ལཱི་ཀཱི་ལི་སྦྱར་བ་ཡིས།། ཤིན་ཏུ་ཡོངས་སུ་དག་པའི་དཔའ་བོའི་ཚོགས་ཀྱི་འཁོར་ལོའོ།། ཟིན་མ་ཐག་ཏུ་གཉིས་མེད་པའི་སྙོམས་པར་ཞུགས་པའི་སྦྱོར་བ་བྱའོ་ཞེས་མངོན་ཏོ།། ་ཨཱ་ལི་ཀཱ་ལི་རབ་སྦྱར་བས།། ཐམས་ཅད་ལྷ་ནི་མཉེས་པར་བྱ་ཞེས་པ་ནི། དེ་ལ་རབ་ཏུ་སྐྱ་བ་ཁོ་ནས་སངས་རྒྱས་ཐམས་ཅད་རྗེསུ་ཆགས་པ་གསང་བའི་མཆོད་པ་བྱས་ཏེ། ཚིམ་པར་བྱའོ་ཞེས་པའོ།། དེ་ཡི་དབུས་ནས་འབྱུང་བ་ཡི།། བདུད་རྩིའི ་རོ་ཀུན་མྱང་བར་བྱ་ཞེས་པ་ནི་སྦྱོར་བའི་བདག་ཉིད་དེ་ལས་བྱུང་པོའི་བདུད་རྩིའི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་ཐམས་ཅད་ཀྱིས་མྱངས་ནས་ཚིམ་པར་བྱའོ་ཞེས་པའི་དོན་ཏོ།། ལྷག་མའི་དངོས་པོ་ཐམས་ཅད་ནི་ཞེས་པ་ནི། དཔའ་བོའི་འཁོར་ལོས་ཟོས ་པ་དང་འཐུངས་པའི་ལྷག་མ་ཞེས་པ་ཇི་སྙེད་པའོ།། ཕྱི་ཡི་དཀྱིལ་འཁོར་དུ་ནི་སྦྱར།། ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ལམ་བཞི་མདོ་ལ་སོགས་པ་དང་། ལྷག་མའི་གཏོར་མ་བསྐུལ་བར་བྱའོ།། དེ་ལ་ཡང་རིམ་པ་ནི་འདྲི་ལྟ་སྟེ། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། མཛུབ་མོ་གཉིས་ནི་བསྒྲེང་བར་བྱ།། རྩེ་མོ་བཀུག་ནས་ཁ་རུ་ནི།། མཚོ་བའི་ཚུལ་དུ་སྦྱར་བར་བྱ།། ཞེས་པའི་ཕྱག་རྒྱ་དང་། ཨོཾ་བྱ་བ་བྷ་ཏ་ལི་བྷ་ཏ་ལི་ཚེ།། དུར་ཁྲོད་གནས་མེ་དངོས་གྲུབ་ཞོལ།། གཏུམ་མོ་འཇིགས་བྱེད་ཡེ་དགས ་དམ་ཚིག་སྲུང་མོ་ཁྲག་དག་སམ།། ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མ།། དུར་ཁྲོད་རེ་ཡི་ཚལ་དབུས་སུ།། ཚོགས་དང་ཕོ་ཉ་བཅས་བཻ་རུ།། གཅིག་བྱེད་གཏུམ་མོ་དུད་སོལ་མ།། བཞེས་ཤིག་གསོལ་ཅིག་དམ་ཚིག་ལ།། གནས་དང་དབང་དུ་མཛད་དུ་གསོལ།། ཨོཾ་གྲྀཧྞ ་གྲྀཧྞ་སརྦ་དུཥྚཱན་པྲ་དུཥྚཱ་ན་བྷཀྵ་བྷཀྵ་ཕྲུཾ་ཕྲུཾ་ཕྲུཾ་ཕཊ་སྭཱ་ཧཱ་ཞེས་པོའི་གཏོར་མ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་དང་སྔགས་སོ།། ཉེ་བར་སྤྱོད་པ་ལྔས་མཆོད་ནས།། སེ་གོལ་གསུམ་བརྡབས་ཏེ་གཏང་བར་བྱའོ།། དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས། མ་ལུས་པའི་དཔའ་བོའི་འཁོར་ལ ་བསྟོད་པ་གསུངས་པ། ཧཱུཾ་ཞེས་པ་ཡི་དབྱངས་བླངས་ཏེ།། བཀྲིས་སྒྲོགས་ནི་དགའ་བར་བྱ་ཞེས་པའོ།། རིམ་པ་ནི་འདི་ལྟ་སྟེ། ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པའི།། ཞེས་པ་ལ་སོགས་པའོ།། སྣ་ཚོགས་པའི་རྡོ་རྗེའི་དབྱངས་ཀྱི་བསྟོད་པ་བརྗོད་པས་བསྟོད་ནས། མཆོད ་པཔོ་ཉི་ཤུ་བས་ཀྱང་མཆོད་པར་བྱ་སྟེ། སེམས་དཔའ་ཆེན་པོའི་དང་པོ་མཆོག་ཅེས་པ་ལ་སོགས་པས་མཚན་བརྒྱ་རྩ་བརྒྱད་ཀྱིས་ཀྱང་བསྟོད་ནས་ཡོན་དབུལ་ཏེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱ་བ་གསུངས་པ། བདག་གིས་ཆོ་གའི་ཆོ་ག་གང་།། བཅོམ་ལྡན་འདས ་ཀྱིས་ཡོད་པར་གསོལ་ཞེས་པས་སྨྲས་ནས། རྡོ་རྗེ་ཐལ་མོ་བཅིས་པ་སྙིང་གཱར་འཞུག་སྟེ། མ་ཁས་མི་ལུས་པའི་སེམས་ཅན་གྱི་ཁམས་ཡོངསུ་གྲོལ་བར་བྱ་བའི་དོན་དུ་ཚིག་འདིས་བསྲུང་བར་བྱའོ།། སེམས་ཅན་ཐམས་ཅད་ནད་མེད་ཅིང་ཞེས་པ་ལ་སོགས་པའོ།། !། ་དཔྱ་ས་གཤེགས་པའི་དོན་དུ་ཚིགས་ཡང་འི་ས་སྒྲལ་བ་ཤྩསྟྭ~ཾ། 9་དོ་ཛད།། ས་རྒྱས་སུ་མདུག་གས་ནས་སྟོང།། སྐུར་སྣ་འི་ཆུན་ཤིན་སུ་པོ་སྐྱེས་སོ།། ཛྙཱ་ན་ཚུར་མ་འཆི་སྟནས།། གསོན་པ་བྷྲི་བྱུར ་xxx། xxx ་པར་རྒྱུད་ནས་ཐིམ་པར་བྱས་ཏེ། འོ་མ་དང་ཆུ་འདྲེས་པ་ལྟར་གཅིག་ཏུ་གྱུར་པོ་ངོ་བོརདེ་ལྟར་ཡང་གསུངས་པ། འདུས་པ་ཡིས་སམ་འདྲེམ་ཟེ་ཡིས།། དཀྱིལ་འཁོར་ཇི་ལྟར་དེ་བཞིན་གཤེགས།། སྤྱི་དྲོ་ཕྱི་དྲོ་བཟླ་བྱས་ཏེ།། གང་དང་དེ་ལ་ཚེ ་གནས།། ཤཱང་ཤཱ་ལམ་ཉྫི་ནི།། ག་ག་དེ་ཉིད་ང་བཞིན་དུ།། མཉམ་རབ་སས།། ས་ས་རྒྱས་ཐམས་ཅད་མཉམ་པ་བ་རྐྱེན་སྷོས།། མུང་ཙམ་གྱིནི་མིས།། ནཚོད་པོར་ན་པོ་དྷ་ནཱི། དེ་ལ་ཞུང་ཙམ་ལུང ་ཙམ་ཞེས་པ་ནི། ཡེའ་འགྲོ་མའི་བདག་ཉིད་དག་ལ་བསམས་ཏེཉེས་པར་མཆོད་ནས་ཡོན་ལག་བརྒྱད་པ་གད་པར་བྱ་སྷོ་སྔོན་བཞིན་དུ་མཆོག་བསྟན་ནས། དེ་ནས་ཕྱིའི་ལྷ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་མཆོད་ནས་སྡུག ་འདིས་བཏང་བར་བྱའོ།། ཨོཾ་དུཥྚ་པྲ་དུཥྚ་ན་ཧ་ན་གྲིཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཙྪ་གཙྪ་ཧཱུཾ་ཕཊ། ཞེས་སེ་གོལ་གསུམ་བརྡབས་ནས་བཏང་བར་བྱའོ།། ཨོཾ་ཀི་ལི་ཀི་ན་ཏྱ་ཧཱུཾ། ཛཿཞེས་པས་རྡུལ་ཚོན་བསྡུས་ཏེ་གཙང་པོ་ལ་དོར་བར ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ལ་སོགས་པས་བྱུགས་ནས་རྡུལ་ཚོན་སེར་པོས་པདྨ་འདབ་བརྒྱད་བྲིས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པ་དང་མཆོད་པ་ལ་སོགས་པ་བྱའོ།། དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གཞན་གྱི་གདན ་དཀྱིལ་འཁོར་གྱི་ཆོ་ག་ལེའུ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། ། ད་ནི་བདུད་རྩི་ལྔ་དང་། ལྕགས་ཀྱུ་ལྔ་དང་། ཨཱ་ལི་དང་ཀཱ་ལི་དང་། བདུད་རྩིའི་འོད་དང་། ཕྱིའི་ཕྱག་རྒྱ་ལ ་སོགས་པ་རྣམས་ཁྱད་པར་གྱི་ངོ་བོ་ཉིད་མངོན་དུ་གྱུར་འདོད་པ་ཕྱག་ན་རྡོ་རྗེས་བདུད་རྩི་ལྔའི་བྱེ་བྲག་དང་ཞེས་པ་ལ་སོགས་པས་གཞན་གྱིས་གདན་ལེའུ་བཞི་པ་བརྩམསོ།། ཐོག་མ་བདུད་རྩི་རྡོ་རྗེ་ཆུ།། ལྔ་ནི་བདག་ཉིད་འབྱུང་བ་སྟེ། ཞེས་པ་ནི། དེ་ལ་ཐོག ་མ་ཞེས་པ་ནི། དང་པོ་བྱང་ཆུབ་སེམས་བཤད་པར་བྱའོ་ཞེས་པའི་དོན་ཏོ།། བདུད་རྩི་རྡོ་རྗེ་ཆུ་ཞེས་པ་ནི། བྱང་ཆུབ་སེམས་སོ།། ལྔའི་ཞེས་པ་ནི། ངོ་བོ་ཉིད་ལྔ་ཞེས་པའོ།། བདག་ཉིད་འབྱུང་བ་ཞེས་པ་ནི། བདག་ལ་བསྐྱེད་པ་ཞེས་པ་ནི་དོན་ནི་འདི་ལྟ་སྟེ། ་བདག་གི་ས་ནས་འབྱུང་པོའི་བྱང་ཆུབ་སེམས་ཁམས་ལྔའི་བདག་ཉིད་ཅེས་པའོ།། དེ་ཁོ་ན་འགྲོལ་པས་གསུངས་པ། རེག་ན་དྲོ་བ་མེ་ཡིན་ནོ་ཞེས་པ་སྟེ། དྲོ་བ་ཉི་དུ་རེག་པའི་རང་བཞིན་ནི་མེའི་ཁམས་ཞེསོ།། དུ་བར་སྣང་བ་རླུང་ཡིན་ན་ཏེ། ཞེས་པ་ནི། རླུང་གི ་གཟུགས་ཀྱིས་ཡར་གྲོལ་བར་མཐོང་སྟེ། དེ་བས་ན་རྟག་པར་འགྲོ་བའི་མཚན་ཉིད་དོ།། གྲཝཤེར་བའི་དངོས་པོ་ཆུ་ཡིན་ཏེ་ཞེས་པ་ནི། གཤེར་བ་ཉིད་ཀྱང་ཡོད་པ་དེ་བཱས་ན་ཆུའི་ཁམ་སོ།། གཟུག་སུ་སྣང་བས་ཡིན་པས་ཞེས་པ་ནི་རྡུལ་ཕྲ་རབ་ཀྱི་རང ་ཞིན་དུ་དམིགས་པ་ཉིད་ཀྱི་སྦྱིནན་དུ་པ་ཉིད་ཀྱང་ཡོད་དེ། དེ་བསྙེན་པའི་ཁནས་སོ།། སུ་ཤེས་རྡོ་རྗེར་བྱིན་པརྫུནས་ནུས་པན། སྟོང་པ་ཉིད་ཀྱི་ཤེས་ཀྱི་ན་མཉིམ་པཧྲཱི་ན་ཅིག་མས་ཀྱི་ཉིད་ལྡནི་པརྣམ་པ་ཞེས་པ་ནི། ་ཁམས་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། ཐམས་ཅད་ཆུ་ཡི་དབྱིངས་དང་ནི།། ཟད་པར་ཞེས་པ་ནི། དེ་ཡང་མ་ལུས་པར་གཙོར་ནི་ཆུའི་དངོས་གནས་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བ་ཉིད ་ཀྱི་ཕྱིར་ན་སྟོང་པ་ཉིད་དུ་ཆེར་དམིགས་པར་བྱའོ།། མེ་ཡང་དེ་བཞིན་ཏེ་ཞེས་པ་ནི་མེའི་དབྱིངས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཉིད་ཀྱི་ཕྱིར་ན་སྟོང་པའོ།། ཡང་ཞེས་པའི་སྒྲས་ནི། ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་རང་བཞིན ་ཤོས་པར་བྱའོ།། ད་ནཱི་དེ་བཀོད་པར་བྱ་བའི་ས་བོན་གསུངས་པ། ཇི་ལྟར་དག་པ་རླུང་དག་དང་། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་དག་པ་ཞེས་པ་ནི། ཡི་གེ་ཧའོ།། རླུང་དྲུག་དང་ཞེས་པ་ནི་ཡི་གེ་ཡའོ།། དང་པོའི་དོན་དང་ཞེས་པ་ནི་ཡི་གེ ་སའོ།། སིའོ་ཞེས་པ་ནི་ཡི་གཻ་ཧའོ།། དབང་ཞེས་པ་ནི་ཡི་གེ་ཀྵའོ།། ཡེ་ཤེས་ཡི་གེ་ལྔ་རྣམས་ལ།། ཐེག་པ་འདྲེན་པས་ཀུན་སྦྱར་ཞིང་།། ཞེས་པ་ནི་ཆོས་ཀྱི་ཡི་གེ་དེ་དག་ལྔ་རྣམས་ལ་ཐིག་ལེ་སྟེང་གི་ཐིག་ལེ།། ང་རོ་ཞབས་སྐྱེད་ཡི་གེ་ཨུ་དང་ཡང་དག ་བར་སྦྱར་བར་བྱའོ་ཞེས་པའི་དོན་ཏེ།། དེ་ཡི་དབུས་སུ་ཟླ་བ་ལ།། བདུད་རྩི་ཡི་གེ་དབུས་སུའོ།། ཞེས་པ་ནི་དེ་ལ་དེའི་ཞེས་པ་ནི།། དེ་དག་གི་ཞེས་པའི་དོན་ཏོ།། དབུས་སུ་ཟླ་བ་ཞེས་པ་ནི།། མགོའི་དབུས་སུ་གནས་པ ་ཟླ་ཚེས་སོ།། བདུད་རྩི་ཡི་གེ་དབུས་སུའོ།། ཞེས་པ་ནི་ཡི་གེ་ས་གནས་གྱུར་པ་ཐིག་ལེ་ཟླ་ཚེས་དེའི་དབུས་སུ་བསམ་པར་བྱའོ།། ཞེས་པའོ།། ལྔ་པ་ལྷ་ཡི་བསྟན་པ་ལ།། བདག་ཉིད་དག་པའི་རྡོ་རྗེ་ཆུ།། ཞེས་པ་ནི་དེ་ལ་ལྔ་པ་ཞེས་པ་ནི་སངས ་རྒྱས་ལྔའི་རང་བཞིན་ནོ།། ཡང་ལྔའི་ཞེས་པ་ནི་ས་བོན་ལྔའོ།། བསྟན་པ་ཞེས་པ་ནི་བཟླས་པའོ།། བདག་ཉིད་དག་པ་ཞེས་པ་ནི་རང་གི་ལུས་དག་པ་བྱའོ་ཞེས་སོ།། རྡོ་རྗེ་ཆུ་ཞེས་པ་ནི་བྱང་ཆུབ་སེམས་སོ།། དེས་ཅིར་འགྱུར་ཞེ་ན། ཁམས་ལྔའི ་བདག་ཉིད་བྱང་ཆུབ་སེམས་ཤེས་པའོ།། ཕྱི་གསུངས་པའི་བདུད་རྩིའི་རྣམ་པར་སྣང་མཛད་ལ་སོགས་པའི་བཞི་དང་། ལྷན་ཅིག་ཏུ་གོང་ནས་གསུངས་པོའི་ས་བོན་ལྔ་དང་། འདོད་ཆགསོ་ལ་སོགས་པའི་བྱིན་གྱིས་བརླབས་པའི་ལུས་རྣམ་པར་ཤེས ་པས། ཤེས་པར་བྱ་བ་ཉེ་བར་སྦྱོར་བ་ཡིས་འདིར་ཡང་བདུད་རྩིའི་ཡི་གེ་བྱང་ཆུབ་སེམས་ཁོ་ནས་མ་འདྲེས་པའི་སྦྱོར་བ་གསུངས་ཏེ། བཤང་གཅི་ལ་སོགས་པ་རྣམས་བཀོད་པའི་ཕྱིར་ན་སྙིང་པོར་གསུངས་པའོ།། ས་གསུམ་བསྐྱེད་པའི་རྒྱུར་གྱུར་པ ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་གཙོ་བོར་རྣམ་པར་དག་པ་གསུངས་ཏེ། གཞན་རྣམས་ནི་མ་ཡིན་ནོ།། དེ་ལྟར་ཡང་གསུངས་པ། བདུད་རྩི་བྱང་ཆུབ་སེམས་ཞེས་གསུངས་ཏེ། དེ་ལས་བསྐྱེད་དེ་འགྲོ་བ་གསུམ་ཞེས།། བཤད་པའི་དོན་ཁོ་ནས ་གསལ་བར་བྱེད་པས་གསུངས་པ། དངོས་དང་དངོས་མེད་ངེས་འབྲེལ་བས།། དེས་ན་རྨོངས་པ་རིང་དུ་སྤངས་ཞེས་པ་སྟེ། དེ་ལ་དངོས་པོའི་སྒྲ་ཡིས་ནི། ཆོས་ཐམས་ཅད་ཡོད་པ་ཉིད་ཀྱིས་དམིགས་པའོ།། དངོས་མེད་ཅེས་པའི་སྒྲ་ཡིས་ཀྱང་།། དེ་རྣམས ་ཁོ་ནས་ལ་མེད་པ་ཉིད་ཀྱི་དམིགས་པའོ།། དེས་བྲལ་ཞེས་པ་ནི། དེ་གཉིས་ཡོངས་སུ་སྤངས་གནས་པ་ཇི་སྙེད་པའོ།། དེ་ན་རྨོངས་པ་ལ་སོགས་པ་དེ་དག་རིང་དུ་སྦྱངས་པར་འགྱུ་རོ་ཞེས་པའི་དོན་ཏོ།། དེ་ལྟར་ཡང་གསུངས་པ་ཇི་ལྟར་མིའི་ཟས་ལ་ཐུན ་མོང་དུ་སྤྱོད་པ་བཞིན་དུ། ཉི་མ་ཇི་ལྟར་མཐོང་ལ་ཐུན་མོང་མཐོང་བ་བཞིན་དུ། རླུང་ཡང་ཇི་ལྟར་དྲི་ལ་ཐུན་མོང་བ་རྣམས་བཞིན།། རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིང་དུ་སྤང་བར་བྱ་ཞེས་སོ།། དེ་ལྟར་རྣམ་པར་སྦྱང་བའི་རྫས་ཟས་དང་། ཟས་མ་ཡིན ་བའི་རྣམ་པར་རྟོག་པ་མེད་པ་ཡིས་འོག་ནས་བྱུང་བའི་མཚན་ཉིད་ཀྱིས། གསུངས་པའི་ཧོམ་ཁུང་སྦྱིན་སྲེག་བྱ་ཞེས་གསུངས་པ། ཕྱིའི་བདུད་རྩི་ཟས་བཟང་པོ།། འཁྲུགས་པའི་མེ་ཡིས་བཙོས་པ་བཞིན་ཞེས་པ་སྟེ། དེ་ལ་ཕྱིའི་བདུད་རྩི་ཞེས་པ་ནི།། ་མར་དང་སྦྲང་རྩི་དང་། འོ་མ་དང་འདམ་བུ་ཁ་རཱ་ལ་སོགས་པའོ།། འཁྲུགས་པ་ཞེས་པ་ནི་འཇུག་པའོ།། མོ་ཡིས་བཅྡོཾས་པ་ཞེས་པ་ནི་ཕྱིའི་མེ་ཁོ་ནའོ་ཞེས་པའོ།། བསམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཕྱིའི་མེས་མིན་ཞིང་བསྐྱོད་པར་བྱ་བའི་འབྲས ་བུ་ལ་སོགས་པ་དང་། བུ་རམ་ལ་སོགས་པའི་དོན་ལྷག་པར་དག་པའི་དེ་ཉིད་མངོན་པར་འདོད་ནས་ཁས་བླངས་པ་བཞིན། འདིར་ཡང་ཡེ་ཤེས་ཀྱི་མེ་ཡིས་སྨིན་ཞིང་བསྐྱེད་པར་བྱས་པའི་གཤང་གཅི་ལ་སོགས་པའི་དོན་ཉེ་བར་དང་དུ་བླངས ་ནས་དམ་པ་རྣམས་ཀྱིས་བླངས་པ་ནི་འགལ་བ་མེདདོ།། ཞེས་པ་སྟེ། དངོས་པོ་ཐམས་ཅད་མ་བརྟགས་པ་གཅིག་པུ་ཁོ་ནས་རུང་བ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་གསུངས་པ། དངོས་གཅིག་དེ་ཉིད་སུས་མཐེདངོས ་ཀུན་དེ་ཉིད་མཐོང་བ་ཡིན།། དངོས་ཀུན་རང་བཞིན་གང་ཡིན་པ།། དངོས་གཅིག་རང་བཞིན་དེ་ཡིན་ནོ་ཞེས་སོ།། གཞན་ཡང་གསུངས་པ། ཐབས་དང་ཤེས་རབ་སྟོབས་ཀྱིས་ནི།། མི་བྱ་བ་ཡང་འགའ་ཡང་མེད་ཅེས་པའོ།། གསུང་བའི་དོན་ཁོ་ན། ་གསལ་བར་གསུངས་པ། ལྟ་བ་ལ་སོགས་ཡེ་ཤེས་མེས། ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྟོ་ཞེས་པ་ནི་ཁོང་པའི་ནང་ངོ་།། སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོ།། ཡེ་ཤེས་མེ་ཡིས་ཤེས་པ་ནི་ལྟོ་ལ་སོགས་པའི་མེ་ཞེས་པའོ།། ། ་བསྲེགས་པ་ཞེས་པ་ནི་སྨིན་པར་བྱས་པའོ།། བཤང་བ་དང་གཅི་ཞེས་པ་ནི་དྲི་ཆེན་ལ་སོགས་པའོ།། དེས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ལྟོ་ལ་སོགས་པའི་ཡེ་ཤེས་མིས་ཡོངས་སུ་སྨིན་པར་བྱས་པའི་གཤང་གཙོ་ལ་སོགས་པ་ཤིན་ཏུ་ཁྱད ་པར་ཅན་དུ་འགྱུར་ཏེ། དེ་བས་ནི་བཤང་གཅི་ལ་སོགས་པ་ནི་ལྷ་ཤོས་མཁས་པས་ཤིན་བཾ་ཏུ་འགལ་ལོ་ཞེས་རྟོག་པ་མི་བྱའོ།། མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་འཇོམས་པའི་དོན་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས ་གསུངས་པ། འབྱུང་བ་ཆེན་པོས་འབྱུང་ཉིད་ཕྱིར།། ཇི་ལྟར་མི་གཙང་ཉིད་དུ་གསུངས་ཞེས་སོ།། མེ་ཡིས་སྨིན་པར་བྱས་པ་དེ།། མེ་ཡིས་དབུས་སུ་བཙོས་བྱས་པའི།། དེ་ཡི་དབུས་སུ་བསྲེག་བྱ་བ། ཞེས་པ་ནི། དེ་ལ་མེ་ཡིས་སྨིན་པ། ཞེས ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། མེ་ཡིས་ཞེས་པ་ནི། ཡེ་ཤེས་ཀྱི་མེའོ།། དེའི་དབུས་སུ་ཞེས་པ་ནི། ཡེ་ཤེས་ཀྱི་མེའི་དབུས་སུ་བསྲེག་བྱ་བ་ཞེས་པ་ནི། སྦྱིན་སྲེག་བྱའོ།། དོན་ནི་འདི་ལྟ་སྟེ། ཇི་ལྟར་ཕྱི་མི་ལྷན་ཅིག་འབྱུང་བའི་རྐྱེན་དྲི་ཞིམ་པའི་འབྲས ་སཱ་ལཱུ་ལ་སོགས་པ་བསྐྱེད་པར་བྱ་བ་འབྲས་ཆན་ལ་སོགས་པ་ཁྱད་པར་གྱི་རྐྱེན་ཁྱད་པར་བསྐྱེད་པ་ཤིན་ཏུ་ཁྱད་པར་གྱུར་པ་བཞིན། དེ་བཞིན་འདིར་ཡང་གཤང་གཅི་ལ་སོགས་པའི་དོན་ཡང་ཡེ་ཤེས་མཽ་ལྷན་ཅིག་འབྱུང་བའི་རྐྱེན་གྱིས་བསྐྱེད་པར་བྱ་བ ་སཱ་ལུ་ལ་སོགས་པའི་ཆན་ཞེས་སོ།། རྣམ་པར་དག་པ་དེ་མེ་ལ་སྦྱིན་སྲེག་བྱ་བའོ།། དེས་ན་ཡེ་ཤེས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་གཙང་དང་མི་གཙང་ལ་སོགས་པ་རྣམ་པར་རྟོག་པ་མེད་པ་ཡིས་སྦྱིན་སྲེག་དབུལ་བར་བྱའོ་ཞེས་པོའོ།། ་གང་གི་རྡོ་རྗེ་ཆུ་ས་བོན།། ས་བོན་དེ་བཞིན་བཟླ་བར་བྱ།། ཞེས་པ་ནི། དེ་ལ་རྡོ་རྗེ་ཞེས་པ་ནི། ནང་གི་ཧོམ་ཁུང་ལ་བསམ་པའི་རྡོ་རྗེ་ཞེས་པའི་དོན་ཏོ།། རྡོ་རྗེ་ས་བོན་ཞེས་པ་ནི་ད་ལྟར་ཡི་གེ་ཧཱུཾ་བཟླས་པའོ།། སོ་བོ་ནི་དེ་བཞིན་ཞེས་པོ་ནི་རྡོ་རྗེའི་བུམ ་པའི་དབུས་སུ་ཡི་གེ་ཧཱུཾ་བསམ་པར་བྱས་ནས། དེ་ཚེ་ས་བོན་དང་བཅས་པར་འགྱུར་རོ་ཞེས་པ་ཇི་སྙེད་པའོ།། དེ་དབུས་འབར་བའི་ཉི་མ་ཡི།། མེ་ཡི་ཡི་གེ་རྣམ་པར་བསམ།། ཞེས་པ་ནི། མེའི་ཡི་གེ་ཀྵཾ་འབར་བའི་རང་བཞིན་དུ་འདུག་པའི་མཁའ ་འགྲོ་མ་བསམས་ཏེ། དེ་འབར་བའི་ཉི་མའི་དབུས་སུ་སྦྱིན་པ་བྱའོ།། ཞེས་པའོ།། གཟུགས་དང་མཛེས་པའི་མདོག་པདྨོའི་དབང་ཕྱུག་སྟེ། ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ད་ནི་བྱང་ཆུབ་སེམས་ཁོ་ན་ཐབས་དང་། ཤེས་རབ་ལས་འབྱུང་བ ་ཉིད་ཀྱིས་ཆོས་ཀྱི་དབྱིས་ཀྱི་རང་བཞིན་གྱི་ཕྱིར་ན། རྡོརྗེསྒྲས་མངོན་པར་བརྗོད་དཱ་ཞེས་གསུངས་པ། ཨཱ་ལཱྀ་ཞེས་བྱདུང་བ་སྟེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨཱ་ལི་ནི་བུང་བ་དང་། རྡོ་རྗེ་དང་འཇིགས་བྱེད ་ཅེས་རྣམ་གྲངས་སོ།། དེ་ཁོ་ན་ན་མཁའ་མཐའ་ཐུག་པ་བཞིན་དུ་ཆོས་ཀྱི་རང་བཞིན་གྱིས་ཐམས་ཅད་ཁྱབ་པ་ཉིད་དུ་གསུངས་པ། ཨཱ་ལི་ན་མཁོའ་མཐའ་ཀླས་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། རྒྱུ་དང་མི་རྒྱུ་གསང་འཛིན་པ།། ལུས ་རྣམས་ཐམས་ཅད་དེ་ལས་འབྱུང་ཞེས་པ་སྟེ། ཐམས་ཅད་གསང་བའི་རང་བཞིན་གསང་བའི་གཟུགས་ཀྱི་ས་འཛིན་པའི་ཕྱིར་གསང་འཛིན་ནོ།། བདུད་རྩི་དེ་ཡང་གང་ལ་གནས་ཤེ་ན། གསུངས་པ། ལུས་ཀྱི་ཡན་ལག་བཅོ་བརྒྱད་ལ་ཞེས་པ་སྟེ། ་ནུ་མ་ལ་སོགས་པའི་གནས་བཅོ་བརྒྱད་ཆེར་གནས་སོ།། ཞེས་པའི་དོན་ཏོ།། དེ་ཁོ་ན་ལ་གསུངས་པ། དབང་པོ་ཀུན་གྱི་བདུད་རྩི་ལྔ་དག་ཅེས་པ་སྟེ། དབང་པོ་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་ན་དེ་དག་གི་རང་བཞིན་ཞེས་པའི་དོན་ཏོ།། དེ་ནི་དབུས ་ནས་དྲངས་བྱས་ཏེ། ཨཱ་ལི་དབུས་སུ་ཐིམ་པར་བྱ། ཞེས་པ་ནི་དབང་པོ་དེ་དག་ལས་དྲངས་ཏེ། ཨཱ་ལི་དབུས་སུ་གསང་བའི་རྡོ་རྗེ་ལ་གནས་པར་བྱའོ་ཞེས་པའོ།། དོན་ནི་འདི་ལྟ་སྟེ། གནས་བཅོ་བརྒྱད་ནས་ཉེ་བར་བསྡུས་ནས་མཚན ་མ་བརྒྱར་བྱའོ་ཞེས་པའོ།། འཇིགས་བྱེད་ཅེས་པོ་ནི། རྡོ་རྗེ་བདུད་རྩི་ལ་བརྗོད་དེ།། དེའི་རང་བཞིན་ཡིནོ།། འཇིགས་བྱེད་ནི་བཀང་བ་ཞེས་ཏེ། བདུད་རྩིའི་རང་བཞིན་སེམས་ཅན་ཐམས་ཅད་བཀང་ནས་ཤིན་ཏུ་རོལ་ཅིང་ཐམས་ཅད་རིག་གོ།། ་ཁམས་གསུམ་ལ་ཁྱབ་ཅིང་གནས་པར་གྱུར་པས་ན། འཇིགས་བྱེད་ཞེས་པའོ།། དེ་ལྟར་ཡང་གསུངས་པ། ཐམས་ཅད་ལ་ནི་བཀང་བྱས་ཏེ།། ཐམས་ཅད་དུས་ལ་རོལ་བར་བྱེད།། ཐམས་ཅད་དུའང་གནས་བྱེད་པས།། དེ་བས་འཇི ་བྱེད་ཞེས་སུ་བཤད།། རྡོ་རྗེ་ང་རོ་ཡིས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ་།། སྦྱོར་བའི་རྫས་ནི་འབྱུང་བར་འགྱུར་ཞེས་པ་ནི། ཡི་གེ་ཧཱུཾ་གི་སྒྲས་བཀང་ནས་དབྱུང་བར་བྱའོ།། རྣལ་འབྱོར་པའི་རྫས་རིག་པའི་རིམ་པས་སྐྱེས་མ་ཐག་ཏུ་དམ་པའི་ཚང ་པོའི་ངོ་བོ་ཉིད་སྐྱེ་བར་འགྱུརརོ།། ཞེས་པའོ།། དེ་ལྟར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས།། རྡོ་རྗེ་སེམས་དཔའ་བདག་མཉམ་ཞེས་སོ།། དེ་ནས་རྡོ་རྗེའི་ང་རོའི་ངོ་བོ་ཉིད་ཀྱིས་བཤད་འདོད་པས་གསུངས་པ། མེ་ད ་རླུང་གི་བདུན་པོ་ཡིས་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ།། སྒྲ་སོགསོ་གོང་མའི་ས་བོན་ནི།། ཞེས་པ་ནི་ཡོ་གི་ཨའོ།། དེའི་དབུས་སུ་གཟུང་བར་བྱ།། ཞེས་པ་ནི། རྡོ་རྗེའི་དབུས་སུ་ཡི་གེ་ཨ་ཞུ་བ་ལས་གྱུར་པའི ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཧཱུཾ་བསྡམ་པར་བྱའོ་ཞེས་པའོ།། དེ་ལྟར་ཨཱ་ལིའི་ངོ་བོ་བཤད་ནས།། ད་ནི་ཀཱ་ལིའི་དེ་བཞིན་ཉིད་བཤད་པར་འདོད་པས་གསུངས་པ།། ཀཱ་ལྀ་མེ་ཏོག་ཏུ་ཀུན་ཏུ་ཤེས་ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ་ནི ་ཆོས་ཀྱི་འབྱུང་གནསོ།། མེ་ཏོག་ཀུན་ཏུ་ཤེས་ཞེས་པ་ནི། དེ་ཁོ་ན་མེ་ཏོག་ཅེས་པ་དང་། ཀུན་ཏུ་ཤེས་པ་ཞེས་ཇི་སྙེད་པའོ།། མེ་ཏོག་ཐུགས་པ་རྡོ་རྗེ་ཅན་ཞེས་པ་ནི།། པདྨའི་རང་བཞིན་ཉིད་ཀྱི་ཕྱིར་ན་དེ་ལ་ཐུག་པར་བྱེད་པ་རྡོ་རྗེ་ཐུག་པར་བྱས་ནས་རྡོ་རྗེའོ།། ་དེ་ཁོ་ནས་མེ་ཏོག་ལ་ཐུག་པའི་བུང་བའི་སྒྲ་ཡིས་གོང་དུ་བཤད་ཟིན་ཏོ།། འཁོར་བ་ལས་བྱུང་ཐམས་ཅད་དུ།། མེ་ཏོག་ཐམས་ཅད་ས་ཡིན་ནོ་ཞེས་པ་ནི། འཁོར་བ་པ་ལ་སྐྱེ་བ་ཅན་ཐམས་ཅད་དེ་ཁོ་ནའི་སྐྱེད་པ ་པོ་ཉིད་ཀྱི་ཕྱིར་ན་མའོ།། དེ་ཁོ་ནའི་ཐམས་ཅད་སའི་རྣམས་ཤེས་པས་ཁྱད་པར་བྱས་ཏེ། ཐམས་ཅད་ཁོ་ན་སྐྱེ་བའི་གནས་ཞེས་པའོ།། ཡང་ནས་ཡང་དུ་ཁྱད་པར་གསུངས་པ། ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི།། ཤྭེ་རབ་ཆུ་སྲིན་ཉ་དག་དང་། ཟླ་བ་སྟེ། དེ་ལ ་སྱཻ་ནུའི་རྒྱ་མཚོ་འི་ལླེ་པ་སྟེ། དེ་ལ་ཡིས་ཆུའི་རྒྱ་མཚོ་འདི་ཞེས་པ་ནི།། བདུད་རྩི་ཆུས་བཀང་བའི་རྒྱ་མཚོ་ཞེས་པའི་དོན་ཏོ།། ཡང་ན་རྡོ་རྗེ་འཛིན་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ། སྣ་ཚོགས་ཐབས་དང་ལྡན་པའི་བྱང་ཆུབ་སེམས་རིན་ཆེན་གྱི་གཞི་ཉིད་ཕྱིར ་ན་རྒྱ་མཚོའོ།། ཤེས་རབ་ཆུ་སྲིན་ཉ་དག་དང་ཞེས་པ་ནི། སེམས་ཅན་གྱི་ཁམས་ཀུན་འཁོར་བ་ལས་དྲངས་པའི་མཐུ་གང་ཡིན་པ་དེ། ཤེས་རབ་ཀྱི་ཕ་སྒྲ་བརྗོད་དོ།། དེ་ཡང་སྣ་ཚོགས་ཀྱི་གཟུགས་སུ་ཆུ་སྲིན་དང་ཉལ་སོགས་པ་ལྟ་བུའོ།། ་གཉིས་མེད་འདམ་པའི་དབུས་དག་ལ། ཐབས་ཀྱི་མྱུ་གུ་དག་གིས་ནི། ཞེས་པ་ནི་དེ་ལ་གཉིས་མེད་ཞེས་པ་ནི་སྙོམས་པར་སྦྱོར་བའི་པདྨའོ།། འདམ་པ་ནི་ཐབས་ཀྱི་མཚན་མའོ།། དེ་ཁོ་ན་མྱུ་གུ་ཞེས་ཇི་སྙེད་པའོ།། བནྡུ་ཀ་ནི་རྒྱས་པ་བཞིན ་ཞེས་པ་ལ་སོགས་པས་ནི། ཀཱ་ལི་དེ་ཁོ་ནའི་དབུས་མདོག་གི་རྣམ་པའི་ཆ་གསུངས་སོ།། སྦྲང་རྩི་བདུད་རྩི་གནས་ཡིན་ཏེ། ཞེས་པ་ནི་སྦྲང་རྩིའི་ངོ་བོ་བདུད་རྩིའི་གཞི་ཞེས་པའི་དོན་ཏོ།། ཀཱ་ལི་བདུད་རྩི་དེ་ཉིད་ཀྱི་ཞེས་པ་ནི། བདུད ་ན་དེའི་རྟེན་ཉིད་ཀྱི་ཕྱིར་ནཱ། ཀཱ་ལི་ཡང་བདྲུ་རྩིའི་རང་བཞིན་ཡིན་ནོ།། ཞེས་ཇི་སྐྱིད་པའོ།། དེ་ལྟར་བསྒོམས་པའི་པདྨ་ཛ་ལྟར་ནུས་པར་བྱ་ཞེས་གསུངས་པ་མེ་ཏོག་རྒྱས་པའི་མུ་སྐྱེས་པ་སྟེ། དེ་ལ་མེ་ཏོག་ཅེས་པ་ནི། པདྨའི་ཁྱབ་པར ་བྱའོ།། རྒྱས་པ་ཞེས་པ་ནི། ཁ་རྒྱས་པའོ།། ཆུ་སྐྱེས་ཞེས་པ་ནི་པདྨའོ།། དེ་བས་ན་གསང་བའི་མེ་ཏོག་པདྨ་ཁ་རྒྱས་པར་བྱ་བ་ཞེས་བཤད་པར་འགྱུར་རོ།། གང་གིས་ཁ་རྒྱས་པོར་བྱ་ཞེས་ན་གསུངས་པ། ཡི་གེ་གཉིས་འགྱུར་ཐིགས་པ ་དང་། ཞེས་པ་ལ་སོགས་པ་སྟེ། དེ་ལྔ་ཡི་གེ་གཉིས་འགྱུར་ནི་ཀྵའོ།། ཐིགས་པ་དང་ཞེས་པ་ནི། མགོ་ན་ཟླ་ཚེས་ཀྱི་ཚུལ་སྟེང་ན་ཐིག་ལེའི་རི་མའོ།། རྩ་བར་འདྲེན་པར་སྦྱོར་བར་བྱ་ཞེས་པ་ནི། འོག་ན་ཞབས་སྐྱེད་ཡི་གེ་ཨུ་དང ་སྦྱར་བར་བྱའོ་ཞེས་པའོ།། དོན་ནི་འདི་ལྟ་སྟེ། པདྨའི་སྙིང་པོ་ཡི་གེ་ཨེ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེ་གནས་ཀྱི་ས་བོན་བཀོད་པར་བྱའོ་ཞེས་པའོ།། དེ་ཡི་ཡི་གོ་ས་བོན་དག། ལྷ་མོ་ཉིད་ཀྱི་རིགས་ཀྱི་ཡུམ་ཞེས་པ་ནི། ཡི་གེ ་ས་བོན་དེ་བཀོད་པ་ཡིས་དྲག་པོའི་མཁའ་འགྲོ་མའི་ངོ་བོར་གྱུར་པར་འགྱུརརོ་ཞེས་ཇི་སྙེད་པའོ།། རིགས་ཀྱི་ཡུམྦྷ་ཞོས་པ་ནོ།། དེ་ལྟར་སྐྱེས་མ་ཐག་ཏུ་རིགས་ཀྱི་ཡུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ།། དེ་ལྟར་ཡང་གསུངས་པ། སྒྲོལ་མན ་བཟའ་དཀར་མོ་དང་།། སངས་རྒྱས་སྤྱན་དང་མཱ་མ་ཀཱི།། ཤེས་རབ་ཕ་རོལ་ཕྱིན་མ་དག། ལྷ་མོ་དེ་ལ་རིགས་ཀྱི་ཡུམ་ཞེས་པའོ།། ཟླ་བོའི་དབུས་སུ་ལེགས་བསམ་པ།། བདུད་རྩིས་བོན་བསམ་པར་བྱ་ཞེས་པ་ནི།། ལྷ་མོ་ཡིས་ཀྱང་ཆོས ་ཀྱི་འབྱུང་གནས་ལ་ཡི་གེ་ཨ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ར་རྣམ་པར་བསྒོམ་པར་བྱའོ་ཞེས་པའོ།། ཨཱ་ལི་ཞེས་བྱ་བང་བ་སྟེ། ཀཱ་ལི་དེ་བཞིན་གཤེགས་པ་ཡིན། ཞེས་པ་ནི། ་ཇི་ལྟར་བུང་བའི་སྒྲའི་དོན་དེ་ལྟར་དེ་བཞིན་གཤེགས་པ་བརྗོད་པར་བྱའོ།། མེ་ཏོག་གི་སྒྲ་དང་ཀཱ་ལཱིའི་སྒྲ་ཇི་ལྟར་ཐུན་མོང་གི་དོན་དེ་བཞིན་གཤེགས་པ་ཡང་བརྗོད་པར་བྱའོ།། གཉི་ག་ལས་ནི་འབྱུང་བ་སྐྱེ་བ།། བདུད་རྩིའི་ཆོ་ག་མཆོག་ཡིན་ནོ།། ་ཞེས་པ་ནི། དེ་ལ་གཉི་ག་ཞེས་པ་ནི་ཐབས་དང་ཤེས་རབ་པོ།། འབྱུང་སྐྱེ་བ་ནི་དེ་ལས་འབྱུང་བའི་ལས་སོ།། བསམ་པ་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་འདུས་པ་ལ།། སྐྱེ་བར་བྱེད་པ་ཤིན་ཏུ་ཁྱད་པར་ཅན་རྡོ་རྗེ་བདུད་རྩིར་བྱས་པའི ་དོན་ཏོ།། སྒྲས་བརྗོད་པར་བྱའོ།། དེ་བས་མདོར་ཡང་ཐབས་དང་ཤེས་རབ་ཏུ་འགྱུར་བའི་པདྨ་དང་། རྡོ་རྗེ་སྦྱོར་བ་ལས་བསྐྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ཞེས་བྱ་བ། མྱ་ངན་ལས་འདས་པའི་རྐྱེན་ཉིད་ཀྱི་ཕྱིར་ན་བདུད་རྩི་དགུར་བརྗོད་པར ་བྱ་སྟེ། རྐྱེན་ལ་དོན་དུ་ཉེ་བར་བརྟགས་པའི་ཕྱིར།། དེ་ཡང་ལྷའི་བདག་ཉིད་ཀྱི་ཕྱིར་ན། ཆོས་ཀྱི་ཡིག་འབྲུ་གསུངས་པ། ཇི་ལྟར་སྔོ་ཚན་གསུམ་པ་ཡིས། ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་སྡེ་ཚོན་གསུམ་པོ་ཡི།། ཡི་གེ་གསུམ་པ ་གཟུང་བྱ་ཞིང་། ཞེས་པ་ནི་ཡི་གེ་དའོ།། གློ་རུ་དབྱུག་པ་རྡོ་རྗེ་དང་། ཞེས་པ་ནི། དེའི་གློ་རུ་ཡི་གེ་རའི་དབྱུག་པོའི་རི་མོ་སྦྱིན་པར་བྱའོ།། ལུ་གུ་རྒྱུད་ཀྱིས་དཀྲི་བར་བྱ་ཞེས་པ་ནི།། དེ་དང་དབྱུག་པ་གཉིས་ཀྱི་བར་དུ་ལུ་གུ་རྒྱུད་ཀྱི་རི་མོས་སྒྲོལ་བར ་བྱའོ་ཞེས་པའོ།། དེས་ན་ཡི་གེའི་གཟུགས་སུ་འགྱུརརོ།། ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེ་བ་ལ་རྐྱེན་དུ་གྱུར་པ་ཅིའི་ཕྱིར་དེ་བས་ན་ཡི་གེ་ཨ་ནི་རྒྱུད་ཐམས་ཅད་ལ་རབ་ཏུ་གྲག་སོ།། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཛཱ་ཨཱརྱ་ནུཏྤནྣ་ཏཱཏ་ཞེས་སོ།། རིམ་པ ་ཁོ་ནར་གསུངས་པ། དེ་བདུད་རྩི་ལྔའི་དེ་བཞིན་ཉིད་ཞེས་བྱ་སྟེ། དེ་ལ་དེ་ཞེས་པ་ནི་ཡི་གེ་ཨའོ།། ཡི་བཾ་ཨ་གནོས་གྱུར་ནས།། བསྐྱེད་པ་པོ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་སེམས་ལ་སོགས་པ་བདུད་རྩི་ལྔ་དེ་བཞིན་ཉིད་འགྱུར་རོ།། དེ་བཞིན ་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པའི་ཕྱིར་རོ་ཞེས་མངོན་ཏོ།། ཡང་ནཱ་ཡི་གེ་ཨ་ཁོ་ན་བདུད་རྩི་ལྔའི་དེ་བཞིན་ཉིད་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་ན་ལྟ་བ་ངན་པ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པ་སྤང་བའི་དོན་དུ་སྐལ་བ་དང་ལྡན་ནོ་ཞེས ་གསུངས་པ།། བདག་ཉིད་ལུས་ནི་བཤལ་བར་བྱ་ཞེས་པའོ།། བདུད་རྩི་གང་གིས་མངོན་ཤེས་ན།། བདུད་རྩི་ལྔའི་ཁྱད་པར་གྱིས་ཞེས་པ་ནི། བདུད་རྩི་ཞེས་བྱ་བ་བྱང་ཆུབ་སེམས་བདུད་རྩི་ལྔའི་ཁྱད་པར་གྱི་ངོ་བོ་གང་དག་གིས་ཤེས་པར་གྱུར་ན་དེ ་ངག་གི་སྒོ་དེ་བཞིན་གཤེགས་པའི་ལམ་མངོན་པར་འགྱུརརོ་ཞེས་པའོ།། དེ་བས་གསུངས་པ། འགྲོ་བའི་སྒྲ་ནི་ཀུན་བལྟས་ནས།། གང་ལ་ལུས་ནི་དག་པའོ།། ཞེས་པ་སྟེ། དེ་ལ་གང་ཞིག་དག་པོའི་ལུས་བྱང་ཆུབ་ཀྱི་ལུས་ཀྱི་སྙིང་པོ་ཀ་ལ་དག་པའི ་ལུས་ཞེས་པ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དུ་ཐོབ་པར་འགྱུརརོ་ཞེས་པའི་དོན་ཏོ།། དེ་ཁོ་ན་གསལ་བར་བྱེད་པས་གསུངས་པ། གང་གིས་བདུད་རྩི་བཀའ་ཡིས་སུ།། རང་དགར་བདུད་རྩི་མྱང་བར་བྱ་ཞེས་པ་སྟེ། རཀྟ་ལ་སོགས་པ་རྣམ་པར ་དག་པར་བྱའོ།། ད་ནི་བདུད་རྩི་རྣམ་པ་ལྔ་དང་། ལྕགས་ཀྱུ་རྣམ་པ་ལྔའི་ཁྱད་པར་བཤད་འདོད་པས་གསུངས་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ན།། བཟའ་བ་ལྔ་ཡི་བྱེ་བྲག་གིས། ཞེས་པ་སྟེ། རྫས་བཅུ་པོ་དེ་དག་ནི་བཟའ་བ་ལྔ་ཞེས་ཇི་ལྟར ་ཡིན་ཞེ་ན། དོན་འདི་ལྟར་ཏེ། ལྔ་དང་ལྷ་ཉིད་ཅིག་ཏུ་བྱས་ནས། ཉེ་བར་སྦྱོར་བ་ཉིད་ཕྱིར་ན་བཟའ་བ་ལྔ་ཞེས་གསུངས་སོ།། གང་གིས་བཤེས་པས་ཟིན་འགྱུར་ན།། ལམ་ནི་མྱུར་དུ་མཐོང་བར་འགྱུར་ཞེས་པ་སྟེ། གང་གིས་ཤེས་པ་ནི་སྒྲུབ་པའི་ངོ་བོ ་ཉིད་ཤེས་པར་བྱའོ།། གལ་ཏེ་སྒྲུབ་པ་པོས་ལྷ་བསྒོམ་སོ་བརྩམས་པར་གྱུར་ན། ལམ་ནི་མྱུར་དུ་མཐོང་ནས་དེས་བདེ་བ་ཆེན་པོར་མྱུར་དུ་མཐོང་བའོ་ཞེས་པའི་དོན་ཏོ།། བློ་གྲོས་ཆེན་པོ་ཞེས་པ་ནི། བྱང་ཆུབ་སེམས་སོ།། ངག་ངག་དང་ཞེས་པ་ནི ་རའོ།། རིག་ལྡན་ཞེས་པ་ནི་རྡོ་རྗེ་ཆུའོ།། བསྐྱེད་པ་ནི་རྣམ་པར་སྣང་མཛད་དོ།། ཤེལ་ཞེས་པ་ནི་འདིའི་གནས་སྐབས་སུ་སྣབས་ལ་སོགས་པ་ལ་བྱའོ།། སྤྱད་པར་བྱ་ཞེས་པ་ནི་གཟུང་འཛིན་རྣམ་པར་རྟོག་པ་མེད་པར་དག་པའི་རང་བཞིན་གྱིས་བརྩམ ་པར་བྱའོ་ཞེས་པའོ།། རྣལ་འབྱོར་པ་ཞེས་པ་ནི། རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་དོ།། ཞེས་པའི་དོན་ཏོ།། ལྕགས་ཀྱུ་ཆེ་ཞེས་པ་ནི་ཤ་ཆེན་ནོ།། རྣམ་ཤེས་ས་བོན་བཟླས་པ་ཡིས།། དེ་ཡི་ས་བོན་གཟུང་བྱས་ཏེ་ཞེས་པ་ནི། དེ་ལ་རྣམ ་པར་ཤེས་པའི་ས་བོན་ཞེས་པ་ནི་ཡི་གེ་ཨའོ་དེས་ཡོངས་སུ་བསྐྱེད་པ་བདུད་རྩི་ལྔ་དང་། ཤ་ཆེན་ཆེ་ཞེས་པའོ།། དེ་བས་ན་བདུད་རྩི་ལྔ་དང་། ཤ་ཆེན་གྱི་ས་བོན་གཅིག་པས་ཤ་ཆེན་གྱི་འོག་ཏུ་ས་བོན་གསུངས་སོ།། བཟླས་པ་ཡིས་ཞེས ་པ་ནི། སྔགས་དེས་བཀུར་ནས་སྔགས་བཟླ་བར་བྱའོ་ཞེས་པའི་དོན་ཏོ།། ལྕགས་ཀྱུ་ལྷའི་ཆོས་ཀྱི་ཡི་གེ་ནི་གོང་དུ་བཤད་ཟིན་ཏོ།། ད་ནི་དེ་དག་རྣམ་པར་སྦྱང་བའི་ས་བོན་བཀོད་པར་གསུངས་པ།། བགེགས་ཀྱི་ལྕགས་ཀྱུ་གཅིག་གིས་ནི།། དེ་ཡི་ལཱཾ ་དུ་སྦྱར་བྱས་པ། ཞེས་པ་ལ་སོགས་པ་སྟེ། དེ་ལ་བགེགས་ཀྱི་ལྕགས་ཀྱུ་ནི་གླང་པོ་ཆེའི་ཤ་སྟེ།། ཡི་གེ་ཧཱུཾ་གིས་སྦྱང་བར་བྱའོ་ཞེས་པ་སྟེ། ཡུལ་གྱི་བདག་པོ་ལྕགས་ཀྱུ་ཆེ་ཞེ་བ་ནི་ཁྱི་ཤ་སྟེ། ཡི་གེ་གྷྲཾ་གས་སྦྱང་བར་བྱའོ།། རྟའི་ཤའི་ཡི་གེ ་ཛཾ་གོས་སྦྱང་བར་བྱའོ་ཞེས་གསལ་བར་བྱའོ་ཞེས་གསུངས་པ། རྟའི་ལྕགས་ཀྱུ་བྱིན་རླབས་པ་ཞེས་པ་ལ་སོགས་པོའོ།། བ་ལང་གི་ཤ་ཡི་གེ་སཾ་གིས་སྦྱང་བར་བྱའོ་ཞེས་གསུངས་པ། རྡོ་རྗེ་ལྕགས་ཀྱུས་བྱིན་བརླབས་ཤེས་པ་ལ་སོགས ་བའོ།། ལྕགས་ཀྱུ་ཆེན་པོའི་ས་བོན་ནོ།། བདུད་རྩིའི་ལྔའི་བཤད་པ་ལ་གསོལ་བར་བཤད་ཟིན་ཏོ།། བར་འདིར་ནི་མ་བཀྲོལ་ལོ།། བདུད་རྩི་ལྔ་དང་ལྕོགས་ཀྱུ་ལྔ་བསྲེས་པའི་དྲི་ཞི་པ་ལ་སོགས་པ་དེ་དག་གི་ཁོ་ནའི་ཆོས་ཀྱི་འབྲས་སོ་སོར ་རེ་རེ་མཚན་ཁུང་སྦྱོར་བའི་ཚུལ་གྱིས་ཕྱག་འཚལ་བ་དང་བསྲེག་པ་བཅས་པར་བཟླ་སྟེ། དུ་བས་བསྒོས་པར་བྱ་བ་དང་། བསྐུས་པ་དང་། ཐུལ་བ་དང་། ཐིག་ལེར་བྱས་པ་ལ་སོགས་པ་སྦྱོར་བར་བྱའོ་ཞེས་གསུངས་པ། རྫས་བཅུ་དགེ་དང་སྦྱར ་བྱས་ཏེ། ཞེས་པོ་ལ་སོགས་པའོ།། རྣལ་འབྱོར་མ་བཞི་སྒྲུབ་པ་དང་། ཞེས་པ་དེ་ནས་བརྩམས་ནས། རྣལ་འབྱོར་མ་རྣམས་དབུས་སུ་བདག་མི་མཆིའོ་སྒོ་དབྱེར་གསོལ་ཞེས་པའི་ཚིགས་བཅད་ཇི་སྙེད་མཐར་ཐུག་པ་ནི་མེད་མར་མ་ལ་སོགས་པའི ་སྒྲུབ་པ་གསུངས་སོ།། གཞན་ཡང་དག་གིས་ཕྱག་རྒྱའི་མཚན་ཉིད་ཅེས་དང་པོ་གཟུང་ནས་རྣལ་འབྱོར་པ་དང་། རྣལ་འབྱོར་མ་དགའ་ནས་རྩེ་ཞིང་འདི་དག་ནི། ངག་དང་བརྡའི་ཕྱག་རྒྱའོ་ཞེས་ཏེ། མཐར་ཐུག་པའི་བར་ནི་ཕྱག་རྒྱའི ་བརྡའི་བརྡ་བསྟན་པའོ།། དཔལ་རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་དཔལ་ལྡན་གདན་བཞི་པའི་གཟིགས་པ་ལས་གཞན་གྱིས་གདན་རྫོགས་སོ།། ། ་དེ་ཁོ་ན་ཉིད་བཞི་ལ་ཕྱེ་ན། རྟོགས་འདོད་པ་ཕྱག་ན་རྡོ་རྗེ། གཞན་ཡང་མཚན་ཉིད་བསྟན་པ་ནི་ཞེས་པ་ལ་སོགས་པས་སྦྱོར་བའི་གདན་བརྩམས་སོ།། དང་པོ་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པས་ནི་ཁོ་ན་ཉིད་བཞི་སོ་སོར་ཕྱེ་ནས་གོ་བར་བྱས་པའོ།། དེ་ལ ་རྡོ་རྗེའི་དེ་ཁོ་ན་ཉིད་ཅེས་པ་ནི་དོན་དམ་པའི་རང་བཞིན་ཉིད་དེ། ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དྲིལ་བུའི་དེ་ཁོ་ན་ཉིད་ཅེས་པ་ནི་སྒྲའི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། ཞེས་པའི་ཇི་སྙེད་པའོ།། ་བགྲང་ཕྲེང་གི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱིསྐུ་བསྒོམ་པར་བྱས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ།། ཡེ་ཤེས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟར་ཆེར་གནས་པའི་ཚིག་གི་དོན་ངོ་བོ་ཉིད་ཀྱི་རྒྱས་པ་མཐར་ཕྱིན་པའོ།། དེ་ཁོ་ན ་ཉིད་དེ་དག་གིས་ཤེས་ན། དེས་ནི་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པ་ཐོབ་བོ་ཞེས་གསུངས་པ། དེ་བཞིན་ཉིད་ཀྱི་ཡན་ལག་བཞིས།། འདོད་པའི་ཕྱི་རོལ་ཞེས་གསུངས་པ། དེ་ལ་རེ་ཞིག་རྡོ་རྗེའི་དེ་ཁོ་ན་ཉིད་གོ ་བར་བྱས་ནས་གསུངས་པ། དབུས་སུ་རྣམ་སྣང་མཛད་པའི་ལྷ་ཞེས་པ་ལ་སོགས་པ་དེ་ལ་དབུས་སུ་བཅུ་གསུམ་སྒོ་ང་རུ།། ཡེ་ཤེས་ལྷ་ཉིད་ཐིམ་པར་བྱ་ཞེས་པ་ནི། དེ་ལ་ཡང་བཅུ་གསུམ་ཞེས་པ་ནི་དེ་ལྷ་རྣམས་ཀྱི་རིས་ཤེས་པའོ།། དེ་རྣམས་ཀྱི ་བསྐྱོད་པའི་གནས་ནི་སྒོ་ང་སྟེ། ཚངས་པའི་སྒོ་ང་ཞེས་ཇི་སྙེད་པའོ།། ཡེ་ཤེས་ལྷ་ཉིད་ཅེས་པ་ནི། རྣམ་པར་སྣང་མཛད་ཆེན་པོ་འམ། རྡོ་རྗེ་འཛིན་པ་འམ། ཀུན་ཏུ་བཟང་པོ་དཔལ་འམ། དཔལ་མཆོག་དམ་པ་ཞེས་རྣམ་གྲངས་སོ།། དོན་ནི ་ལྟ་སྟེ། རྡོ་རྗེའི་བུམ་པའི་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ཡང་རྡོ་རྗེ་བུམ་པའི་འོག་གི་པདྨ་དང་རྩེ་ལྔ་ལ་དྷཱི་ལྟར་གསུངས་པའི་ལྷ་རྣམས་བཀོད་པར་བྱའོ་ཞེས་གསུངས་པ། པདྨི་ལྷ་མོ་བརྒྱད་དང་། ་ནི་ཞེས་པ་ལ་སོགས་པའོ།། རྡོ་རྗེ་ལྕགས་ཀྱུ་ལཱི་སོགས་བཞི། དེ་བཞིན་ལྟོ་བའི་ཕྲེང་བའི་ཕྱོགས།། རྣམ་པར་སྨེང་མཛད་ཆེན་པོ་བཀོད་པའི་རྡོ་རྗེའི་བུམ་པའི་ས་ཕྱོགས་འདི་ནི། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་བཀོད་པར་བྱའོ་ཞེས ་པའི་ཐ་ཚིག་གོ།། ཇི་ལྟར་གསུངས་པའི་རྡོ་རྗེ་དེ་ཉིད་དེ་བཞིན་དུ་བསམ་པར་བྱའོ་ཞེས་གསུངས་པ། གང་ཞིག་རྡོ་རྗེ་དེ་ཁོ་ན་རྡོ་རྗེ་བདག་ཉིད་སེམས་དཔའ་ཞེས་པའོ།། དྲིལ་བུ་ལ་ཡང་ཕྱོགས་མཚམས་བརྒྱད་ལཾ་སྒྲོལ་མ་ལ་སོགས་པའི་ལྷ ་མོ་བརྒྱད་བསྒོམ་པར་བྱའོ་ཞེས་གསུངས་པ། ཕྱོགས་བརྒྱད་དག་ཏུ་ཤེས་པར་བྱ།། ལྷ་མོ་བརྒྱད་དུ་གྲགས་པ་ཡིན།། མདོག་མཛེས་དངར་བྱེད་མདངས་ཅན་དང་།། བཞི་པ་རྡོ་རྗེ་ཕྲེང་མོའོ།། ཞེས་པ་ནི་རྫུན་དེ་མ་དང་། རིན་ཆེན་སྒྲོན་མ་དང་། ་ཁྲོ་གཉེར་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མ་ལྷ་མོ་བཞི་རྣམས་སོ།། ནམ་མཁའི་དཀྱིལ་དུ་གཟུགས་དག་ནི་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབུས་སུ་བཀོད་པར་བྱའོ།། ཞེས་ཇི་སྙེད་པའོ།། དེ་ལྟར་བསྒོས་པའི་རྣལ་འབྱོར ་པའི་བཟླས་པ་མེད་པར་མཆོག་གི་དངོས་གྲུབ་མི་འགྱུར་ཞེས་ཏེ། དེ་རྟོགས་འདོད་པས་བགྲང་ཕྲེང་གི་དེ་ཁོ་ན་ཉེ་བར་སྟོན་པས་གསུངས་པ། ཉོན་ཅིག་རྡོ་རྗེ་ཡང་དག་པ། ཞེས་པ་ལ་སོགས་པའོ།། བགྲང་ཕྲེང་རི་ལུའི་ཚུལ་གྱིས་བཟླ་བར་བྱ་ཞེས་གསུངས ་བ་། སྔགས་བསྒྲུབ་པ་ནི་ལྔ་བཅུ་སྟེ། ཞེས་པ་ལ་སོགས་པའོ།། ཡང་ན་ཇི་ལྟར་བཟླ་བར་ཞེ་ན་གསུངས་པ། རྡོ་རྗེ་མ་དངོས་གཡོན་པ་སྟེ། གཡས་པ་རྡོ་རྗེའི་ངོ་བོ་ཞེས་པ་སྟེ། ཡེ་ཤེས་མཁའ་བགོ་མ་ལ་སོགས་པའི་སྔགས་ནི་གཽ་ཡོན་པས ་འདྲེན་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་ནི་གཡས་པས་དྲང་ངོ་ཞེས་པའི་དོན་ཏོ།། དེ་ཉིད་རྟོགས་པ་མེད་པར་བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་མི་ཐོབ་པོ་ཞེས་བསམ་པས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཤད་པ་ཡེ་ཤེས་དེ་ཉིད་བྱེ ་བྲག་དག། ཉོན་ཅིག་ཡང་དག་རྡོ་རྗེ་ཆེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཧཱུཾ་ཥཤེས་ཁྱད་པར་ཉིད་དུ་གནས་ཞེས་པ་ནི་དེ་ལས་ཡང་ཡེ་ཤེས་ཁྱད་པར་ཞེས་པ་ནྀ། ནག་པོ་དང་སེར་པོ་ལ་སོགས་པར་ཁྱད་པར་རོ།། ཉིད་དུ་གནས་ཞེས་པ་ནི་རང་བཞིན་པོ་སྲེས ་ནས་ཆེར་གནས་སོ་ཞེས་པའི་དོན་ཏོ།། དེ་ལྟར་ཡང་གསུངས་པ། དངོས་པོ་ཐམས་ཅད་རང་བཞིན་གྱིས།། རང་བཞིན་དང་བཅས་ཆེར་གནས་ཏེ། བདག་དངོས་གཞན་དངོས་གཉི་ག་ནི།། རྣམ་པའི་ཆ་ཅན་ཀུན་རྫོབ་ཕྱིར་ཞེས་པའོ།། བསམ་པ་ནི་འོད་ལྟ ་སྟེ། ཕན་ཚུན་ཀླན་ཀ་སྤངས་པ་ཡིས།། གོ་བར་བྱས་ནས་དེ་དག་ཐམས་ཅད་ནི་སེམས་ཙམ་ཁོ་ན་ཞེས་པའོ།། དེ་ཁོ་ན་གསལ་བར་བྱས་ནས་གསུངས་པ། ཐུན་མོང་ཡེ་ཤེས་བརྗོད་པ་ནི། ཞེས་པ་ལ་སོགས་པའོ།། དེ་ལ་གཉིས་མེད་ཅེས་པ་ནི ་དབྱེར་མེད་པར་སྣང་བའོ།། གཉིས་དང་ནི་ཞེས་པ་ནི། ཕྱེ་ནས་སོ་སོར་སྣང་བའོ།། ཆོ་ག་གཉིས་ཞེས་པ་ནི། ཤིན་ཏུ་དབྱེ་བར་ཆེར་རྟོགས་པའོ།། དོན་ནི་འདི་ལྟ་སྟེ། དབྱེར་མེད་པ་དང་། དབྱེ་བ་དང་། ཤིན་ཏུ་དབྱེ་བས་འབྱུང་བ་གང་ཞིག་ཀྱང་། ་དེ་ཀུན་རྣམ་པར་ཤེས་པ་ཙམ་ཁོ་ན་ཡིན་ནོ་ཞེས་པ་སྟེ། ཀྱེ་རྒྱལ་བའི་བུ་ཁམས་གསུམ་ནི་སེམས་ཙམ་ཞེས་གསུངས་པོའི་ཕྱིར་རོ།། དེ་ཁོ་ན་གསལ་བར་བྱས་པས་གསུངས་པ། གནོད་སྦྱིན་ལྷ་མིན་གྲུབ་པ་པོ་ཞེས་པ་ལ་སོགས་པ་སྟེ། ཡེ ་ཤེས་ཙམ་ཞིག་གནས་པ་ལ་འགྲོ་བ་ལ་ཁྱད་པར་དུ་སོ་སོར་སྣང་བའོ་ཞེས་པའོ།། ཇི་ལྟར་ཡིན་ཞེ་ན་གསུངས་པ། གང་གིས་ཡེ་ཤེས་ཁྱད་པར་ནི་ཞེས་པོ་ལ་སོགས་པ་སྟེ། དེ་ལ་ཉི་ཤུ་རྩ་གསུམ་ལྷ་རྣམས་ནི་ཞེས་པ་ནི་རྒྱལ་ཆེན་རིགས ་བཞི་ནས་བརྩམས་ནས་འོག་མིན་གྱི་ལྷའི་རྒྱལ་པོའི་བར་དུ་ཇི་སྙེད་པའོ།། གོང་དུ་གཉིས་འགྱུར་འཕེལ་བ་ནི་ཞེས་པ་ནི།། རྣམ་པར་ཤེས་པ་ཤིནྡ་ཏུ་ཁྱད་པར་དུ་གོང་མའི་མེ་རིམ་པས་གཉིས་འགྱུར་འཕེལ་བའི་ཞེས་པའི་དོན་ཏོ།། ཡང ་ནས་ཡང་དུ་ཁྱད་པར་དུ་གསུངས་པ། འདོད་པ་ལྔ་ཡི་ཡེ་ཤེས་དག། ཡིས་ཡེ་ཤྲཱི་གོང་མ་འཕེལ་ཞེས་པ་སྟེ། དེ་ལ་དོན་ནི་འདི་ལྟ་སྟེ། རྒྱལ་ཆེན་རིགས་བཞི་དང་པོ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཇི་སྙེད་ཀྱི་བར་འདོད ་བྱཱ་ལཱའི་ཡེ་ཤེས་ཁྱད་པར་དུ་འཕེལ་ལོ་ཞེས་པའོ།། སྐྱོང་གྲོལ་ཐབས་ནི་འདོད་པ་དང་ཞེས་པ་ནི་མཐོ་རྣཾས་དྱཱ་མྱ་ངན་ལས་འདས་པའི་གློ་པ་ས་བརྩམས་པའོ།། རྣལ་འབྱོར་གཙུག་ལག་སྙིང་པོ་དེ་ཉིད་ཅེས་པ་ནི། ་བརྣམས་པ་དེ་ནི་སྙིང་པོ་སྦྱོར་བ་གོམས་པས་ཐོབ་བོ་ཞེས་པའོ།། དེ་ཁོ་ན་གནས་སལ་པོར་བྱེད་པ་འདོད་པས་གསུངས་པ། སྙིང་པོ་སྙིང་པོ་གཙུག་ལག་སྟེ། རྣལ་འབྱོར་ལམ་ནི་བལྟ་བར་བྱ་ཞེས་པའོ།། དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར ་བུའི་གདན་གྱི་ལེའུ་དང་པོའི་རྣམ་པར་བཤད་པའོ།། ། དེ་ཁོ་ན་ཉིད་ཆེར་རྟོགས་པས་ཞི་བོ་ལ་སོགས་པའི་ལསོ་བསྒྲུབ་པར་བྱའོ་ཞེས་གསུངས་པ། འཁོར་ལོ་བསྒྲུབ་པའི་བྱིབྲག ་ཅེས་པ་ལ་སོགས་པའོ།། དེ་ལྔ་དྲང་པོ་ཐ་མ་དབུས་གནས་པ་ཞེས་པ་ནི་དེ་ལ་དང་པོ་བྷ་མ་ནི་མྦྷི་ཨོཾ་དང་ཡི་གེ་ཧའོ།། པལ་དབུས་ཀྱི་རེ་མིག་ལ།། དགོད་པར་བྱ་བ་ཇི་སྙེད་པའི།། དབུས་ན་བདག་ནི་བསམས་ནས་སུ་ཞེས་པ་ནི། ཡེ་ནོས་མཁའ ་མའི་ས་བོན་ནོ།། བརྒྱད་པའི་ཡི་གླེ་བརྒྱད་དག་ལ་ཞེས་པ་ནི། ཡི་གེ་སུམ་ལ་སོགས་པའི་སྭ་བོནྨ་གྷི་རེའུ་མིག་བརྒྱད་ལ་བཞག་པར་བྱའོ།། སྒྲའི་སྭཱ་བྲྀན་བཅུས་ལ་ཞེས་པ་ནི་རེའུ་མིག་བཅུ་གཉིས་པ་ལ་སྱཱའི་ས་བྱོན་བཅྡོཾས་བཀོད་པའོ།། ཇི་ལྟར ་སྡེ་ཚན་གསུམ་པ་དང་ཞེས་པ་ནི་ཇི་ལྟར་གོ་རིམས་བཞིན་དུ་དེའི་ཡི་གེ་གཟུང་སྟེ། སྡེ་གསུམ་གྱི་ཡི་གེ་བཅོ་ལྔ་བཟུང་བར་བྱའོ་ཞེས་ཇི་སྙེད་པའོ།། ཡི་གེ་ལྷག་མ་བཅུ་གཅིག་དང་ནི་ཞེས་པ་ནི། སྡེ་པ་བཞིའི་དང་པོ་ཡི་གེ་ཏ་བཟུང་བར་བྱ་སྟེ། ་ཡི་གེ་ཏཱ་དེ་དང་བཅུ་དྲུག་རེའུ་མིག་བཅུ་གཉིས་ལ་བཀོད་པར་བྱའོ་ཞེས་པའོ།། ཇི་ལྟར་སྡེ་ཚན་དང་པོ་ལས། ཐོག་མའི་ཡི་གེ་གཅིག་གཟུང་སྟེ།། ལྕགས་ཀྱུ་ཡིས་ནི་གཙེས་པ་དང་།། རྩ་བར་ར་ཡིག་གདགས་པར་བྱ།། སྟེང་དུ་བདུད་རྩི་ཐིགས་པ་རྣམས ་ཞེས་པ་ནི་ཡི་གེ་ཀཱི་ངོ་།། ཡི་གེ་གཉིས་འགྱུར་ས་བོན་དང་།། རྩ་བར་ང་རོ་སྦྱར་བར་བྱ་ཞེས་པ་ནི་ཡི་གེ་ཀྵཾ་ངོ་།། བདུད་རྩི་ཞེས་བྱ་མཐར་གཞག་སྟེ་ཞེས་པ་ནི། དེ་ལ་བདུད་རྩི་བྱ་བ་ཞེས་བྱ་བ་ནི་ཡི་གེ་སའོ།། མཐར་བཞག་སྟེ་ཞེས་པ་ནི། ཡི་གེ་ཀྵུཾ་ཡི ་གློ་ན་བཞག་པར་བྱའོ།། དེ་ལྟར་ཟིན་མ་ཐག་ཏུ་ཨོཾ་ཀྲུཾ་ས་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། ཞེས་སོ།། གལ་ཏེ་ན་ཕྱག་འཚལ་པ་དང་། བསྲེག་པ་མཐར་བཞག་གོ། ཞེས་འདིར་མ་བསྟན་ན་ཡང་འདིར་འོན་ཀྱང་དོན་དུ་ཤེས་པར་བྱའོ་ཞེས་སོ།། ་དྲི་ལྟར་ཡང་གསུངས་པ། ཕལ་དུ་སྔགས་རྣམས་ཐམས་ཅད་དུ།། ཕྱག་འཚལ་སྭཱཧཱ་ལྡན་པའོ།། དྲི་བས་རང་བཞིན་ཁོ་ན་ལ་ལུང་དུ་མ་བསྟེན་ཡང་དོན་དུ་དེ་གཉིས་གཞུག་པར་བྱའོ།། བདུད་རྩི་གུག་ཀྱད་ཀུན་བཅས་པ་ཞེས་པ་ནི། ཡི་གེ་སྱཱཾ་སྟེ། ་ཐིག་ལ་དང་ཡི་གེ་ང་རོར་ལྡན་པའོ་ཞེས་པའི་དོན་ཏོ།། ལྕགས་ཀྱུ་ཡཾ་གི་བསམས་ནས་ནི་ཞེས་པ་ནི་ཡི་གེ་ཀྵཾ་ངོ་།། བདུན་ལ་ང་རོ་སྦྱར་བ་ཡིས་ཅེས་པ་ནི་སྒྲ་ཡིག་བདུན་པའི་ཡི་གེ་རྀའོ།། ཡང་ན་ཡི་གེ་ཨེའོ།། ཡེ་ཤེས་རྣམ་ཤེས་ཞེས ་པ་ནི་ཡི་གེ་ཧཱུཾ་ངོ་།། ཕྱོགས་ན་བདུད་རྩི་བཞི་དག་ནི་ཞེས་པ་ནི། ཨ་ཨཱ་ཨཻ་ཨཿཞབས་ཀྱང་ཀུན་དང་ལྡན་པའོ།། ཞེས་པ་ནི་འདོང་ཐིག་ལེ་ཚེག་དྲག་དང་ལྡན་པ་ཕྱག་འཚལ་དང་སྭཱ་ཧཱ་སྦྱར་བར་བྱའོ་ཞེས་པའོ།། ཕྱག་རྒྱ་ཆེན་པོའི་ཕག ་གཉིས་ནི་ཐུགས་ཀྱི་གནས་ས་འཇོག་པར་མཛད།། ཅེས་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་པའོ།། དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི ་གདན་ལེའུ་གཉིས་པའོ།། །། ། དེ་དག་ལ་སོགས་པའི་ལས་གྲུབ་པའི་རྣལ་འབྱོར་པས་གཞན་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་གསུངས་པ། བྱིན་རླབས་རིམ་པ་ཇི་ལྟར་ལགསོ།། ་སེམས་ཅན་གང་གིས་རྟོགས་པ་དང་། ཞེས་པ་ལ་སོགས་པའོ།། དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། སྙིང་ཁར་ཟླ་བ་བསམས་ནས་ནི།། དབུས་སུ་ས་བོན་ཧཱུཾ་བསྒོམས་ཏེ། ཞེས་དང་པོ་བརྩམས་ནས། གཉིས་མེད་གཏོར་མ་ལྡན ་པ་ཡིས།། དབང་བསྐུར་ནས་ནི་ཞི་བར་འགྱུར། ཞེས་མཐར་ཐུག་སའི་བར་ཇི་སྙེད་པས་བྱིན་གྱིས་བརླབས་ཀྱི་རིམ་པ་གསུངས་སོ།། དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་ལེའུ་གསུམ་པའོ།། ་ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་སྦྱོར་བ་དང་། མེ་ཏོག་ལ་སོགས་པ་དབྱེར་མེད་པ་ཇི་ལྟར་སྦྱོར་བར་བྱའོ་ཞེས། ཕྱག་ན་རྡོ་རྗེ་ཤེས་འདོད་པས། གཉིས་མེད་སྦྱོར་བའི་སྙིང་པོ་ནི། ཞེས་པ་ལ་སོགས་པས་སྦྱོར་བའི་གདན་ལེའུ་བཞི་པ་བརྩམས་སོ།། ་གཟུང་འཛིན་རྣམ་པར་རྟོག་པ་སྤངས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བ་ཡིས་སློར་ལན་བཏབ་པ་གསུངས་པ། གཉིས་མེད་སྦྱོར་བ་དེ་ཉིད་དང་། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ཞེས་པ་ལ་སོགོས་ཏེ་རྡོ་རྗེ་དྲིལ་བུ་ལ་སོགས་པའི་བསྒོམ ་བ་གསུངས་པ་ནི། འོག་ཏུ་སྟོན་པའི་རིམ་པས་བརྩམ་པར་བྱའོ་ཞེས་པའི་དོན་ཏོ།། ཇི་ལྟར་བརྩམ་པར་བྱ་ཞེ་ན་གསུངས་པ། རྡོ་རྗེ་དེ་ནི་བདག་ཉིད་དེ། དྲིལ་བུ་ཆོས་ཀྱི་གཟུངས་མའོ་ཞེས་ཏེ། དེ་ལ་རྡོ་རྗེ་དེ་ཉིད་བདག་ཉིད་དེ་ཞེས་པ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བ་ཉིད་ཀྱི་ཕྱིར་ན་དོན་དམ་པར་བརྟགས་པ་ལ་རང་གི་ཕུང་པོ་ཁོ་ན་རྡོ་རྗེར་བསྒྱུར་ཏེ། རྡོ་རྗེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་མི་འཇིག་པ་ཉིད་ཀྱི་ཕྱིར་རོ།། དྲིལ་བུ་ཆོས་ཀྱི་གཟུངས་མའོ་ཞེས་པ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་རང་པོ་ཞིན་ཉིད་ཀྱི་ཕྱིར་ན། དེའི་རང་བཞིན་ཡང་དེ་ལྟར་རྡོ་རྗེ་ཐབས་ཀྱི་དུས་ཀྱི་གཞན་གྱི་དྲིལ་བུ་ཤེས་རབ་མ་ཞེས་པར་ཐོས་པར་བྱའོ།། ཕྱག་རྒྱ་ཁ་སྦྱོར་ཚུལ་གྱིས་ནོ།། དེ་ལ་ཐབས་ནི་ཐིམ་པར་འགྱུར་ཞེས་པ་སྟེ། དེ་དག་ཐམས་ཅད ་ཁོ་ནས་ཕྱོག་རྒྱའི་རང་བཞིན་ནོ་ཞེས་པོའོ།། དེ་ལྟར་ཡང་དཔལ་ལྡན་གསང་བ་འདུས་པ་ལ་གསུངས་པའོ།། གལ་ཏེ་དངོས་གྲུབ་མཆོག་འདོད་ནོ།། ལག་པའི་ཕྱག་རྒྱ་མི་བཅའོ་ཞེས་སོ།། དྲ་བ་ཕུར་བུ་ར་བ་ཡིས།། བདུད་དང་གནོད་པ་བསྔལ་བར་བྱ་ཞེས ་པ་ནི། ཇི་ལྟར་དྲ་བ་དང་ར་བ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་ཕྱིའི་སྡང་བ་དང་བདུད་ལ་སོགས་པ་རྣམས་འཇོམས་པ་དེ་ལྟར་རང་གི་སེམས་ལས་བྱུང་བ་རྣམ་པར་རྟོག་པའི་བདུད་ལ་སོགས་པ་དེ་རྣམས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་པའི་ར་བ་ལ་སོགས་པས་སྤང་བར་བྱའོ་ཞེས་སོ།། དེ་ལྟར་མཉམ་སྦྱོར་བ་དེ་མཆོག་གི་རྒྱུད་ཕྱི་མ་ལས་གསུངས་པ། བདུད་ནི་རང་སེམས་ལས་བྱུང་སྟེ།། སྔོན་གྱི་སེར་སྣ་བསྟེན་ཕྱི་རོ་ཞེས་སོ།། དེ་ཁོ་ན་བསྟེན་འདོད་པས་གསུངས་པ། བདུད་མེད ་བདུད་ཀྱིས་མ་ཡིན་པས་ཞེས་པ་ལ་སོགས་པའོ།། བརྗོད་པའི་མེ་ཏོག་རྣལ་འབྱོར་པས་ཞེས་པ་ལ་སོགས་པ་ནི། བཟོད་པའི་མེ་ཏོག་བཀང་ནས་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ།། དེ་ལ་བཟོད་པ་གོང་མ་དང ་འདི་ནི་ཁྱད་པར་ཅི་ཞིག་ཡོད་དེ་སེམས་ཁོ་ན་ཁྱད་པར་རོ།། རལ་གྲི་ལ་སོགས་པའི་མཚོན་ཆས་བརྡེག་པ་ལ་ཅི་ཡང་མི་སེམས་པར་བཟོད་ནས་བྱམས་པ་བསྒོམ་པ་དང་། ཇི་ལྟར་ངག་རྩུབ་པ་ལ་སོགས་པ་འཕྲོག་པ་ལ་ཅི་ཡང་མི་སེམས་པའི་བཟོད་པའོ།། ་དཔེར་ན་བྱམས་པ་དང་སྙིང་རྗེ་གཉིས་ཕྱེ་བ་ལྟ་བུའོ།། དེ་ལྟར་སྟོང་པ་ཉིད་དམིགས་པས་ཇི་ལྟར་གནས་པར་བྱ་ཞེ་ན་གསུངས་པ། མཉམ་པར་ལྡན་པའི་གནས་དག་ནས།། སྐྱེས་བུ་གཅིག་གི་ཚུལ་གྱི་བར་ཞེས་པ་སྟེ། དེ་ཡང་བསམ་པ་འདི་ལྟ་སྟེ། ་སྣའི་རྩེ་མོ་ལ་མིག་བཞག་པས། ཁྲུ་གང་ཙམ་བཞག་པར་མཉམ་པ་ཉིད་ཀྱིས་བསམ་པར་བྱའོ་ཞེས་པའོ།། རྡོ་རྗེ་གོང་དུ་བསྟན་པ་རྣམས།། ཉི་ཤུ་རྩ་བརྒྱད་ལྷ་ཉིད་དང་ཞེས་པ་ནི། བུམ་པ་དང་སྟེང་འོག་དབུས་ཀྱི་རྩེ་མོ་ལྷ་གསུམ་བཞག་ནས་འཁོར་གྱི་ལྷ ་ཁོ་ན་ཉི་ཤུ་རྩ་བརྒྱད་ཅེས་གསུངས་ཏེ། གཅིག་ཏུ་བརྫིས་ནས་སུམ་ཅུ་རྩ་གཅིག་ཅེས་པའི་དོན་ཏོ།། དྲིལ་བུ་ཡང་ཟི་ཙམ་གྱིས་བསྒོམ་པར་བྱ་ཞེ་ན། གསུངས་པ་དྲིལ་བུ་དབུས་སུ་བསྒོམ་བི་ན། ཉི་ཤུ་རྩ་གསུམ་ལྷ་རྣམས་དག་ཅེས་པ་ལ་སོགས ་པ་སྟེ། དེ་ལ་འོག་གི་པདྨའི་འདབ་མ་ལ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། དེ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཞལ་དང་། གོང་གི་པད་འདབ་བརྒྱད་ལ་བྱང་ཆུབ་སེམས་དཔའ་བརྒྱད་དང་རྩེ་ལྔ་དང་། རིགས་ལྔ་དང་། ཡེ་ཤེས ་དང་། རྣམ་ཤེས་དང་། རྣམས་ཀྱི་བདག་ཉིད་དབྱིག་པ་དང་། ཉི་ཤུ་རྩ་གསུམ་དུ་འགྱུར་བའི་དོན་ཏོ།། རྡོ་རྗེ་མཛུབ་མོ་རྩེ་མོ་རུ།། བདུད་རྩི་ཡི་གེ་བསམས་ནས་སུ་ཞེས་པ་གཡོན་གྱི་མཛུབ་མོ་ལ་ཡི་གེ་ས་བཀོད་པར་བྱའོ།། གཡོན་གྱི ་ཕྱོགས་སུ་བསྟན་པ་ཡི་ཞེས་པ་ནི། སྐུ་ལ་སོགས་པ་ལ་རེག་པར་བྱའོ་ཞེས་པའོ།། ལྷ་མོའི་མདུན་དུ་གཟུགས་པར་བྱ་ཞེས་པ་ན་གསང་བའི་པདྨ་ལ་བཞག་པར་བྱའོ་བའོ་ཞེས་པའི་དོན་ཏོ།། བཅོ་བརྒྱད་དག་གིས་གནོས་རྣམས་ནི། ཞེས ་བཻ་ནུ་མ་དང་ལག་པའི་རྩེ་མོ་དང་། མགྲིན་པ་དང་། མ་མ་ཆུ་དང་། འགྲོམ་པ་དང་། མིག་དང་། རྣ་བའི་རྩིརྩ་བ་དང་། སྤྱི་བོ་དང་། ཡན་ལག་མཆོག་གསང་བ་རྣམས་སོ།། གནས་དགུ་ལ་ཟླ་བའི་ཆ་ཤས་ཀྱི་ཚུལ་གྱིས་ཡར་དང་མར་ལན་གཉིས་སྦྱོར ་བར་རེག་པར་བྱས་ན་གནས་བཅོ་བརྒྱད་བསྒྱུར་རོ་ཞེས་པའོ།། དེ་ལྟར་བརྒྱད་བརྒྱད་ལ་གསུངས་པ། ནུ་མ་ལག་རྩེ་མགྲོན་པ་དང་། མ་མཆུ་དེ་བཞིན་འགྲམ་པ་མིག། རྣ་བ་སྤྱི་བོ་ཡན་ལག་མཆོག། དེ་དག་ཀུན་ལ་བཏུང་བྱེད་པ།། ན་བཟའ་དཀརོ ་ལ་མར་ཡར་དུ།། ཟླ་བ་ནག་ན་ལོག་པ་ར་བཤད།། མཐེ་བོའི་རྩ་རོ་ནི་ཡི་གེ་ཨ།། རྗེ་ངར་གཉིས་ལ་དེ་བཞིན་ཨ།། བརླ་གཉིས་ལ་ནི་ཡི་གེ་ཨི།། ཡི་གེ་ཨཱ་ནི་གསང་བར་བརྟེན།། ལྕེ་ཡི་རྩ་ལ་ཡི་གེ་ཨུ།། དེ་བཞིན་བསྡུས་པར་ཡི་གེ ་ཨཱ།། ནུ་མའི་རྩ་ལ་ཡི་གེ་རྀ།། ཡི་གེ་རཱྀ་ནི་ལག་པར་གནས།། མགྲིན་པ་ཁོ་ནར་ཡི་གེ་ལྀ།། དེ་བཞིན་སྤྱི་བོར་ཡི་གེ་ལཱྀ།། འགམ་པའི་ཕྱོགས་སུ་ཡི་གེ་ཨེ།། དེ་བཞིན་ཨཻ་ནི་མིག་གཉིས་ལ།། རྣ་བའི་རྩར་ནི་ཡི་གེ་ཨོ།། ཡི་གེ་ཨོཾ་ནི་སྤྱི། ་བོར་གནས།། ཨཾ་ཨ་ཡན་ལག་ལུས་ཀུན་ལ།། ཆོ་ག་རྣམས་ནི་སྦྱོར་བར་བྱ།། འོ་བཏབ་པ་དང་འཁྱུད་ལ་སོགས།། སོས་བཏབ་པ་དང་སྦྱོར་བ་རྣམས།། གནས་རྣམས་བརྟགས་ནས་སྦྱོར་བྱས་ཏེ།། ཡི་གེ་རྨ་རེ ་རྣམ་པར་བསམ།། དེ་ལྟར་བསམས་པ་ཙམ་གྱིས་ནི།། བུད་མེད་དགའ་སྟེ་གཞན་དུ་མིན།། ཕོ་མོ་མཚན་མ་མེད་སྦྱོར་ཀྱང་།། གཞོམ་པ་ཙམ་གྱིས་ངོ་བཟང་དགའ་ཞེས་སོ།། བདུད་རྩི་ཐམས་ཅད་ཀུན་གནས་པ་ཞེས་པ་ནི་གནས་བཅོ་བརྒྱད ་ལ་བྱང་ཆུབ་སེམས་གནས་པའོ་ཞེས་ཇི་སྙེད་པའོ།། བཤད་པར་བྱེད་པའི་དོན་ཁོ་ན་གསལ་བར་བྱེད་པས་གསུངས་པ། བཙུགས་མཛུབ་མོ་དེ་ཡིས་བསྐྱོད་བྱས་ནས།། བདུད་རྩི་ཆུ་དག་འཛག་པར་འགྱུར་ཞེས་པའོ།། དེ་ལྟར་བསྐུལ་མ་ཐག་ཏུ་ཡང ་དགེ་རྒྱ་ཆེན་པོ་བརྟན་པོར་བྱས་ནས་གཉིས་སུ་མེད་པའི་སྙོམས་པོར་འཇུག་ཞུགས་པ་སྦྱོར་ཏེ་བྱ་བ་བརྩམ་པར་བྱའོ་ཞེས་གསུངས་པ། བཙུགས་ནས་གཽཉི་གས་འཁྱུད་བྱས་ནས་ཅེས་པ་ལ་སོགས་པ་སྟེ། དེ་ལ་འཁྱུད་ནས་ཞེས་པ་ནི། མི་ཤེས ་འི་འདམ་དུ་བྱིང་བ་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་འཇིག་རྟེན་ལོས་འདས་པའི་སྙིང་རྗེ་ཚོན་པོ་དང་དུ་བླང་བའི་འཁྱུད་པའོ།། ཁ་ཤར་ལ་སོགས་གནས་པར་བྱ་ཞེས་པ་ནི་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལ་ལྷ་མོ ་ནི་ཁ་ཤར་དུ་བལྟ་བར་བྱའོ།། དོན་ནི་འདི་ལྟ་སྟེ། བ~ཾསྒྲུབ་བྱ་ལྷོ་མོ་གཙོར་འགྱུར་བའི་ཕྱིར་དང་། ལྷ་ནི་གཙོ་བོར་མ་ཡིན་པའི་ཕྱིར། དེ་བས་ན་ལྷ་མོ་ཁ་ཤར་དུ་བལྟ་བར་རིགས་ཏེ། ཁྱད་པར་དུ་ཡང་འདི་ནི་མཁའ་འགྲོ་མའི་ཏན་ཏྲ་ཉིད ་ཡིན་པའི་ཕྱིར་རོ།། དེ་ལྟར་རྒྱལ་པོའི་བུ་མོ་ཞེས་པ་ལ་སྨྲས་པ། གཉིས་པ་ཡི་ནི་གཙོར་འགྱུར་བས།། དེ་བཞིན་དུ་ནི་བསྙེན་པར་བྱ།། ཅི་ཕྱིར་དེ་ལྟར་ཁྱད་པར་དུ།། ཆོ་ག་རབ་མཆོག་བཤད་པའོ།། རོལ་པར་འཕེན་པའི་ལྷ་མོ་རྣམས་ཞེས ་པ་ནི། རོལ་པའི་སྐྱིལ་མོ་ཀྲུང་གིས་གནས་པའི་ལྷ་མོ་དང་ཞེས་པའོ།། རྡོ་རྗེས་ཞེས་པཱི་ནི་རྡོ་རྗེ་སེམས་དཔའ་གནོན་པོའི་ལུས་ཤེས་པའོ།། ཇི་ལྟར་གོནོན་ཞེ་ན་གསུངས་པ། རྐང་པས་རྐང་པའི་ཞེས་པའོ།། དེ་དག་གི་བྱེད་པ་བྱ་བ་དེ་ནི ་འདུག་པ་ཞེས་བཤད་དོ།། དེ་ཡང་རྣལ་འབྱོར་པ་འདུག་པའི་རྣམ་པར་བརྟག་པ་རྣམ་པ་གཉིས་སུ་འགྱུར་རོ།། དེ་ལྟར་ཡང་སྨྲས་པ། སྐུ་ཡི་ཕྱི་རོལ་བཞག་པ་ནི།། བུད་མེད་རྐང་པས་བཀང་བར་བྱ།། འདུག་པ་རྣམ་གཉིས་བསྟན་པའི ་ཕྱིར།། ཕོ་ཡི་འདུག་སྟངས་རྣམ་རྟོག་ཕྱིར་ཞེས།། གཡོན་གྱི་དྲིལ་བུ་བརླ་དག་ཀྱང་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལག་པ་གཡོན་པ་བརླའི་རྩིའི་འོག་ཏུ་བཞག་པར་བྱ་སྟེ། དེས་ནི་སྙིང་རྗེ་ཆེན་པོའི་འདོད་ཆགས་ཤེས་པའི ་དོན་ཏོ།། ལག་པ་གཡས་པ་གཞག་པོ་ནི།། གོང་དུ་འབྲེལ་བས་འདིར་མི་བཤད་དོ།། འཁྱུད་པ་ཁོ་ན་ནི་ཐབས་མེད་པར་སེམས་ཅན་སྣ་ཚོགས་དོན་བྱེད་པ་ལས་འཇུག་པ་མེད་དོ་ཞེས་པའོ།། དེ་ཁོ་ན་མངོན་པར་བྱེད་པས་སྣ་ཚོགས་སྟོན ་པས་གསུངས་པ། དྲིལ་བུ་ལག་གཉིས་གསུངས་པ་ཡོཾ་ཞེས་པའོ།། མ་བྱུང་བའི་སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པ་ལ་གནས་པར་མི་བྱའོ།། ཞེས་གསུངས་པ་གཉིས་ཀས་ས་བོན་བཟླས་པར་བྱ་ཞེས་པ་ལ་སོགས་པའོ།། གཡོན་དུ་འཕེན ་པའི་ལྷ་མོ་ནི།། ཁཱ་ནི་ལྷོ་རུ་ཕྱོགས་པར་འགྱུར་ཞེས་པ་ནི། ལྷ་མོ་གཡོན་པ་འཕེན་ནས་གནས་པ་ནི་ལྷོར་ཁ་བལྟ་བར་བཞག་པར་བྱའོ་ཞེས་པའོ།། རྡོ་རྗེ་དེ་ནི་ཡང་འཕགས་པས་ཞེས་པ་ནི། རྡོ་རྗེ་སེམས་དཔའ ་དེ་ཡང་བྱང་དུ་ཁ་བལྟས་ནས་གནས་པར་བྱའོ་ཞེས་པ་ཇི་སྙེད་པའོ།། རྐང་མཐིལ་གཉིས་ཀྱང་བཙིར་བར་བྱ་ཞེས་པ་ནི། ལྷ་མོའི་རྐང་མཐིལ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ལག་མཐིལ་གཉིས་ལ་གཟིར་བར་བྱའོ་ཞེས་པའོ།། རྡོ་རྗེ་གཡ ་སུ་ནུ་མོ་སྟེ། དེ་བཞིན་གཅིག་གིས་གསོང་བར་རོ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་དྲིལ་བུ་ལག་པ་གཉིས་ག་ཡིས།། རྐང་པ་བསྣམས་ནས་རྩེ་བར་བྱ་ཞེས་པ་ནི། དེ་ལ་དྲིལ་བུ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། དེའི་ལག་པ ་གཉིས་ཀྱིས་རྡོ་རྗེ་དཔའི་རྐེང་པར་ཇི་ལྟར་ཤིན་ཏུ་བསྡམ་པར་གྱུར་པ་དེ་ལྟར་གཟིར་བར་བྱའོ་ཞེས་པའོ།། རྡོ་རྗེ་གཡས་སུ་ནུ་མ་སྟེ། དེ་བཞིན་གཅིག་གིས་གསང་བར་རོ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་ལག་པ་གཡོན་པས་གསང་བ་ལ་རེག ་ཅིང་གཡས་པས་ནི་ནུ་མ་ལ་གཟིར་བར་བྱའོ་ཞེས་པའོ།། དྲིལ་བུ་རྡོ་རྗེ་ཁ་དག་དང་། ཡང་དང་ཡང་དུ་ཕྲད་པར་བྱ། ཞེས་པ་ནི། དེ་ལ་དྲིལ་བུ་ནི་ཤེས་རབ་མའོ།། རྡོ་རྗེ་སེམས་དཔའི་ཁའི་ཁ་ལ་སོགས་པ་འོས་བཏབ་པ་ནི། གནས་དགུ ་ལ་ཡང་ནས་ཡང་དུ་གཡས་སུ་འཁོར་ནས་འོས་བཏབ་པར་བྱའོ།། ཞེས་པའོ།། ས་བོན་གཉིས་བཅས་བཟླས་པོ་ཡིས། ཞེས་པ་ལ་སོགས་པས་ནི། ཐབས་དང་ཤེས་རབ་གཉིས་ཀྱིས་ཇི་ལྟར་རང་རང་གི་ས་བོན་བཟླས་ཏེ། ལྷོའི་ཕྱོགསུ ་གནས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་བསྒྲལ་བར་བྱའོ་ཞེས་པའི་དོན་ཏོ།། རྐང་པ་མཉམ་པར་ནུབ་ཕྱོགས་ནི་ཞེས་པ་ལ་སོགས་པས་ནི་ནུབ་ཕྱོགས་ཀྱི་བྱེད་པ་བརྩམས་ནས། གཉི་ག་རྐང་པ་གཡས་པ་མཉམ་པོར་སྟབས་ཀྱིས་བཞག ་སྐྱེ། རྐང་པ་གཡོན་པའི་པུས་མོ་གཉི་གས་ཕན་ཚུན་གནོན་པར་བྱའོ།། དེ་ལྟར་ཡང་སྨྲས་པ། དཔུང་པས་དགུག་པའི་བཱཪྻ་ནུ་མར།། གསུམ་འདུས་མདུན་དུ་ཟིལ་གནོན་ཏེ། ཟུར་གསུམ་གནས་ལ་ལག་སྦྱོར་བ།། ཁཱ་སྤྲད་ཁ ་སྦྱོར་དྲན་པའོ།། མགྲིན་པའི་ལྷག་ཁུང་ཕུན་ཚུན་དཔུང་པའི་ཞབས་པས་དཀྲིས་ཏེ། དྲིལ་བུའི་ལྕེ་དྲི་བས་རྡོ་རྗེ་སེམས་དཔའི་ལྕེ་ལ་རོག་སྟེ། འགུལ་བས་ཇི་ལྟར་རང་གི་ས་བོན་བཟླས་པར་བྱའོ་ཞེས་པའི་དོན་ཏོ།། ད་ནི་བྱང་གི་འཕེན་པ ་གསུངས་སོ།། ཇི་ལྟར་མགྲིན་པའི་རྒྱབ་དུ་དཀྲི་བར་བྱའོ་ཞེས་གསུངས་པ། རྡོ་རྗེ་མཉམ་པའི་དབུས་སུ་ན~ཾ། ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་དཔུང་པ་གཉིས་ཀྱི་ལྷ་མོའི་མཉམ་པའི་དབུས་སུ་ནུ་མའི་དྲུང་དུ་དཀྲི་སོ་ཏེ། དྲིལ་བུ ་ལག་པ་གཉིས་ཀྱིས་ཀྱང་རྡོ་རྗེ་སེམས་དཔའི་རྣ་བའི་རྩར་བརྩིར་བར་བྱ་སྟེ། སྦྱར་ནས་སེན་མོ་གདབ་པར་བྱའོ་ཞེས་པའི་དོན་ཏོ།། དེ་ལྟར་ཡང་སྨྲས་པ། འཁྱུད་པ་དང་ནི་བཏབ་པ་དང་།། སོས་བཏབ་དེ་བཞིན་སེན་མོ་རྒྱབ།། སྟེང་ནི་རྣམ་པ་ལྔ ་ཤེས་ཏེ།། འོག་མ་ཡིད་ནི་རྣམ་པ་བཞི།། སེན་མོ་གདབ་པ་ལག་གཡོན་གྱིསོ།། ལྟེ་བའི་རྩ་དང་མཚན་དུ་ཡང་།། ཡན་ལག་མཆོག་དང་སྤྱི་བོ་དང་།། གླང་ཚེན་ལག་པ་བཞིན་དུ་རེག་ཅེས་པའོ།། ཀུན་བསྡམས་མ་མཆུ་གཉིས་ཀྱིས་ནི།། ་ཞེས་པ་ལ་སོགས་པས་ནི་དགའ་ནས་རྗེས་སུ་ཆགས་ཏེ། མ་མཆུ་ཕན་ཚུན་བཏུང་བར་བྱའོ།། ཞེས་པའི་དོན་ཏོ།། སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་ནི་དོན་གས་ལོ་དྲིལ་བུའི་ལྷའི་སྦྱོར་བ་རྣམས་ཤེས་པ་ལ ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལུས། རྡོ་རྗེ་སེམས་དཔའི་ལུས་ལ་སྔགས་ཀྱི་ཡི་གེ་བརྒྱད་གོང་ནས་གསུངས་པའི་རིམ་པས་བསྒོམ་པར་བྱའོ་ཞེས་པའོ།། དེ་ལྟར་དེ་ཁོ་ན་ཉིད་སོ་སོར་བྱེད་མ་ཐག་ཏུ་ལྷ་མོ་དང་། རང་གི་ལུས་ནི་ཆོས ་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐབས་ཀྱི་བདག་ཉིད་རྣམ་པར་རྟོག་པ་མེད་པའི་བདག་ཉིད་དུ་སེམས་གྱུར་པ་ལ་བྱ་སྟེ། ཡང་སེམས་དེའི་རྒྱབ་ཏུ་གྱུར་པ་རྣམ་པར་རྟོག་པ་དང་བཅས་པའི་དབྱངས་དང་བསྟོད་པ་བརྗོད་པས་བསྐུལ་ཏེ། སེམས་ཅན་གྱི་དོན་གྱི ་རྒྱུའི་ཕྱིར་བསླང་བར་བྱའོ།། དེ་ལྟར་དཔལ་གསང་བ་འདུས་པའི་ཏནྟྲ་ལས་གསུངས་སོ།། རྡོ་རྗེ་སེམས་དཔའི་བདག་ཅེས་བརྗོད་ཅེས་པ་ལ་སོགས་པའོ།། ལངས་མ་ཐག་ཏུ་ཆགས་པའི་སེམས་ཀྱིས་ཤེས་རབ་མ་དང་བཅས་པས། རྡོ་རྗེ་སེམས ་དྲིཔའོ་ང་རྒྱལ་ཏེ། ཨོཾ་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་པས་བྱ་བའི་དོན་ཏོ།། མེ་ཏོག་རྣམས་ནི་ཆུ་སྐྱེས་རྣམས།། ནང་གི་གསང་བའི་མཚན་ཉིད་ཀྱིས།། མྱུ་གུ་རྩ་བ་མེ་ཏོག་ནི།། བནྡུ་ཀ་ནི་འབར་བས་འདྲ།། ཞེས་པ་ནི་པདྨ་དམར་པོ་དང་འདྲ་བའི་ནུང ་གི་དབུས་སུ་གསང་བར་གནས་པ་མཁའ་འགྲོ་ཆུའི་རྩ་ཞེས་ཇི་སྙེད་པའོ།། དེ་ཡང་མིང་དང་གཟུགས་ཀྱི་མྱུ་གུར་སྐྱེས་པ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། ས་བོན་ལ་སོགས་པའི་རྐྱེན་ཞེས་པའི་དོན་ཏོ།། དེ ་ལྟར་ཡང་གསུངས་པ། ཉི་ཤུ་རྩ་བཞི་རྩ་རྣམས་ནི།། རྒྱུད་ཆེན་ལྷ་མོ་རྩ་རྣམས་ཏེ།། དེ་ལ་མཁའ་གྲོ་མཆུ་ཡི་རྩར།། མཁས་པ་ཡིས་ནི་བསྐུལ་བར་བྱ་ཞེས་པའི་དོན་ཏོ།། མཐོང་ཀ་གཉིས་དང་ཁ་གཉིས་ལ།། ཁོང་པ་ལ་ཡང་གཅིག་བརྗོད།། ་ལྔ་ཡི་གེ་ཁ་དགོད་པ།། རྟག་ཏུ་ཁཾ་བས་ལ་བསྐུལ་བར་བྱ།། གང་ཞིག་རྐང་མཐིལ་ལ་འགུལ་བ།། མཁས་པས་རྐང་པའི་མཐེ་བོར་ཡང་།། སྤྱི་བོར་གསུམ་འདུས་བརླ་གཉིས་ལ།། ལག་པའི་རྩ་ལ་རེག་པར་བྱ་ཞེས་པའོ།། ནང་གི་གསང་བའི ་པདྨ་དེ་རྒྱས་པ་ལ་ཇི་ལྟར་ས་བོན་དུ་འགྱུར་ཞེ་ན། གསུང་གཐོང་ཀ་གཉིསུ་ས་བོནནཱཾ་ཟླ་པ་ལ་སོཌ་པ་སྟེ། དེ་ཐོང་ཀ་གཉིསུ་ས་བོནི་སྟག་མོའི་ས་བོན་ནོ།། རྣམས་ཞེས་བྱ་བའི་ཚིག་སྟོན་པས་ན་བརྩེགས་པའི་ཡི་གེ་བཞི་ཆར་གཟུང་ངོ་ཞེས་པའི་དོན་ཏོ།། ས་ལ་སོགས་པ་བཞི ་ཁོ་ན་དང་། ཡི་གེ་བརྒྱད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ན། འགྲོ་བ་དང་སྐྱེ་བ་དང་འཁོར་བ་ལ་གནས་པའི་གཟུགས་ཡིན་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ།། ཇི་ལྟར་སྡེ་གས་ཚན་གསུམ་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ། ་ལྷ་མོ་གཟུགས་ནི་བསམས་ནས་ནི་ཞེས་པ་ནི། ས་བོན་དེ་ཁོ་ནས་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསྐྱེད་པར་བྱའོ།། ཞེས་པའོ།། སའི་ཞེས་པ་ནི་ཡི་གེ་ཧཱུཾ་ངོ་།། དབུས་སུ་ཐིམ་པར་བྱ་ཞེས་པ་ནི་སྙོམས་པར་འཇུག་པའི་སྦྱོར ་བ་ཇི་སྙེད་པའོ།། དོན་ཁོ་ན་གསལ་བར་བྱེད་པས་གསུངས་པ། དུས་ཀྱི་མེ་དང་ཡི་དགས་མེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དུས་ཀྱི་མེ་ཞེས་པ་ནི་ལག་པ་གཡས་པའོ།། ཡི་དགས་མོ་ཞེས་པ་ནི་ལག་པ་གཡོན་པའོ།། ཕན་ཚུན ་ལག་པ་གཉིས་ཀྱིས་འཁྱུད་ནས། ལག་པ་གཅིག་དང་ལྷན་ཅིག་ཏུ་འབྲེལ་པའི་གནས་ལ་རྩེ་གསུམ་གྱི་ཚུལ་དུ་བཞག་པར་བྱ་བ་སྟེ། སྲིད་པའི་ཐབས་ཀྱིས་གཟུགས་སོ།། བདུད་རྩི་བཏུང་བའི་སེམས་ཀྱིས་ནི ་ཞེས་པ་ལ་སོགས་པ་ནི་དོན་གསལ་བའོ།། ཡན་ལག་བཅོ་བརྒྱད་གནས་དག་ལ་ཞེས་པ་ལ་སོགས་པ་ནི་ཟླ་བའི་ཆ་ཤས་ཀྱི་ཚུལ་གྱིས་སྔོན་དུ་བཤད་ཟིན་ཏོ།། མཁའ་འགྲོ་མ་ཡི་ཆུ་འདྲའོ།། ཞེས་པ་ནི་དེ་ལ་འགྲོ་མཆུ་ཞེས ་བྱ་བ་ནི་གསང་བའི་པདྨའི་རྩ་བའོ།། ཕྱག་རྒྱ་དེ་ལ་བསྐུལ་བར་བྱ་ཞེས་པ་ནི། གལ་ཏེ་ཤེས་རབ་མ་སྲ་བར་འགྱུར་ན། དེ་ཚེ་གླང་ཆེན་གྱི་ལེག་པ་ལ་སོགས་པ་ནི་ལས་ཇི་ལྟར་བཞུ་བ་དེ་ལྟར་བྱའོ།། དེ་ལྟར་ཡང་གསུངས་པོ། ཡན ་མཆོག་ནི་གཉིས་ཤེས་ཏེ།། དེ་བཞིན་དེ་ནི་མཆོག་དེང་སྲ།། སྲ་བ་ལ་ནི་རྒྱུ་བྱས་པ།། བྱས་པ་རིགས་ཀྱི་བུ་མེད་མིན་ཞེས་པའོ།། གཡས་ཀྱི་རྡོ་རྗེའི་མཆུ་རྣམས་ཞེས་པ་ལ་སོགས་པས་ནི་དུས་མཉམ་པོ་ཇི་ལྟར་གྱུར་པ་དེ་ལྟར་རྔོ ་རྗེའི་ཆུ་ཟག་པའི་རྒྱུ་བྱའོ།། དེ་ཁོ་ན་སེམས་འདོད་པ་བསྐུལ་བའི་དོན་དུ་ཐོང་དང་ཡང་གནས་དོག་ཏུ། དེ་ནས་སེན་མོ་གདབ་པར་བྱ་ཞེས་པའོ།། དེ་ནས་རྡོ་རྗེ་རྩེ་ཕྱག་རྒྱ་ཞེས་པ་ལ་སོགས་པས་ནི་བཤད་ཟིན་པའི་དོན་ཁོ་ན་གསལ ་བར་བྱས་པའོ།། རྡོ་རྗེ་རོལ་པའི་རྐང་པ་ཡིས་ཞེས་པ་ལ་སོགས་པས་ནི་ཕན་ཚུན་རོལ་པ་ལ་འཕེན་པས།། བདེ་བའི་སྟན་རྣམ་པོར་བཀོད་པ་སྣ་ཚོགས་བཀོད་པ་སྣ་ཚོགས་བཀོད་པའི་བྱེད་པ་དང་། དབྱིགས་ལ་སོགས་པའི་རྣམ ་འབྱོར་པ་དང་། རྣལ་འབྱོར་མའི་གསང་བའི་རོལ་པ་བཤད་པར་བྱའོ།། དྲིལ་བུ་རོལ་པའི་ཚུལ་གྱིས་ནི་ཞེས་པ་ལ་སོགས་པས་ནི།། སེམས་དཔའི་སྐྱིལ་མོ་ཀྲུང་བྱེད་པ་རྡོ་རྗེ་སེམས་དཔའི་བརླའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ ་གནས་ཏེ། བརླའི་ཞབས་པས་སྐུ་ལྔ་དཀྲི་བར་བྱའོ་ཞེས་པའི་དོན་ཏོ།། སྙིང་པོ་མེད་པའི་འཁོར་བ་སྟོང་པ་ཞེས་པ་ལ་སོགས་པ་ནི་དེ་ལ་སྙིང་པོ་ཞེས་པ་ནི་མཁོའ་འགྲོ་མེའི་དྲི་བའི་སྡོམ་པ་ཞེས་བྱའོ།། འདུས་པ་ཞེས་པ་ནི་སོངས ་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རང་བཞིན་ནོ།། དེ་བས་ན་སངས་རྒྱས་ཐམས་ཅད་ཀྱིས་གང་མཁའ་འགྲོ་མའི་དྲ་བའི་བདེ་མཆོག་དེ་ཐོབ་བོ།། གང་ལས་ཡིན་ཞེས་ན། གསུངས་པོ། གོང་མའི་ཚིག་སྙིང་པོ་མེད་པའི ་འཁོར་བྱ་སྟོང་པ་ཞེས་སོ།། ཅི་འདྲི་བ་ཡིན་ཞེ་ན་གསུངས་པ། འཇིག་རྟེན་ལ་ནི་དཔེ་བྱས་པ།། ཆུ་ཤིང་ལ་ནི་སྙིང་པོ་མེད།། དེ་ཡི་འབྲས་བུ་སྙིང་པོ་ཅན།། བཟའ་བ་ལ་ནི་བདུད་རྩི་འདྲ་ཞེས་སོ།། དོན་ནི་འདི་ལྟར་གསུངས་པར་འགྱུར ་ཏེ། གོང་དུ་གསུངས་པའི་རོལ་པའི་ཐབས་བྱ་བ་ལ་སོགས་པ་སྙིང་པོ་མེད་པའི་ཡིས།། ཇི་ལྟར་བུ་རམ་ཤིང་གི་ཞིང་ལུད་ཀྱི་ཕུང་པོ་བསོགས་པས་བཀང་བ་ལྟར་བདུད་རྩི་དང་འདྲ་བའི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་འབྲས་བུ ་བསྐྱེད་པར་འགྱུར། ཞེས་པའོ།། ལུང་ལྀས་ཀྱང་གྲགས་ཏེ། འདི་ལྟ་སྟེ། ཀྱེ་འོད་སྲུངས་ཇི་ལྟར་ལུད་ཀྱི་ཕུང་པོ་བུ་རམ་ཤིང་གི་ཞིང་ལ་སོགས་པ་ལ་ཕན་པར་འགྱུར་པ་དེ་ཁོ་ན་ལྟརོ།། ཀྱེ་འོད་སྲུང་འདོད་ཆགས་པ་རྣམས་ཀྱང་ཐམས ་ཅང་མཁྱེན་པ་ལ་ཕན་པར་བྱེད་པར་འགྱུར་རོ་ཞེས་གྲགས་སོ།། དངོས་ཞེས་པ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་གྲོལ་བ་ཞེས་པ་ནི་བསལ་ཡོངསུ་བོར་བའོ།། དེ་ལ་དངོས་གྲུབ་ནི་ཞེས་པ་སྟེ། ཐར་པ་གྲུབ་པའོ་ཞེས་པའོ།། དེ ་ལྟར་ཡང་འཕགས་པ་ལྷའི་ཞངས་ཀྱིས་གསུངས་པ། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་ཐར་པར་ཞེས་པའོ།། ཕན་ཚུན་འཁྱུད་པའི་སྦྱོར་བྱས་ཏེ་ཞེས་པ་ནི། ཐབས་དང་ཤེས་རབ་འདུད་བའོ།། ཅིའི་ཕྱིར་ཡིན་ཞེ་ན། གསུངས་པ། ་དེ་ཡིས་ཐམས་ཅད་དོན་ནི་བྱེད་པར་འགྱུར་ཞེས་པ་ནི། སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་པའི་དོན་ཏོ།། དེས་ནི་རྣལ་འབྱོར་མའི་ཡེ་ཤེས་ཀྱི་སྡོམ་པ་ལ་གཞན་གྱིས་འཁོར་བ་ལ་སྙིང་པོ་མེད་པ་ཡིན། ་ཞེས་ཇི་སྙེད་པའོ།། སྨན་ལོ་སོགས་པའི་ཁྱད་པར་དང་། འཕེན་པ་དང་ནི་ལྡན་པར་བྱ།། ཞེས་པ་ནི་སྟང་སྟབས་བྱ་བ་དང་སྨནི་གྱི་ཁྱད་པར་བྱ་བའོ།། ཁྱད་པར་སྒྲ་ནི་ཉེ་བར་བླང་བས་ན་ཁྲི་ཉིས་སྟོང་པ་ལས་གསུངས་པའི་མཚན་ཁུང་སྦྱོར་བ་དང་། ་བོར་ཚིག་འདུས་པ་གསུངས་ཏེ། དེ་ལ་མཚོན་ཁུང་སྦྱོར་བ་ནི་འདི་ལྟ་སྟེ། རྒྱལ་བ་ལྷོན་ཅིག་གཙུག་ཏོ་ར་ཛཱ་རི་ལག་པའི་མཆི་མ་བུ་མོཾ་དང་། རལ་པ་མི་དང་དགའ་བ་འཇིགས་པ་རྨོངས་པ་རྒྱལ་བ་རྡོ་རྗེ་རྣམས།། བཞི་ཆ་བཞི་རུ་བྱས་ཏཽ་ལྔ་ཡི་ལུས ་ཀྱི་ཡང་བསྲེས་ན། ཁྱི་དང་བུད་མེད་དབང་དུ་སྦྱོར་བ་སུམ་ཅུ་རྩ་བཞི་ཆ་ཞེས་པ་ལ་སོགས་པ་མཆན་ཁུང་སྦྱོར་བ་མཐར་ཐུག་པ་བྲི་བར་བྱའོ།། གུར་གུམ་དང་ཞེས་པ་ནི་གསལ་ཏོ།། སྦྱོར་བའི་གནས་སུ་ཞེས་པ་ནི་ཆ་མཉམ་པོར་སྦྱོར་བའོ།། ་དབང་པོ་ལག་དང་ཞེས་པ་ནི་རྩ་བ་སོར་མོ་ལྔའི་ཚུལོ།། བདག་ལྷའི་ནི་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་ལྔའི་དྲི་མའོ།། ཡན་ལག་ལྔ་ཞེས་པ་ལ་སོགས་པས་ནི་གཅིག་ལྷ་མོའི་ཁྱད་པར་དང་ལས་ཀྱི་ཁྱད་པར་གྱི་དོན་ཤེས་པར་བྱ་བ་དེ ་གོ་སླའོ།། གཞན་ཡང་འཕེན་པའི་ཐབས་དག་ནི་ཞེས་པ་ལ་སོགས་པས་ནི་འཕེན་པ་བཅོ་བརྒྱད་གསུངས་ཏེ། ཀུན་ཏུ་ཕྱོགས་དང་མཚམས་བཅད་ལ་གནས་པའི་བགེགས་འཕྲོན་པ་དང་། གཏོང་བ་བསྐྲད་པར་བྱའོ་ཞེས་ཇི་སྙེད་པའོ།། ་དེ་ཡང་ཕྱི་དང་ནང་སྟེ། ཕྱིའི་འཕེན་པས་ནི་ཕྱིའི་བགེགས་རྣམས་བསྐྲད་པར་བྱའོ།། ནང་གི་འཕེན་པས་ནི་ནང་གི་བདུད་བསྐོད་པར་བྱའོ་ཞེས་པའོ།། གཉིས་ནི་སྦྱར་ནས་འཕེན་པ་ཡིས་ཞེས་པ་ནི་ཁ་སྦྱོར་བ་སྟེ། དེ་ཁོ་ན་ནི་དོན་དམ་པའི་ཕྱག ་རྒྱ་ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ཕྱོག་རྒྱ་དེ་ཉིད་བཅིང་བར་བྱ་ཞེས་པོ་ནི་མཚན་ཉིད་གོང་དུ་བཤད་ཟིན་ཏོ།། མཉམ་པོའི་ཐབས་ཞེས་པ་ནི་རྐང་པ་ཕན་ཚུན་སོར་མོའི་མཐེ་བོའི་གཤིབས་ནས་སྦྱོར་བས་མཉམ་པོའི་ཐབསོ།། ་དབྱེ་བའི་ཐབས་ཞེས་པ་ནི་དྲི་ཁོ་ན་རྐང་པ་གཅིག་བཀུག་ན་དབྱེ་བའི་ཐབས་སོ།། ཟླུམ་པོའི་ཐབས་ནི་ཁྲུ་དོའི་ཕྱི་རོལ་ཏུ་རྐང་པ་སོར་མོའི་ཕྱི་རོ་བལྟས་པར་བྱ་སྟེ། སྤུས་མོ་གཉིས་ཡར་བསྒྲེང་བ་མར་བཀུག་ནོས་ངང་པའི་གཤོག་པའི་ཚུལ ་ནི་ཟླུམ་པའི་ཐབས་སོ།། སྟིར་ཀྲ་མའི་ཐབས་ནི་ཞེས་པ་ནི་རྐང་པ་གཡས་པ་ས་ལ་བཞག་སྟེ། རྐང་པ་གཡོན་པས་འཇིག་རྟེན་གསུམ་འགོམ་པའི་ཚུལ་གྱིས་འགྱང་བག་གིས་ཡར་བཏང་བ་ནི་སྟི་ར་ཀྲ་མའི་ཐབས་སོ།། རུ་སྦལ་གྱི ་ཐབས་ཞེས་པ་ནི་གཡས་པའི་རྐང་མཐིལ་བྱིས་གཡོན་པའི་བྱོལ་ལཱ་གནོན་པར་བྱཱ་དྷཱ་ནི་རུ་སྦྲུལ་གྱི་ཐབ་ས།། གཡས་བརྐྱང་བ་ནི་གཡོན་པའི་རྗེ་དྲར་བཀུག་ནས་གཡས་པ་མཐོ་ལྔའི་ཚད་དུ་བརྐྱང་བ་ནི་གཡས་བརྐྱང་བའི ་ཐབས་སོ།། གཡོན་བརྐྱང་བ་དང་། ཞེས་པ་ནི་དེ་ལ་གཡས་པ་བཀུག་ནས་གཡོན་ཁོ་ན་བཞིན་དུ་བརྐྱང་པོའི་གཡོན་བརྐྱང་བའོ།། གཅིག་ཏུ་གཡས་པ་དང་ཞེས་པ་ནི། རྐང་པ་གཅིག་ལར་བཏེག་ནས་གཅིག་གིསཽ་གཡསུ་བསྐོར་བི་ནོ་གཅིག ་ཏུ་གནས་པའོ།། གདུག་པ་ཞེས་པ་ནི་རོལ་པ་ལ་སོགས་པས་འཕན་ནས་དེ་ལྟར་ཕྱོགས་སུ་ཁ་བལྟས་ནས་གནས་པའོ།། རྐང་པའི་འཕེན་པ་དང་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་རྐང་པ་འཕེན་པས་ན། རྐང་པའི་འཕེན་པའོ།། གལ་ཏེ་བདེན་ན ་ཕྱེ་བ་ལ་སོགས་པ་ལ་ཐམས་ཅད་འདུས་པས་ཕྱི་ཅི་ལོག་པའི་བརླ་དགོད་པར་སྦྱོར་བ་ཡང་དེའི་སྐད་ཅིག་མ་དེའི་སྐད་ཅིག་མ་དེ་ཁོ་ན་ཆད་པ་གོང་དུ་འབྱུང་། གཉི་ག་ཡིས་ཀྱང་མེད་པར་བྱའོ།། མཆོད་སྡོང་གི་ཚུལ་དང་ཞེས་པ་ནི་རྣལ་འབྱོར་མའི ་རྐང་པ་གཉིས་བསྡུས་ནས་ཕྱེ་ལ་བཞག་པར་བྱོས་པ་ནི། མཆོད་སྡོང་གི་ཚུལ་ལོ།། དེ་ལྟར་ཡང་སྨྲས་པ། གཅིག་ཏུ་བཀུག་ནས་བཞག་པ་ནི་། བུད་མེད་པུས་མོ་བཀུག་པ་སྟེ།། འདུག་པའི་སྐྱེས་བུ་དང་ལྡན་པ།། རྐང་པ་གཟུང་ཞེས་རབ ་ཏུ་གྲགས།། པུས་མོ་གནས་པ་དང་ཞེས་པ་དང་།། པུས་མོ་གཉིས་ཕན་ཚུན་གཤིག་ནས་གཡོན་གྱི་གློན་གཟིར་བ་ནི། པུས་མོས་གནས་པའོ།། ལེགས་པར་འདུས་པ་དང་ཞེས་པ་ནི། རྡོ་རྗེ་སེམས་དཔའ་དཔུང་པའི་ཞབས་ཤེས་ཀྱི་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་མགུལ་པ་ནས་བརྟན་པོར་འཁྱུད་དེ་ལྷ་མོའི་རྗེ་ངར་སྟེང་དུ་བཀོད་ནས་ཁ་སྦྱོར་བ་དེ་ནི་ལེགས་པར་འདུས་པའོ།། དེ་ལྟར་ཡང་སྨྲས་པ། བུད་མེད་མགུལ་པ་དམ་པོར་འཁྱུད།། ཕོ་ཡིས་དཔུང་པ་གཉིས་ཀས་ཀྱང་།། གྲུ་མོ་གཉིས ་ལ་བཞག་པ་ནི།། བུདུ་མེད་རྗེ་ངར་འདུས་པར་བཤད་ཅེས་པའོ།། མཉམ་པར་གནས་པ་དང་ཞེས་པ་ནི་གཉིས་ཀ་གནས་པའོ།། དུས་ཀྱི་མེ་ཡི་སྙིང་པོ་དང་། ཞེས་པ་ནི། ལྷ་མི་རྐང་མཐིལ་གཡས་ཀྱིས་རྡོ་རྗེ་སེམས་དཔའི་སྙིང་གར ་བཞུག་པ་ལ་སོགས་པ་ཐོང་ཀ་བགྲོད་པ་ཞེས་བྱ་བ་བྱེད་པའི་དུས་ཀྱི་མེའི་སྙིང་པོའོ།། དེ་ལྟར་ཡང་སྨྲས་པ། བུད་མེད་རྐང་པའི་མཐིལ་བཞག་པ། པོ་ཡི་སྙིང་ཁའི་ལྔ་ནི་ཡང་།། ཐོང་ཀ་གཉིས་ཀྲ་བགྲོད་པ་ཡིས།། འདུག་རྐང་བ་བརྐྱ་པའོ།། བསྲེབ6 ་པ་ནི་དོན་བསལ་ལོ།། གྲནས་ངན་པ་དང་ཞེས་པ་ནི་འགུལ་ནས་འདུག་པ་དེ་ནི་ཐང་ཁོབ་པའི་སྤྱོད་པ་སྟེ། གནས་ངན་པའོ།། དེ་ལྟར་ཡང་སྨྲས་པ། དེ་ལ་འདུག་པ་པོའི་བརླ་བཞག་པ།། བུད་མེད་རྗེ་ངར་མཐའ་ཁོབ་བཤད།། ཕྱི་རོལ ་བུད་མེད་རྐང་པ་ནི།། འཕེན་པ་དབུས་ཀྱི་ཚུལ་དུ་འདོད།། གཅིག་ཏུ་འདུས་པ་ཞེས་པ་ནི་གོང་དུ་གསུངས་པའི་ལེགས་པར་བསྡུས་པ་ཁོ་ན་ལ་རྐང་པ་གཅིག་འདུས་པ་ན། རྐང་པ་གཅིག་ཏུ་བསྡུས་པའོ།། དེ་ལྟར་ཡང་སྨྲས་པ། འདུས ་པཾ་ཡི་ཕོ་དང་ལྡན་པ།། དེ་ཡི་རྩེ་གསུམ་འབྱུང་བའི་ཕྱིར།། ཕྱིན་ཅི་ལོག་པར་རབ་སྦྱོར་བ།། བཀྲམ་པ་དག་ནི་ཡང་དག་འབྱུང་།། བཅོ་བརྒྱད་དག་གི་འཕེན་པ་ཡིས།། མཆོད་པའི་དུས་སུ་རབ་སྦྱོར་བྱ་ཞེས་པ་ནི། ཕྱི་ནང་གི་མཆོད་པ་ལ ་འདི་ལྟར་རིམ་པར་སྦྱོར་བར་བྱའོ།། ཡོན་ཏན་ཀུན་གྱི་སྦྱོར་བ་ཡིས་ཞེས་པ་ནི། ཇི་ལྟར་འབྱོར་པ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་མཆོད་པར་བྱའོ་ཞེས་པའོ།། སྙིངྒ་གར་མཉེ་བ་དང་། ཞེས་པ་ལ་སོགས་པས་ནི། ་དཔུང་གི་བྱེད་པའི་སྟེ་གོ་སླའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དགོ། ཅེས་པ་ལ་སོགས་པས་ནི་རྒྱས་པར་སྔོན་དུ་བཤད་ཟིན་ཏོ།། འདིར་ནི་མདོར་བསྡུས་པ་བཤད་དེ། རྡོ་རྗེ་ཞེས་པ་ནི་ཉེ་བར་ལེན་པའི་རྐྱེན་ནོ།། དྲིལ་བུ་ཞེས་པ་ནི་ལྷན་ཅིག་བྱེད་པའི ་རྐྱེན་ཏོ།། དེ་གཉིས་སྦྱོར་བས་མིང་དང་། གཟུགས་ཀྱི་མྱུ་གུ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་སེམས་ཅན་གྱི་དོན་བྱེད་པ་སྦྱོར་བ་འབྱུང་ངོ་།། དེ་ཁོ་ན་མེད་པར་ནི་མི་འགྲུབ་པོ་ཞེས་གསུངས་པ། མཚན་མོ་ཟླ་བ་མེད་པའི་ཞེས་པ་ལ་སོགས་པའོ།། ་ཨཱ་ལི་ཀཱ་ལི་ཐོགས་བསྒོམས་ན་ཞེས་པ་ནི།། གོང་དུ་གསུངས་པའི་རིམ་པོས་བསྒོམ་མོ་ཞེས་པའི་དོན་ཏོ།། ཐབསོ་དང་ཤེས་རབ་ཕྱིན་པ་རྣམས།། འཁོར་བ་བརྒལ་བར་གནས་པར་འགྱུར་ཞེས་པ་ནི། དོན་ཇི་ལྟར་འགྱུར་ཞེ་ན། བླུན་པོ ་དང་ཉན་ཐོས་ལ་སོགས་པ་ནི་མི་བརྒལ་ལོ་ཞེས་པའི་ཐ་ཚིག་གོ།། དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཉན་ཐོས་ཐམས་ཅད་སྐལ་ངན་ཏེ།། ཤིན་ཏུ་མྱ་ངན་འདས་ཕྱིར་རོ།། ཕྱི་རོལ་གྱི་མུ་སྟེགས་པ་རྣམས་ལ ་ཡང་གསུངས་པ། མུ་སྟེགས་ཐམས་ཅད་སྐལ་ངན་ཏེ།། བདག་དང་བདག་གིར་འཛིན་ཕྱིར་རོ།། ཞེས་སོ།། དེ་བས་གསུངས་པ། སེམས་ནི་ཤེས་ལྟར་དག་པ་ལ།། དེ་ཡི་ཆོས་ནི་བསྟན་པར་བྱ་ཞེས་པ་སྟེ། དེ་དག་ཀྱང་ཟབ་མོའི་ཆོས་སྟོན་པ་ཡིས ་ཐེ་ཚོམ་བསྔལ་ནས་མཉམ་པ་ཉིད་དུ་བྱས་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དེ་ཁོ་ན་ཉིད་འདི་བསྟན་པར་བྱའོ་ཞེས་པའོ།། སེམས་ཅན་དྲོན་བྱ་ཕྱི་རུ་ནི།། ནན་ཏན་དེ་ཁོ་ན་ཉིད་དམིགས་ཞེས་པ་ནི་རང་བཞིན་མོད ་བསྒོམ་པ་ཡིས་རང་གི་སེམས་མཉམ་པ་ཉིད་དུ་བྱ་སྟེ། ཇི་ལྟར་གསུངས་པའི་སྙིང་རྗེ་ལྷའི་སྦྱོར་བ་ཡིས་བསྙེན་པར་བྱའོ་ཞེས་བྱའོ།། གལ་ཏེ་དེ་ཁོ་ན་ཉིད་དམིགས་སུ་མི་ནུས་ན། ཇི་ལྟར་བྱ་ཞེ་ན་གསུངས་པ། ནང་གི་ས་བོན་དབུས་གན ་བ། ཨཱ་ལིས་ས་བོན་གཟུང་བར་བྱ་ཞེས་པ་སྟེ། དེ་ལ་ནང་གི་གསང་བའི་ས་བོན་ཞེས་པ་ནི་ཧཱུ~ཾ་ངོ་།། ཕྱོགས་ཀུན་ནོས་ནི་ཐལ་སྦྱོར་ཏེ་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་དྲ་བ་ལ་བསྟོད་པ་དང་། ་མཆེད་པ་ལ་སོགས་པས་བསྟོད་ནས་སྨོན་ལམ་གདབ་པར་བྱའོ་ཞེས་པའོ།། ཀྱེ་མའོ་ཆོས་ཀྱི་མཆོག་གི་ལོ་མ་ཞེས་པ་ལ་སོགས་པ་ནི་དོན་གོ་སླའོ།། ཡི་གེ་གཉིས་འགྱུར་ཐིག་པ་དང་། ཞེས་པ་ལ་སོགས་པ་ནི་གོང་དུ་བཤད་ཟིན་པའི་ཕྱིར ་ནི་འདིར་མི་འགྲེལ་པའོ།། ས་རྡོ་རྗེ་སློབ་དཔོན་དཔལ་དགེ་བའི་གོ་ཆས་མཛད་པ་དཔལ་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་རྣམ་པར་བཤད་པ་རྫོག་སོ།། ་དེ་དག་གདན་གསུམ་ནི་སྒྲུབ་པ་པོ་དགེ་བའི་གོ་ཆས་སེམས་ཅན་ལ་ཐུགས་རྗེ་དགོངས་ནས་མཛད་དེ། གདན་འདི་ནི་གླེང་གཞིའི་ནང་ན་མཁའ་འགྲོ་མ་རྣམས་ཀྱིས་མ་གནང་ངོ་ཞེས་ཀྱང་ཟེར། ཊཱི་ཀ་མཛད་པའི་ཐད་ཀ་ནས་མཁའ་འགྲོ་མ་དང་ཞལ ་མཇལ་ནས་གྲུབ་སྟེ་མི་སྣང་བར་སོང་ངོ་།། ཞེས་ཀྱང་ཟེར། ཕྱི་ནས་རྒྱ་གར་གྱི་མཁན་པོ་སྨི་ཏི་ཛྙཱ་ན་ཀཱརྟིས་བླ་མའི་རྒྱུད་ལས་ཐོས་པ་ཇི་བཞིན་དུ་དེ་ལྟར་གང་ན་བཞི་པའི་གདན་ཕྱི་མའི་ཊཱི་ཀཱ་འདི་བརྩམས་སོ།། དེ་ནས ་ཐུགས་རྗེ་ཆེན་པོས་སྐྱེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའས་ཕྱག་ན་རྡོ་རྗེ་ལ་བསྐུལ་བ། ཉོན་ཅིག་རྡོ་རྗེ་ཇི་ལྟར་ལ་མ~ཾ་ཞེས་པ་ལ་སོགས་པ་གསང་བའི་གདན་གྱི་ལེའུ་དང་པོ་བརྩམས་སོ།། སློབ་དཔོན་ཡོ་ན~ཾ་ཏཱན་ཅི་འདྲ་དང་ཞེས་པ་ལ ་སོགས་པ་ནི་ཕྱག་ན་རྡོ་རྗེ་སླར་ཞུས་པ་སྟེ། དེ་ལ་སློབ་དཔོན་ཡོན་ཏན་ཅི་འདྲ་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་ཡན་ལག་དང་ཉིང་ལག་གི་ཡོན་ཏན་ཅི་འདྲ་ཞེས་ཞུས་པའོ།། སློབ་དཔོན་ཇི་ལྟར་སྦྱར་བ་དང་ཞེས་པ་ནི། སློབ་དཔོན་གྱི་ཡོན ་ཏྲན་གང་དང་ལྗོན་པ་ལ་བྱ་ཞེས་ཞུས་པའོ།། བླ་མ་ཞེས་བགྱི་ཇི་ལྟར་ལགས་ཤེས་པ་ནི་རྡོ་རྗེ་སློབ་དཔོན་བརྙས་པའི་སྡིག་པ་དང་། བསྟོད་པའི་བསོད་ནམས་ཇི་ལྟར་ཡིན་ཞེས་ཞུས་པའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྡོ་རྗེ་སློབ ་དཔོན་གྱི་ཡན་ལག་གི་ཡོན་ཏན་སྟོན་འདོད་པས་གསུངས་པ། ལག་ན་རྡོ་རྗེ་དེ་ཉིད་ཉོན་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྱང་ཆུབ་རྫོགས་པའི་མཚན་ཉིད་ཀུན་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དངོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་མཚན་ཉིད་དོ་ཞེས་པའི་དོན་ཏོ།། ཡན་ལག་བྱང་ཆུབ་སེམས་དཔའ་སྟེ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཡན་ལག་བྱང་ཆུབ་སེམས་དཔའི་རང་བཞིན་ཡིན་ནོ་ཞེས་པའི་ཐ་ཚིག་གོ། སྤྱི་གཙུག་དག་ཏུ་རིགས་ལྔ་སྟེ་ཞེས་པ་རྡོ་རྗེ་སློབ་དཔོན་གྱི ་དབུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔས་དབུ་བརྒྱན་ནོ་ཞེས་པའི་དོན་ཏོ།། འཇིག་རྟེན་པ་ནི་རྐང་པའི་གདན་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་རྐང་མཐིལ་གྱི་གདན་ནི་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པའི་དངོས་པོ་ཞེས་པའི་ཐ་ཚིག་གོ། ་འོད་ཟེར་གནོད་སྦྱིན་གསང་ལ་སོགས་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གསང་བའི་རིས་གནོད་སྦྱིན་ལ་སོགས་པའི་རང་བཞིན་ནོ་ཞེས་པའོ།། ཡེ་ཤེས་ཅན་གྱི་ཤེས་བྱའི་རྟགས་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་དེ་འདྲ་བ་ཡེ་ཤེས་ཅན ་སློབ་མས་ཤེས་པར་བྱའོ།། ད་ནི་སློབ་དཔོན་ཇི་ལྟར་སྦྱོར་བ་དང་ཞེས་པའི་ལན་བཤད་འདོད་པོས་གསུངས་པ་དུལ་ཞིང་ཞི་བའི་ཆ་བྱད་ཀྱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དུལ་ཞིང་ནི་ལུས་ངག་གི་སྒོ་ནས་སོ།། ཞི་བའི་ཆུ་བྱད་ཅེས་པས་ནི། ་ཁྲོ་བོའི་ཚུལ་མེད་པའོ།། སྙིང་རྗེ་ཕན་པའི་སེམས་ཀྱིས་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱའོ་ཞེས་པའོ།། ཕན་པའི་སེམས་ཀྱིས་ཤེས་པ་ཕྱི་ནས་སེམས་ཅན་ཀུན་སྡུག་བསྔལ་ཀུན་དང་བྲལ་བར་བྱའོ་ཞེས་པའི་ཤེས་རབ་བོ།། དེ་ཁོ ་ན་བཅུ་ཡོངས་སུ་ཤེས་ནཱ་ཞེས་པའི་རྡོ་རྗེའི་དེ་ཁོ་ན་ཉིད་དང་། དྲིལ་བུའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། སྦྱིན་སྲེག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན ་ཉིད་དང་། རྡུལ་མཚོན་གྱི་དེ་ཁོ་ན་ཉིད་དང་། གཏོར་མའི་དེ་ཁོ་ན་ཉིད་དང་། དབང་བསྐུར་བའི་དེ་ཁོ་ན་ཉིད་དང་། བཅུ་པོ་རྣམས་སོ།། ད་ནི་བླ་མ་ཞེས་བགྱི་བ་ཇི་ལྟར་ལགས་ཞེས་པའི་ལན། བླ་མ་ལ་བཀུར་བའི་དོན་བསྟན་པར་གསུངས་པ། ་གཞན་ཡང་ཉོན་ཅིག་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སློབ་མས་སྤྱོད་པའི་ལས་རྣམས་ནི་ཞེས་པ་ནི་སློབ་མས་སློབ་དཔོན་ལ་བྱར་མི་རུང་བ་རྣམས་སོ།། གསང་བ་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར ་བུའོ།། དམ་ཚིག་ཚུལ་ཞེས་པ་ནི་དམ་ཚིག་གི་སྡོམ་པའོ།། རྣལ་འབྱོར་གཏོར་མ་ཞེས་པ་ནི་མཁའ་འགྲོ་མའི་གཏོར་མའོ།། གསང་བ་ལ་སོགས་པ་ནི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་སོགས་པའི་མཆོད་པའོ།། མྱུར་དུ་མན ་མེད་ལྟུང་བར་འགྱུར་ཞེས་པ་ནི་དེ་དག་ལ་སུན་དབྱུང་བའི་སློབ་མ་ནི་ཚ་བའི་དམྱལ་བ་མ་ནུར་མེད་པར་སྐྱེ་བར་འགྱུར་རོ་ཞེས་པའོ།། མལ་དང་ལྷམ་དང་སྟན་རྣམས་དང་ཞེས་པ་ནི་སློབ་དཔོན་གྱི་མལླ་སོགས་པ་ལ་འགོམ་པ་དང་། སློབ་དཔོན ་གྱི་མིག་མི་ཉན་པ་ནི་ཆེ་འདིར་ནོར་མེད་ཅིང་དཔལ་ཡང་མེད་པར་བདུད་དྲང་བགེགས་ཀྱིས་བརྩེ་བར་འགྱུར་རོ་ཞེས་པའོ།། གལ་ཏེ་གྲིབ་མ་འགོམས་འདས་ན།། མཆོད་རྟེན་བཤོག་པ་བྱས་པ་དང་འདྲ་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གྲིབ ་མ་འགོམ་པ་ནི་མཆོད་རྟེན་བཤིག་པའི་ལས་མཚམས་མེད་པ་ལྔ་དང་ཉེ་བའི་ལས་ཡིན་པས། མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ།། མཚམས་མེད་པའི་ལོས་ནི་མནར་མེད་པའི་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར།། ་དེ་བས་ན་མི་བྱའོ་ཞེས་གསུངས་པ། རྡོ་རྗེ་སློབ་དཔོན་སྨོད་རྣམས་ནི་ཞེས་པ་ལ་སོགས་པའོ།། དམང་དུ་མི་རུང་བཙོའི་ཕྱིར་ཞེ་ན་གསུངས་པ། སྔགས་དང་ཕྱག་རྒྱ་སྦྱོར་ལ་སོགས།། དེ་ཡི་ལམ་གྱིས་འགྲུའོ་ཕྱིར་རོ་ཞེས་པོ་སྟེ། སློབ ་དཔོན་གྱི་བཀའ་ལུང་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱག་རྒྱ་དང་སྔགས་ལ་སོགས་པ་ཐོབ་པའི་ཕྱིར་རོ།། ད་ནི་སློབ་མ་གཟུང་བ་ལ་དང་པོ་བསླབ་པ་བྱིན་ནས་གཟུང་ཞེས་པ་ནི། དཀྱིལ་འཁོར་དང་ལ་སོགས་པའི་སྒྲ་ཡིས་དབང་བསྐུར་བ་དང་། ་གཏོར་མ་རྣམས་བསྟན་ནོས་སློབ་མ་གཟུང་བར་བྱའོ།། ཞེས་དབང་བསྐུར་བའི་ཁྱད་པར་དེ་ཁོ་ན་བཤད་འདོད་པས་གསུངས་པ། གྲོང་དུ་ཡི་གེ་གཅིག་གིས་ན།། སངས་རྒྱས་ལྔ་རུ་བསྟན་པར་བྱ་ཞེས་པ་སྟེ། དེ་ལ་སྤངས་རྒྱས་ལྔ ་ཡི་གེ་ཧཱུཾ་སྟེ་དབྱིག་པ་འཇིག་རྟེན་དབང་ཕྱུག་གོ་ཞེས་གསུངས་པའི་ཕྱིར།། དོན་ནོ་འདི་ལྟ་སྟེ། སློབ་མ་དང་པོར་ཡིག་འབྲུ་གཅིག་ལ་སྙིང་པོ་ཧཱུཾ་བསྟན་ནས་དབང་བསྐུར་བར་བྱའོ་ཞེས་པའོ།། སྔགས་ཀྱི་དབང་དང་ལྡན་པ་ཡིས།། ཡི ་གེ་བརྒྱད་དག་ཐོ་སྒོམ་པར་བྱ་ཞེས་བཱནྟི། དེ་ལ་ཡི་གེ་བཻ་རྒྱུད་ནི་སུཾ་ཀྵ~ཾ་སུ~ཾ་ཧཱུཾ། སྨྲྀ་ཧཱུ~ཾ་སྨྲྀ་སྨྼ;ྻུཾ་ཞེས་པའོ།། དོན་ནི་འདི་ལྕི་སྟེ། སློབ་མ་ལ་ཡི་ག་འབྲུ་བརྒྱད་བཀོད་ནས། སྔགས་ཀྱི་དབང་བསྐུར་མ་ཐག་ཏུ་སྤྱི་བ་ལ་སོགས་ཡན ་ལག་བརྒྱུད་ལ་ཡི་གེ་འབྲུ་བོ་རྒྱད་སྒོམ་ཞིང་བསྟན་པར་བྱའོ་ཞེས་པའི་དོན་ཏེ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་གཉིས་མེད་གཏོར་མའི་དབང་བསྐུར་བ།། དེ་ཡི་ཆོས་ཀྱང་ཤེས་པར་འགྱུར།། ཞེས་པ་ནི་ཆོས་ཉིད་ཀྱི་དངོས་དང་དངོས་མེད་གཉིས་སུ ་མེད་པའི་ཆོས་སློབ་མ་ལ་བསྟན་ནས་གཉིས་སུ་མེད་པོའི་དབང་བསྐུར་བ་ཡིན་ནོ་ཞེས་པའི་དོན་ཏོ།། སྦྱོར་བའི་དབང་དང་ལྡན་བྱ་བ།། ཡེ་ཤེས་རྣམ་ཤེས་བསྟན་པ་ཡིན་ཞེསོ།། རྡོ་རྗེ་སློབ་དཔོན་དབང་བསྐུར་བ།། ཞེས་པ་ལ་སོགས ་བ་ནི་དེ་ལ་ཡེ་ཤེས་ནི་ཐབས་སྟེ་ལྷའོ།། རྣམ་ཤེས་ཏེ་ཤེས་རབ་སྟེ་ལྷ་མོའོ།། དེ་ཉིད་སྦྱོར་བའི་དོན་བསྟན་ནས་སྦྱོར་བའི་དབང་བསྐུར་བའོ།། དེ་ལྟར་ཡང་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ།། ་སྦྱོར་བ་ཞེས་སུ་གྲགས་པ་ཡིན་ཞེས་སོ།། དེ་ལ་གསང་བ་ནི་ལྔ་སྟེ། སྲོག་གཅོད་པ་དང་མི་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། འདོད་ཆགས་ལ་སོགས་ཉོན་མོངས་པ་མ་སྤངས་པའོ།། དེ་ལ ་སྲོགས་གཅོད་པ་ནི་ཉོན་མོངས་པ་སྤངས་པའོ།། མ་བྱིན་པར་ལེན་པ་ནི་ཉན་ཐོས་ལ་སོགས་པ་ལོ་མ་བྱིན་པའི་དམ་རྫས་བླང་བའོ།། འདོད་པས་ལོག་པར་གཡེམ་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས ་པ་ལ་སོགས་པ་བསྒོམ་ནས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པ་སྤྱོད་པའོ།། བརྫུན་དུ་སྨྲ་བ་ནི་ཡང་དག་པའི་དོན་བརྗོད་དུ་མི་ལང་བས་བསྔགས་བཟླས་པའི་བརྫུན་དུ་སྨྲའོ།། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་སྤངས ་པ་ནི་ཡང་དག་པའི་འདོད་ཆགྲོས་ལ་སོགས་པ་དང་ལྡན་པའོ།། སོགས་ཤེས་པའི་སྒྲ་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་། མཆོད་པ་དང་། གཏོར་མ་ལ་སོགས་པའོ།། དོན་ནི་འདི་ལྟ་སྟེ། སློབ་མ་གསང་བ་ལ་སོགས་པ་ཐམས ་ཅད་བསྟན་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བར་འགྱུར་རོ་ཞེས་པའོ།། དང་པོར་བསླབ་གཞི་གཟུང་ནས་སུ་ཞེས་གསུངས་པ། དེ་ཇི་ལྟར་བྱ་ཞེས་ན་གསུངས་པ། དང་པོར་རེ་ཞིག་སློབ་མ་རྣམས།། བསླབ་པའི་དོན་དུ་གསོལ་བ་བདབ ་ཅེས་པ་སྟེ། སློབ་མ་རྣམས་ཀྱི་སློབ་དཔོན་ལ་སློབ་མའི་དགའ་བ་གང་ཡིན་པས་ཞུ་བར་བྱའོ་ཞེས་པའོ།། དེ་ལྟར་ཞུ་བར་བྱ་ཞེ་ན་གསུངས་པ། བླ་གོས་ཕྲག་པ་གཅིག་གཟར་ནས་ཞེས་པ་ལ་སོགས་པས་སོ།། སློབ་དཔོན་གྱིས་བསླབ ་བ་ཇི་ལྟར་སྦྱིན་པར་བྱ་ཞེ་ན་གསུངས་པ། བླ་མི་སྟན་ལ་བཞུགས་ནས་སུ་ཞེས་པ་ལ་སོགས་པ་སྟེ། གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སློབ་དཔོན་གྱིས་ཕྱག་གཡས་པས་པུས་མོ་ས་ལ་གཙུག་པའི་སློབ་མའི་ཐལ་མོ་ལ་གཟུང ་ནས་བསླབ་པ་སྦྱིན་ནོ་ཞེས་པའི་ཐ་ཚིག་གོ། སློབ་དཔོན་ལ་ས་ལ་པུས་མོ་གཙུག་ཤིང་ཐལ་མོ་སྦྱར་བའི་སློབ་མས་ཞུས་པའི་ཚིག་གང་ཡིན་ཞེ་ན། གསུངས་པ། སངས་རྒྱས་ཆོས་དང་དགེ་འདུན་དང་། ཞེས་པ་ལ་སོགས་པ་དང་པོ ་གཟུང་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨྨ་ཡོ་ག་ཤུདྡྷ་ཧཾ་ཞེས་པའི་བར་དུ་སྟེ། དེ་ལ་མ་བརྒལ་བ་རྣམས་བདག་གིས་བསྒྲལ་ཞེས་པ་ནི་སྲིད་པའི་རྒྱ་མཚོ་ལ་ལྷུང་བའི་སེམས་ཅན་ཡང་དག་པོའི་རིག་པ་དང་མི་ལྡན་པས། ངན ་སོང་གསུམ་ནི་མ་བསྒྲལ་ཞེས་པའོ།། དེ་དག་ཡང་དག་པའི་ཆོས་ཀྱི་དོན་བསྟན་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་བཞིན་དུ། དམྱལ་བ་ལ་སོགས་པ་ན་འགྲོ་སྟེ། ཆོས་སྟོན་ཞིང་ཡང་དག་པའི་རིགས་པ་དང་ལྡན་པར་བྱས་ནས ་སྲིད་པའི་རྒྱ་མཚོ་ལས་དབྱུང་བར་བྱའོ་ཞེས་པའི་ཐ་ཚིག་གོ། མ་གྲོལ་བ་རྣམས་བདག་གིས་དགྲོལ་ཞེས་པ་ནི། ངན་སོང་ནས་ཡང་བྱུང་ནས་ཡོང་བདག་དང་བདག་གིར་འཛིན་པ་རྣམས་ཀྱིས་སྲིད་པའི་འདོད་ཆགས་ལ་སོགས་པའི་བཅིང་བ ་ལས་མ་གྲོལ་བ་ནི་ལྷ་དང་མིའོ།། དེ་དག་ཡང་ཆོས་ཐམས་ཅད་བདག་མེད་པའི་དོན་བསྟན་ནས་འདོད་ཆགས་ཀྱི་བཅིང་བ་དང་། ཞེ་སྡང་གི་བཅིང་བ་དང་། གཏི་མུག་གི་བཅིང་བ་ལས་གྲོལ་བར་བྱ་ཞིང་། མྱ་ངན ་ལས་འདས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ལྟར་རྗེ་སུ་བརྩེ་བའི་ཕྱིར་ཞེས་པ་ནི། དེ་ལྟ་བུའི་སྲིད་པའི་རྒྱ་མཚོ་ལ་ལྷུང་བའི་ངན་སོང་གསུམ་དང་མཐོ་རིས་གཉིས་ལ་བྱང་ཆུབ་ཀྱི་བསད་པ་དང་། གསོད་དུ་འཇུག་པ་མ་ཡིན་པའི་སྒོ་ནས་གནོད ་པར་མི་བྱ་སྟེ། བརྩེ་ཞིང་གདུང་བར་བྱའོ་ཞེས་པའོ།། སློབ་མ་དེ་དག་ལ་གདན་ལ་བཞུགས་པའི་སློབ་དཔོན་གྱིས་སླར་ལན་བཏབ་པ་སྟེན་འདོད་པས་གསུངས་པ། ལུས་ཀྱི་རྣམ་པ་གསུམ་ཉིད་དང་། ཞེས་པ་ལ་སོགས་པ་ནས་ཇི་ལྟར་གསུངས ་བའི་ཆོསཽ་བསྟན་བྱ་ཞེས་བྱ་བའི་བར་དུ་སྟེ། དེ་ལ་ལུས་ཀྱི་རྣམ་པ་གསུམ་ཉིད་ནི་ཞེས་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་འ་ལོག་པར་གཡེམ་པའོ།། དགྲ་གི་སྤྱོད་པ་རྣམ་བཞི་དང་ཞེས་པ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ ་དང་ཚིག་རྩུབ་དང་། ཚིག་བརླང་བའོ།། ཡིད་ཀྱིས་ཀྱང་ནི་རྣམ་གསུམ་སྟེ་ཞེས་པ་ནི། བརྒྱབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བའི་ལེགས་པར་བསྡུམས་པས་ལུས་བསྲུང་དེ་ཞེས་པོ་ནི། མི་དགེ་བ་བཅུ་ལས་ཁྱོད་ཀྱིས་ཕུང་པོ་གཟིམ ་བར་བྱའོ་ཞེས་བྱའོ།། མཉམ་ཉིད་ཡེ་ཤེས་སེམས་ཀྱིས་སུ།། ཇི་ལྟར་གསུངས་པའི་ཆོས་བསྟན་བྱ།། ཞེས་པ་ནི་སློབ་མ་བདག་གཞན་མེད་པའི་སེམས་བསྐྱེད་ན་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན ་བར་བྱའོ།། དེ་ལྟར་ཆོས་བསྟན་པའི་འོག་ཏུ་བསླབ་པ་ཇི་ལྟར་སྦྱིན་པར་བྱ་བྷཱ་ན། གསུངས་པ། དེ་ནས་གོས་ཀྱི་མག་བཀབ་ཅིང་ཞེས་པ་ལ་སོགས་པའོ།། དེ་ལ་གཏོར་མ་རི་ས་རུ་ཞེས་པ་ནི་ཕྱི་ནང་གི་སྒོའི་བར་གྱི་སའོ།། སློབ་དཔོན ་ལ་སློབ་མས་བསླབ་པ་ཇི་ལྟར་སྦྱིན་པའི་མདུན་དུ་ཡང་ཕྱག་འཚལ་བའི་ཚིག་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ངོས་ཀྱི་སྐུ་ཞེས་པ་ལ་སོགས་པའོ།། དེ་ནས་སློབ་དཔོན་གྱི་སློབ་མ་ལ་སྨོན་ལམ་བཏབ་པའི་དོན་འདོད་པས་གསུངས་པ། ་སློབ་མ་ཤེས་པ་དོན་དམ་སྨྲ་བོའི་སེང་གེ་ཡིས།། ཉོན་མོངས་སྲིད་པ་ཉེས་པ་བསྐྱེད་པའི་ས་གཞོམ་དང་།། རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པའི་ཕྱིར།། རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་གྱུར་ཅིག་ཅེས་དེ་ཤེས ་བྱའི་ཆོས་ལ་དོན་དམ་པའི་ཚིག་གིས་བརྗོད་ནས་སེང་གེ་བཞིན་དུ་རྟོག་པ་དང་བྲལ་ནས་སྲིད་པའི་རྒྱུར་གྱུར་པ་ཉོན་མོངས་པ་གཅོད་པའི་དོན་དུ་རྣལ་འབྱོར་ཆོ་ག་དང་།། རྣལ་འབྱོར་གྱི་དོན་དམ་པ་རྒྱལ་པོ་དེ་ཉིད་སློབ་མ་ལ་གྲུབ་པར་ཤོད ་ཅིག་ཅེས་པའོ།། དེ་ལྟར་སྨོན་ལམ་བཏབ་པའི་འོག་ཏུ་སློབ་མའི་ལུས་ངག་ཡིད་ལ་ཡི་གེ་བཀོད་པ་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབ་པ་ཞེས་པ་ནི་སློབ ་མའི་ལུས་ངག་ཡིད་ལས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་མ་ཐག་ཏུ་ནུ་མའི་བར་དུ་ཡང་ཡིད་དམ་གྱི་ལྷའི་ས་བོན་གྱིས་སེམས་ལ་བཀོད་པར་བྱ་སྟེ། ཕྱག་རྒྱ་བཞིས་གདབ་པར་བྱ་བའི་ཕྱིར་རོ།། བདུད་རྩི་ལྔ་དང་ལྡན་པ་ཡི། ་སུ་སྨི་སྟན་།། ང་ས་ན་མྦྷ་ཀྵྨ། སདྡྷ། ལྡན་པའི་དམ་ཚིག་དུ་རྩ་འངལ་རྒྱུ་ནས་།། ་གསུངས་པ། ཧ་ཞེས་པ་ཡིས་ཁ་དོག་འཕྲོག་ཅེས་པོ་ལ་སོགས་བཱ་སྟེ་དོན་བཤད་ཟིན་ཏོ།། དམོ་ཚིག་ཕྱོག་ཟིན་མ་ཐག་ཏུ་གདོང་གཡོགས་པཀྲོལ་ནས་སྨྱེ་མ་བརྒྱད་ཕྱག་བྱའོ་ཞེས་གསུངས་བྱ། དེས་ནི་མིག་གྲོལ་མཐོང་མ་ཕྲག།། ཐམས ་ཅད་ཡན་ལག་ལྔས་ཕྱག་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བའི་གདན་ལ་དབུལ་བར་བྱ་ཞེས་པ་ནི་མེ་ཏོག་གི་ཕྲེང་བ་ལག་པར་གཟུང་ནས་དཀྱིལ་འཁོར་གྱི་སྟེང་དུ་གཏོར་ལོ་ཕྱག་བྱའོ་ཞེས་པའོ།། དེ་ཁོ་ནའི་དོན་གསུངས་པ་དེ་ནས ་བརྟག་པར་བྱ་བ་ཡང་ཇི་ལྟར་བརྟགས་ནི་བསྟན་པར་བྱ་ཞེས་པ་ནི། གོང་དུ་དཀྱིལ་འཁོར་གྱི་སྙིང་ན་གཏོར་མའི་མེ་ཏོག་གི་ཕྲེང་བ་ཕྱོགས་གར་ལྷུང་བ་སློབ་དཔོན་གྱིས་མཚན་མ་གཟུང་བར་བྱའོ་ཞེས་པའོ།། དཀྱིལ་འཁོར་ལ་མེ་ཏོག ་གང་ཡང་རྒྱོ་བ་ལ་ལྷུང་བའི་ལྷ་དེ་ནི་སློབ་མ་ལ་ཡི་དོམ་གྱི་ལྷར་སྦྱིན་པར་བྱའོ་ཞེས་སྟོན་པས་གསུངས་པ། ཇི་ལྟར་ལུས་དང་ལྡན་པ་ནི།། མཁས་པ་ཡི་ནི་སྦྱིན་པར་བྱ་ཞེས་པའོ།། དེ་ལོ་ལུས་དང་ལྡན་པ་ནི་ཞེས་པ་ནི་སླེབ་མའི་ལུས ་དང་། མེ་ཏོག་གི་མཚན་མའི་ལྷ་དང་སྦྱོར་བར་བྱའོ།། ཞེས་པའོ།། མཁས་པ་ཡིས་ཞེས་པ་ནི་སློབ་དཔོན་ནོ།། དེ་ནས་བསླབ་སོགས་ཡང་བྱས་ཏེ། ཞེས་པ་ནི་གོང་དུ་བསླབ་པ་བྱིན་ཟིན་པའི་སློབ་མ་བརྟག་པའི་འོག་ཏུ་ཡང ་བསླབ་པ་དང་དམ་ཚིག་ཀྱང་སྦྱིན་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ། ཇི་ལྟར་སྦྱིན་པར་བྱ་ཞེ་ན་གསུངས་པ། ཇི་ལྟར་བསྟན་པ་ཡིད་ཀྱིས་བརྟགས་ཞེས་པ་ནི་བསྟན་པ་བསླབ་པའི་ཚིག་ལས་མི་འབྱུང ་བ་གང་དག་ཚིག་སྟེ། འགལ་བ་ཐམས་ཅད་སློབ་དཔོན་རང་གིས་ཡིད་ཀྱིས་བརྟགས་ནས་བྱ་སྟེ། སློབ་མ་ལ་སྨྲ་བར་བྱའོ་ཞེས་པའི་ཐ་ཚིག་གོ། ཡང་བསླབ་པ་སྦྱིན་པའི་སྔོན་དུ་མཁའ་འགྲོ་མ་དང་། སློབ་དཔོན་ལ་སློབ་མས་རང་རབ ་གི་ལུས་དབུལ་བའི་ཚིག་གསུངས་པ། བླ་མའི་ཞབས་ཀྱིས་དྲུང་དུ་ནི་ཞེས་པ་ལ་སོགས་པོ་དང་པོ་ནས། ཨོཾ་སཾ་ཀ་ལཽ་སཏྭ་པ་རི་ཏྲ་ནཱ་ཡཱ། ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ། མི་ཞེས་པའི་བར་དུའོ།། གོང་དུ་བསླབ་སོགས་སྦྱིན་པར་བྱ་ཞེས་པའི ་བསླབ་པའི་ཚིག་ནི་གང་ཞེ་ན། ང་རྒྱལ་ཁྲོ་བ་མེད་བྱ་ཞིང་ཞེས་པ་ལ་སོགས་པ་དང་པོ་གཟུང་ནས། ཨ་ཨ་ཨོཾ་ཨཱཿཧཱུཾ་ཛཿཞེས་པའི་བར་དུ་སྟཾ། དེ་ལ་ཕྱིའི་གཙུག་ལག་ཅེས་པ་ནི། འཇིག་རྟེན་པ་ཡོ་གཙུག་ལྷག་དང་། ་ཆོས་ཀྱི་གཙུག་འགྲ་གོ།། དེ་ལྟར་བསླབ་པ་དང་དམ་ཆོག་བྱིན་ནས་དབང་བསྐུར་བའི་འོག་ཏུ་སློབ་མ་ལ་ས་བོན་བཀོད་པ་གསུངས་པ། རྡོ་རྗེ་ཕྱག་རྒྱ་སོགས་ལྡན་པསོ།། ཡན་ལག་དྲུག་ཏུ་ས་བོན་དགོད་ཅེས་པ་སྟེ། དེ་ལ་རྡོ་རྗེ་ཕྱག ་རྒྱ་ནི་ཞེས་པ་ནི་རྡོ་རྗེ་རྩེ་ལྔའོ།། དེ་ལྟར་ཡང་ནི་པི་ཀ་ལས་གསུངས་པ། ཡེ་རཾ་ཤེས་པདྨ་དང་སྦྱར་ཏེ།། ས་ཡི་དུགས་དང་རྣམ་ཤེས་སྦྱོར།། གཉི་ག་པུ་ན་རྒྱུད་དེ་བཅིངས་ཏེ།། ལྷག་མ་རྣམས་ཀྱི་གྱེན་དུ་བསྒྲེང་།། དུད་པ་དྲི་མ་གསུམ ་སྤངས་ཏེ།། རྩེ་ལྔ་རྡོ་རྗེ་འཛིན་ཅེས་སོ།། ཡན་ལག་དྲུག་དུ་ས་བོན་དགོད་ཅེས་པ་ནི། དེ་ལ་ཡན་ལག་དྲུག་ཅེས་པ་ནི།། སྤྱི་བོ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སྙིང་གའོ།། ས་བོན་ཞེས་པ་ནི་ཀྵུཾ་དང་། ་ཧཱུཾ་དང་། ཡུཾ་དང་། སུཾ་དང་། ཧཱུཾ་ངོ་།། དོན་ནི་འདི་ལྟ་སྟེ། རྡོ་རྗེ་སློབ་དཔོན་གྱིས་རྩེ་ལྔ་པའི་ཕྱག་བཅས་ནས་སློབ་མུའི་སྤྱི་བོ་ལ་སོགས་པ་ལྔ་རེག་ནས་ཡི་གཽ་ཀྵཾ་ལ་སོགས་པ་བརྗོད་ནས་བཀོད་པར་བྱའོ་ཞེས་པའོ།། ཡི་གེ་ལྔ་དྲུག་ཏུ་བྱས ་བཾ་ནྀ་རྣ་བ་དང་སྣ་ལ་ཡི་གེ་ཡུཾ་ཁོ་ན་བཀོད་པས་དྲུག་གོ། གཞན་ཡང་ཆོས་ཐམས་ཅད་ལ།། བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཞེས་པ་ནི། དབང་བསྐུར་བ་དང་། ཡིག་འབྲུ་བཀོད་པ་ལས་གཞན་ལྕོང་དང་མན་ངག་གི་ཆོས་དང་གཞན་ཡང ་ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་སྟོན་པར་བྱའོ་ཞེས་པའོ།། དབང་བསྐུར་ཟིན་མ་ཐག་ཏུ་ཡོན་དབུལ་བའི་དོན་གསུངས་པ། དེ་ནས་རྟག་ཏུ་སློབ་ལ་དཔོན་ལ་ཞེས་པ་ནས། ་བླ་མའི་ཡོན་དུ་དབུལ་བར་བྱ་ཞེས་པའི་བར་དུའོ།། གོང་གི་བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཅེས་པའི་ཚིག་གི་བྱང་ཆུབ་རྫོགས་པའི་རིམ་པ་གང་ཡིན་པ་དེ་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་གསུངས་པ། ཆོས་ཀྱི་རང་བཞིན་དག་པ་རང་བཞིན ་དེ་ནི་ངོ་བོ་མེད། དངོས་པོ་རང་བཞིན་ཡང་མེད་དེ། བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཅེས་པ་སྟེ། དེ་ལ་རང་བཞེ་ན་དེ་ནི་ངོ་བོ་མེད་ཅེས་པ་ནི་ཆོས་ཉིད་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ན། དངོས་སུ་མི་འགྱུར་ཏེ་བསམ་པ་ལས་འདས ་བའི་ཕྱིར་རོ།། ངོ་བོ་རང་བཞིན་ཡང་མེད་དེ་ཞེས་པ་ནི་དམིགས་པའི་ཆོས་རྣམས་ངོ་བོ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་ཞེས་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་ཕྱིརརོ།། དེས་ན་ངོ་བོ་དང་རང་བཞིན་ནི་དབྱེར་མེད་པར་བསྟན་ཏེ། རྟེན་ཅིང་འབྲེལ ་པའི་ཆོས་དང་སྟོང་པ་ཉིད་ཐ་མི་དད་པའི་ཕྱིར་རོ།། དེ་ལྟར་ཡང་ཀླུ་གྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་ལས་གསུངས་པ། ངོ་བོ་ལས་གཞོན་སྟོང་པ་མིན། སྟོང་པ་ལ་ཡང་ངོ་བོ་མེད། དེས་ན་རྟེན་ཅིང་འབྲེལ་པ་སྟོང ་ཉིད། ལྷ་ཁྱོད་ཀྱིས་ནི་བསྟན་པའོ།། ཞེས་པའོ།། ཡང་དང་ཡང་དུ་གཞན་ཡང་བྱང་ཆུབ་རྫོགས་པའི་རིམ་པ་བསོད་ནམས་ཀྱི་ཚོགས་ཀྱི་སྒོ་ནས་གསུངས་པ། སྔོན་དུ་བཟོད་པའི་ཚུལ་གྱིས་ནི། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན ་མཁྱེན་སློབ་མོ་ཞེས་པ་ནི་ཕྱི་ནང་གི་དོན་བསྟན་ཟིན་པར་སློབ་མ་ནི་ཀུན་མཁྱེན་ཞེས་བྱའོ།། མཉམ་ཉིད་ཡེ་ཤེས་བསྐྱེད་ནས་ནི། ཐམས་ཅད་མཉམ་པར་ལྟ་བར་བྱའོ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་སེམས་བསྐྱེད་ནས། སེམས་ཅན ་ཀུན་མཉམ་པོར་བལྟའོ་ཞེས་པའོ།། རྟག་ཏུ་མཉམ་པར་སྤྱོད་པ་ཡི།། སྦྱོར་བའི་བསམ་གཏན་མཆོག་ཏུ་བརྩོན།། ཞེས་པ་ནི་ཡོད་མེད་དམིགས་པར་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། དེ་ཁོ་ནའི་དཔེ་བསྟན་པ། ་སེམས་ཅན་སྦྱིན་ལ་སྲེད་པའི་གཞི།། ཚོང་བཞིན་འདས་བུ་འཕེལ་བ་ཡིས།། དེ་ཡི་མྱུ་གུ་ལྗོན་ཤིང་གིས།། འགྲོ་བའི་ལམ་ནི་འགག་པར་འགྱུར་ཞེས་པ་སྟེ་རྣལ་འབྱོར་པས་སྦྱིན་པ་ལ་སོགས་པ་དམིགས་པའི་ཚུལ་གྱིས་བྱས་ན་ཚོང ་བཞིན་དུ་འཕེལ་ནས་ཚེ་ཕྱི་མ་ལ་འབྲས་བུར་འགྱུརརོ།། འབྲས་བུ་དེ་སྲིད་པའི་དངོས་པོ་ཡིན་པས་མྱ་ངན་ལས་འདས་པའི་འགྲོ་བའི་ལྗོན་ཤིང་བཞིན་དུ་འགག་པར་འགྱུར་རོ་ཞེས་པའི་དོན་ཏོ།། འབྲས་བུ་དེ་ཁོ་ན་གང ་ཞེ་ན་གསུངས་པ། མཐོ་རིས་ལོངས་སྤྱོད་འདོད་ཕྱི་རུ་ཞེས་པ་ལ་སོགས་པ་སྟེ། དམིགས་པའི་ཚུལ་གྱིས་བསོད་ནམས་ཀྱིསྤྱི་མཐོ་རིས་ལྷ་དང་མིར་སྐྱེས་ནས་ལོངས་སྤྱོད་པ་དེ་ནི་སྲིད་པ་ལ་ལྟུང་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། དེའི་ཕྱིར་ན་རྣལ་འབྱོར ་བས་གཉིས་སུ་མེད་པའི་དོན་བསྒོམས་པ་སྤངས་ནས་མཆོད་རྟེན་བསྐོར་བ་ལ་སོགས་པའི་དམིགས་པའི་ལས་ཀུན་མི་བྱའོ་ཞེས་སྟོན་འདོད་པས་གསུངས་པ། མཆོད་རྟེན་ལས་ནི་མི་བྱ་ཞིང་ཞེས་པ་ལ་སོགས་པའོ།། ཅིའི་ཕྱིར་ཞེ་ན། གཙུག་ལག ་རྣམས་ནི་རྙེད་སྨྲ་སྟེ། འདི་ཡི་ལུང་ནི་ཐོས་པ་དཀའ་ཞེས་པ་ལ་སོགས་པ་སྟེ། ཕྱིའི་གཙུག་ལག་རྣམས་ཐོས་པ་དང་། ཤེས་པར་བྱ་བ་ནི་སླའོ།། གཉིས་སུ་མེད་པའི་དོན་མིན་ངག་ཏུ་གྱུར་པ་ནི་སློབ་དཔོན་གྱི་ཞལ་ནས་མ་ཡིན་པ་གཞན ་ནིས་རྙེད་པར་དཀའ་བས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག། བདག་ཉིད་ལྷ་དང་གཞན་ལྷ་དང་།། བདག་ཉིད་ལྷ་ནི་མཆོག་ཡིན་ནོ་ཞེས་པ་ནི། གཞན་སྐུ་གཟུགས་པ་སོགས་པའི་ལྷ་དང་། རང་གི་སྙིང་གར་བསྒོམས་པའི་ཡེ་ཤེས་སེམ ་པའི་ལྷ་གཙོར་གྱུར་པས་ན་བསྒོམ་པ་ཁོ་ན་བསྔགས་པའོ།། དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། ལུས་ལ་ཚད་མ་སེམས་ཡི་ནོ་ཞེས་པའོ།། འོ་ན་ཕྱིའི་གཟུགས་བརྙན་དང་། མཆོད་རྟེན་ལ་སོགས་པ་ཇི་ལྟར་ཡིན་ཞེ་ན་གསུ ་བདག་ཉིད་གཟུགས་སུ་མི་ཤེས་པས།། གཟུགས་བརྙན་ལ་སོགས་པ་བརྟག་པར་བྱ་ཞེས་པའོ།། པཎྜི་ཏྱཱ་སྠི་ཏཱི་ཛྙཱ་ནཀྲཱིཪྵ་ཏིས་མཛད་པའི་བྲལ་ལྡན་གྲདན་བཞི་པ་གཟིགས་པ་ལས། གསང་བའི་གདན་གྱི་ལེའུ་དང་པོའི་རྣམ་པར་བཤད ་པ་རྫོགསོ།། །། དེ་ནི་སློབ་དཔོན་ལུང་ནས་སྟོན་འདོད་པའི་བར་བྱའོ་ཞེས་པའི་ཐ་ཚིག་གི་དོན་སྟོན་འདོད་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དེ་ལ་འབྱོར་པ་རྙེད ་དཀའ་བ་ཞེས་པ་ལ་སོགས་པས་གསང་བའི་གདན་ལེའུ་གཉིས་པ་ལ་སེམས་ཀྱིས་བསྒྲུབ་པ་བརྩམས་སོ།། དེ་ལ་རང་དོན་སྤྱོད་པའི་སྔགས་པ་རྣམས།། དེ་བཞིན་ཉིད་མེད་སྲིད་པར་འཁོར་ཞེས་པ་ནི། རང་གི་དོན་དུ་དམིགས་ནས་སྦྱིན་པ་ལ ་སོགས་པ་གཏོང་བའི་རྣལ་འབྱོར་པ་དང་། གཉིས་སུ་མེད་པའི་དོན་སྟོང་པ་ཉིད་དེ་ཁོ་ན་ཉིད་མི་ཤེས་པ་ནི་མངོན་པར་རྟོགས་པ་དང་ལྡན་ཡང་སྲིད་པས་འཁོར་རོ།། ཞེས་པའི་ཐ་ཚིག་གོ།། དེ་ནས་དེ་བཞིན་གཤེགས་པའི་དོན་ལ་ཐེ་ཚོམ ་ཟོས་པ་ཕྱག་ན་རྡོ་རྗེས་ཞུས་པོ། ཡ་མཚན་ཅན་གྱི་ལུས་དག་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡ་མཚན་ཅན་གྱི་ལུས་དག་ལ་ཞེས་པ་ནི་གཉིས་སུ་མེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་ལ་ཕུང་པོར་སྣང་བའི་ནི་ཡ་མཚན་ནོ།། དེ་ཁོ་ན ་བཤད་པོ་ཆོས་ཉིད་འདི་དག་བསྟན་པ་ཡིན་ཞེས་པ་སྟེ། ཆོས་ཉིད་གཉིས་སུ་མེད་པ་སྟོང་པ་ཉིད་ལས་འདི་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པའོ།། དེ་འདྲ་བའི་ལུས་དེ་ཁོ་ན་ལ་ཚད་མར་གྱུར་པ་གང་ཡིན་ཞེས་ཡང་ཞུས་པ། གང་གིས ་ཚད་མར་སྦྱོར་བ་དང་ཞེས་པ་ལ་སོགས་པའོ།། དེ་ལ་དོན་བསྡུས་པའི་སྒོ་ནས་ལན་གསུངས་པ། ཉོན་ཅིག་ཇི་ལྟར་རྡོ་རྗེ་མཚན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལུས་ལ་ཚད་མ་སེམས་ཡིན་ཏེ་ཞེས་པ་ཁམས་གསུམ ་གྱི་སེམས་ཅན་གྱི་ཕུང་པོ་ལྔའི་ཚད་མ་ནི་སེམས་ཡིན་ནོ་ཞེས་པའི་ཐ་ཚིག་གོ། གང་གིས་ཚད་མ་རྣམས་ཞེས་པ་ལ་སོགས་པ་ནི་ཞུས་པའི་ལན་གསུངས་པ། བདག་གི་ཁམས་ལ་བདུད་རྩི་ཡིས།། གཏོར་མའི་ལས་རྣམ་གསུངས་པ་ཡིན། ་ཞེས་པ་སྟེ། འོག་ནས་འབྱུང་བའི་བདུད་རྩིའི་ཆོ་གས་བདག་གིས་ལུས་ཀྱི་ལྷ་རྣམས་ཚིམ་པར་བྱ་བ་ནི་གཏོར་མའི་ཚད་མ་ཞེས་པའི་ཐེ་ཚིག་གོ།། ཆུ་དང་མེ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། དཀྱིལ་འཁོར་མེ་དང་ཆུ་དག་དང་ཞེས ་བ་སྟེ། ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལུས་ཚད་མར་གྱུར་པ་ནི་དཀྱིལ་འཁོར་ཡིན་ནོ་ཞེས་གསུངས་པའོ།། སྔགས་དང་ཕྱག་རྒྱའི་ཚད་མ་ཞེས་པའོ།། འདི་ལ་འགྲོ་བ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། འབྲས་བུ་ཐོབ ་བའི་རྣལ་འབྱོར་པ།། སྲིད་པའི་རྒྱ་མཚོར་ལྟུང་བར་འགྱུར་ཞེས་པ་སྟེ། གང་ཞིག་ལ་བརྟེན་ནས་བསྒོམ་པར་བྱས་ན། རྣལ་འབྱོར་པའི་སྲིད་པའི་འབྲས་བུར་འགྱུར་ཏེ། དེས་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འགགས་ནས་སྲིད་པ་ལ་འཁོར ་ཏེ། དམིགས་པའི་ཚུལ་གྱིས་བསྒོམ་པའི་ཕྱིར་རོ།། དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་རྣལ་འབྱོར་སྤྱོད་པོ་འདི་དབུ་མ་ལས་གསུངས་པ། གང་དག་སྟོང་ཉིད་མི་ཤེས་པ།། དེ་དག་ཐར་པའི་སྐལ་མི་ལྡན།། སྲིད་པའི་འཁོར་བ་འགྲོ་དྲུག ་ལ།། གཏི་མུག་ཅན་དེ་ཡང་དག་འཁོར་ཞེསོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའས་ལུས་ལ་སེམས་ཚད་མ་བསྟན་པའི་དོན་ལ་ཐེ་ཚོམ་ཟོས་ནས་ཕྱག་ན་རྡོ་རྗེས་ཡང་ཞུས་པ། ཕྱག་ན་རྡོ་རྗེས་ཡང་གསོལ་བ་ཞེས་པ་ལ་སོགས་པའོ།། ་ཞུས་པའི་ལན་རྒྱས་པའི་སྒོ་ནས་སྟོན་འདོད་པས་གསུངས་པ། ཉོན་ཅིག་འཁོར་བ་ཞུས་པ་དེ་ཞེས་པ་ལ་སོཌཱ་པ་སྟེ། དེ་ལ་སེམས་ཀྱི་མཚན་ཉིད་གདུལ་བར་བྱའོ་ཞེས་པ་ནི་འཁོར་པོའི་ནང་ནས་ལུས་ལ་ཚད་མར་གྱུར་པའི་སེམས་དེ་ན་འདུལ ་མྱ་ངན་ལས་འདས་ཏེ། གཞན་དུ་མ་ཡིན་ནོ།། སེམས་དེ་ཁོ་ན་ཁམས་གསུམ་དུ་ཁྱད་པར་དུ་སྣང་བའི་སྟོན་འདོད་པས་གསུངས་པ། མཱ་དྲག་ར་ཡེ་ཤེས་གཟུགས་མེད་པ།། མཁའ་འགྲོ་རླུང་གིས་བསྐྱོད་པ་བཞིན་ཞེས་པ་ནི། ་གོཟུགས་མེད་པའི་ཁམས་སུ་སེམས་ཕུང་པོ་བཞིར་གྱུར་པ་ནི་ན་མཁའ་ལ་རླུང་བཞིན་དུ་རློང་དགར་སྣང་ངོ་ཞེས་པའོ།། གཟུགས་དང་གཟུགས་ནི་སེམས་ཀྱིས་ཀྱང་།། ཏིང་འཛིན་དམིགས་ནས་འགྲུབ་པར་འགྱུར་ཞེས་པ་ནི། དེ་ལ་གཟུ ་དང་ཞེས་པ་ནི་གཟུགས་ཀྱི་ཁམས་སོ།། གཟུགས་ནི་སེམས་ཀྱིས་ཀྱང་ཞེས་པ་ནི། སེམས་དེ་ཆིངས་རིས་ལ་སོགས་པ་གཟུགས་ཁམས་བཅུ་བདུན་དུ་འགྱུར་རོ་ཞེས་པའོ།། ཏིང་འཛིན་དམིགས་ནས་འགྲུབ་པར་འགྱུར་ཞེས་པ་ནི་བསམ ་གཏན་བཞི་རྟོག་དཔྱོད་དགའ་བདེ་བཞིར་དམིགས་པའོ།། དོན་ནི་འདི་ལྟ་སྟེ། གཟུགས་ཁམས་དེ་ནི་བསམ་གཏན་བཞི་ལ་ཕུང་པོ་ལྔར་གྱུར་ནས་གཟུགས་བཅུ་བདུན་དུ་སྣང་ངོ་ཞེས་པའོ།། འདོད་པའི་ལྷ་སོགས་འདོད་ཅན་རྣམས།། རྟག་ཏུ་འདོད ་པ་སྤྱོད་པ་ཡིན་ཞེས་པ་ནི།། འདོད་ཁམས་ན་སེམས་དེ་འདོད་པའི་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་འདོད་པའི་ལྷ་རིས་དྲུག་ཕུང་པོ་ལྔར་གྱུར་ནས། རྟག་ཏུ་འདོད་ཆགས་ཀྱི་ལོངས་སྤྱོད་པ་སྣང་ངོ་ཞེས་པའོ།། དེ་ལྟར་འཁོར ་བའི་མི་རྣམས་ནི།། རང་དགར་ས་དག་འགྲུབ་པར་འགྱུར།། འདོད་པའི་ཁམས་དེ་ཁོ་ན་ལ་ཡང་སེམས་དེ་ནི་དམྱལ་བ་བརྒྱད་དང་ཡི་དགས་དང་། བྱིལ་སོང་དང་། གླིང་བཞི་རྣམས་ལ་ཕུང་པོ་ལྔར་འགྱུར་ཏེ། འཁོར་ཞིང་སྣང་ངོ་།། དེ་ལོ་ཡང་མིར ་འགྱུར་བ་ལ་སེམས་བཏུལ་ནས་འདོད་པའི་ས་མྱ་ངན་ལས་འདས་པ་བསྒྲུབ་པར་བྱའོ།། དེ་བས་ན་ཁམས་གསུམ་ལ་སེམས་གཙོ་བོའི་ཕྱིར་ན་ལུངྒ་ལ་སེམས་ཚད་དོ་ཞེས་གསུངསོ།། དེ་དང་མདོ་ལས་ཀྱང་གསུངས་པ། ཀྱེ་རྒྱལ་བའི་བུ་ཁམས ་གསུམ་ནི་སེམས་ཙ་མོ་ཞེས་པའོ།། ད་ནི་སེམས་འདུལ་བའི་ཐབས་མདོར་བསྡུས་ནས་བསྟན་འདོད་ནས་གསུངས་པ། དེ་ལས་སྒྲོལ་བའི་དངོས་པོ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ལས་སྒྲོལ་བའི་དངོས་པོ་ནི་ཞེས་པ་ནི་དེ་དག་ཁམས ་གསུམ་ལས་གྲོལ་ནས་མྱ་ངན་ལས་འདས་པའི་རྒྱུ་ཉོན་ཅིག་ཅེས་པའོ།། རྒྱུ་གང་ཞེ་ན་གསུངས་པ། འགྲོ་བ་འགྲུབ་བྱེད་རྣལ་འབྱོར་པས།། རྣམ་ཤེས་ལྷན་ཅིག་ཤེས་པར་བྱ་ཞེས་པ་སྟེ། མྱ་ངན་ལས་འདས་པའི་ལམ་སྒྲུབ་པར ་བྱེད་པའི་རྣལ་འབྱོར་བ་ཐབས་དང་ཤེས་རབ་དང་། རང་བཞིན་ལྷན་ཅིགཅིག་པའི་མི་ཤེས་དང་རྣམ་པར་ཤེས་པ་ཁོ་ནའི་མཚོན་ཉིད་ཀྱི་ཕྱོག་ན་རྡོ་རྗེས་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། དོན་དེ་ཁོ་ན་སང་དང་ཡང་དུ་ཞུས་པ། སེམས ་ཀྱི་ངོ་བོ་ཐེ་ཚོམ་ནཱ་ཞེས་པ་ལ་སོགས་པའོ།། དེ་ཁོ་ནའི་ལན་སྟོང་པས་གསུངས་པ། ཤེལ་དང་མཚུངས་པར་སེམས་པ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཤེལ་དང་མཚུངས་པར་སེམས་པ་ནི། ཞེས་པ་ནི་སེམས་ནི་ཉོན་མོངས་པ་བློ ་བུར་ཡིན་པས་ཤེལ་བཞིན་དུ་དག་པ་སྟེ། རང་འ་བཞིན་འོད་གསལ་བའི་ཕྱིར་རོ།། དེ་བས་ན་སྐྱོན་དང་ཡོན་ཏན་སེམས་ལ་མེད་ཅེས་པ་སྟེ་དེ་ལ་སྐྱོན་ནི་ཉོན་མོངས་པའོ།། ཡོན་ཏན་ནི་དེའི་གཉེན་པོ་ལམ་གཉིས་ཀྱི་ཤེས་རབ་བོ།། དེ་གཉིས ་དོན་དམ་པར་མེད་དོ་ཞེས་པའི་ཐ་ཚིག་གོ།། དེ་འདྲ་བའི་སེམས་གཟུང་འཛིན་གྱི་སྒོ་ནས་གཞན་དབང་དུ་འགྱུར་ཏེ། སྲིད་པའི་ཉོན་མོངས་པ་ཅན་དུ་འགྱུརརོ།། ཞེས་སྟོན་པས་གསུངས་པ། སྦྱོར་བ་ཡུལ་དུ་འཇུག་པ་ཡིན།། འཁོར་བའི་སྐྱོན ་གྱིས་གོས་པ་ཡིན་ཞེས་པ་ནི། དེ་ལ་སྦྱོར་བ་ཞེས་པ་ནི་མིག་ལ་སོགས་པ་དབང་པོ་དྲུག། ཡུལ་དུ་ཞེས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་དྲུག་གོ། འཇུག་པ་ཡིས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག། གཟུང་འཛིན་དེ་དོག ་གི་དབང་གི་སེམས་དེ་སྲིད་པའི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་ཞེས་པའོ།། སྲིད་པའི་རྒྱུར་གྱུར་པ་སྤངས་པ་མྱ་ངན་ལས་འདས་པའི་རྒྱུར་གྱུར་པ་ལ་བརྟེན་པར་བྱའོ་ཞེས་གསུངས་པ། ཡུལ་ལ་གནས་པ་སྤངས་ནས་སུ།། ཇི་ལྟར ་གནས་སུ་སྦྱར་བར་བྱ་ཞེས་པ་སྟེ། སྲིད་པའི་དངོས་པོ་ཕྱིན་ཅི་ལོག་པའི་སྤྱོད་ཡུལ་སྤངས་ནས་ཡང་དག་པའི་གནས་པའི་མྱ་ངན་ལས་འདས་པའི་དངོས་པོ་མི་དམིགས་པའོ་ཚུལ་གྱི་ལྷ་མོ་རུ་བསྒོམ་པར་བྱའོ་ཞེས་པའོ།། དེ་ལྟར་ཡང་ཀུན་ནས ་ཉོན་མོངས་པ་འམ་བྱུང་བའི་ཀ་རི་ཀ་ལས་གསུངས་པ། གཞན་ཡང་འདི་ཡི་རང་བཞིན་ནི།། མཚན་ཉིད་ཆ་ནི་གཉིས་པ་སྟེ།། བརྟག་པའི་ཆ་ཡིས་འཁོར་བ་སྟེ།། གྲུབ་པའི་ཆ་ཡིས་མྱ་ངན ་འདས་ཞེས་པའོ།། དེའི་དཔེར་གསུངས་པ། བཽ་དང་སློབ་མ་པསྲབ་པ་བཞིན་ཞེས་པ་སྟེ། སྟོན་དང་ཡོན་ཏན་ཕྱོགས་མེད་པ་ལ་བུ་དང་སློབ་མ་བྱིན་པའི་དུས་ན་ཡོན་ཏན་ཁོ་ན་ལོབས་པར་བྱས་ནས་ཡང་དག་པའི་རིག་པ་དང ་ལྡན་པར་བྱས་པ་བཞིན་དུ་རང་བཞིན་འོད་གསལ་བའི་སེམས་ཀྱང་ཡང་དག་པར་དོན་རྟོགས་པར་བྱས་ནས་མྱ་ངན་ལས་འདས་པར་བྱའོ་ཞེས་པའོ།། དེའི་དབུསུ་ཞེས་བྱ་བ་རྣམ་པར་ཤེས་པོ་མཁའ་བཞིན་བརྟག་ཅེས་པ་ནི། ་སེམས་དེ་ནི་ཡོད་མེད་ཀྱི་དབུས་སུ་བརྟགས་ནས་རྣམ་པར་ཤེས་པ་ཡང་རྟག་ཏུ་ན་མཁའ་བཞིན་དུ་ཐ་སྙད་དུ་ཐ་སྙད་དུ་ཡོད་ལ་སྤྱད་དུ་མེད་པར་སྣང་ངོ་ཞེས་པའོ།། མཚན་ཉིད་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ཁ་དོག་མེད་ཅིང ་མཚོན་ཀུན་དངོས་ཞེས་པ་སྟེ་དེ་ལ་ཁ་དོག་མེད་ཅིང་ཞེས་པ་ནི། སེམས་དེ་དབང་པོ་ལས་འདས་པས་ནག་པོ་དང་། སེར་པོ་ལྔ་སོགས་པའི་དངོས་པོ་མ་ཡིན་ཏེ། དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པ་ཙམ་གྱིས་འབྱུང་བའི ་བའི་ཕྱིརརོ།། མཚོན་ཀུན་དངོས་ཤེས་པ་མཚོན་ཐམས་ཅད་ཀྱི་ངོ་བོ་ཡང་སེམས་ལས་བྱུང་བ་ཡིན་པས་མཚན་ཀུན་དངོས་ཡིན་ཏེ། ཕྱིའི་རྫས་སུ་མེད་པའི་ཕྱིརརོ།། འབྲེལ་བ་མེད་ཅིང་ཞེས་པ་ནི་སེམས་དེ་ཐོགས་པ་མེད ་བའི་ཕྱིར་རོ།། འབྲེལ་པའི་གཟུགས་ཞེས་པ་ནི་སེམས་དེ་ཡང་ཡན་ལག་དང་ཉིང་ལག་ཚང་བའི་གཟུགས་སམ་བུམ་པ་དང་སྣམ་བུ་ལ་སོགས་པར་གྱུར་པའོ།། གཟུགས་མེད་ཅེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་ཉིད ་ཀྱི་ཕྱིར་རོ།། ཐམས་ཅད་གཟུགས་ཅན་དང་ཞེས་པ་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པའི་ངོ་བོ་ཉིད་ཡོན་པའི་ཕྱིར་རོ།། མི་རིང་བ་ནི་ཞེས་པ་ནི་ཆོས་ཉིད་ཀྱི་ཚད་མེད་པའི་ཕྱིར་རོ།། དེ་བཞིན་རིང་ཞེས་པ་ནི་ཆོས་ཉིད་ཀྱི་རང་བཞིན ་མཐའ་ཡས་པའི་ཕྱིར་རོ།། སེམས་ཀྱི་དེ་ཁོ་ན་ཉིད་ཀྱིས་རྫུ་འཕྲུལ་དངོས་མེད་འགྲུབ་པར་འགྱུར་ཞེས་པ་ནི། ཡོད་མེད་དབུས་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་རྫུ་འཕྲུལ་དངོས་སུ་སྣང་བ་རང་བཞིན་དངོས་པོ་མེད་པ་འགྲུབ་པར་བྱའོ་ཞེས་པའི ་ཐ་ཚིག་གོ།། མཚན་ཉིད་མེད་པའི་སེམས་ཀྱིས་ཀྱང་ཞེས་པ་ནི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ།། མཚན་ཉིད་ཐམས་ཅད་སྦྱང་བར་བྱ་ཞེས་པ་ནི་རང་བཞིན་རང་གི་མཚན་ཉིད་བུམ་པ་དང་སྣམ་བུ་ལ་སོགས་པའི་ངོ་བོའི་ཕྱིར་རོ།། ་ད་ནི་དེ་ལྟ་བུའི་རང་བཞིན་སེམས་ཀྱིས་ཇི་ལྟར་བསྒོམ་ཞེ་ན་གསུངས་པ། དངོས་མེད་བསྒོམ་པོའི་དངོས་པོ་ཡིས།། བསྒོམ་པོ་དེ་ནི་དཔྱོད་པར་བྱ་ཞེས་པ་ནི་དོན་དམ་པའི་བདེན་པས་ནི་མེད་ལ། ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་ནི ་བསྒོམ་པ་དཔྱད་པར་བྱའོ་ཞེས་པའོ།། ཇི་ལྟར་དཔྱད་པར་བྱ་ཞེ་ན་གསུངས་པ། གཟུགས་དང་སྟོང་པའི་དབུས་སུ་ནི།། སེམས་ནི་མཁས་པར་བྱ་བ་སྟེ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འབྱུང་བའི་གཟུགས་ལ་སོགས ་པ་ཡོད་པར་དམིགས་པ་དང་རང་བཞིན་གྱིས་འདུ་བྱེད་པའི་ཆོས་སྟོང་པ་ཉིད་དུ་མེད་པ་དེ་གཉིས་དབུས་ཡོད་མེད་ཀྱི་སེམས་ནི་མཁས་པ་རྣལ་འབྱོར་པས་དཔྱད་པར་བྱའོ།། ད་ནི་དེ་ལྟར་དམིགས་པ་ཅན་གྱི་རྣལ ་འབྱོར་པའི་ཡོན་ཏན་གསུངས་པ། ཐམས་ཅད་ཀུན་ཏུ་དམིགས་པ་ཡིས།། རྣལ་འབྱོར་ལུས་ལ་ནད་མེད་འགྱུར་ཞེས་པ་སྟེ། དེ་ལ་རྣལ་འབྱོར་པས་བསྒོམས་ན་སྲིད་པའི་སྐྱོན་ཆད་པ་དང་དངོས་པོའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱའོ།། ་ཡོང་སེམས་ཀྱི་ཡོན་ཏན་བརྗོད་འདོད་པས་གསུངས་པ། གསང་བའི་གསང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་ངའི་གསང་བི་ནི་བརྗོད་དུ་མི་ལང་བའི་ཕྱིར་རོ།། གསང་ཆེན་ཞེས་པ་ནི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ།། ་རྣམ་ཤེས་ཡེ་ཤེས་གསལ་བ་དང་ཞེས་པ་ནི་མཚན་ཉིད་དང་། མཚན་མ་ལས་འདས་པའི་ཕྱིར་རོ།། དེ་འདྲའི་དེ་ཁོ་ན་ཉིད་ཀྱི་སེམས་ནི་བླ་མའི་ལུང་ཁོ་ནས་ཐོབ་ཅེས་གསུངས་པ། གཙུག་ལག་ཀློག་པའི་གསང་བ་ལས་ཞེས་པོ་ལ་སོགས ་པའོ།། དེ་ལྟར་སེམས་ཀྱི་ཚད་དམ་རྒྱད་པར་བཤད་ནས། ཕྱག་རྒྱ་ཚད་མ་རྒྱས་པར་སྟོན་འདོད་པས་གསུངས་པ། མཉམ་པའི་སེམས་དང་བཅས་པའི་ལུས་ཞེས་པ་སྟེ། དེ་ལ་ལུས་གཉིས་གསང་བའི་སྟེང་དུ་བཞག་ཅེས་པ་ནི་སེམས ་བའི་སྐྱིལ་མོ་ཀྲུང་བཅས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་ཕྱགཿསྤང་བར་བྱའོ།། ཞེས་པའོ།། དབུགས་ནི་ལྟེ་བའི་དྲུང་བར་རོ།། ཞེས་པ་ནི་དང་ལཾ་བུམ་པའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་པའོ།། དཀྱིལ་འཁོར་ཚུལ་དུ་སྦྱར ་བར་བྱ་ཞེས་པ་ནི་དགུ་པ་དང་དགྱེ་བ་མེད་པར་དཔུང་པ་བཀྱེདུ་ནས་ཟླུམ་པོར་འཇུག་པར་བྱའོ།། ཞེས་པའོ།། གཞན་ནི་སྦྱོར་བའི་གདུན་ལེའུ་བཞི་པ་ལ་བཤད་ཟིན་པས་མ་འབྲེལ་ཏོ།། ད་ནི་བསྒོམ་དེ་ཁོ་ནའི་འཕྲོ་ཚད་མའི་གཏོར་མ་རྒྱས་པར ་སྟོན་འདོད་པས་གསུངས་པ། བདུད་རྩི་གཏོར་མ་ཚིམ་པའི་ལུས་ཞེས་པ་ལོ་སོགས་པ་སྟེ། དེ་ལ་ཁོ་དོགས་སེར་པོ་ཞེས་པ་ལ་སོགས་པ་ནི་བདུད་རྩིས་ཚམ་པའི་མདུན་དུ་ཡིག་འབྲུ་བཀོད་པའོ།། ཀཱ་རཽ་ཤ ་གཉིས་འགྱུར་ཡཾ་གེ་ནི་ཞེས་པ་ནི་མེའི་རང་བཞིན་ཀཱཾ་སེར་པོ་སྟེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ།། ཐམས་ཅད་གཟུགས་ནི་འཇིགས་བྱེད་པ།། དིལ་བུ་ཡི་གེ་མིག་ལའོ།། ཞེས་པ་ནི། སའི་ཁམས་ཀྱི་རང་བཞིན ་ཡི་གེ་ཧཱུཾ་ནག་པོ་སྟེ། ལུས་ནི་འཇམ་ལ་དྲིལ་བུའི་མཆོག་ཅེས་འདིར་གསུངས་པའི་ཕྱིར་ན་འཇམ་དཔོལ་དང་དྲིལ་བུ་དང་གཉིས་ཀྱི་རང་བཞིན་ནོ།། ཡི་གེ་ཧཱུཾ་ལ་ཤེས་པར་བྱ་བའི་ཕྱིར་རོ།། སྟོང་པའི་སྔ་བོན་ལྡན་པ་ཞེས་པ་ནི།། སྟོང་པ ་ནི་རྣ་བ་དང་སྣའི་བུ་ག་སྟེ། དེ་ལ་བཀོད་པ་ལ་རླུང་གྷི་རང་བཞིན་ཡུམ་དམར་པོ་ཞེས་པའོ།། བདུད་རྩི་ཆུའི་ས་བློན་ནོ་ཞེས་པ་ནི་ཆུའི་རང་བཞིན་ཡི་གེ་སུཾ་དཀོར་པོ། སྟེང་གིའི་སོ་བོན་བརྩེགས་པ་ཡིས་ཞེས་པ་ནི་སྨྼ;ྻུཾ་དཀར་སེར་རོ།། ་སྟག་མོའི་ས་བོན་བརྩེགས་པ་ཡིས་ཞེས་པ་ནི་བྷྲཱུ~ཾ་དཀར་ནག་གོ། ཅེ་སྤྱང་ས་བོན་བརྩེགས་པ་ཡིས་ཞེས་པ་ནི་སྦྲིད་དམར་ནག་གོ།། ཕྱུག་ཀྱི་ས་བོན་གྱིས་བསྲུང་ཞེས་པ་ནི་དམར་སེར་རོ།། ས་བོན་དག་ཀྱང་གཟུང་ནས་ཀྱང་ལྷ་འགྱེད་དག ་ཀྱང་སྦྱང་བར་བྱ།། ཞེས་པ་ནི་ཡི་གེ་ཀྵུཾ་ལ་སོགས་པ་ས་བོན་དེ་བརྒྱད་ཀྱིས། དྲག་མོའི་མཁའ་འགྲོ་མ་ལ་སོགས་པ་བརྒྱད། རྣལ་འབྱོར་པའི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་ལ་བསྒོམ་པར་བྱའོ།། ་ཞེས་པའོ།། དེ་དག་མདོག་དང་ས་བོན་ནི་ལུས་ལ་ཐམས་ཅད་འབྲར་བར་རོ་ཞེས་པ་ནི། རྣལ་འབྱོར་པའི་ལུས་བརྒྱད་ལ་ས་བོན་དེ་དག་འབར་བར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། དེ་ནས་དེ་ལྟར་ལྷ་བསྒོམ་པ་ནི་རྣལ་འབྱོར་པས་བདུད་རྩི་དབབ ་པའི་ཆོ་གླུ་ག་གསུངས་པ། སྟེང་གི་མཆེ་བ་གཉིས་པ་ལས་ཤེས་པ་ལ་སོགས་པ་སྟེ། དེ་ལོ་ཆུ་འབྱིན་རོ་འདྲའོ་མ་མཆུ་ཞེས་པ་ནེ་ཡ་སོ་མཆེ་བའི་ནང་རོལ་ལྕེ་རྩར་ཐུག་པ་རྟག་ཏུ་ཆུ་འཛག་པའོ་མའི་ཆུ་ཞེས་པའི་རྩེའོ།། དེ་ལ་འཛག ་པའི་ཆུ་ནི་ཅི་འདྲ་བ་ཡིན་ཞེ་ན། ཚ་ཆུའི་མདོག་ལྟར་གྱུར་འདྲ་བའི།། ཆུ་ནི་མཆེ་བ་གཉིས་ཀྱི་ཆུ་ཞེས་སོ།། ཆུ་གྲང་ནས་འབབ་ཅེས་ན་གསུངས་པ། ལྕེ་ཡི་དངོས་ཀྱིས་དངོས་ཀྱི་བརྟེན་པ་ཡི།། ཆུ་ཡང་སྟེང་གི་བདུད་རྩི་ལྕེ། ་སྟེང་འབྱུང་ཞེས།། བདུད་རྩི་འབབ་པའི་རྩ་གང་ཞེ་ན། དཔྲལ་བ་ཅེས་པ་ནི་མིག་གི་རྩའོ།། སྤྱི་གཙུག་ཅེས་པ་ནི་ཚངས་པའི་རྩ་སྤྱི་བོའི་རྩའོ།། སྣ་དག་དང་ཞེས་པ་ནི་སྣའི་རྩའོ།། རྣ་བ་གཉིས་ཀྱིས་རྒྱབ་ནས་ཀྱང་ཞེས་པ་ནི་རྣ་བའི ་རྩའོ།། འདི་བཞི་དང་གོང་གི་མཆེ་བའི་རྩ་དང་ལྔ་འདུས་ནས་འབབ་པའི་བདུད་རྩི་ལྕེ་དྲུང་དུ་འབྱུང་ངོ་ཞེས་པའི་ཐ་ཚིག་གོ།། དཔེར་ན་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། བ་ཡི་ནུ་མར་བཞག་པ་བཞིན་ངོ་བོ་དྲངས་ནས་འབྱོར་པར་བྱ་ཞེས་པ ་སྟེ། ཇི་ལྟར་བའི་ལུས་ལ་ཁྱབ་པའི་འོ་མ་ནུ་མ་ལ་འདུས་པ་བཞིན་དུ། རྩ་ལྔའི་དངོས་པོ་ལས་དྲངས་ནས་ལྕེ་དྲུང་ཁོ་ནར་བཞག་པར་བྱའོ་ཞེས་པའོ།། བདུད་རྩི་དངོས་བསྡུས་པ་དེས་ཅི་བྱ་ཞེ་ན་གསུངས་པ། མཆོད་རྟེན་དཔུ་རུ ་ས་བོན་ནི་ཞེས་པ་ལ་སོགས་པ་སྟེ། སྩོལ་མདུད་ནང་དུ་མཆོད་རྟེན་བསམས་ནས། དེའི་རྩེ་མོ་ན་ཡི་གེ་བཀོད་དོ། ཡང་ན་ཡི་གེ་ཧཱུཾ་གི་དབྱིབས་མཆོད་ཅུ་རྟེན་དུ་ཤེས་པར་བྱ་སྟེ། དེ་ལོ་གོང་ནས་འདུས་པའི་བདུད་རྩི་དེས་ཡི་གཽ ་ཧཱུཾ་གི་སྟེང་དུ་བླུག་པར་བྱའོ།། མཆོད་རྟེན་དེ་ན་མར་ཐེག་པ་གར་ཐིམ་ཞེ་ན་གསུངས་པ། ལྷག་མ་སྲོལ་གྲོང་ཐིམ་པར་བྱ་ཞེས་གོང་ནས་བདུད་རྩི་དྲངས་པའི་དོན་བཏོན་ནས་འོག་ནོས་ཡང་འདྲེན་པའི་ཆོ་ག་གསུངས་པ། ཡར་འདྲེན་མར ་འདྲེ་ན་ས་བོན་གྱིས།། ཐམས་ཅད་ཐབས་ཀྱིས་དང་ན་སུ་ཞེས་པ་སྟེ། དེ་ལ་ཡར་འདྲེན་མར་འདེན་ས་བོན་ནི་ཡི་གེ་ཕཊ་དི་ལུས་སླད་ལས་ཐབས་ཀྱིས་དྲངས་ནས་སྲོལ་གོང་ལ་ཐིམ་པར་བྱའོ་ཞེས་པའོ།། སྨད་ཀྱིས་གནས་དྲངས ་པའི་ས་དབུ་གསུངས་བཱ། ཆུ་སོ་རྒྱབ་ཀྱི་ཆུ་མདོ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྐང་པར་དུས་དང་ཡི་དྭགས་མེ་ཞེས་པ་ནི། དེ་ལ་དུས་ཀྱི་མེ་ནི་རྐང་པ་གཡས་པའོ།། ཡི་དག་སཽ་མེ་རྐང་པ་གཡོན་པའོ།། གདན་ཚིག་ཞེས ་པ་ནི་ལྟེ་བའིའོ།། དེ་ཡི་གནས་ཀྱི་བདུད་རྩི་དག། བ་ལང་རྨིག་པར་ཐིམ་པར་བྱ་ཞེས་པ་ནི། དེ་ལ་བ་ལང་རྨིག་པ་ནི་གློ་བ་སྟེ་བ་ལང་རྨིག་པ་དང་འདྲ་བའི་ཕྱིརརོ།། དོན་ནི་འདི་ལྟ་སྟེ་བདུད་རྩི་དེ་སྲོལ་གོང་ནས་དྲང་ནས་ཡང་གློ་བར ་ལ་ཐིམ་པར་བྱའོ།། ཞེས་པའོ།། སྲོལ་གོང་ནས་འདུས་པའི་བདུད་རྩི་དེ་ཡང་བར་བྱ་བ་ནས་བཞག་པར་བྱ་ཞེ་ན་གསུས་པ། སྒྲ་ཅིག་ནས་ནི་གྲངས་ནས་ཀྱང་།། སྒོ་དགུ་དག་ཏུ་བཞག་པར་བྱ་ཞེས་པ་སྟེ། དེལ ་སྒོ་གཅིག་ནས་ནི་སྲོལ་གོང་ནས་དྲངས་ནས་གློ་བ་ལ་འདུས་པའི་བདུད་རྩི་ཡང་འཇུག་དེ་ལ་སོགས་པ་གནས་དགུ་ལོ་ཡང་བཞག་པར་བྱའོ་ཞེས་པའོ།། དེ་ལྟར་ཐབས་ཀྱིས་བདུད་རྩི་འདྲེན་པའི་རྣལ་འབྱོར་པས།། ཏིང་ངེ་འཛིན་གང་བསྒོམ་པར ་བྱ་ཞེ་ན་གསུངས་པ། ཡུས་ལ་ཐམས་ཅད་གནས་པ་ཡི་ཞེས་པ་ལ་སོགས་པའོ།། ཏིང་ངེ་འཛིན་སྐྱོང་བ་དཾ་ཁོ་ན་གསལ་བར་སྟན་འདོད་པས་གསུངས་པ། སྙིང་གི་དབུས་སུ་ཟླ་བ་བསམ་ཞེས་པ་སྟེ། དེ་ལ་སྙིང་གི་དབུས་སུ་ཞེས ་བ་ནི་རང་གི་སྙིང་གའི་དབུས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། ཅི་འདྲ་བ་ཡིན་ཞེ་ནུ་གསུངས་པ། ཤིན་ཏུ་མཛེས་པ་མདངས་ལྡན་ཏེ་ཞེས་པའོ།། དེའི་དབུས་སུ་བཀོད་པའི་ས་བོན་གསུངས་པ། ཁ་བ་ཀུན་དུ་ཟླ་བ་འདྲ་ཞེས་པ ་གས་པ་སྟེ། དེ་ལ་ཀུན་རིག་ཅེས་པ་ནི་བ་རེ་ཙ་ནའོ།། དེ་དང་བཅས་པ་ཞེས་པ་ནི་ཡི་གེ་ཨ་སྟ་བཻ་རོ་ཙ་ནའི་ས་བོན་གྱི་ཕྱིར་རོ།། ཨོཾ་དེ་ན་བདུད་རྩིའི་ཡི་གེ་ཞེས་བཤད་དོ།། དེ་ལྟར་གས་པ་པ་འདུས་པའི་ནོ་པི་ཀ་འཇིག་རྟེན་སྣང་བ་ལྭ ་ཀྱང་གསུངས་པ། སྤྱི་བོར་ཟླ་བ་ཕྱག་འཚལ་བརླན།། དམ་པའི་སེམས་ཀྱི་ཆུ་རྒྱུན་ནི།། དབབ་པར་རིམ་པར་བྱས་ནས་སུ།། སྐུ་གསུང་ཐུགས་ལ་ཐིམ་པར་བྱ་ཞེས་སོ།། དོན་ནི་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་འོ་མས་བརླན་པའི་དབུས་ཁ་བ ་དང་ཀུནཱ་ད་དང་འདྲ་བའི་མདོག་འོ་མས་གཤེར་བའི་བསིལ་བའི་འོད་དང་འདྲ་བའི་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་པའོ།། མ་ནིང་རྣམས་ནི་སྤངས་ནསུ་ཞེས་པ་ལ་སོགས་པས་ནི་དེ་ལ་མ་ནིང་རྣམས་ནི་སྤངས་ན་སུ་ཞེས་པ་ནི་སྒྲ་ཡིག་བཅུ་དྲུག ་ལ་རྀ་རཱྀ་དང་ལྀ་ལཱྀ་བཞི་སྤངས་པར་བྱ་ཞེས་པའི་ཐ་ཚིག་གོ། སྒྲའི་ཡི་གེ་ཐམས་ཅད་དག་ཅེས་པ་ནཱི་བཅུ་དྲུག་ལ་བཞི་སྤངས་ངས་མ་ཐག་ཏུ་བཅུ་གཉིས་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨ་ཨོ་ཨཽ་ཨཾ་ཨཿརྣམས་སོ།། ཟླ་བའི་མཎྜལ ་གློ་རུ་ཎི།། ཐམས་ཅད་གནས་བསྐོར་བར་བྱ།། ཞེས་པ་ནི། ཡི་གེ་འབྲུ་བཅུ་གཉིས་ཀྱིས་ཟླ་བའི་དཀྱིལ་འཁོར་གྱི་གློ་རུ་བསྐོར་བས་བཀོད་པར་བྱའོ།། ཞེས་པའོ།། བདུད་རྩིའི་ཡི་གེ་ཨོཾ་དེ་བསྒོམ་པའི་ས་གསལ་བར་སྟོན་པས་གསུངས་པ། ་བི་ལང་རྨིག་པའི་སྟེང་དུ་ནི།། བདུད་རྩི་དོག་ཏུ་བཞག་བྱས་ནས་ཞེས་པ་སྟེ། གློ་བའི་སྟེང་གི་སྒོ་ང་འདྲ་བའི་སྙིང་གི་དཀྱིལ་དུ་ཟླ་བ་ལ་གནས་པའི་བདུད་རྩིའི་ཡི་གེ་ཨོཾ་བཞག་ནས་བསྒོམ་པར་བྱ་ཞེས་པའི་དོན་ཏོ།། ཡང་ན་ཡིག་འབྲུ་དེས་ཡེ ་ཤེས་སེམས་དཔར་གྱུར་ནས་བསྒོམ་པར་བྱའོ།། ཞེས་པའི་དོན་སྟོན་འདོད་པར་གསུངས་པ། ཡེ་ཤེས་གཟུགས་སུ་བསྒོམ་བྱས་ནས།། གཟུགས་མདོག་ལ་སོགས་མདངས་ལྡན་པ། ཞེས་པ་སྟེ། སྙིང་གི་དཀྱིལ་དུ་ཟླ་བའི་དཀྱིལ ་འཁོར་གྱི་སྟེང་ན་ཡེ་ཤེས་སེམས་དཔའི་གཟུགསུ་སྐུ་མདོག་དཀར་བའོ།། བོ་དྷི་མཆོག་གི་ཕྱག་རྒྱ་དང་ལྡན་པ་འོད་ཟེར་བསིལ་པོ་བསྒོམ་པར་བྱའོ་ཞེས་པའོ།། འཇིགས་པ་མེད་ཅིང་འཚེ་མེད་པར།། དངོས་པོ་དངོས་པོ་བསྒོམ་པར་བྱ།། ཞེས ་པ་ནི། དངོས་པོ་རྣལ་འབྱོར་པས་དངོས་པོ་ཡེ་ཤེས་སེམས་དཔར་བསྒོམ་པ་དེ་ལ། རང་བཞིན་མེད་པར་ལ་མི་འཇིགས་ནས་དངོས་པོ་དམིགས་པ་ལ་འཚེ་བ་མེད་པར་སྟོང་པ་དང་དངོས་པོ་སྤངས་ནས ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་ཟླ་བའི་སྔགས་གསུངས་པ།། འོ་མ་ཟླ་བའི་སྔགས་ལ་ཞེས་པ་སྟེ། ཡི་གེ་ཨོཾ་མོ།། ཕྱག་འཚལ་བསྲེགས་པ་མཐའ་བཞག་སྟེ་ཞེས་པ་ནི་ཡི་གེ ་ཨོཾ་གྱི་གོང་འོག་ཏུ་ཨོཾ་དང་སྭཱ་ཧཱ་བཞག་པར་བྱའོ།། འདི་ལྟ་སྟེ། ཨོཾ་ཨོཾ་སྭཱ་ཧཱ་ཞེས་པ་སྟེ། བདུད་རྩིའི་ཐབས་ཏིང་ངེ་འཛིན་བསྒོམ་བུའི་རྣལ་འབྱོར་པའི་ཡོན་ཏན་དང་མཐུ་སྟོན་འདྲོད་པས་གསུངས་པ། མཉམ་གཞག་བཟླས ་པའི་ངོ་བོ་ཡིས་ཞེས་པ་དང་པོ་གསུངས་པ་ནས། གཟུགས་ཀྱིས་ཡེ་ཤེས་བདག་ཉིད་ཆེ་ཞེས་པའི་བར་དུའོ།། བདུད་རྩིའི་ཐབས་ཀྱིས་ཏིང་འཛིན་གོང་དུ་བསྒོམ་ཞེ་ན་གསུངས་པ། དེ་ཡི་སྦྱོར་བའི་གནས་དག་ནི་ཞེས་པ་ལ་སོགས་པའོ།། ། ་དེ་ལྟར་སེམས་ཚད་མ་ལ་སོགས་པའི་གཞིའི་དོན་རྟོགས་ནས་སེམས་སྣང་བར་སྦྱོར་བའི་ཏིང་ངེ་འཛིན་རྣལ་འབྱོར་པའི་ར་བྱིན་རླབས་ཀྱི་དོན་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པ། འཁོར་བ་ལས་རྒལ་མཚན་ཉིད་དག་ཅེས་པ་ལ་སོ།། ་པའོ།། དེ་ནས་ཡེ་ཤེས་དབང་པོ་རྡོ་རྗེ་སེམས་དཔས་ཞུས་པའི་དོན་སྟོན་འདོད་པས་གསུངས་པ། ཉོན་གཅིག་ཡེ་ཤེས་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྔོན་དུ་གཉིས་སུ་མེད་སེམས་ཀྱིས།། འདོད་ཆགས་ཉོན་མོངས་དྲི་མེད ་མཚོས།། བདུག་གི་ལུས་ནི་བཀྲུ་བར་བྱ་ཞེས་པ་ནི་ཏིང་ངེ་འཛིན་གྱི་སྔོན་དུ་གཟུང་འཛིན་གཉིས་དང་བྲལ་བའི་སེམས་བསྒོམ་པ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་མེད་པའི་ཆུ་དང་འདྲ་བས་བདག་གིས་ལུས་ག ་ནུས་དག་པར་བྱའོ་ཞེས་པའི་དོན་ཏོ།། དེ་ཁོ་ནའི་ཡོན་ཏན་སྟོན་འདོད་པས་གསུངས་པ། རྒྱ་མཚོ་ཟབ་མོ་ལྟ་བུ་ཡི་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་རང་བཞིན་མེད་པའི་ཡེ་ཤེས་ཏེ་འགྱུར་བ་མེད་པ་དེ ་ཁོ་ན་ཉིད་དག་པོར་བྱའོ་ཅེས་པའོ།། དཔེར་ན་ཅི་འདྲ་ཞེ་ན། རྒྱ་མཚོ་ཟབ་མོ་ལྟ་བུའི་ཞེས་པ་སྟེ། རྒྱ་མཚོ་གཏིང་མི་རྟོགས་པ་དང་། གཤེར་བ་ཅི་འདྲ་བ་བཞིན་དུ། དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྣམ་པར་རྟོག་པ་མེད་ཅིང་སྙིང ་རྗེས་བརླན་པ་ཞེས་པའོ།། ཕྱི་དང་ནང་ཞེས་པ་ནི། བདག་དང་བདག་གིར་འཛིན་པའོ།། ལུས་ནི་ཤེལ་ལྟར་དྲག་པར་འགྱུར་ཞེས་པ་ནི། དེ་ལྟ་བུའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམས་ན། རང་གི་ལུས་དག་པར་འགྱུར་རོ་ཞེས་པའི་དོན ་ཏོ།། ཤེལ་དང་མཚུས་པའི་ལུས་དེ་ནི་ཞེས་པ་ནི་དེ་ལ་སོགས་པ་ཡེ་ཤེས་དབང་པོ་ཞེས་པ་ནི་ཡིད་དེ། ཡིད་ཀྱི་རྣམ་བྱར་ཤེས་པའི་རྟེན་གྱི་ཕྱྀར།། འདི་ནི་འདི་ལྟ་སྟེ། ཤེལ་དང་དུང་དང་ཀུན་དང་ཀར་ཞིང་གསལ་བ་ལ་ཚེན་སྣ ་ཚོགས་ཀྱིས་བཙོས་པ། བཞིན་དུ་དྲི་མ་མེད་པའི་ལུས་ལ་དམ་པའི་ཆོས་ཀྱི་ཆོས་ཡེ་ཤེས་ཀྱི་དབང་སྣ་ཚོགས་ཇི་ལྟར་འདོད་པར་བཅས་པར་བྱའོ་ཞེས་པ་ནི་ཐ་ཚིག་གོ།། ལུས་གསལ་བར་བྱ་བའི་ཐབས་སྟོན་འདོད་པས་བཅོམ་ལྡན ་འདས་ཀྱིས་གསུངས་པ། རང་བཞིན་གྱིས་ནི་རྣལ་འབྱོར་པ། བཟང་བྱེད་ངན་བྱེད་གྱུར་པ་ཡིན་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བས་གྱུར་པའི་སྲིད ་དངོས་པོ་རང་བཞིན་གྱི་སྟོང་པ་ཉིད་དོ།། འདུས་བྱས་པའི་ཆོས་ཉིད་ཀྱི་ཕྱིར་རོ།། དེས་ན་སྟོང་པ་ཉིད་ཀྱིས་རང་བཞིན་རྟོགས་ནས་འཇོམས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སྣང་བར་བྱའོ།། དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་བརྟགས་ནས ་སྟོང་པ་ཉིད་མངོན་པར་རྟོགས་པ་གསུངས་པ། སྟོང་ཉིད་གོང་གི་མཚན་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲེ་བ་བཅུད་ཀྱི་འཇིག་རྟེན་ནོ།། གཟུགས་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ནོ།། དོན་ནི་འདི་ལྟ་སྟེ། གོང་དུ་གསུངས ་པའི་སྟོང་པ་ཉིད་ཀྱི་བཅུད་དྲང་སྣོད་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམས་ཏེ། མཉམ་པ་ཉིད་དུ་སེམས་བསྐྱེད་པར་བྱའོ་ཞེས་པའོ།། སྟོང་པ་ཉིད་བསྒོམས་ཟིན་མ་ཐག་ཏུ། མཉམ་པའི་སེམས་ཀྱིས་ས་བོན་བསྐྱེད ་པ་གསུངས་པ། དེ་ཡི་དབུས་སུ་བསམ་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབུས་སུ་བསམ་པར་བྱ་ཞེས་པ་ནི། མཉམ་པ་ཉིད་ཀྱི་སེམས་དེའི་དབུས་སུ། ས་བོན་བསྒོམ་པར་བྱའོ་ཞེས་གསུངས་པའོ།། ས་བོན་གང ་ཞེ་ན། འོ་མ་ཟླ་བ་ས་བོན་དབུས་ཞེས་འོ་མ་བརླན་པའི་ཟླ་བའི་དཀྱིལ་དུ་ས་བོན་ཨ་ཞེས་པ་ལ་སོགས་པའོ།། ས་བོན་དེ་ཁོ་ན་གསལ་བར་སྟོན་པས་གསུངས་པ། ཨཱ་ལི་ཀཱ་ལི་སྦྱོར་བ་ཡི།། དེ་ཡི་དབུས་ན་གནས་པ་ཡི་ཞེས་པ་ནི། ་ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ནང་ནས་བྱུང་བ་ནཱི་ཡི་གེ་ཨ་ཞེས་པའོ།། དེ་ལ་ཨཱ་ལི་ཀཱ་ལིའི་ཚིག་གིས་ཁྱད་པར་བྱས་པའོ།། དེ་ཡཱི་ས་བོནྡ་དེ་ཁོ་ན།། འོད་ཟེར་འབར་བ་བསམ་པར་བྱ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས ་བོན་ཡི་གེ་ཨ་ཁ་དོག་དཀོར་ཞིང་འབར་བྱ་རང་གི་སེམས་དང་དབྱེར་མེད་པར་བསྒོམ་པར་བྱའོ།། དེའི་ཡོན་ཏན་གསུངས་པ། གང་གིས་དེ་ཉིད་ས་བོན་གྱིས། མྱུར་དུ་ཡེ་ཤེས་སྣང་བར་འགྱུར་ཞེས་སོ།། མཉམ་པའི་སེམས་ལས ་ས་བོན་འབྱུང་བ་བཤད་ནས། ས་བོན་ལས་བསྐྱེད་པ་བཤད་པ། དེ་ཡི་འོག་ཏུ་ཡེ་ཤེས་སྐུ་ཞེས་པ་ལ་སོགས་པའོ།། དེ་བསྒོམ་པའི་ཟླ་བའི་སྔགས་གསུངས་པ། ཕྱག་འཚལ་བསྲེག་པ་མཐར་བཞག་སྟེ། ས་བོན ་འདི་ནི་བཟླས་པར་བྱ་ཞེས་པ་སྟེ། ཨོཾ་ཨ་སྭཱ་ཧཱ་ཞེས་པ་ལ་སོགས་པའོ།། ཇི་ལྟར་སྡེ་ཚན་གསུམ་པ་ཅེས་པ་ལ་སོགས་པ་ནི། ཨའི་ཡི་གེ་སྒྲས་གོང་དུ་བདག་གིས་གདན་ལེའུ་བཞི་པ་ལས་བཤད་ཟིན་ཏེ། བཟླས་དང ་བསམ་གཏན་པོ་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་གོ་སླའོ།། དེ་ནས་བྱིན་རླབས་སོགས་ནང་དུ།། བཟླས་དང་བསམ་གཏན་མཆོག་བརྩོན་པས་ཞེས་པ་ནི། དེ་ལྟར་བསྒོམས་ཤིང་བཟླས་པའི་རྣལ་འབྱོར་པས་སེམས ་བརྩེ་གཅིག་ཏུ་གྱུར་པའི་འོག་ཏུ་ཕྱོགས་བཅུའི་འཇིག་རྟེན་ན་སྣང་བའི་བྱིན་རླབས་བྱའོ།། ཇི་ལྟར་བྱ་ཞེ་ན་གསུངས་པ། སྤྲོ་བའི་འོད་ཟེར་རྣམས་སྤྲོས་ཏེ། ས་བོན་རིམ་པ་གསུམ་ཡང་བསམ་ཞེས་པ་སྟེ། དེ་ལ་རིམ་པོ་བདུན་ཞེས་པ་ནི།། ་འཇིག་རྟེན་བདུན་ཞེས་པ་ལ་སོགས་པའོ།། ཡང་ན་རླུང་གི་དཀྱིལ་འཁོར་གྱི་བར་ཞེས་པ་ལ་སོགས་པའོ།། དོན་ནི་འདི་ལྟ་སྟེ། དེ་ཙམ་གྱི་བར་དུ། ཕྱོགས་བཅུར་འོད་ཟེར་སྤྲོས་ནས་བསྡུ་བར་བྱའོ།། ་ཞེས་པའོ།། སྣང་བར་བྱ་བར་འདོད་པས། རྟག་ཏུ་སེམས་ཀྱིས་བསྒོམ་པར་བྱ་ཞེན་པ་ནི་དེ་ལྟར་རྟག་ཏུ་བསྒོམ་པར་འདོད་པའི་རྣལ་འབྱོར་པས་ཕྱོགས་བཅུའི་འཇིག་རྟེན་སྣང་བར་འགྱུར་རོ་ཞེས་པའོ།། དེ་ནི་གཞན་གྱི་སེམས་ཤེས ་པར་བྱ་བའི་བསྒོམ་པ་བསྟན་པ་གསུངས་པ། སྙིང་གའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ལ་སོགས་པ་སྟེ། རང་གི་སྙིང་ག་ཡི་གེ་ཧཱུཾ་བསྒོམས་ནས་དེའི་འོད་ཟེར་གྱིས་དངོས་པོ་ཐམས་ཅད་གོང་མའི ་མཚོན་ཉིད་བཞིན་དུ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ།། སྟོང་པའི་སེམས་ཀྱིས་གདུན་དང་ས་བོན་གསུངས་པ་དང་། རླུང་གི་དཀྱིལ་འཁོར་དབུས་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་དབུས་ཡེ་ཤེས་ས་བོན ་ནཱི་ཞེས་པ་ནི་ཧཱུཾ་ངོ་།། ས་བོན་དེས་སྐུ་བསྐྱེད་པ་གསུངས་པ། དེ་ནས་ཡེ་ཤེས་གཟུགས་སུ་ནི་ཞེས་པ་ནས། གོང་གི་མཚན་ཉིད་ཀུན་ཤེས་པས་ཞེས་པའི་བར་དུའོ།། སྙིང་གའི་དཀྱིལ་འཁོར་དབུས་གནནཱ་པཱ་ཞེས་པ་ལ་སོགས ་ནི།། གོང་མོའི་འོ་མའི་ས་བོན་ཨ་རང་གི་སྙིང་གར་བསྒོམ་པར་བྱའོ།། ཞེས་པའོ།། དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཁ་དོག་དཀར་པོ་འོད་འབར་བ།། དངུལ་དཀར་པོ་ནི་ཐམས་ཅད་དུའོ་ཞེས་པ་ནི། ་དོག་དཀར་པོ་ལ་འོད་ཟེར་དངུལ་དཀར་པོ་སྤྲོས་པ། གཞན་གྱི་སེམས་ལ་ཕོག་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། འོད་ཟེར་དེས་ཕོག་པར་བྱ་བའི་སེམས་ཅན་རྣམས་ལ་ལྷ་གང་བསྒོམ་པར་བ་ཞེ་ན། གསུངས་པ། ་ཕ་རོལ་དངོས་པོ་མང་པོ་རུ་ཞེས་པ་ནས། རྡོ་རྗེ་སེམས་དཔའ་མངོན་པར་བསམ་ཞེས་པའི་བར་དུའོ།། རྡོ་རྗེ་སེམས་དཔའ་བསྒོམ་པ་དེའི་སྙིང་གརོ་ཡི་གེ་བསྒོམ་པ་གསུངས་པ། གང་གི་སྙིང་གི་དབུས་སུ་ནི། ཞེས་པ ་ལ་སོགས་པའོ།། དོན་ནི་འདི་ལྟ་སྟེ། གཞན་གྱི་སེམས་ཤེས་པར་བྱ་བའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡི་གེ་ཧཱུཾ་དུ་གྱུར་ཏེ། ཕྱོགས་བརྒྱད་དུ་དམར་པོར་བསྒོམ་པར་བྱའོ་ཞེས་པའོ།། དེའི་ཡོན ་ཏན་གསུ་སྟོན་པས་གསུངས་པ། རྟག་ཏུ་མཉམ་ཉིད་མཐོང་བ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེས་ན་བསམ་པ་ཐམས་ཅད་ཀྱི་ཡོ་གི་དེ་ལ་མཐོང་བར་འགྱུར་ཞེས་པ་ནི། ཕ་རོལ་གྱི་སེམས་ལ་བསྒོམ་པའི་ཡི་གེ ་ཧཱུ~ཾ་ལ་ཕ་རོལ་གྱིས་ཅི་སེམས་པའི་རྟགས་རང་གི་སེམས་ཀྱིས་མཐོང་ངོ་ཞེས་པའི་དོན་ཏོ།། ད་ནི་ནང་གི་སྦྱིན་སྲེག་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞེས་པ། དེ་ནས་མྨེ་ཡི་ལས་རྣམས་ནི་ཞེས་པ་ལ་སོགས་པའོ།། བཅོམ ་ལྡན་འདས་ཀྱིས་ཞུས་པའི་ལན་གསུངས་པ། ཉོན་ཅིག་མེ་ཡི་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ཡེ་ཤེས་ལ་གནས་སོ།། ཞེས་པ་ནི། དེ་ལ་རེ་ཞིག་ཐམས་ཅད་ཡེ་ཤེས་ལ་གནས་སོ་ཞེས་པ་ནི། ཕྱག་ན ་རྡོ་རྗེས་སེམས་ཅན་ཐམས་ཅད་ཡེ་ཤེས་ལ་བརྟེན་ནོ་ཞེས་པའོ།། སྐྱེས་པའི་ལུས་ལ་ཡེ་ཤེས་མེ་ཞེས་པ་ནི་ཡེ་ཤེས་ཀྱི་མེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་ལུས་ལ་གནསོ་ཞེས་པའོ།། ཅིའི་ཕྱིར ་ཞེ་ནུ། སེམས་ཀྱིས་ཐམས་ཅད་བྱིན་བ་རླབས་སུ་པས་ཞེས་པ་སྟེ། སེམས་ཅན་ཐམས་ཅད་དང་། སེམས་དབྱེར་མེད་པས་ན་ཕན་ཚུན་བྱིན་གྱིས་བརླབ་པོ་ཅེས་པའི་ཐ་ཚིག་གོ། དེའི་སྲེག་ལུག་རྣལ་འབྱོར་པས་ཞེས་པ་ནི་ཡེ་ཤེས ་ཀྱི་མེ་དེའི་སྦྱིན་སྲེག་རྣལ་འབྱོར་པས་བྱའོ་ཞེས་པའོ།། ནང་གི་སྦྱིན་སྲེག་གི་མེ་བསྟན་ནས། ནང་གི་སྦྱིན་སྲེག་གི་ཧཾ་ཁུང་གི་ས་སྟོན་འདོད་པས་གསུངས་པ། བདག་ཉིད་སེམས་ཀྱིས་སེག་བྲེག་ནི་ཞེས་པ་ནས། ཀླུ་དབང་འཁྱིལ ་པས་བསྐོར་བའོ་ཞེས་པའི་བོར་དུ་ནི་བློ་མའི་རླུང་གིས་ཤེས་པར་བྱའོ།། དེ་ཡི་དབུས་སུ་པདྨོར་ཤེས་ཞེས་པ་ནི་ཧ~ཾ་ཁུང་དེའི་དབུས་སུ་པདྨ་འདབ་བརྒྱད་འོད་འབར་བར་བསྒོམ་པའོ།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། ཡེ་ཤེས ་ལྷ་མོ་བཞུགས་པར་བསམ་ཞེས་པ་ནི། པདྨའི་སྙིང་པོ་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་སྔོན་མོ་བསྒོམ་པར་བྱའོ།། གཞུང་ཚིག་དཀར་པོ་འབར་བ་ལ།། རྡོ་རྗེ་མཁའ་འགྲོ་བསམ་པར་བྱ་ཞེས་པ་ནི་གཞུང་ཚིགས་ཀྱི ་ནུབ་ཕྱོགས་ཀྱི་འདབ་མ་རྡོ་རྗེ་མཁའ་འགྲོ་མ་དཀར་མོའོ།། གཡས་ཀྱི་བརླ་ཡི་དབུས་སུ་ནི། ཡེ་ཤེས་དྲག་མོ་བསམ་པར་བྱ།། རྣལ་འབྱོར་པའི་གཡས་མཚན་ཕྱོགས་ཀྱི་འདབ་མ་ལ་དྲག་པོའི་མཁའ་འགྲོ་མ་སེར་པོའོ།། ལྟེ་བ ་དམར་པོ་འབར་བ་ལ།། རྡོ་རྗེ་མཁའ་འགྲོ་བསམ་པར་བྱ་ཞེས་པ་ནི། རྣལ་འབྱེར་པའི་ལྟེ་བའི་ཕྱོགས་ཀྱི་མདབ་མ་ལ་དམར་པོའོ།། གཡོནྟི་བརླ་ནི་ནག་པོ་རུ།། གདོལ་པ་འབར་བྱེད་དྲག་མོའོ།། ཞེས་པ་རྣལ་འབྱོར་མའི་མཚན་གཡོན ་ཕྱོགས་ཀྱི་འདབ་མ་ལ་གདོལ་པ་མོ་ནག་མོའོ།། མོ་ལྔ་ཡི་ནི་བདག་ཉིད་རྣམོ་ཞེས་པ་ནི་སྔོན་པོ་དང་། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོའི་རོ་ལངས་མ་མཽ་ལུས་ལ་འབར་བ་ཞེས་པའོ།། གཟུགས་ནི་མཐེ་བོང ་ཙོམ་དུ་ལྟ་ཞེས་པ་ནི་ལྷ་མོ་དེ་ལྔའི་སྐུ་ཚད་ནི། མཐེ་བོང་ཙམ་དུ་བསྒོམ་མོ་ཞེས་པའོ།། ལྷ་མོ་དེ་ལྔའི་རང་བཞིན་གང་ཞེ་ན། ཆུ་དང་མེ་དང་རླུང་རྣམས་ནི།། ས་དང་ཡེ་ཤེས་རྣམ་པ་ལྔ་ཞེས་པ་སྟེ། ས་ལ་སོགས་པའི་འབྱུང ་བ་ཆེན་པོ་བཞི་དང་། རྣམ་པར་ཤེས་པ་རྣམ་པར་ལྔར་བྱས་ཏེ། སངས་རྒྱས་ཀྱི་བཀའ་ལས་འབྱུང་བ་ཆེན་པོ་བཞི་དང་རྣམ་པར་ཤེས་པ་ལྔར་བྱས་ཏེ། སངས་རྒྱས་ཀྱིས་བཀའ་ལས་འབྱུང་བ་ཆེན་པོ་བཞི་ཁོ་ནར་འབྱུང་བས། ནམ་མཁའི ་ནི་མ་ཡིནོ།། སྤྱོད་དུ་མེད་པའི་ཕྱིརརོ།། གང་དང་གང་དུ་འབྱུང་བ་ཆེན་པོ་ལྔ་ཞེས་འབྱུང་ན། དེ་དང་དེ་ལ་ནི་མཁའ་ནི་མ་ཡིན་ཏེ། ཡེ་ཤེས་ཁོ་ན་ལ་ཤེས་པར་བྱའོ།། བདག་ཉིད་ལྔ་ཡི་ལྷ་རྣམས་ལ་ཞེས་པ་ནི་རྣལ་འབྱོར་པ་རང་གི་འབྱུང་བ ་ཆེན་པོ་བཞི་དང་། ཡེ་ཤེས་ལྔ་དང་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་ལྔ་དང་སྦྱར་བར་བྱའོ།། འདི་ལྟ་སྟེ། ཡེ་ཤེས་དང་ཡེ་ཤེས་མཁའ་འགྲོ་མའོ།། ཆུའི་ཁམས་དང་རྡོ་རྗེ་མཁ་འགྲོ་མའོ།། མེའི་ཁམོས་དང་། ་དྲག་པོའི་མཁའ་འགྲོ་མའོ།། རླུང་གི་ཁམས་དང་རོ་ལངས་ཀྱི་མཁའ་འགྲོ་མའོ།། སའི་ཁམས་དང་གདོལ་པའི་མཁའ་འགྲོ་མ་རྣམས་སྦྱར་བར་བྱའོ་ཞེས་པའོ།། སྲེག་བླུགས་ཀྱི་ཆོ་ག་མཆོག ་ཅེས་པ་ནི་རྣལ་འབྱོར་པའི་སྦྱིན་སྲེག་ཕྱི་ནང་གཉིས་ལ་ནང་གི་སྦྱིན་སྲེག་མཆོག་ཏུ་གསུངས་སོ།། ཞེས་པའི་ཐ་ཚིག་གོ།། དེ་ལྟར་ཡང་གསང་བ་འདུས་པའི་ནོ་པི་ཀ་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་ཏེ། ཕྱིའི་སྦྱིན་སྲེག་རྗེས ་དཔག་སྟེ།། སེམས་ནི་སེམས་ཅན་གྱིས་ཡིན་པས།། བླ་ན་མེད་པ་འདི་ཡིན་ཏེ།། ཡེ་ཤེས་མེ་ནི་འབར་བྱས་ནས།། ཕུང་བུ་པོ་བུད་ཤིང་སྲེག་པའོ།། བཅོ་བརྒྱད་དག་གི་ཡན་ལག་ནས་ཞེས་པ་ལ་སོགས་པོ་ནི་བཤད ་ཟིན་ཏོ།། ནང་གི་སྦྱིན་སྲེག་གི་ཧོ་ཁུང་ལ་སོགས་པ་བཤད་ནས། ནང་གི་སྦྱིན་སྲེག་གི་བསྒོམ་པ་གསུངས་པ། མེ་ཡི་ནང་དུ་བསྲེག་པའི་རྒྱུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རེ་ཞིག་མེའི་ནང་དུ་བསྲེག་པའི་རྒྱུ་ཞེས་པའི་ཟས་དང ་བཏུད་པ་དང་བདུད་རྩི་ལ་སོགས་པའོ།། དང་པོ་སྒྲ་ཡིག་ས་བོན་རྣམས་ཞེས་པ་ནི། ཡི་གེ་ཨའོ།། འདི་ལྟར་དེ་ཁོ་ན་བསྒོམས་ནི་ཞེས་པ་ནི་ནང་གི་སྦྱིན་སྲེག་རྫས་དང་བཏུང་བ་ལ་སོགས་པ་ཡི་གེ་ཨེ་དེ་ཁོ་ན་ཉིད་ཀྱིས་སྦྱང་བར ་བྱའོ་ཞེས་པའོ།། བདག་ཉིད་སྲེག་བླུགས་རྒྱས་པར་འགྱུར་ཞེས་པ་གོ་སླའོ།། དེ་ཁོ་ནའི་དོན་བཅོམ་ལྡན་འདས་ཀྱིས་གསལ་བར་སྟོན་འདོད་པས་གསུངས་པ། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས།། བསྔོ་བ་བྱས་ནས་བཟའ ་བུབྱཱ་ཞེས་པའོ།། ནང་གི་སྦྱིན་སྲེགྣ་གི་ཡོན་ཏན་གསུངས་པ། འདི་ལྟར་སྤྱོད་པའི་རྣལ་འབྱོར་པ།། བུ་ལོན་དུ་ནི་མི་འགྱུ་རོ་ཞེས་པ་སྟེ།། ཟླས་བཏུང་བྲ་ལ་རྣལ་འབྱོར་བྱས་གོང་ནས་གསུངས་བུའི་མན་ངག་ཏུ་བྱས་ནས་བདུད་རྩིར་འགྱུར་ཏེ། ་སྙིགས་མར་ནི་མི་འགྱུརརོ་ཞེས་པའོ།། ཡང་སྲིད་པའི་རྒྱུ་སྲེད་པར་མི་འགྱུར་ཏེ། མྱ་ངནོ་ལས་འདས་པའི་རྒྱུར་འགྱུརརོ།། ཞེས་པའི་ཐ་ཚིག་གོ། དཔེར་ན་བུ་ལོན་བཞིན་དུ་སྐྱོན་དུ་ཆག་པར་མི་འགྱུར་རོ་ཞེས་པོའི་དོན་ཏོ།། ། ་པཎྜི་ཏ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གསང་བའི་གདན་ལེའུ་གཉིས་པའི་རྣམ་པར་བཤད་པ་རྫོགསོ།། ། ་ད་ནི་ལུས་ཀྱི་མཉམ་པ་དང་། ཡེ་ཤེས་ཀྱི་མཉམ་པ་དང་། འཕྲོ་བར་བྱ་བ་དང་། དབུགས་འབྱུང་འཇུག་གི་བྱ་བའི་མན་ངག་བཞི་རྟོགས་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པའི་ཚིག་ལུས་ཀྱི་སྦྱོར་བའི་མཚན་ཉིད་ནི་ཞེས་པ་ལ་སོགས་པས ་གསང་བའི་གདན་ལེའུ་གསུམ་པ་བརྩམས་སོ།། དེ་ལ་སྤྲེའུ་ལྟར་ནི་མྲྀ་བརྟན་པ་ཞེས་པ་ནི། སྤྲེའུས་གཅིག་ཏུ་མི་ཚུགས་པ་བཞིན་དུ་གཟུགས་ལ་སོགས་པའི་སྤྱོད་པའི་ཡུལ་དུ་སྐད་ཅིག་མ་གཡེང་ཞིང་མི་བརྟན་པའི་རྣམ་པར ་ཤེས་པ་ཇི་ལྟར་མཉམ་པོར་སྦྱོར་བ་ཞེས་ཞུས་པ། མཉམོ་ཉིད་གང་གིས་སྦྱར་བར་བགྱི་ཞེས་པའོ།། ངོ་མཚར་ཞེས་པ་ནི་སྔ་ཕྱི་མེད་པའོ།། དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་འཕྱར་བ་ཡི་བྱེ་བྲག་ཉིད།། ་ཉོན་ཅིག་རྡོ་རྗེ་གནས་ཆེན་ནོ་ཞེས་པ་སྟེ། དེ་ལ་ནི་ཕྱུག་ནྡྷ་དྷཱའོ།། གླུ་སྲང་ཆེན་པོ་ཞེས་པ་ནི། གསང་བ་ནི་གནོད་སྦྱིན་ཏེ། དེའི་གྲཙོ་བོར་གྱུར་དྷཱས། གསུང་ཆེན་ཏེ་ཕྱག་ན་རྡོ་རྗེའི་ཁྱད་པར་རོ།། ད ་རཱི་དེ་དག་གི་བྱ་ཞིའི་རླུ་ནས་རེ་ཞིག་ལུས་ཀྱི་མཉམ་ཕྲར་སྟོན་འདོད་པས་གསུངས་པ། མཉམ་ཉིད་གནས་པའི་སེམས་ཀྱིས་ནཱ།། སྤྱངས་ནས་ཀཱ་ལི་འཇུག་པར་བྱ་ཞེས་པ་སྟེ། དེ་ལཱི་ཀཱ་ལི་ཞེས་པ་ནི་ལུས་། ཐངས་ཉིད་ཀྱིས་རྒྱུར་གྱུར ་ཕྱིར་རོ།། དོན་ནི་འདི་ལྟ་སྟེ། གཉིས་སུ་མེད་པའི་སེམས་ཆོས་ཉིད་ལས་སེམས་ཅན་གྱི་དོན་དུ་ལུས་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ།། ལུས་དེ་ལྔ་དང་མཉམ་པར་བསྟན་པ་ལ་རེ་ཞིག་ཆུ་དང་མཉམ་པར་སྦྱོར་བ་ལ་ཚད་མ་བཞི་གསུངས་པ་ལ ་ཆུའི་ལས་ཀྱི་ཚད་མ་དང་སྦྱོར་བ་ནི། ཐམས་ཅད་ཆུ་ཡིས་ཚད་མ་ཡིས།། ལུས་ཀྱི་མྱུ་གུ་འབྱུང་བ་ཡིན་ཞེས་པོ་སྟེ། ས་བོན་ལས་མྱུ་གུ་འབྱུང་བ་ནི། བརླན་པ་ལས་ཡིན་པའི་ཕྱིར།། ལུས་ཀྱི་མྱུ་གུ་འབྱུང་བ་ཡང་ཆུའི་ཁམས་གཙོ ་བོའི་ཕྱིར་རོ།། ཆུའི་རང་བཞིན་གྱི་སྦྱོར་བའི་ཚད་མ་གསུངས་པ། གཟུགས་ལ་ཆུ་མེད་ན་མི་རུང་སྟེ། གཟུགས་ཀྱི་ཚད་མ་ཆུ་ཡིན་ནོ་ཞེས་པ་སྟེ་ལུས་ལ་གཤེར་བའི་རང་བཞིན་ནི་ཆུའི་ཁམས་གཙོ་བའི་ཕྱིར་རོ།། ཆུའི་རྟེན་གྱི་སྦྱོར་བ་ཚད ་མ་གསུངས་པ། འདིས་ནི་ཐམས་ཅད་ཁྱབ་འགྱུར་ན།། བློ་ལྡན་ཆུ་ཡི་ཚད་མ་ན་ཞེས་པ་སྟེ། ལུས་ཀྱི་ཡན་ལག་ཀུན་ལ་ཆུས་ཁྱབ་ནས་གནས་པ་གཙོ་བོའི་ཕྱིར་རོ།། ཆུའི་ལྷ་མོའི་ཚད་མ་སྦྱོར་བ་གསུངས་པ། རྡོ་རྗེ་ལྷ་མོ་ལུས་ཀྱི ་རྣམས།། བློ་ལྡན་ཚད་མ་ཞེས་བྱའོ་ཞེས་པ་སྟེ། ལུས་ཀྱི་ཆུའི་གཙོ་ནི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱའོ།། དེ་ནས་མེ་དང་སྦྱོར་བ་ཚད་མ་བཞི་གསུངས་པ་ལས། མེའི་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། མེའི་ལུས་ལ་ཐམས་ཅད། ་གཟུགས་ལ་འབར་བ་དྲོད་ཡིན་ཏེ་ཞེས་པ་ནི། ལུས་ལ་དྲེད་དང་ལྡན་པའི་རང་བཞིན་མེའི་ཁམས་གཙོ་བོའི་ཕྱིར་རོ།། མེའི་ལོས་ཀྱི་སྦྱོར་བ་ཚད་མ་གསུངས་པ། ནང་དུ་བཟའ་བའི་ཚད་མ་རྣམས།། ཚད་མར་མེ་ནི་གྲགས་པ་ཡིན་ཞེས་པ་སྟེ། ་ལུས་ལ་བཟའ་བ་དང་བཏུང་བ་ཐམས་ཅད་འཇུ་བ་དང་། སྨིན་པའི་ལས་བྱེད་པ་ལ་མེའི་ཁམས་གཙོ་བོའི་ཕྱིར་རོ།། མེའི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་ཐམས་ཅད་ཁྱབ་པས་ན།། མེ་ཞེས་གྲགས་པ་ཀུན་ཏུ་ཤེས་ཞེས ་པ་སྟེ། ལུས་ཀྱི་ཡན་ལག་ཀུན་ལ་དྲོ་བའི་དངོས་པོའི་རྟེན་གཙོ་བའི་ཕྱིར་རོ།། མེའི་ལྷ་མོའི་སྦྱོར་ཚད་མ་གསུངས་པ། དྲག་མོར་བསྟན་པ་ལུས་ཀྱི་རྣམས།། ཚད་མར་གྲགས་པ་མཆོག་ཏུ་བརྩོན་ཞེས་པ་སྟེ། ལུས་ཀྱི་མེའི་གཙོ་བ་ནི ་དྲག་མོའི་མཁའ་འགྲོ་མ་ཞེས་བྱའོ།། རླུང་དང་ཚད་མ་བཞི་སྦྱོར་བ་གསུངས་པ་ལ་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་རླུང་གིས་ཐམས་ཅད་དུ་ནང་གི་བུ་ག་དྲ་བ་བཞིན་ཞེས་པ་སྟེ། ལུས་ཀྱི་བུ་ག་དང་དྲ་བ་ལ་རྒྱུ་བའི་རང ་བཞིན་རླུང་གི་ཁམས་གཙོ་བོའོ་ཕྱིར་རོ།། རླུང་གི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། སེམས་ཀྱི་ཚད་མ་དབུགས་ཡིན་པས།། ཚང་མར་གྲགས་པ་རྟོག་པ་ཡིན་ཞེས་པ་སྟེ། ལུས་ཀྱི་སེམས་རླུང་གི་སྲོག་འཛིན་པའི་ལས་བྱེད་པ ་ལ་རླུང་གི་ཁམས་གཙོ་བའི་ཕྱིར་རོ།། རླུང་གི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། གང་གི་མངོན་པར་ཤེས་པར་དབུས་ལུས་ལ། སྦྱོར་བར་གནས་པ་ནི། ཞེས་པ་ནི་ཡེ་ཤེས་སོ།། ལུས་ཀྱི་ཡེ་ཤེས ་ལ་བརྟེན་པ་ལ་རླུང་གི་ཁམས་གཙོ་བའི་ཕྱིར་རོ།། རླུང་གི་ལྷོ་མོའི་སྦྱོར་བ་ཚད་མ་གསུངས་པ། ལྷ་མོ་རོ་ལངས་ཐམས་ཅད་དུ།། མཁས་པ་ཡི་ནི་ཤེས་པར་བྱ་ཞེས་པ་ནི། ལུས་ཀྱི་རླུང་གི་གཙོ་བོ་ནི་ལྷ་མོ་རོ་ལངས་མར་ཤེས་པར ་བྱའོ།། ས་དང་སྦྱོར་བ་ཚད་མ་བཞི་གསུངས་པ་ལ།། སའི་རང་བཞིན་སྦྱོར་བའི་ཚད་མ་གསུངས་པ། ས་ཡི་ཐམས་ཅད་དབྱེབས་ཀུན་ཏུ།། གཟུགས་ལ་ཡོན་ཏན་དབང་བརྒྱན་པ་ཞེས་པ་ནི། ལུས་ལ་དབང་པོ་དང་གཟུགས་ལ་སོགས་པ ་བརྒྱན་པའི་རང་བཞིན་ལས་གཙོ་བའི་ཕྱིར་རོ།། སའི་ལས་ཀྱི་སྤྱོད་ཚྭ་རོ་གསུངས་པ། ཚད་མ་ས་ཡི་གནས་བྱུང་བའི།། ས་ནི་གཟུགསུ་སྣང་བ་ཡིས་ཤེས་པ་སྟེ། ལུས་ལ་གཟུགས་ཀྱིས་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ ་རྣམས་ཀྱིས་གནས་སུ་གྱུར་ནས་འཛིན་པའི་ལས་བྱེད་པ་ལས་གཙོ་ཏཱི་ཕྱིརརོ།། སའི་རྟེན་གྱི་སྦྱོར་བའི་ཚད་མ་གསུངས་པ། དེ་བས་ཡོན་ཏན་ལྡན་པ་ཡིས།། ས་རུ་གྲགས་པའི་བདག་ཉིད་ནི་ཞེས་པ་སྟེ། དེ་ལ་ཡོན་ཏན་ནི་གཟུགས ་དང་དབང་པོ་ལ་སོགས་པའོ།། ལུས་དེ་དག་གི་རྟེན་ལ་སའི་གཙོ་བོའི་ཕྱིར་རོ།། སའི་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། བདག་ཉིད་གདོལ་པའི་ལྷ་མོ་སྟེ།། ཐམས་ཅད་དུ་ནི་གཙོ་མོར་གྲགས་ཞེས་པ་ནི། ལུས་ཀྱི་སའི་ཁམ ་གཙོ་བའི་ཕྱིར་ལྷ་མོ་གདོལ་པ་མོ་ཞེས་པའོ།། ཡེ་ཤེས་ཀྱི་སྦྱོར་བ་ཚད་མའི་བཞི་གསུངས་པ། ཡེ་ཤེས་ཀྱི་རང་བཞིན་ཚད་མ་སྦྱོར་བ་གསུངས་པ། སྡུད་དང་བྱེད་དང་ལོངས་སྤྱོད་པ།། སོམ་ཉི་ཡིད་ནི་གཅོད་པའོ་ཞེས་པ་སྟེ། ལུས ་ལ་བྱེད་པ་པོ་དང་། སྡུད་པ་པོ་དང་ལོངས་སྤྱོད་པ་ཡིན་གྱི་ཐེ་ཚོམ་གཅོད་པའི་གཙོ་བོའི་ཕྱིར་ནུ་ཡེ་ཤེས་ཀྱི་རང་བཞིན་ཏེ། ངེས་པོར་རྟོགས་པའི་རྣམ་པར་རྟོག་པོ་དང་ལྡན་པའི་ཕྱིར་རོ།། ཡེ་ཤེས་ཀྱི་ལས་ཀྱི་སྦྱོར་བ་ཚད་མ་གསུངས ་པ། དབང་པོ་ཐམས་ཅད་སེམས་དག་གིསོ།། མཚོན་པ་མཚན་ཉིད་ཤེས་པར་བྱ་ཞེས་པ་སྟེ། དེ་ལ་དབང་པོ་ཐམས་ཅད་ཅེས་པ་ནི།། མིག་ལ་སོགས་པ་དག་གོ། སེམས་དག་གིས་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ ་སོགས་དྲུག་གོ། མཚོན་པ་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ།། མཚ་ནི་ཉིད་ཅེས་པ་ནི་མདོག་དང་དབྱིབས་དང་སྙན་པ་དང་མི་སྙན་པ་ལ་སོགས་པའོ།། དོན་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོ་སྒོ་ནས་མྱིག་གི ་རྣམ་པར་ཤེས་པ་ལ་སོགས་པས་གཟུགས་ལ་སོགས་པའི་མཚན་ཉིད་ལ་ཤེས་པའི་ལས་བྱེད་པའི་གཙོ་ཞེས་བྱའོ།། ཡེ་ཤེས་ཀྱི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། སྦྱོར་བའི་ལོངས་སྤྱོད་རྒྱལ་དབང་མོ།། ཡུལ་ལ་སོགས ་པའི་བདེ་བ་འམ་ཞེས་པ་སྟེ། དེ་ལ་རྒྱལ་པོ་ནི་ཡེ་ཤེས་སོ།། དོན་ནི་འདི་ལྟ་སྟེ། བདེ་བ་ལ་སོགས་པའི་སྤྱོད་ཡུལ་ལ་དབང་པོར་སྦྱར་ནས་ཡེ་ཤེས་ཀྱིས་ལོངས་སྤྱོད་ནས་བརྟེན་པ་གཙོ་བའི་ཕྱིར་རོ།། ཡེ་ཤེས་ལྷ་མོའི་སྦྱོར་བ་ཚད ་མ་གསུངས་པ། ལུས་ཀྱི་ཡེ་ཤེས་རྒྱལ་མོ་ཡིས།། ཚད་མར་རྣལ་འབྱོར་མས་རྟོགས་བྱ་ཞེས་པ་སྟེ། དེ་ལ་རྒྱལ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའོ།། དོན་ནི་འདི་ལྟ་སྟེ། ལུས་ཀྱི་ཡེ་ཤེས ་ལྷ་མོའི་གཙོ་མོ་ནི་ཡེ་ཤེས་མཁའ་འགྲོ་མ་ཡིན་པར་རྣལ་འབྱོར་པ་མཁས་པས་ཤེས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ནས་འབྱུང་བ་ཆེན་པོ་ཆུ་ལ་སོགས་པ་ལྔ་དང་ལུས་སྦྱོར་བ་བསྟན་ནས་ཡེ་ཤེས་ལ་འབྱུང་བ་ཆེན་པོ་བཞི་སྦྱོར་བ་སྟེན་པས ་གསུངས་པ། དེ་ལ་རེ་ཞིག་ཆུ་དང་སོམས་སྦྱོར་བ་སྟེ། ཆུ་ནི་སེམས་ལས་འབྱུང་བས་ནོ།། རྣམ་པར་ཤེས་པ་ཆུའི་ཁམས་ཞེས་པ་སྟེ། གཉིས་སུ་མེད་པའི་སེམ་ལ་ཆུའི་ཁམས་བསྐྱེད་པའི་ཕྱིར་ཡེ་ཤེས་དང་ཆུའི་ཁམས་ནི་གཅིག་གོ། ་དེ་གཉིས་དབྱེར་མེད་པའི་དོན་སྟེན་པ་ལ། གལ་ཏེ་ཆུནི་གཞན་དུ་ན།། ཤ་ནི་ཅི་སྟེ་ཆུ་མི་འབྱུང་ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་རོལ་ཆུ་མེད་པས་ན། ཡེ་ཤེས་དང་ཆུའི་ཁམས་ཐ་མི་དད་པར་མངོན་ནོ་ཞེས་པའོ།། ཡེ་ཤེས ་མེ་སྦྱོར་བ་གསུངས་པ། རྣམ་ཤེས་མེ་རུ་འབྱུང་བ་ནས་ལུས་ལ་དྲོ་བ་ཉིད་དུ་ངེས་ཞེས་པའོ།། དེ་གཉིས་དབྱེར་མེད་པ་ཁོ་ན་གསུངས་པ། ཡེ་ཤེས་འཕྲོས་པའི་ལུས་ལ་ནི།། ཅི་སྟེ་དྲོ་བ་ཉིད་མི་སྣང་ཞེས་པ་སྟེ། ཡེ་ཤེས་དང ་བྲལ་བའི་ལུས་ལ་དྲོད་མེད་པས་ན་ཡེ་ཤེས་དང་མེའི་ཁམས་ཐ་མི་དང་མངོན་ནི་ཞེས་པའི་ཐ་ཚིག་གོ།། ཡེ་ཤེས་རླུང་དང་སྦྱོར་བ་གསུངས་པ། རྣམ་ཤེས་རླུང་གི་ལུས་དགེ་ལ།། འབྱུང་འཇུག་དབུགས་ནི་དུ་བ་འདྲ་ཞེས་པའོ།། དེ ་གཉིས་དབྱེར་མེད་པའི་དེ་ཁོ་ན་ཉིད་གསུངས་པ། ཡེ་ཤེས་འཕོས་པའི་ལུས་དག་ནི།། དེ་དག་ལ་ཡང་དབུགས་མེད་དོ་ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་ལུས་ན་ལ་ནི་དབུགས་མེད་པས་ན། ཡེ་ཤེས་དང་དབུགས་ཐ་མི་དད་པར ་མངོན་ཞེས་པའི་ཐ་ཚིགོ། ཡེ་ཤེས་དང་ས་སྦྱོར་བ་གསུངས་པ། སེམས་ནི་ས་སུ་རུ་བྱུང་བས་ན།། ལྕི་བ་རོ་ནི་སྣང་བ་ཡིན་ཞེས་པའོ།། དེ་གཉིས་དབྱེར་མེད་པའི་སེམས་ཡིན་པས་ལུས་ལ་ལྕི་བ་ཉིད་དུ་སྣང་སྟེ། སའི་སྙིང་པོ་ནི་ལྕི ་པ་ཡིན་པའི་ཕྱིར་རོ།། དེ་གཉིས་དབྱེར་མེད་པའི་ཕྱིརརོ།། དེ་གཉིས་དབྱེར་མེད་པའི་དོ་ནི་ཁོ་ན་གསུངས་པ། ཡེ་ཤེས་འཕོས་པའི་ལུས་དག་ནི།། ཆུ་ཡི་ནང་དུ་ལྡིང་བའོ་ཞེས་པ་སྟེ། ཡེ་ཤེས་དང་སའི་ཁམོས་ནི་ཐ་མི་དད་པར་མངོན་ཏེ།། ་རོལ་ལྕི་བ་མེད་པའི་ཕྱིར་རོ།། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཡང་དོན་དུ་སེམས་དང་ཡེ་ཤེས་ཁོ་ནར་ཤེས་པར་བྱ་སྟེ། རྫས་གཅིག་གི་དུས་སྔ་ཕྱི་ཁྱད་པར་ཙམ་གྱི་ཕྱིར་རོ།། དེ་ལྟར་མཛོད་ཀོ་ཥ་ལས་གསུངས་པ། དྲུག་པོ་འག ་མ་ཐག་ཏུ་ནཱི།། ནཱམ་ཤེས་གང་ཡིན་དེ་ཡོད་དོ།། ཞེས་པའོ།། ལུས་ཀྱི་ཚེད་མ་ལྔ་ཅར་ཡང་ཞེས་པ་ནི། གོ་དུ་གསུངས་པའི་ཆུ་དང་མེ་དང་རླུང་དང་། སཱ་དང་ཡེ་ཤེས་ཚད་མར་སྦྱོར་བས་ན། ལུས་སྦྱོར་བ་ཞེས་པའོ།། དེ ་ན་ཆད་ཀྱི་ལུས་ཀྱིས་སྦྱོར་བའི་མཚན་ཉིད་ནི་ཞེས་པའི། ཞུས་པའི་ཚིག་གིས་ལེན་བཤད་པས་མཉམ་པ་ཉིད་གང་གིས་སྦྱར་བར་བགྱི། ཞེས་པའི་ཚིག་གིས་ཞུས་པའི་ལན་བཏབ་པ། ལྔ་ཆར་གཅིག་གི་ངོ་བོ་སྟེ། ་གཅིག་ཏུ་གྱུར་པར་ཤེས་བྱས་ནས། ཞེས་པ་སྟེ། ཆུ་ལ་སོགས་པ་དེ་ལྔ་ཡང་།། སེམས་གཅིག་གིས་རང་བཞིན་གྱི་ཕྱིར་ནུ། ཆོས་ཉིད་གཅིག་གི་རང་བཞིན་ཞེས་ཤེས་པར་བྱ་བའི་དོན་ཏེ། གསུ་མེད ་སེམས་པ་ཆོས་དབྱེར་མེད་པའི་ཕྱིར།། དེའི་ཡོན་ཏན་གསུ་ངུས་པ།། རྣལ་འབྱོར་པ་ཡིས་གནས་བལྟའོ་ཞེས་པ་སྟེ།། ལུས་སྦྱོར་བའི་མན་ངག་སྷོ།། དེ་ལྟར་བསྒོམ་པའི་རྣལ་འབྱེར་པས།། མ་ངན་ལས་འདས་པའི་ལམ་ཐེབ་པ ་ཞེས་པའི་ཐ་ཚིག་གོ། ཡང་དེའི་ཡོན་ཏན་ཁོ་ན་གསུངས་པ། དེ་ལྟར་མཚན་ཉིད་མངོན་པར་ཤེས་པ་ཡེ་ཞེས་པ་ལ་སོགས་པ་སྟེ། བླ་མ་དགེ་བའི་བས་གཉེན་བསྟེན་ནས། ལུས་ལ་སྦྱོར་བའི་མཚན་ཉིད་ཅེས་པ་ནི། སྲིད་པའི ་འཁོར་བ་ལས་ཐར་རོ་ཞེས་པའི་ཐ་ཚིག་གོ།། ད་ནི་ཐུགས་རྗེས་སྐྱོ་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་སེམས་དཔའ་ཐུགས་ཀྱིས་མཁྱེན་ནས་རྟོགས་ཏེ། མཉམ་ཉིད་གང་གིས་སྦྱོར་བར་བགྱི་ཞེས་པའི་ལེན་ཡེ་ཤེས ་སྦྱོར་བ་སྟོན་འདོད་པས་གསུངས་པ། དབང་པོ་ཡུལ་གྱི་ཡེ་ཤོས་ནི་ཞེས་པ་ལ་སོགས་པའོ།། དེ་ལ་དབང་པོ་ཡུལ་གྱི་ཡེ་ཤེས་ཀྱིས།། གནོད་པར་བྱེད་བསྡམ་པར་བྱ་ཞེས་པ་སྟེ། དེ་ལ་ཡུལ་ནི་གཟུགས་དང་སྒྲ་ལ་སོགས ་པོའོ།། ཡེ་ཤེས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ།། དོན་དུ་ན་འདི་ལྟ་སྟེ། རྣལ་འབྱོར་པས་དང་པོ་གནོད་པ་བྱེད་པ་གཟུགས་ལ་སོགས་པོའི་སྤྱོད་ཡུལ་ལོ་ཕྱིན་ཅི་ལོག་པའི་སྒོ་ནས་འཇུག་པའི་མིག་ལ་སོགས་པའི ་རྣམ་པར་ཤེས་པ་བསྡམས་ནས་གདུལ་བར་བྱའོ་ཞེས་པ་སྟེ། རྣལ་འབྱོར་པའི་སྤྱོད་སུལ་ནཱི། དམ་ཚིག་ཙྪམ་ཡིན་གྱི་ལོངས་སྤྱོད་ནི་མ་ཡིན་ནོ།། ཕྱིར་རོ།། དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་སྦྱོར་བའི་གདན་ལེའུ་བཞི་པ་ལས ་གསུངས་པ། འདོད་ལ་དགའ་ཉིད་མ་ཡིན་ཏོ།། ལོངས་སྤྱོད་ཕྱི་རུ་སྤྱོད་མི་བྱ་ཞེས་བྱའོ།། དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་ལྔ་བསྡམ་པ་བསྟན་ནས། རྣམ་པར་རྟོག་པ་རྣམ་པར་ཤེས་པ་བསྡོམ་པ་གསུངས་བྱ།། སྒོ་ང་སྐྱེས ་ཁྱིམ་གྱི་གནས་དག་ཏུ།། དབུས་སུ་རྣམ་པར་བསྡམ་པར་བྱ་ཞེས་པ་སྟེ། དེ་ལ་སྒོ་ང་ཞེས་པ་ནི་སྙིང་སྟེ་སྒོ་དེ་དང་འདྲ་བའི་ཕྱིརརོ།། སྒོ་དེ་དེ་ལ་སྐྱེས་པའི་སེམས་ནི་སྒོ་ང་སྐྱེས་ཞེས་བྱའོ།། དཔེར་ན་མིག་ལ་བརྟེན་པའི་རྣམ་པར་ཤོས ་བོ་ནི་མིག་གི་རྣམ་པར་ཤེས་པ་ཞེས་ཟེར་བ་བཞིན་ནོ།། དོན་ནི་འདི་ལྟ་སྟེ། སྒོང་སྐྱེས་ཀྱི་གནས་སྙིང་གི་དཀྱིལ་དུ་སེམས་དང་དབྱེར་མེད་པའི་རྟོག་པའི་རྣམ་པར་ཤེས་པ་བསྡམོ་པར་བྱའོ་ཞེས་པའི་ཐ་ཚིག་གོ། དེ་ཁོ་ན་གསལ ་བར་སྟོན་པས། གསུངས་པ། མི་བརྟན་དངོས་པོ་གཡེངས་པ་ཡིས།། གཡོ་ཞིང་གོ་ཡོ་བྷར་བྱེད་པའི་སེམས།། བསྡམས་པ་གནོས་ཀྱི་རྟེན་དཀྵ་ནི།། རྣམ་ཤེས་པདྨའི་གདན་ལེའོ་ཞེས་པ་སྟེ། སེམས་གཡོ་བར་བྱེད་པ་རྟོག་པའི ་རྣམ་པར་ཤེས་པ་བསྡམ་པའི་གནས་སྒོ་ངའི་དཀྱིལ་གྱི་པདྨ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། པདྨའི་དཀྱིལ་དུ་རྣམ་པར་ཤེས་པ་བསྒོམ་པ་ནི། དབྱིབས་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ། རྒྱུ་ཀུན་གྱིས་ནི་རྣལ་འབྱོར་པས། ་རྣམ་པར་ཤེས་པ་གཟུགས་སུ་མཚོན་ཞེས་པ་སྟེ། དེ་ལ་རྣམ་ཤེས་གཟུགས་ཞེས་པ་ནི་ཡི་གེ་ཧཱུ~ཾ་ངོ་།། དྲོནྡ་ནི་འདི་ལྟ་སྟེ། རྣལ་འབྱོར་པས་དང་པོར་རྒྱུ་བསྒོམ་པའི་གནས་སྐབས་སུ་རྣམ་པར་ཤེས་པ་དེ་ནི་ཡི་གེ ་ཧཱུཾ་གི་གཟུགས་ཁོ་ནས་མཚོན་པར་བྱའོ་ཞེས་པའོ།། གཟུགས་མེད་པའི་རྣམ་པར་ཤེས་པ་ཡི་གེ་ཧཱུཾ་གི་དབྱིབས་སུ་དམིགས་པ་ཅིའི་ཕྱིར་ཞེ་ན་གསུངས་པ། གཟུགས་ཞེས་བྱ་བའི་དངོས་པོ་ཡིས།། སྦྱོར་བ་བསྒྲུབ་པའི་དོན་ཕྱིར་རོ་ཞེས ་པ་སྟེ། ཏིང་ངེ་འཛིན་སྦྱོར་བ་དངོས་གྲུབ་ཐོབ་འདོད་པའི་ཕྱིར་ན་རྣལ་འབྱོར་པས་ཧཱུཾ་གཟུགས་དངོས་པོ་བསྒོམོ་མོ་ཞེས་པའོ།། དེ་ནས་ཡེ་ཤེས་བསྡམ་པའི་གནས་བསྟན་ནས་ཡེ་ཤེས་བསྡམ་པའི་སྦྱོར་བའི་ཐབས་གསུངས་པ། ཆུ་ཤིང་མེ ་ཏོག་ལྟེ་བ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆུ་ཤིང་མེ་ཏོག་ཅེས་པ། བ་ལང་གི་རྨེག་པ་འད་ཅན་ཏེ། ཁ་མར་བལྟ་བ་དང་། དབྱིབས་ཆུ་ཤིང་མེ་ཏོག་འདྲ་བའི་ཕྱིར་རོ་ཞེས་པ་ནི། ལྟེ་བ་ནས་ཡ་རོ་བསྒྲེང་སྲོག་རྩུ་ཞེས་པའོ།། སྙིང་དུ་འགྲེ ་བཱ་ཡང་གནས་པ་ཡིས་ཞེས་པ་ནི་ལྟེ་བ་ནས་ཡར་འགྲེང་བ་སྙིང་ཁ་ན་གནས་པའོ་ཞེས་པའི་དོན་ཏོ།། རྟག་ཏུ་ཁ་ནི་མར་ཕྱོགས་པ་ཞེས་པ་ནི། བ་ལང་གི་རྨིག~ཾ་པ་འདྲ་བ་དེ་ནི་ཡར་མར་འགུག་ནས་ཁ་མར་བལྟའོ་ཞེས་པའི་ཐ ་ཚིག་གོ།། མཁས་པ་ཡིས་ནི་རྒྱས་པར་བྱའོ་ཞེས་པ་ནི། རྣལ་འབྱོར་པ་ཐབས་མཁས་པས་བདུད་རྩིས་པ་ལང་གི་རྨིག་པོ་དེ་རྒྱས་པར་བྱ་ཞེས་པའི་ཐ་ཚིག་གོ། དེ་ནས་པའི་རྒྱས་པའི་ཆུ་ཤིང་གོ་མེ་ཏོག་ལ་བདུད་རྩི་འཛག་པའི་དཀྱིལ ་འཁོར་གསུངས་པ། འདབ་མ་བརྒྱད་དུ་རྟག་ཏུ་གྱུར།། གསུངས་པ་གྲེ་སར་ལྡན་པ་ཡི་ཞེས་པ་སྟེ། གོང་དུ་སྦྱིན་སྲེག་གསུངས་པ་བཞིན་དུ་འདིར་ཡང་ལྟེ་བའི་ཐད་ཀ་ན་གེ་སར་ལྡན་པའི་འདབ་མ་བརྒྱད་བསྒོམ་པར་བྱའོ་ཞེས་པའོ།། ་དེ་ལ་བཀོད་པའི་ལྷ་གསུངས་པ། དེ་དབུགས་རྟག་ཏུ་གསུངས་པ་ནི།། རྣམ་ཤེས་ཡེ་ཤེས་སྦྱོར་བ་ཉིད་ཅེས་པ་ནི་དེ་ལ་ཡེ་ཤེས་རྣམས་ཀྱི་ཡི་གེ་ཧཱུཾ་ངོ་།། དེ་པདྨ་དེའི་དབུསུ་བསྒོམ་པར་བྱའོ་ཞེ་བཱི་དོན་ཏོ།། དེ་ནས ་གོང་དུ་ཆུ་ཤིང་གི་མེ་ཏོག་རྒྱས་པར་བྱ་བའི་ཆོ་ག་གསུངས་པ། ཡང་དག་སྦྱོར་བ་ཤར་ཕྱོགས་ནས་ཤེས་པ་སྟེ། དེ་ལ་ཡང་དག་སྦྱོར་བ་ནི། ཡི་གེ་ཧཱུཾ་སྟེ་སངས་རྒྱས་ལྔ་དང་ཡེ་ཤེས་ལྔ་དང་། རྣམ་ཤེས་སྦྱོར་བའི་རང་བཞིན ་གྱི་ཕྱིར། ཤར་ཕྱོགས་ནུས་ཞེས་པོ་ནི། ཧཱུཾ་དེའི་ཤར་ཕྱོགས་ལྟེ་བའི་ཕྱོགས་ལའོ།། ཁོ་ར་ཁོར་ཡུག་སྦྱོར་བརྒྱད་དེ་ཞེས་པ་ནི། མདུན་དུ་ཕྱོགས་སོར་བརྒྱད་ཀྱི་ཕྱི་རོལ་ཞེས་བྱའོ།། གཞུང་ཚིགས་ནུབ་ཀྱི་ཕྱོགས་སུ་ཞེས་པ་ནི ་ཡི་གི་ཧཱུཾ་ཁོ་ནའི་རྒྱ་བོ་གཞུང་ཚིག་གི་ཕྱོགས་ཞེས་པའོ།། དེ་ཡང་ཇི་ཙམ་གྱི་ཕྱི་རོལ་ཡིན་ཞེ་ན། འོག་ཏུ་སོར་ཡང་ལྔ་པ་སྟེ་ཞེས་པ་སྟེ། དེ་ལ་འོག་ཅེས་པ་ནི། སོར་ལྔའི་ཕྱི་རོལ་གྱི་ཁོར་ཡུག་ཅེས་པའོ།། དེའི་ཞིང་གི་ས ་བོན་རྣམས་ཞེས་པ་ནི། དེའོ་ཞིང་ཞེས་པོ་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་ཏེ། དེ་གཉིས་ཀྱི་ས་བོན་ནོ།། ཡི་གེ་སུ་དཀར་པོ་དང་། ཡུ་དམར་པོའི་མྱུ་གུ་འབྱུང་བའི་འོད་ཟེར་བཞིན་ཞེས་པ་ནི། བདུད་རྩིའི་ས་བོན་སུ་དཀར་པོ་ལས་བྱུང་བའི ་མྱུ་གུ་ཞེས་པའོ།། ས་བོན་དེའི་འོད་ཟེར་རྣམས་ཞེས་པ་ནི། རླུང་གི་ས་བོན་ཡུ་ཡིས་འོད་ཅེས་པའོ།། ཆུ་ཤིང་མེ་ཏོག་རྒྱས་པ་ལ་ཞུས་པའི་དོན་ནི་འདི་ལྟ་སྟེ། ལྟེ་བའི་ཕྱོགས་ན་གནས་པའི་ཡི་གེ་སུ་དཀར་པོའོ།། ་བདུད་རྩིའི་འོད་གཞུང་ཚིག་གི་ནུབ་ཕྱོགས་ན་གནས་པའི་ཡི་གེ་སུ་དམར་པོ་ཡིས་ཡང་དད་པའི་བདུད་རྩིའི་འོད་ཆུ་ཤིང་གྲི་མེ་ཏོག་ལ་ཐིམ་པར་རྒྱས་པར་བྱའོ་ཞེས་པའོ།། འོག་གི་བདུད་རྩི་རྒྱུས་པར་བྱེད་པའི་ཐབས་བསྟན་ནས། ་སྟེང་གི་བདུད་རྩི་རྒྱས་པར་བྱ་བའི་ཐབས་གསུངས་པ། སྒྲོགས་པ་ལྔ་ཡི་མཆོད་རྟེན་གྱིས།། འོག་ཏུ་བསྒྲུབས་ནས་གཤེགས་པར་བྱ་ཞེས་པ་སྟེ། གོང་གི་ལེའུའི་དོན་བཞིན་དུ་ལྕེ་དྲུག་ནས་བདུད་རྩི་པོབས་མས་མཆོད་རྟེན། མཆོད ་རྟེན་ལ་བབ་པ་སྲོལ་ཀོང་། སྲོལ་ཀོང་ནས་འབབས་པས་ཆུ་ཤིང་གི་མེ་ཏོག་ལ་ཐིམ་པར་བྱའོ།། ཞེས་པའི་ཐ་ཚིག་གོ། དེ་ནས་གོང་དུ་བསྟན་པའི་པདྨ་འདབ་མ་བརྒྱད་ལ་རྒྱས་པའི་ཆུ་ཤིང་ལ་འཛེགས་པའི་བདུད་རྩིའི་དོན་བསྟན་པ། ་འདབ་མ་བརྒྱད་ཀྱིས་བརྒྱན་པ་ཡི།། པདྨ་མདངས་ཅན་གཤེགས་པར་བྱ་ཞེས་པ་སྟེ། པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་བཀོད་པའི་མང.་ཙན་ས་བོན་དེ་ལ། དེར་ཆུ་ཤིང་གི་བདུད་རྩིའི་ཐིགས་པས་ཐིམ་པར་བྱའོ།། དེ་ཁོ་ན་གསུང ་པཔདྨ་འདི་ཡི་གདོན་ལ་ནི།། སྒོ་ངོ་སྐྱེས་ཡེ་ཤེས་གནས་ཡིན་ནོ་ཞེས་པ་སྟེ། པདྨའི་དཀྱིལ་གྱི་མདངས་ཅན་ས་བོན་ནི་སྒོ་ང་ལས་སྐྱེས་པའི་སེམས་དང་། དབྱེར་མེད་པའི་ཡི་གེ་ཧཱུཾ་ཞེས་པའོ།། ཡོཾ་གེ་ཧཱུཾ་གི་ཁ་དོག ་ཅི་འདྲ་ཞེ་ན་གསུངས་པ། དབུས་སུ་ཤེས་དང་མཚུངས་པ་ཡི།། ཡེ་ཤེས་རྣམ་ཤེས་སྟོན་པའོ་ཞེས་པའོ།། དེ་ནས་ཡང་པདྨ་འདབ་བརྒྱད་ལ་ས་བོན་བཀོད་པ་གསུངས་པ། མཁའ་འགྲོ་མ་བཞིའི་ས་བོན་ནི།། ཕྱོགས་ཀྱི་འདབ ་མར་བཞག་པར་བྱ་ཞེས་པ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞིའི་ས་བོནྡ་ནི་ཕྱོགས་ཀྱི་འདབ་མར་བཞག་པར་བྱ་ཞེས་པ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ས་བོན་ཤར་གྱི་འདབ་མ་ལྔ་སྩོགས་པ་ལཱྀ་དགོད་པར ་བྱ་བའོ།། དེའི་སོ་བོན་གང་ཞེ་ན་ས་བོན་དང་པོ་སྒྲ་ལ་སོགས།། ཇི་ལྟར་མཚན་ཉིད་གསུངས་པ་བཞིན་ཞེས་པ་སྟེ། དེ་ལ་ས་བྱོན་དང་པོ་སྒྲ་ལ་སོགས་ཞེས་པ་ནི་ཨ་སྟེ། སྒྲ་ཡིག་བཅུ་དྲུག་གི་ཕྱིར་རོ།། ཇི་ལྟར་མཚན ་ཉིད་གསུངས་པ་བཞིན་ཞེས་པ་ནི་འོག་ཏུ་དགོད་པ་དང་། གློར་དབྱུག་པ་འདོགས་པ་དང་། སྟེང་ན་ཟླ་ཚེས་དང་། ཐིག་ལེ་འདོགས་པའི།། ཡི་གེ་ནི་འདི་ལྟ་སྟེ། ཨ་ཨཱ། ཨཱཾ་ཨཱཿཞེས་སོ།། མཚམས་བཞིའི ་ས་བོན་བཀོད་པ་གསུངས་པ། ཕྱོགས་མཚམས་སེང་གེ་མོ་ལ་སོགས།། མ་ནིང་ས་བོན་ཤེས་པར་བྱ་ཞེས་པ་སྟེ། སེང་གེ་མོ་ལ་སོགས་པ་བཞིའི་ས་བོན་མ་ནིང་གི་ཡི་གེ་རྀ་རཱྀཏྲཾ། ལྀ་ལཱྀ་མཚམས་ཀྱི་འདབ་མཱ་ལ་བཀོད་པར ་བྱའོ་ཞེས་པའོ།། སྙིང་གར་དངོས་པོ་དངོས་པོ་ཡིས་ཞེས་པ་ནི། དངོས་པོའི་རྣལ་འབྱོར་པས་ཡིག་འབྲུ་དངོས་པོ་སྙིང་གར་བསྒོམ་པའོ།། གང་ཞེ་ན་སྙིང་གར་བསྟན་པའི་ཡི་གེ་བཞག་ཅེས་པ་སྟེ། ལེའུ་གོང་མ་ལ་སྙིང་གར་བཞག ་པཛྲི་ཡི་གེ་བདུད་རྩིས་བླུན་པའི་ཡི་གེ་ཨོཾ་སྟོན་བྲ་ལ་ནི་འདིར་ཡང་བདུད་རྩིའི་ཡི་གེ་ཨོཾ་ཁོ་ན་ལ་ཤེས་པར་བྱའོ།། དེ་ནས་དེ་ལྟ་བུའི་ཆུ་ཤིང་གི་མེ་ཏོག་ལས་བདུད་རྩིའི་རྒྱུན་ནོར་ཕྱུང་སྟེ་པདྨའི་ཡིག་འཕྲུལ ་ཕོག་པ་བསྟན་པ་གསུངས་པ་སྟེང་གི་བ་ལང་རྨིག་པ་ལས། བདུད་རྩི་རྒྱུན་ནི་སྒོ་དགུ་ནས།། རྟག་ཏུ་འཇིག་གསོལ་རྣལ་འབྱོར་པས།། ཡི་གེ་དཀར་པོ་ལ་སོགས་པ་ཀུན་ཞེས་པ་སྟེ། སྟེང་གཽ་བཱ་ལེང་རྨིག་པ་ལས།། བདུད་རྩི་ཆུ་རྒྱུན ་ཆུ་འབབ་སྟེ།། འོག་གི་པདྨ་འདབ་བརྒྱད་དང་།། སྙིང་པོ་ལ་བཀོད་པའི་ཡི་ག་འབྲུ་དཀར་པོ་དགུ་ལ་བདུད་རྩིས་ཕོག་པར་བྱའོ་ཞེས་པའོ།། ཡིག་འབྲུ་དགུ་ནི་འདི་ལྟ་སྟེ། ཧཱུཾ་ཨ་ཨཱཿཾ་ཨ་\ུ0f7fརྀ་རཱྀ་ལྀ་ལཱྀ་རྣམས་སོ།། དེ་ནས་དེ་ལྟར ་བསྒོམས་པའི་རྣལ་འབྱོར་པས།། འོད་ཟེར་འཕྲོ་བ་གསུངས་པ། འབར་བྱེད་སྭཱ་ཡི་བུ་ག་ནས།། བདུད་རྩི་དཀར་པོ་སྣང་བར་པ་ཞེས་པའོ།། ཡང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་ཟླ་བའི་གནས་གསུངས་པ། ཡེ་ཤེས་རྣམ་ཤེ ་ས་བོན་ནི།། རྣལ་འབྱོར་པ་ཡིས་ཀུན་ཏུ་བཟླས་ཞེས་པ་སྟེ།། དེ་ལ་ཡེ་ཤེས་ས་བོན་རྣམ་ཤེས་ནི་ཞེས་པ་སྟེ། ཡི་གེ་ཧཱུ~ཾ། དེ་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པའོ།། ཨོཾ་སྭཱ་ཧཱ་མེདོ་ན་ཡང་དོན་དུ་ཤེས་པར་བྱ་སྟེ། སྔགས་རྣམས་ཐམས ་ཅད་ཕལ་དུ་ནི།། ཕྱག་འཚལ་བསྲེག་པ་ལྡན་པའོ།། ཞེས་གསུངས་པའི་ཕྱིརརོ།། འགྲོ་དང་འཆག་དང་འདུག་པ་དང་ཞེས་པ་ལ་སོགས་བི་ནི་བཤད་ཟིན་ཏོ།། ཡེ་ཤེས་འབྱུང་བ་སྦྱོར་བ་ཡཽ་ཞེས་པ་ནི། དེ་དག་གི་ཏིང་ངེ་འཛིན་ཡེ ་ཤེས་སྦྱོར་བ་ཞེས་མཚན་སྟོན་པའོ།། སེ་དེ་ནི་སེམས་འཕྲོ་བར་སྦྱོར་བ་སྟོན་འདོད་པས། རྡོ་རྗེ་སེམས་དཔའ་འཐོབ་པར་སྦྱོར་བའི་མཚན་ཉིད་ནི་ཞེས་པ་ལ་སོགས་པས་བསྐུལ་ལོ།། དེ་ལ་འཕྲོ་བ་ཞེས་པ་ནི་རང་གི་རྣམ་པར་ཤེས་པ ་ཐབས་ཀྱི.ི་མཐོ་རིས་ལ་འཕྲོ་བའོ།། སྦྱོར་བའི་མཚན་ཉིད་ཅེས་པ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་སྦྱོར་བའི་མཚན་ཉིད་འོགོ་ནས་འབྱུང་བའོ།། དེ་ནས་ཕྱག་ན་རྡོ་རྗེས་ཞུས་བེ། སྒོ་དགུ་ལ་སོགས་ཇི་ལྟར་གནས་པ་དག། ཡེ་ཤེས ་དབང་ལ་བདག་ཕྱག་འཚལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་དབང་ནི་རྡོ་རྗེ་སེམས་དཔའ་སྟེ། རྣམ་པར་ཤེས་པ་བརྒྱད་ཀྱི་གཙེ་བའི་ཕྱིར་རོ།། ལན་སླར་གསུངས་པ། འཆི་བའི་དུས་ཀྱི་ཚད་མ་ནཱི་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་འཆི་བའི་དུས་ཞེས་པ་ནཱི། བདག་གི་གདན་ལེའུ་གཉིས་པ་ལྔས་དབུགས་ཆད་པ་ལ་སོགས་པ་སྟེ། དེ་དག་ནི་ཤི་བདག་དུས་ཀྱི་ཚད་མ་ཡིན་ནོ་ཞེས་པའོ།། དེ་ལྟར་ཤི་བའི་དུས་ཀྱི་སྒོའི་ཁྱད་པར་གྱི་ཡོན་ཏན་དང་སྐྱོན་བསྣུན་པ ་ལམ་བཟང་པོ་ནི་མཛེས་པའི་གནས།། ལམ་ངན་པ་ནི་སྲིད་པའི་སྐྱོན་ཞེས་པ་སྟེ། དེ་ལ་ལམ་བཟང་ཞེས་པ་ནི་སྒོ་དྲུག་གོ། མཛེས་པའི་གནས་ཞེས་པ་ནི་མཐོ་རིས་སོ།། ལམ་ངན་པ་ཞེས་པ་ནི་སྒོ་གསུམ་མོ།། སྤྱོད་པའི་སྐྱོན ་ཞེས་པ་ནི་ངན་སོང་གསུམ་མོ།། བཟང་པོའི་སྒོ་དྲུག་དང་ངན་པའི་སྒོ་གསུམ་གང་ཞེ་ན། གསུངས་པ། ཐིགས་པ་ལྟེ་བོའི་སྤྱི་གཙུག་དང་། ཞེས་པ་ལ་སོགས་པའོ།། དེ་ནས་སྒོ་དང་སྦྱོར་བའི་སྐྱོན་བསྟན་པ་ལ། དེ་ལ་རེ་ཞིག་ཡོན ་ཏཱན་བསྟན་པ། ལྟེ་བ་འདོད་ཅན་མཐོ་རིས་ཏེ་ཞེས་པ་ནི་རྣལ་འབྱོར་པའི་ལྟེ་བ་ནས་ཡེ་ཤེས་འཕྲོ་ན། འདོད་ཁམས་ཀྱི་ལྷའི་རིས་རྒྱལ་ཆེན་རིགས་བཞི་ལ་སོགས་པ་དྲུག་ཏུ་སྐྱེར་སོང་ངོ་།། ཞེས་པའི ་ཐ་ཚིག་གོ། ཐིགས་པ་གཟུགས་ཀྱི་ལུས་རྣམས་ནི་ཞེས་པ་ནི། དཔལ་བའི་ཐིགས་པ་ནས་ཡི་ཤེས་འཕྲོ་ན། གཟུགས་ཀྱི་ལྷ་རིས་ཚངས་པ་ལ་སོགས་པ་བཅུ་བདུན་དུ་སྐྱེར་སོང་ངོ་།། ཞེས་པའི་ཐ་ཚིག་གོ། གོང་མ་གོང་ན་ནི ་གནས་སུ་ནི།། འགྲོ་བ་དེ་ཡི་ཡོངས་སུ་བརྟགས་ཞེས་པ་ནི། དེ་ལ་གོང་མ་ནི་སྤྱི་བོའོ།། གོང་མའི་གནས་ནི་གཟུགས་མེད་པའི་ཁམས་ཏེ་སྲིད་པ་གོང་མར་གྱུར་པའི་ཕྱིར།། དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པའི་སྤྱི་བོ་ནས་རྣམ ་ཤེས་འཕྲོ་ན། གཟུགས་མེད་པའི་ཁམས་ན་མཁའ་མཐའ་ཡཱས་ལ་སོགས་པའི་རིས་བཞི་ལ་སྐྱེར་སོང་བ་བརྟགས་པར་བྱའོ་ཞེས་པའི་ཐ་ཚིག་གོ།། སྣ་ཡིས་གདོན་སྦྱིན་གནས་སུ་སྟེ་ཞེས་པ་སྟེ། ན་སྭཱ་ནས་ཡེ་ཤེས་འཕྲོ་ན། ་རཱི་རབ་ཀྱི་རྩེ་མོར་མིག་མི་བཟང་ལ་སོགས་པའི་གནོད་སྦྱིན་གྱིས་རིས་སྐྱེ་བོ་ཞེས་པའི་ཐ་ཚིག་གོ། རྣ་བ་གཉིས་ཀ་གྲུབ་པོའི་ལྷ་ཞེས་པ་ནི་དེ་ལ་གྲུབ་པའི་ལྷ་ནི་བརྒྱད་དེ།། རལ་གྲི་གྲུབ་པའི་ལྷ་དང་། མིག་སྨན་གྱི་གྲུབ་པའི་ལྷ་དང་། ་རི་ལུ་གྲུབ་པའི་ལྷ་དང་། ས་འོག་གྲུབ་པའི་ལྷ་དང་། མི་སྣོང་གྲུབ་པའི་ལྷ་དང་། ཡུད་ཙམ་གྱིས་ཕྱིན་པའི་གྲུབ་པའི་ལྷ་དང་། རྣམཁའ་ལ་འཕུར་བ་གྲུབ་པའི་ལྟོ་དང་། ཀུན་ཏུ་མཐོང་བ་གྲུབ་པའི་རྣམས་སོ།། དོན་ནི་འདི་ལྟ་སྟེ། ་རྣ་བ་ནས་རྣམ་པར་ཤེས་པ་འཕྲོ་ནུ། ལྷ་དེ་དག་གི་རིས་ལ་སྐྱེའོ།། གལྔ་ཏེ་མིག་ལས་ཡེ་ཤེས་འཕྲོ།། མི་རྣམས་ཀྱིས་ནི་རྒྱལ་པོར་འགྱུར་ཞེས་པ་ནི་མིག་ནས་ཡེ་ཤེས་འཕྲོ་ན་མིའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པར ་སྐྱེའོ་ཞེས་པའོ།། དེ་ནས་སྒོའི་ཡོན་ཏན་བསྟན་པ་ནས་སྐྱོན་པ་བསྟན་པ་སྲིད་པའི་སྒོ་ཡིས་ཡི་དགས་རྣམས་ཞེས་པ་ནི་དེ་ལ་སྲིད་པའི་སྒོ་ནི་ཁཱའོ།། དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་ཕུང་པོ་ལྔ་དེ་གནས་བར་བྱེད་པའི་ཟད་དེ་ནས་བཅུག ་རྱཱ་ནྱཱ། སིད་པའི་སྒྲོ་ཞེས་བྱའོ།། དོན་ནི་འདི་ལྟ་སྟེ། ཡེ་ཤེས་འཕྲོ་ན་ཡི་དགས་སུ་སྐྱེ་བའོ་ཞེས་པའོ།། དེ་བཞིན་དུ་ཆུ་ཡིས་དུད་འགྲོ་སྟེ་ཞེས་པ་ནི་དེ་ལ་ཆུ་ཞེས་པ་ནོ་ཕོ་མཚན་མོ་མཚན་ནོ་ཆུ་ཡིས་ལམ་གྱི་ཕྱིར་རོ།། ཚུའི་ལམ ་གྱི་སྒོ་ནས་འོད་ཟེར་འཕྲོ་ན། དུད་འགྲོ་ལ་སྐྱེའོ་ཞེས་པའོ།། དམྱལ་བ་བརྒྱད་ཀྱི་དངོས་པོ་རྣམས།། ཆུ་མིན་རྣམ་ཤེས་མྱུར་དུ་འགྱུར་ཞེས་པ་ནི།། དེ་ལ་ཆུ་མིན་ནི་དྲིན་ཆེན་གྱི་ལམ་སྟེ། སྙིགས་མ་བྱུང་བའི་ཕྱིར་རོ།། ཆུ་མིན་གྱི ་སྒོ་ནས་འཕྲོ་ན། ཡང་སོས་ལ་སོགས་པ་དམྱལ་བ་བརྒྱད་ལོ་སྐྱེའོ་ཞེས་པའོ།། དེ་ལྟར་ཡོན་ཏན་དང་སྐྱོན་སྦྱོར་བའི་ཕྱིར་ན། རྣལ་འབྱོར་པས་ཤི་བའི་དུས་ལྔ་བབས་མ་ཐག་ཏུ། ཡོན་ཏན་གྱི་སྒོ་ནས་འཕྲོ་བར་བྱ་བ་ནི་མཆོག ་ནོཞེས་གསུངས་པ།། གང་ཞིག་སྒོ་ཡི་བྱེ་བྲག་གོས་ཞེས་པོ་ལ་སོགས་པའོ།། དེ་ནས་འཕོ་བའི་ཐབས་སྟོན་པས་གསུངས་པ། བུམ་པོར་སྔོན་དུ་བརྩམས་ནས་ནི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་དབུགས་དགག་པོའི་ཏིང་འཛིན ་བྱའོ་ཞེས་པའོ།། ཐམས་ཅད་སྒོ་ནི་དགག་པར་བྱ་ཞེས་པ་ནི།། གོང་གི་སྒོ་ནི་དགུ་པོ་དགག་པར་བྱ་ཞེས་བྱའོ།། ཇི་ལྟར་དགུག་པར་བྱ་ཞེ་ན་གསུངས་པ། སྒྲོགས་ལྔ་ཡི་མཆོད་རྟེན་གྱི།། སྒོ་ནི་དགག ་བར་བསྒོམ་པར་བྱ་ཞེས་པ་སྟེ། ཁཾ་ལ་སྲོག་གི་ཐང་དཀར་དགག་པར་བྱའོ་ཞེས་པོ་ནི་མན་ངག་གོ།། དེ་ནས་དགག་པ་སྤྱི་བོ་ལ་སོགས་པ་སྒོ་དྲུག་ཏུ་དགག་པའོ།། དེ་ནས་འོག་གི་སྒོ་ལ་ཡང་།། རྒྱུ་ཡི་ས་བོན་དཀར་པོའོ་ཞེས་པ་ནི། ་འདིར་འོག་གི་སྒོ་ནི་ལྟེ་བ་ལ་ཤེས་པར་བྱ་སྟེ། དེ་ལ་ཆུའི་ས་བོན་སུ་དཀར་པོས་དགག་པར་བྱ།། ཆུ་དང་ཆུ་མིནཱ་མེ་ཡེ་ནི།། དེ་ཡི་ས་བོན་འབྲར་བར་བྱས་ཞེས་པ་ནི་དེ་ཆུ་ནི་པོ་མཚན་ནོ།། ཆུ་མིན་དྲི་ཆེན་གྱི་ལམ་མོ།། དེ་གཉིས ་ཀྱི་སྒོ་ནི་མེའི་ས་བོན་སེར་པོས་དག་པར་བྱའོ།། དེ་ལྟར་སྒོ་དགག་པའི་རྣལ་འབྱོར་པས་དབུགས་མི་གཡོ་བར་བསྒོམ་པ་གསུངས་པ། བུམ་པ་དེ་ལ་དབུགས་ཀྱིས་ནཱི། ཤིན་ཏུ་མཉམ་བཞག་བསྒོམ་པར་བྱ་ཞེསོ།། ཡང་དབུགས ་དགག་པའི་རྣལ་འབྱོར་པས་ལུས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པོ། ལུས་ལ་རླུང་གི་ཁ་དོག་དང་ཞེས་པ་ལ་སོགས་པ་སྟེ། ལུས་ཀུན་རླུང་གིས་གང་ཞིང་རླུང་གི་མདོག་ཏུ་ཐལ་བའི་མདོག་ཏུ་བསྒོམ་པའོ།། སེམས ་ཀྱི་རླུང་གི་དཀྱིལ་འཁོར་ལ་ཞེས་པ་ནི་རང་གི་སེམས་རླུང་གི་དཀྱིལ་འཁོར་དུ་ཟླ་གམ་བསྒོམ་པར་བྱའོ་ཞེས་པའོ།། དཀྱིལ་འཁོར་དེ་ལ་བཀོད་པའི་སྔགས་གསུངས་པ། རླུང་གི་ས་བོན་དྲུང་བར་དུ་ཞེས་པ་སྟེ། ཡི་གེ་ཡ ་དཀྱིལ་འཁོར་དུ་དགོད་པར་བྱའོ་ཞེས་པའོ།། ལུས་གར་བསྒོམ་ཞེ་ན་གསུངས་པ། རླུང་གི་མཐའ་ཡི་རྩ་བར་མི་ཞེས་པ་སྟེ། རླུང་གི་ས་གང་བའི་ལུས་ཀྱི་མཐའ་རྐང་མཐིལ་ལ་བསྒོམ་མོ་ཞེས་པའོ།། ཐིགས་པ་ང་རོ་ལྡན་པ་ཡིས་ཞེས་པ ་པས་ནི། རླུང་གི་ས་བོན་ཡ་རྐྱོང་བ་ལ་ཞབས་བཀྱེད་དང་ཐིག་ལེ་སྦྱར་བར་བྱའོ།། དེ་ནས་ན་ཡི་གེ་ཡུམ་འགྱུརོ།། ས་བོན་སེམས་ཀྱིས་དྲང་བར་བྱ་ཞེས་པ་ནི། སེམས་ཀྱི་ས་བོན་ཡི་གེ་ཧཱུཾ། དེ་ཡར་དྲང་བར་བྱའོ་ཞེས་པའི་ཐ་ཚིག་གོ། ་གང་གིས་དྲང་ཞེ་ན། རྡོ་རྗེ་ས་བོན་དྲག་པོ་ལ།། ལྕགས་ཀྱུ་ཡི་གེ་སྦྱར་བྱས་ཏེ་ཞེས་པ་སྟེ། དེ་ལ་རྡོ་རྗེས་ས་བོན་ཞེས་པ་ནི་ཡི་གེ་ཧཱུཾ་དྲག་པོའི་ས་བོན་ཞེས་པ་ནི་ཡི་གེ་ཧཱུཾ་ཀྵུཾ་ངོ་།། དོན་ནི་འདི་ལྟ་སྟེ། ཡི་གཽ་ཧཱུ~ཾ་ནི་ཀྵུཾ་གིས་འདྲེན་པར་བྱའོ།། ་ཞེས་པའོ།། གནས་གང་ལས་ཇི་ཙམ་གྱི་བར་དུ་དྲང་བར་བྱ་ཞེ་ན་གསུངས་པ། ཉི་ཤུ་རྩ་གཅིག་དབུས་དག་གིས་ཞེས་པ་ལ་སོགས་པ་སྟེ། དབུགས་ཉི་ཤུ་རྩ་གཅིག་གི་བར་དུ་དང་བར་བྱའོ་ཞེས་པའོ།། ཚེ་གེས་གཅིག་གནས་ནས ་ཚིག་གཅིག་གོ།། ཚིགས་དགུ་གོང་མའི་བར་དུའོ།། ཞེས་པ་ནི་རྐང་མཐིལ་དང་། ལོང་བུ་དང་། པུས་མོ་དང་། རྐེང་པ་དང་། ལྟེ་བ་དང་། སྙིང་ག་དང་། དཔུང་པ་དང་། གྱེ་བ་དང་། སྤྱི་བོའི་བར་དུ་འདྲེན་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ་ཡར་འདྲེན་པ་བསྟན་ནས། འོག་ནས་ཕུལ་བའི་ཡི་གེ་སྦས་བཤད་པ། ཡར་བཟློག་མར་བཟློག་ས་བོན་གྱིས།། སྦྱར་བྱ་ཡཾ་གེ་ཕྱེད་དང་གཉིས་ཞེས་པ་སྟེ། དེ་ལ་ས་བོན་ནི་ཡི་གེ་ཕཊ་ཏོ།། དེ་བཤད་པོ་ཡི་གེ་ཕྱེད་ཅེས་ཏེ། དེ་ལ ་པ་ནི་ཡི་གེ་རངས་པའོ།། ཊ་ནཱི་ཕྱེད་དེ་ཕ་ལ་འདོབ་པའི་ཕྱིར་རོ།། དེ་ནས་ཡང་གོང་མ་ཡར་འདྲེན་པའི་ས་བོན་གྱི་ཡིག་སྔས་གསུངས་པ། ང་རོ་དྲག་ཏུ་བརྗོད་པའི་སྭ་ཞེས་པ་ན། ཡ~ཾ་གཱ་ཀྵཱ་གི་ཞབས ་དཀྱེད་ཐིག་ལེ་ལའོ།། བརྒྱད་ཀྱི་ཐ་མཱའི་ས་བོན་དང་ཞེས་པ་ནི་ཡལ་སོགས་པའི་ཡི་གྱི་བརྒྱད་ཀྱི་ཐ་མ་ཀཱའོ།། ཀཱ་དེ་ཁོ་ན་སྟོན་པས་གསལ་བར་གསུངས་པ། སྡེ་མཚན་དང་པོ་གོང་མའི་ཞི་བ་སྟེ། ལླི་ཀའོ།། ཡི་གེ་ཕྱེད་ཀྱི་སྤྱིར་བྱས་ཏེ། ་ཞེས་པ་ནི། ཡི་གེ་ཀྵ་ལ་ཕྱེད་ཀ་ཡིན་ནོ་ཞེས་ཏེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ།། གོང་གི་ཕུལ་བའི་འཕྲོ་ཆོ་གའི་ཏིང་ངེ་འཛིན་ཡང་སྟོན་པ། རླུང་གི་དཀྱིལ་འཁོར་འོག་ནས་ནི།། ང་རོས་ཕྲད་ནས་སྡོད་པར་བྱཾ། ཞེས ་བ་སྟེ། རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་གྱི་འོག་ནས། ཕཊ་ཀྱིས་མས་ཕུལ་ནས་བཏེག་གོ་ཞེས་པའི་ཐ་ཚིག་གོ། རླུང་གི་ས་བོན་དང་ལྡན་པའི།། རླུང་གི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི་ཕཊྚ་ཀྱིས་ཡར་ཕུལ་བའི ་རླུང་གིས་དཀྱིལ་འཁོར་དེ་དབུགས་དང་། སེམས་དང་། སྲོག་དང་ལྡན་པ་བསྒོམ་མོ་ཞེས་པའོ།། ཉི་ཤུ་རྩ་གཅིག་གནས་ནས་ནི།། གང་ནས་དུ་མིང་བཏགས་པ་སྟེ། ཞེས་པ་ནི་དབུགས་ཉི་ཤུ་རྩ་གཅིག་གི་བར་དུ་འདྲེན་ནས་གནས ་དགུ་ཡར་ཕྱིན་པ་འོག་མའི་གནས་ལ་མི་བཏོང་ངོ་ཞེས་པའི་ཐེ་ཚིག་པོ།། བཟློག་པར་བྱ་བའི་རྣལ་འབྱོར་པས། རྩ་བར་ཕྱེ་ནི་བབ་པར་བྱ།། ཞེས་པ་ནི་རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་ཡར་བཟློག་པའི་རྣལ་འབྱོར་པས་རྐེད་པའི ་བར་དུ་བརླབ་པར་བྱའོ་ཞེས་པའོ།། ཚིག་དགུ་ལས་ནི་ཡར་གཏོ་ན་མོང་ལྔ་འཕོ་བ་ཞེས་བྱའོ་ཞེས་པ་ནི་ཚིག་དགུའི་ཡ་ཡ་ཐ་སྤྱི་བོ་ནས་རྣམ་པར་ཤེས་པ་འཕོ་བ་ནི་མོད་ལ་འཕོ་བ་ཞེས་པ་སྟེ། རབཅས་པའི་ཐ་ཚིག་གོ།། དེ་ལྟར ་བ་ཤེས་པའི་ཡོན་ཏན་བྲམ་ཟེ་ལ་སོགས་པ་གསང་ན་ཡང་སྡིག་པར་མི་འགྱུ་རོ་ཞེས་པའོ།། ཉིན་རེ་བྲམ་ཟེ་སད་ན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་མཚམས་མེད་ལྔ་དག་བྱེད་པ་དང་། ཞེས་པ་ནི་ཕ་གསོད་པ་དང་། མ ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པའོ།། དེའི་དཔེར་བསྟན་པ། ཇི་ལྟར་འདམོ་ནས་སྐྱེས་པ་ཡི། པདྨའི་མདངས་ནི་མཛེས ་པར་འབྱུང་ཞེས་པའོ།། དོན་གསུངས་པ། དེ་བཞིན་འདམ་པའི་ལུས་ལ་ནི།། ཡེ་ཤེས་སྐུ་ནི་རང་དགར་འབྱུང་ཞེས་པ་སྟེ། ཉེ་བར་ལེན་པ་ཕུང་པོ་ཟག་པ་དང་བཅས་པ་ནས་ཀྱང་སྐྱེའི་ཁྱོད་པར་གྱིས་ཡེ་ཤྲཱིས་འཕོ་ན། མཐོ ་རིས་ལ་སྐྱེ་སྟེ། པདྨ་བཞིན་དུ་དྲི་མས་མ་གོས་པ་ཞེས་པའི་ཐ་ཚིགོ། དུས་གང་ལ་འཕོ་བ་སྦྱོར་བ་ཞེ་ནུ་གསུང་སྔ་པ། དུས་ལཱ་བང་ན་འཕོ་བྱ་སྟེ། ཞེས་པ་ནི་ཤི་བའི་དུས་ལ་བབ་ན་བྱའོ།། གཞན་དུ་ནི་མ་ཡིན་ནོ་ཞེས་པའོ།། ་གཞན་དུ་ནི་འཕོ་བ་བྱས་ན་ཅིར་འགྱུར་ཞེ་ན། གསུངས་པ། དུས་མིན་ལྷ་རྣམས་གསོད་པར་འགྱུརརོ་ཞེས་པ་སྟེ། ཤི་བའི་དུས་མ་ཡིན་པ་ལ་འཕོ་བ་བྱས་ནས། རིགས་ལྔ་ལ་སོགས་པའི་ལྷ་གསོད་པར་འགྱུར་ཏེ། ཕུང་པོ་ལྔ་རིགས ་ལྔའི་མ་ཉིད་ཀྱི་ཕྱིར།། ད་ནི་འབྱུང་འཇུག་གི་སྐྱེམས་སྦྱོར་བ་སྟོན་འདོད་པ་བཅོམ་ལྡན་འདས་ཀྱིས་གསུ་སྨྲ་པ། སྦྱོར་བ་གྲུབ་པའི་བྱེ་བྲག་དག། ཉན་དག་རྡོ་རྗེ་དེ་ཁོ་ན་ནུས་པ་ལ་སོགས་པའོ།། ་དེ་ལ་མཉམ་པ་ཉིད་ཀྱི་སྟོང་པ་ཉིད་བསྒོམས་ནས། དམ་ཚིག་སེམས་དཔའ་བསྒོམས་པ་གསུངས་པ། མཉམ་ཉིད་སེམས་ཀྱི་དངོས་པོ་ཡིས་ཤེས་པ་ལ་སོགས་པོ་ནས། ཡི་གེ་ས་བོན་རྣམ་པར་དགོད་ཅེས་པའི་བར་དུའོ།། ་དེ་ལ་སོ་བོན་ནི་སུ་ལ་སོགས་པ་བརྒྱད་དོ།། དེ་ལྟར་ལྷ་བསྒོམས་པས་སྙིང་པོ་ལ་བཀོད་པའི་ཡིག་འབྲུ་གསུངས་པ། ཨཱ་ལི་ཀཱ་ལཱི་ལ་སོགས་པ་ཞེས་པ་ནི་ཡི་གེ་ཨ་དཀར་པོའོ།། བསྒོམ་པའི་སེ་བློན་ཁོ་ན་བཤད་པ། ་ཆུ་ཤིང་མེ་ཏོག་པདྨ་ལ་ཞེས་པ་ལ་སོགས་པ་སྟེ། བ་ལང་རྨག་པའི་སྟེང་གི་སྙིང་གྲར་སྒོང་སྐྱེས་སེམས་ཀྱི་ཡི་གེ་ཧཱུཾ་ཨ་དང་ལྡན་པ་གཅིག་དབྱེར་མེད་པར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། དེ་ནསཱ་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར ་པས་ཕྱིའི་ལས་གསུངས་པ། དེ་ནས་ཕྱིའི་སྦྱོར་བ་ལ་སོགས་པ་ཤེས་པའོ།། སེམས་ཀྱི་གཉིས་འགྱུར་བ་དག་ལ་ཞེས་པ་ལ་སོགས་པ་ནི། དེ་ལ་སེམས་ཀྱི་གཉིས་འགྱུར་ཞེས་པ་ནི། རང་གི་སེམས་ཀྱི་ཕྱེ་དང་གཉིས་སུ་ཕྱེ་ནས ་བསྒོམ་པའོ།། དེ་ལ་ཕྱི་རོལ་གྱི་སེམས་ཇི་ལྟར་བསྒོམ་ཞེ་ན། ས་དག་ལ་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་སེམས་དཔའི་དཀྱིལ་འཁོར་དང་། རླུང་གི་དཀྱིལ་འཁོར་དང་། མེའི་དཀྱིལ་འཁོར་དང་། ཉི་མའི་དཀྱི ་འཁྱེར་རྣམས་བརྩེགས་པའི་དངས་སུ་ཨཱ་ལ~ཾ་ཀཱ་ལི་ལ་ས་ཟན་བྷཱུ་ཡི་གེ་ཨ་དམར་པོ་བསྒོམ་བྱར་བྱའོ་ཤེས་པའོ།། དེ་ལྟར་ཕྱིནང་བསྒོམས་ནས་བཟླས་བུ་གསུས་ཧཱ། འབྱུང་འཇུག་ཏུ་ནི་བཟླས་པར་བྱ་ཞེས་པན། སོ་ས ་སཱུཧཱའི་སྔགས་དབུགས་དབྱུང་བ་ནི་བཟླ། དབུག་འཇུག་པ་ལ་ནི་སླར་བསྟྲ་ཞེས་པའི་ཐ་ཚིག་གོ།། དེ་ལྟར་བཟླས་པ་ལྔས་ཅི་བྱེད་ཅེས་གསུངས་པ། ཡེ་ཤེས་ས་བོན་འབྱུང་བ་ཡི།། དཀྱིལ་དུ་འཇོམས་པར་བྱེད་པར་འགྱུར། ་ཞེས་པ་ནི། དབུགས་འཇུག་པ་དང་། སྔགས་བཟླས་པ་འགྲོགས་པའི་ས་བོན་ཨ་འབྱུང་བས། ཕྱིའི་ཉི་མའི་དཀྱིལ་འཁོར་གྱི་ཨའི་དཀྱིལ་དུ་ཐུག་པར་བསམ་པར་བྱའོ་ཞེས་པའོ།། དེ་ཁོ་ནའི་དོན་གསལ་བར་གསུངས ་པ། འབྱུང་བས་བཟླས་པ་དང་ཞེས་པ་ལ་སོགས་པའོ།། དེ་ལྟར་འབྱུང་བ་དང་།། འཇུག་པ་མཉམ་པ་ཉིད་དུ་བསྒོམ་པར་རྣལ་འབྱོར་པས་མཉམ་པ་བསྒོམ་པ་གསུངས་པ། འབྱུང་བའི་མཚན་ཉིད་བསྟན་པ་དང་ཞེས་པ ་ལ་སོགས་པའོ།། ཏིང་འཛིན་དེ་ཁོ་ན་བསྒོམ་པའི་རྣལ་འབྱོར་པས་གཞན་གྱི་སེམས་ཤེས་པའི་ཆོ་ག་གསུངས་པ། དེ་ནས་ཕྱི་སོགས་ལུས་རྣམས་ནི་ཞེས་པ་ལ་སོགས་པའོ།། པཎྜི་ཏ་སྨི་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་དང་ལྡན། ་གང་ན་གཞི་པ་གཟིགས་པ་ལས་གསང་བའི་གདན་གྱི་ལོའུ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། ། ་དྲ་ནི་སེམས་དང་ཡེ་ཤེས་སྦྱོར་བ་དང་། ཚད་མེད་པ་བཞི་དང་། སེམས་སྦྱོར་བ་དང་། ཐིག་བྲེའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ཕྲ་མོ་དང་། སྔགས་བཟླས་པ་དང་། མཚན་མ་དང་། མཆོད་རྟེན་གྱི་དེ ་ཁོ་ན་ཉིད་དང་། དབྱིངས་དང་། ཡེ་ཤེས་རྣམས་སྦྱར་བ་ཞོ་འདོད་པས་ཕྱག་ན་རྡོ་རྗེས་གསང་བའི་གངདན་ལྀ་གསང་བ་ཉིད་ལ་ཅེས་པ་ལ་སོགས་པ་སྟེ། གསང་བའི་གདན་ལེའུ་བཞི་པ་བརྩམས་སོ།། དེ་ལ་གསང་བའི་གདན་གྱི་ནང ་ན་ལེའུ་འདི་གསང་བའི་ཕྱིར་རོ།། སེམས་དང་ཡེ་ཤེས་མཉམ་བགྱི་བ་ཞེས་པ་ནི། སེམས་ནི་ཟབ་པ་སྟེ། དེ་ནི་གཉིས་སུ་མེད་པའི་ཆོས་འགྱེད་པའི་ཤེས་རབ་ཀྱི་ཕྱིར་རོ།། ཡེ་ཤེས་ནི་རྒྱ་ཆེ་བ་སྟེ། སྙིང་རྗེ་ལ་སོགས་པ་རྣམས ་ཀྱི་ངོ་བོའི་ཕྱིར་རོ།། བྱང་ཆུབ་རྫོགས་རིམ་ཇི་ལྟར་ལགས་ཞེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། རྡོ་རྗེའི་རིགས་དང་། སངས་རྒྱས་ཀྱི་རིགས་དང་། ་རིན་ཆེན་གྱི་རིགས་དང་།། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཐེག་པ་དགུའི་ནང་ན་ཡང་དག་པར་རྫོགསོ་པའི་བྱང་ཆུབ་ཀྱི་ཐེག་པ་གང་ཡིན་ཞེས་ཞུས་པའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞུས་པའི་ལན་གསུངས་པ། ་གསུང་བའི་གསང་བ་མཆོག་གི་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་སྐུ་གསུང་ཐུགས་ཏེ། ཉན་ཐོས་ལོ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ཕྱིར་རོ།། གསང་བ་ནི་ཐབས་དང་ཤེས་རབ་སྟེ། སེམས་དང་ཡེ་ཤེ ་ཀཱིརང་བཞིན་ཉིད་ཀྱི་ཕྱིར་རོ།། དོན་ནི་འདི་ལྟ་སྐྱེ། སྐུ་གསུང་ཐུགས་ལས་ཀྱང་ཐབས་དང་ཤེས་རབ་གསང་བས་ན། གསང་བའི་གསང་བ་ཞེས་སོ།། དེས་ན་ཆོས་མཆོག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུའི་ཕྱིར།། ཀྱེ་ཕྱག་ནི་རྡོ་ཡང་དག་པའི་བྱང་ཆུབ་ཀྱི་རིམ་པ་ནི་འདྲི་ཡིན་ནོ་ཞེས་པའི་དོན་ཏོ།། མདོར་བསྡུས་བྱ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། སེམས་ནི་མཉམ་ཉིད་བསྐྱེད་པ་ཡིས། ་འདོད་ཆགས་ལ་སོགས་རིང་དུ་སྤྱོང། ཞེས་པ་ནི་གཉིས་སུ་མེད་པའི་དོན་མཉམ་པ་ཉིད་ཀྱི་སེམས་བསྐྱེད་བྱའི་རྣལ་འབྱོར་པས་ཕྱིན་ཅི་ལོག་གྲི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤང་བར་བྱའོ་ཞེས་པའོ།། དེ་ནས་ཡང ་ཐབས་དང་ཤེས་རབ་ཀྱི་དོན་རྒྱ་སྐྱེ་པར་གསུངས་པ་ལ། རེ་ཞིག་ཐབས་གསུངས་པ། ཡིད་དུ་འོང་བའི་སོ་ཕྱོགས་སུ་ཞོས་པ་ལ་སོགས་པ་སྟེ། དེ་ལ་ཡིད་དུ་འོང་བ་ཞེས་པ་ནི་ཆུ་དང་། མེ་ཏོག་དང་། ཤིང་ཐོག་དང་ལྡན་པའི ་སའོ།། ཡང་ན་གསང་བའི་ཕྱོགས་ཤེས་པའོ།། བདེ་བའི་སྟན་ལ་འདུག་ནས་ནི་ཞེས་པ་ནི། འཇམ་པ་དང་འཐུག་པའོ།། ཡང་ན་ཐབས་དང་ཤེས་རབ་སྦྱོར་བའི་བདེ་བ་མྱོང་ནས་འདུག་པ་ཞེས་པའོ།། བདེ་བའི་སེམས་ཀྱིས ་ཁམས་ལ་སོགས་པ་བཅོ་བརྒྱད་ཐབས་དང་ཤེས་རབ་ཀྱི་བདེ་བ་ལས་བྱུང་བའི་སེམས་ཀྱིས་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། གང་བསྒོམ་ཞེ་ན་གསུང་པ། སྙིང་རྗེར་ཕན་པའི་སེམས་ནི་བྱ་ཞེས་པ་སྟེ། ལུས་ཀྱི ་དཀྱིལ་འཁོར་གྱི་ལྷ་རྣམས་གསང་བའི་མཆོད་པས་མཉེས་པར་བྱ་བའི་བསོད་ནམས་སྙིང་རྗེའི་སེམས་ཀྱིས་སེམས་ཅན་བྱ་མ་སྤ་ལ་བསྔོ་བར་བྱ་ཞེས་པའོ།། ད་ནི་ཤེས་རབ་ཀྱི་དོན་རྒྱས་པར་སྟོན ་པར་གསུངས་པ། གཙུག་ལག་དེ་བཞིན་ཉིད་ཐོབ་པ་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ནི་རྣལ་འབྱོར་པའི་གཙུག་ལག་དེ་ཁོ་ན་ཉིད་ཐོབ་པ་ལ་ཤེས་པར་བྱའོ།། ཇི་ལྟར་ཐོབ་པར་བྱ་ཞེ་ན་གསུངས་པ། སློབ་དཔོན་ལུང ་དང་མན་ངག་ལ་ཞེས་པ་སྟེ། ཤེས་རབ་ཀྱི་དེ་ཁོ་ན་ཉིད་དེ་ནི་སློབ་དཔོན་གྱི་མན་ངག་སྙན་ཁུང་དུ་ཐོབ་ཀྱི། གཞན་དུ་མ་ཡིན་ཏེ། དམ་པའི་གོ་འཕང་རྒྱུ་ཉིད་ཀྱི་ཕྱིར་རོ།། དེ་ཁོ་ཉིད་བརྒྱུད་པའོ།། དེ་ལ་གསང་བ་ཞེས་པ་ནི། ་གདོད་མའི་རང་བཞིན་གྱི་ཕྱིར་རོ།། དེ་ཉིད་ནི་མི་འཇིགས་པའི་རང་བཞིན་གྱི་ཕྱིར་རོ།། ཞེས་པ་ནི་མི་སྐྱེ་བའི་རང་བཞིན་གྱི་ཕྱིར་རོ།། དེ་ལྟར་གསང་བ་འདུས་པ་ལས་གསུངས་པ། མི་འཇིགས་པ་དང་མི་སྐྱེ་བ། མགོན ་པོས་གང་དེ་གསུངས་པའོ།། དེ་ཁོ་ན་ཉིད་བརྒྱུད་པ་ཡི་ཞེས་པ་ནི། དེ་ནི་མན་ངག་གི་རྒྱུད་ཀྱིས་ཤེས་པར་བྱའོ།། ད་ནི་ཚད་མེད་པོ་བཞི་དྲང་སེམས་བསྒྱུར་བ་གསུངས་པ། གང་གི་མཚན་ཉིད་ཐམས་ཅད་དུ་ཞེས་པ་ལ་སོགས་པ ་སྟེ། གོང་ན་གསུངས་པ། སྟོང་པ་ཉིད་ཀྱི་མཚོན་ཉིད་ཀྱི་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ།། དེ་དང་སྟོང་པ་ཉིད་ཀྱི་དག་པའི་སེམས་ཀྱིས་བྱང་ཆུབ་ཀྱི་རིམ་པ་བསྒོམ་པར་བྱའོ་ཞེས་གསུངས་པ། བྱང་ཆུབ་རྫོགས་རིམ་གཙོ ་བར་བྱའོ་ཞེས་པའོ།། ཇི་ལྟར་གཙོ་ཞེ་ན་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་གནས་པ་ཞེས་པ་ལ་སོགས་པ་ནས། རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད་ཅེས་པའི་བར་དུ་གོ་སླའོ།། དམ་ཚིག་སེམས་དཔའ་རྣམས་ནས་ནང་དུ ་བསྒོམ་པར་གསུངས་ཧཱུཾརྒྱུ་ཤིང་མེ་ཏོག་ལྟེ་བ་ནས་ཞེས་པ་ལ་སོགས་པ་སྟེ། སྔོན་བཞིན་པདྨ་རྒྱས་པར་བྱ་ཞེས་པའི་བར་ཡན་ཆད་ནི་བཤད་ཟིན་ཏོ།། ཤིན་ཏུ་བརྒྱན་པོའི་འདྲབ་མྱ་བརྒྱད། གི་སར་སྡོང་བུ་བཅས་པ་ལ ་ཞེ་སྭ་པ་ནི། འདིར་ནི་ཆུ་ཤཱིང་གི་མེ་ཏོག་གི་སྐྱེང་དུ་འདོད་དེ། སྙིང་པོ་དང་ལྡན་པ་པདྨ་འདབ་བརྒྱད་ཅེས་བྱ་བ་ལ་བསྒོམ་པར་བྱའོ།། གང་སྒོ་མཱ་ཞེ་ན་གསུངས་པོ། དབུས་ཀྱི་སྒོང་སྐྱེས་གདན་ལ་ནཱི་ཞེས་པ་སྟེ། དེ་ལ ་སྒོང་སྐྱེས་ནི་སེམས་སོ།། དེའི་གདན་ནི་སྙིང་པོའི་སྒོ་ངའོ།། སྙིང་གི་དཀྱིལ་དུ་པདྨ་འདབ་མི་བརྒྱད་བསྒོམ་པོར་བྱའོ་ཞེས་པའི་ཐ་ཚིག་གོ། པདྨའི་སྙིང་པོ་དང་འདབ་མ་ལ་བཀོད་པའི་སྔགས་དང་དེའི་མདོག་གསུངས་པ། བཀད ་བྱའི་ཡོ་གེ་དགོད་པར་བྱ་ཞེས་པ་ལ་སོགས་པའོ།། དེ་ནས་ཡི་གེ་འབྲུ་བཀོད་པ་སྟོན་པར་གསུངས་པ། དེ་ཡི་དབུས་སུ་རྣམ་ཤེས་དང་། ཡེ་ཤེས་དེ་ཉིད་སྦྱར་བར་བྱ་ཞེས་པ་སྟེ། པདྨ་དེའི་དབུས་སུ་སྙིང་པོ་ལ་རྣམ་ཤེས ་ཀྱི་སྙིང་པོ་ཧཱུཾ་དཀར་པོ་དཀོད་པར་བྱའོ་ཞེས་གསུངས་པའོ།། བྱམས་པར་ལྡན་པ་ཤར་ཕྱོགས་ཀྱི། འདབ་མ་ས་བོན་མ་འཁྲུགས་པའི་ཞེས་པ་ནི་ཤར་ཕྱོགས་ཀྱི་འདབ་མ་ལ་བྱམས་པའི་རང་བཞིན་མི་བསྐྱོད་པའི་ས་བོན་ཡི་གེ ་མ་བཀོད་པའོ།། སྙིང་རྗེ་ལྷོ་ཡི་སྒོ་རུ་སྱེ། རིན་ཆེན་ས་བོན་དེ་ཁོ་ན་ཞེས་པ་ནི་ལྷོའི་འདབ་མ་ལ་སྙིང་རྗེའི་རང་བཞིན་རིན་ཆེན་འབྱུང་ལྡན་གྱི་ས་བོན་ཡི་གེ་ཨ་དཀོད་པའོ།། ནུད་ཀྱི་སྒོ་ཡི་འད ་མ་ལཱ། འོད་དཔག་མེད་ཀྱི་ས་བོན་དགོད་ཅེས་པ་ནི་ནུབ་ཀྱི་འདབ་མ་ལ་དགའ་བའི་རང་བཞིན་སྣང་བ་མཐའ་ཡས་ཀྱི་ས་བོན་ཡི་གེ་ཨཱ་དཀོད་པའོ།། ལྷུན་པོ་ཆེ་ཡི་འདྲབ་མ་ལ། གླཙོ་བོ་དོན་ཡོད་གྲུབ་པ་བསམ་ཞེས་བྱ་ནི། དེ་ལ་ལྷུ ་པོ་ཆེའི་ཕྱོགས་ཞེས་བྱ་ནི་བྱུང་ཕྱོགས་ཀྱི་འདབ་མ་ལ་ཞེས་པའོ།། དེ་ལ་བཏང་སྙོམས་ཀྱི་རང་བཞིན་དོན་ཡོད་གྲུབ་པའི་ས་བོན་ཡི་གེ་ཨཱཾ་བཀྲོད་པར་བྱའོ།། ཡིག་འབྲུ་དེ་བཞི་སྦས་པ་གསུངས་པ། དང་པོ་སྒྲ་སྒྲོགས་ས་བོན་། ་དབྱིག་པོ་ཐིག་ལེ་གོ་རིམས་བཞིན་ཞེས་པ་སྟེ་བཤད་ཟིན་ཏོ།། ཡི་གེ་བཞི་པ་བཀོད་པ་ནི། འོད་ཟེར་དཀར་པོས་རྣམ་པར་བརྒྱན་ཞེས་པ་ནི། གོང་གི་སོ་བོན་བཞིའི་ཁ་དོག་གོ། མཚམས་ཀྱི་འདབ་མ་ལ་ཡིག་འབྲུ་བཀོད་པ་གསུངས ་བི། ཕྱོགས་མཚམས་དག་ནི་བཞི་པ་རུ།། མ་ནིང་གོང་དུ་གསུངས་པ་བཞིན་ཞེས་ཏེ། རྀ་རཱྀ་ལྀ་ལཱྀ་ཁ་དོག་དཀར་པོ་རྣམས་སོ།། སེམས་ནི་དེ་ཡི་དབུས་དག་ཏུ། ཡེ་གེ་རུ་ནི་བརྟག་པར་བྱ་ཞེས་པ་ནི། ཡི་གེ་དེ་རྣམས ་ནི་སྟོང་པོ་ཉིད་སེམས་ཀྱི་དཀྱིལ་ལ་བསམས་ནས་བསྒོམ་པར་བྱའོ་ཞེས་པའོ།། དོན་དེ་ཁོ་ན་ཐེ་ཚོམ་ཟོས་པ་ཕྱག་ན་རྡོ་རྗེས་སུ་ཡང་ཞུས་པ། སྟོང་པའི་མཚན་ཉིད་མེད་པ་ཡིན་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་མེད་པ་སེམ ་སྟོང་བ་ལས་སྙིང་རྗེ་ལ་སོགས་པའི་རང་བཞིན་ཡི་གེ་འབྲུ་དགུ་འབྱུང་བའི་ལྟར་ཡིན་ཞེས་ཞུས་པའོ།། དེའི་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ནཱ་ཞེས་པ་ལ་སོགས་པ་སྟེ། ་ལོ་མཚན་ཉིད་སྟོང་པ་ཉིད་མཚོན་པ་ཡིས། སྙིང་པོ་མེང་པའི་སྙིང་པོ་རྣམས་ཞེས་པ་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་མཚོན་པ་ནི་སྙིང་པོ་དངོས་སུ་མེད་ཅིང་། དངོས་སུ་སྣང་ངོ་ཞེས་པའི་ཐ་ཚིག་གོ།། དེའི་དཔེར་གསུངས ་པ། བདུད་རྩི་ཆུ་ཤིང་སྙེ་མ་བཞིན་ཞེས་པ་སྟེ། ཆུ་ཤིང་གི་སྙིང་པོ་མེད་པ་ལ་འབྱུང་བྱའི་སྙེ་མའི་འབྲས་བུ་ཟོས་པ་ལ་བདུད་རྩི་དང་འདྲ་བའི་རོ་འབྱུང་བ་ལྟར། སྟོང་པ་ཉིད་སེམས་ལས་བྱུང་བའི་སྙིང་རྗེ་ཡང་དེ་བཞིན་ག་ཤྱེ ་བའི་ལོངས་སྤྱོད་ཀྱི་སྐུའི་འབྲས་བུའི་རྒྱུར་འགྱུར་རོ་ཞེས་བྱའི་ཐ་ཚིག་གོ།། བསྡུས་པའི་དོན་བསྣུན་ནས། ཡང་རྒྱས་པའི་བསྟན་པ་འདོད་པས་གསུངས་པ། དབུས་སུ་གནས་པའི་ཡེ་ཤེས་ཏེ་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་ཡེ་ཤོས་ནཱི་ཡི་གེ་ཧཱུ~ཾ་ངོ་།། ཡེ་ཤེས་གཟུགས་ནི་གཟུགས་མེད་དོ།། ཞེས་པ་ནི་ཡི་གེ་ཧཱུཾ་དེ་སྟོང་པའི་རང་བཞིན་གཟུགས་མེད་དེ། འོ་ན་ཅི་འདྲ་ཞེ་ན། མཚན་ཉིད་མེད་པའི་མཚན་ཉིད་དེ་ཞེས་པ་སྟེ། ཡིག ་འབྲུའི་དབྱིབས་ཀྱི་མཚན་ཉིད་དང་ལྡན་ན་ཡང་། རང་བཞིན་གྱིས་སྟོང་པ་ཉིད་པས་མཚན་ཉིད་མཛེ།། ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐུ་ལ་གོས་པ་མེད་ཅེས་པ་སྟེ། ཆོས་ཉིད་ཡེ་ཤེས་ཀྱི་སྐུ་ལ་དངོས་པོས་མི་གོས་ཏེ། ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ།། དེས་ནི་ཡིག་འབྲུ་དགུའི་རང་བཞིན་འདི་ལྟ་སྟེ། ཞེས་སྟོན་པས་གསུངས་པ། པོསྡེ་པོ་པོས་མེད་བྲལ་བསྣ་ཞེས་བྱ་ལ་སོགས་པ་སྟེ། གང་གིས་མཚན ་ཉིད་ཤེས་པ་ཡི་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་གང་གིས་སྤྱི་དང་རདྭ་གི་མཚན་ཉི་རྗེ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཉམ་པ་ཉིད་ཤེས་པ་དེ་ནི། མྱུར་བར་བྱང་ཆུབ་ཀྱི་ལམ་ཐོབ་བོ་ཞེས་པའི་ཐ་ཚིག་གོ། མཉམ ་པ་ཉིད་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། བླ་མིའི་ལུང་གི་ལམ་དག་གིས་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་ཀྱི་མཚན་ཉིད་ནི་བླ་མའི་མན་ངག་གིས་གཙུག་ལག་བསྟན ་པར་བྱའི་གཞན་དུ་མ་ཡིན་ནོ།། དེ་ཁོ་ན་གསལ་བར་གསུངས་པ། དྲི་ཁོ་ན་ཉིད་དཔའ་བོས་བསྟན་ཞེས་པ་སྟེ། དེ་ལ་དཔའ་བོ་ནི་དེ་བཞིན་གཤེགས་པ་འམ་བླ་མ་སོགས་པ་སྟེ། ཉོན་མོངས་པའི་གཡུལ་ལས་དཔའ་བའི ་ཕྱིར་རོ།། དཔའ་ཇི་དེ་ཁོ་ནས་གཉིས་པའི་སྟོང་པ་ཉིད་བསྟན་ནོ་ཞེས་པའི་ཐ་ཚིག་སྟེ། སྙན་ཁུང་ནས་སྙན་ཁུང་བརྒྱུད་པའི་ཕྱིར་རོ།། འདི་བསྒོམས་པས་ནཱི་ཐམས་ཅད་དུ། འོད་དཀར་པོ་རྣམ་པར་བརྒྱནྡ་ཅེས་པ་སྟེ། ་དེ་ལ་འདི་ཞེས་པ་སྟེ་ནི་ཡི་གེ་འབྲུ་དགུའོ།། དེ་དག་གི་འོད་ཟེར་དཀར་པོས་ཕྱོགས་བཅུ་ཐམས་ཅད་སྣང་བ་བསྒོམ་པར་བྱའོ་ཞེས་པའོ།། ད་ནི་ཐིག་ལེའི་ཏིང་ངེ་འཛིན་སྟོན་འདོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། ་སྒྲོགས་པ་ལྔ་ཡི་མཆོད་རྟེན་དང་། བདུད་རྩི་ས་བོན་བསམས་ནས་ནི་ཞེས་པ་སྟེ། སྒྲོགས་པ་ལྔ་ཡི་མཆོད་རྟེན་བསྒོམས་པའི་ས་རུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བདུད་རྩིའི་ས་བོན་ཡི་གེ་ཨཾ་བསྒོམ་པར་བྱ་ཞེས་པའོ།། ་ཇི་ལྟར་བསྒོམ་པར་བྱ་ཞེས་གསུངས་པ། ཁ་དོག་དཀར་པོའི་འོད་མཛེས་པ། བདུད་རྩི་རྒྱུན་གྱི་གཞག་པ་གསོལ་ཞེས་པ་སྟེ། བདུད་རྩིས་བརླན་པའི་ཟླ་བའི་དཀྱིལ་འཁོར། ཨཱཾ་ལས་ཟགས་པའི་བདུད་རྩིའི་རྒྱུན་འོག་ཏུ་ཐིག ་ལེ་ལྀ་བཞག་པར་བྱའོ་ཞེས་པའོ།། དེའི་འོག་ཏུ་ཐིག་ལེའི་སྒོམ་པ་གསུངས་བ། མཐེ་བོང་ཚད་ཙམ་ཟླུམ་པོ་ཡི།། ཟླ་བའི་དབུས་སུ་ཐིགས་པ་སྟེ། ཞེས་པ་ལ་སོགས་པ་སྟེ། མགྲིན་པར་ཟླ་བའི་དཀྱིལ་འ་ཁོར་གྱི་དབུས་སུ ་མཐེ་བོང་ཙཱམྦྷ་གྱི་ཐོག་ལེ་ཟླུམ་པོ་བསྒོམ་བཱར་བྱའོ་ཞེས་པཱ་སྟཱཾ། དེའི་དབུས་ཀྱི་ས་བོན་གསུངས་པ། ཨཱ་ལོ་ཀཱ་ལི་ལས་བྱུང་བའི་ཞེས་། ཡི་གེ་ཨཾའོ།། དེ་དབུས་སྭཱ་བྷྱོ་རྣམསཱ་ལཱི་ཞེས་བྱ་ནི། ཐིག་ལེ་དེའི་དབུས་ཀྱི་ཨོཾ་གྷེ ་ལ་བདུད་རྩིའི་རྒྱུན་གྱི་བསགས་པར་བྱའོ་ཞེས་པའོ།། ཐིགས་པ་བསམ་པ་རབ་ཏུ་གྲགས་ཞེས་པ་དེ་ཡུན་ཚོད་ཐིག་ལེའི་ཏིང་ཏེ་འཛིན་ཞེས་བསྟུན་པའོ།། དེ་ནི་ཕྲ་མོའི་ཏིང་ངེ་འཛིན་སྟོན་འདོད་པས་གསུངས་པ། སྐྲ་ཡི་རྩེ་མོ ་དརྒྱ་ཡི་ཆེར་ཞེ་ས་པ་ལ་སོགས་པ་སྟེ། དེ་ལ་སྐྲའི་རྩེ་མོ་བརྒྱར་ཞེས་པ་ནི་ཚད་གསུངས་པའོ།། གང་ཞེ་ན། རྡུལ་ཕྲན་གཟུགས་ཙམ་པ་ཡི་སེམས་ཞེས་པ་སྟེ། སེམས་དང་པོ་ལས་འདས་པ་རྡུལ་ཕྲན་དུ་བསྒོམ་པའོ།། ་དབྱིབས་གང་ཞེ་ན། གསུངས་པ་མཚན་ཉིད་མཚོན་པའི་ཡེ་ཤེས་ཅན། རྣམ་ཤེས་རང་གི་ངོ་བོ་སྟེ་ཞེས་པ་སྟེ། ཡེ་ཤེས་པང་རྣམ་པར་ཤེས་པའི་ས་བོན་ཡི་གེ་ཧཱུཾ་གི་དབྱིབས་ཀྱི་མཚན་ཉིད ་དུ་མཚོན་པ་བརྟགས་པར་བྱའོ།། བསྒོམ་པ་གསུངས་པ། གང་གི་ཐིགས་པའི་ཐབས་གནས་པ། མཚན་ཉིད་ཤེས་པས་བསམ་པར་བྱ་ཞེས་པ་སྟེ། གོང་གི་ཐིག་ལེའི་གནས་ཁོ་ན་ལ་ཡི་གེ་ཧཱུཾ་ཕྲ་མོའི་ཏིང་ངེ་འཛིན་གྱི་མཚན ་ཉིད་པ་ཀྱང་བསུམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། ཏིང་ངེ་འཛིན་ཕ་མོ་དེ་ཡང་ལུས་དང་ངག་དང་གང་དུ་བཀོད་ནས་བསྒོམ་པར་བྱ་ཞེ་ན་གསུངས་པ། སྙིང་དང་ཚངས་པའི་སྒོ་དང་ནི། ཐིགས་པ་སྒོ་ཡཽ་ལམ་ཉིད་དུ་ཞེས་པ་སྟེ། ་དེ་ལ་སྙིང་དང་ནི་སྙིང་གར་རོ།། ཚངས་པའི་སྒོ་ནི་སྤྱི་བོར་རོ།། ཐིག་པ་སྣཱ་ཡཱི་ལམ་ཉིད་དུ། ཞེས་པ་ནི་མགྲིན་པ་སྟེ། དེར་ཏཱིང་ངོ་འཛིན་ཕྲ་མོ་བསྒོམ་བུར་བྱའོ་ཞེས་བྱའི་ཕྱིར་རོ།། བླ་མའི་ལུང་ནི་དེ་ཁོ་ནས། རྣམ་ཤེས་ཡེ་ཤེས ་གཟུང་བར་བྱ། ཞེས་པ་ནི། རྣམ་ཤེས་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུཾ་བཱི་མཱའི་མན་ངག་ཁོ་ནས་ཚད་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ། ཕྲ་མོའི་ཏིང་ངེ་འཛིན་འདི་ནི་བློ་མའི་མན་ངག་ཁོ་ནས་ཐོབ་ཀྱི་གཞན་ཕྱིའི་ལམ་ལ་སོགས ་པས་ནི་མི་འཐོབ་བོ་ཞེས་སྟོན་པས་གསུངས་པ། ཕྱི་ཡི་ལམ་གྱིས་མ་ཡིན་ཏེ། གཙུག་ལག་གིས་ཀྱང་རིང་པོ་ཡིན་ཞེས་སོ།། དེ་ཅིའི་ཕྱིར་ཞེ་ན། གསུངས་པ་གཙུག་ལག་དག་ནི་རྙེད་སླ་སྟེ། དེ་ཡི་དགོས་པ་རྙེད་དཀའ་བས ་ཞེས་སོ།། བློན་ཇི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། ཐབས་ལ་མཁས་པའི་རྣལ་འབྱོར་པས་ཞེས་པ་ལ་སོགས་པའོ།། ད་ནི་སྔགས་བླ་ཟླ་བའི་ཐབས་སྟོན་པས་གསུངས་པྤ། ཡཱིད་ནི་སྔོན་དུ་གཏོང་བའི་ཆོས་ཞེས་པ་ལ་སོགས་པ ་སྟེ། དེ་ལ་ཡིད་ནི་ཨི་ཀྱི་རྣམ་པ་རོ་ཤེས་པའི་རྟེན་ཡིད་དོ།། ཡིད་དོ་ཆོས་ཐམས་ཅད་ཀྱི་གྲོ་དང་མའོ་ཞེས་པའོ།། འདི་ལྟ་སྟེ། ལུས་དག་ཡིད་ལས་ཡིད་ཀྵི་ལསཱ་སཱརའི་བྱུང་སྟེ། ཡིད་ཀྱིས་བསིམ་པའི་འོག་ཏུ་ལུས་དང་དགྲ་སྨྲ ་བཾའི་ཕྱིརརོ།། དེ་ལྟར་མཛོད་ཀྱི་ནང་ནས་ཀྱང་གསུངས་པ། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། དེས་བསྐྱེད་ལུས་དང་ངག་གི་ལས་ཞེས་སོ།། ཡིད་དག་ཅིང་ནི་ཡིད་འགྲོ་བ་ཞེས་པ་ནི་དག་པའི་ཡིད་ཡིན་ཏེ། ལུས་ངག་ནི་མ་ཡིན་ནོ།། ་འདི་ལྟ་སྟེ། ཡིད་དག་པའི་རྣལ་འབྱོར་པས་ལུས་དྲག་གི་ལས་མྱི་དག་ན་ཡང་སྐྱོན་དུ་མི་འགྱུརརོ་ཞེས་པའི་དྲན་ཏོ།། དེ་ལྟར་ཡང་གསུངས་པ། རྟོག་པ་བྱང་ཆུབ་སེམས་དཔའ་ཡི།། གལ་ཏེ་དགེ་འམ་མི་དགེ་བ། དེ་ཀུན་དགེ་བར ་སོང་འགྱུར་ཏེ། ཅི་ཕྱིར་ཡིད་ནི་དབང་འགྱུར་ཕྱིར་ཞེས་སོ།། ཅིའི་ཕྱིར་ཞེ་ན། ཡིད་འགྲོ་བ་ཞེས་ཏེ། དགེ་དང་མི་དགེ་བའི་བག་ཆགས་ལ་ཡིད་འགྲོ་བ་དང་། མྱ་ངན་ལས་འདས་པ་ལ་ཡིད་འགྲོ་བའི་ཕྱིར་རོ།། དེས་ན་ཡིད་དངོས ་ཐམས་ཅད་དུ་ཞེས་པ་ནི། ལུས་ངག་ཡིད་ཀྱི་དངོས་པོའོ་ཞེས་པའི་ཐ་ཚིག་གོ།། དེས་ན་བློ་དང་ལྡན་པའི་རྣལ་འབྱོར་པས་ཡིད་དག་པར་བྱ་བ་ལ་བསྒྲིམས་ནས་ནན་ཏན་ཏུ་བྱའོ་ཞེས་པའོ།། ལུས་དང་ངག་ཡིད་གཙོ་བོར་བསྟན ་ནས་ཡིད་ལས་གཞན་མེད་ཅིང་དོན་བསྟན་པ་གལ་ཏེ་བཟླས་འདོད་རྣལ་འབྱོར་པས། སྙིང་གིས་བསམ་པ་སྤངས་ནའོ་ཞེས་པ་ནི། རྣལ་འབྱོར་པས་སེམས་སྤངས་ནས། གཞན་དུ་བཟླས་པ ་ནི་མེད་དོ།། ཞེས་པའི་ཐ་ཚིག་སྟེ། ལུས་ངག་གི་ལས་གཟུགས་ཉིད་ཀྱི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ཕྱིར་ས་བོན་ཏེ། དེ་ཁོ་ན་ནི་གཟུགས་ལ་སོགས་པ་ལས་བྱའོ་སྔགས་ཀྱང་དོན་དམ་པར་མ་མཐོང་སྟེ། ཡིག ་འབྲུ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ།། འདི་ལྟ་སྟེ། ཆེ་གེ་མོ་ཤཱནྟི་ཀུ་རུ་ཞེས་སྨྲ་བའི་ཚིག་ལ་ཆེ་གེ་མོ་སྨྲ་ཙམ་ན་ཤིནྟིཾ་ཀུ་རུའི་སྒྲ་མི་འབྱུང་ངོ་།། ཤནྟི་ཀུ་རུ་ཞེས་བརྗོད་ན། ཆེ་གེ་མོ་ལ་ཐལ་བར་འགྱུརརོ།། ་དེ་ཡང་ཆེ་གེ་བརྗོད་ཙམ་ན་གོ་མཱི་འབྱུང་ངོ་།། གེ་བརྗོད་ཙམ་ན་ཆེ་ཐལ་ལོ།། དེ་བཞིན་དུ་དེ་གཉིས་བརྗོད་ཙམ་ན་མོ་མེད་དོ།། མོ་བརྗོད་ཙམ་ན་ཆེ་གི་ཐལ་ལོ།། དེས་ན་ལས་བྱས་པའི་སྔགས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ ་མངོན་པར་བཏགས་པ་ཙམ་ཡིན་ཏེ། དོན་དམ་པར་ནི་མ་ཡིན་ནོ།། དེ་ལྟར་སྔགས་ཀྱི་རང་བཞིན་བསྟན་ནས་སྔགས་བཟླ་བའི་ཐབས་སྙན་པ་གསུངས་པ། གཟུགས་སོགས་སྲིད་པའི་ལོངས་སྤྱོད་དག། ས་བོན་བཟླས ་ཤིང་སྦྱར་བར་བྱ་ཞེས་པ་སྟེ། ཡི་གེ་ཧཱུཾ་གིས་གཟུགས་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཏུ་དམིགས་ནས་བཟླས་ཏེ། བསོད་ནམས་ཀྱི་ཚོགས་དེས། ཚེ་འདིའི་སྲིད་པའི་ནང་ན་ལོངས་སྤྱོད་ཀྱི་འབྲས་བུར་བྱའོ་ཞེས་པའོ།། ་ཟླ་བའི་སྔགས་གངྒཱ་ཞེ་ན་གསུངས་པ་ཐམས་ཅད་ཀུན་གྱིས་བཀུར་བ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་ཀུན་གྱིས་བཀུར་བ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཆོས་དང་ཐིག་ལེ་སྟེ། ཤིན་ཏུ་རྣམ་པར ་དགེ་བའི་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་ཉིད་ཀྱི་ཕྱིར་རོ།། དེ་བཞིན་སྤྱི་བོར་གནས་པ་ལ་ཞེས་པ་ནི་ཟླ་ཆེས་དང་ཐིག་ལེ་ཧཱུ~ཾ་གི་དབུ་སྟེ་ནི་རྟག་པར་བཞག་པར་བྱའོ།། རྟག་པར་རྩ་བར་རྩི་བྱས་ནས་ཞེས་པ་ནི། འོག་རྟག་པར ་ཞབས་དཀྱེང་བརྟག་ཤེས་པའོ།། དོན་དེ་གཉིས་ཁོ་ན་སྟོན་པས། ཐིགས་པ་ང་རོ་ལྡན་པ་ཡིས་ཞེས་པའོ།། དེ་ལྟ་བུའི་ས་བོན་གང་ཞེ་ན། གསུངས་པ། ཨོཾཿཤེས་རྣམ་ཤེས་ས་བོན་ཉིད་ཅེས་པ་སྟེ། ཡི་གེ་ཧཱུཾ་ངོ་།། འ ་བའི་ལོངས་སྤྱོད་ཀྱི་དོན་དུ་སྔགས་ཏེ་བཟླས་ན་ཡང་། སྒྲ་དང་ཚིག་མེད་པར་ཡིད་ཁོ་ནས་བཟླ་བར་བྱའོ་ཞེས་སྟོན་པ་འཁོར་བའི་ལོངས་སྤྱོད་སྤྱོད་པ་ཡི། སྒྲ་མེད་དག་ན་སྤང་སཱ་ནས་སུ།། ཡིད་ཀྱིས་བཟླས་དང་ལྡན་པར་ཤེས ་ཞེས་པའོ།། ད་ནི་མཚན་མ་བརྒྱད་སྟོན་འདོད་པ། བཅོམ་ལྡན་འདས་ཀྱིས་གསུངས་པ། མཱི་གསོ་རྟག་ཏུ་ཐབས་གནས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་གཡོན་འཇིག་པ་མེད་པའི་ཕྱིར་རོ།། རྟག་ཏུ་ཞེས་པ་ནི་མི ་འཆད་པའི་ཕྱིར་རོ།། ཐབས་གནས་པ་ཞེས་པ་ནི་དེ་གཉིས་ཀྱིས་ཐབས་ལ་གནས་པའི་རང་གྱི་ཕྱིར་རོ།། རྟག་པ་ནི་ཞེས་པ་ནི་དེ་བཞིན་གཤེགས་པའི་རྒྱུ་ཉིད་ཕྱིར། ཆོས་ཀྱི་དབྱིངས་ཉིད་དོ་ཞེས་པ་ནི་འཕགས་པའི་ཆོས ་ཀྱི་རྒྱུའི་ཕྱིར་རོ།། རྒྱུན་ཏུ་ཕྲ་བ་ཞེས་པ་ནི་སྐད་ཅིག་མ་སྔ་ཕྱི་བར་དུ་ཡང་དབང་པོ་ལས་འདས་པའི་ཕྱིར།། མི་གོས་པ་ཞེས་པ་ནི་ཉོན་མོངས་པ་མེད་པ་སྟེ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ།། དེ་ལྟར་ཇི ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་གང་ཞེ་ན། ཡེ་ཤེས་རྣམ་ཤེས་ཐིམ་པར་བྱེད་ཅེས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་རོ།། སེམས་དེས་ནི་བྱང་ཆུབ་ཀྱི་ལམ་མཐོང་ངོ་ཞེས་གསུངས་པ། ཡེ་ཤེས ་དངོས་པོ་རྣམ་ཤེས་ཀྱིས། བྱང་ཆུབའི་རིམ་པ་མཐོང་བར་འགྱུར་ཞེས་སོ།། བྱང་ཆུབ་ཀྱི་ལམ་མཚན་མར་གྱུར་པ་བརྒྱད་གསུངས་པ། མར་མེ་ལྟར་ནི་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་མར་མེ་ལྟར་ནི་ཐམས་ཅད་དུ ་མཚན་མ་དང་པོ་མཐོང་བ་ཡིན་ཞེས་པ་ནི། རྣལ་འབྱོར་པས་ཡི་ཤེས་དང་པོ་ལ་ཕྱིན་ཅི་མ་ལོག་པའི་ཉོན་མོངས་པ་བསྲེགས་པའི་ཡེ་ཤེས་ཀྱི་མར་མེ་ལྷུར་འབར་ཏེ་ཆུང་ངུའི་ཕྱིར་རོ།། སྲིན་བུའི་མེ་ལྟར་སྣང་བའོ་གཉིས་པ་ཡ~ཾ ་ནི་མཚན་མ་བརྟགས་ཞེས་པ་ནི་ཡེ་ཤེས་གཉིས་པ་ལ་སྲིན་བུ་མེ་ཁྱེར་ལྟར་ཚིག་ཚིག་འཕྲོ་བ་ཡིན་ཏེ། འབྲིང་པོ་ཉིད་ཀྱི་ཕྱིར་རོ།། རྡུལ་ཕྲན་དཀར་པོ་མོ་སྟག་གཞན། ཞེས་པ་ནི་ཡེ་ཤེས་གསུམ་པས་རྣལ་འབྱོར་པས་ཡེ ་ཤེས་ཀྱི་མེ་ཕྱོགས་བཅུ་ན་དཀར་པོར་འཕྲོ་བར་མཐོང་ངོ་།། ཆེན་པོ་ཉིད་ཀྱི་ཕྱིར་རོ།། དེ་མཐོང་མ་ཐག་ཏུ་ཉོན་མོངས་པའོ་སྒྲིབ་པ་སྦྱངས་ཏེ་འཕགས་པར་གྱུར་ནས་མཐོང་བའི་ལམ་རྟོགས་པར་འགྱུར་རོ་ཞེས་པའོ།། དེ་ནས ་ཤེས་བྱའི་སྒྲིབ་པ་སྤངས་པའི་རྟགས་གསུངས་པ། འདོད་པ་ལྷ་ཡི་ལོངས་སྤྱོད་རྣམས།། བཞི་པ་ལ་ནི་སེམས་ཀྱིས་མཐོང་ཞེས་པ་ནི་རྣལ་འབྱོར་པས་ཡེ་ཤེས་བཞི་པས་འདོད་ཁམས་ཀྱི་འདོད་པའི་འདོད་ཆགས་ལྷ་ཆེ་ཆུང་འབྲིང ་པོའི་དགྲོའི་སྒོ་ནས་བྱའོ་ཞེས་བྱའི་ཚིག་གི། མཐོ་རིསཱི་གཟུགས་ཀྱི་ལྷ་རྣམས་ཀྱང་།། ལྔ་པར་སེམས་ཀྱིས་མཐོང་བར་འགྱུར་ཞེས་པི་ནི་ཡེ་ཤེས་ལྔ་པས་གཟུགས་ཁམས་ཀྱི་བསམ་གཏན་བཞི་སྲིད་པའི་འདོད་པའི་འདོ ་ཆགས་རྒྱ་ཆུང་འབྲིང་པོ་དགུའི་སྒོ་ནས་བྲལ་ལོ་ཞེས་པའི་ཐ་ཚིག་གོ། དྲུག་པར་གཟུགས་མེད་ལོངས་སྤྱོད་དེ། ཞེས་པ་ནི་ཡེ་ཤེས་གཟུགས་མེད་པའི་ཁམས་བཞི་སྲིད་པའི་འདོད་ཆགས་དང་བྲལ་ལོ་ཞེས་པའོ།། བདུན་པ་ལྔ ་ནི་ཆོས་ཀྱི་དབྱིངས་ཞེས་པ་ནི། ཡེ་ཤེས་བདུན་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པས་སྒྲིབ་པ་ཐམས་ཅད་སྦྱངས་ནས་མྱ་ངན་ལས་འདས་པ་ཆོས་ཀྱི་སྐུ་ཡོངསུ་གྲུབ་པ་ལ་བཞུགས་ཏེ། གཟུང་འཛིན ་མེད་པར་འགྱུར།། བརྒྱད་པར་དག་ལ་དགའ་བའི་རྣལ་འབྱོར་སངས་རྒྱས་འབྲས་བུ་ཐོབ་ཅེས་པ་ནི། ཡེ་ཤེས་བརྒྱུད་པས་དེ་ལྟར་གྱི་སྐུ་མངོན་དུ་གྱུར་པོའི་རྣལ་འབྱོར་པས་སྔོན་གྱི་སྨོན་ལུམ་དང་སྙིང་རྗེའི་དབང་གིས་སེམས་ཅན ་གྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དག་པོ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འམ། སྤྲུལ་པའི་སྐུ་དམིགས་ནས་རང་དགར་སེམས་ཅན་གྱི་དོན་གྱི་འབྲས་བུ་མེད་དོ་ཞེས་པའི་ཐ ་ཚིག་གོ། ཡེ་ཤེས་ཀྱི་ཁྱད་པར་དེ་ལྟར་གསུངས་པ། རྣལ་འབྱོར་པ་ཡིས་ཁྱད་པར་གྱིས།། སྔ་མ་ཕྱི་མས་སུན་ཕྱུང་ངོ་ཞེས་པའོ།། དེནི་མཆོད་རྟེན་གྱི་དེ་ཁོ་ན་སྔོན་པ་ཅི་འདོད་པ་བཅོམ་ལྡན་འདས་ཀྱིས ་གསུངས་པ། ཡང་དག་ལྟ་བའི་གཟུགས་ཅན་གྱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡང་དག་ལྟ་བའི་གཟུགས་ཅན་གྱིས་ཞེས་པ་ནི་གཟུགས་ཅན་ནི་སེམས་ཅན་གྱིས་དང་པོར་ཡང་དག་པའི་དོན་སྟོང་པ་ཉིད་བསྒོམ་མོ་ཞེས་པའི ་ཐ་ཚིག་གོ། ཅིའི་ཕྱིར་ན་ཡང་དག་ཁ་དེ་ཁོ་ན་ཤེས་པས། ནན་ཏན་གྱིས་ནི་སྦྱོར་བ་ཙམ་ཞེས་པ་ནི་ཡང་དག་པའི་སྟོང་པ་ཉིད་ཀྱི་དོན་མི་ཤེས་ན་བསྒོམ་པ་སྦྱོར་བ་ལ་སོགས་པ་སྐྱོནོ་ཞེས་པའི་ཐ་ཚིག་གོ། དེ་ནས་སྟོང་པ་ཉིད ་བསྒོམ་པ་ཐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་སྙིང་གར་ཟླ་བ་བསམ་བྱས་ཏེ། ཞེས་པ་ལ་སོགས་པ་སྟེ། ཟླ་ཚེས་ཅན་ཡི་གེ་སྙིང་གར་བསྒོམས་ནས། དེའི་འོད་ཟེར་གྱིས་ཕུང་པོ་དང་ཁམས་སྟོང་པས་བསྒོམ་མོ ་ཞེས་པའི་ཐ་ཚིག་གོ།། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མཇུག་བསྡུས་པ་སྟོན་པས་གསུངས་པ། མཇུག་ཏུ་ཟླ་བའི་ས་བོན་ནི། མཁས་པ་ཡིས་ནི་བསྒོམ་པར་བྱ།། ཞེས་པ་སྟེ། ཕུང་པོ་དང་ཁམས་ཐམས་ཅད་རང་བཞིན ་སྟོང་པར་བསྒོམ་པའི་རྣལ་འབྱོར་པས། མཇུག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ས་བོན་ཡི་གེ་ཧཱུཾ་བསྒོམ་པར་བྱའོ་ཞེས་པའོ།། ས་བོན་དེས་མཆོད་རྟེན་བསྐྱེད་པར་བྱ་བའི་ཐ་ཚིག་གསུངས་པ། སེམས་ཀྱིས་དེ་ལ་བསྐྱེད་པ་ནི། ་མཆོད་རྟེན་བཞུགས་པའི་གནས་དག་སྟེ་ཞེས་པ་ལ་སོགས་པའོ།། མཆོད་རྟེན་དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཞབས་བཀྱེད་འགུགས་པས་ཞེས་བྱ་ཞེས་པ་ནི། ཡི་གེ་ཧཱུཾ་གི་ཞབས་བཀྱེད་འགུགས་པ་གང་དེ་མཆོད ་རྟེན་གྱི་ས་གཞི་ཟུར་བརྒྱད་པ་ཞེས་ཤེས་པར་བྱ་སྟེ། ཡི་གེ་ཧཱུཾ་དང་མཆོད་རྟེན་དབྱེར་མེད་པའི་ཕྱིར།། ཕྱོགས་བརྒྱད་དག་གི་ཁམས་ས་སྟེ་ཞེས་པ་སྟེ། ས་གཞི་ཟུར་བརྒྱད་པའི་རང་བཞིན་ཕྱོགས་བརྒྱད་དག་གི་ཁམས་སུ་སྟི་ཞེས་པ ་སྟེ། ས་བཞི་ཟུར་བརྒྱད་པའི་རང་བཞིན་ཕྱོགས་བརྒྱད་ཀྱི་གླིང་གི་འཇིག་རྟེན་གྱི་ཁམས་ཀྱི་ལྷོ་རྣམས་བསྒོམ་པར་བྱའོ་ཞེས་པའོ།། དྲིལ་བུ་ན་མཁའ་དབུས་གནས་པརོ།། ལྷུན་པོའི་ནས་ཀྱི་ལྷ་ཉིད་དུ་ཞེས་པ་ནི། མཆོད་རྟེན་གྱི ་ཤུའི་རང་བཞིན་ནི་རི་རབ་སྟེ། དེ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་མན་ཆད་རྣམས་གནས་པ་བསྒོམ་པར་བྱའོ་ཞེས་བྱ་བའོ་ཐ་ཚིག་གོ།། འདོད་པ་སྤྱོད་པ་ལྷ་ཡི་རྣམས།། བྲེ་རུ་ངེས་པར་བརྟག་པར་བྱའོ་ཞེས་པ་ནི། མཆོད་རྟེན་གྱི་དྲིའི ་དབྱིབས་ལ་སོགས་པ་བཞིའི་རང་བཞིན་ནི་མཐའ་བྲལ་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་རིགས་གནས་པ་བསྒོམ་པར་བྱའོ་ཞེས་པའོ།། བདག་མེད་ཆོས་ཀྱི་དབུས་གནས་པར། སྟེང་འོག་དག་ནི་མུ་མེདོ་ཞེས་པ་ནི་དེ་ཡན ་ཚད་ནི་མུ་འབྲེལ་པ་མེད་དེ། བདག་མེད་པའི་རང་བཞིན་སྲོག་ཤིང་དཀྱིལ་དུ་བརྟེན་པ་ཙམ་ཡིན་ནོ་ཞེས་པའི་ཐ་ཚིག། དེ་དོག་གང་ཞེ་ན་གསུངས་པ། གཟུགས་ཀྱི་ཁམས་ཀྱི་མཐོ་རིས་དག། འཁོར་ལོ་དག་ཏུ་རྣམ་པར ་པར་བརྒྱན་ཅེས་པ་སྟེ། མཆོད་རྟེན་གྱི་འཁོར་ལོ་བཅུ་བདུན་གྱི་བར་བཞིན་ནི་གཟུགས་ཀྱི་ཁམས་ཚངས་རིས་ལ་སོགས་པ་ལྔའི་རིས་ཀྱིས་ཀྱི་གནས་བཅུ་བདུན་ཏེ། དེ་ལ་གཟུགས་ཀྱི་ལྷ་རྣམས ་བསྒོམ་པར་བྱའོ་ཞེས་པའོ།། དོན་དེ་ཁོ་ནས་གསལ་བར་གསུངས་པ། བཅུ་བདུན་དག་གི་གཟུགས་ཀྱི་རྣམས། གོ་རིམས་བཞིན་དུ་རྣམ་པར་གནས་ཞེས་པའོ།། གཟུགས་མེད་སྲིད་པ་ཐམས་ཅད་ལྟ།། ཆོས་ཀྱི་སྲོག་ཤིང ་ཉིད་དུ་ཐིམ་ཞེས་པ་སྟེ། འཁོར་ལོ་བཅུ་བདུན་ལས་ཡར་འཕགས་པ་སོག་ཤིང་གི་རང་བཞིན་ནི་གཟུགས་མེད་པའི་ཁམས་ཏེ། ན་མཁའ་མཐའ་ཡས་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པའོ།། མཆོད་རྟེན་སྐུ་རུ་བསྐྱེད་པ་ནི། ་ཐམས་ཅད་ལྷ་ཡི་གནས་ཡིན་ནོ་ཞེས་བི་ནེ། དེ་ལྟར་མཆོད་རྟེན་གཟུགས་ཀྱི་རང་བཞིན་ཁམས་གསུམ་དུ་བསྒོམས་ཏེ། ཁམས་གསུམ་གྱི་ལྷ་གནས་པ་བསྒོམོ་ཞེས་པའི་ཐ་ཚིག་གོ།། སྟེང་གི་སྒོང་སྐྱེས་གདོན་ལ། བདག་གི ་སེམས་སུ་རྟག་པར་བྱ་ཞེས་པ་ནི། དེ་ལ་སྒོང་ཞེས་པ་ནི་སེམས་ཀྱི་སྐྱེ་ས་སྙིང་འདྲ་བ་མཆོད་རྟེན་སྟེང་གི་ཟླུམ་པོའི་དེར་རང་གི་སེམས་གནས་པ་བསམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། སེམས་དང་ཡེ་ཤེས་དབྱེར་མེད་པས། ་གཉིས་མེད་མཉམ་པའི་ཁྱད་པར་གྱི་ཞེས་པའོ།། གང་དང་གང་དུ་མཉམ་པ་དབྱེར་མེད་པ་བསྒོམ་པ་ཞེ་ནི། གཟུགས་དང་སྟོང་པའི་དབུས་སུ་ནི།། དེ་བཞིན་དངོས་པོ་དངོས་མེད་དོ།། ཞེས་པ་དེ་ལ་གཟུགས་ནི་ཕྱི་ནང་གི་དངོས ་བྱོ་དྲུག་ཏུ་འཛིན་པའོ།། ཡང་ན་མཆོད་རྟེན་གྱི་གཟུགས་སོ།། སྟོང་པ་ནི་ཡེ་ནས་དགེ་བ་དང་མི་དགེ་བའི་རྒྱུ་ལས་ཆང་པར་ལྟ་བའོ།། དེ་གཉིས་མེད་པའི་མཉམ་པ་ཉིད་ཅེས་པའི་ཐ་ཚིག་གོ། དེ་ནས་ཆོས་ཐམས་ཅད་དངོས་བྱོམ་ན ་དངོས་པོ་མེད་པ་ཡང་མ་ཡིན་པར་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ།། མཉམ་པའི་སེམས་དེའི་ཁྱད་པར་སྟོན་པ། གཟུང་འཛིན་ལ་སོགས་ཕ་རོལ་གྱི་ཞེས་པ་སྟེ། དེ་ལ་གཟུང་བ་ནི་སྤྱོད་ཡུལ་ལོ།། འཛིན་པ་ནི་དབང་པོ་ལ་སོ། ་པའོ།། སོགས་པའི་སྒྲས་ནི་གཅིག་དང་དུ་མོ་ལ་སོགས་པའོ།། དེ་དག་སྤངས་པའི་སེམས་ནི་ཕ་རོལ་ཕྱིན་པའོ།། བཟང་བྱེད་ལོག་པ་མ་ཡིན་པ་ཞེས་པ་ནི། དེ་ལ་བཟང་བ་ནི་དགེ་བའོ།། ལོག་པ་ནི་མི་དགེ་བའོ།། དེ་གཉིས ་ཀྱང་སྤང་བྱའི་སེམས་ཞེས་པའི་ཐ་ཚིག་གོ། དེ་ཡི་དབུས་སུ་དངོས་པོ་ནི། མཚན་ཉིད་མཚོན་པའི་བརྟན་པ་ཐོབ་ཅེས་པ་ནི།། གཟུགས་དང་སྟོང་པ་ལ་སོགས་པའོ།། དབུས་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དེའི་མཚན་ཉིད་བསྒོམ ་བར་བྱ་མཚོན་པར་བྱ་ཞེས་སོ།། དེ་ལྟར་བསྒོམ་པས་མཆོ་དེ་རྟེན་སྦྱིན་པ་ལ་སོགས་པའི་མཆོད་པས་མཆོད་ཅིང་བསྒོམ་པར་བྱའོ་ཞེས་གསུངས་པཱ། སྦྱིན་པ་ཚུལ་ཁྲིམས་བཟོད་སོགས་པས་ཞེས་པ་ལ་སོགས་པའོ།། ་ཆོས་ཀྱི་དབྱིངས་མཆོད་རྟེན་དེ་བསྒོམ་པའི་ཡོན་ཏན་སྟོན་འདོད་པས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཞེས་པ་ལ་སོགས་པའོ།། ད་ནི་དབྱིངས་ཡེ་ཤེས་སྦྱོར་འདོད་པའི་བཅོམ་ལྡན་འདས་ལ་ཞུ་འདོད་པ་ཕྱག་ན་རྡོ་རྗེས ་གསོལ་བ། གསང་བར་སྦྱོར་བའི་མཚན་ཉིད་ཀྱི་ཞེས་པ་སོགས་པ་སྟེ། དེ་ལ་གསང་བ་ནི་དབྱིངས་དང་ཡེ་ཤེས་སོ།། དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་བཞི་པའོ།། ཡེ་ཤེས་ནི་གཟུགས ་མེད་པའོ།། དེ་གཉིས་སྦྱོར་བའི་ཐབས་ཞུས་པའོ།། དེ་ཉིད་དེ་ཉིད་མཆོག་དེ་ཉིད་ཅེས་པ་ནི། སྐུ་ནི་གསུང་ཐུགས་ཀྱི་དེ་ཁོ་ན་ཉི་མཆོལ་ཏུ་གྱུར་པའི་ཕྱིར་རོ།། དེ་ནས་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་དང་པོར་རེ་ཞིག་རྣལ་འབྱོར་པས་བདག་ཉིད་རང་དགར་བྱེད་པའོ།། ཞེས་པ་ནི་རྡོ་རྗེ་ཐེག་པའི་ཚུལ་གྱིས་ནི་རྣལ་འབྱོར་པས་རང་གི་སེམས་རང་བཞིན་གྱིས་འདུལ་བར ་བྱ་སྟེ། དཀའ་ཐུབ་ནས་ནི་མ་ཡིན་ནོ།། དེའི་དཔེར་བསྟན་པ། རྟ་རྒོད་ལྟ་བུའི་སེམས་དེ་ནི། མཁས་པ་ཡིས་ནི་ལྟོ་བར་བྱ་ཞེས་པ་ནི། མདུན་དུ་དུལ་བའི་རྟ་རྒོད་ཐིབས་ཀྱིས་ཇི་ལྟར་ཁ་ལོ་སློབ་པ་བཞིན་དུ་དམན་བ་ལ ་འཇུག་པའི་སེམས་ཀྱང་ཕྱིན་ཅི་ལོག་པའི་སྤྱོད་ཡུལ་ལས་ཁ་ལོ་སྒྱུར་ནས་ཡང་དག་པའི་འཇུག་པ་ལ་འཇུག་པར་བྱའོ་ཞེས་པའི་ཐ་ཚིག་གོ། ཡང་ཇི་ལྟར་འདུལ་བའི་དཔེ་དང་དོན་གསུངས་པ། ཇི་ལྟར་བུང་བདུད་ཀྱི་མེ་ཏོག ་ལས།། རྒྱགས་པས་མྱོས་ནས་སེམས་ནི་བརྟན་པ་བཞིན།། ལོངས་སྤྱོད་ཀྱིས་གཡེངས་རྣམ་སྨིན་ས་བོན་ཅན།། དེ་བཞིན་སྲེད་ལས་དྲངས་ནས་ཡིད་ནི་བསྡམ་པར་བྱ་ཞེས་པ་སྟེ། མེ་ཏོག་པདྨའི་སྡོང་པོའི་རྩ་བ་ལ ་ཆགས་པའི་བུང་བཉི་མ་ཐལ་བའི་དུས་སུ། པདྨའི་འདབ་མས་བསྡམ་པ་སེམས་ཀྱིས་མཚོར་བ་བཞིན་དུ། ཉོན་མོངས་པ་ཅན་གྱི་སེམས་ཀྱང་དཀ། འ་ཐུབ་སྤངས་ནས་ལོངས་སྤྱོད་ཀྱིས་གཡེང་དུ་བཅུག་སྟེ། སེམས་དེ་ཡང་དག ་གཉིས་ལྷ་མེད་པའི་ཡེ་ཤེས་དང་འབྱོར་ནས་མྱ་ངན་ལས་འདས་པ་ལ་བཀོད་པར་བྱའོ་ཞེས་པའི་ཐ་ཚིག་གི། འདུལ་བ་སོ་སོར་ཐར་པའི་ནང་ན་ནི་སྤོང་བའི་མཚན་ཉིད་བདུན་གྱི་སྒོ་ནས་དཀའ་ཐུབ་སྟེ་སེམས་ཅན་འདུལ་བར་བསྟན་ན། ་འདི་ནི་ཡིད་ཀྱི་སྒོ་ནས་སེམས་འདུལ་བར་གསུངས་པ་ཅིའི་ཕྱིར་ཞེ་ན་གསུངས་པ། ཡིད་བསྡམས་པས་ནི་འགྲུབ་པས་ཞེས་པ་ལ་སོགས་པ་སྟེ་དོན་གོང་ན་བཤད་ཟིན་ཏོ།། དེ་ལྟར་ཡང་ཡིད་དབང་དུ་གྱུར་པའི་རྣལ་འབྱོར་པས་ལྷ་མོ ་བསྒོམ་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་གནོས་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ་སྙིང་གར་ཏེ་ཞེས་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ།། སྒྲོགས་པ་ལྔའི་མཆོད་རྟེན་གྱི་ཞེས་པ་ལ་སོགས་པ ་ནི། མགྲིན་པ་ལ་ཡཱི་གེ་ཡཱུ་ཡིས་བསྲུང་བྱར་བྱའོ་ཞེས་པའི་ཐ་ཚིགས་གོ། མྱེ་ཡི་ཡི་གེ་འབར་བ་ཡོས། དེ་བཞིན་ཆུ་དང་ཆུ་མིན་གཉིས་ཞེས་པ་ནི། ཡི་གུཾ་ཀྵཾ་གི་ཕོ་མཚན་དང་དྲི་ཆེན་འབྱུང་བའི་ལམ་ལ་བསྲུང་བར་བྱའོ་ཞེས ་བའོ།། ཆུ་ཤིང་མེ་ཏོག་པདྨ་ནས་དང་པོ་རོ་བཟུང་ནས་རྒྱས་པར་རིང་དུ་སྤྱོད་པར་འགྱུར་ཞེས་པའི་བར་དུ་ཆུ་ཤིང་མེ་ཏིག་རྒྱས་པར་བྱ་བ་ནི་གོང་དུ་བཤད་ཟིན་ཏོ།། དེ་ཡིས་དབུས་སུ་སྒོ་ང་ཞེས་པ་ནི། ཆུ་ཤིང་གི་དབུས ་ཀྱི་སྒོ་ངལ་སྐྱིང་སྟེ། སྒོ་ང་དང་འདྲ་བའི་ཕྱིར་རོ།། དེའི་ཁ་དོག་གསུངས་པ། ཀུནྡ་ད་དཀར་དང་། ཟླ་བའི་མདོག་ཅེས་སོ།། དེ་ནས་སྒྲོ་དེའི་དཀྱིལ་དུ་ས་བོན་དཀོད་པ་གསུངས ་བཕྱོགས་དང་ཕྱོགས་སུ་ཕྱོགས་ས་བོན་ཞེས་ཏེ། ཕྱོགས་ཀྱི་ས་བོན་པོཞིན་བཀོད་པར་བྱའོ་ཞེས་པའོ།། ས་བོན་གང་ཞེ་ན། ཕྱོགས་གཉིས་སུ་ནི་ཁམས་བཞི་སྟེ། ཞེས་པ་ནི་ཆུ་དང་མེ་དང་རླུང་དུ ་སའི་ཁམོས་ཀྱི་ས་བོནྡ་ཀྲྀ་སཱི་ཀྵོ་ཡུཾ་ཧཱུཾ་བཀོད་པར་བྱའོ།། ཡེ་ཤེས་ཀྱི་ས་བོན་ཨ་ཨཱ་ཨཾ་ཨ་ནཱི་མ་ཡིན་ཞེས་པའི་ཐ་ཚིག་གོ།། ཕྱོགས་མཚོམས་བརྩེགས་པའི་ས་བོན་བཞིན་ཞེས་པ་ནི་འདིར་ཡང་ཁམས་ཀྱི་རང ་བཞིན་བརྩེགས་པའི་ཡི་གེ་སྨྲྀ་ནྡྷི་སྨྲྀཀྵྨ་མཚམས་བཞིར་བཀོད་པར་བྱའོ།། མེ་ནིང་གི་སི~ཾ་གཽ་རཱྀ་དང་ལྀ་ལཱྀ་ནི་མཱ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། དབུས་སུ་དེ་ཁོ་ན་དམིགས་ནས་ཡེ་ཤེས་སེམས་ཀྱི་ངོ་བོ་ཉིད་ཅེས ་xxx། xxx ་པར་བྱ་ཞེས་སོ།། དེ་ནས་དྲནངས་དང་། ཡེ་ཤེས་སྦྱོར་བའི་ཐབས་སྟན་འདོད་པས་གསུངས་པ། སེམས་ཀྱི་དར་དཀར་བསྒོམ་པ་ནི། དེ་ནས་གཟུགས་ནི་གཤིག་པར་བྱ། ཕྱོགས་དང་ཕྱོགས་སུ ་གཞིག་པ་དང་།། ཕྱོགས་མཚམས་ཕྱོགས་ནི་དེ་བཞིན་ནོ།། ཞེས་པ་སྟེ། དེ་ལྟར་ཡིག་འབྲུ་དགུ་རང་དཀར་བསྒོམ་པའི་རྣལ་འབྱོར་པས་ཕྱོགས་དང་ཕྱོགས་མཚམས་ཀྱི་གཟུགས་ཀྱི་རང་བཞིན་ཡིག་འབྲུ ་བརྒྱུད་བཤིག་ནས་དཀྱིལ་གྱི་ཡིག་གེ་ཧཱུ~ཾ་ལ་འདུག་པ་བསྒོམ་པར་བྱའོ།། དོན་དེ་གསལ་བར་གསུངས་པ། ཐམས་ཅད་གཟུགས་ནི་བ་ཤིག་ནས་སུ། ཡེ་ཤེས་རྣམ་ཤེས་ལྷག་མ་སྟེ་ཞེས་པ་སྟེ། ་ཕྱོགས་བརྒྱད་ཀུན་གྱི་གཟུགས་ཀྱི་ཡི་གེ་བ་ཤློག་ནས། ཡེ་ཤེས་དང་རྣམ་ཤེས་ཀྱི་ཡི་གེ་ཧཱུཾ་གཅིག་པུ་ལུས་པར་བསྒོམ་པའོ།། འདུས་མ་ཐག་ཏུ་ཧཱུཾ་དེའི་ཁ་དོག་དང་། རང་བཞིན་ཁྱད་པར་དུ་གསུངས་པ། ་ཆུ་ནི་ཤར་གྱི་ཕྱོགས་སུ་སྟེ། ཁ་དོག་དཀར་པོའོ་འོད་ཀྱི་མདོག་ཅེས་པ་སྟེ། ཡི་གེ་ཆུའི་སྔ་བོན་དང་སྦྱར་བའི་ཕྱིར་ན། ཆུའི་རང་བཞིན་དང་མདོག་དཀར་པོར་འགྱུར་རོ་ཞེས་པའི་ཐ་ཚོག་གོ།། སེར་པོ་འོད ་དུ་འབྲར་བའི་མྲྀ།། མེ་རྟག་པ་རུ་ནཱི་བྱང་དུ་སྟེ་ཞེས་པ་ནི་ཧཱུཾ་གི་བྱང་གི་ངོས་མེའི་ས་བོནེ་ཀྵུཾ་ཐིམ་པས་མོའི་རང་བཞིན་དང་མདོག་སེར་པོའོ།། རླུང་ནི་ནག་པོའི་ཁ་དོག་ནི་ནམ་མཁའི་གཟུགས་ཅན་ནུབ ་དུའོ་ཞེས་པ་ནི། དེ་ལ་ནམ་མཁའོ་གཟུགས་ཅན་ནི། དེ་ལ་ནམ་མཁའི་གཟུགས་ཅེ་ནི་ནི་ཧཱུཾ།། གཟུགས་མེད་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་རོ།། རླུང་དེའི་ནུབ་ཀྱི་ངོས་རླུང་གི་ས་བོན་མུཾ་དེར་ཐི་མི་ནས ་རླུང་གི་རང་བཞིན་དང་མདོག་ནག་པོའོ།། ལྷོ་ཡི་ཕྱོགས་ནི་དམར་པོ་རུ།། ལྷོ་ཡི་ཕྱོགས་ཀྱི་བསྡམ་པར་བྱ་ཞེས་པ་ནི། ཧཱུཾ་གི་ལྷོའི་ངོས་སུ་བོན་ཧཱུཾ་ཟླུམ་པའི་ཕྱིར་ན། ་སའི་རང་བཞིན་དྲང་མདོག་དམར་པོའོ།། དེ་གཉིས་ཁ་དོག་འཆོལ་བ་ནི་བག་ལ་བརྟེན་པའི་ཕྱིར་རོ།། ཕྱོགས་མཚམས་འདྲེས་པོའི་ཁ་དོག་གིས། གྲོ་བཞི་དག་ཏུ་བསམ་པར་བྱ་ཞེས་པ་ནི། ཧཱུ~ཾ་གི་གྲཝ་བཞི་མདོག ་བསྲེས་པའི་ཐ་ཚིག་གོ།། འདི་ལྟ་སྟེ་མེའི་མཚམས་ནི་དཀར་པོ་དང་དམར་པོ་བསྲེས་པའི་མདོག་གོ།། དབང་ལྡན་གྱི་མཚམས་ནི་དཀར་སེར་བསྲེས་པའི་མདོག་གོ། རླུང་གི་མཚམོས་ནི་སེར་ནག་བསྲེས་པའི་མདོག་གོ། ་བདོནི་བྲལ་གྱི་མཚམས་ལྔ་ནི་དམར་ནག་བསྲེས་པའི་མདོག་གོ།། དེ་ནས་དབྱིངས་དང་ཡེ་ཤེས་སྦྱོར་བསྟན་ནས། ཡེ་ཤེས་དེ་ཡང་གཉིས་སུ་མེད་པའི་སེམས་ལ་སྦྱོར་བ་བསྟན་འདོད་པས། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལྷག་མའི་རྣམ་ཤེས་དབུས་སུ་ནི། སྒོང་སྐྱེས་བཅས་པར་གཞིག་པར་བྱ་ཞེས་པ་སྟེ། དེ་ལ་སྒོང་སྐྱེས་ནི་གཉིས་སུ་མེད་པའི་སེམས་སོ།། དོན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡི་གེ ་ཧཱུཾ་དེ་གཉིས་སུ་མེད་པའི་ཡི་གེ་སེམས་དང་བསྲེས་ནས་འཇུག་པར་བྱ་སྟེ། གཉིས་སུ་མེད་པར་བསྒོམ་པོར་བྱའོ་ཞེས་པའི་ཐ་ཚིག་གོ། འོ་ན་ཧཱུཾ་དེའི་མཚན་ཉིད་ཅི་འདྲ་ཞེ་ན་གསུངས་པ། དེ་ཡི་མཚན་ཉིད་མཚོན་པ་ཡིས།། ་མཚོན་པའི་མཚན་ཉིད་གཟུགས་མེད་དོ།། ཞེས་བྱ་བའོ།། དེའི་དོན་གསལ་བར་སྟོན་པས་ཡང་གསུངས་པ། སེམས་ཀྱིས་དངོས་པོ་སྟོང་པ་པས་ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་སྟོང་པ་རང་བཞིན་གཟུགས ་སུ་སྣང་བ་ཅི་འདྲ་ཞེ་ན། རྣམ་པར་མི་རྟོག་སྟོང་པའི་དབུས།། མེ་རྟག་རྡུལ་ནི་ཕྲ་མོ་ཙམ་ཞེས་པ་སྟེ། བདག་གཞན་དབྱེར་མེད་པ་སྟོང་པའི་དབུས་ནི་མེ་སྟག་དང་འདྲ་སྟེ། གཟུགས་སུ་སྣང་བ་ན་ཡང་ས་ལྔ་ལྷུང་མ ་ཐུག་ཏུ་མེད་པ་བཞིན་ནོ།། ཨཱ་ལི་ཀཱ་ལིའི་ས་བོན་ནི།། རྡུལ་ཕྲན་མིག་གོ་དབུས་གནས་ཞེས་པ་ནི་རྡུལ་ཕྲན་ཏེ། ཨཱ་ལི་ཀཱ་ལི་ས་བོན་ཡི་གེ་ཨའི་རང་བཞིན་གནས་ཏེ། དང་པོ་ནས་མི་སྐྱེ་བའི་རང་བཞིན་གྱི་ཕྱིར ་རོ།། དེས་ནཱ་ཆོས་ཀུན་ལས་འབྱུང་བ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎི་ཨཱདྷྱེ་ནུཏྤནྣ་ཏྭཱ་ཏཱ་ཞེས་སོ།། མིང་དང་བྲལ་བའོ་གཟུགས་དག་གིས།། ཐམས་ཅད་ཀུན་ཀྱང་རྡུལ་ཞེས་བྱ་ཞེས་པ་ནཱི། དབང་པོ་ལས་འདས་པས་ན་གཟུགས ་ལྷ་འདུ་ཤེས་ཀྱི་ཡེ་ཤེས་ཆོས་ཀུན་མིང་ལས་འདས་པ་རྡུལ་ཕྲན་གྱི་རང་བཞིན་དུ་འདོད་པ་སྟེ། མྱ་ངན་ལས་འདས་པའི་ཕྱིར་རོ།། དེས་ན་དབྱིངས་དང་ཡེ་ཤེས་སྦྱོར་བ་ཡི་ཏིང་ངེ་འཛིན་ནི་ཡོད་མེད་མ་ཡིན་པར ་སྟོན་པ། སྟོང་པ་རུ་ཡང་མི་དམིགས་ཏེ། ཞེས་པ་ལ་སོགས་པ་དེའི་དཔེར་གསུངས་པ། རླུང་མིན་ནོ་མཁའ་ཡང་མ་ཡིན། མཉམ་པར་དབུས་སུ་བརྟག་པར་བྱ་ཞེས་པ་སྟེ། དཔེར་ན་གཟུགས་རླུང་རྒྱུ་བ་ནི་ནམ་མཁའ་ལ ་སྟེ། ནམ་མཁའ་ནི་རླུང་མི་ཐོགས་པའི་སྟོང་པ་སྟེ། དེ་ལྟར་ནམ་མཁའ་དང་རླུང་དབྱེར་མེད་པ་བཞིན་དུ། གཟུགས་དང་སྟོང་པ་ཡང་དབྱེར་མེད་དེ།། གཟུགས་གང་ཡིན་པ་ཡང ་སྟོང་པའི་རང་བཞིན་དེ་མ་ཡིན། སྟོང་པ་གང་ཡིན་པ་གཟུགས་ཀྱི་རང་བཞིན་དེ་མ་ཡིན་ཏེ་དེ་ལྟར་ལོགས་སུ་མེང་ངོ་།། མཉམ་པར་བལྟ་བར་བྱའོ་ཞེས་པའི་ཐ་ཚིག་གློ། དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བསྟོད་པ་ལས་གསུངས་པ། དངོས་པོ་ལས་གཞན་སྟོང་པ་མེད།། སྟོང་པ་ལས་གཞན་དངོས་པོ་མེད།། རྟེན་ཅིང་འབྲེལ་པར་འབྱུང་སྟོང་ཉིད།། ལྷ་ཁྱོད་ཀྱིས་ནི་བསྟན་པའི།། ཞེས་སོ།། ཇི་ལྟར་རྟོགས ་པར་བྱ་ཞོ་ནཱ་གསུངས་པ།། བླ་མའི་ལུང་ནི་རྟོགས་པའོ་ཞེས་པ་ལ་སོགས་པའོ།། དེ་ནས་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་པའི་རྣལ་འབྱོར་པས་སྤྱོད་པ་དང་འབྲས་བུ་གསུངས་པ། ཡེ་ཤེས་གྲུབ་པའི་རྣལ་འབྱོར་པ་ཞེས་པ་ལ ་སྩོགས་པ་སྟེ། དེ་ལ་ཀུན་ཏུ་རྟོག་པ་ལུས་སེམས་རྣམས། གལ་ཏེ་ཡུལ་འཁོར་སྲུང་འདོད་ན། ཞེས་པ་ནི། དེ་ལ་ཡུལ་འཁོར་ནི་ཕུང་པོ་དང་ཁམས་སོ།། གལ་ཏཱཾ་ཕུང་པོ་བསྐྱེད་འདོད་ན། རྣལ་འབྱོར་པ་སེམས་ཅན་གྱི ་དོན་དུ་སེམས་རྣམ་པར་རྟོག་ནས་སེམས་ཅན་གྱི་དོན་དུ་ཕུང་པོ་བསྐྱེད་པར་བྱའོ་ཞེས་པའོ།། ཡེ་ཤེས་དབང་པོ་ལོངས་སྤྱོད་རྣམས།། དངོས་གྲུབ་ལུས་ལ་རང་དགར་རོ་ཞེས་པ་ནི་དེ་ལྟ་བུའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས། ་གལ་ཏེ་འདོད་ན་ཐེག་པ་འོག་མའི་དགེ་སྦྱོང་གི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བའི་ལམ་དང་བསྒོམ་པའི་ལམ་ལྔ་ཅར་ཕྱིན་པ་འབྲས་བུ་ཐོབ་བོ་ཞེས་པའོ།། ཁམས་གསུམ་ཡཱ་ཤེས་མཐོང་བ་དང་ཞེས་པ་ནི ་དྲུགྲ་བཅོམ་པ་སྟེ། ཁམས་གསུམོ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པོའི་རྣལ་འབྱོར་པས། གལ་ཏེ་འདོད་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ་ཞེས་པའི་ཐ ་ཚིག་གོ། དང་པོའི་འབྲས་བུ་དང་ཕྱི་མའི་འབྲས་བུ་གསུངས་པས་ན། ལྷན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་ངའི་འབྲས་བུ་ཡང་ཐོབ་པོ།། དྲོན་དུ་ཤེས་པར་བྱ་དགོད་པའོ།། དེ་གཉིས་ཀྱང་གལ ་ཏེ་འདོད་ན་རྣལ་འབྱོར་པས་ཐོབ་བོ་ཞེས་པའི་ཐེ་ཚིག་གོ།། ཡིད་ཀྱིས་རང་དགའི་གན་སོ་དག་ཏུ། གཟུགས་ཅན་མཁོའ་ལ་རྒྱུ་བ་རྣམས།། ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པ་འབྲས་བུ་སྣ་ཚོགས་གང་འདོད་པ་ལ་སྤྱོད་དེ། གཟུགས་ཅན་མཁའ་ལ་ཐོག་པ་མེད་པར་རྒྱུ་བ་བཞིན་ནོ་ཞེས་པའོ།། བདག་དོན་གྱི་འབྲས་བུ་བསྟན་ནས། གཞན་དོན་གྱི་འབྲས་བུ ་གསུངས་པ། སེམས་ཅན་དག་ན་ཅི་འདོད་པས། མྱུར་དུ་མཆོད་ནི་སྦྱིན་པར་འགྱུར་ཞེས་སོ།། སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། གསུངས་པ་ལུས་དང་དབང་པོ་འདོད་པ་རྣམས།། རང་དགའ་རུ་ནི་བདག་མེད་བྱེད་ཅེས ་པ་སྟེ། རྣལ་འབྱོར་བས་སེམས་ཅན་གྱི་དོན་བྱེད་པ་ལ། ལུས་དང་དབང་པོ་ལ་སོགས་པ་ལ། བདག་དང་གཞན་དམིགས་པའི་ཚུལ་གྱིས་སྤྱོད་དོ་ཞེས་པའོ།། ཆོས་ཀྱི་དབྱིངས ་རྟོགས་པའི་རྣལ་འབྱོར་པས་མྱ་ངན་ལས་འདས་པར་ཟད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས་ཞེས་པ་ལ་སོགས་བྱའོ།། དེ་དག་བསྒོམ་པའི་རྣལ་འབྱོར་པའི་གནས ་བསྟན་པ། རི་དང་རི་ཁྲོད་ནོགས་འཚལ་དང་། ཞེས་པ་ལ་སོགས་པའོ།། དེ་ནས་དོན་བསྒོམ་པར་འདོད་པའི་རྣལ་འབྱོར་པོས། ཕྱིན་ཅི་ལོག་པའི་ལུས་བདུད་རྩི་སློང་བ་བྱས་ནས། འགྲུབ་པར་བྱའོ་ཞེས་སྟོན་པས་གསུངས ་པནག་མུ་ལ་པ་ལཀྵེ་ཞེས་པ་ལ་སོགས་ཏེ། དེ་ལ་ནཱ་ག་མུ་ལ་ནི་སྦྱིན་པ་ཁྱད་པར་ཅན་ནོ།། བ་ལཀྵ་ནི་རྒྱ་སྐྱེགས་ཀྱི་མི་ཏོག་གོ། མེ་མར་བྱས་ཏེ་ཆ་སྙམས་ཏེ་ཞེས་པ་ནི། དེ་ལ་སྨན་ཆ་གསུམ་དུ་བསྙམས་མཉམ ་བོར་བྱ་བའོ།། དུ་དུ་ཡིན་ཞེ་ན། གསུངས་པ། མ་ག་ཏཱིའི་སྲང་བཅུ་གཉིས་ཞེས་ཏེ་རྡོ་རྗེ་གདན་དྲུང་ཡུལ་མ་གཽ་དྷའི་སྲང་ཆེན་པོ་གསུམ་ག་ལོ་བཅུ་གཉིས་བཅུ་གཉིས་སྦྱར་བར་བྱའོ་ཞེས་པའོ།། ཇི་ལྟར་བཟའ་ཞེ་ན། ་བའི་འོ་མ་བསྐོལ་བ་ལ་ཞེས་པ་ལ་སོགས་པའོ།། སྨན་གྱི་ཡོན་ཏན་གསུངས་པ། རྣལ་འབྱོར་པ་ཡཾ་ལོ་བརྒྱ་རུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདུལ་བ་བསྲུང་ཞིང་ལོངས་སྤྱོད་ཅེས་པ་ནི། དེ་ལ་སྨན་དེ་བསྒྲུབ་པ་ལ ་འདོད་ཆགས་དང་། གནོད་པའི་ཟད་དང་ཆུང་ལྔས་བསྲུང་བར་བྱ་བའོ་ཞེས་པའོ།། ཕྱིན་ཅི་ལོག་པའི་ལུས་སྤྱན་གྱིས་ཐུབ་ན་ཡང་དག་པའི་རྒྱུར་འགྱུར་བའི་དཔེ་བསྟན་པ། ཇི་ལྟར་བུ་མོ་གཞོན་ནུ་གཏམ་གྱིས་རྨོངས ་ནས་སུ་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། འདོད་ཆགས་ལ་སྤྱད་པ་ལོ་འཇིགས་པའི་བུ་མོ་གཏམ་གྱིས་བྲིད་ནས་སྤྱོད་པ་བཞིན་དུ། ཕྱིན་ཅི་ལོག་པའི་ལུས་ཀྱང་བདུད་རྩིས་སློང་བ་གྲུབ་ནས་པིང་དེ། ་ཡང་དག་པའི་ལམ་དུ་འཇུག་པར་བྱའོ།། ཞེས་པའི་ཐ་ཚིག་གོ།། དེ་ནི་ལེའུ་བཅུ་དྲུག་གི་དོན་རྟོགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་དེ་དག་ཐམས་ཅད་དགའ་ཞིང་མགུ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་ལ་བསྟོད་པ་གསུངས་པ། དེ་ནས་རྣལ་འབྱོར་དང་། ཞེས་པ་ལ་སོགས་པའོ།། ཐུགས་རྗེ་ཆེན་པོའི་མངའ་བདག་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་ལ་རྣལ་འབྱོར་གྱི་གཟུག་ལག་གདན ་བཞི་པའི་ཆེ་བའི་སྨོན་ཏན་འདོད་པ་ལ་གསུངས་པ། ཉོན་ཅིག་རྡོ་རྗེ་ཇི་ལྟར་ཞེས་པ་ལ་སོགས་པའོ།། དེ་ལ་ཚིག་རྐང་ཙམ?་ཞེས་པ་ནི། ཚིགས་སུ་བ་ཤུད་པ་བཞི་ཆུའོ།། མཐོ་རིས་ཞེས་པ་རྒྱལ་ཆེན་རིགས ་བཞི་ལ་སོགས་པའི་འདོད་པའི་ལྷ་རིས་དྲུག་དང་། ཚངས་པ་ལ་སོགས་པ་གཟུགས་ཁམས་བཅུ་བདུན་ནོ།། ཡང་ན་འཁོར་ལོ་འཁོར་ལོ་འབར་ཞེས་པ་ནི། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ།། གཟུཌ ་མེད་སྲིད་པའི་སེམས་གྲུབ་བོ་ཞེས་བྱ་ནི། ན་མཁྱུའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ།། གཟུགས་མེད་པའི་ཁམས་བཞིའོ།། རྫོགས་པའི་བྱུང་རྒྱུ་བ་མྱུར་ཐོབ་བོ་ཞེས་པནྟི། ་སེམས་དཔའི་གོང་འཕང་མི་གནས་པའི་མྱ་ངན་ལྟས་འདས་པ་མངོན་དུ་གྱུར་པའོ།། རྒྱུད་ཀྱི་དོན་རྟོགས་མཁན་པོ་ཡིས། གསང་བའི་གདན་འགྲེལ་འདི་བརྩམས་པས། བདོག་གིས་བསོད་ནམས་གང་ཐོབ་དེ ་སེམས་ཅན་ཀུན་གྱིས་ཐོབ་པར་ཤོག། རྒྱོ་གར་གྱི་མཁན་པོ་དྲན་པ་འི་མིང་ཤེས་གྲགས་པས། བླ་མ་ལ་མན་ངག་ཐོབ་པ་གདན་བཞི་པ་ལས། གསེང་བའི་གདན་གྱི་རྣམ་པར་བཤད་པ་མཛད་དེ། བསྒྱུར་ཞིང་ཞུས་ནས ་གཏན་ལ་ཕབ་པ་།། ་