CLOSE WINDOW

GT466: gdung bsreg pa'i cho ga
Wyliee-texts produced with BDRC’s OCR application

དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། ། དཔལ་རྡོ་རྗེ་མཁ་འགྲོ་ལ་ཕྱག་འཚལོ།། ལག་ན་རྡོ་རྗེ་དྲིལ་བུ་བྱིན་ནས་ནི།། དབུ་ལ་ལག་པའི་དབུ་རྒྱན་ནི།། བྱིན་ནས་རྡོ་རྗེ་སྡོམ་པ་ཡང་།། སྡོམ་པ་བྱིན་དའི་མན་ངག་ཉིད།། ་མིག་ལ་སོགས་པའི་གཏི་མུག་སོགས།། གཏོར་གསུམ་གོ་འཕང་གསུམ་ལ་བཞག། རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས།། གདུང་བསྲེག་པ་ཡང་ཡང་དག་བྱ།། ཉི་མ་གསུམ་པའི་ཉིན་བཨཱརྱ་ནི།། རུས་བཱིའི་ཚེགས་ནི་ལེགས་པརྱཱ་བསྟྲ། ་བེ་མ་དྲི་ཞིམ་གྱིས་ཁྲུས་བྱ།། དེས་ནི་མཆོད་རྟེན་བྱ་བའོ།། འདིའི་དོན་ནི་དང་པོར་ཞིམ་པས་ཁྲུས་བྱ་བ་དང་། གོས་ལ་སོགས་པ་བྱས་པའི་དབུ་རྒྱུན་སྦྱིན་པ་དང་། དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་སྒྲུབ་པ་ལ་སོགས ་པ་བྱས་ནས། ཆུ་དང་། དབུ་རྒྱནཱ་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བུམ་པ་རྣམས་ཀྱིས་དབང་བསྐུར་ནས། རང་གི་ལྷོག་པའི་ལྷའི་གཟུགསུ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་སྔོན་དུ ་འགྲོ་བས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སྔགས་ཀྱི་ཚོགས་མང་པོ་བཟླས་པོ་བྱ་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས། སྔགས་ཀྱིས་བཟླས་པ་མང་པོ་བྱཱ་བ་དྲང ་ཇི་ལྟ་བ་བཞིན་དུ་མེ་ཐབ་མེ་ལྷ་བསྐྱེད་ལ་དེའི་ཐུགས་ཀར་རྡོ་རྗེ་སེམས་དཔའ་འམ། རང་གི་ལྷག་པའི་ལྷ་འཁོར་དང་བཅས་པ་དཀྱིལ་འཁོར་བསྐྱེད་དེ་ཤི་བའི་ལུས་ཀྱི་ཡེ་ཤེས་སེམས་དཔའ་གཤེག་སུ་གསོལ།། དེའི་དམ ་ཚིག་སེམས་དཔའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པ་རོ་གཅིག་ཏུ་གྱུར་པར་ལྷུག་པར་མོས་ཤིང་གདུང་བསྲེག་པར་བྱ་ཞེས་བྱ་བའི་དོན་ཏོ།། གང་དེ་ལྟར་མི་བྱུད་ན་དེ་ཚེ་མཆོད་རྟེན ་བཤིག་པ་ཉིད་དུ་འགྱུར་བའོ།། གདུང་བསྲེག་པའི་ཆོ་ག་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཨཱ་ཤྲཱི་ཛྙཱ་ནཱ་དང་། ལོ་ཙཾ་བ་དགེ་སློང་དཔལ་གྱི་སྙིང་པོས་བསྒྱུར་བའོ།། གུར་གྱི་དོན་ཨེ་ཤྭ་ཀས་མན་ངག་དུ ་བརྩམསོ།། ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་རཏྣ་ཀཱ་ལ་ནཱ་མ་སཱ་དྷ་ནཾ་པ་ཡེ་ཀཱ། བོད་སྐད་དུ། དཔལ་རིན་པོ་ཆེའི་ཆར་ཡང་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཤྭ་ར་བ ་