| Wylie | e-texts produced with BDRC’s OCR application |
གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། རཏྣ་མཱ་ལོ་པ་དྭེ་ཤྭ། བོད་སྐད་དུ། དབང་རིན་ཆེན་ཕྲེང་བའི་མན་ངག། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚ་ལོ།། བདེ་བ་ཆེན་པོ་འཁོར་ལོའི་བར།། ལངས་ན ་སྤྲུལ་པའི་འཁོར་ལོ་གཟིགས།། ཟླ་བ་ཉི་མའི་ལམ་དེ་ཡཱི།། ཨ་བ་འདུད་ལ་བདག་ཕྱག་འཚུལ།། རིན་ཆེན་རྡོ་རྗེ་ཞབས་བཀའ་དྲིན།། ཐམས་ཅད་བདག་རྩའི་འཁོར་ལོ་མཁྱེན།། དེ་དབུས་རྩ་གསུམ་དེ་ཁོ་ན།། ཤེས་རབ་དཔལ་བདག ་གསལ་བར་བགྱིད།། བདེ་ཚན་འཁོར་ལྷོ་རྩུ་བ་ལ།། རྩ་ཡི་འདུག་ས་རག་ཏུ་གནས།། ལུས་ཀྱི་རྟེན་དེ་རྩ་ཡི་ནོ།། དཔེར་ན་ཁང་རྟན་ཀ་བ་བཱདྲ།། ཁདྨ་པ་ཞེས་བྱ་འཁོར་ལོར་གསུངས།། འཁོར་ལོའི་ཁྱུང་པོ་ཀ་མེད་ནཱ།། གཞན་དགུ་འདུག་པའི ་གནས་མེད།། བདེ་ཆེན་ཁང་པ་གནས་ཡོ་མོ།། དགའ་བ་ལ་སོགས་སོ་སོར་གསུངས།། དགའ་དང་རབ་ཏུ་དགའ་བ་ཡིས།། སྐད་ཅིག་དེ་ཡི་སྐད་ཅིག་དང་།། ཐང་ཅིག་དང་ནི་ཡུན་ཙྪ་མོ།། དེ་ལྟ་བུ་ཡཱི་དབང་བཞིའི་དུན།། ཡེ་ཤེས་རྒྱ་མཚོཥྚི་ཎྱད ་ས་སྐྱེས་ས། ང་པོ་ན་པ་གསུངས། 9་མྦྷ་ཥྚ་། ད་ནྀ་ཟླས་། མྦྷ་ལ་གས་ས་ན་། དས་ག ་ནྡོ་། ཨོཾ་རྗེག་མ་པ་ཡོན།། གཅིག་ཐུ་ནི་གསུམ་ཛུ་འགྱུར།། གནན་གྱིས་རྣཾ་ལ་མན་ཆང་ཀྱོག། ཨོཾ་རྩེ་བ་དུ་ནིག་མཆིས།། སྟོང་ཕྲག་བདུན་སུ་རྩ་གཉིས་ཏེ།། སྤྲུལ་པའི་ཚེ་ཆེ་ལ་རྟག ་གསུངས།། སངས་རྒྱས་རིན་པོ་ཆེ་ཡི་སྣོད།། གཡས་གཡོན་ལ་ལ་རཱ་ས་ནཱའོ།། ཨ་པ་དྷཱུ་ཏཱི་དབུས་ན་བཞུགས།། གཟུང་དང་འཛིན་པ་རྣམ་པར་སྤངས།། རང་བྱུང་གླ་རྩི་གཡས་གཡོནྡ་རྒྱུ།། དབུས་ཀྱི་ཨ་བ་དྷཱུ་ཏཱི་ལ།། གྲཝ་པུར་རྣམ ་པར་རྒྱུ་བ་ཡིན།། ཨ་བ་དྷཱུ་ཏཱི་ཇི་ལྟར་གསུངས།། སྣང་སྲིད་འབྱུང་བའི་རང་བཞིན་ཅན།། ཐམས་ཅད་མྱེད་པར་བྱེང་བའོ།། དེ་ནཱི་ཨ་བ་དྷཱུ་ཏཱི་ཡིན།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། ཀུན་གྱི་གཙོ་མོར་གསུངས་པའི།། དེ་ཡི་རང་བཞིན ་མི་རྟོགས་ཏེ།། བླ་མའི་མཚན་ངག་མེད་གྱུར་ན།། དེ་ནི་རྟོགས་པ་མ་ཡིནོ།། ཐོག་པ་དབང་གསུམ་མ་ཐོ་བ་ན།། སློབ་དཔོན་གཅིག་ཀྱང་སེམ་སྟོན།། དེ་བས་དང་པོ་དབང་ནི་དེན།། རྡོ་རྗེ་སློབ་དཔོན་ལྔ་ཞུས་པ།། རྒྱུད་ནི་ཐམས་ཅད་ལས་གསུང ་དབང་གི་རིམ་པ་རྣམ་བཞི་སྟེ།། འབྲས་བུའི་གཟུགས་ནི་གསུམ་དུ་གསུངས།། བཞི་པའི་དབང་ནི་ལོགས་ན་མང་།། གསུམ་ལས་མེད་པ་གསུམ་པ་རང་།། དེ་ཡི་མན་ངག་ཐམས་ཅད་བདེ།། དེ་སྐད་དཔལ་རིན་རྡོ་རྗེ་ཡི།། བསྒོམ་པའི ་རིམ་པའི་ནང་ནས་གསུངས།། དྲང་པོ་བུམ་པའི་དབང་དང་གཅིག། གཉིས་པ་གསང་བའི་དབང་དུ་གསུངས།། གསུམ་པ་ཤེས་རབ་ཡེ་ཤེས་དང་།། དེ་ལྟར་བཞི་པ་བྱ་བ་གླང་།། ཤེས་རབ་ཡེ་ཤེས་དབང་གི་དྷོ་ན།། ཤེས་རབ་གང ་ལགས་ཡེ་ཤེས་གང་།། དེ་ཡི་དེ་ཁོ་ངོ་བོ་མཁྱེན།། ཤེས་རབ་བྱ་བ་མྱ་ངན་འདས།། ཡེ་ཤེས་བྱ་བ་འཁོར་བར་གསུངས།། དེ་ཀུན་དེ་དབུས་རང་བཞི་ནོ།། དེ་ལྷོར་མིན་ན་སྐྱོན་དུ་འགྱུར།། རྡོ་རྗེ་སེམས་དཔའི་བཀའ་ལུང་བརྫུན།། ་བཀའ་ལུང་བརྫུན་པ་མ་ཡིན་ཏེ།། གཏི་མུག་ཆེ་བར་གྱུར་པ་སོ།། ལྷས་བྱིན་མངའ་ཕྲང་བུ་ཡི་དབང་།། འབྲས་བུ་སྐད་ཅིག་དགའ་བ་བསྐྱེད།། གཉིས་པ་གསང་བའི་རྡོ་རྗེ་ཕྲང།། འབྲས་བུ་རབ་དགའ ་གསང་བའི་དབང་།། གསུམ་པ་གཉིས་མེང་འདོད་ཆགས་མེས།། བཞུ་སྟེ་བྱང་ཆུབ་སེམས་བྱུང་མྱོང་།། དེ་ནི་ཤེས་རབ་ཡེ་ཤེས་དང་།། དགའ་བ་མེད་པའི་འབྲས་བུ་བསྐྱེད།། དེ་ཡི་འགོག་པ་བཞི་པ་ནི།། རང་བཞིན་ཡེ་ཤེས ་མཚན་ཉྞི་དོ།། ཐམསུ་ནཱད་མཁྱེན་པ་ཐམས་ཅད་ཡོད།། ཐམས་ཅད་རང་བཞིན་ཐམས་ཅད་མེད།། དེ་ཉིད་གཅིག་པུ་སྟོང་ཆེན་པོ།། དངོས་པོ་དང་ནི་དངོས་པོ་མེད།། གཉིས་ཀ་མེད་པར་བྱེད་པའོ།། དེ་ནི་བཞི་པོའི་མན་ངག་དོན།། ཆེན ་པོ་རིན་ཆེན་རྒྱ་མཚོའི་རྒྱུད།། རྡོ་རྗེ་སེམས་དྲབས་དེ་སྐད་གསུངས།། དེ་ཡི་དོན་ལ་མཁས་པ་འཁྲུལ།། རང་རྟགས་གཏི་མུག་ཆེས་པས་ལྷུང་།། དེ་སྐད་མཱན་ངག་བདག་གི་ལྷ།། དེ་ནས་བདག་གིས་མན་ངག་ལ།། བཞི་པའི ་དོན་ལ་དེ་ལྟར་རྟོགས།། ཤེས་རབ་ཡེ་ཤེས་ཟིན་ནསུ།། བྱང་ཆུབ་སེམས་མྱོང་བཞི་པ་ཡིན།། ཤེས་རབ་ཡེ་ཤེས་ཟིན་ན་སུ།། སློབ་དཔོན་སློབ་མ་སྐད་ཅིག་གཟུགས།། རྡོ་རྗེ་ཉི་མ་ནུབ་ནས་སུ།། དེ་ལས་ཡེ་ཤེས་གསལ ་བར་བསྐྱེད།། དེ་ཡི་དོན་ཤེས་བཞི་པ་ཡིན།། སློབ་དཔོན་གཞན་གྱི་གཞུང་ལུག་སོ།། སློབ་དཔོན་གཞན་དག་འདི་སྐད་གསུངས།། ཤེས་རབ་ཡེ་ཤེས་ཟིན་ན་སུ།། ནོར་བུའི་བུ་གར་བྱང་ཆུབ་སེམས།། སྐར་ཞུང་རེག་པ་བཞི་པ ་ཡིན། མངའ་ཁུང་ནས་ནི་མངའ་བྱུང་བཞིན།། བབ་ནས་མི་རེག་ཕྱིར་བྱུང་སྟེ།། མི་རྟོག་པ་ནི་བཞི་པ་ཡིན།། གཞན་དག་གཞུང་གིས་དེ་སྐད་གསུངས།། ཤེས་རབ་ཡེ་ཤེས་ཟིན་ནས།། དང་པོ་སེམས་ནི་ན་མཁའི་དབྱིངས།། ་བབས་ནས་མི་རྟོག་བཞི་པ་ཡིན།། མཁས་པ་གཞན་དག་དེ་སྐད་གསུངས།། ན་མཁའི་དབྱིངས་ཀྱི་དབུས་དག་ཏུ།། ཐམས་ཅད་བྱང་ཆུབ་སེམས་བཅས་པ།། ཐམས་ཅད་ཆོས་ལ་བཏང་སྙོམ་སོ།། གཞན་ནི་བཞི་པ་དེ་སྐད་གསུང་།། ་དེ་རྣམས་གཞུང་དག་ཕྱིར་བོར་ཏེ།། དེ་ནི་རིག་པ་མ་ཡིན་ནོ།། ཤེས་རབ་གང་ལགས་ཡེ་ཤེས་གང་།། དེ་ཡི་ངོ་བོ་འབྲས་བུ་གང་།། དེ་ལྟར་དོན་ཀུན་མི་ཤེས་ན།། གཞུང་རྣམས་གྲུབ་པར་མི་འགྱུརརོ།། ཤེས་རབ་ཡེ་ཤེས ་ཟིན་ནས་སུ།། སློབ་དཔོན་སློབ་ལ་ཇི་སྐད་གསུང་།། མ་ཟིན་ན་ཡ་ཇི་སྐད་གསུང་།། ཡེ་ཤེས་རང་བཞིན་ངོ་བོ་ཡིན།། རང་བཞིན་ཕྱིར་གྱི་དགའ་མ་ཡ་ནི།། ཕྱིར་དགའ་མ་ཡིན་རང་མི་ཤེས།། དེ་ཕྱིར་བླ་མའི ་མན་ངག་དགོས།། ཟིན་དང་མ་ཟིན་པར་ཤེས་ན།། དེ་ནི་བླ་མའི་མན་ངག་རབ།། རང་བཞིན་གཉིས་མེད་རབ་ཞི་བ།། འདོད་ཆགས་ཆགས་བྲལ་གཉི་ག་མིན།། རང་རིག་བརྗོད་པའི་ཚིག་དང་བྲལ།། དེ་ཡི་ཡན། ་ལག་གསུམ་དུ་བསྟན།། སྒྲུབ་དང་སྒྲུབ་ཐབས་ཕྱི་མ་དང་།། སྒྲུབ་ཐབས་ཆེན་མོ་དག་དང་གསུམ།། རྡོ་རྗེ་པདྨ་ཕྲད་པ་ནི།། དེ་ནི་སྒྲུབ་པའི་ཐབས་ཡིན་ནོ།། ཧཱུཾ་ཕཊ་རྣམ་གཉིས་བསྐོར་བ་ནི།། སྦུབས་ཐབས ་ཕྱི་མར་གསུངས་པ་ཡིན།། རང་རིག་བདེ་བ་རབ་ཞི་བ།། སྒྲུབ་ཐབས་ཆེན་པོར་གསུངས་པ་ཡིན།། དེ་འབྲས་ཡེ་ཤེས་ཤེས་པ་ནི།། ཚིག་ཏུ་སློབ་དཔོན་སློབ་ལ་གསུངས། ་ཚིག་དོན་དགའ་བའི་དགའ་བ་ཡིན།། ཕྱི་ཡཱི་རེག་བྱ་མེད་པ་ཡིན།། ནང་གི་རེག་བྱ་ཡང་དག་འཇམ།། དེ་ལྟར་རྣལ་འབྱོར་གནས་བཞུགས་ན།། སྐད་ཅིག་གཅིག་ལ་དངོས་གྲུབ་འཐོབ།། དེ་ཁོ་ན་འབྲས་བུ ་གསལ་བའི་གཟུགས།། ཤེས་རབ་དཔལ་ནི་གསང་བས་མཛད།། རྒྱ་གར་གྱི་ནི་སློབ་དཔོན་ཆེན།། ཤེས་རབ་དཔལ་ནི་གསང་ཞབས་ཀྱིས།། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།། ་སེམས་ཅན་ངོན་དུ་བརྩམས་པ་ལགས་རྫོགས་སོ།། ། ་