CLOSE WINDOW

GT472: dpal dga' ba'i me tog gi phreng ba
Wyliee-texts produced with BDRC’s OCR application

ཐམས་ཅད་དུ་མཱི་ག་ནས་པའོ།། ལུས་འདི་ནན་ཏན་གོང་བྱེད་པ།། རྫོགས་པའི་རྣལ་འབྱོར་ཡིན་ཞེས་བྱའོ།། སྤྱན་སྲེག་གསང་བའི་མན་ངག་རིན་ཆེན་རྡོ་རྗེ་དཔལ་གྱིས་མཛད་པ་རྫོགསྷོ།། ། རྒྱ་གརཱ། དུ། ཤྲཱི་སཱནནྣ་པུཥྤ་མཱ་ཡཱ། བོད་སྐད། ་དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། སྐྱེད་ཚལ་ཡ་ཨོཾ་ཤེས་ཐིག་དཔལ་ལས།། གསང་མཆོད་དོན་གྱི་རྒྱུ་ཡི་ཕྱིར།། དགའ་བ་ཨི་ནི་མ་ཏོག་ཕྲེང་།། ཡ་ཤེས་མཁ་འགྲོ་ལ ་འདུད་བྱའོ།། བདེ་བར་གཤེགས་པ་ཀུན་གྱི་ཡེ་ཤེས་ཆེན་པོ་ཤིན་ཏུ་ཟབ་པའི་གསང་བ་རྨད་དུ་བྱུང་བཱའི། དཔལ་དབུ་རྒྱན་པའི་རྡོ་རྗེ་གནས་ཆེན་པོའི་གཎྜཱི་མོ་དཔལ་ལྡན་ཡན་ལག་རབ་མའི་ཞབས་ཀྱི་པདྨའི་བཀའ་དྲིན་གྱི། ་གང་ཞིག་ཡོངསུ་ཤེས་པ་དེ་ནི་སློབ་མ་དམ་པའི་ཚོགས་ཀྱིས་དགའ་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་ལ་གནས་ནས།། འགྲོ་བའི་གཏམ་བསྟེན་པར་བྱའོ།། དང་པོ་རེ་ཞིག་ཆུ་ངོས་ཆེན་པོར་ཉེ་བར ་འདུག་ནས། བདུད་རྩི་ལྔ་ལ་སོགས་པ་གསོལ་ཏེ། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བྱའོ།། བརྟུལ་ཞུགས་ཆེན་པོའི་དུསུ་གྲོང་པའི་ཆོས་ཀུན་བརྟགས་དང་གཞན་དབང་དུ་འཛིན་པ་སྤང་བར་བྱའོ།། ཚངས་པའི་སྤྱོད་པར ་གྱུར་པས་འདོད་པ་ལྔ་བཟའ་བར་བྱའོ།། གཉིསུ་མེད་པའི་སེམས་ཀྱིས།། དེ་ནི་ཇི་ལྟར་འདོད་པ་བསྙེན།། ཞེས་ལུང་།། དེ་ནི་ཚངས་པའི་སྤྱོད་པའོ།། ཐིག་ལེ་དང་ཚུལ་གྱི་ངོགས་གཉིས་ཀྱི་བར་དུ།། རྡོ་རྗེ་སྐྱིལ་ཀྲུང ་བཅས་ནས་སེམས་རིན་ཆེན་གྱི་ནང་དུ་སླེབས་པ་ལྟ་བ་ཆེན་པོས་ལྟ་བར་བྱ་ཞེས་མན་དགོ། ཡང་ན་ཆུ་ངོགས་ཆེན་པོའི་རྩ་བའི་བསྐྱེད་པའི་གནསུ་བཞུགས་ཏེ་ཐིག་ལེས་ཚུལ་ཕུགས་ནས་ཐམས་ཅད་ཁྱབ་པར ་བྱེད་པ་ཆར་ཡང་ཆེན་པོར་འཇུག་པར་བྱའོ།། དཔལ་དགྲའ་བའི་མེ་ཏོག་གི་ཕྲེང་བ་ལས། ཡེ་ཤེས་མའ་འགྲོ་ལ་མཆོད་པའི་དོན་གྱི་གནས་དང་། བདུད་རྩི་ལྔ་བཟའ་བ་དང་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་དང་། ་འདོད་པ་ལྔ་བསྟན་པ་དང་། ཐིག་ཚུལ་ལོ་སོགས་པའི་རིམ་པས་བཞག་པ་དང་། ཆར་ཡང་ཆེན་པོའི་འཇུག་པ་བསྟུནྡ་པ་ཞེས་བྱ་བ་སྟེ་དང་པོའོ།། ། དེ་ནས་གཞན་ཡང་དཔེ་ལྔ་ཡེ་ཤེས ་མཁ་འགྲོ་ལེ་མཆོད་པའི་དོན་དུ་དབང་བསྐུར་བ་བསྟན་པར་བྱའོ།། ཆུ་དང་དབུ་རྒྱན་དང་རྡོ་རྗེ་ལ་སོགས་པ་བཅུ་གཅིག་གི་དབྱེ་བ་དགའ་བོ་བཅུ་གཅིག་དང་ལྡན་པ། དང་པོའི་རྩ་བའི་གནསུ་གཙུག་ཏོར་རིན་པོ་ཆེའི ་གཡསྭ་གཡོན་ཟླ་བ་ཉི་མ་ཤར་བའི་དུས་སུ་རྐན་གྱི་ནང་དུ་རོ་མ་འཇུག་པ་སླེབས་པས་རྩ་བཞི་ཉེ་བར་རྙེད་པའི་མྱོང་བྱ་ལས་འདྲར་བ་ལ་སོགས་པའི་རོ་ཐོབ་པའི་ཆུའི་དབང་བསྐུར་སྦྱིན་པར ་བྱའོ།། དེ་ནི་ཤིན་ཏུ་ཀུན་དགའ་བའི་མཆོག་གསེར་ལས་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱི་རྣམ་པའི་བུམ་པ་འབྲུ་དང་། འབྲས་བུ་དང་ཁ་རྒྱན་དང་། ཞོ་དང་སྤྲང་རྩི་དང་། དར་ལ་སོགས་པ་དང་ལྡན་པ་བྱའོ།། དབང་བསྐུར་བའི ་དུསུ་རོལ་མོ་སྣ་ཚོགས་གར་དྲང་གླུ་དང་མཆོད་སྦྱིན་དང་། གདུགས་དང་རྒྱལ་མཚན་དང་། འཕེན་ལ་སོགས་པའི་གཟུགས་སྣ་ཚོགས་དང་། དྲི་ཞིམ་པོའི་མེ་ཏོག་ཆེན་པོ་བཀོད་ཅིང་ཆལ་བར་བཀྲམ་པ་དང་། སྤོས ་ཆེན་པོ་སྣ་ཚོགས་ཀྱི་དྲི་དུ་མའི་རོལ་ཉེ་བར་གྲུབ་པར་བྱས་པ་གཟུགས་སྣ་ཚོགས་ཀྱི་མཆོད་སྦྱིན་སེམས་ཅན་ཐམས་ཅད་ཀྱི་ཡན་ལྷག་དང་ལྡན་པ་དེའི་དམ་ཚིག་གིས་དུསུ་དབུལ་བར་བྱའོ།། དཔལ་དགའ་བཱི ་མེ་ཏོག་ཕྲེང་བ་ལས་དགའ་བ་བཅུ་གཅིག་གི་བདག་ཉིད་དང་ལྡན་པ། འད་བའི་རོ་ལ་སོགས་པའི་འབྲས་བུའི་མཆོད་པ་དང་བཅས་པའི་ཆུའི་དབང་བསྐུར་གྱི་དོན་བསྟན་པ་ཞེས་བྱ་བ་སྟེ་གཉིས་པའོ།། ་དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའགྲོ་ལ་མཆོད་པའི་དོན་དུ་སྔགས་ཀྱི་དབང་བསྐུར་བསྟན་ཏེ། ཀ་བ་གཅིག་པ་སྒོ་དགུ་པ།། མཚན་དང་དཔེ་བྱེད་དང་ལྡན་པ།། དེའི་སྙིང་གོའི་ནམ་མཁའི་དཀྱིལ་གྱི་གནསུ་པདྨ ་འདབ་མ་བརྒྱུད་པ་དག་པ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་དངོས་པོ།། ཁྱུ་སྒྲུབ་སྡོང་བུ་དང་བཅས་པ།། ཡི་གེ་རབ་མཆོག་གི་ནི་གནས།། ངའི་ལྟེ་བའི་དབུས་ན་བཞུགས་པ།། དེ་ནི་འཇུག་པ་དང་གནས་པ་དང་འགྲོ་བའི་གནས ་གསུམ་དུ་འགྲོ་བ་དང་འོང་བར་བྱེའོ།། བཞི་པའི་གན་སུ་བམྦ། དང་པོའི་གནྡྷ་ས་རང་བཞིན་གྱི་སྐབས་རང་དབང་དུ་བཞུགསོ།། དང་པོའི་གནསུ་འཁྱུག་པོའི་གྲ་བུའི་རྣམ་པ་བཞིན་ན་མཁའི་རང་གི་དགའ་བྱའི་དུསྱ་འདོན ་ནོ།། དབུས་ཀྱི་གནསུ་གསལ་བྱེད་དང་བཅས་པ་རྟོག་མེང་འོད་ཀྱི་བདག་ཉིད་དགའ་བའི་དུསུ་འབྱུང་།། མཐའ་མའི་གནསུ་ཤིན་ཏུ་དབྱངས་ལས་གྲུབ་པཱ་སྦྱི་འཛག་བྱེད་པ་ཆུད་པའི་དགའ་བའི་དུསུ་འབྱུང་ངོ་།། བཞི་པའི ་གནས་དབྱངས་དང་གསལ་བྱེང་དང་དགའ་བ་དང་། སྐད་ཅིག་དང་རོ་དང་རྒྱུ་ལ་སོགས་པ་དང་བྲལ་བ་དང་། བརྗོད་དུ་མེད་པར་རང་རིག་པ་རླབས་མེད་པའི་རྣམ་པའི་ངོ་བོའི་ཐིག་ལེ་དང་། ཚུལ་ལ་སོགས་པ་དང་། རྩའི ་ཀུན་སྤྱོད་དང་། རྒྱུ་དང་འབྲས་བུ་ལ་སོགས་པ་དང་། ཕྲ་བ་ལ་སོགས་པ་དང་། སྲིད་དང་མྱ་ངན་ལྔས་འདས་པ་དང་། འཁོར་ལོ་དང་ཡེ་ཤེས་དང་། རྒྱུད་དང་སྔགས་དང་རིམ་པ་དང་། བསྟན་བཅོས་དང་། སྒྲོན་མ་དང་། སྤྱོད་པ ་དང་བརྟུལ་ཞུགས་དང་། ལོང་སྤྱོད་དང་རླག་པ་དང་། དབང་དང་། རྟོག་པའི་བྱ་བ་དང་། གནས་དང་ཉེ་བའི་གནས་ལ་སོགས་པ་དང་། རབ་ཏུ་སྦྱོར་བ་ལ་སོགས་པ་དང་། ཤར་བ་དང་ནུབ་པ་དང་། དུས་དང་དུས་ཚོད་དང་། སྐབས ་ལ་སོགས་པ་དང་། ཐོག་མ་དང་བར་དང་མཐར་དང་། བཟླས་པ་དང་། མཆོད་སྦྱིན་དང་། སྦྱིན་སྲེག་དང་། རྟག་པ་དང་། མི་རྟག་པ་དང་། སྟོང་པ་དང་། མཐའ་མང་བོད་ཀྱི་ངོ་བོ་ལ་སོགས་པ་དང་བྲལ་བ་དེ་ནི་ཡི ་གེ་མཆོག་གི་གནས་ཞེས་བྱའོ།། དེ་ཡང་རྒན་མཆུའི་འཕར་མ་ཚིགས་རྒྱས་པའི་སྒོ་འགོག་པ་བྱས་ཏེ། བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་རྡོ་རྗེའི་བུ་མོ་བླངས་ཏེ་མཆོག་གི་ཡི་གེའི་སྔགས་བརྗོད་པར་བྱའོ།། པད་མཉམ ་འཕར་མ་སྦྱོར་བྱ་ཡི།། རྡོ་རྗེ་ཡེ་ཤེས་སྟོབས་ཀྱིས་ཀྱང་།། ཧཱུཾ་ཕཊ་ཀྱིས་ནི་མཉམ་སྦྱར་ལས།། མངོན་པར་དགའ་བ་འབྱུང་བར་འགྱུར།། རྡོ་རྗེ་གཞོནུ་མ་མཉམ་པར་ལྡན་པའི་མཆོག་གི་ཡི་གེའི་སྔགས་བརྗོད་པའི་དུསུ་དམ ་ཚིག་ཆེན་པོའི་མཆོད་པ་བྱས་ནས། བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་མདུད་པའི་ནང་ན་ཡོད་པ་རྟོག་མེད་མའི་སྙིང་གར་འགྲོ་བ་རླབས་དང་བྲལ་བའི་རྣམ་པ་རང་གི་སེམས་ཀྱིས་ཚོར་བར་བྱས་ནས་བདུད ་རྩིའི་མཆོད་སྦྱིན་དབུལ་བར་བྱའོ།། དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། ཀ་བ་གཅིག་དང་སྐྱེ་དགུ་དང་།། མཆོགི་ཡི་གེའི་སྔགས་ཀྱི་བརྗོད་པ་དང་། གནས་གསུམ་གྱི་དོན་དང་། བདུད་རྩིའི་མཆོད་སྦྱིན་དབུལ་བའི་དོན ་བསྟན་པ་ཞེས་བྱ་བ་སྟེ་གསུམ་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའགྲོ་ལ་མཆོད་པའི་དོན་དུ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་ཏེ། བོ་ལོ་ཀཀྐོ་ལ་གཉིས་མེད་པར་སྦྱོར་བའི་རོ་ལས་བདེ་བ ་ཆེན་པོའི་དགའ་བས་མྱོང་བའི་ནང་གི་རེག་བྱ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་སྦྱོར་བས་ཀུན་མྱོང་ནས།། དེ་དག་ཉིད་ཕྱིའི་རེག་བྱའི་བདག་ཉིད་ཀྱི་ཤེས་རབ་ཆུའི་གཏེར་བཞིན་དུ།། དབུས་ནས་རླབས་པའི་རྣམ་པས་ཡེ་ཤེས་ཀྱི་དབང ་བསྐུར་བ་རྫོགས་པར་བྱས་ནས། རང་གི་གན་སུ་ཕྱིས་རབ་ཏུ་ཐི་མོ།། དེ་ཡང་ཤེས་རབ་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོའི་ནང་ན་ཡོད་པ་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་སྒོ་དགུའི་བདག་ཉིད་ཀྱི་སྐུའི ་འཁོར་ལོ་དྲུག་གི་ནང་དུ་ཆར་ཡང་དྲུག་གི་ཡེ་ཤེས་སྣང་བར་བྱེད་པ།། སྲིད་པ་དང་མྱ་ངན་ལས་འདྲེས་པ་གཉིསུ་མེད་པའི་རང་བཞིན་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བའི་ནང་དུ་གནས་པར་རང་གི་ཚོགས་ཀྱི་འཁོར་ལོའི་དབུ་སུ་འཁོར ་ལྷོ་སྒྱུར་བའི་རྒྱལ་ཐུབས་བྱེ་དོ།། སྣ་ཚོ་ཌ་པདྨ་ཁ་སྦུབ་ཤིན་ཏུ་འཛུམ་པ་ཡང་མ་ཡིན། རབ་ཏུ་རྒྱས་པ་ཡང་མ་ཡིན་པ་སྡོང་བུ་དང་ལྡན་པ་གཞོན་ནུས་ཆོས་ཀྱི་འཁོར་ལོའི་ཐིག་ལེའི་གདན་ཞེས་བྱའོ།། བི་རཾ་བྷཱུ་ཏི་ཞལ་སྔ་ནས་ཚུལ ་གྱི་རང་བཞིན་དེ་ནི་ཤེས་རབ་ཆེར་ཡང་བདག་ཉིད་ལྟེ་བར་དགའ་བས་གྲུབ་པའི་པདྨ་ཞེས་བཤ་དོ།། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་གང་ཞིག་ཐིག་ལེ་དང་ཚུལ་དང་། ཆར་ཡང་དང ་དགའ་བ་དེ་ནི་རྩ་བཞིས་འཇུག་པ་དང་། གནས་པ་དང་འགྲོ་བར་བྱེད་པ་གསུམ་སྟན་ཅིག་ཅེས་གསུངསོ།། སྲོག་གི་རྩའི་ནང་ནས་འགྲོ་བ་གསུམ་འཇུག་པ་དང་གནས་པ་དང་འགྲོ་བར་བྱེད་པ་ཞེས་དཔལ་གྲུབ་པའི་བླ་མའི་ཞབྲས ་ཀྱི་པདྨའི་ཞལ་ནས་ཐོས་ཏེ་འདིར་བསྟན་ཏོ།། ལུང་ལས་གསུང་གཱི་བདག་ཉིད་རྟོག་མེད་ཐོག་མཱ་དང་ཐ་མ་དང་དབུསུ་སྐུ་གསུང་ཐུགས་ཀྱི་རང་གི་ངོ་བོ་སྦོམ་པ་ཉིད་ཞེས་གསུང་སོ།། ཐོག་མ་དདྱ་ཐ་མ ་དང་དབུས་ནི་སྐུ་གསུང་ཐུགས་དགའ་བ་གསུམ་དང་བྲལ་བ་ཕྲ་བ་ཏོར་ཡ་ཞེས་བྱ་བའི་མན་ངགོ།། དཔེའི་སློབ་དཔོ་ནི་དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོའི་དབུ་སུ། གནས་བྱེད་པ་དཔལ་རེག་མའི་ཐོག ་མའི་གནསུ་ཆུ་སྐྱེས་ཀྱི་ལྟེ་བའི་དབུསུ་ཕྲ་མོའི་རྣམ་པ་ཞེས་འཆ་།། དཔལ་བཛྲཱི་བྷཱུ་ཏིའི་ཞལ་སྔ་ནས། དབུས་ཀྱི་པདྨ་སྦོམ་པོའི་རྣམ་པའོ།། ཐེ་མའི་གནས་ངག་གཉིས་ལ་ཕྲ་བ་ཞེས་བྱ་བོ་དག་ཉིད་ཀྱི་ཡེ་ཤེས་ཀྱི་གནྡ ་ཉེ་བའི་ལྟ་བ་ཞེས་བཤད་།། རང་རིག་པ་རྨད་དུ་བྱུང་བ་དྲི་མ་མེད་པ་ན་མཁའ་བཞིན་དུ་གཉིསུ་མིད་པའི་ཤེས་རབ་དྲང་ཐབས་ཀྱི་རང་གི་ངོ་བོ་ལས་དོན་དེ་ནི་ཏོར་ཡའི་མན་དགྲོ། ཕྲ་མོའི་མན་ངག་རབ་ཏུ་ཤེས་པའི ་ཤེས་རབ་དགའ་བ་བསྐྱེད་པ་ཤིན་ཏུ་མཚན་དང་ལྡན་པ། དང་པོར་བླ་མས་བྱིན་གྱིས་བརླབས་ཏེ། མཆོད་པ་དང་དྲི་མེད་པ་དང་། བློ་གྲོས་ཀྱི་སྐུ་སྐྱེས་བུའི་ལག་པའི་པདྨར་བྱིནས་ཤེས་རབ་དང་ཐུབས་གཉིས་ཀྱི ་ལག་པ་གཟུང་སྟེ། སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་བྱ་གདོང་ལ་སོགས་པའི་གནས་བལྟ་ཞིང་འགྲོ་བའི་ཚིག་སྦྱིན་པའི་ཕྱིར་ཡེ་ཤེས་ཀྱི་དབང་བསྐུར།། དཔལ་དགའ་བའི་མེ་ཏོག་ཕྲེང་བ་ལས། གཉིས་ཀྱི་དབྱེ་བའི་རྣམ་པ ་ཤེས་རབ་བསྟན་པ་དང་། རྩཝ་བཞིའི་རྟགས་རབ་ཏུ་བལྟ་བ་དང་། འཇུག་པ་དང་གནས་པ་དང་། འགྲོ་བ་སྒོམ་པ་དང་། ཕྲ་བའི་གནས་བལྟ་བྱ་དང་། ཤེས་རབ་ཐབས་གཉི་སུ་མེད་པའི་གཞུང་དང་། བྱཱ་གདོང་ལ་སོགས་པའི ་གནས་བསྟན་པ་ཞེས་བྱ་བ་སྟེ་བཞི་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་གྲོ་ལ་མཆོད་པའི་དོན་དུ་དོན་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད། རྟོག་པ་ཀུན་གྱི་དྲ་བོའི་ཕྱིའི་རྣམ་པ་སྤངས་ན ་ནང་གི་རེག་བྱ་འཇམ་པོའི་ཤེས་རབ་མཆོག་འོད་ཀྱི་ངོ་བོ་ཅན་དེ་དང་ལྷན་ཅིག་གཉི་སུ་མེད་པའི་སྦྱོར་བས་གཉིས་མེད་པའི་ཡེ་ཤེས་བདག་ཉིད་མཆོག་དགའ་བ་བདེ་བ་ཆེན་པོ་ཀུན་ཏུ་སྤྱད་ནས་དེ་ཁོ་ན་ཉིད་ཀྱི་བདག་ཉིད ་དུ་འགྱུར་རོ།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེད་པ་དཔལ་རཏྣ་བྷཱུ་ཏིའི་ཞལ་སྐུ་ནས་ཡེ་ཤེས་ཆེན་པོའི་དེ་ཁོ་ན་ཉིད་འབྲས་བུའོ་ཞེས་བཱ་ཤདོ།། ཡེ་ཤེས་ཀྱི་རྟེན་བརྟེན་པ་དང་། གནས་དང་བྱེ་བྲག་དང་། དགའ་བ་ལ་སོགས ་བྱཱ་དང་། ཎཱ་དང་འབྲས་བུ་དང་ངེས་པར་བསྟན་པ་དང་། བསྣམི་གཏན་ལ་སོགས་པ་དང་སྦྱོར་བ་ཡོད།། ཤེས་རབ་དང་ཐབས་གཉིསུ་མེད་པའི་སྦྱོར་བས་ཡེ་ཤེས་ཆེན་པོའི་འབྱུང་བའི་དུསུ། བླ་མའི་མན་ངག་ལས ་རྡོ་དབྱིངས་ཀྱི་དབང་ཕྱུག་ལ་རེག་པ་དང་། རྡོ་རྗེ་རིན་པོ་ཆེའི་དཀྱིལ་དུ་བདེ་བ་ཆེན་པོ་བརྟན་པར་བྱེད་པ་ཞེས་བྱ་བ་དེ་ནི་མན་ངགོ།། ཡེ་ཤེས་ཀྱི་ས་ལ་མངོན་པར་ཞེན་པའི་ཡིད་ལ་རྟགས་བརྒྱད་རབ་ཏུ་འབྱུང་བར་འགྱུརརོ།། ་རྟགས་ཡོངསུ་གྲུབ་པས་གནས་གསུམ་ཡོད་པའི་ཉམ་སུ་མྱོང་བ་བླ་མའི་ལྟ་བས་ཡིན་ནའང་། དེ་ལྟ་མོད་ཀྱི་སྐྱེ་བུ་མེད་པའི་སྣང་བ་གསལ་བའོ།། ད་ནི་མཆོག་རྨད་དུ་འབྱུང་བ ་ཞི་བ་ཆེན་པོ་རང་གིས་ཉམ་སུ་མྱོང་བ་དགའ་བ་མཛེས་པ། བརྗོད་དུ་མེད་པ་ཡི་གེ་དང་བྲལ་བ། མི་ཟད་པ། དཔྱོད་པས་མི་རྙེད་པ། མི་རྟོག་པ། ཤིན་ཏུ་ལྐོག་དུ་གྱུར་པི། དབང་པོས་ལྟར་མེད་པ། མཐའ་མེད་པ་གཏིང ་དཔག་དཀའ་བ་ཟབ་པ་ཚད་མེད་པ། སྐྱེ་བ་མེད་པ་འགག་པ་མེད་པ་ན་མཁའ་དང་འདྲ་བ། ཆོས་ཐམས་ཅད་ཀྱིས་གོས་པ་མེད་པ། རང་བཞིན་གྱི་འོད་རབ། ད་ནི་ཁོ་ན་ཉིད་ཅེས་བྱའོ།། དཔལ་དགའ་བའི་མེ་ཏོག་གི ་ཕྲེང་བ་ལས། ཡེ་ཤེས་ཆེན་པོ་བསྟན་པ་དང་། བདེ་བ་ཆེན་པོ་བརྟན་པར་བྱེད་པ་དང་། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཀྱི་འབྲས་བུའི་དོན་བསྟན་པ་ཞེས་བྱ་བ་སྟེ་ལྔ་པའོ།། །། དེ་ནས་གཞན་ཡང ་དཔལ་ཡེ་ཤེས་མཁྱུ་འགྲོ་ལ་མཆོད་དོན་དུ་མཆོད་པའི་ཆོ་ག་བཤད། དང་པོར་རེ་ཞིག་སློབ་དཔོན་སྔགས་དང་། རྒྱུད་དང་དབང་བསྒྱུར་བཱ་དང་མནྠ་དགྲ་ལ་མཁས་པ་རང་གི་ཡོན་ཏན་དང་ལྡན་པའི་ཤེས ་རབ་དང་ལྷན་ཅིག་དཀྱིལ་འཁོར་གྱི་སྙིང་པོར་འཇུག་ན་ཐིག་ལེ་ངང་ཚུལ་དང་། ཆར་ཡང་དང་དགའ་བ་ཆེན་པོ་དང་། བཞིའི་བདག་ཉིད་ཀྱི་གྲུ་བཞི་པའི་དཀྱིལ་འཁོར་གྱི་དབུས་རྒྱུད་ལས་གསུངས་པའི་ཆོ ་གླས་ཐིག་གདབ་པ་ལ་སོགས་པ་བྱའོ།། དཀྱིལ་འཁོར་སྐུ་ནཱཾ་ཞེས་པར་བརྗོད།། དཀྱིལ་འཁོར་བྷ་ག་ཡིན་པར་བཤད།། དཀྱིལ་འཁོར་བྱང་ཆུབ་ཀྱི་ནི་སེམས།། དཀྱིལ་འཁོར་གསུམ་དུ་རྟོག་པའོ།། དེ་ལྟར་ཤེས་པའི་མན་ངག་གྲི ་ཕྱི་དང་ནང་གིས་རིམ་པས་སྤྱད་པར་བྱའོ།། ཧཱུཾ་ལས་བྱུང་བློའི་རྡོ་རྗེ་གུར་ཆེན་པོ་རྡོ་རྗེ་ར་བ་ལ་སོགས་པ་དང་ལྡན་པ། འབྱུང་བ་ཆེན་པོ་བཞི་ཡོངསུ་གྱུར་པ་ལས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་དང་ལྡན་པ། རྡོ་རྗེའི ་གནས་ཆེན་པོ་རྨད་དུ་བྱུང་བཱ་ཞེས་བྱའོ།། མི་བཟོང་མི་སྡུག་ཙ་སྤྱད་ཚོགས་དྲག་པོ།། འཇིགས་རུང་ཤ་ཟའི་ཁ་དང་ཧཾ་ཧ་རཱ་རྒོད།། ནག་པོའི་མི་དང་དེ་ནས་འཇིགས་བྱེད་བརྒྱད། ཤིང་སོགས་དང་ལྡན་རྨེད་བྱུང་འཇིགས ་བྱེད་པ་བསྟོད།། མེ་ཏོག་མིག་རྫི་ནཱ་ག་གི་སར་དཔལ།། པྲ་ཏྲ་པཾ་ལ་ཤོར་ཁར་ཤྲ་མི།། དཔའ་བོ་དུ་མ་རྣལ་འབྱོར་མ་ཚོགས་ཀྱིས།། དཔལ་དང་ལྡན་པ་དུར་ཁྲོད་རྒྱལ་པོ་ཤིན་ཏུ་མཛེས།། ལུང་ལས་ཡི་དགེས་སྲེག་པའི་དུསུ ་དུར་ཁྲོད་ཀུན་ལ་རྔམ་པ་འབྱུང་བར་འགྱུར་རོ།། རྔམ་པའི་སྐབ་སུ་ཤིང་ཀུན་ལ་མེ་ཏོག་དང་འབྲས་བུ་དང་ཡལ་ག་འཕེལ་བར་འབྱུང་བར་འགྱུརརོ།། དུར་ཁྲོད་ལ་དབང་བྱེད་པ་ཤིན་ཁ་ན་དཔའ་བོ་ཀུན་གནསོ།། ཞེས་གསུངསསོ།། དཔ ་བོ་ཀུན་སྣ་ཚོགས་པའི་གཟུགས་འཛིན་པ། བྱི་ལ་དང་བྱ་རྒོད་དང་། ཉི་མས་འཇིགས་པ་དང་། སྟག་དང་། གླང་ཆེན་དགྲང་དང་། ཅེ་སྤྱང་དང་། ཁྱི་དང་། རྟ་དང་བརྒྱད་ནི་ཧེ་ཧ་ར་རྒོད་ཆེན་པོར་རྗོད་པར་བྱེད་པ། མཆེ་བ་འཇིགས་པར ་དགྲང་པ་ཞལ་གསུམ་པ། སྤྱན་གསུམ་པ་ཕྱག་བཞི་པ་རྩ་བའི་ཕྱག་གཉིས་པོས་ཤ་ཆེན་པོའི་མགོ་བོ་ལ་སོགས་པ་ཟ་བར་བྱེད་པ། ཕྱག་གཞན་གཉིས་ན་ཞགས་པ་དང་ལྕགས་ཀྱུ་དང་། གཡས ་དང་གུ་སྨྱོན་པའི་ཞལ་བྱ་རོག་དང་། ཕག་དང་། རྟ་དང་། གླང་ཆེན་དང་། དོམྦ་དང་། ནེའུ་ལཾ་དང་། ཉ་དང་ཆུ་སྲིན་དང་། བྱ་ཁྱུད་དང་ཤ་ར་བ་དང་། ལློ་ང་ཁྲུང་དོང་། སྦྲུལ་དང་། རྨ་བྱ་དང་། སྤྱོད་མཱར་དང་། ཕྱི་བུ་དང་། འབྱུང ་ཁ་ཅིག་ནི་གཟུགས་སྣ་ཚིགས་པ་ཞེས་བྱའོ།། ཕྱི་ལ་ལ་སོགས་པ་རང་རང་གི་བྱད་གཟུགས་ཞལ་གཉིས་པོ་ཤིང་གཽ་འོག་ན་ཕན་ཚུན་ཤིན་ཏུ་ཁྲོ་བས་ཤ་ཆེན་པོ་ལ་རྟོད་པ། འཇིགས་པའི་བྱང་ཁས་ཁེངས་པ། གྱེན ་དུ་ཙྪེ་སྨྱུང་གི་སྒྲ་སྒྲོགས་པའོ།། ལུང་ལས་ཕྱོག་སྡེ་དང་མཚམས་བྱེ་ཕྲག་དུ་འཇིག་རྟེན་སྐྱོང་བ་བརྒྱད་ཕྱག་བཞི་པ་རང་གི་སྟན་སྙིང་ན་རང་གི་ཡན་ལྷག་མ་དང་ལྡན་པ། རུས་པའི་རྒྱུན་ལོ་སོགས་པ་བརྒྱནཱ་པཱ། ་བཅོམ་ལྡན་འདས་ལ་ལྦུ་བར་བྱེད་པ། ཕྱག་གི་སྙིམ་པ་བཅོད་པན་དུ་བཅིངས་ནས་འདུད་པ་ཁོ་ནའོ།། ཞེས་གསུང་སོ།། གཞན་ཡང་དཔེའོ་ཆེན་པོ་དང་པོའི་གྲུབ་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དུར་ཁྲོད་ཆེན་པོའི ་དབུསུ་ཨུཏྤ་ལ་སྔོན་པོའི་མདོག་ཤེས་རབ་ཡན་ལག་མ་དང་སྦྱར་བ་ལས་མངག་ཤེས་རབ་ཡན་ལག་མ་དང་སྦར་བ་ལས་མཆོག་གི་དགའ་བས་མཛེས་པ། ཞལ་བཞི་པ་ཕྱག་བཞི་པ་སྤྱན་གསུམ་པ། སྣ་ཚོགས ་རྡོ་རྗེ་དང་པདྨ་ལ་བཞུགས་པ།། མེའི་དཀྱིལ་འཁོར་ན་གནས་པ། འཇིགས་བྱེད་ཆེན་པོ་གདན་གྱི་སྟེང་ན་རྒྱལ་པོའི་བཞུགས་ཐབས་ཀྱིས་ཟླ་བ་དང་ཉི་མ་ཞབས་ཀྱིས་མནན་ག། རྡོ་རྗེ་དང་དྲིལ་བུ་དང་རྡེའུ་ཆུང་དང་ཐོད ་པ་བསྣམས་པ། ཕྱག་རྒྱ་ལྔས་ཡན་ལྷག་བརྒྱན་པ། མི་བསྐྱོད་ལ་སོགས་པའི་ཕྱག་རྒྱའི་ཕྲེང་བས་རལ་པའི་དབུ་རྒྱན་དར་གྱིས་བཅིངས་པ། ཤེས་རབ་མ་ཡང་སྐུ་མདོག་འདྲ་བ་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་པ་གྲི ་གུག་དང་ཐོད་པ་བསྣམས་པ། རུས་པའི་རྒྱན་དང་ལྡན་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྲ་གྲོལ་བ་ཕྱོགས་ཀྱི་ན་བཟའ་ཅན།། ནུ་མ་སྲ་བ་དང་མཐོ་བ། རྐེང་ཞེང་ལུས་ཕྲ་བའོ།། ཡང་ན་དཔའ་བོ་ཆེན་པོའི་གཟུགས་སྣ་ཚོགས་ཀྱི ་ཞལ། གནག་པ་དང་དཀར་བ་དང་། དམར་བ་དང་། ན་མཁའི་ཁ་དོག་དང་ལྗང་ཁུ་དང་། པདྨ་སྔོན་པོ་ལྟ་བུ་དང་། ཟླ་བ་དཀར་བ་དང་། དམར་ཆེན་དང་། ཨུཏྤ་ལྔ་སྔོན་པོ་དང་འདྲ་བ་དང་། གུར་གུམ་གྱི་མདོག་དང་། མིག་སྨན་དང་། ་དུ་བའི་མདོག་དང་། སྤྲིན་དང་། གསེར་འོད་དང་། ནག་སེར་དང་སེར་པོའི་གཟུགས་བྱའོ།། དཔའི་བོ་ཆེན་པོའི་ཡན་ལག་མ། ཟླ་མ་དང་། གཡོན་པ་མ་དང་། ཉི་མཉམ་མ་དང་། རླུང་ཟ་མ་དང་། བསིལ་སྦྱིན་མ་དང་། སྙིང་པོའི་འདྲབ ་མ་དང་། བག་ཡོང་ཐོར་ཅིག་མ་དང་། ཉི་མ་འདུལ་མ་དང་། ཞི་བ་འཆི་བའི་ཕོ་ཉ་མ་དང་། ལྗང་བརྩོན་མ་དང་། འོད་འདུན་མ་དང་། ཚངས་པའི་མ་དང་། ཁྱབ་འཇུག་གི་མ་དང་ཐོག་ཁ་མ་དང་། ཐང་སྐྱིད་བྱེད་མ་དང་། དཔའ་བོའི་ཡུ ་དང་གཉིས་མེད་པའི་སྦྱོར་བས་པས་བྱེདེ་པ་ཆེན་པོའི་དགའ་བས་དགྱེས་པའི་ཡིད་དང་ལྡན་པ། དཔའ་བོ་ཆེན་པོ་ཤིན་ཏུ་མཛེས་པ། དཔལ་ན་མཁའ་དྲི་མེད་དང་ཤིན་ཏུ་རྩལ་ཆེན་དང་། ལྷའི་དབང་ཕྱུག་དང ་གསང་བའི་བདག་པོ་དང་། འོད་དྲག་དང་། ཉེ་དགྲ་དང་། མཆོག་དགའ་དང་། ཐམས་ཅད་ཀྱི་བྱེད་པ་པོ་དང་། ཨུཏྤ་ལྔའི་སྙིང་པོ་དང་། ཞི་བ་ཆེན་པོའི་བདག་པོ་དང་། ནག་པོ་འདུལ་བ་དང་། རྨད་འབྱུང་དཔའ་བོ་དང་། དྲེགས ་ཆེན་དང་། ནག་པོ་ཆེན་པོ་དྲག་འཇོམས་དང་། རི་རབ་བརྟན་པོ་དང་། ན་མཁའི་ཞལ་ཏེ་དགའ་བ་བཅུ་དྲུག་གིས་རྣམ་པར་དག་པས་དགའ་བ་ཆེན་པོ་མཐར་གྱི་དུསུ་རྟོག་མེད་མ་འབྱུང་བའི་རྔམ་པ་དང་བྲལ་བའི་ནང ་གི་རེག་བྱའི་ཡིད་ཡེ་ཤེས་ཀྱི་སྐབསུ་རྒྱ་མཐུན་པའི་འབྲས་བུ་ལས་སྟེང་གི་རླུང་གཡོ་བ་མེད་པར་གྱུར་པས། ཐིག་ལེ་དང་ཚུལ་ནང་གི་རང་བཞིན་གྱི་རླུང་རང་གི་གནས་པ་ལས་གང་ཞིག་བློ་བུར་གྱི་རྔམ་པ་དེ་ལྟ་བུའི ་བདག་ཉིད་ཀྱི་རྔམ་པའི་དུར་ཁྲོད་དུ་དཔའ་བོ་ཆེན་པོ་བཞུགས་སོ།། ལུང་ལས་སྤྲུལ་པ་དང་ཆོས་དང་ལྗོངས་སྤྱོད་དང་བདེ་བ་ཆེན་པོ་བཞི། འདབ་མ་བརྒྱད་ཀྱི་པདྨའི་རྣམ་པ་གེ་སཪྵ་ལ་སོགས་པ་དང་བཅས་པའི་དབུས་གནས ་གཅིག་དང་ལྡན་པའོ་ཞེས་གསུངསོ།། ལུང་ལས་དང་པོའི་གནས་ཆུ་སྐྱེས་ཀྱི་ཤར་གྱི་འདབ་མར་ཨོ་ཌྱ་ཎ་དུ་གཟུགས་ལྡན་མ། བྱང་དུ་ཛཱ་ལནྡྷ་རར་བུ་མ་ལྡན་མ། ནུབ་ཏུ་པུལླི་རར་བྱ་རོག་སྣ། ལྷོའི་འདབ་མར་ཀཱ་མ་རཱུ་པར ་དུ་མ། མེ་མཚམ་སུ་མཱ་ལཱ་བ.རཱ་གླང་ཆེན་ཁ། སྲིན་བུའི་མཚམ་སུ་སིནྡྷུ་ར་དང་པོའི་སྟོབས་མའོ།། རླུང་མཚམ་སུ་ནཱ་གླར་ལྡེགས་མའོ།། དབང་ལྡན་མཚམ་སུ་སིང་ག་ལར་ལྕེ་རི་ས་ཨའོ།། དེ་དག་ནི་གནས་དང་ཉེ་བའི་གནས་ཤེས ་རབ་དང་ཐབས་གཉི་སུ་མེད་པའི་སྦྱོར་བས་ཐམས་ཅད་ནང་གཱི་དགཱ་ཧྞཱ་བ་ཞེས་གསུངསོ།། དབུས་ཀྱི་གནས་ཀྱི་པདྨེའི་ཤར་གྱི་འདབ་མར་མུ་མུ་ནིར་ལོ་མི་རང་། བྱང་དུ་དེ་བི་ཀེ་ཊརཱི་ལྟོ་བ་ཆེ། ནུབ་དུ་ཀྲོ་ལུ་ཏཪྵ་དྲི་ལྡནྡ་མ། ལྷོར་ཨམྦྷ ་ཏཪྵ་དྲི་ཛ་མ། མེའི་མཚམ་སུ་ཧཱ་རཾ་ཀཽ་ལཱ་བཱར་བསིལ་སྦྱིན་མ།། སྲིན་པོའི་མཚམ་སུ་ཀོ་ཏ་བར་འདོམ། རླུང་མཚམ་སུ་ལམྦ་ཀར་དབྱངས་སྙན་མོ། དབང་ལྡན་མཚམ་སུ་ཀཱཉྩ་ཀཱཪྵ་ལིང་ཏ་མ། དེ་དྲག་ནོ་ཞིང་དང་ཉེ་བའི་ཞིང་དང་འདུན ་བའི་མཆོག་དགའོ།། བླ་མའི་གནས་ཀྱི་པདྨའི་ཤར་གྱི་འདབ་མེར་ལས་ཀྱི་གྲོང་དུ་ཨུཏྤ་ལའི་དྲི། བྱང་དུ་གསེར་གླིང་དུ་པདྨའི་ཁྲི། ནུབ་དུ་ཀྲོདྷ་ནར་མཚོ་མ་ཚིག་བྱེད། ལྷོར་བྷིནྡིར་རྐང་རིང་མེའི་མཚམ་སུ་ཡི་དགས་འདུས་པར ་རུས་ལྡན་མ། སྲིན་པོའི་མཚམསུ་རྒྱ་མཚོའི་ངོསུ་ཆུ་སྲིན་མིགླ་མཱ། རླུང་གི་མཚམསུ་ཙ་རི་ཏྲརཉྫའོ་ཁ། དབང་ལྡན་གྱི་མཚོམ་སུ་གཞོ་ནུའི་གྲོང་ཁྱེར་དུ་སྣ་ཚོགས་ཡན་ལ་གེ་མའོ།། དེ་དག་ནི་འདུས་པ་ད་ཉེ་བའི་འདུས་པ ་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཆད་པའི་དགའ་བའོ།། བཞི་པའི་གནས་ཀྱི་པདྨའི་ཤར་དུ་ཀསྨི་རར་ག་པུར་ལུས་མ།། བྱང་དུ་ཀ་ར་ཏ་ར་རྨ་བྱའི་སྒོ་མ། བ་དུ་ན་པ་ལེ་འདོང་མ།། ལྷོར་ཀར་ནུབ་ཟར་དག་པའི་ལུས་མ། མེའི ་མཚམས་འཆི་མེང་གྲོང་ཁྱེར་དུ་སྒྲ་ལྕགས་མ། སྲིན་པོའི་མཚམསུ་མི་ཡུལ་དུ་སྣ་ཚོགས་པདྨ། རླུང་གི་མཚམ་སུ་ས་འོག་ཏུ་འདོད་པའི་སྐེ་རགས་མ། དབང་ལྡན་མཚམ་སུ་རི་རབ་རྩེར་པདྨའི་ཞའོ།། དྲ་དག་ནི་བྱཱ ་ལ་དང་། སྦྱོར་བ་དང་། ཉེ་བའི་སྦྱོར་བའི་རང་བཞིན་དགའ་བའོ།། དང་པོའི་ལྟེ་བཱར་ཤྭར་གྱི་ལུས་འཕག་སུ་སྲོགྲ་མ། དབུསུ་བྱང་གི་སྒྲ་མི་སྙན་དུ་ལཱ་ལ་ནཱ། ཐ་མའི་ནང་དུ་བ་ལང་སྤྱོད་དུ་ར་སོ་ནཱ། བཞི་པའི་གནསུ་ལྷོའི་ཛམྦུའི་གླིང ་དུ་ཨ་པཱ་དྷྲྀ་ཏཱིའོ།། ལུང་ལཱསྣ་དཔའ་བོ་ཆེན་པོ་དང་བཅས་པར་ནང་གཱི་འཁོར་ལོའི་རིམ་པའི་ཤིས་རབ་ཐབས་ཀྱི་རྣམ་པར་དག་པ་ཞེས་བལྟས་ཏེ། དེ་ནི་ལམ་དང་ཉེ་བའི་ལམོ།། དུར་ཁྲོད་བརྒྱད་ཀྱི་ནང་དུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ ་ལཾ་ཨཱ་ལཀཱ་ལི་ཧཱུ~ཾ་གི་ཡི་གེ་རྡོ་རྗེ་སེམས་དཔའ་རང་བཞིན་རང་གི་འོད་ཀྱི་རིག་མ་དང་གཉིསུ་མེད་པའི་སྦྱོར་གཞལ་བཅུ་དྲུག་པ། ཕྱག་བཅུ་དྲུག་པ། བདེ་བ་ཆེན་པོ་མངོན་པར་དགའ་བོའི་རང་བཞིན་ཡེ་ཤེས་སེམས་དཔའི ་འཁོར་ལ་བཞུགས་ཞེས་བྱའོ།། དཔལྔ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་ལ་སོགས་པོའི་གནས་ཀྱི་དྲོན་བསྟན་པ་ཞེས་བྱ་བ་སྟེ་དྲུག་པའོ།། ། དེ་ནས་གཞན་ཡང་དཔ ་ཡེ་ཤེས་མཁ་འགྲོ་ལོ་མཆོད་པའི་དོན་དུ་བསམ་གངར་བསྟན་ཏེ། དཔེའི་སློབ་དཔོན་རི་ཀུན་རྫོབ་དང་དོན་དམ་པ་མི་སྤང་བའི་བྱ་བས་ཡེ་ཤེས་ཆེན་པོའི་འབྱུང་བའི་ཕྱིར་སྟེང་གི་ཚོགས་རྒྱས་པོའི་དོན་དུ་མན་ངག་ལས ་སྒོ་གཞན་ཐམས་ཅད་འགོག་གི། ལུས་ལ་སོགས་པའི་སྔག་བསྔལ་གྱིས་མནན་པ་དེ་ལྟར་མ་ཡིན་ཞེས་མཆོ་དོ།། དེའི་རྗེས་རྒྱལ་བའི་སྲས་མོ་བཞིན་དུ་རང་གིས་དབང་བསྐུར་བ་སྲ་བ་དང་མཐོ་བའི་ནུ་མ་དང་། པདྨ ་མཛེས་པ་དང་ཨུཏྤ་ལའི་འདབ་མ་རིང་བའི་སྤྱན་ཅན།། ཙནྡན་རློམ་པའི་དྲིས་ཁྱབ་པ། བླ་མའི་མན་ངག་ས་ཀུ་ཏྲ་བསྲུབས་པ་ཆེན་པོས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གནས་ཉེ་བར་བལྟས་ཏེ། ཡང་ན་བཙུམས་པ་དང་ཕྱེ་བ ་ལ་སོགས་པའི་རབ་ཏུ་སྦྱོར་བས།། ལྟེ་བའི་དབུས་ན་བཞུགས་པའི་འོད་ཆེན་པོའི་བདག་ཉིད་གཏུ་མོ་རབ་རྒྱས་པར་ལས་ཀྱི་རླུང་གིས་གྲོ་གོས་བྱས་ཏེ་རང་གི་འོད་ཀྱིས་དགའ་བ་དང་མངོན་པར་དགའ་བ་དགའ་བ་དང་གྲོལ ་བས་འབར་བ་དང་། མྱོས་པ་དང་ཆུང་ཟད་གཡོ་བ་རྣམ་པར་གཡོ་བ་དང་། ཁྲོ་བ་ཆེན་པོས་ཤིན་ཏུ་འབར་བར་རྨ་དུ་བྱུང་བ། གློག་ཚོན་པོའི་གཡོ་བའི་རྣམ་པ་ལྟར་སྒྲ་ཆེན་པོ་སྒྲོགས་པ་ཁོ་ནས་གསང་བུའི་ལྟེ་བུའི་གནས་ཀྱི་དབུས ་ནས་ལངས་ཏེ། རྣམ་པོར་སྣང་མཛད་ལ་སོགས་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྔ་སོགས་པ་ཤིན་ཏུ་བསྲེགས་ནས། དང་པོ་དང་དབུས་དང་ཐ་མའི་ལམ་ནས་སྨིན་ཕྲག་འཁོར་ལོའི་ལམ་ཨོཌྱ་ཎ་གྱི་ཚོགས་རྒྱས་པར ་གསེར་སྒོའི་ཛཱ་ལནྡྷ་རར་སྤྱི་གཙུག་མཚམ་སུ་ནང་གི་བུ་གའི་བདེ་བ་ཆེན་པོའི་གནས་བདུད་རྩིའི་གནསུ་འཇུག། དེར་རང་དགའ་བས་ངལ་སོ་ནས་དགའ་བའི་འོད་ཀྱིས་བདེ་བ་ཆེན་པོ་གྲུབ་པ། བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཁེངས་པར ་གསོལ་ནས་མངོན་པར་དགའ་བའི་ནང་གི་རེག་བྱ་ལས། རོ་ཆེན་པོ་འོང་བུའི་དབང་གི་ས་སྔར་བསྲེགས་པ་ཡང་རབ་ཏུ་ཚིམ་པའི་དོན་དུ་ཐུགས་རྗེ་ཆེན་པོའི་སྤྲིན་རྟག་ཏུ་རྒྱུན་མ་ཆུད་པར་བདུད་རྩིའི ་རྒྱུན་གྱི་ཆར་འབབ་པར་བྱེད།། དེ་ནས་ཡང་རྟེན་གྱི་རྩའི་འཁོར་ལོ་འཛིན་ཁྱེར་ཏེ། ཞི་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་དགའ་བའི་དགྱེས་པའི་ཡིད་ཀྱིས་རླབ་པ་དང་ལིངས་སྤྱོད་དང་དབང་གི་ང་རྒྱལ་གྱིས་རང་གི་གནསུ་རྗེ་སུཾ་གྲཝ ་སོ།། བརླག་པ་དང་ལོང་སྤྱོད་དང་ངལ་སྲོ་བ་དང་འགྲོ་བ་དང་ཁེངས་པ་དང་བུམ་པ་དང་ཚ་དང་གནས་སྐབས་དང་། གཡས་པ་དང་གཡོན་པ་དང་། དབུས་ལ་བརྟེ་ནས་ཆུ་ཚོད་སུམ་ཅུ་རྩ་དྲུག་གི་བར་དུ་བདེ་བ་ཆེན་པོའི་བདག་ཉིད་ཀྱི ་གཏུ་མོ་བསྐུལ་བས་གོ་རིམ་སུ་རྩའི་འཁོར་ལོ་ཤརཪྴ་པའོ།། ཛྙཱ་ན་བྷཱུ་ཏའོ་ཞལ་སྔ་ནས་རྩ་ཞེས་བྱ་བིའི་དངོས་པོ་མེད་པ་ན། བདེ་བ་ཆེན་པོ་ལ་སོགས་པ་ཕྱི་ནང་གི་རེག་ཉེ་བར་མི་རྙེད་དེ། མ་རྙེད་པའི་ཕྱིར་དགའ་བ་ལ་སོགས་པ་དང ་རྒྱུ་དང་འབྲས་བུ་དང་དབང་གསུམ་གྱི་བདག་ཉིད་ཀྱི་མིན་ངག་ཆད་པའི་དངོས་པོར་འགྱུརརོ།། བདེ་བ་ཆེན་པོ་མི་ཤེས་པའི་ཕྱིར་བྱང་ཆུབ་མོ་རྙེ་ཞེས་བཤ་དོ།། དེ་བས་དཔེའི་སློབ་དཔོན་གྱིས་རྩའི་འཁོར་ལོ་སྒོམ་ཕྲ་ལ་སོགས་པའི ་བསམ་གཏན་སྤངས་ནས། བླ་མ་རྗེ་བཙུན་གྱིས་བཀའ་སྩལ་པར་བྱ་ཞེས་བཤད།། དང་པོ་ཡན་ལག་གཡས་གཡོན་དུ་ལོངས་སྤྱོད་མ་དང་། འཇིགས་མ་དང་། འཁྲི་མ་དང་། གུག་མ་དང་། ཤ་བ་རི་མ་དང་། རི་བོང་མ་དང་། བདུད ་རྩི་མ་དང་། བད་ཀན་མ་དང་། རི་མ་དང་། ཕུང་པོ་མ་དང་། འདོད་མ་དང་། ཆང་འཚེད་མ་དང་། གོས་མ་དང་། སེར་མ་དང་། རྐང་གོས་མ་དང་། ཕྲ་མོ་དང་། ཚིམ་མྲ་དང་། སྐར་མ་དང་། རི་དྲགས་མ་དང་། ཤིན་ཏུ་ཁེངས་མཱ་དང་། ་ལུག་མ་དང་། ཁྲོ་མ་དང་། འཁོར་ལོ་མ་དང་། ནག་མོ་མ་ཞེས་པ་དང་། ཆགས་པ་དང་། འཇིག་པ་དང་། མི་དགའ་བ་དང་། ཞི་བ་དང་། སྙིང་རྗེ་དང་། སྲེད་པ་དང་། རྣམ་པར་རྟོག་པ་དང་། ངོ་ཚ་བ་དང་། དགེ་བ་མ་ཡིན་པ་དང་། རང་གི་ངོ་བོ་མིན ་ག་སྡུད་པ་དང་། བཀྲེས་པ་དང་། སྐོམ་པ་དང་། ཡཾ་གར་མི་འོང་བ་དང་། རྣམ་པར་ཆགས་པ་དང་། ནད་དང་། ཁྲོ་བོ་དང་། སྙིང་བརྩེ་བ་དང་། འཛེམ་པ་དང་། ཕྲག་དོགྲ་དང་། དྲ་རྒྱལ་དང་། བསྟན་པ་དང་། སྟོབས་ཏེ། ་དབུལ་བ་དང་། མིག་དང་། རྣ་བཱ་དང་། སྣཱ་དང་། སྨིན་མ་དང་། སྐྱེ་དང་། གློ་བ་དང་། མཇུག་དྲོ་དང་། བཪྵ་དང་། པུས་མཱཾ་དང་། རྗེ་དཪྴ་དང་། རྐང་པ་གཡས་གཡོན་ཕྱེད་ཕྱེད་ཀྱི་ཆའི་གྲངས་ཉི་ཤུ་རྩ་བཞི་འགྲོ་བ་དང་། ཁེངས་པ་དང ་མཆོག་དང་ཆད་པའི་ཤར་བའི་རྩ་རྣམས་ཀྱི་མཚན་ཉིད་ཀྱི་དོན་ནོ།། དབུས་ཀྱི་རྐང་རུས་ཀྱི་དབྱུག་པའི་སྙིང་པོའི་ནང་། རྒན་མོ་དང་། སྟག་མ་དང་། དཔའ་བོའོ་བློ་མ་དང་། གཡོ་སྒྱུ་མ་དང་། ངེས་པར་སེམས་མ་དང་། དམར ་མོ་དང་། གཤོལ་མ་དང་། རིང་མ་དང་། བདུད་རྩི་ཡོན་ཏན་མ་དང་། ལམ་དགའ་མ་དང་། འཁོར་ལོའི་ཁམ་དང་། རྣམ་པར་སྒེག་མའི་ང་རྒྱལ་མ་དང་། འོད་དང་། བརྩོན་པ་དང་། ཕྲག་དོག་མེད་པ་དང་། མི་བརྟན་མེད་པ ་དང་བཏང་སྙོམས་དང་། གཏོང་ཕོད་དང་། དགའ་བ་དང་། གཡོ་སྒྱུ་མེད་པཱ་དང་། གླུ་དང་། སྒྲ་དང་། གར་དང་། བཏུབ་པ་ལ་སོགས་པ་ཁོ་ན་སྟེ།། ཚངས་པའི་བུ་ག་དང་། ཚངས་པའི་ལྟེ་བ་དང་། ་བོ་དང་། རྐུན་དང་། སྐེ་དང་། སྙིང་ག་དང་། ལྟེ་བ་དང་། འདོམས་དང་། གསང་བ་དང་། ལྟེ་བ་དང་། མེའི་པདྨ་དང་། གཞང་ཁའི་ཀུན་པ་ཀའི་རང་བཞིན་དགའ་བ་འབྱུང་བའི་རྩ་གསུམ་གྱི་དྲ་བའི་སྡོམ་པ་རྟེན་དང་བརྟེན་པའི་ཡེ ་ཤེས་ཀྱི་བྱེ་བྲག་དུ་བདེ་བ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། འོད་ཀྱི་བདག་ཉིད་ཅན་རེག་བྱ་མེད་པ། ཡེ་ཤེས་ཀྱི་མེའི་ནམ་མཁའི་རང་བཞིན་གཏུམོ་འོ་མ། རྟོག་མེད་པ་ཞི་བའི་རང་གི་ངོ་བོ་བདེ་བ་ཆེན་པོའི་པདྨའི་ལྟེ་བའི་གྱེན ་དུ་འཇིག་རྟེན་གྱི་ཁམས་དུ་མ་ཁྱབ་པ། གཉིསུ་མེད་པའི་རྣམ་པ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་འཁོར་ལོའི་དབུས་ཐམས་ཅད་ཀྱི་བདག་ཉིད་གཅིག་པུའི་རོའི་རང་བཞིན། དཔལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ ་ཞེས་མན་ངག་ལསོ།། དཔལ་དགའ་བའི་མེ་ཏོག་གོ་ཕྲེང་བ་ལས་གནས་གསུམ་ནཱ་ཡོ་པའི་རྩཝའི་དྲ་བའི་སྡོམ་པ་དང་གསུམ་པོ་ཆེན་མོའི་སྦྱོར་བ་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་དོན་བསྟན་པ་ཞེས་བྱ་སྟེ་འདུན་པའོ།། ་དེ་ནས་གཞན་ཡང་ཡེ་ཤེས་མཁའགྲོ་ལ་མཆོད་པའི་དོན་རྣམ་པ་དང་བཅས་པའི་དཀྱིད་ཀྱི་ཁོར་ལོ་དམ་ཚིག་སེམས་དཔའི་བདག་ཉིད་ཅན་བཤད། ཟླ་བ་དང་རྡོ་རྗེ་དང་། ས་བོན་དང་ཕྱག་རྒྱ་དང་། སྣ་ཚོགས་པདྨ་བདབ་མ་བརྒྱད་ཀྱི་ལྟེ ་ལ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཅན།། བདག་ཉིད་བསྙེན་པ་ལ་སོགས་པའི་ཡན་ལག་བཞིའི་འབྲས་བུའི་གཙོ་བོ་སྔར་བསྐུལ་བའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། དབང་བླང་བ་ལ་སོགས་པས་སྐུ་བྷྱོ ་པ་འཛུགས་བྱེད་ཆེན་པོ་དང་། ཟླ་བ་དང་ཉི་མའི་སྟེང་དུ་དམ་ཚིག་མཁ་འགྲོ་མ་བཅུ་དྲུག་དཀྱིལ་འཁོར་གྱི་དབུསུ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ། ཞབས་བཞི་པ་གཡས་བརྐྱང་བ། གཡོན་པ་སྐུམ་པའི་སྐུ་སྤང་རྒྱན་གྱི་མེ་ཏོག ་གི་མདོག་ཅན། སྤྱན་གསུམ་པ། ཞལ་གསུམ་ནི་དཀར་བ་དང་དམར་བ་དང་ལྡང་བ། ཞལ་གཞན་དུང་བ་དང་འདྲ་བོ། སྟེང་གི་འཇིགས་པ་ཆེན་པོ་བོང་བུའི་རྣམ་པའི་མཆེ་བ་བགྲད་པ་འཇིགས་པ་བསྟན་པའི་ཕྱག་རྒྱ་ལ་སོགས ་པ་ཡོངསུ་གྱུར་པཱ་ལས་སྐད་ཅིག་གིས་དེ་ལྟ་བུའི་གཟུགས་ཐུགས་རྗེ་ཆེན་པོ་དང་། ཁྲོ་བོའི་སྐུ་བསྐལ་པ་ཆེན་པོའི་མེ་བྱས་ལྷག་པའི་འོད་དང་ལྡན་པ། རྒྱལ་བ་ཐམས་ཅད་ཀྱི་བདག་པོ། དུར་ཁྲོད་ཆེན་པོའི་དམ་ཚིག ་གི་དཀྱིལ་འཁོར་གྱི་དབུསུ་མཆོག་གི་ན་མཁའི་དཀྱིལྡ་ན། དམ་ཚིག་མཁ་འགྲོའི་དབང་ཕྱུག་མས་འཁྱུད་པ། དཔལ་དམ་ཚིག་སེམས་དཔའི་དབང་ཕྱུག་སྐྱེ་བ་དང་འཇིག་པ་དང་། གནས་པའི་རྣམ་པའི་བྱེད་པ་པོའི་དྲེགས ་པ་འཇོམས་པའི་ཕྱིར་བཞེངས་པ། རྒྱུ་མས་བརྒྱུས་པའི་མགོ་བོ་ཆེན་པོའི་ཆུན་འཕྱང་གིས་བརྒྱན་པོའི་ཡན་ལག་ཅན། ཕྱག་རྒྱ་ལྔ་འཛིན་པ། རུས་པའི་རྒྱན་ཅན་སྐྲ་སེར་པོ་གྱེན་དུ་འགྲེང་བ། སྨིན་མ་རྒྱས་པ། སྤྱན་དམ ་ག་གར་དགུའི་རོ་ཆེན་པོའི་ངང་ཚུལ་ཅན། ཧ་ཧ་ར་རྒོད་པ། ཚངས་པའི་ལྤགས་པ་རྐེད་པར་ཁྱབ་པ། སྐ་རགས་ཀྱིས་བཅིངས་པའི་སིལ་སིལ་གྱི་སྒྲ་སྒྲོགས་པ། མ་མཆུའི་རོའི་བདུད་རྩིའི་བཏུང་བས ་བཟི་བ། ཞི་བ་ཆེན་པོའི་ལྤགས་པ་བཤུས་མ་ཐགས་པའི་རློན་པ་ཕྱག་གཉིས་ཀྱིས་གྱེན་དུ་སྦྱངས་པ། པདྨ་ཁ་ཕྱེ་བ་ཡིས་དབུའི་རིན་པོ་ཆེའི་རྣམ་པར་བརྒྱན་པ། ཕྱག་ལྷག་མ་རྣམས་ནི་འཛེགས་བྱེད་ཆེན་པོ་ཁྲག་ཆེན་པོ་ཁ་ནས ་འཛག་པ། སྣོད་ན་ཡོད་པའི་བཟའ་བ་དང་བཏུང་བའི་དོན་གྱི་ཕྱིར་བསྣམས་ཞེས་བྱའོ།། དམ་ཚིག་མཁའ་གྲོའི་དབང་ཕྱུག་མ་བཅོམ་ལྡན་འདས་དང་མཉམ་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། སྐྲ་གྲོལ་བ ་ཕྱོགས་ཀྱི་ནི་བཟའ་ཅནྡ། གཉིསུ་མེད་པའི་སྦྱོར་བའི་བདེ་བ་ཆེན་པོས་མཉམ་པར་འཁྱུད་པ། རུས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ། མཱི་བསྐྱོད་པའི་ཅོད་པན་བཅིངས་པ། གྲི་གུག་དང་སྣོད་འཛིན་པ། ཤིན་ཏུ་རིངས་པར་སྐེ་ལ ་འཁྱུད་པ། མ་མཆུའི་རོའི་བདུད་རྩིའི་བཏུང་བྲིས་བཟི་བ། ཐམས་ཅད་ཁམ་དུ་བྱེད་པའི་དམ་ཚིག་གི་ཡན་ལག་མའོ།། སྣ་ཚོགས་པདྨའི་འདེབ་མ་བརྒྱད་ཀྱི་ཤར་གྱི་འདྲབ་མར་ལེགས་དུ་གྱེས་སྐུ་རེག་མ། སྐུ་མདོག་ནུག་མོ།། ་བྱང་གི་འདབ་མར་ལེགས་དགྱེས་འགྲོ་མ་སེར་མོ། ནུབ་ཏུ་ལེགས་འོད་དམར་མོ། ལྷོར་ལེགས་དགྱེས་གཏུ་མོ་ལྗང་མདོག་མ། མེའི་མཚམ་སུ་ལེགས་དགྱེས་ཕྲེང་བ་མ་རི་བོང་ཅན་འོང་། སྲིན་པོའི་མཚམ་སུ་ལེགས་དགྱེས ་བུམ་པ་མ་ནག་སར་གྱི་མདོག། རླུང་གི་མཚམསུ་ལེགས་དགྱེས་དྲི་མ་ཨུཏྤ་ལའི་མདོག། དབང་ལྡན་གྱི་མཚམ་སུ་ལེགས་དགྱེས་མཛེས་པ་ཉི་མ་གཞོ་ནུའི་མདོག་ཐམས་ཅད་སྤྱན་གསུམ་པ་གཡོན་བརྐྱང་བས་གནས་པ། སྐྲ་གྲོལ་བ ་གཅེར་བུ་རོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། རལ་གྲི་དང་སྣོད་བནྡྷ་དང་། ཁ་ཊྭཱཾ་ག་དང་། ཕྱག་རྒྱ་ལྔ་དང་རུས་པའི་རྒྱན་གྱིས་བརྒྱན་པའོ།། ཤར་དང་བྱང་དང་ནུབ་དང་ལྷོའི་མཚམ་སུ་ལེགས་དགྱེས་སྒྲ་མ། ལེགས་དགྱེས ་འཇིགས་མ། ལེགས་བཀྱེས་དོ་ཤལ་མ། ལེགས་དགྱེས་སྤྲིན་ནི། རྫ་རྔ་དང་གླིང་བུ་དང་། དགུ་པོ་རྒྱུད་མངས་དང་། རྔ་སྒྲ་སྒྲོགས་པར་བྱེད་པ་གཟུགས་གཉིས་པའོ།། ཤར་དང་བྱང་དང་ནུབ་དང་ལྷོའི་སྒོར་ལེགས་དགྱེས ་འོད་མ། ལེགས་དགྱེས་པདྨ། ལེགས་དགྱེས་དགའ་མ། ལེགས་དགྱེས་ཚུལ་ཁྲིམས་མ། ཕྱག་གཉིས་ཀྱིས་མདའ་གཞུ་འགེངས་པོ། གཞན་བཞུགས་ཐབས་དང་། རྒྱན་ལ་སོགས་པ་ནི་སྣ་ཚོགས་པདྨ་ལ་བཞུགས་པའི་རྣམ ་འབྱོར་མ་དེ་བཞིན་དུ་བྱའོ།། གཟུགསྣ་དང་སྒྲ་དང་དྷི་དང་རོ་དང་རེག་དང་། ཡེ་ཤེས་དང་ཆོས་ཀྱི་དབྱིངས་དང་། སྱ་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་། ཆགས་པ་དང་ཕྲག་དོག་དང་ང་རྒྱལ་དང་གཏི་མུག་རྣམ་པར་དག ་པས། ལྷ་མོ་བརྒྱད་གཉིས་དམ་ཚིག་མཁའ་གྲོ་མའི་རྣམ་པར་དག་པ་བསྐྱེད་པའི་རིམ་པ་ལུང་ལོས་གསུང་སོ།། ། དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་དམ་ཚིག་སེམས་དཔའི་བདག་ཉིད་ཅན། དཔལ ་ཡེ་ཤེས་ཀྱི་མཁ་འགྲོ་བ་བསྐྱེད་པའི་རིམ་པའི་བསྒོམ་པ་བསྟན་པ་ཞེས་བྱ་སྐུ་བརྒྱད་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་གྲོ་ལ་མཆོད་པའི་དོན་དུ། མཆོད་སྦྱིན ་གྱི་ཆོ་ག་པ་ཤད། དང་པོར་གནས་དང་ཉེ་བའི་གནས་ལ་སོགས་པར་མཆོད་པ་བྱས་པའི་འོག་ཏུ་ནང་གི་མཆོད་སྦྱིན་གསུམ་བྱའོ།། དངོས་པོ་དང་རྟེན་དང་རྣམ་པར་འབྱེད་པའི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞིས ་ཐ་མ་དང་འབྲིང་དང་རབ་དང་། རབ་ཀྱི་རབ་དབང་པོ་དང་། བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་། དགའ་བ་དང་མཆོག་དང་ཆད་པ་དང་རང་བཞིན་དགའ་བ་དང་། གནས་ལ་སོགས་པར་ཆུ ་ཚོད་སུམ་ཅུ་རྩ་དྲུག་བཱར་དུ་ཀུན་སྤྱོད་འཁོར་ལོའི་རིམ་པཱ་ཡིས། མ་མཾ་བཱི་དྲངས་པའི་སྔགས་ཀྱིས་མཆོད་པའི་མཆོད་སྦྱིན་བྱའོ།། རེག་བྱའི་ཁམས་དང་རྒྱལ་མཚན་སྦྱར་བས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ ་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་འོད་ཀྱིས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་བའི་བདུད་རྩི་བདེ་བ་ཆེན་པོའི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་ཀྱི་ཐིགས་པ་རེ་རེས་གནས་དང་ཉེ་བའི་གནས་ན་བཞུགས་པའི་མཁའ་གྲོ་མ ་རྣམས་ཀྱི་མཆོད་ངའི་རོམ་པའོ།། དང་པོའི་གནས་ཀྱི་ཆུ་སྐྱེས་དཔལ་ཨུཏྤན་དུ་གཟུགས་ལྡན་མ། དག་པའི་དངོས་པོ་རྣམ་པར་སྣང་མཛད་ཀྱིས་ཛྭ་ལནྡྷ་ར་བྲང་ལྡན་མ་སྒེག་པའི་དངོས་གོན་མཁས་པུལླི་མ་ཡ ་རྒོད་སྣ་མ་དགའ་བའི་དངོས་པོ་ཉི་ཤུ་པས། ཀཱ་མ་རུ་པར་དུ་མ་རབ་ཚིམ་གྱི་དངོས་པོ་སུམ་ཅུ་པས། མཱ་ལཱ་ཝར་གླང་ཆེན་ཁ་མ། དྲད་པའི་དངོས་པོ་ཏཱ་རཱ་ཡའི་མཐར་གྱིས་སིནྡྷུ་ར་དང་པོའི་སྟོབས་མ། ཁོང་དུ་ཆུད་པའི་དངོས་པོ ་གསུམ་པའི་གཉིས་བཱའི་ནཱ་གར་དུ་ལྷོལྐོགས་མ། གསལ་བའི་དངོས་པོ་བཅུ་གཉིས་པས་སིང་ངེ་ལར་ལྕེ་རིངས་མ། ལྟ་བའི་དངོས་པོའི་འོད་ཀྱིས་མུ་མུ་ནཱིར་ལོ་མ་ཙཾ་རིང་། སྦྱོར་བའི་བརྟེན་བརྒྱད་པའི་བདུན་པས་དེ་བི ་ཀོ་ཊིརྱ་ལྟོ་བ་ཆེ། དམ་ཚག་ག་རྟེན་ལྔ་པས་ཀོ་ལུ་ཏར་དྲི་ལྡན་མ། རོའི་རྟེན་བརྒྱད་པཱའི་གཉིས་པར་ཨརྦུ་ཏཱཪྻ་དྲི་རྡོ་མ། ཚུལ་གྱི་རྟནྣ་ཉི་ཤུ་བདུན་པས་ཧོ་རི་ཀེ་ལ་བར་བསིལ་སྦྱིན་མ། གཡོ་བ་ཙཱནཱ་ཉི་ཤུ་ལྔ་པས། གྷོ་དྷ ་བར་འོད་མ། དུས་ཀྱི་རྟེན་ཉི་ཤུ་བས་ལམཱ་པ་ཀར་དབྱངས་སྙན་མ། རྣམ་པར་སྨིན་པཱའི་རྟེན་སུམ་ཅུ་གཉིས་པས་ཀཉྫ་ཀར་པུ་ལིན་ད་ར། བསྙེན་པའི་རྟེན་བརྒྱད་པའི་བརྒྱད་པས། ལས་ཀྱི་གྲོང་དུ་ཨུཏྤ་ལའི་དྲི། ་ལས་ཀྱི་རྣམ་པར་འབྱེད་པའི་གསུམ་པའི་གསུམ་པས། གསེར་གྱི་གླིང་དུ་པདྨའི་དྲི། རེག་བྱའི་རྣམ་པར་བྱེད་པ་ལྔའི་དང་པོས། ཀོངྐ་ནར་མཚོ་མི་ཚིག་བྱེད། དགའ་བའི་རྣམ་པར་འབྱེད་པའི་ཆུ་ཡིས་བྱིན་དར། རྐང ་རིངས་མ། བསམ་གཏན་གྱི་རྣམ་པར་འབྱེད་པ་བཞི་པའི་དང་པོས་ཡི་དགས་འདུས་པར་རུས་ལྡན་མ། ངེས་པར་འབྱེད་པའི་སེམས་ལྔ་པའི་བཞི་པས། རྒྱ་མཚོའི་ངོགསུ་ཆུ་སྲིན་མི་གོ་མ། ལྟ་བའི་རྣམ་པར་འབྱེད་པ ་བརྒྱད་པའི་བཞི་བྱསྱ། ཙ་རི་ཏཱར་ཉའི་ཁ། ཆགས་པའི་རྣམ་པར་འབྱེད་པ་བཞི་པའི་གསུམ་པས། གཞོ་ནུའི་གྲོང་ཁྱེར་དུ་སྣ་ཚོགས་ཡན་ལག་མ། བརྩོན་འགྲུས་རྣམ་པར་འབྱེད་པ་སུམ་ཅུའོ ་གསུམ་པས་ཀཱསྨཱ་ར་ར་ག་པུར་ལུས་མ། འཕྲོ་བའི་ཡེ་ཤེས་བཞི་པའི་ལྔ་པསྟྲ། ཀཻ་ར་ཏྲ་མ་རྨོ་བྱའི་སྒྲོ་མ། དྲན་པའི་ཡེ་ཤེས་བཞི་པའི་གསུམ་བིས། ནཱི་པ་ལེར་འདོད་མ། བརྩོན་འགྲུས་ཀྱི་ཡེ་ཤོས་ཉི་ཤུ་བཱསྟྲ། ་ཀཀུནྡུ་ཛྭར་དག་པའི་ལུས་མ། ཀུན་སྤྱོད་ཡེ་ཤེས་དང་པོ་གསུམ་པས། འཆི་མེད་གྲོང་ཁྱེར་དུ་སྒྲ་ལེགས་མ། བསྐྱེད་པའི་ཡ་ཤེས་གསུམ་པའི་གཉིས་པས། མིའི་ཡུལ་དུ་སྣ་ཚོགས་པདྨ། གླེང་གཞིའི ་ཡེ་ཤེས་བཅུ་གཉིས་པས། ས་ཐོག་ཏུ་འདོད་པའི་སྐེ་རགས་མ། རྙེད་པའི་ཡེ་ཤེས་བདུན་པས་རཱི་རབ་རྩེར་པདྨའི་ཞལ་མ། གཉིད་སདྲ་ཡེ་ཤེས་གསུམ་པའི་གསུམ་པསོ།། དང་པོའི་ལྟེ་བར་ཤར་གྱི་ལུས ་འཕགསུ་སྒྲོག་མ། དགའ་བ་ལྟ་བའི་ལྔ་པཱས་སྒྲ་མི་སྙན་དུ་ལ་ལ་མཱ་མཆོག་དགའ་བརྒྱུད་པའི་བཞི་པས་བ་ལཱང་སྤྱོད་དུ་ར་ས་ནཱ་ཆད་པའི་དགའ་བསྐུའི་ཡིག་འབྲུས་འཛོམྦུའི་གླིང་དུ་ཨ་བ་དྷཱུ་ཏཱི། རང་བཞིན་དགྲལ ་བའི་ཧའི་ཡོག་འབྲུས།། དཔལ་དགའ་བོའི་མེ་ཏོག་གོ་ཕྲེང་བ་ལས་མ་མོའི་བཏུས་པའི་སྔགས་ཀྱིས་མཆོད་པའི་ཆོ་ག་དང་། གནས་ལ་སོགས་པ་དང་དངོས་པོ་དང་རྟེན་དང་ཡེ་ཤེས་དང་། སཾ་རྣམ་པར་འབྱེད་ཧཱུཾ ་རིམ་པ་བཞིའི་དོན་བསྐྱེད་པའི་རིམ་པའི་ཡན་ལག་བསྟན་པ་ཞེས་བྱ་བ་སྟེ་དགུ་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའགྲོ་ལ་མཆོད་པའི་དོན་དུ། ནང་གི་མཆོད་སྦྱིན་གསུམ་གྱི་ཆོ་ག་བཤད ་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པར་གན་སུ་པདྨའི་ཁབ་ཏུ་རཱི་བོང་ཅན་ཤཱརརྱ་ག་ནམ་ཕྱེད་ཀྱི་དུསུ་བིདྱཱ་ག་ལའི་རྩ་འགྲོ་བའི་སྣང་བ་ཟླ་བཱར་གྱུར་པའི་ཧཱུཾ་གི་སྔགས་ཀྱིས་མཆོད་པར་བྱའོ།། བདེ་བོའི་གནས་འདབ་མྦྷ་བརྒྱད ་ཀྱི་ལྟེ་བའི་དབུསུ་ཉི་མ་ཤྭ་ར་བའི་ཉི་མ་ཕྱེད་དུ་སུ་ཨརྡའི་སྣང་བ་མཆོད་མ་ནུར་ནུར་པོར་གྱུར་པའི། ཕཊྚ་ཀ་རཱའི་སྔགས་ཀྱི་མཚོགས་དགའ་བས་མཆོད་པར་བྱའོ།། བདེ་བ་ཆེན་པོའི་གནསུ་དྲུག་ཅུ་རྩ་བཞིའི་འདབ ་མམིའི་པདྨའི་བཾ་གཱི་རྣམ་པའི་ལྟེ་བ་བ་ར་ཏོ་ཀའི་ནང་དུ་ཆུ་ཤིང་པདྨའི་ཕྲ་མོའི་བུ་ག་འབྱུང་བའི་དུསུ་སོ་ཤོ་མ་ནུའི་གནས་སྣང་བ་ཐོབ་པ། གྷོར་གོར་པོར་གྱུར་པའི་བདེ་བ་ཆེན་པོ་མི་གྲཡོ་བ་ས་ཀ་རོའི་སྔགས་ཀྱིས་མཆོད ་པར་བྱ་ཞེས་འགྲོ་བའི་མན་དགོ། མཆོད་སྦྱིན་གསུམ་གྱི་ཆོ་གའི་དུསུཾ། སྐལ་ལྡནྡ་མཱ་ཡིན་པ་འཇུག་པ་མི་སྦྱིན་ཞེས་བརྡའི་ཚིགོ། ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་དབང་གསུམ་ཐོབ་པ་ནང་གི་རེག་བྱ་ཉམསུ་མྱོང་བ་ཤེས་པ། ཡས ་ཀྱི་སྣང་བ་གསུམ་མཐོང་བ་དེ་ཁོ་ན་ཉིད། ཆགས་པ་དང་ཆགས་པ་དང་བྲལ་བའི་འཛིན་པ་སྤངས་པ། སྐལ་ལྡན་ལ་འཇུག་པ་སྦྱིན་པར་བྱ་ཞེས་བཤདདོ།། བཞི་པའི་སྐབསུ་མཆོད་སྦྱིན་གསུམ་གཤེགསུ་གསོལ་བའོ།། རྟེན ་མེད་གྲཝ། གཉི་སུ་མེད་པ་རང་རིག་པ། ན་མཁའ་བཞིན་དུ་བདེ་བ་ཆེན་པོ། རླབས་དང་བྲལ་བའི་རྣམ་པ། ཧའི་ཡིག་འབྲུའི་སྔགས་བརྗོད་པས་རབ་འོད་ཀྱི་ངལ་བསོ་བའི་བསྙེན་པ་བྱ་བ་མན་ངའོ།། དཔལ་དགའ་བའི ་མེ་ཏོག་གི་ཕྲེང་བ་ལས། ནང་གི་མཆོད་སྦྱིན་གསུམ་གྱི་ཆོ་ག་དང་སྣང་བ་བཞི་རྫོགས་པའི་རིམ་པའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའགྲོ་ལ་མཆོད་པའི ་དོན་དུ་སྦྱིན་སྲེག་ལས་བཤ་དེ། སྒྲུབ་པའི་དབང་པོ་ཀུན་སྦྱིན་སྲེག་གི་ལས་མ་ཡིན་པར་རབ་དང་འབྲིང་དང་ཐ་མའི་དངོས་གྲུབ་བམ། ཐོག་མ་དང་ཐ་མ་དང་དབུས་ཀྱི་གནསུ་མྱོང་བའི་སར་རྟོག་པ་མེད་པའི་འབྲས་བུ་མི་རྙེད།། ་དེ་མ་རྙེད་པས་བཞི་པའི་རིམ་པའི་སྦྱོར་བའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་བ་མེ་དོ།། ཐོབ་པར་མི་འགྱུར་བས་འཇིགས་པའི་ཕྱིར། བཏུང་སྙོམས་མ་ཡིན་པའི་བྱ་བས་རྟེན་འབྲེལ་དང་ཀུན་བརྟགས་པ་ལ་སོགས་པར། ་གཟུང་བ་དང་འཛིན་པའི་བསྐྱེད་པའི་རིམ་པཱ་རྟེན་དང་བརྟེན་པ་ངེས་པར་བྱའོ།། དེ་ཡང་རང་ལ་བྱིན་གྱིས་བརླབ་པའི་རིམ་པའི་དམ་ཚིགས་སྤྱོད་པ། རབ་ཀྱི་རབ་བསྙེན་པོ་ལ་སོགས་པས་དབྱེར་མེད་པར་མཐོང་བར་བྱའོ།། དཔལ ་དགྱེས་པའི་རྡོ་རྗེ་ལས། དབྱེར་མེད་རྟག་པའི་དངོས་གྲུབ་ནི།། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར།། ཞེས་གསུང་སོ།། དེ་བས་ན་ཕྱག་རྒྱ་དང་། སྔགས་དང་། རབ་ཏུ་སྦྱོར་བ་དང་། བསམ་གཏན་དང་། ཡེ་ཤེས་དང་དགའ ་པབ་ལ་སོགས་པ་དང་། སྤྲོ་བ་དང་བསྡུ་བ་ཐམས་ཅད་ནང་གི་སྦྱོར་བས་མཐོང་བར་བྱའོ།། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་དང་དགའ་བ་དང་སྐད་ཅིག་དང་རོ་བསྲུབས་པ་དྲང་བསྲུབས་ཐབས་ཆེན་པོས་ལས་ཀྱི་རླུང་གིས ་མཉམ་པའི་འཁྱུད་པའི་དགའ་བ་ཁོང་དུ་ཆུད་པ་ལས། ལྟེ་བ་ཆེན་པོའི་ཆུ་སྐྱེས་སྙིང་པོའི་ནང་དུ་ཡུངས་ཀར་སྦོམ་པོ་ཙམ། ཉི་མའི་གནས་པ་ཡེ་ཤེས་ཆེན་པོའི་ཐིག་ལེ། ཡི་གེ་མེད་པ་མི་བཟད་པ་ས་དང་ཆུ་དང་མེ་དང ་རླུང་དང་བྲལ་བ་བློ་བུར་བ་ཟབ་ག། ནམ་ཀཱི་དབུས་ན་གནས་པ། ཕྲ་མོའི་ཡང་ཕྲ་མོ་ཤིགས་པ་ཕྲ་བ་ཡེ་ཤེས་ཆེན་པོའི་འོད་ཀྱི་རང་བཞིན་གྱི་ཚུལ་ཙམ། སྦྱོར་ཐབས་ལ་སོགས་པ་ལ་བརྟན་ཏེ་ལངས་ནས་འཁྱུད་པ་དང་། འོ་ལ ་སོགས་པའི་རྒྱུ་ཅི་ལ་བྱས་པས་མཆོག་བདེ་བའི་ཡེ་ཤེས་མྱོང་བ་ལ་དཔྱོད་པ་འདི་ནི་བདེ་བ་ཆེན་པོའི་ཞེས་མྱོང་བ་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་དང་རྒོད་པ་དང་། ལྟ་བ་དང་། ལག་པ ་བཅིངས་པ་དང་གཉིས་གཉིས་འཁྱུད་པའི་རྒྱུད་ཀྱི་རིམ་པ་ལས། མཆི་མོ་དང་། རྡུལ་དང་ཡནཱ་ལག་མཱི་བརྟེན་པ་དང་། དབུགས་རྒོད་དང་། དེ་ལྟ་བུའི་རྟགས་ཡེ་ཤེས་ཀྱི་སྣང་བ་མཐོང་ཞིང་། དབུས་ཀྱི་རྐེང་རུས་ཀྱི་དབྱུག ་པའི་ཐོག་མ་བདེ་བ་ཆེན་པོའི་འཁོར་ལོའི་པདྨའི་ལྟེ་བའི་ནང་གི་མིག་ན་མཁའ་ལྟ་གུ་དམར་ཐིགས་ཀྱི་གནསུ་ངལ་སོ་སྟེ། ཡེ་ཤེས་ཆེན་པོའི་བདུད་རྩིའི་བུམ་པ་གཟུང་ནས་ཀུན་ཏུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་ལི་སྣ ་ཚོགས་ཀྱི་མཆོད་པ་བྱས་ཏེ། དེ་ནས་རང་ལ་བྱིན་གྱིས་བརླབས་ཀྱི་རིམ་པས་འཁོར་ལོ་བཞི་ཡི་ཆུ་སྐྱེས་ཀྱི་ལྟེ་བའི་ནང་ན་བཞུགས་པའི་མ་ད་ལ་དགུག་པ་དང་། དབང་བསྐུར་བ་ལ་སོགས་པ་རྫོཌ ་པར་བྱས་ནས། དང་པོ་བདེ་བ་ཆེན་པོའི་ཐབས་ཁུང་གི་ནང་དུ་དགུང་བླུགས་བཞི་དགའ་བའི་མེ་ཏོག་གི་རི་བོང་ཅན་གྱི་ཐིག་ལེ་བཀྲམ་པ། ཨོཾ་ཞེས་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་བཤ་།། དེ་ནས་དགང་བླུགས་བརྒྱད ་ལོངས་སྤྱོད་དུ་མངོན་པར་དགའ་བའི་མེ་ཏོག་གསེར་གྱི་ཐིག་ལ་བཀྲམ་པའི་ཨའི་རྣམ་པས་ཞེས་བྱ་བ། དྲི་མེད་རྡོ་རྗེའི་ཞལ་སྔ་ནས་ཀྱི་བཤ་དོ།། དེའི་འོག་ཏུ་དགང་བླུགས་བཅུ་གཉིས་ཆད་པའི་དགའ་བའི་མེ་ཏོག ་དམར་བཀྲམ་ཐིག་ལེ་ཆོས་ཀྱི་འཁོར་ལོར། ཧཱུཾ་གི་ཡི་གེའི་སྔགས་ཀྱིས་ཞེས་སློབ་དཔོན་པདྨ་བཛྲའི་ཞལ་སྔ་ནས་བཤད།། དེའི་འོག་ཏུ་ཕྱིའི་རྣམ་པར་རྟོག་པའི་བདག་ཉིད་ཅན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ ་སྲོསོགས་པའི་ཡམ་ཤིང་བླུགས་ནས་དག་བླུགས་ལྟ་བར་བྱེད། ལོངས་སྤྱོད་དང་བདེ་བ་ཚན་པོའི་ངོས་གཉིས་ཕྲད་པའི་དབུསུ་འཁོར་ལོར་ལྟེ་བ་གཉིས་ཀྱི་ནང་དུ་དབུ་མེད་པ། ཨ་ན་ཙ་ཀ། སྨིན་ཕྲག་འཁོར་ལོའི ་སྟེང་གི་མཚམས་ཀྱི་བུ་གའི་ནང་། ཨོཾཌྱ་ཎ་གྱི་ལམ་ནས་བདུད་རྩིའི་ཆུ་བོའི་རླབས་ཀྱིས་འགྲོ་བས་སྙིང་གར་རོལ་ནས་ཨ་ན་ཙ་ཀའི་བླུགས་བཟར་གྱི་རྩེ་མོའི་འོག་རྣམ་པའི་སྣོད་དུ་ངལ་སོ་ནས། རྒྱུན་མི་ཆད་པའི་བདུད་རྩིའི ་མར་གྱི་རྒྱུན་ཕཊ་ཀྱི་སྔགས་ཀྱིས་ནང་གཱི་ལྟེ་བའི་ཡེ་ཤེས་ཀྱི་ཐབས་ཀྱི་ཆུ་སྐྱེས་ཀྱི་ལྟེ་བ་ཕྲ་མོའི་བཱ་ར་ཏ་ཀཱའི་ན་མཁར་བླང་བ་ཆེན་པོའི་གནས། དགའ་བ་བཅུ་དྲུག་གི་ཐིག་ལེ་རབ་ཏུ་བཀྲམ་པ། མངོན་པར་དགའ་བའི་གནས་དགང ་བླུགས། བྷུ་ར་བྷཱ་བཱ་སྟེ། རབ་ཏུ་ཚིམ་པའི་དོན་དུ་མི་འཁྲུལ་པའི་སེམས་ཀྱིས་སྦྱིན་པར་བྱ་ཞེས་སློབ་དཔོན་ཞབས་ཀྱི་པདྨའི་བཀའ་དྲིན་གྱིས་མེའི་ལས་ཀྱི་མན་ངག་གི་བཛྲ་ཞེས་བྱའོ།། དཔལ་དགའ་བའི་མེ་ཏོག་གི་འཕྲེང་བ ་ལས་གྲུབ་པ་བཞིའི་རང་ལ་བྱིན་གྱིས་བརླབས་པའི་རིམ་པའི་མདོར་བསྟན་པ་དང་། གཉིསུ་མེད་པའི་ཐོག་ལེའི་ཚུལ་དང་ཤེས་རབ་དང་ཐབས་གཉིསུ་མེད་པར་སྦྱོར་བའི། སྦྱིན་སྲེག་ལས་ཀྱི་དོན་བསྟན་པ་ཞེས་བྱ་བུ་སྟེ ་བཅུ་གཅིག་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁའ་གྲོ་ལ་མཆོད་པའི་དོན་དུ་དུས་འབྱུང་བའི་གྲངས་ཀྱིས་མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན་པ། དབང་བསྐུར་བ་ཐོབ་པའི་སན་གྱི ་ཚོགས་ལ་དགའ་བའི་སྔགས་མདུད་བཤད། སྤྲུལ་པ་ལ་སྩོགས་པའི་ཐབས་བཞིའི་རྟེན་གྱི་རྩའི་སྐུང་པའི་དབྱུ་གུ་ཉི་ཤུ་རྩ་བརྒྱད་ལྷག་པའི་བརྒྱའི་ཕྱེད་ཉིན་མཚན་ཕྱིའི་རྟེན་དང་བརྟེན་པའི་ཀུན་སྦྱོརོ།། སུམ་ཅུ་རྩ ་གཉིས་ཀྱི་ཆུ་ཚོད་ཀྱི་བར་དུ་ནང་གི་རྩེའི་ཀུན་སྤྱོད། རླུང་ལ་ཞོན་ནས་བྱང་ཆུབ་ཀྱི་སེམས་དགའ་བ་བཅུ་དྲུག་སྦྱོར་བས་སང་ཀྲྀཎ་ཏ་བཅུ་དྲུག་ལ་ཀུན་འབབ་པོ་བདེ་བ་ཆེན་པོའི་དམར་ཐིགས་དགའ་བའི་ཐིག་ལེ་ཐུན་ཚོད ་བརྒྱད་ཀྱི་ཕྱེད་འབར་བ་ཕྱང་འཛ་གོ།། ཞེས་བཅུ་དྲུག་གི་ཕྱེད་ཀྱི་ཕྱེད་ལ་ཀུན་དགའ་བོ།། དེ་ལྟ་བུའི་འབྱུང་བ་བཞིའི་དཀྱིལ་འཁོར་འབྱུང་བའི་དབུས་ནས་སྲོག་གི་གྲངས་བརྒྱ་བརྒྱད་ལྷག་པའི ་སྟོང་ཕྲག་བཅུ་ཕུང་པོའི་རྟེན་སུམ་ཅུ་རྩ་གཉིས་ཀྱི་མདུད་པ་དང་ལྡན་པའི་ཀེང་རུས་ཆེན་པོའི་དབྱུག་པའི་ནང་དུ་ཆུ་ཤིང་གི་སྙིང་པོའི་རྣམ་པའི་དབུས་ནས་སྲོག་འབྱུང་བ་སྤྲོ་བ་དང་བསྡུ་པོ་གཡས་དང་གཡོན ་བུའི་དབང་པོའི་རྟེན་དུ་ངེས་པར་སྦྱརཱ་ཏེ། དྲི་མ་མེད་པའི་བློ་གྲོས་ཀྱི་བསྣམ་གཏན་གྱི་བདག་ཉིད་ཁོ་ན་དུས་ཀྱི་འབྱུང་བའི་གྲངས་བཀྲུ་བ་ཞེས་སྐུད་པའི་མདུད་པ་བཅིངས་པ། མཆོག་གི་དགའ་པའི་གནས་ཀྱི་ཆུ ་སྐྱེས་ན་མཁའ་བདེ་ཚོན་རྒྱལ་པོ་འི་ཕོ་བྲང་ནས་རྣམ་པར་ཤེས་པའི་དགའ་བས་རླུང་མེ་ཆུས་བསྐྱེད་པའི་རིམ་པས་འབྱུང་ཞིང་དེའི་ནང་དུ་རླག་རང་བཞིན་གྱིས་འཁོར་ཞིང་འཁྲུལ་པས་ཕ་རོལ་མི་རྙེད་ཞེས་བྲལ ་བའི་གནས་པའི་བྱེ་བྲག། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་རླུང་ལ་བརྟེན་ནས་རང་བཞིན་གྱིས།། སྲིད་པ་དང་མྱ་ངན་ལས་འདས་པའི་གླེང་གཞིར་གྱུར་པའི་སྣང་བ་དང་། མཆེད་བུ་གཉིས་ཟླ་བཱ ་དང་། ཉི་མ་དང་། རིང་བཞིན་དང་། མེ་དེ་དག་གིས་སེམས་ཅན་དུ་གྱུར་པ་དེ་ཡང་རྣམ་པར་དཔྱོད་པས། གང་དུ་ཡང་སེམས་ཅན་མེད་སྣང་བ་མཆོད་པ་གཅིག་པུའི་སྟོང་པ་ཉིད་ཆེན་པོའི་བྱིན་གྱིས་བརླབས་ཀྱིས ་སོ།། དེ་ནི་གཅིག་པུས་ཟླ་བ་དང་། ཉི་མ་དང་། མེ་དང་། སྣང་བུ་གསུམ་ཤར་བ་དང་ནུབ་པ་དང་། ཐོ་རངས་དགའ་བའི་བདག་ཉིད་ཅན་ཀུན་རྫོབ་ཀྱི་རླུང་ལ་བརྟེན་ནས་ཐ་མ་དང་འབྲིང་དང་རབ་དང་དེ་དག་ལ་སོགས་པ ་འདུས་པས་མ་རིག་པ་ཞེས་བྱ་བའི་སྟོབས་ཆེན་པོ་ཡུན་རིང་པོའི་དུས་ནས་རང་བཞིན་ཀུན་གྱི་མཚན་མོ་དང་ཉོན་མོ་དང་མཚམས་ཀྱི་བར་དུ་དུས་ཀྱི་འབྱུང་བ་བྱེད་པ་ཞེས་བསམས་ནས་རྟེན་དང་བརྟེན་པ་དཔྱོད ་པར་བྱེའོ།། རྣམ་པར་ཤེས་པོའི་རླུང་མ་རིག་པུ་ལ་གནས་ནས་རླུང་དང་ལྡན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གྲོག་རྟེན་དེ་དང་སྦྱོར་བ་མེད་པ་དེ་ནི་རོའོ།། རྟེན་དང་བརྟུན་པིའི་རྣམ་པར་འབྱེད་བྱ ་ལས་གང་གི་ཚེ་ལས་ཀྱི་ལུས་མི་ལེན་པ་དེའི་ཚེ་བར་མ་དོ་དང་སྟིང་པའི་རང་བཞིནོ།། དེ་བས་ན་སྲོག་དང་བཅས་པ་དང་ཤི་བ་དོན་དམ་པར་དཔྱོད་པོས་རྣམ་པར་ཤེས་པའི་རླུང་ནའང་མེད་པའོ།། ཀུན་རྫོབ་དྲོང་དོན ་དམ་པ་སྤངས་པའི་རིམ་པས་ཐམས་ཅད་བདེ་བ་ལ་སོགས་པའི་སྣང་བའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་མེ་ཏོགས་རྫོགས་པར་བྱསྟེ་པའི་དགའ་བ་ཆེན་མོས་མཛེས་པའི་ཆུན་འཕྱང་རྩིའི་སྐུད ་པས་བརྒྱུས་པ། མཉམ་པ་དང་མི་མཉམ་པ་དང་བྲལ་བ་རྟེན་གྱི་དབྱུག་པའི་སྒོ་ངའི་སྙིང་པོའི་བདུད་རྩིའི་རོ་བསྲུང་བའི་དོན་གྱི་ཕྱིར་སྔགས་མདུད་སྦྱིན་པ་སྣང་བ་མཆེད་པའི་རང་བཞིན་ཞེས་མནོ་ངག།། དེ་ཡང ་སྣང་བ་མཆེད་པ་ཡོངསུ་ཤེས་བྱས་བསྲེད་ན་མ་སྣ་དང་སྡིག་པ་དང་ངལ་བའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་བསྐལ་པ་དུ་མ་སྟོང་དུ་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་དང་། ཚུལ ་ཀྵིམས་དང་བཟོད་པ་ལ་སོགས་པ་གོམས་པས་རླབས་པོ་ཆེའི་སེམས་ཀྱིས་སྔགས་དང་ཕྱག་རྒྱ་ལ་བརྟེན་པོ་དང་། བསམ་གཏན་འཛིན་པ་བྱས་ན་ཡང་དེ་ལྟ་མོད་ཀྱི་སྣང་བ་མཆོད་པ་དང་མ་དག་པས་བྱང་ཆུབ་གང་དུ་ཡང ་མི་རྙེད་དོ།། སྟོང་པ་ཉིད་ཆེན་པོའི་རང་བཞིན་རྣམ་པ་གསུམ་གྱི་ཡེ་ཤེས་དག་པས་སྐད་ཅིག་གཙིགས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་དོན་དམ་པའོ།། ཁྱབ་འཇུག་དང་ལྷ་ཆེན་པོ་དང་ཚངས་པ་དང་བརྒྱ་བྱིན་དང་ཉེ་དབང་ལ ་སོགས་པ་རང་བཞིན་སྣང་བ་ལ་འཁྲུལ་པས་ཟབ་པ་དྲག་པོ་ཤིན་ཏུ་གཏིང་རིང་བ་གཏིང་དཔག་དཀའ་བའི་སྲིད་པའི་རྒྱ་མཚོ་འཁོར་ཞིང་སྣང་བ་མཆེད་པ་མི་ཤེས་པ་ཕ་རོལ་མི་རྙེད་པ་དེ་རྣམས་ཀྱང་མི་ཁོམ་པོའོ།། དཔལ་དགའ་བ ་མེ་ཏོགི་ཕྲེང་བ་ལས། དུས་འབྱུང་བའི་གྲངས་དང་། སྲོག་གི་རླུང་དང་། ཀེང་རུས་ཀྱི་དབྱུག་པ་མདོར་བསྟན་པ་དང་། རྩཝའི་སྔགས་མདུང་སྦྱིན་པ་དང་། སྣང་བའི་རྣམ་པར་དག་པའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་གཉིས་པའོ།། ་དེ་ནས་གཞན་ཡེ་ཤེས་མཁའ་གྲོ་མ་མཆོད་པའི་དོན་དུ་གཏོར་མའི་ཆོ་ག་བཤད། སྐྱེ་བ་གསུམ་པ་དུར་ཁྲོད་ཆེན་པོའི་དབུསུ་འགྱེལ་པ་འམ། ཡང་ན་སྐྱེ་བ་གཉིས་པ་ཇི་ལྟ་བའི་ཆོ་གས་བླངས་ལ། དུམ་བུ་བརྒྱད་དུ་བྱས་ལ་གཏོར་མ ་ཆེན་པོའི་སྣོད། ཕྱོགས་དང་མཚམས་བྱེ་བྲག་ཏུ་མཛེས་པའི་དགའ་བ་དང་པོའི་རིམ་པས་བཞག་པར་བྱ་སྟེ། རྒྱལ་པོའི་སཱ་ལུ་ཤིན་ཏུ་ཁེངས་པར་གྲང་བར་བྱས་ནས་དྲི་མ་མེད་པའི་ཟླ་བ་དང་ཉི་མུའི་མེ་ཏོག་གིས་དང་། གདུགས་དང་རྒྱལ་མཚན ་དང་འཕན་ལ་སོགས་པ་དང་། རྨ་བྱིའི་རྡུལ་ཡང་ལ་སོགས་པ་དང་། རྔ་ཡབ་དང་དྲ་བ་དང་། དྲ་བ་ཕྱེད་པ་དང་། མཱ་འོད་དང་། དགའ་བའི་མེ་ཏོག་དྲང་། མར་མེ་དང་། སྒྲོན་མེ་དང་། སྣ་ཚོགས་ཀྱི་མཆོད་སྦྱིན་དང་། སྣ་ཚོགས་ཀྱི་མཆོད ་སྦྱིན་དང་། སྣ་ཚོགས་པའི་དྲི་ཞིམ་པཱའི་སྤོས་ཀྱི་དང་། འབྲས་བུ་ལ་སོགས་པ་དང་། གོས་སྣ་ཚོགསོ་དང་། རལ་གྲི་དང་། སྟ་གྲི་དང་། རྩེ་གསུམ་གྱི་ཁ་ཊྭཱཾ་ག་རིམ་པ་ཇི་བཞིན་དུ་བཞག་ནས་བསང་གཏོར་བྱའོ།། དེའི་འོག་ཏུ་པདྨ་ཆེན་པོའི ་སྣོད་དུམ་བུ་གཅིག་པར་རྒྱལ་པོའི་ཆེན་པོའི་བདུད་རྩིའི་རོས་གང་བ། རིགས་ལ་སོགས་པའི་མེ་ཏོག་གིས་མཆོད་དབུསུ་བཞག་ནས་ལུ་གུ་རྒྱུད་བཅིངས་ཏེ་གུང་མོ་སྦྱར་བའི་ཕྱག་རྒྱ་ལ་སོགས་པས་ཨརྒྷ་བརྒྱ་རྩ་བརྒྱད་ཀྱི་སྦྱིན་པ ་དབུལ་བར་བྱའོ།། དྨའི་སྣོད་ཀྱི་ལྟེ་བའི་སྣོད་ཀྱི་ལྟེ་དའི་བརྟ་ཀའི་ན་མཁའི་གནས་འོད་སྟེང་ཅན་དེའི་སྟེང་དུ་རི་བོང་ཅན། དཀར་པོའི་འོད་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སྙོམས་བདེ་བ་ཆེན་པོའི་རྣམ་པ། དམ་ཚིག་ཆེན་པོའི་ཡན་ལག་མ ་དང་། གཉི་སུ་མེད་པའི་སྦྱོར་བ་འཁྱུད་པའི་དཔལ་ཡེ་ཤེས་མཁའ་གྲོ་སྔར་བསྟན་པོའི་ཆོ་ག་ལས་དཀྱིལ་འཁོར་འཁོར་ལོ་དང་བཅས་པ་བསྒོམ་པ་ཞེས་བྱའོ།། སྣོད་ཀྱི་ཕྱི་རོལ་ཏུ་ན་མཁའ་ལ་སྤྱོད་པ་མཁ་འགྲོ་མ་ཆེན་མོ་ཐབས་དང་བཅས ་འཁྱུད་པ་གཉིས་མེད་པའི་སྦྱོར་བས་མཐོང་བར་བྱའོ།། དེའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བརྒྱད་མཚོན་ཆ་འཛིན་པའི་གཞན་ཡང་ལྷ་ཆེན་པོ་དང་ཉི་མ་དང་ཟླ་བ་དང་ཉེ་བའི་དབང་པོ་དང་། ཚངས་པ་དང་ཁྱབ་འཇུག ་དང་ནག་པོ་ཆེན་པོ་དང་། གཞོནུ་དང་བགེགས་ཆེན་པོ་དང་། ཕོ་ཉ་དང་། དུས་མཚམས་དང་། ཀུན་འབྱེད་དང་། ཆུ་དང་མེ་དང་རླུང་དང་ས་དང་། གཞན་ལྷ་དང་ལྷ་མ་ཡིན་དུ་མ་སྣ་ཚོགས་མ་མོའི་གཙོ་མོ་དང་། དེའི་མཐར་ཀླུ་ཆེན་པོའི ་རྒྱལ་པོ་བརྒྱད་ཚོགས་དུ་མས་བསྐོར་བ། དེའི་ཕྱི་རོལ་ཏུ་འབྱུང་པོ་ཡི་དགས། ཤ་ཟ་མྱོས་བྱེད། གྲོལ་བུམ་ལུས་སྲུལྔ་པོ། གཞན་ཡང་བརྩེ་མེད་མཁའ་གྲོ་མ་འཁོར་མང་པོ་དང་བཅས་པ་དང་། གདུག་པའི་གཟའི་དུ་མཱ་དང ་རྣག་ཟ་བ་སྟེ། དེ་དག་དགུག་པ་དང་གཞུག་པས་གཏོར་མ་ཆེན་པོའི་སྣོད་དུ་རབ་གནས་བྱས་ཏེ། རོལ་མོ་དུ་མ་སྣ་ཚོགས་ཀྱི་སྒྲ་གླུའི་མཆོད་སྦྱིན་བྱ། དམ་ཚིག་དཀྱིལ་འཁོར་གྱི་དབུ་སུ་བདག་ཉིད་དཔལ་ཧེ་རུ་ཀའི་སྐུ་ཡེ་ཤེས་ཀྱི་ཕྱག ་རྒྱ་ས་གཏོར་མ་བྱིན་གྱིས་བརླབས་ཏེ། སྔར་བསྟན་པའི་མཁའ་གྲོ་མ་ལ་སོགས་པའི་ཚོགས་ཀྱི་འཁོར་དང་བཅས་པ། ཆུ་ངོགས་ཆེན་པོར་འགྲོ་ཞིང་དེ་རུ་དམ་ཚིག་ཆེན་པོས་གསོལ་ནས། གཡས་བརྐྱང་པ་དང་། གཡོན་འགྱུར ་བའི་བཞུགས་ཐབས་ལ་སོགས་པའི་གར་ཆེན་པོའི་རོའི་དབང་གིས་དགའ་བས་སོན་ཐམས་ཅད་ལ་ཕན་པའི་དོན་གྲུབ་པར་བྱ་བའི་ཕྱིར་ཚོགས་ཀྱི་དཀྱིལ་འཁོར་ཐམས་ཅད་གསོལ་ཅིག། འཐུང་ཞིག་དམ་ཚིག་སྲུངས་ཤིག། ་ཞེ་ཕྱཝ་དང་རྒྱས་པ་དབྱུང་དགུག་པ་ལ་སོགས་པའི་ལས་གྲུབ་པའི་གྲོགས་མཛོད་ཅིག། པདྨའི་ལག་སྐོར་རྡོ་རྗེའི་སྙིམ་པས་གཏེར་མ་སྦྱིན་པར་བྱའོ།། ཨོཾ་ཨཱཏྨ་ཧཱུཾ་ཧཱུཾརྱཱ་ཕཊ་ཊུ་ཕཊ་སྭཱཏྠ། དཔལ་དཤཱ་བྱའི་མེ་ཏོག་བྲིང་བས་ལས ་གཏོར་མ་ཚོན་པོའི་ཆོ་གུའི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅུ་གསུམྦྷ་པའོ།། ། དེ་ནས་གཞན་ཡང་དཔལ་ཡེ་ཤེས་མཁ་འགྲོ་ལྀ་མཆོད་སྦྱིན་བཤད་དེ། དཔའ་བོ་ཆེན་པོ་དཔའ་བོའི་དབང་ཕྱུག ་མཁའ་མཐའ་ཟླབ་ཅིང་གཎྜཱིང་དཔག་དཀའ་བ་གཉིས་མེད་སྦྱར་བའི་མཉམ་འཁྱུད་མ་མཆུའི་མི་མོ་བདུད་རྩི་བཏུང་བས་བཟི་བ་འདྲེ་བ་རྒྱལ་གྱུར་ཅིག། ཐིག་ཚུལ་ཆེར་ཡང་དགའ་རྟེན་ནུང་རྐེང་རུས་བབྱུག་པ་རྩཝ་འཁོར་ནུང ་བཞུགས་ཨཱ་ལི་ཀཱ་ལི་གཉིས་སྟོང་ཐུགས་རྗེ་དབྱེར་མེད་རང་བཞིན་བདུད་རྩི་ཁྱད་སེམས་རྒྱུལ་གྱུར་ཅིག། དགའ་བ་བཅུ་དྲུག་མཛེས་རྣམ་དྲི་མེད་སྐྱུ་རོ་ཆེན་བརྒྱད་ཉམས་མྱོང་རང་རིག་ཡེ་ཤེས་བདག་ཉིད་ཉིད་རྒྱལ ་གྱུར་ཅིག། ཟག་ཡ་ཐེ་མྦྷ་དབུས་དེ་གནསྱཱ་རྨཱ་མྦྷི་སྨཻ་དཔུང་བསྒྱུར་ཡེ་ཤིསྟྭཾ་སྨང་བ་སྐད་ཅིག་ཡི་གྲྀ་འཁོར་ལོ་སྔགས་རྐྱོད་རིམ་མཛེས་དེ་བཞིན་གཤེགས་པ་ཚངས་པ་ཁྱབ་འཇུག་ཉི་མ་ཟླ་བ་ལ་སོགས་ཁྱབ ་རྒྱུ་བྱད་རྒྱལ་གྱུར་ཅིག།། ད་ལ་དང་ཡི་ག་སྤོང་བ་མས། དྲི་ཀྱི་དུན་ཉི་སྦྱིན་པའི་འསྐྱོད་ན་ནི་ཁྱོ་ནི་བསྟན་པ་ནས་ནུ་ན་།། དེ་ནས་གཞན་ཡང་དཔལ་མོས ་མཁའ་གྲོ་ལ་མཆོད་པའི་དོན་དུ་སྨོན་ལམ་གྱི་རྒྱལ་པོ་བཤད། དག་པའི་ཟླ་བའི་འོད་དཀར་སྣང་བ་བདེ་ཆེན་ལེགས་དགྱེས་མྱུ་གུའི་རྣམ་པའི་ལྟེ་བྱའི་ནམ་མཁའ་ལས་བྱུང་བདེ་ཆེན་ན་མཁའ་ལས ་བྱུང་བདུད་རྩི་བཟའ་བ་རྟག་ཏུ་དུས་གྱུར་ཅིག། རྟག་ཆད་མངོན་དགའ་དགའ་བྲལ་གཉིས་སྤངས་དྲི་མེད་རྡོར་སྙིང་ནུང་རིང་བཞིན་གཅིག་པུའི་མཚོན་རྡོར་བསམ་གཏན་ཁོ་ནར་གྱུར་ཅིག། རང་ཉམས་མྱོང་རྣམ་མཛེས་དགྲ ་བརྒྱད་གཉིས་ལོ་པད་འོད་མཉམ་པ་དམར་ཐིགས་ལག་རྐང་ཨུཏྤ་ལ་འདབ་སྤྱན་གསུམ་དབུས་ཕྲ་དབང་སཾ་ཤིས་ཡན་ལག་མའི་སྦྱར་བ་ཤིནྡ་དུ་ཁོ་ནར་གྱུར་ཅིག། ཐམས་ཅད་འཇིག་རྟེན་ཁམས་ཡང་དགྲ་རྫོ ་སངས་རྒྱས་བྱང་ཆུབ་རབ་གནས་ཕྱིར་བླ་མེད་ཐེགས་ཆེན་ནང་གི་ན་མཁའ་རང་བཞིན་བདུད་རྩི་སྙིང་པོ་མཛེས་ཤིན་ཏུ་ཁེངས་ཆོས་འབྱུང་གྲགས་པའི་ཚངས་བཞིར་གནས་གྱུར་ཅིག། དཔལྔ་དགའ་བའི་མེ་ཏོགི་ཕྲེང ་བ་ལས། བདེ་བ་ཆེན་པོའི་དམར་ཐིགས་ཆོས་ཀྱི་འབྱུང་གནས་གྲགས་པའི་འབྲས་བུའི་སྨོན་ལམ་གྱི་དོན་བསྟན་པ་ཞེས་བྱ་བ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་དཔལ་ཡེ་ཤེས་མཁའ་གྲོ་ལ་མཱན ་པའི་དོན་དུ་གཤེགསུ་གསོལ་བཤད།། སྔར་བསྟན་པའི་སྒོ་དགུ་ལ་སོགས་པ་དང་ལྡན་པའི་སྐུ་ལས། ཐོག་མ་དང་ཐ་མ་དང་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལས། ཟླ་སར་མེ་ཏོགས ་གུགང་བ་ཉི་འོད་ཀྱི་སྣང་བའི་པདྨས་མཆོད་པར་བྱས་ནས། ནུ་མཁའ་དང་ཟླ་བ་དང་ཉི་མ་དང་ཆུ་དང་མེ་དང་རླུང་གི་ཡེ་ཤེས་བདུན་གྱི་སྔགས་ཀྱིས་བཟླས་པའི་ཕྲེང་བ་རྒྱུན་མ་ཆད་པའི་ཡིད་ཀྱིས་ཤེས་རབ་དང་ཐབས་གཉིས ་མེད་པར་སྦྱོར་བས་བསྐོར་སྒྱུར་པས། དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་གོ་རིམས་རྡོ་རྗེའི་སྒོའི་རྟ་བབས་ཚོན་རྩི་ལྔའི་གནས་ནས་གཅིག་པུའི་རྒྱུའི་གླནསུ་རྡོ་རུ་གསུམ་ཡེ་ཤེས་ས་བོན་གྱི་ནང་ནས་དང་པོའི ་གཅིག་གཅིག་ཕྲ་མོའི་ཚེའི་ཐ་མའི་གནས་ལ་མི་གཡོ་བའི་ཡིད་ཀྱིས་དང་པོ་གཤུགསུ་གསོལ་བར་བྱའོ།། དབུས་ནས་ནང་གི་པདྨ་གཉིས་པོའི་གཙིགིས་འཆི་མེདྲ་དྲི་མེད་རྒྱས་དང་སྤྲོ་བ་དགའ་བ་དང་། སྲོག་དང་སྐྱབས ་སྦྱིན་དང་གླེང་གཞི་སྟེ་འདོད་ཆགས་ཆེན་པོ་བརྒྱད་ཀྱིས་གཤེགསུ་གསོལ་པ་གཉིས་པའོ།། དང་པོ་གནས་ཀྱི་པདྨའི་ལྟེ་བར་གདུ་བུའི་གནས་གསུམ་པའི་གཅིགས་དང་། གཞན་བརྩོན་འགྲུས་དྲང་། བསམ་གཏོན ་དང་འད་དང་། ལམ་དང་། རྟེན་དང་། བརྟེན་པ་དང་། འབྱུང་བ་དང་། ཚིམ་པ་དང་། བདུད་རྩི་དང་། སྒེག་པོ་དང་། ལོངས་སྤྱོད་དང་། སྣང་བ་དང་། སྒྲོན་མ་དང་། བརྟན་པ་དང་། གཡོ་བ་དང་། བཅུད་ཀྱིས་ལེན་ཏེ། དེ་ལྟ་བུ ་ལ་སོགས་པའི་བཅུ་དྲུག་ཚིམ་པའི་ཆར་ཡང་མེ་ཏོག་གིས་གཤེགསུ་གསོལ་བ་གསུམ་པའོ།། ཏོར་ཡའི་གནས་ཀྱི་ཆུ་སྐྱེས་སྙིང་པོའི་ལྟེ་བ་ཆེན་པོའི་གནས་མན་ཆད་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བའི་ནང་བཅུ ་དྲུག་པའི་དང་པོས་དང་། གཞན་ཡང་ཆར་ཡང་ཐིག་ལེ་ཚུལ་ཙམ་མཆོག་གཞན་མཆོག་སྦྱོར་བ་དྲུག་རྨད་བྱུང་མེ་ཏོག་གི་སུ་གཤེགས་གསོལ་བཞི་པའོ།། དཔལ་དགའ་བའི་མེ་ཏོགི་ཕྲེང་བ ་ལས། ཡིག་བདུན་བཟླས་པའི་བསྒོས་པ་དང་། རྡོ་རྗེ་གསུམ་གྱི་ཡེ་ཤེས་གྱི་ཡེ་ཤེས་ཀྱི་ས་བོན་དང་། ཐོག་མ་དང་ཐ་མ་དབུས་ཆགས་ཆེན་པོ་བརྒྱད་རྡོ་རྗེ་ཆུ་སྐྱེས་ཀྱི་གནསུ་བཅུ་དྲུག་ཚིམ་པའི་ཆར་ཡང་རྣམ་པར་ཤེས ་པའི་སྦྱོར་བ་དྲུག་དོན་གཤེགས་པ་བསྟན་པ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། རྣལ་འབྱོར་དབང་པོ་དུ་མའི་གཞུང་ལུགས་ནི།། ཡང་ངོག་དཔྱདང་པ་བྱོས་ནུས་རྨད་འབྱུང་སྨྲས།། དེ་ཕྱིར་བལྟ་དགའ་ཤིན ་ཏུ་ཟབ་མཐའ་ཡས།། རེ་ཞིག་སུམ་ཤེས་དཔྱོད་པོ་ཤིན་ཏུ་ནུས།། སྒྲ་ཚད་ལ་སོགས་ང་རྒྱལ་ནམ་ཡང་མི་ནོ།། རྒྱུད་སོགས་དུ་མ་ཉན་པ་དེས་ཀྱང་མིན།། ཇི་ལྟར་རུང་བཞིན་གང་ཞིག་ས་སམ་ཅི།། གཞན་མིན ་བླ་མའི་ཞལ་ནས་གསུངས་མིན་ཚྭ།། བྷྲ་མཱ་ཤྲཱིནྡྷ་ཏུ་བློ་ལྡན་ང་རྒྱལ་མེད།། དེ་ལྟར་རང་བཞིན་ཤེས་པ་ཐུགས་རྗེའི་བདག། རླུངས་ཆེན་ཆེན་པོའི་ཡུལ་གྱིས་གོས་པ་མེད།། དེ་རྡར་སེམས་བདག་མཆོག་བླ་མྱ་ལ་ཕྱུག ་འཚལ།། དགའ་བ་དུ་མ་མེ་ཏོག་སྣ་ཚོགས་ཀྱི་ནི་ཡིད་འཕྲོག་བཟོར།། འཇིག་རྟེན་འདིར་དོན་ཟབ་ཕྱིར་དགའ་བ་རིན་ཆེན་སྣང་བ་འོད་ཟེར་ལྡན།། དོན་ཤེས་དོན་དམ་པར་བདེ་སྐྱེད་མ་དཔལ་ལྡན་ཡེ་ཤེས་མཁའ་གྲོའི་དགོའམ། ་དག་ཡངས་བསྟན་པས་དྲི་མེད་འབྲས་བུ་གང་ཞིག་བདག་གྲིས་རྙེད་པ་དགེ། དེས་མྱུར་རྡོ་རྗེ་དབང་ཕྱུག་གནས་འཇིག་རྟེན་གསུམ་གྱིས་ཐོབ་པར་ཤོག། དཔལ་ཨོཿཎ་རྡོ་རྗེ་ཆེན་པོའི་གནས་ལས་བྱུང་བ། དཔལ་རྒྱལ་པོ་ཆེན ་པོ་ཨིནྡྲ་བྷཱུ་ཏཱིའི་ཞལ་སྟ་ནས་མཛད་པའི། དཔལ་དགའ་བའི་མེ་ཏོགི་ཕྲེང་བ་ཞེས་བྱ་བ་ག་སོ།། ། རྒྱ་གར་གྱི་ཁྱུ་ཆེའི་མཁན་པཾ་པྲཛྙཱ་ཤྲཱི་གུཔྟཱ་དང་། ཞུ་ཆེན་གྱི་ལོ་ཙ་བ་བིནྡེ་དགེ་སྦྱོང་རིན་ཆེན་རྒྱ ་མཚནགྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་ཨ་མྲྀ་ཏི་པཱ་ཏེ་ཤྲ། བོད་སྐད་དུ། དཔལ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག། དཔེལ་བདེ་བ་ཆེན་པོ ་