CLOSE WINDOW

GT478: rin po che'i 'od ces bya ba
Wyliee-texts produced with BDRC’s OCR application

ལག་བརྒྱད་པའི་རིམ་པ་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ཨཾ་ཊི་རྫོག་སོ།། @#།། རྒྱ་གར་སྐད་དུ། རཏྣ་པྲ་བྷ་ནཱ་མ། བོད་སྐད་དུ། རིན་པོ་ཆེའི ་འོད་ཅེས་བྱ་བ། རང་སྣང་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། གསུམ་གསལ་ཐུགས་རྗེ་རིགས་པའི་དཔལ།། སྐུ་གསུམ་རིག་པ་ཉིད་ལྡན་ལ།། དང་བའི་ཚུལ་གྱིས་བདུད་ཕྱག་འཚལ།། ཐུག་རྡོ་བྱིན་ཌཱཔླ་རྣ་རྒྱུད་ས། 2ཧ་བཱི་གསུང་བྱིནརཱཥྨིཀྵྨཱི།། རང་སྣང་ཉི ་མ་ལྟ་བུརོ་གསལ།། གསལ་བྱེད་རིན་ཆེན་སྣང་པོ་འདི།། མཐའ་ཡས་འགྲོ་བ་ཐམས་ཅད་ལ།། དབྱེར་མེད་ཚུལ་དུ་ལྡན་གྱིས་ཀྱང་།། བདག་འཛིན་ལོག་པའི་སེམས་ཀྱིས་དཀྲུགས།། ས་འོག་བུམ་པ་རྗེ་བཞིན་པས།། རིན་ཆེན་སྣང་བ་རང་འབྲིར་ཡིན ་འགྲོ་བའི་བླ་མ་འདས་གྱུར་ཀྱང་།། འགྲོ་བ་མུན་པ་ལ་གནས་ནས།། མོས་པའི་རྣལ་འབྱོར་མིག་མེད་ལ།། སྙིང་པོ་འོད་ཀྱི་དོན་དུ་བཤད།། གཏིང་ལྟར་མི་གསལ་རིན་པོ་ཆེ།། སྐལ་ལྡན་རྣལ་འབྱོར་མས་འཇུག་གིས།། རྟོག་མེད་མཐོང་བའི་ལཾ ་རྟོགས་དང་། དགྲོང་མེད་འབྲས་བུ་རང་སྣང་ཡིན།། པདྨ་གསུམ་གྱི་དཀྱིལ་འཁོར་ནས།། བདེ་གཤེགས་གསུམ་གྱི་སྐུ་ལྡན་པ།། རྣམ་གྲོལ་འབྲས་བུ་རང་བཞག་ཡིན།། གཞི་ནས་མ་གཡོས་རང་བཞིན་འགྲུབ།། ཆོས་ཉིད་སྐུ་ལ་འགྱུར་བ་མེད།། རང་རིག ་བདེ་བ་ཆེན་པོ་ཉིད།། རྒྱུ་ལ་མི་གནས་མཐར་ཐུགས་པ།། ཐེག་ཆེན་རྫོགས་པའི་འབྲས་བུ་ཡིན།། རིན་ཆེན་གསུང་གིས་ཤེས་འགྱུ་།། བསམ་མེད་བརྗོད་བྱ་སྙིང་པོའི་དོན།། ཀུན་གྱིས་བརྗོད་པ་སེམས་ཀྱི་དབྱིངས།། རང་རང་མོས་པའི་ཤེས་པ ་རྟོགས།། ལམ་གྱི་རྩོལ་བས་འབྲས་བུ་འཚོལ།། ། རང་མོས་བསམ་པའི་ས་ལ་གནས།། སྨན་པའི་འདོད་པས་རེ་བ་འཇོག། སྙིང་པོ་ལམ་ལ་འདོད་པ་བྲལ།། ཡིད་ལ་མི་བྱེད་རང་བཞིན་གནས།། རིག་པའི་གཟེར་གྱིས་འདའ་བ་མེད།། བསྒོམ་མེད་དོན་ལ ་བ་བྲལ།། ལྟ་བ་མེད་པའི་སྙིང་པོ་ན།། རང་གཞག་སེམས་ཀྱི་རིག་པས་ཤེས།། ཆར་ཡང་དང་ནི་ཐིག་ལེ་ཚུལ།། ཚུལ་ཙམ་མཆོག་དང་གཞན་མཆོག་དོན།། ཤེས་རབ་གསང་བས་ན་རོ་ལ།། སྙན་ཁུང་བརྒྱུད་པའི་བཞིའི་གནང་།། རྡོ་རྗེ་བཀའ་ནི་རྟོགས ་པའི་ལམ།། བྱེད་པའི་སྒྲ་ལ་གཉེར་བའི་སེམས།། ཚུལ་བཟང་རྩོལ་ལྔ་གང་གནས་པ།། བྱེད་པའི་དོན་དང་ཕྲད་གྱུར་ནས།། བྱ་བའི་རང་བཞིན་ཤེས་པར་བྱ།། རྒྱལ་བའི་དགོངས་པ་རིག་པ་ཉིད།། གསུམ་གྱི་བྱེད་པའི་འོད་ཀྱིས་མཐོང་།། གསུམ་གྱི ་འོད་གསལ་གཞི་ཡི་འམ།། བྱེད་དང་བྲལ་བ་ཉིད་ལ་གནས།། ལམ་གྱིས་ལམ་གྱི་འབྲས་བུ་མཐོང་།། འབྲས་བུ་དགོངས་པ་རྒྱལ་བའི་ཐུགས།། བསམ་མེད་རང་གཞག་རིག་པའི་དང་།། བདེ་ཆེན་མི་རྟོག་རྒྱུ་བ་བྲལ།། ཡིད་ལ་མི་བྱེད་སྣང་བ་དག། རིག་པ་མ ་འགགས་ཡེ་ཤེས་གསལ།། དབང་པོ་པདྨ་རྒྱས་པའི་སེམས།། འགྲོ་བ་ཀུན་ལ་རང་བཞིན་གནས།། མཐོབ་པ་ལོག་པ་གཞན་ཡོད་ཀྱང་།། སྤྲུལ་སྐུ་དང་པོ་གཞན་ལས་མིན།། ཀུན་བཟང་རྒྱལ་བའི་དགོངས་པ་ཉིད།། སྣང་བའི་དུས་མ ་གཟུང་བྱས་ལ།། དྲན་པའི་ཚུལ་གྱིས་ཉམ་སུ་བླངས།། འཕེན་པ་དང་པོའི་དུས་ནའོ།། རིན་ཆེན་གསུང་གིས་བརྟགས་པ་ལས།། ཐབས་ཀྱི་བྱེ་བྲག་ཤེས་འགྱུར་ན།། ཐོག་མ་པདྨ་ཇི་བཞི་ནོ།། དཀྱིལ་འཁོར་ལྔ་ཡི་ཡིས་འཕྲོ།། དེ་ལྡན་རྒྱལ་བའི་གྲལ་དུ་གནས ་ཐུགས་རྗེས་ཀུན་ལྡན་རྙོག་པས་བསླད།། དངས་མ་དུས་གསུམ་འགྱུར་བ་མེད།། གསང་བའི་པདྨ་སྔགས་ཀྱི་སེམས།། སྤྱོད་པ་བྲལ་བའི་དུས་ན་ཤེས།། གཏང་བཞག་རང་བཞིན་མ་ཚང་བྲལ།། འཁོར་པ་རྣམ་པར་མི་སེམས་ཏེ།། མྱ་ངན་འདས་པའི ་རྒྱུ་བ་པྲ་ག། རྫོགས་པའི་དགོངས་པ་བྱ་བ་མེད།། དུས་གསུམ་མ་ཡེངས་སྲོག་ཏུ་སེམས།། བླང་དོར་མི་མངའ་ལྟ་བ་མེད།། རང་བཞིན་རྒྱལ་བའི་ལྟ་བ་ཡིན།། མི་རྩོལ་དབུ་མ་དང་པོ་ལམ།། གང་གིས་མ་བཅོས་ཐུགས་ཀྱི་ལམ།། སྙིང་ཁ་པདྨ་རིན་ཚོན་འོད།། འོད་གུས ་རིག་པའི་དཀྱིལ་འཁོར་ལྔ།། ཆགས་པ་ལ་སོགས་པ་ཉན་མོངས་ལྔ།། མཐར་ཐུག་ཐ་མ་དུས་ན་མཐོང་།། གང་སྐྱེས་དུས་ནཱ་ཡུལུ་མི་དཔྱད།། མི་འགགས་ངོ་བོ་ཉིད་ལ་བཞག། གསང་བའི་པདྨ་ཆོས་ཀྱི་སྐུ།། མ་བཅོས་རང་གསལ་གཟུང་འཛིན་བྲལ།། རྫོགས ་པའི་ལོང་སྦྱོང་བདེ་བའི་སྐུ།། སྦྲུལ་སྐུ་གང་ལ་ངོས་གཟུང་མེད།། དབྱེར་མེད་རིག་པ་གཅིག་ལེ་གནས།། འཛིན་པང་བྲལ་བའི་མངོན་སུམོ་པ།། ཆགས་དང་བྲལ་བའི་བདེ་བ་ཆེ།། ཐ་སྙད་བྲལ་བའི་ཐབས་ཀྱིས་མཚོན།། རྩོད་དང་བྲལ་བའི་སྤྱོད་པས་བླང ་སྤྲོ་བསྡུ་མེད་པའི་དགོངས་པར་གནས།། སྣང་བ་རྒྱ། མཚོ་ཆེན་པོ་བཞིན།། རང་བཞག་རིག་པ་དེ་བཞི་ནོ།། སྟོན་སྣ་ཚོགས་ན་མཁའ་བཞིན།། དུས་གསུམ་འགྱུར་མེད་ཀུན་ཏུ་བཟང་།། སངས་རྒྱས་སན་གཉིསུ་མེད།། འཁོར་བ་ཉིད་ན་རང་བཞིན་དག། རིན ་ཆེན་དགེ་བ་ཇི་བཞི་ནོ།། ཇི་ལྟར་བཅོས་ཀྱང་འགྱུར་བ་མེད།། རང་བཞིན་ཆོས་ཉིད་ངོ་བོ་ལ།། སྒྲོ་སྐུར་སྤྲོས་པ་ངང་གིས་མེད།། འཛིན་པའི་སྤྱོད་པ་ལྡོག་པས་བསླད།། རང་འབྱུང་རིག་པའི་དོན་མ་རྟོགས།། རང་འབྱུང་ཀུན་མཁྱེན་རིག་པའི་ཐུགས།། འགྱུར ་མེད་འགྲོ་བ་ཀུན་ལ་གནས།། མཁའ་འདྲི་ཡེ་ཤེས་ལྷུན་གྱིས་གྲུབ།། སྒྲུབ་མེད་དངོས་གྲུབ་ཆེན་པོ་ལ།། བསྲུང་མེད་དམ་ཚིག་རང་བཞག་སྟེ།། མཐའ་མེད་དབུས་མེད་རིག་པར་གསལ།། རྒྱལ་བ་ཀུན་གྱི་ངོ་བོ་ལ།། སེ་ནི་ཀུན་གྱི་རང་བཞིན་ཡིན།། ་ཡེ་ཤེས་རིག་པ་རྟོགས་གྱུར་ནས།། ཐུགས་རྗེ་མཛད་པའི་ལམ་ཡང་སྟོན།། སེམས་ཀྱི་འབྲས་བུ་རང་བཞག་ལ།། འདོད་པའི་རྩོལ་བས་སྒྲུབ་མི་བྱེད།། བྱང་ཆུབ་སེམས་ཀྱི་ལམ་ཚན་ནོ།། རྣམ་པ་ཡིས་དགོངས་པའོ་ལམ།། ཐུན་མོང་འགྲོ་བ ་ཡོངས་ལ་གནས།། དུས་གསུམ་སངས་རྒྱས་སེམས་ལས་བྱུང་།། བགྲོད་མེད་རང་རིག་ཡེ་ཤེས་ལམ།། རང་འདོད་བལྟས་པས་གྲུབ་པ་མོད།། རྫོགས་པའི་ལམ་ལ་གང་གནས་པ།། བསམཱ་གྱིས་མུ་ཁྱབ་པ་རང་བཞག་ལ།། ཡིད་ལ་མི་བྱེད་ཡིས ་པ་མེད།། རྣལ་འབྱོར་རྫོགས་པའི་བཅོས་མེད་ལ།། འདོད་རྩོལ་ཐིག་ལེ་སྤྲོ་བསྡུ་མེད།། ཡེ་ནས་རྫོགས་པའི་རྣམ་དག་ལཾ།། བསམ་གཏན་ཡན་ལག་ཀུན་དང་ལྡན།། རླུང་གི་འཇུག་པ་རང་བཞིན་ཞི།། ཡེ་ཤེས་བརྩལ་མེད་བདེ་བ་ལ།། དགོའ་བ ་བཞི་ཡི་བདེ་བ་གནས།། གང་སྤྱོད་ཐབས་ལམ་བརྟེན་ཡང་།། རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས།། བརྡ་སྤྲོད་ཚིགས་ལ་གནས་འགྱུར་ཡང་།། ཐིག་ལེ་རང་བྱུང་ཉིད་ལ་འཆང་།། རྟོག་དཔྱོད་ཡན་ལག་ཐེ་ཚོམ་བྲལ།། སེམས ་ཀྱི་དགའ་བདེ་རྩོལ་བ་མེད།། གནས་པ་རྩེ་གཅིག་ཡོངས་པ་མེད།། བདེ་བ་མཚན་ཉིད་ཆོས་སྐུར་གནས།། ཡེ་ཤེས་གསང་བ་ཐབས་ཆེན་གྱིས།། སེམས་ཀྱི་བག་ཆགས་ཐབས་ཆེན་གྱི།། གྱུར་པ་གསུམ་ལ་དེ་བཞིན་འགྱུར།། སེམས་ཀྱི་ཡེ་ཤེས་གཏེར་ཁཱ་། ་རང་འབྱུང་ཡེ་ཤེས་འོང་གུས་ལ་ཁཱ། རྒྱུ་མེད་རིག་པ་གདོད་ནུས་གནས།། ཡེ་ཤེས་རང་གནས་བདེ་བ་ཆེ།། ཀུན་མཁྱེན་མེ་ལོང་ལྟ་བུ་ཉིད།། མ་ལུས་སྣང་བའི་རང་བཞིན་དག། སེམས་ཀྱི་ཆོས་ཉིད་བདྲེ་བར་ཤེས།། ཀུན་བཟང་ཉམས་ཅིག་ཅིར་མ་མཐོ ་མཐོང་མེད་གསལ་བའི་མེ་ལོང་ཉིད།། དངོས་པོ་མེད་པའི་རིག་པ་ཡིན།། འདྲ་ཟླུམ་མེ་འདྲ་རྒྱུ་གང་ཉིད།། དག་གམ་གཞན་ནས་དེ་ཉིད་གང་།། གྲུབ་བམ་མ་གྲུབ་ཇི་ལྟར་བསྐྱེད།། དེ་ལྟར་གྲུབ་ན་ཐུག་པ་མེད།། ། དེ་ལྟར་མིནྡ་ན ་གླང་ཞིག་ནི།། གཉིས་ཀ་དྭེ་མེངྒ་རི་བོང་རྭ།། གང་གཞན་རྒྱུ་ལས་གྲུབ་པ་ན།། གཅིག་དང་དུ་མཱ་གིང་དུ་འགྲུབ།། འཇིག་ཎཱན་རྒྱུ་འབྲས་ཆོས་བཞིན་ནོ།། ཡང་དག་ཡེ་ཤེས་བརྫུན་ན་མ་ཙི།། དཱི་ལྟ་བདག་ལྷ་ལྡོག་པ་བཞིན།། སྤྱད་བྱ་ཉིད་འགྱུར་ཡང་དག་མིན། ་མི་མཐུན་གནས་པའི་ཆོས་ཡིན་ན།། ཞེན་པ་ཉིད་འགྱུར་དེ་ཉིད་རིག།། དེ་ལྟ་མིན་ན་གང་ཞིག་འཐད།། བསྐྱེད་པའི་རིམ་པ་གང་གནས་པར།། རྫོགས་པའི་རིམ་པ་གང་འཇུག་པ།། གང་གིས་གང་ཞིག་ཇི་ལྟར་གནས།། རྩོལ་པོའི་བསྐྱེད་པ་དེ་ཉིད་དམ། ་ཡེ་ཤེས་རིག་པའི་དོན་ལ་འཇུག། དེ་ཉིད་ཡིན་ན་དེ་ལྟ་མོད།། དེ་ལྟ་མིན་ན་གང་ཞིག་འཐད།། ཐད་ཐཾད་གྲུབ་པའུ་མ།། མ་ཡིན་དེ་ལ་འཐད་པ་གང་།། རྗེས་མཐུན་རྒྱུ་ཡིས་མི་གནས་ན།། དེ་བཞིན་རྗེས་འཐུན་ཉིད་དུ་འགྱུར།། དེས་ན་སེང་གེ་ཕྲུ་གུ་བཞིན།། ། ་སྐུ་གསུམ་ལྷུན་གྲུབ་བདེ་བའམ།། རྩོལ་བའི་འབྲས་བུ་མཐར་ཕྱུང་ནས།། འཇིག་རྟེན་ཆོས་ལཱའང་དེ་བཞི་ནོ།། སྦྱང་བྱ་འབྲས་བུ་ཡིན་པ་ན།། ཁྱོད་ལ་དག་པའི་ཡེསྲ་གང་།། དེ་ལྟ་ཉིད་ན་རྟག་པར་འགྱུར།། དེས་ན་རང་འབྱུང་རྫོགས་པའི་ལམ།། ་ཧཱུ~ཾཧཱུཾ་ལ་མི་གནས་རྩོལ་པ་མེད།། རང་གནས་ཡེ་ཤེས་གདོད་ནས་གྲུབ།། གྲུབ་པའི་རང་བཞིན་སྐྱེད་མི་དགོས།། ཡེ་གསོལ་ན་མཁའི་རང་བཞིན་པས།། གསལ་བྱེད་རྣམ་པ་ཇི་བཞི་ནོ།། ཟླ་བ་གཟུགས་འདྲ་གང་གིས་འབྱུང་།། དབྱིངས་ཀྱི་འབྲས་བུ་བསམ་མི ་ཁྱབ།། མི་རྟོག་འབར་བའི་དཀྱིལ་འཁོར་ནས།། ཆེ་བའི་སྐུ་གསུམ་མུ་མཐའ་མེད།། ཡེ་ཤེས་རིག་པ་ཐུགས་ཕྲད་དུ།། རིན་ཆེན་སྣང་བས་བཞུག་པར་བྱ།། བརྗོད་བྲལ་རིག་པ་ཐོག་བབས་ཉིད།། མ་བརྩལ་རང་འབྱུང་བདོ་བ་ཉིད།། ཡཱི་གེ་མེད་པའི ་གསུང་མཆོག་སྟེ།། ཀུནྡྲ་བཟང་རྒྱལ་བའི་དགོངས་པ་སྟོན།། མི་རྟོག་དོན་འཇལ་གོམས་ཤིང་རྟོག། ཡི་གེ་མེད་དང་རེག་པའི་གསུང་།། དོན་གྱི་ཆོས་ཉིད་འཇལ་བར་སྟོན།། གསང་སྔགས་གཏེར་གྷི་མཛོད་འཛིན་ཅིང་།། རྒྱལ་བའི་དྲག་སྟེགས ་ཐ་སྙད་བྲལ།། སྔགས་ཚིག་བྲལ་བའི་ནུས་མཐུ་ལྡན།། ལས་བཞི་མེད་པའི་དོན་གྱིས་འགྲུབ།། རྒྱུ་མེད་འབྲས་བུ་མཐར་ཐུག་ཡིན།། རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར།། ཞེན་མེད་ཚུལ་གྱིས་འཇུག་ན་བདེ།། དང་པོ་རང་སེམས་ཚུལ་ལ ་བརྟག། རིག་པ་བླ་མའི་གདམས་པ་བཞིན།། དྲོད་དང་ལྡན་ན་བརྡ་དོན་སྤྲད།། དཀྱིལ་འཁོར་དྲུག་གི་ཡེ་ཤེས་ལ།། སྒྲ་ཡིས་མཐའ་ལ་བཞག་པར་བྷ།། མྱོང་བ་མེད་པའི་རྣམ་པ་ཡིན།། ཚོར་བ་བྲལ་བའི་རེག་བྱས་གོ།། ཕྱི་རོལ་ཚུལ ་བཞིན་ངེས་པར་འགྱུར།། ཐ་མར་དྲན་པསམྲ་རྒྱུ་བ་བྲལ།། དཔའ་རྟུལ་ཟ་བྱེད་སེམས་ལྟ་བུ།། ཤེས་པ་དང་བཞག་མཱ་བཏུལ་བ།། སྟགེ་མོ་ལྔ་བུ་སེམས་ལ་ནི།། ཡེ་ཤེས་རོལ་པ་མི་འགག་པས།། བརྩལ་མེད་ཡེ་ཤེས་རིག་པའི་ངང་།། དེས་ན་རང་བཞིན ་ཅོག་འཇོག། དངོས་པོ་ཇི་ལྟར་སྣང་བ་ཡང་།། རང་གི་ཤེས་པ་ཉིད་དུ་མཐོང་།། དུས་གསུམ་སངས་རྒྱས་མ་ལུས་པའི།། ཐུགས་ལ་འཇོག་པའི་མན་དག་བཅུད་།། རིན་ཆེན་ཤར་བས་རང་ལ་རྫོགས།། བརྩོལ་བྲལ་རིག་པ་མི་རྟོག་པ།། མ་བཅྡོཾས་རང ་སྣང་བདེ་བའི་ཀློང་།། ཡེ་ཤེས་ལྡན་གྲུབ་ཀློང་དུ་ཤར།། རང་འབྱུང་ནམཁའ་ལྟ་བུར་ཁྱབ།། རང་གསལ་རིག་པའི་ངང་ལ་གནས།། སྤྲོས་བྲལ་ཡེ་ཤེས་ཐིག་ལེ་ཆེ།། རྣམ་རྟོག་བྲལ་བའི་རིག་པ་གསལ།། རང་གི་ཅིར་ཡང་མི་རྟོག་པ།། ཡེ་ཤེས ་རཱིརིང་གནས་སེམསུ་གསལ།། ཅིར་ཡང་མི་རྟོག་སེམས་སྨིན།། ཅི་ཡང་མ་ཡོན་དམིགསུ་མེད།། རྣམ་རྟོག་སེམས་ཀྱི་རྒྱུ་བ་བྲལ།། རིག་པའི་ཡེ་ཤེས་འཛིན་པཱ་པྲ་ལ།། རང་སྣང་རོལ་པ་བྱུང་ཆུབ་སེམས།། སྠཱ་མཱའི་ཡེས་བྱེ་བའི་ཀློང་།། རང་གི ་ཡིས་འཛིན་པ་ཡིན།། རང་འབྱུང་སྒྱུ་མར་མངོན་སུམ་གསལ།། ལྷུན་གྲུབ་ཡེ་ཤེས་མ་བཅས་པ།། བདེ་བའི་སྒྱུ་མ་རང་རིག་ཉིད།། ཐང་ཡེ་ཤེས་སེམསུ་འཆའ།། རིག་པའི་ཡིས་དོན་གསོལ་པ། ཐད་ཡེ་ཤེས་ཉིད་དུ་མཐོང་།། ཡེ་ཤེས་མ ་ཡིན་གང་ཡང་མེད།། ཁམས་གསུམ་དངས་མ་ཡེ་ཤེས་ཉིད།། ཡེ་ཤེས་རིག་པའི་ཐབས་ཀྱིས་ཤེས།། འཁྲུལ་པའི་ས་ནས་བརྡ་བཀྲོས་ཏེ།། ཡེ་ཤེས་རྒྱལ་བའི་གྲལ་དུ་བཞག། མཱ་བཅོས་སྐུ་གསུང་ཐུགསུ་གནས།། རང་རིག་སེམས་ཀྱི་འབར་བ ་ཉིད།། ཡེ་ཤེས་སེམས་ཀྱི་ཕུར་པ་ཐབས།། རྣམ་རྟོག་བཞོན་པ་རླུང་དང་བྲལ།། དངོས་གྲུབ་བདེ་བའི་རབ་བྱུང་ཉིད།། ཐར་པའི་ལམ་མཆོག་བྱང་ཆུབ་སེམས།། འབྲས་བུ་མཐར་ཕྱིན་རིག་པ་ཉིད།། རང་བྱུང་སེམས་ཀྱི་ཇི་བཞིན་ལ།། རྣམ་པའི་རིག་པ་ཐབས ་ཀྱིས་གནས།། བཅོས་མེད་དགོངས་པ་བདེ་ཆེན་འདི།། མངོན་སུམ་མཐོང་ལ་དྲོས་བཟུང་མེད།། རང་ཤར་དངོས་པོར་གྲུབ་པ་མེད།། བདེ་ཚུན་རིག་པ་མ་མཐོང་སྟེ།། འདི་དང་བྲལ་ན་རྟོག་པ་ཉིད།། བཀའ་ཡི་དོན་དང་དེ་མི་ལྡན།། དམུས་ལོང་མདུན་དུ ་གཟུགས་སྣང་བཞིན།། འབྲས་བུ་མཐར་ཕྱིན་ཡོད་མ་ཡིན།། ཀུན་བཟང་རྒྱལ་བའི་དོན་དང་འགལ།། རང་གསལ་དགོངས་པའི་ཐུགས་མ་རིག། འཛིན་པའི་ཆ་ལ་གང་གནས་ཀྱང་།། འཁོར་བའི་འབྲས་བུ་ཉིད་དུ་འགྱུར།། རང་འདོད་དོན་གྱི་མཐར་མ ་ཕྱིན།། ཡེ་ཤེས་གསང་བ་བདེ་པའི་ས།། འདོད་པས་མི་འགྲུབ་ཐོབ་པ་མེད།། འདོད་མེད་རང་བཞིན་ཉིད་ལས་བྱུང་།། ཤེས་པ་རང་ལུག་སོ་མ་ཉིད།། ཀུན་བཟང་རྒྱལ་བའི་དགོངས་པའོ།། ཐ་མལ་ཤེས་པ་འདྲི་ཉིད་ལ།། བསམ་པའི་སེམས་མེད་རང ་བཞག་ཡིན།། ངེས་པའི་བཞི་ནི་དོན་ལ་གནས།། ཡིད་ཆེས་བླ་མ་ཉིད་ལ་གུས།། རིན་ཆེན་གདམས་ངག་གཏེར་དུ་འཆང་།། ཡུང་གི་དགོངས་པའི་དོན་གསལ་ཏེ།། རིག་པ་རང་གསལ་གཏན་ལ་ཕེབས།། མི་འགྱུར་རྡོ་རྗེ་སདའ་འཆང་།། སྟོན་པ་རང ་རིག་ཉིད་ཡིན་པས།། དྲང་བའི་དོན་ལ་སེམས་མི་འཇུད།། ཕྱི་རོལ་འདོད་རྩོལ་སེམས་དང་བྲལ།། རྫོགས་པའི་བཀའ་ལ་ཡིད་མི་འགྱུར།། བླ་མ་རིན་ཆེན་སྲོག་ཏུ་འཛིན།། མོས་པ་རང་གི་འདོད་པ་གང་།། རིན་ཆེན་གཏེར་གྱི་ངོ་བོ་འདི།། སྲོག ་དང་བྲལ་བའི་ཁ་བཞིན་བསྡམ།། རང་སེམས་བྱང་ཆུབ་སེམས་འདི་ལ།། ཡེ་ཤེས་མ་རིག་ཐ་དད་མེད།། འཁྲུལ་དང་མ་འཁྲུལ་རིག་པར་གཅིག། ཞེན་རྟོག་བརྟགས་པ་སྣ་ཚོགས་དང་། ཡེ་ཤེས་འོད་གསལ་ངོ་བོ་ཉིད།། འོད་གསལ་རང་འབྱུང་སེམསུ་གཅིག། ་བྱང་ཆུབ་སེམས་ལ་ངོ་བོ་བྲལ།། དོན་ལྡན་ཡེ་ཤེས་ཉིད་དུ་མཐོང་།། བསམ་པས་བརྟགས་པ་སྣ་ཚོགས་པ།། བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་།། རང་རིག་ཡིས་འཇུག་པ་དང་།། རྟོག་པའི་བག་ཆགས་དང་པོ་ནི།། སྒྲིབ་པ་མ་ལུས་བཞིན་གྲུབ་ཅིང་།། བྱང ་ཆུབ་སེམས་ཀྱི་མཚན་ཉིད་ལ།། ཐོག་མ་དང་བྲལ་ཐ་མ་མེད།། ཐོག་མེད་འཁོར་བའི་རང་བཞི་ནི་འདི།། བྱང་ཆུབ་སེམས་ལ་ཡེ་ནས་དག། སེམས་ཉིད་ན་མཁའ་ལྟ་བུ་ལ།། བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས།། ངོ་བོ་མ་ཡིན་རྐྱེན་གྱིས་སྣང་།། མོ་དང ་ལྕགས་ཀྱི་རང་བཞིན་འདྲ།། རང་བཞིན་བྲལ་བ་མ་ཡིན་ཏེ།། དུས་གསུམ་མ་ཡིན་ན་མཁའ་བཞིན།། ཆོས་སྐུ་རང་བཞིན་ཡེ་ནས་དག། ལོང་སྤྱོང་རང་གི་བདེ་བ་ཉིད།། སྤྲུལ་པ་ཆུ་ཟླ་ལྟ་བུར་སྣང་།། དབྱེར་མེད་རིག་པ་གཅིག་གི་དང་།། བླུང་ངོར་གཉིས་བྲལ་མཉ ་པ་ཉིད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལ།། སྙིང་པོ་མཉམ་ཉིད་ཡེ་ཤེས་སངས་རྒྱས།། སྙིང་པོ་དོན་ལ་རྩོལ་བ་མེད།། དོན་གྱི་རང་འབྱུང་གཉི་སུ་མེད།། སེམས་ཀྱི་རང་རིག་རྟོག་པ་ཉིད།། རྣམ་རྟོག་ཡེ་ཤེས་ཉིད་དུ་འབར།། བརྩལ་མེད་འབྲས་བུ་མཐར་ཐུག ་བཀཥྞ་ཡི་བཅུད་འདུས་སྙིང་པོ་འདི།། རྒྱ་མཚོ་བཞིན་དུ་བདུད་རྩི་འདུས།། སྙིང་པོའི་དོན་འདི་གསང་བའི་བཅུད།། གསལ་བའི་སྒྲོན་མ་སྐྱིད་པོ་འདི།། མ་ལུས་འདུས་པའི་འཁོར་ལོ་ཡིན།། སྙིང་པོ་གསུང་གིས་རྟོགས་བྱས་པ།། སེམས་ཉིད་རང་འབྱུང་སྒྲིབ ་པོ་ཉིད།། ཕྱི་ནང་གསང་བའི་དཀྱིལ་འཁོར་འདུས།། འབྱུང་འཇུག་མི་མངའ་སྙིང་པོར་གསལ།། རང་འབྱུང་རྫོགས་པའི་དགོངས་པར་གནས།། ཡེ་ཤེས་སྙིང་པོ་མཁའ་འདྲ་བ།། མཐའ་དབུས་མི་མངའ་བླང་དོར་མེད།། མོ་ལ་ནི་སྙིང་པོ་བདག་མེད་གསལ།། བཀའ ་བཅུད་འདུས་སྙིང་པོ་འདི།། རང་བཞིན་སྙིང་པོ་སྨན་ཆེན་རྟོག།། འཁོར་བའི་ཟུག་རྔུ་འབྱིན་པའི་མཆོག། བྱང་ཆུབ་སེམས་ཀྱི་སྨན་མེད་ན།། རྩོལ་བའི་འཇུག་པ་མཐོང་རིས་རྒྱུ།། སྨན་ཆེན་རང་ལ་གནས་བཞིན་དུ།། མི་རྟོག་གཞན་ནས་རྒོལ་བར་བྱེད།། རྙེད ་བས་རང་སེམས་སྨན་དུ་མཐོང་།། རྟོགས་པས་གཞན་ན་ས་མ་འོངས་ཏེ།། རང་འབྱུང་སྙིང་པོ་ཐོག་མ་མེད།། སྤྲོས་བྲལ་ན་མཁའ་ལྟ་བུར་གནས།། རྒྱལ་བའི་སྐུ་དང་རླུང་བཞིན་ལྡན།། གཟུང་འཛིན་བྲལ་བའི་ངང་ལ་བཞུགས།། བདྲེ་བའི་དོན་ལོ་མ་རྒྱགས ་རོལ།། སྣང་བ་ཡིས་རིག་པར་གནས།། བྱང་ཆུབ་སེམས་ཀྱི་སྨན་ཆེན་འདི།། ཡེ་ཤེས་རྒྱལ་བའི་དགོངས་པ་སྟེ།། དུས་གསུམ་སངས་རྒྱས་ལམ་དུ་བྱེད།། བསམ་གྱིས་མི་ཁྱབ་དགོངས་པ་ནི།། ཤེས་པ་རང་བཞག་སོ་མ་ཉིད།། སྙིང་པོ་དོན་རྟོགས ་བྱ་བ་བྲལ།། རང་གསལ་རིག་པའི་ངང་ལོ་བཞུགས།། བཅོས་མེད་འཛིན་བྲལ་འཕྲོ་འདུ་མེད།། བྱང་ཆུབ་རྒྱུ་བ་སྙིང་པོ་བྲལ།། ཀུན་འབྱུང་རིག་པ་འཕོ་འགྱུར་མེད།། ཐུགས་རྗེ་རང་འབྱུང་ཡིས་ཉིད།། རྩོལ་བྲལ་རང་སྣང་བྱིན་རླབས་འབྱུང་།། ཕྱོག ་རིས་མི་མངའ་ཀུན་ལ་ཁྱབ།། སྙིང་པོ་ཉིད་དུ་ཀུན་སྒྲོལ་མཛད།། བྱམས་པ་ཆོས་ཉིད་དང་དུ་སྐྱབས།། དགའ་བ་རང་བ་རིག་མི་འབྲལ་བ།། དྲང་དོར་གཉིས་མེད་བཏང་སྙོམས་ཆེ།། རང་འབྱུང་སྙིང་པོ་འཁོར་ལོ་ལ།། རྟོག་བྲལ་འཁོར ་བ་རང་བཞིན་དག། ཐུགས་རྗེས་སེམས་ཅན་དོན་མི་མཛད།། དངོས་པོ་མི་མངའ་རང་འབྱུང་སེམས།། འོད་གསོལ་སྙིང་པོ་རྫོགས་པ་འདི།། རིན་ཆེན་གསུང་གིས་བརྟགས་བས་ཤེས།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། རང་གནས་ཡེ་ཤེས་ཉིད ་ལྡན་པ།། བརྟག་པ་གསུམ་གྱིས་ཤེས་པར་འགྱུར།། མིང་དང་སེམས་ལ་ཡང་ཤེས་ཚོལ།། དངོས་པོ་གང་ཡང་རུང་བ་ལ།། བརྟགས་པས་རང་ལོག་ཤེས་པར་འབྱུང་།། ཡིད་བཞིན་རིན་ཆེན་ནོར་བུ་བཞིན།། འགྱུར་བ་མེད་པའི་གནས་ལུགས་དང་།། ། ་ཐུན་མོང་དམ་ཚིག་གསུམ་ལྡན་པའོ།། ལྕེ་མུནྡན་ནང་ཡིག་སྒྲ་ལ་སོགས།། དེ་བཞིན་གནས་སྐབས་གཞན་དུ་ཡང་།། སྙིང་པོ་ཡེ་ཤེས་གཟུང་བར་བྱ།། སྙིང་པོ་གསུང་འདི་དོན་དང་འབྲེལ།། སྐལ་ལྡན་རིན་ཆེན་ལྟ་བུ་ཡིས།། གྲུབ་མཐའ་ངན་ལ་གནས ་དུསུ།། འདི་ཡིས་དོན་ཀུན་རིག་པར་གྱིས།། འདི་ཡིས་རང་སེམས་མ་རིག་ན།། སྒྲ་འམ་ཚད་མ་གང་གིས་ཀྱང་།། རེག་པའི་ཡེ་ཤེས་རྙེད་མི་འགྱུར།། གཞི་ཉིད་རང་འབྱུང་འགྱུར་བ་མེད།། རྟོག་པ་རང་འབྱུང་སེམས་ཀྱི་ལམ།། མ་ཡེངས་བྱང་ཆུབ་སེམས ་སུ་གསལ།། རང་འབྱུང་འབྲས་བུ་མཐར་ཕྱིན་པ།། འགྲོ་དོན་མཛད་ལ་རྟོག་པ་གྲོལ།། འོད་གསལ་དབྱེར་མེད་གཅིག་གི་དང་།། བྱང་ཆུབ་སེམས་ཀྱི་རང་རིག་འདི།། བག་ཆགས་འཁྲུལ་པའི་དབང་གིས་ན།། བརྟགས་པས་སྣ་ཚོགས་མེད་བཞིན་གྲུབ།། ་སེམས་ཀྱི་བག་ཆགས་ཕྱིར་སྣང་ཡང་།། རིག་པ་འོད་གསལ་འགྱུར་བ་མེད།། སྣ་ཚོགས་སྣང་བའི་རང་བཞིན་འདི།། སྙིང་པོ་གསུང་གྲིས་བརྗོད་བྱ་སྟེ།། འཁྲུལ་པ་མ་ཡིན་ལོག་སྣང་བསྡུ།། པ་རིག་བྱང་ཆུབ་སེམསུ་བརྗོད།། རྟོག་པའི་རྩ་བ་བྱང་ཆུབ ་སེམས།། རང་རིག་སེམས་ལ་རྟོག་པར་འཁྲུལ།། ཐོག་མ་མེད་དུས་བག་ཆགས་དང་།། རིན་ཆེན་གདམས་ངག་རྐྱེན་མེད་པས།། རྟོག་མེད་སྙིང་པོ་སེམས་མ་གོམས།། ཐག་པ་སྦྲུལ་མིན་སྣང་བ་བཞིན།། ལུས་ངག་སེམས་དབེན་སྒྱུ་མའི་ལུས།། སྣ་ཚོགས་སྣང་བའི ་རང་བཞིན་འདི།། ཆོས་ཉིད་ཡིན་པ་དབྱེར་མེད་པས།། ཟུང་དུ་འཇུག་པ་གང་དགོངས་པ།། གསལ་བའི་སེམས་དེ་ཉིད་ལ་ནི།། ཆོས་ཉིད་མ་ཡིན་པ་ག་མི་སྣང་།། ཐ~ཾད་སྣང་བའི་ངོ་བོ་འདི།། ཡེ་ཤེས་སྙིང་པོ་ཉིད་དུ་མཐོང་།། ངོ་བོ་ཉིད་ལ་བརྗོད་པ་བྲལ།། རང་བཞིན་ན། ་དག་རིག་པ་ལ།། བརྗོད་མེད་དོན་དུ་མ་བརྗོད་ན།། རིག་པའི་དོན་ལ་འཇལ་བ་མེད།། བརྗོད་པའི་སྒྲ་ལ་སེམས་དྲངས་པས།། མ་བཅོས་རང་འབྱུང་ཆོས་ཉིད་མཐོང་།། རང་རིག་སེམས་ལ་དོན་རྟོགས་ནས།། འཇུག་ཐབས་མི་གཉིས་ཚུལ་གྱིས་གནས།། ཅིག ་ཆར་རྫོགས་པ་བདེ་བ་ཆེ།། ཕྱོགསུ་མ་ལྷུང་གཟུང་བའི་སེམས།། རྫོགས་པའི་ཡེ་ཤེས་སྙིང་པོ་ལ།། རིམ་པའི་ལམ་མེད་མཐར་ཕྱིན་ས།། རང་འབྱུང་རྟོགས་པའི་འཇུག་པ་ལ།། དེ་ཉིད་སྙིང་པ་དེ་ནི་ལྡན་པས།། འདོད་པའི་ཆགས་ལ་ཡིད་མི ་འཇུག། དེ་བཞིན་ཕ་རོལ་ཕྱིན་པ་དྲུག། རང་འབྱུང་རྫོགས་པའི་སེམས་ལ་གནས།། བསམ་བྲལ་མི་རྟོགས་དགོངས་པ་ལ།། དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན།། མི་རྟོག་འཛིན་མེད་ཚུལ་ལ་གནས།། མ་ཡེངས་རིགས་པ་རྒྱུན་མི་འཆད།། དམིགས་མེད ་ཤེས་པ་ཕ་རོལ་ཕྱིན།། སེམས་ཉིད་སྟོང་པའི་དངོས་མེད་ལ།། ཆོས་དང་ཆོས་ཅན་མི་གནས་པ།། དཔར་མེད་བདེན་པ་བཞི་པོ་དོན།། དངོས་པོ་ཡ་ཤེས་འགགས་མ་ཡིན།། དེན་བརྟན་གཉིས་ཀྱི་མཐར་མི་འཛིན།། སྙིང་པོ ་དོན་ལ་འདོད་པ་བྲལ།། ཀུན་བཟང་ཡིས་འོད་གསལ་ལ།། བསམ་བྲལ་ཡེ་ཤེས་ན་མཁའ་འདྲ།། རྫོགས་པ་ཡེ་ཤེས་མ་བཅོས་པ།། མི་འགྱུར་ཆོས་ཉིད་དབྱིངས་ཀྱི་ཐུགས།། མི་འགག་ཡེ་ཤེས་རིག་པའི་གསུང་།། དབྱེར་མེད་ཆོས་སྐུ་བཟུང་འཛིན་བྲལ། ་སྐུ་གསུང་ཐུགས་བྲལ་སྐུ་གསུང་ཐུགས།། ཕྱི་ནང་མི་མངའ་རང་གིསལ་ཉིད།། འབྱུང་འཇུག་མི་མངའ་རང་བཞིན་གནས།། དབང་པོ་ངོ་ལྔ་སྣང་བ་རྣམས།། ཆོས་ཉིད་བྱང་ཆུབ་སེམསུ་མཐོང་།། ཉོན་མོངས་ལྔ་པ་ཡེ་ཤེས་ལམ།། ཐ~ཾད་བྱང་ཆུབ་སེམས ་ཀྱི་གཞོ།། སངས་རྒྱས་ཉིད་ལས་གཞན་མ་ཡིན།། དག་པའི་སེམས་ལ་བཙལ་མེད་དེ།། བཙལ་བའི་ཀུན་རྫོབ་གྲུབ་མ་ཡིན།། དམ་པའི་དོན་ལ་གང་འཇུག་པས།། གསང་བ་རྫོགས་དོན་ཉིད་ལ།། ཆོས་ཉིད་གསང་བ་འདི་དམིགས་ནོ།། ངེས་པའི་གདམ ་དག་ཟབ་མོ་ཡིས།། བཙལ་མེད་རང་བཞག་བཙལ་བ་དང་།། མི་བསྒོམ་རང་ལུགས་བསྒོམ་པ་དང་།། མི་གནས་མུ་ལྔ་འདུག་པ་དང་།། བཞག་མེད་མཉམ་གཞག་རང་འབྱུང་བ་དི།། མི་རྟོག་དོན་ལཱུ་གྱི་ན་བ།། དགེ་མི་དག་ཡི་རྣམ་རྟོག་བྲལ།། བྱུང་། ་སེམས་ཀྱི་མཚན་ཉིད།། རང་འབྱུང་བྱང་ཆུབ་བཙལ་བ་མིན།། བྱང་ཆུབ་འདོད་ལ་བྱང་ཆུབ་སེམས།། ཡང་དག་དོན་གྱི་སྙིང་པོ་འདི།། བཅོལ་བས་རྙེད་པར་མི་འགྱུར་ཏེ།། ཞན་སེམས་ཉིད་ལ་འབྱུང་མི་འགྱུར།། ཉལ་བའི་བསམ་གཏན་འཁོར་ལོ་པོ་།། མ ་ལུས་བྱང་ཆུབ་སེམས་ཀྱི་དང་།། ཆོས་ཉིད་བྱང་ཆུང་མཉམ་གཞག་ན།། དངོས་མེད་བྱང་ཆུབ་རང་འབྱུང་དང་།། འདུས་མ་བྱས་པས་བདེ་བའི་ཀློང་།། སེམས་ཉིད་བསམ་མེད་བརྗོད་ལས་འདས།། ཡེ་ནས་རྣམ་དག་བསམ་དུ་མེད།། རྫོགས་པའི་རྣལ་འབྱོར་རིག། ་བ་ཡིསོ།། དེ་ལ་མ་བཙལ་གནས་ན་བསྒོམ་སོ།། རེག་པ་དབྱིངས་ལ་ཡན་བཞག་ན།། བཙལ་བའི་ནང་བྲལ་བསྒོམ་པ་ཡིན།། དེ་བས་སྙིང་པོ་དྲི་མ་མེད།། རིག་པ་འོད་གསལ་ཉིད་དུ་བསྒོམ།། འོད་གསལ་སེམས་ལ་གནས་གྱུར་ནས།། རྣམ་རྟོག། མཚན་མ་རང་བཞིན། ་ཞི། སྐྱེ་བ་མེད་པའི་ཕྱག་རྒྱ་ཡིས།། རང་སྲུང་ཀུན་བཟང་རོལ་པ་འགྲུབ།། དངོས་མེད་དངོས་ལ་མི་དམིགས་ཤིང་།། དབུ་མའི་སེམས་བྲལ་རྒྱུ་བ་བྲལ།། སེམས་ཀྱི་རྒྱུ་བ་མེད་པས་ན།། ཐད་རང་འབྱུང་སྟོང་པ་ཉིད།། སེམས་ཉིད་རིག་པ་རང་འབྱུང་བ།། འགྱུར་མེད ་སྤྱོད་མེད་གསལ་བསྟོ་ན།། ཡི་གེ་མེད་པའི་སྙིང་པོ་གསུང་།། དམ་པ་བྱང་ཆུབ་སེམས་ལ་གནས།། རྒྱལ་པོའི་དམ་ཚིག་མ་བཅོས་པ།། བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་།། འགྱུར་བ་མེད་པའི་ཕྱག་རྒྱ་ལ།། འགྱུར་བ་མེད་པའི་དོན་གྱིས་འདེབས།། ་མཐའ་དབུས་མེད་པའི་དཀྱིལ་འཁོར་ལ།། ཡེ་ཤེས་འཕྲོ་འདུ་མེད་པར་གསལ།། བསམ་བྲལ་རང་བཞིན་རྒྱལ་བའི་ཐུགས།། བྱང་ཆུབ་སེམས་ལ་འདའ་བ་མེད།། ས་འཛིན་རྣམ་པའི་སེམས་བཞིན་དུ།། གཞན་ནས་རྙེད་པར་མི་འགྱུར་ཏེ།། བརྡྷགྷ་ན ་རང་སེམས་ཉིད་ལ་ཐུགས།། གཞི་ལ་རང་བཞག་གཞན་འདོན་བྲལ།། རང་སེམས་རིག་པ་འགྱུར་བ་མེད།། ཇི་བཞིན་མི་རྟོག་ཆོས་ཀྱི་སྐུ།། བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས།། རང་འབྱུང་འོད་གསལ་ཡི་ནས་དག། ཅིར་ཡང་མི་དགོངས་བསམ་མི ་ཤེས་རབ་སྙིང་རྗེ་ལྡན་པས་འགྲུབ།། སྙིང་པོ་བྱང་ཆུབ་རང་བཞིན་ལ།། བསམ་མེད་རང་བཞག་ཐུགསུ་བདེ།། འཁོར་ལོ་འམ་རིག་པ་བདེ་བ་ཡིས།། རང་གནས་རིག་པ་ཚོལ་བ་ཉིད།། རྣམ་རྟོག་ཡིན་ཏེ་དོན་ལ་མེད།། བློ་ན་རིག་གསུམ་ལས ་དམངས་ཀྱིས་ཡང་།། ཆགས་པའི་འདུ་ཤེས་དྲང་བའི་དོན།། ངེས་པར་སྤྲོས་བྲལ་རང་འབྱུང་སེམས།། ཆགས་པའི་ལམ་གྱིས་ཤེས་མི་འགྱུར།། བླང་དོར་མེད་པའི་བརྟུལ་ཞུགས་ཀྱང་།། ངེས་པར་བརྟགས་ན་བླང་དོར་ཉིད།། རང་རིག་བསམ་བྲལ་བཞག་པ་སྟེ། ་དོན་དངོས་འཛིན་པ་ཞེན་པར་གནས།། རང་འབྱུང་འོད་གསལ་སྙིང་པོ་འདི།། མཚན་མ་མེད་པའི་རང་བཞིན་པས།། ཤེས་རབ་ཐབས་ཀྱི་ཆ་གྲེས་བྲལ།། ཐིག་ལེ་འདོད་རྩོལ་སྤྲོ་བསྡུ་མེད།། རང་རིག་རྩོལ་བྲལ་བདེ་བའི་སེམས།། ཤེས་རབ་ཐབས་ལ་སྙོམས ་འཇུག་པས།། བདེ་བའི་བསམ་པཏན་ཆེན་པོ་ཡིན།། སྒྱུ་མའི་རོལ་མ་ཆགས་པས།། ཆགས་མེད་ཡེ་ཤེས་རྫོགས་པའི་ལམ།། བྱང་ཆུབ་སེམས་ཀྱི་རང་གསལ་འདི།། དངོས་མེད་ཤེས་རབ་ཐབས་ཀྱིས་འགྲུབ།། སླང་གསལ་འཁོར་ལོ་རིག་པ་འདི།། དོ ་མེ་གྲུབ་མེ་ཤེལ་འདྲ།། དངོས་མེད་ཡེ་ཤེས་མཐོང་བ་གྲོལ།། གཟུགས་སོགས་སྣང་བ་བརྟགས་པ་ཡིན།། དངོས་པོ་རང་བཞིན་ཐད་ནི།། ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན།། དེ་ཉིད་སྒྲུབ་པའི་ཐབ་སུ་ནི།། སྙིང་པོ་རིག་པ་ཉིད་ཤར་བས།། མཐའ་ཡི ་མུན་པ་རང་གིས་དག། སྒྲུབ་མེད་རང་འབྱུང་སྒྲུབ་པ་འདིས།། ཁམས་གསུམ་འོད་གིསལ་ཐུགསུ་སྒྲུབ།། རང་སེམས་རིག་པའི་སྤྱོད་པ་བདེ།། ཡེ་ཤེས་སྤྱོད་པ་རང་བཞག་ཉིད།། བསམ་ནས་འདོད་པའི་མཐའ་མི་འགེགས།། ཐུགས་རྗེ་ཚོགས་ཀྱི་བསོད ་ནམས་འདིར།། རང་འབྱུང་རིག་པ་རྟོགས་གྱུར་ནས།། འགྲོ་བ་དྲང་ཕྱིར་རྒྱུན་མི་བཅད།། སྙིང་པོ་སེམས་ཀྱི་དོན་རིག་ན།། ཡེ་ཤེས་མཐར་ཕྱིན་འབྲས་བུར་གནས།། མཚན་ཉི་དང་དཔེ་བྱད་རང་བཞིན་གྲུབ།། སྤྲུལ་པ་རང་འདོད་ཅིར་ཡང་འབྱུང་།། ཆུ ་གསལ་རི་བོང་ཅན་བཞི་ནོ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། མེ་ཤེལ་གཟུགས་ལྟར་འགྲོ་བ་སྒྲོལ།། ཡེ་ཤེས་རང་འབྱུང་དེ་བཞིན་གཤེགས།། ཡན་ལག་མི་མངའ་རྩིས་ལས་འདས།། མཐར་ཕྱིན་དཀའ་བ་རིག་པར་གསལ།། དགོངས་པ ་རང་བཞག་ཡེ་སངས་རྒྱས།། རིག་པ་རང་གསལ་ཆོས་རྣམས་ལ།། གང་ཡང་བསམ་དུ་མེད་པར་གནས།། དེ་ལྟར་བྱང་ཆུབ་སེམས་ཉིད་ལ།། མ་རིག་མེདུ་པས་འཁོར་བ་མེད།། སེན་སྐྱེ་བའི་རྒྱུ་མི་གནས།། རང་འབྱུང་སེམས་ལ་རྟག་པར ་གཞུག། སྲིད་པའི་ཆོས་ལ་རྒྱུ་མེད་པས།། མྱ་ངན་འདས་པའི་ལ་དང་བྲལ།། མ་སྐྱེས་པ་ཡཱི་ཆོས་རྣམས་ལ།། ནམ་ཡང་སྐྱེ་བར་མི་འགྱུར་ཏེ།། སངས་རྒྱུས་སོན་རང་བཞིན་གཅིག། སེམས་ཀྱི་ཡེང་ཤྲཱིས་གསང་བ་འདི།། སྙིང་པོ་དོན་ལས་རྨང་དུ་བྱུ ་རང་འབྱུང་ཆེ་བ་བདག་ཉིད་སྐུ།། རང་རིག་བདེ་བ་རྫོགས་པ་ཆེ།། ཐུགས་རྗེ་སྣང་བ་སྤྲུལ་པའི་སྐུ།། དྲོ་བོ་མ་གྲུབ་གསང་བའི་སེམས།། སྣང་བ་ཡི་ནང་ན་མེདོ།། ཡོད་དང་མེད་པ་བྱང་ཆུབ་སེམས།། སྣང་བ་རང་རིག་ཐ་དད་པ།། དོན་དང་རྟགས་ལ་སོགས་པ་རྣམ?།། ་རྣམ་པ་ཕ་དང་བག་ཆགས་སྣང་།། ཡང་དག་མ་ཡིན་འཁྲུལ་པོའི་སེམས།། བསམ་པའི་དབང་གིས་དེར་འགྱུརརོ།། བདེར་གཤེགས་ཡེ་ཤེས་གསང་བ་དེ།། མ་མཐོང་རྣམ་རྟོག་སྤྲོས་འཆལ་བས།། སྟོང་ཉིད་རིག་པའི་མན་ངག་ཡིན།། དྲན་རྟོག ་རླུང་གི་རྒྱུ་བ་བྲལ།། མཐའ་རུམ་སྐྱེས་བསམ་གཏན་བྱ།། ཆོས་དང་ཆོས་ཉིད་གང་ཡང་མིན།། ན་མཁའ་ལྟ་བུ་བདག་མེད་པ།། ཡེ་ཤེས་སྟོང་པའི་ངོ་བོའོ།། རང་བཞིན་སྟོང་པ་མཚན་མ་མྨེ། རྣམ་ཐར་གསུམ་ལྡན་བདེ་བ་ཆེ།། ཆགས་མེད ་ཞི་ཡི་ལམ་ནས་འཇུག། མཚན་མེད་དང་ལ་གནས་པ་ནི།། རང་འབྱུང་འབྲས་བུ་ངང་གིས་འཆར།། སྟོན་ནུ་མཁའ་མཐའ་དང་མཉམ།། རང་གི་ཡེ་ཤེས་སྣང་བ་ལ།། འབར་བའི་དཀྱིལ་འཁོར་རང་བཞིན་གུསེལ།། རྒྱུན་གྱི་འཁོར་ལོ་སྐུ་ཡི་དང་།། ཆགས་བྲལ ་དྲདྲདག་པ་རིག་པའི་རྒྱན།། རང་རིག་གསལ་བ་ཏིང་འཛིན་ཉིད།། མི་ཟད་འཁོར་ལོས་བསམ་དུ་མེད།། སྒྲོ་བྲལ་སྟོང་ཉིད་ཞི་གནས་ལ།། འདུ་ཤེས་འཇུག་མེད་མཉམ་གཞག་ལ།། མཚན་མེད་ཞི་གནས་ལྷག་མཐོང་འབྲེལ།། མོས་འཇུག་ལམ་ལ་གང་གནས་ནས།། ་མི་རྟོག་གསལ་བའི་དོན་གྱིས་གྲོ།། བསམ་དང་བྲལ་བའི་ཡེ་ཤེས་ནི།། སྙིང་པོ་དོན་ལ་རྟོག་པས་འཇུག། ཐབས་བྲལ་རིག་པ་རྩོལ་བས་ཚོལ།། ར་ག་ན་གསེར་འདོད་དེ་བཞི་ནོ།། འདོད་པའི་སེམས་དང་མ་བྲལ་ན།། སྙིང་པོ་དོན་ལ་བདག་འཛིན་བྱེད།། བདེ ་བའི་སེམས་ལ་རེ་བ་ན།། རྟོག་པའི་རྗེས་འཇུག་ཞི་གནས་ཡིན།། རང་ལུས་སེམསུ་མ་རྟོགས་པར།། འདྲ་འབགུ་ལྷ་ཡི་རྣམ་པ་གཟུང་།། ལུས་ཀྱི་དབེན་པས་ཆོས་ཉིད་ཚོལ།། རང་ལུས་སེམསུ་ཤེས་པས་ན།། གང་ན་གནས་ཀྱང་སེམས་ཉིད་དབེན།། སྣང་སྲིད ་སེམསུ་ཤེས་པས་ན།། དབང་པོ་ཡན་ལག་ཡེ་ཤེས་གསལ།། སྙིང་པོ་དོན་གྱི་རང་བཞིན་ལ།། ཅི་ཡང་མི་བསྒོམ་གང་ཡང་མིནི།། ཁྱུ་མཆོག་སེམས་ལྟར་མ་བཅོས་པ།། རང་བཞག་གི་འི་འཁོར་ལོ་ཉིད།། དུས་གསུམ་དུ་ཡང་བཏང་བཞག་མེད།། ག ་ཡང་མི་འཛིན་དགག་པ་མེད།། སྙིང་པོ་དོན་གྱི་རང་བཞིན་ལ།། སྐྱོན་དང་སྟོན་གཉིས་མེད་པས།། རྫོགས་པ་ལྟ་བ་བླང་དོན་མེད།། འཇུག་མེད་ཏིང་འཛིན་མ་ཡེངས་པ།། འོད་གསལ་རྒྱལ་བའི་སེམས་ཉིད་ཡིན།། རང་འབྱུང་ཐུགས་ཀྱིས་མ་བཅོས ་པ།། རྣམ་དག་རྒྱལ་བའི་སྐུ་གསུང་ཐུགས།། བཙལ་མེད་སྙིང་པོ་དོནྡ་ལས་འབྱུང་།། བྱང་ཆུབ་སེམས་ཀྱི་དོན་ཉིད་ལ།། ངེས་པའི་ཐིག་ཅིག་སྙིང་པོའི་དོན།། ཕྱག་རྒྱ་རིམུ་བཞི་སྦྱོར་བ་དྲུག། བསམ་པའི་ཐེག་བུ་སྣ་ཚོགས་བཱ།། དྲད་པ་ཉིད་འགྱུར། ་ངེས་པ་མིན།། ངོ་བོ་ཉིད་ལ་མཐོ་དམན་མེད།། མོས་འཇུག་བསམ་པའི་རྟོག་པར་ཟད།། སེམས་ཉིད་ཉག་གཅིག་ཕྱོགས་བྲལ་བ།། དུ་མའི་འབྲས་མེད་ལམ་དུ་མིན།། མོཾ་བཅོས་རྣལ་འབྱོར་རྫོགས་པའི་ལམ།། མི་གནས་རང་བཞིན་སེམ་སུ་གཅིག ་མ་བགྲོད་ན་ཐར་ཕྱིན་པ་བྲས་བུ་འམ།། རྒྱུ་རྐྱེན་བྲལ་བ་སྐྱེ་འཇིག་མེད།། གདོད་ནས་རང་འབྱུང་སྙིང་པོར་གསལ།། རིསཽ་དྲུག་ཇི་ལྟར་སྣང་བ་དང་།། མྱ་ངན་འདས་པའི་རང་བཞིན་ལ།། དབྱེར་མེད་རང་འབྱུང་སེམསུ་གཅིག། རིལ་དྲུག་སེམས་ཀྱི་རྟོག་པ་དང་།། ། ་ཡེ་ཤེས་རང་གསོལ་རིག་པ་ཉིད།། ཁྱད་པར་མེད་དེ་སྙིང་པོར་གཅིག། ཁམས་གསུམ་འཁོར་བ་སྣང་བ་དང་།། མྱ་ངན་འདས་པའི་ཡེ་ཤེས་ཉིད།། རྟོགས་མ་རྟོགས་ཀྱིས་གཉིསུ་བྱུང་།། རྟོགས་པས། རང་སེམས་ཉིད་ལ་ཐུག། གཞན་འདོད་རེ་བོ་རྩོལ་བ ་བྲལ།། རང་སེམས་རྣམ་དག་ཡཾ་སངས་རྒྱས།། ཀུན་བཟང་རྒྱལ་བའི་སེམས་ཉིད་བདེ།། མཐའ་ཡས་འགྲོ་བ་ཐཾད་ལ།། རྒྱལ་བའི་ཡེ་ཤེས་རང་ཆས་ལྡན།། བསམ་བྲལ་རང་ལུགས་ཅིར་མི་དགོངས།། ཡེ་ཤེས་ན་མཁའི་མཁའ་དང་མཉམ།། ཡིད ་ལ་མི་བྱེད་བྱ་བ་བཏང་།། འཁོར་བ་མྱ་ངན་འདས་པ་ཡི།། རྣམ་པ་པྲ་རགས་ཅིར་སྣང་ཡང་།། རང་བཞག་བསམ་བྲལ་ཉིད་དུ་བདེ།། ཆུ་ཡི་སྣང་བ་དེ་བཞིན་དུ།། ཕྲ་རགས་རྣམ་རྟོག་ས་ཤེས་ཉིད།། རང་རིག་གཉུག་མཱ་པདྨ་ཝཱར།། ་འཁོར་བར་གནས་ཀྱང་གདོད་ནས་དག། མཚན་མའི་རྣམ་པ་ཅི་འབྱུང་ཡང་།། ཆུ་ཤིང་ལྟ་བུར་སྙིང་པོ་མེད།། མ་རིག་འཐིབས་པའི་འཁོར་བ་ན།། རིག་པ་མར་མེ་ལྟ་བུར་གསལ།། རྣམ་པར་རྟོག་པ་ཅིར་འགྱུར་ཡང་།། རང་རིག་གཉུགྲོ་མའི་རྒྱུན་མི ་བཅད།། ནམཱ་ལས་སེམས་དང་ཞུ་བ་ཁ་བཞིན།། ཡེ་ཤེས་དོན་གསལ་དེ་བཞི་ནོ།། མ་བསྒྲུབས་རང་གསལ་དང་གིས་འབྱུང་།། སྐལ་ལྡན་མ་བཅོས་རྣལ་འབྱོར་པས།། སེམས་ཉིད་སྟེང་ཁ་ལྟར་གནས་ནི།། ལུས་དག་རྩོལ་བ་ངང་གིས་ཞི།། བདེ་བའི ་ཡེ་ཤེས་མི་རྟོག་པ།། ཤེསསཱ་རབ་གསལ་བཱའི་སྙིང་པོར་ཕྱིན་རང་འབྱུང་མི་རྟོག་པ།། དྲི་མེང་རྒྱལ་བའི་ཡེ་ཤེས་གསྔལ།། རང་གནས་འགྲོ་བ་ཡོངསུ་ལོ་ཁྱབ།། ནུ་མཁའུ་ལྟ་བུར་དབྱེར་མེད་པ།། འགྲོ་བའི་སེམས་ལས་གཞན་ལ་མེད།། རྟོག ་མེད་དང་ལ་རང་ཤར་བའི།། རིག་པ་བདེ་བའི་མཚན་ཉིད་ཅན།། འཛིན་པ་དག་བྱེད་ཡེ་ཤེས་ནི།། མ་བཅོས་རང་གིས་རང་རིག་གསལ།། ཡེ་ཤེས་ཐིག་ལེའི་དོན་འདི་ནི།། ཤེས་རབ་གསལ་བས་བདག་ལ་བསྟན།། བདྲེ་བའི་རང་རིག་རྟོག ་པ་བྲལ།། རང་གནས་ཡེ་ཤེས་འོད་གསལ་སེམས།། མཐོང་བས་ཐེ་ཚོམ་རྒྱུ་བོ་བྲལ།། ཡེ་ཤེས་དང་གནས་སྒྲིབ་པ་མེད།། ཐམས་ཅད་ཡེ་ཤེས་གསལ་མཐོང་བས།། སྙིང་པོ་དོན་ལ་གོས་ས་མེད།། རྣམ་དག་རིག་པའི་འཁོར་ལོ་འདི།། ་རྩོལ་བྲལ་རང་འབྱུང་ཡེ་ཤེས་ཡིན།། རང་འབྱུང་ཡེ་ཤེས་ཀུན་གྱི་བདག། ལུས་དང་བྲལ་བས་ཡན་ལག་མེད།། སྒྲོ་སྐུར་བྲལ་པའི་དངོས་གཞི་ཅན།། སྙིང་པོ་ཀུན་བྲལ་ཀུན་གྱི་བདག། མ་བཅོས་རིག་པའི་ཏིང་འཛིན་གསལ།། བྱ་བ་མེད་བཞིན་དོན ་ཀུན་རྫོགས།། རང་འབྱུང་གཉུག་མ་ཀུན་གྱི་གཞི།། བགྲོད་མེད་རྣལ་འབྱོར་ལྡན་གྲུབ་ལམ།། ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད།། ཐིག་ལེ་དབྱེར་མེད་གཅིག་གླི་ད་།། སེམས་ཉིད་བྱ་བྲལ་རྫོགས་པའི་གཏེར།། བདྲེ་བའི་ཡེ་ཤེས་མི་རྟོག་ཐུགས།། སྐལ ་ལྡན་དང་པོ་ཉིད་ནས་རྫོགས།། འགྲོ་དྲུག་འཁོར་བའི་རྟོག་པ་དང་།། རྒྱལ་བའི་ཡེ་ཤེས་མྱ་ངན་འདས།། བདེ་ཆེན་རིག་པ་གཅིག་གི་ངང་།། རང་འབྱུང་ཇི་བཞིན་མ་བཅོས་པོ།། ལྷུན་རྫོགས་སྤྲོས་པ་མེད་པའི་ངང་།། བསམ་དུ་མེད་པའི་ཡེ་ཤེས ་འདི།། རྣམ་པར་རྟོག་པའི་རྒྱུ་བ་བྲལ།། དུས་གསུམ་མི་མངའ་རྒྱུན་མི་འཆད།། སེམས་ཉིད་གྲུབ་པའི་ལམ་མཆོག་འདི།། དབྱེར་མེད་ཀུན་ལ་ལྡན་བཞིན་དུ།། སྣང་བའི་ལམ་མེད་འཁོར་བར་འཁྱམ།། སྡུག་བསྔལ་རྩོལ་བའི་ནད་ཀྱིས་གདུངས།། ་དེས་ན་སྙིང་པོ་སྒྲོན་མ་རདི།། ཕྱི་རབས་རྣལ་འབྱོར་རྣམས་དོན་དུ།། བླ་མ་འཕགས་པའི་བྱིན་རླབས་དང་།། མོས་པའི་མཐུ་ལྡན་བདག་གིས་རྟགས།། སྙིང་རྗེས་ཀུན་བསླང་ཡོངས་ལ་བསྔོ།། སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས།། ཡང་དག་པའི་ས་ལ ་གནས་པ། སློབ་དཔོན་ན་རོ་བོས་མཛད་པ་རྫོག་སོ།། །། རྒྱ་གར་གྱི་པཎྜི་ཏ་བཛྲ་གུན་བྷ་དྲེ་དང་ལོ་ཙ་བ་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་རོ།། ། རྒྱ་གར་སྐད་དུ། མ་ཧཱ་སུ་ཁ་ཨ་མྲྀ་ཏ་པྲ་བྷ་ན་མ། བོད་སྐད་དུ། བདེ ་