CLOSE WINDOW

GT476: rim pa lnga pa zhes bya ba
Wyliee-texts produced with BDRC’s OCR application

མོ་དེ་ལ་བདག་ཕྱག་འཚལ།། དབང་གི་རིམ་པ་མདོར་བསྡུས་པ། སློབ་དཔོན་ཆེན་པོ་དཔལ་ཤེས་རབ་གསང་བས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། པཉྩ་ཀྲ་མ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པ་ཐེ ་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལོ།། རྣལ་འབྱོར་པས་ཐོག་མར་བསྐྱེད་པའི་རིམ་པ་རྫོགས་ནས། རིམ་པ་ལྔ་པའི་དོན་ལ་འཇུག་པར་བྱ་དགོས་ཏེ། དེ་ཡང་དང་པོར་ལུས་ལ་རང་བཞིན་གྱི་གནས་པའི་རྩ་དང་། འཁོར་ལོ་ལ ་སོགས་པའི་མཚན་ཉིད་ཇི་ལྟར་ཡིན་པ་ཤེས་པར་བྱའོ།། དེ་ནི་རྒྱུད་ཀྱི་རིམ་པའོ།། དེའི་འོག་ཏུ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་གཏུམ་མོ་སྦར་ལ་བསྲེག་པར་བྱའོ།། དེ་ལྟར་བསྲེགས་པས ་འདར་བ་ལ་སོགས་པའི་རྟགས་བརྒྱད་འབྱུང་སྟེ།། དེ་ཡང་ཕྱི་ནང་གི་དངོས་པོ་ལ་བལྟས་ཀྱང་འདར་བ་ལ་སོགས་པའི་རྟགས་བརྒྱད་བྱུང་ན། གཏུམ་མོ་འཕྲོ་བཅང་ལ་སེམས་ཀྱིས་མནན་པར་བྱའོ།། དེ་ནི་སྔགས་ཀྱི་རིམ་པའོ།། ། ་དེ་ལྟར་མནན་པས་ལུས་ཀྱི་བདེ་བ་རྒྱས་པར་འགྱུར་ཏེ། དེ་ལྟར་བདེ་བ་ལ་ཡང་ནས་ཡང་དུ་བསྒོམས་པས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་དུ་བདེ་བ་སྐྱེ་བར་འགྱུར་རོ།། དེ་ལྟར་སྐྱེས་པའི་ཚེ་ཕྱིའི་རྩཝ་ཤིང་ལ་སོགས་པ ་ལ་དམིགས་ཀྱང་ནང་གི་བདེ་བ་སྐྱེ་སྐྱེའི་བར་དུ་དེ་བསྒོམ་པར་བྱའོ།། དེ་ནི་ཡེ་ཤེས་ཀྱི་རིམ་པའོ།། དེ་ལྟར་གང་ལྟར་དམིགས་ཀྱང་བདེ་བ་སྐྱེ་བའི་ཚེ་བདེ་བ་དེ་ཉིད་ཀྱང་སྐད་ཅིག་མ་སྔ་མ་ལ་ནི་འགགས། གྱི ་མ་ནི་མ་འོངས། ད་ལྟར་ནི་སྐད་ཅིག་མ་གཉིས་པར་མི་སྡོད་ཅིང་མི་གནས་པས་བདེ་བ་ལ་རང་བཞིན་མེད་དེ། བདེ་བ་མི་དམིགས་པར་བསྒོམ་པར་བྱའོ།། དེ་ནི་གསང་བའི་རིམ་པའོ།། དེ ་ལྟར་མི་དམིགས་པར་བསྒོམས་པས་རཏྣ་གཱི་ལུས་མི་དམིགས་པར་འགྱུར་ཏེ། དེ་ལ་ཕྱི་ནང་གི་དངོས་པོ་ལ་བལྟས་ཀྱང་ལུས་མི་དམིགས་ན་ཕྱི་ནང་གི་ཆོས་ཐམས་ཅད་བདེ་བ་ཆེན་པོ་དང་།། ཐ་མི་དད ་པར་གཅིག་ཏུ་ཤེས་པར་བྱ་སྟེ། དེ་མི་དམིགས་པར་བསྒོམ་པར་བྱའོ།། དེ་ལྟར་ཡོང་ནས་ཡང་དུ་བསྒོམས་པས་ཕྱི་ནང་གི་ཆོས་ཐམས་ཅད་དང་བདེ་བ་ཆེན་པོ་ཐ་མི་དད་པར་མངོན་སུམ་དུ་ཤེས ་པར་འགྱུར་རོ།། དེ་ནི་གཉིས་སུ་མེད་པའི་རིམ་པའོ།། དེ་ལྟར་རིམ་པ་ལྔ་ལ་འཇུག་ཅིང་སློབ་པའི་ཚེ་དབང་པོ་མི་དགག་ཅིང་ཡིན་པར་བཏང་། དབང་པོའི་སྤྱོད་ཡུལ ་ཐམས་ཅད་བདེ་བ་དང་གཅིག་ཏུ་ཤེས་པར་བྱས་ལ། མི་དམིགས་པར་བྱའོ།། འགྲོ་ཉལ་འདུག་སྡོང་སྤྱོད་ལམ་ཐམས་ཅད་དུ་འགྱིང་བག་དང་ལྡན་པར་བྱས་ལ། བདེ་བ་ཆེན་པོ་དང་མོ་འབྲལ ་བར་བྱའོ།། ཁ་ཟས་ལ་སོགས་པའི་བཏུངང་བའི་བྱེ་བྲག་ཐམས་ཅད་བདེ་བ་ཆེན་པོ་དང་གཅིག་ཏུ་ཤེས་པར་བྱས་ལ་བཟའོ།། བགོ་བའི་བྱེ་བྲག་ཐམས་ཅད་བདེ་བ་ཆེན་པོ་དང་ཐ་མི་དད་པར་ཤེས་པར་བྱས ་ལྔ་བགོའོ།། དེ་ལྟར་བྱས་ནས་བསྒོམ་པའི་ཚེ་ལུས་མོ་འགུལ་ཞིང་བརྟན་པར་གྱུར་ན་སེམས་ཟིན་པའི་རྟགསོ་ཡིན་ཏེ་བཟང་། ལུས་འཁོར་ཞིང་གཡོ་ན་རླུང་ཟིན་པའི་རྟགས་ཡིན་ཏེ་བཟང་། ་སེམས་དྲན་པ་མེངྒ་དི་མྱོས་པར་གྱུར་ན། བང་བའི་རོས་མྱོས་པ་ཡིན་ཏེ་བཟང་། རང་དབང་མེད་པར་རྒོད་ཅིང་དབྱངས་དང་གྲཝར་ལ་སོགས་པ་འབྱུང་ན་བདེ་བ་ཆེན་པོ ་རྒྱས་པའི་རྟགས་ཡན་ཏེ་བཟང་། ལུས་སྦྲིད་ཅིང་བར་བར་བྱེད་ན་བང་བ་ཕན་ཚུན་བསྐྱོད་པའི་རྟགས་ཡིན་ཏེ་བཟང་། འོད་ཟེར་ལྔ་ཁ་དོག་ལ་སོགས་པ་མངོན་སུམ་དུ་མཐོང་ན་ཡ ་ཤེས་ལྔ་སྐྱེ་བའི་རྟགས་ཡིན་ཏེ་བཟང་། བུད་མེད་ཀྱི་གཟུགས་སུ་བྱས་ནས་དབྱངས་དང་གར་ལ་སོགས་པ་མདུན་དུ་བྱེད་ཅིང་མཐོང་ན་མཁ་འགྲོ་མ་འདུ་བའི་རྟགས་ཡིན་ཏེ་བཟང་། ཁྱི་དང་ཕག ་ལ་སོགས་པ་བྱུང་ན་དམ་ཚིག་ཉམས་པ་ཡིན་ཏེ་ངན་གནོད་སྦྱིན་སྲིན་པོ་ལ་སོགས་པའི་གཟུགས་སུ་བྱུང་ན་སཾ་མ་དྷི་ཐང་ལྷོད་ཤོར་བ་ཡིན་ཏེ་ངན། རྟགས་དང་མཚན་མུ་ཙི་བྱུང་ཡང་བཟང ་བ་ལ་དགའ་བར་མི་བྱ་ཞིང་མི་དམིགས་པར་བྱ། ངན་པ་ལ་མི་དགོའ་བ་མི་དམིགས་པར་བྱ། མདོར་ན་གསང་ཐུབ་པར་བྱ་ཞིང་བྱུང་ཚོར་ཅི་བྱུང་བ་ཐམས་ཅད་བདེ་བའི་ན་པོར་ཤེས་པར་བྱས ་ལ། དེ་མི་དམིགས་པར་བྱའོ།། རྣལ་འབྱོར་པའི་འཇུག་པའི་རིམ་པ་ལྔ་པོའི་དོན་རྟགས་དོང་མཚན་མ་དང་བཅས་པ་ལས་འཕྲོ་དང་སྐལ་བར་ལྡན་པ་དག་གོས་རྙེད་པ་འདིས་གཞན་ཡང་དེ་ལྟར ་ཤོག་ཅིག་རྣལ་འབར་གྱི་དབང་ཕྱུག་ཆེན་པོ་དཔོལ་ཤེས་རང་གསང་བའི་འལ་སྔ་ནས་མཛད་པ་རྫོགས་སོ།། ་