CLOSE WINDOW

GT464: ro bsreg pa'i cho ga zhes bya ba
Wyliee-texts produced with BDRC’s OCR application

ཤྲཱི་བྷ་དྲ་དང་། ལོ་ཙ་བ་གནུབས་བྱམས་པ་དཔལ་གྱིས་བསྒྱུར་བའོ།། ། @#རྒྱ་གར་སྐད་དུ། ས་མ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། རོ་བསྲེག་པའི་ཆོ་གཱ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་མཁའ ་འགྲོ་ལ་ཕྱག་འཚལོ།། རྡོ་རྗེ་གུར་ལས་གསུངས་པ་སྟེ། རྡོ་རྗེ་དྲིལ་བུ་ལག་ཏུ་སྦྱིན།། དབུ་རྒྱན་མགོ་ལ་བཞག་ནས་སུ།། རྡོ་རྗེ་སྡོམ་པ་སྦྱིན་བྱ་ཞིང་།། བུམ་པའི་དབང་ནི་བསྐུར་བར་བྱ།། མིག་སོགས་གཏི་མུག་ལ་སོགས་དང་།། རྡོ ་རྗེ་གསུམ་ནི་གནས་གསུམ་དགོད།། རྡོ་རྗེ་ཐབ་ཁུང་སྦྱིན་པ་ཡིས།། ཡང་དག་འདུས་བྱས་མཉམ་པར་བརྩམ།། ཞག་བདུན་དག་ནི་ལེན་ནས་ནི།། རུས་པའི་ཚོགས་ནི་ཉེ་བར་བསྡུ།། འོ་མ་དྲི་ཞིམ་ཆུས་འཀྲུས་ཏེ། མཆོད་རྟེན་དག་ནི་རབ་ཏུ ་བྱ།། དེ་ལ་འདིའི་དོན་དང་པོ་ཁྲུས་བྱས་ལ།། དབུ་རྒྱན་དང་གོས་ལ་སོགས་པ་བྷི་ན~ཾ་ཏཾ། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲེས་ལ། དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པ་བྱ་སྟེ། ཆུ་དང་། དབུ་རྒྱན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། ་བུམ་པའི་དབང་བསྐུར་ཏེ། ཡི་དམོ་ལྷའི་གཟུགསུ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་གཞུག་པ་སྔོན་དུ་འགྲོ་བས། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། སྔགས་ཀྱི་ཕྲེང་བ་མང་པོ་བཟླས་ཏེ། མཆོད་པ་དང་། བསྟོད ་བ་དང་། བདུད་རྩི་མྱང་བུ་བྱས་ནས་སྔགས་མང་པོ་བཟླས་ལ། ཇི་ལྟ་བ་བཞིན་གྱི་མེ་ཐབ་ཏུ། མེ་ལྷ་བསྐྱེད་ལ། དེའི་སྙིང་གར་རྡོ་རྗེ་སེམས་དཔའ་འམ། ཡཾ་དམ་ལྟབ་འཁོར་ལོ་དང་བཅས་པ་ལ། རབ་ཡེ་ཤེས ་སེམས་དཔའ་གཤེགསསུ་གསོལ།། དེའི་དམ་ཚིག་སེམས་དཔའ་འཁོར་དང་བཅས་པའི་འཁོར་ལོ་དང་། རོ་གཅིག་ཏུ་ལྡོག་པར་མོས་ལ། ཡང་དག་པར་འདུས་བྱསོ།། ཞེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ལྟར་མ་བྱས་ན ་མཆོད་རྟེན་བཞིག་པའི་ཉེས་པར་འགྱུར་རོ།། དམ་ཚིག་དང་ལྡན་པ་རྣམས་ཀྱི་རོ་བསྲེག་པའི་ཆོ་ག། རྡོ་རྗེ་གུར་ནས་གསུངས་པ་རྫོགས་སོ།། ། རྒྱོ་གར་གྱི་མཁན་པོ་སློབ་དཔོན་ཨ་བ་དྷཱུ་ཏི་བཱ་དང་། བོད་ཀྱི ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། བློ་གྲོས་ཆེན་པོས་མཛད་གསུང་།། བདུན་ཚིགས་ནོ་ཞག་བདུན་བདུན་ཞིང་ཁྲུས་བྱའོ།། སློབ་མས་སློབ་དཔོན་བསྲེག་ཏུ་མི་རུང་གལ་ཏེ་གཞན་མེད་ན། དེ་བཞིན་གཤེགས ་བ་ཐུམས་ཅད་ཀྱིས་བསྲེགས་པར་བསམ་མོ།། རུས་པ་ལ་ཁྲུས་བྱེད་ན། རང་ཉིད་ཡི་དམ་ལྟར་བསྐྱེད་ལ། རང་གི་སྙིང་ག་ནས་འོད་འཕྲོས་ཕྱིས། ཡེ་ཤེས་པ་བཀུག་ལ་རུས་པ་ལ་གཞུག། ཡང་སྙིང་ཁ་ནས་འོད་ཟེར་གྱིས ་ལྷ་མོའི་ཚོགས་ན་མཁའ་ལ་བལྟས་ལ། དེ་རྣམས་ཀྱིས་བུམ་པ་གཟུང་ནས་ཁྲུས་བྱས་པར་བསམ་མོ།། ཇི་ལྟར་བལྟམ་པ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་བཅས་པ་བརྗོད་ཅིང་ཁྲུས་བྱའོ།། དབང་བསྐུར་ནས་རོ་ཁྲུས ་བྱ། ལྷར་བསྐྱེད་པ་ཡེ་ཤེས་པ་གཞུག། དེ་ལ་དབང་བསྐུར་དེ་དུས་རང་གིས་ཚིག་བཤད་བརྗོད། དེ་ཡང་དེའི་སློབ་མ་སྙིང་ཉེ་བས་བྱའོ།། རུས་པ་དེ་བུམ་ཆུས་ཞག་པ་དུན་ལ་ཉི་མ་རེ་ར་ལ་ཁྲུས་ཁོར་གསུམ་དུ་བདུན་ཕྱུག་བདུན ་དུ་བྱའོ།། ཡི་གྲེ་བརྒྱ་པ་བཟླས་ཤིང་བྱ་གསུང་།། @#།། རྒྱ་གར་སྐད་དུ། ཥྨ་རཐཱ་མེཥྚ། བོད་སྐད་དུ། རོ་བསྲེག་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚ་ལི།། མངོན ་