| Wylie | e-texts produced with BDRC’s OCR application |
དཔོན་ཆེན་པོ་ཀྲྀཥྞ་བཛྲ་ས་མཛད་པ་རྫོགསོ།། ། ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར།། ། རྒྱ་གུར་སྐད་དུ། ཌཱ་ཀི་ནཱི་བཛྲ་པཉྫ་ར་པཉྩ་ཌཱ་ཀ་སཱ་དྷ་ནཾ་ནཱ་མ། བི་དྲི་སྐད་དུ། མཁ་འགྲོ་མྱ་རྡོ་རྗེ་གུར ་གྱི་མཁ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ།། འཁོར་བ་གང་ཞིག་ཤིང་ཆེན་པོ་ཡི་ཡལ་གའི་ཚོགས་དང་མཚུངས་པ་འོད་རྣམས་ནི།། ཞེ་སྡང་གཙོ་བོའི་ཉོན་མོངས་རྣམ། ་ཏེ་འགྲོ་དྲུག་རྣམས་ཀྱི་སྐྱེ་ལྔས་རྒྱལ།། གང་དེ་ཐུབ་དཀའི་བརྩོན་འགྲུས་ལྔ་གནས་རྣམ་པ་ལྔ་ཡི་སྐུ་འཆང་བ།། དུས་དགྲ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ལ་རྟག་ཏུ་འདུད།། འགྲོ་བ་མ་ལུས་པ་ཡི་འདོད་པ་མི ་གཅོད་ཅིང་།། བྱང་ཆུབ་ལ་ནི་ངེས་པར་འཇུག་པ་ལྔའི།། འཁོར་ལོ་རྣམས་ནི་དྲང་བར་ལྡན་པ་བྲི།། དེ་དག་ཀྱང་ནི་བསོད་ནམས་ལྡན་པའི་རྒྱུར།། ཆུ་དང་འབྲས་བུ་རྙེད་སླ་བ་དང་ཕུག་རྣམས་དང་།། གང་ཡང་རུང་བར་འཇམ་པའི ་སྟན་གནས་ཏེ།། སྔགས་པར་གཞན་གྱི་དབང་དུ་རྒྱལ་བ་བསྒོམ།། བློ་ཡི་བསམ་བྱ་བསམ་པར་བྱ་བ་ནི།། ཧཱུཾ་ཨཾ་ཏྲཾ་ཡ་ཁི་འདི་དག་ནི།། སྙིང་གར་ཇི་ལྟའི་གདན་ལ་བསམ།། བླ་མ་རྡོ་རྗེ་མཆོད་པ་དང་།། བདུན་པོ་རྣམ ་པར་དག་པར་བྱ།། སྡིག་པ་བཤགས་པར་བྱ་བ་དང་།། ཡང་ན་བྱེད་པར་སྡོམ་པའོ།། སངས་རྒྱས་བྱང་སེམས་འཕགས་པ་ཡི།། བསོད་ནམས་དག་ལ་རྗེས་ཡི་རང་།། དེ་དག་ཡོངསུ་བསྔོ་བར་བྱ།། དཀོན་མཆོག ་གསུམ་ལ་ཡང་དག་བརྟེན།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། ལམ་ལ་བརྟན་ཏེ་དེ་ནས་ནི།། ཚངས་པའི་གནས་བཞི་རྣམས་བསྒོམས་ནས།། སྣ་ཚོགས་སྟོང་པར་བསྒོམས་པར་བྱ།། དངོས་པོ་བདེན ་བརྫུན་རྣམས་དཔྱད་པས།། བརྟགས་པས་དམིགསུ་མེ་ད་པ་སྟེ།། དེས་ནི་འདི་ལྟར་གཟུགས་བརྙན་བཞིན།། དངོས་པོ་ཐམས་ཅད་སྐམ་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧོ།། མདུན་དུ་རེ་པ་ལས ་ནི་ཉི་མ་རྣམ་པར་བསྒོམ།། ཉི་མ་དྭེར་ནི་ཧཱུཾ་འབྱུང་སྣ་ཚོགས་རྡོ་རྗེ་སྟེ།། རྡོ་རྗེ་དེ་ཉིད་ཀྱི་ནི་ར་བྱཱ་དང་ཀླུར་བརྗིད་པ་ཡང་ངོ་།། ནམཁའི་ཁམས་ཀྱི་དབུས་གནས་པར།། སྣ་ཚོགས་རྡོ་རྗེ་བསྒོམས ་པར་བྱ།། དེར་ནི་ཧཱུཾ་ཡིག་ལས་བྱུང་བ།། བསྲུང་བའི་འཁོར་ལོ་བསམ་པར་བྱ།། འཁོར་ཞིང་རབ་ཏུ་མི་གཡོ་བ།། འཇིག་པའི་དུས་ཀྱི་མེ་དང་མཚུངས།། ཧཱུཾ་ཡིག་བཅུ་ཡི་སྦྱོར་བ་ལས།། ཁྲོ་བོ་བཅུ་ནི་རིམ་བཞིན་དགོད། ་ཤར་དུ་གཱ་ཤིནཎཱཾ་གཤད་པོ་བསྣམ།། ཤེས་རབ་མཐར་བྱེད་ཡང་ནི་ལྷོར།། པདྨ་མཐར་བྱེད་ཆུ་བདག་སྟེ།། བྱང་དུ་བདུད་རྩི་འཁྱིལ་པའོ།། འདོད་པའི་རྒྱལ་པོ་དབང་ལྡན་དུའོ།། མེ་ཉིད་ཏུ་ནི་དབྱུག་སྟོན་ཅན།། བདེན། ་བྷལ་དུ་ནི་མི་གཡོ་བསམ།། རླུང་ཉིད་དུ་ཡང་སྟོབས་པོ་ཆེ།། གཙུག་ཏ~ཾར་སྟེང་དུ་བསམོ་པར་བྱ།། འོག་ཏུ་གནོད་མཛེས་རྣམ་པར་བསྒོམ།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། རྡོ་རྗེ་ཁྲོ་བོ་དྲུག་ཚམ ་སྙིང་གར་ཁུ་ཚུར་སྡིགས་མཛུབ་སྟེ།། གཡས་པཱ་རང་གི་མཚོན་ཆ་འཕྱར།། ག་ཤྲཱིནྡ་རྗེ་འཇོམས་པའི་ཐོ་བྱཱ་སྟེ།། དབྱུག་བྱ་རྡོ་རྗེ་གཞན་མི་ཐུག།། རྟ་མགྲིན་གྱི་ནི་པདྨ་དམར།། བདུད་རྩི་འཁྱིལ་པའི ་རྡོ་རྗེའོ།། འདོད་པའི་རྒྱལ་པོ་ལྕགས་ཀྱུ་སྟེ།། དབྱུག་པ་སྔོན་པོ་རང་མིང་ཅན།། སྟོབས་རྒྱལ་གྱི་ནི་ཏྲི་ཤཱུ་ལ།། མི་གཡོ་བ་ཡི་རྡོ་རྗེའོ།། གཙུག་ཏོར་འཁོར་ལོ་སྒྱུར་རྒྱལ་གྱི།། ཆོས་ཀྱི་འཁོར་ལོ་བསམ་པ ་བྱ།། གཏུན་ཤིང་རྡོ་རྗེ་ས་འོག་གིའོ།། གཡོན་བརྐྱང་བ་ཡི་ཞབས་ཀྱི་གནས།། ཨིནྡྲ་ནཱི་ལ་མཚུངས་པའི་མདོག། གཤིན་རྗེ་གཤེད་པོ་བསྒོམ་པར་བྱ།། གཞན་གྱིས་མི་ཐུབ་ཅེས་བྱ་བ།། ཟླ་བའི་འོད་ཟེར་དང་མཚུངས ་པའོ།། པདྨའི་ཁྲོ་བོ་དམར་ཆེན་པོ།། བདུད་རྩི་འཁྱིལ་པ་ནག་པོ་སྟེ། མཚམས་ཀྱི་ཁྲོ་བོ་ནག་པ་ཆེ།། སྤྱི་བར་རྡོ་རྗེ་འཆང་བ་འཛིན།། གཤིན་རྗེ་རྣམ་པར་སྣང་མཛད་ཉིད།། རྡོ་རྗེ་སེམས་དཔའ་དབྱུག་པ་ལའོ།། པདྨ ་ཞེས་བྱ་འཇིག་རྟེན་སྤྱན།། བདུད་རྩི་འཁྱིལ་པ་སེམས་དཔའོ།། ཁྲོ་བོའི་འཁོར་ལོ་དབུས་གནས་སུ།། བཏུད་ལས་རྒྱལ་བ་བསམ་པར་བྱ།། འོག་ཏུ་པདྨ་བསམ་བྱས་ལ།། ཁྲོ་བོ་བཅུ་ནི་བསྒོམ་པར་བྱ།། དཔག་ཚད ་བརྒྱ་རཾ་ནི་འཇུག་པ་ཡཱས།། བགེགས་རྣམསྣ་སྤྱོད་པར་བསམ་པར་བྱ།། ནམ་མཁའི་ཁམས་ཀྱི་དབུས་གནས་པར།། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ།། རླུང་གི་དཀྱིལ་འཁོར་དབུས་གནས་པར།། མེ་ཡི ་དཀྱིལ་འཁོར་བསྒོམ་པར་བྱ།། མེ་ཡི་དཀྱིལ་འཁོར་དབུས་གནས་པར།། བརྟུལ་ཞུགས་ཅན་གྱིས་ཆུ་བསམ་བྱ།། དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད།། དེ་ཡི་སྟེང་དུ་བསམ་པར་བྱ།། དབང་ཆེན་དཀྱིལ ་འཁོར་སྟེང་དུ་ནི།། བདག་ཉིད་བསམ་པར་བྱ་བ་ཡི།། བུམ་ཡིག་སངས་རྒྱས་རྣམ་པ་ལྔ།། གནས་ལྔ་རུ་ནི་བསམ་པར་བྱ།། རྡོ་རྗེ་ཅན་དང་རྟག་པ་ཉིད།། གསུམ་པ་རྡོ་རྗེ་ཉི་མའོ།། བཞི་པ་འདོད་ཆགས ་དྷཱམྨཱ། ཛཱ་ཛཱ་ཡཻ།། ཨཱ་བྷཱུ་དྷཱ་སནྟོ། རྒྱལ་བྱའོ།། སངས་རྒྱས་པ་ར་རྣམ་པ་སྟྭ~ཾ།། རྡོ་རྡྷནྡྷནྟ་ཙྪིན་བྱུང་འདྲ།། ནཱས་གྷཱ་དྷཱ་རྡྷ་པཱངྠ་མཛུངསྱ།། མྱ་ཡྀད་བྷཱ་ན་ནོ་དུ་མྦྷ་ངས།། དྷ་མྦྷ་རྙོག་རྫྫ། ་ནཱི་ཞེས་བྱ་སྟེ།། གྷ་གས་མྦྷ་ཀུན་ཏུ་དྲི་ཡིའོ།། རྡོ་རྗེ་ཙྪིན་གྷྲི་ཝཱ་གཱ་སམྦྷ་སྟྭ~ཾ།། ཁྱུ་བཞི་སངས་རྒྱས་དཀྱིལ་འ་ཁོར་རོ།། སྨྲྀང་བྲྀ་ཀྱི་ཡང་ཁྱཱ་ལྱཱའོ།། བདྡྷ་ག་དབྱུ་གྲཱི་ནོ་དྷྱཿ། མཟློག་ལལ་འ་ཁཱངྒརྨྨ། ་ཁྱུ་བདུན་པ་ཡི་ཚད་ཡིན།། ཆུ་ནི་བརྒྱུད་པ་ཉིད་ཀྱིས་ནི།། འ་མའི་སྐུརཱི་རབ་ཏུ་ཕྱུགས།། ཁྱུང་དང་ལཱུ་ཡྀ་སྣམ་བུ་ནི།། སྒྱུ་ཡི་ཆུད་དྲི་གཱིཞལྦུ་བཱར་བྷུ།། སྒྲ་ཡྀ་བྱུང་གི་ཆ་ཡིས་ནི།། ལོགས་དང་ལྷྭམ་ནིཉི ་ཡིན་ནོ།། མཆོད་རྣམ་ཉིད་ཀྱང་དེ་བཞིན་བྱ།། དྲུ་བ་དྲ་ཕྱེད་སྣམ་བུ་ཡང་།། ཚངས་པའི་སྐུད་ལས་ཆ་གཉིས་བོ་རི།། ཆུ་དྲུག་པར་ནི་བྱ་བའོ།། སྒོ་ཡི་ཚད་ཙོམ་དེ་བཞིན་དོར།། ཆ་དགུ་རུ་ནི་རབ་བརྟགས་པའོ།། སངས ་རྒྱས་མགོན་པོའི་དཀྱིལ་འཁོར་ནི།། ཤར་གྱི་ཤར་ནི་རབ་ཏུ་བསྟན།། ལྷོར་ནི་སངས་རྒྱས་ཉི་མ་ཡི།། ནུབ་ཏུ་རྡོ་རྗེ་འདོད་ཆགསོ།། བྱང་དུ་རྟ་ཡཽ་རྒྱལ་པོའོ།། རྡོ་རྗེ་སེམས་དཔའ་དབུས་སུའོ།། ཤར་དུ་དཀར་པོ་ཆེན་པོ་སྟེ།། ལྷོར ་གསེར་དང་འདྲ་བའོ།། ནུབ་ཏུ་དམར་པོར་ཤེས་པར་བྱ།། དེ་ཡི་བྱང་དུ་ལྗང་གུའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཐམས་ཅད་ཀྱི་ནི་གྲཝ་ཡི་ཆར།། སྒོ་དང་སྒོ་ཁྱུད་གྲཝ་རྣམསུ།། རྡོ་རྗེ ་རིན་ཆེན་གྱིས་སྤྲས་པའོ།། དབུསུ་པདྨ་དཀར་དམར་ཏེ།། ཨཱ་ལི་ཀཱ་ལི་མཉཾ་སྦྱོར་བར།། རྡོ་རྗེ་སེམས་དཔའ་ཡི་ནི་གདན།། རང་གི་ས་བོན་ལེགས་བལྟས་ལ།། འཁོར་ལོའི་རྣམ་པར་བསམ་པར་བྱ།། སངས་རྒྱས་ཀུན་གྱི་ཡོན་ཏན ་ནི།། ཨཱ་ལི་གཟུགས་དེར་དེ་གཞུགོ། ལྷ་མོ་གཟུགས་ཀྱི་ཡན་ལག་ནི།། གྲུ་གསུམ་དུ་ནི་ཟླ་བ་བལྟ།། སྐར་མའི་རྣམ་པའི་གཟུགས་ཀྱིས་ནི།། ཀ་ལ་སོགས་པ་རབ་ཏུ་གཞུག། ཟླ་བའི་དཀྱིལ་འཁོར་དབུསུ་ཡང་།། བྱང་ཆུབ ་ཟླ་བ་གཉིས་དའོ།། ཧཱུཾ་བྱུང་རྡོ་རྗེ་བསྒོམ་པར་བྱ།། འོད་ཟེར་དཀར་པོའི་ཕྲེང་བའོ།། དེ་ལྟར་སོ་སོར་ངེས་པར་ནི།། ཕྱག་མཚན་ལྔ་ལ་ལྔ་རབ་དབྱེ།། རྡོ་རྗེ་སེམས་ལ་མི་ཕྱེད་པ།། རྣམ་སྣང་ལ་ནི་ཆོས་འཁོར་ལོ།། རིན་ཆེན ་རྒྱལ་པོའི་རིན་ཆེན་ཏེ།། པདྨ་བཟེང་པོའི་པདྨ་དམར།། དོན་གྲུབ་ཤེས་རབ་རྣོན་པོའི་རང་བཞིནོ།། སེམས་དཔའི་གཟུགསུ་ཡང་དག་འབྱུང་།། དཀྱིལ་འཁོར་བདག་པོར་རྣམ་བསྒོམ་བྱ།། མཁ་འགྲོ་ཅན་གྱི་ཕྱག་རྒྱ་སོགས།། ཟླ ་བའི་འོད་ཟེར་ནོར་བུའི་འོད།། མཱ་མ་ཀཱི་སོགས་ཡང་དག་འཁྱུད།། དཀྱིལ་འཁོར་ལྔ་ཡི་དབུས་ཉིད།། འདོད་ཆགས་ཆེན་པོའི་ཚུལ་མིང་ཅན།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། རང་གི་ལུས་ལ་ཞུགས་པ་དང་།། དེ་བཞིན ་གཤེགས་པ་ཀུན་གཙོ་བོའི།། སྲོག་དང་རྩོལ་དང་མཉམ་ཞེས་དང་། འབྱུང་དང་འཇུག་པའི་མིང་ཅན་དང་།། ཀླུ་དང་རུ་སྦལ་ཀྲི་ལག་ཅན།། ལྷས་སྦྱིན་དང་ནི་ནོར་ལས་རྒྱལ།། སངས་རྒྱས་འཁོར་ལོ་སོ་སོར་ཞུ།། ས ་བོན་བརྒྱད་ནི་བསམ་པར་བྱ།། མིང་གི་དང་པོ་གྷཾ་ཙཾ་སོགས།། ཡིག་ལས་ནི་ལྷ་མོ་འབྱུང་།། རྡོ་རྗེ་མཁའ་གྲོའི་དཀྱིལ་འཁོར་དུ།། དཀར་མོ་ཆོམ་རྐུན་རོ་ལངས་མ།། ཟ་ཕྲེང་སྤོས་མོ་དེ་བཞིན་དུ།། རི ་ཁྲོད་གཏུམ་མོ་གཡུང་མོའོ།། རྡོ་རྗེ་རྟག་པའི་དཀྱིལ་འཁོར་དུ།། སྐམ་པ་ཞགས་པ་མ་ཉིད་དང་།། དེ་ཟླུམ་མ་དང་ལྕགས་ཀྱུ་འཛིན།། མེ་ཏོག་ལ་སོགས་མཚམས་ཀྱི་ཆར།། རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ།། ཉི་ལག་མ་དང་མར ་མེ་མ།། རིན་ཆེན་སྒྲོལ་མ་གློག་ལག་མ།། སྒེག་མོ་ལ་སོགས་མཚམས་ན་རོ།། པདྨ་ཆོས་འབྱུང་ལྕགས་སྒྲོག་དང་།། འཁྱུད་མ་གར་གྱི་དཀྱིལ་འཁོར་དུ།། གླིང་བུ་མ་སོགས་ཕྱོགས་ཀྱི་ཆར།། བདག་ཉིད་ཆ་བྱད་སྦྱོར ་བས་སོ།། རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་དུ།། རྡོ་རྗེ་སྒོ་ལྕགས་ལྡེ་མྱིག་མ།། སྐེ་གླེགས་མ་དང་གོས་འཛིན་མ།། དེ་བཞིན་མཚོམ་སུ་སྤྱན་སོགསོ།། བསྡུས་པའི་དཀྱིལ་འཁོར་ཇི་ལྟ་བར།། སྒོ་སྐྱོང་སྒྲོ་རུ་དགོད་པ་སྟེ།། ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་།། དེ་བཞིན་རྡོ་རྗེ་མཁའགྲོ་དེ་དག་ཀུན།། རྐང་པ་གཡོན་པ་བརྐྱང་པས་གནས།། སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ།། ཟླ་བ་ཉི་མ་རོ་སྟེང་དུ།། མཽ་བསྐྱོད་དཀྱིལ་འཁོར ་ཕྱོགསུ་ནི།། དཀར་མོ་ལྕགས་ཀྱུ་སྡིགས་མཛུབ་སྟེ།། ཆོམ་རྐུན་རྡོ་རྗེ་ཞགས་པ་བཅས།། རོ་ལངས་རྡོ་རྗེ་ལྕགས་སྒྲོག་གོ། ཟ་ཕོང་རྡོ་རྗེ་དྲིལ་བུ་ཅན།། དཀར་དང་སེར་དང་དམར་དང་ལྡེང་།། སངས་རྒྱས་དབང་གྱུར་གཞན ་དུ་ནི།། གཅིག་ལས་རིམ་པ་བཟློག་པའོ།། པུཀྐ་སཱི་སོགས་ལྷ་མོ་རྣམས།། མཚན་མ་དང་ནི་མདོག་བཤད་བྱ།། བྱང་སེམས་བུམ་པ་རི་རབ་དང་།། མ་ཐབས་རྒྱལ་མཚན་ཆེན་པོའོ།། ནག་པོ་དཀར་པོ་ན་མཁའ་མཚུངས ་ཁྲོ་བོ་མ་བསྐྱོད་དཀྱིལ་འཁོར་དུའོ།། མེ་ཏོག་དཀར་པོ་ཡིན་ཏེ་སྤྲོས།། དུ་བ་མར་མེ་སེར་པོའི་འོད།། བྱུག་པ་དམར་བྲོ་ལཱུ་སྱེ་དག། གླུ་མ་སེར་མོ་གར་མ་ལྷུང་།། བཞད་མ་དམར་མོ་གླིང་བུ་ནི།། སེར་པོ་པི་ཝང ་དཀར་དམ་རོ།། རྗེ་འཛིན་ལྗང་ཁུ་རྫུ་རྔ་ནི།། དཀར་མོ་རང་གི་ཕྱག་མཚན་སྦྱོར།། ཧོ་ཡིག་དམར་པོ་འོད་ཟེར་བཅས།། གཉིས་ཀྱི་དབུསུ་ཡི་གེ་གསུམ།། དྲི་ཡང་ནཱ་ནི་མཉམ་པར་ཞུགས།། ཞུ་བར་གྱུར་པས་རྗེ་སུ་དྲན།། མཚམས ་ཀྱི་ལྷ་མོ་རྣམས་ཀྱིས་ཡང་།། གྲཙོ་བོ་ལ་ནཱི་གླུ་འདིས་བསྒྲལ།། ཁྱོད་ནི་སྡང་རྡོ་རྗེ་ཡོངས་སྐྱོང་ཐུགས་དག་ཅིང་།། ཤནྟི་ཏུ་རྣམ་པར་དག་པའི་ཆོས་ཀྱིས་ལྷའི་ལུས་ཡང་དག་བརྒྱུན་མཛད་པ།། པུཀྐ་སྠཱ་ནི་བཱིདག་ལ ་མྱུར་དུ་གཟིགས་ལ་སྟོང་པ་ཉིད་སྤོངས་ཤིག། ཁྱོད་ནི་གཱཏི་མུག་རྡོ་རྗེ་ཡོངས་སྦྱོང་སྐུ་དག་ཅིང་།། གཟུགས་བརྙན་ཆོས་ཀྱིས་ལྷའི་ལུས་ནི་ཡང་དགྲ་བརྒྱན་མཛད་པ།། རི་ཁྲོད་མྱ་ནི་བདག་ལ་མགྲོན་པས་མྱུརཱི་གཟིགས ་སྦྱོང་ཉིད་སྤོངས།། རྣམ་པར་འདྲེན་པས་འཇིག་རྟེན་དོན་ཕྱིར་སྐྱེ་བ་གཟིགས་པར་མིཛད།། ཁྱོད་ནི་འདོད་ཆགས་རྡོ་རྗེ་ཡོངས་སྦྱོང་གསུང་དག་ཅིང་།། མཆོག་ཏུ་སོ་སོར་རྟོགས་པས་ལྷ་ཡི་ལུས་ནི་ཡང་དག ་བརྒྱན་མཛད་པ།། གཏུ་མོ་བདག་ལ་མྱུར་དུ་གཟིགས་ནས་སྟོང་པ་ཉིད་སྤོངས་ལ།། རྣམ་པར་འདྲེན་པས་འཇིག་རྟེན་དྲོན་ཕྱིར་སྐྱེ་བ་བཞེས་པར་མཛོད།། ཁྱོད་ནི་སྲུངས་རྒྱས་ཐམས་ཅད་ཡོངས ་སྐྱོང་གཟུགས་སྐུ་བྱ།། བྱ་བྱ་གྲུབ་པས་ཐམས་ཅད་མཉམ་པས་བདག་ཉིད་བརྒྱན་མཛད་པ།། གཡུང་མོ་བདག་ལ་མྱུར་དུ་གཟིགས་ལ་སྟོང་པ་ཉིད་སྤོངས་ཤིག། རྣམ་བྱར་འདྲེན་པོས་འཇིག་རྟེན་དོན་ཕྱིར་སྐྱེ་བ ་བཞེས་པས་མཛོད།། སྤོས་མེ་སོགས་ཀྱི་གནས་འདུག་པའི།། མེ་ཏོག་ལ་སོགས་རང་གིས་གླུས།། མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ།། དེ་ལྟར་གཙོ་མོ་གཞན་དག་ལའང་།། བསྒྲོལ་ཏེ་སད ་བྱས་སྟོན་གྷི་ནཱི།། སྤྱན་ལམ་དྲན་པའི་སྟོབས་ཀྱི་སཱུ་ཏེ།། བྷྲཱུཾ་མཾ་དག་ལས་ལངས་པར་བསྣམ།། ཐུགས་ཀྱི་མཁའ་གྲོ་སྟོབས་ཆེན་པོ།། ཞལ་བརྒྱད་ཞབས་ནི་བཞི་པ་སྟེ།། ཕྱག་ནི་བཅུ་དྲུག་དག་གིས་བརྒྱན།། དབང ་སྔོན་ལྟེ་བུའི་འཇིགས་པ་དང་།། སྒེག་ཅིང་ཁྲོ་བོའི་གཟུགས་དག་སྟེ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས།། རུས་པའི་རྒྱུན་གྱིས་རྣམ་པར་བརྒྱནཱ།། དང་པོའི་ཞལ་ནི་ནུག་པོ་སྟེ།། གནྡྷིས་ནཱཾ་དཀར་དང་དམར ་འོ།། སྤྱི་བོའི་དབུ་མ་གཙིགས་པ་སྟེ།། ལྷག་མའི་ཞལ་ནི་བུང་བ་མཚུངས།། བདུད་བཞི་པོ་ནི་མཉམ་པར་མནན།། སྤྱི་བོར་རྡོ་རྗེ་ནག་པི་འཛིན།། གླང་པ་རྟ་བོང་གླང་རྔ་མོ།། མི་དང་དེ་བཞིན་སེང་བྱི་ལ།། གཡས་པའི ་ཐོ་པ་བརྒྱད་རྣམས་ལ།། གཉིས་འཐུང་ལ་སོགས་རིམ་ཤེས་བྱ།། ས་དང་ཆུ་དང་མེ་དང་རླུང་།། ཉི་མ་ཟླ་བ་ཉིད་དང་ནི།། མཐར་བྱེད་དང་ནི་ནོར་སྦྱིན་ཉིད།། གཡོན་པའི་ཐོད་པ་བརྒྱད་རྣམས་ལའོ།། གྲི་གུག་ཐོད ་བཔ་ཕྱག་འཛིན་པའི།། མཱ་མ་ཀཱི་དང་གཉིས་མེད་སྦྱོར།། ཨོཾ་ལཾ་དག་ལས་ལྷག་པར་དཀར།། ཞལ་གཉིས་གནག་དང་དམར་བའོ།། ཟླ་བའི་གདན་ལ་ཡང་དག་བཞུགས།། སངས་རྒྱས་སྤྱནྡ་གྱིས་མགུལ་ནས ་འཁྱུད།། ཞབས་བཞི་ལ་སོགས་ཐུན་མོངས་པ།། ཞལ་བརྒྱད་ལ་སོགས་མ་བསྟན་ཏོ།། ཁྱད་པར་སྤྱི་གཙུག་འཁོར་ལོ་སོགས།། ཕྱག་མཚན་དག་ཀྱང་བརྗོད་པའོ།། སྤྱི་བོར་ཆེས་ཀྱི་འཁོར་ལོ་འཛིན།། འཇིག་སུ་རུང ་ཞིང་འཇིགས་པར་མཛད།། རྨཱ་བྱ་མ་ཧེ་ཆུ་སྲིན་དང་།། ཉ་ཡཱི་རྒྱལ་པོ་རུ་སྦལ་དང་།། ལྷག་པའི་ཀླུ་དང་དང་བ་དང་། རི་བོང་ལྷག་པའི་གཡས་རྣམས་ལའི།། རྩངས་པོ་ཐུ་བོ་སྦྱིན་ཤུགས་དང་།། མིག་སྨནྡ་འདྲ ་དུང་བྱི་བྷཱ་དང་།། གཡག་དང་དྲི་ཝཱན་ས་རོ་སེ།། གཡོན་པའི་ཐོད་པ་བརྒྱད་ལའོ།། ཏྲཾ་ཏཾ་དག་ལ་རཱི་ནཱི་རྒྱལ་མཱིང་།། སྐུ་མདོག་སེར་པོ་བསྒོམ་པཪྵ་བྱཱ།། གཡས་དང་གཡོན་གྱི་ཞལ་ནག་པོ།། དམར་པོ་སྤྱི་བཱི་རི་རིན ་ཆེན་འཛིན།། ཀུ་རནྡྲ་དང་འཁོར་ལྀ་དག། ནེ་ཙོ་དང་ནི་ཙ་གོ་ར། བྱེའུ་ཁྲི་ཧོར་མོ་འོལ་པ་དང་། རི་སྐེགས་རིན་ཆེན་གཡས་དག་ནའོ།། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་།། རིགས་ལྡན་པདྨ་པདྨ་ཆེ།། འཇིགས་པ ་དང་ནི་ནོར་རྒྱས་དང་།། མཐའ་ཡས་གཡོན་པ་དག་ནའོ།། ཤིན་ཏུ་སྦྱངས་པའི་གསེ་རུ་བསྲེགས་བཞིན།། སྒྲོལ་མ་ཡིས་ནི་མགུལ་ན་སཱ་འཁྱུད།། ཨཾ་བཾ་དག་ལས་བཞེངས་ཤིང ་དམར། རྟ་མགྲིན་རྣམ་པར་བསྒོམ་པར་བྱ།། གཡས་པའི་ཞལ་ནི་ནག་པོ་སྟེ།། གཡོན་པ་ཟླ་འོད་དྲི་མ་མེད།། སྤྱི་བོར་པདྨ་དམར་པོ་འཛིན།། གོས་དཀར་མོ་དང་གཉིས་མེད་སྦྱོར།། དོམ་དང་བྱ་རྒོད་དེ ་བཞིན་པས།། བ་མིན་དང་ནི་སྟག་ཉིད་དང་།། སྤྲེའུ་དང་ཆུ་སྲིན་ལྕེ་སྤྱང་དག། རྡོ་རྗེ་ཆོས་ཀྱི་གཡས་དག་ལའོ།། བྱ་རོག་འུག་པ་ཆུ་སྟིར་སེར།། ས་ར་ས་དང་དེ་བཞིན་རཱ།། རི་དགས་ཕག་པ་ཐོང་བ་རྣམས།། གཡོན་པ་དག་ཏུ ་རྟག་ཏུ་གནས།། ཏཾ་ཁཾ་དག་ལས་བཞེངས་ཤིང་།། རྟ་རྒྱལ་རྟ་གདང་དྲན་པར་བྱ།། སྤྱི་བོར་རལ་གྲི་དཀར་པོ་འཆང་།། སྒྲོལ་མ་ཡིས་ནི་མགུལ་ནས་འཁྱུད།། གཡས་པའི་ཞལ་ནི་ནག་པོ་སྟེ།། གཡོན་པའི་ཟླ་འོད་དྲི་མ་མེད།། གཟའ ་ལྕག་ཕྱུར་བུ་མཇུག་རིངས་དང་།། སྐུ་གཅན་མིག་དམར་ཉི་མ་དང་།། སྤེན་པ་ཟླ་བྱ་བོང་རྣམས།། རྩཝ་ཡི་རྒྱལ་པོ་གཡས་དག་ཏུའོ།། དབང་པོ་ཚངས་པ་དེ་བཞིན་དྲགྲ། འདོད་ལྷ་དང་ནི་ཐོད་བུ་འཛིན།། གཅེར་བུ་དང་ནི་ཐག ་ཡང་རིས།། སྟོབས་ལྡན་ཞེས་བྱ་གཡོན་ནའོ།། ལྷ་མོ་རྣམས་ནི་ཕྱག་གཉིས་བརྗོད།། གྲི་གུག་ཐོད་པ་ཉིད་ཡིན་ནོ།། རྗེ་ཉིད་ཀྱི་ཐམས་ཅད་ཀྱི།། སྙིང་གར་ཡེ་ཤེས་གནས་དགེང་བྱ།། ཡེ་ཤེས་སེམས་པའི་སྦྱིར་པ ་སངས་རྒྱས་བྱང་ཆུབ་རབ་བསྒྲུབ་བྱ།། རང་སྔགས་ཡི་གེ་མཚན་མ་དང་།། ཕྱག་རྒྱར་བཏགས་པ་ལས་བྱུང་བ།། དམ་ཚིག་སྙིང་གར་ཡེ་ཤེས་ཏེ།། བསྙེན་པའི་སྦྱོར་དར་རབ་བཏགས་པའོ།། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། ཡ ་ཤེས་འཁོར་ལོ་རང་དཀྱིལ་ལ།། ལྕགས་ཀྱུ་ལ་སོགས་པས་དགུག་ཅིང་།། གཞུག་པ་དང་ནི་བཅིང་བ་དང་།། མཉེས་པ་ཉིད་དུ་བསྒོམ་པར་བྱ།། སྤྱན་ལ་གཏི་མུག་རྡོ་རྗེ་དགོད།། ཞེ་སྡང་རྡོ་རྗེ་རྣ་བ་འི་གཉིས།། སྣ་ལ་སར་སྣ་རྡོ ་རྗེ་དང་།། དག་ལ་འདོད་ཆགས་རྡོ་རྗེ་ཅན།། ཕྲག་དོག་རྡོ་རྗེ་དེ་བཞིན་ལུས།། ཡིད་ལ་བདག་མེད་རྣལ་འབྱོར་མ།། ཕྱག་གཉིས་ཞལ་ནི་གཅིག་པ་ཡིན།། སྣ་ཚོགས་གཟུགས་ཅན་བཙུན་མོ་རྣམས།། ཕྱག་གཉིས་གྲི་གུག་མགོ ་བོ་སྟེ།། སྲོག་སོང་སྟེ་དུ་ཡང་དག་གནས།། མཁའ་སྤྱོད་དང་ནི་ས་སྤྱོད་གཉིས།། དེ་བཞིན་ཞབས་འོག་གནས་པ་མོ།། ཐུགས་དང་གསུང་དང་སྐུ་དག་ལྕི།། སྐུ་གསུང་ཐུགས་ཀྱི་ཡཾ་ག་རུ་དྲན།། ཨོཾ་ཁེ་ཙ་རི་བཛྲ་སྱཱ་བྷཱ་བ ་ཨཱཏྨ་ཀོ་ཧ། དེ་བཞིན་དུ་བུ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་བཞིན་དུ་པཱ་ཏཱ་ལ་བ་སི་ཏཱི་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ།། གསུམ་དང་རྡོ་རྗེ་མ་སོགས་ལྔ།། རིག་མྱ་བརྒྱད་པོ་དེ་རྣམས་ཀྱིས།། མཁའགྲོ་དབང ་བསྒྱུར་རབ་ཏུ་གྲགས།། མཁ་འགྲོ་ལྔ་དང་ཡང་དག་ལྡན།། དམ་ཚིག་ལྔ་ཡིས་གང་བ་ཡིན།། བུམ་པས་རིག་མ་བརྒྱུད་པ་ཡིས།། མཁའ་གྲོ་ལྔ་ལ་དབང་བསྐུར་ཏེ།། བཞི་པ་སྤྱི་བོར་འཁོར་ལོ་དང་།། རིན་ཆེན་པདྨ་རལ་གྲི ་འཛིན།། ཐུགས་ཀྱི་མཁ་འགྲོའི་སྤྱི་བོར་ནི།། སངས་རྒྱས་ལྔ་ནི་འཛིན་པར་བསྒོམ།། དེ་རྣམས་ཀྱི་ནི་དཀྱིལ་འཁོར་པ།། རྡོ་རྗེའི་རྗེས་རིམས་དཀྱིལ་འཁོར་ཀུན།། ཐུགས་དང་རྟག་པ་རིན་ཆེན་དང་།། དཔག་མྱེད་ལྷ ་མོའི་སྤྱི་བོར་འཛིན།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་སྭ་བྷ་བ་ཨཱཏྨ་ཀོ་ཧ།། གཡོ་ཤིང་འབར་བས་ཐོད་པ་རུ།། ལྕགས་ཀྱུ་ལྔ་ཡིས་ས་བོན་ལྷ་ལས་བྱུང་།། ལྕེ་ལ་རྡོ་རྗེ་ནས་འབྲས་ཙམ།། རྡོ་རྗེ་བདུད་རྩི་མྱང་བའོ།། ཨོཾ ་སརྦྦ་ཏོ་ཐཱ་ག་ཏ་ཨ་མྲྀ་ཏ་སཏྭ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། ཡེ་ཤེས་ལས་ནི་མཆོད་སྣ་ཚོགས།། བརྒྱད་པོ་ངེས་པར་ཕྱུང་བ་ཡི།། ལྷ་མོས་འཁོར་ལོ་ལ་ནི་མཆོད།། འཁོར་ལོའི་བདག་ཉིད་གཙོ་བོ་ལའོ།། ཨོཾ་སརྦྦ་ཏཱ་ཐཱ་ག ་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངསུ་བསྐོར།། ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་ནི་ཡོངས་བརྙེས་ཏེ།། ཁྱོད་ཀྱིས་ཆུ་དང་མི་རྒྱུ་འགྲོ་བ་ཀུན་སྒྲུབ་ཅིང་།། སྙིང་རྗེའི་ཐུགས་ཀྱིས་སེམས ་ནཱན་སང་པར་མཛད།། སྒྱུ་མའི་སྤྲོས་པས་དགོས་པ་བསྒྲུབ་པ་པོ།། ཧེ་རུ་ཀ་དཔལ་ཐུགས་ནི་དགྱེས་པ་སྐྱེ།། ཨོཾ་སརྦྦ་ཏ་ཐཱ་ག་ཏསྟུ་ཏོ་བཛྲ་སྤོ་བྷཱ་བ་ཨཱཏྨ་ཀོ་ཧཾ།། གཞལ་ཡས་སངས་རྒྱས་རྣམ་སྣང་མཛད།། དབང་ནི ་མི་བསྐྱོད་དེ་བཞིན་གཤེགས།། བདུད་རྩི་མྱང་བ་སྣང་མཐའ་ཡས།། བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ།། མཆོད་པ་དོན་ཡོད་གྲུབ་པར་བརྗོད།། རྗེ་སུ་ཆགས་པ་རྡོ་རྗེ་སེམས།། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ ་རང་བྱིན་བརླབ་པ་རབ་ཏུ་གྲུབ།། གྲུབ་པའི་སྔོན་དུ་མཚན་མ་རྣམས།། རིམ་པ་མངོན་དུ་མཚོན་པར་བྱ།། དང་པོ་སྤྲིན་དང་འདྲ་བར་སྣང་།། གཉིས་པ་དུ་བ་ལྟ་བུ་སྟེ།། གསུམ་པ་མེ་ཁྱེར་རྣམ་བླ་ལ།། བཞི་པ་མྱུར་མ ་གསོལ་བའོ།། ལྔ་པ་རྟག་ཏུ་སྣང་བ་ནི།། སྤྲིན་མེད་ན་མཁའ་ལྟ་བུའོ།། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ།། རྨྱི་ལམ་རྣམ་པ་སྐད་ཅིག་ཡིན།། སྙིང་གའི་ནང་སོང་ཟླ་བ་ནི།། ཟླ་བའི་གཟུགས་ལ་མི་ཤིགས་པ།། སྣ་ཚོགས་འོད ་ཟེར་གྱིས་ནི་བསྐོར།། དེ་ལས་རྡོ་རྗེ་བསྒོམ་པར་བྱ།། རྡོ་རྗེས་བདག་མེད་མཁ་འགྲོ་མ།། བསྒོམས་ཏེ་ཆོ་ག་ཡིས་ནི་བསྐུལ།། མཁའ་གྲོ་མ་ཡི་སྣ་ཡི་མཐུར།། ཡུངས་ཀར་རྣམ་པར་བསྒོམ་པར་ནི།། འགྲོ་བ་ཐམས་ཅད ་ཡུངས་ཀར་ལ། ཁམས་གསུམ་རྒྱུ་དང་མྱི་རྒྱུ་བ།། དེ་ལྟར་ཡིད་ཀྱིས་སྒོམ་བྱེད་པའོ།། རང་བྱིན་བརླབ་པར་རབ་གྲུབ་པའོ།། རུ་རཀྵ་དུད་བ་སྭེ་རུ་དང་།། བོ་དེ་ཙ་དང་པད་འབྲས་བུ།། མུ་ཏིག་སོགས་དང་བྱི་རུ་ལ།། བསམ ་གཏན་ལྡན་པས་སྔགས་བཟླས་བྱི།། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་རཱ་ཡ། མར་དྷ་མརྱཱ་དྷ། བཛྲ་དྷཾཀྲ་ཕཊ་སྭཱ་ཧཱ། ཨོཾ་སྭ་སྭ་ཏ། ཨུ་ཧི་ཨེ་ཧི་ཛི་ན་ཛ་ཀ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཏཱ་མོ་བི་ཏ་མ་ནྭ་ས་མ་ཡོ་སྟྲྀ་ཨ་ཧཾ། ་རཏྣ་དྷྲྀཀྐ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ས་མ་ཡསྟྭ~ཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལི་ཀི་ཕཊ་སྭཱ་ཧཱ།། ཨོཾ་ཕུ་ཕུ་ཕུ་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། གང་ཚེ་རྣལ་འབྱོར་བསམ་གཏན་དུབ།། དེ་ཚེ་དག་པོ་རྫ་སུ་དྲན།། སྙིང་རྗེ་ཡིས་ནི་སྤྱན་དག ་དམར།། སྤྱན་གྱི་རྣམ་དག་རྡོ་རྗེ་གསུམ།། ཞལ་རྣམས་རྣམ་ཐར་བརྒྱད་པོ་ཡིན།། ཕྱག་ནི་སྟོང་པ་བཅུ་དྲུག། བསྡུ་བའི་དངོས་པོ་བཞི་པོས་ནི།། ཞབྱས་ནི་བཞི་པོ་བརྗོད་པའོ།། ཕྱག་རྒྱ་ཡིས་ནི ་སངས་རྒྱས་ལྔ།། ཁྲོ་བོ་གདུག་པ་འདུལ་བའོ།། བདེན་པ་རྣམ་པ་བཞི་པོས་ནི།། རུས་པ་རུ་ནི་ཡོངས་གྱུར་པའོ།། གཟུགས་ཕུང་རྡོ་རྗེ་མུ་རུ་གྱུར།། ཚོར་བར་གསང་བཱའི་གཽ་རི་མ།། འདུ་ཤེས་དེ་བཞིན་ཆུ་མ་སྟེ།། འདུ ་བྱེད་རྡོ་རྗེ་མཁ་འགྲོ་མའོ།། རྣམ་ཤེས་ཉིད་ནི་བདག་མེད་མེ།། ཕུང་པོ་དོན་དམ་པར་ནི་མེང་།། སྐྱེ་མཆེད་དྲུག་ཏུ་འགྱུར་བ་ནཱི། ཞེ་སྟེང་རྡོ་རྗེ་རྡོ་རྗེ་མཱ།། ཆུ་མཱ་རོ་ཡི་རྡོ་རྗེ་ཡིན།། ཕྲག་དོག་རྡོ་རྗེ་གཏི་མུག་མ།། རྡོ་རྗེ་རྡོ་རྗེ་མ ་འགྲོ་མ།། སེར་སྣ་གསང་བའི་གཽ་རིམ།། ཡིད་ལ་བདག་མེད་རྣལ་འབྱོར་མའོ།། ས་ནི་པུཀྐ་སྭཻ་རྱ་བརྗོད།། ཆུ་ཁམས་རི་ཁྲོད་མ་རུའོ།། མེ་ནི་གཏུམ་མོར་ཤེས་བྱ་སྟེ།། རླུང་ནི་གཡུང་མོར་རབ་ཏུ་གྲགས།། གཟུ། ་ནི་དཀར་མོར་རྟག་ཏུ་བཤད།། སྒྲ་ལ་ཆོམ་རྐུན་མ་རབ་གྲགས།། དྲྀ་ཡཱི་ཆ་ལ་རོ་ལངས་མ།། རྀ་ལ་གྷསྨཱ་རཱི་ཡི་གཟུགས།། རེག་ལ་སཱ་སྤྱོད་མ་རུ་བརྗོད།། ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མའོ།། གློ་དང་དབུགས ་དང་དེ་བཞིན་སྤྲོ།། ཁོང་སྦྲན་མཛེ་དང་རྐང་ཤུ་དང་།། མཆིན་པ་མཚར་པའི་རང་བཞིན་ཀྱང་།། གླང་པོ་ལ་སོགས་རབ་ཏུ་གྲགས།། རྫི་མའི་བྱི་དད་སོ་ནད་དང་།། མཁྲིས་པ་ཁྲག་དང་དེ་བཞིན་རླུང་།། བད་ཀན་འཇོག་དང ་ལུས་སྦས་དང་།། སྒྱུ་སྦཔཱ་འབྲས་ནི་རྨ་བྱ་སོགས།། རྐང་སྦ་བ་ཚིལ་ནད་རླིག་སྤངས་དང་།། རྒྱུ་མ་འཕེལ་དང་ལྷོག་པ་དང་།། འཁྲུ་དང་རིམས་དང་རབ་འགས་དང་།། ཀ་རཱནྡ་སོགས་རབ་ཏུ་གྲགས།། བརྗེད་བྱེད་དང་ནི་ཕོ ་མཚན་ལྕགས།། ཆུ་བསྲི་བ་དང་རྡོ་ཆུ་ཅན།། བཤང་ནད་སྨན་དང་སྒྲོ་ནད་དང་།། མྲིག་སེར་དོམ་ལ་སོགས་པའོ།། རླུང་དང་མཁྲིས་པ་མ་ཞུ་བ།། སྐྱ་རིམས་རབ་རི་བེ་མཆིལ་མས་གང་།། གཞོག་ཕྱིང་ན་དང་ལྐོག ་འབྲས་དང་།། རླུང་རྒྱས་གཟའ་ལག་ལ་སོགས་པའོ།། ལྷག་མ་རྣལ་འབྱོར་མ་ཡི་ཚོགས།། བསྡུས་པས་རུ་ནི་བསམ་པར་བྱ།། འདོད་དོན་གྲུབ་པར་བྱེད་དང་བགེགས།། ཞི་བར་བྱེད་དང་དགེ་བར་རོ།། སྔགས་དང་ཕྱག ་རྒྱས་ཡང་དག་དགུག། ལྷ་སོགས་ཕྱིར་ན་གཏོར་མ་བྱ།། ན་མཁའི་ཁམས་ཀྱི་དབུས་གནས་པར།། པདྨ་འདབ་བརྒྱད་བསྒོམ་པར་བྱ།། དབང་པོ་ཤར་གྱི་འདབ་མར་བསམ།། མཐར་བྱེད་ལྷོ་རུ་དགོད་བྱའོ།། ཆུ ་བདག་ནུབ་ཀྱི་འདབ་མ་ལ།། བྱང་དུ་ནོར་སྦྱིན་དགོད་པར་བྱ།། མེར་ནི་བྱིན་ཟ་ཆེན་པོ་ཉིད།། བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ།། རླུང་དུ་གནས་མེད་བསམ་པར་བྱ།། དབང་ལྡན་དུ་ནི་འབྱུང་པོའི་གཙོ།། ཟླཿ ་ཚངས་པ་ལྷ་ཚོགས་དང་། ཚངས་པ་ཡི་ནི་རིག་པ་མཆོག། ཚངས་པ་མདུན་ན་འདོན་ཉིད་དང་།། དགའ་ལྡན་འཐབ་བྲལ་གནས་པ་དང་།། རྒྱལ་པོ་ཆེན་པོར་གྱུར་པ་དང་།། གཞན་འཕྲུལ་དབང་བྱེད་གནས ་ཉིད་དང་།། གང་ཞིག་འཕྲུལ་དགའི་ལྷ་རྣམས་དང་།། དག་པའི་གནསུ་གང་གནས་དང་།། བདེ་བ་ཅན་དུ་ཡང་དག་གནས།། འོག་མིན་གནསུ་གནས་པ་དང་།། འོད་ཟེར་ཅན་གྱི་འཇིག་རྟེན་དང་། ་སུམ་ཅུ་རྩ་གསུམ་གནས་པ་རྣམས།། དེ་ཀུན་སྟེང་དུ་བསམ་པ་སྟེ།། ཆོས་འབྱུང་གི་ནི་ནང་སྤོང་བའོ།། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་།། དེ་བཞིན་མཐའ་ཡས་ནོར་རྒྱས་བུ།། འཇོག་པོ་དང་ནི་རིགས་ལྡན་དང་།། པདྨ ་པདྨ་བཟོང་པོ་རྣམས།། ལྷ་མིན་དམྱལ་བ་ཐམས་ཅད་དེ།། ཆོས་འབྱུང་གི་ནི་འོག་ཏུའོ།། ཨོཾ་ལས་ཚངས་པ་ལ་སོགས་ལྷོ།། ཧཱུཾ་ཡིག་ལས་ནི་མ་ཆགས་སོགས།། ཨ་ལས་སྟོབས་ཀྱི་རྒྱུ་ལ་སོགས།། ཞལ ་གཅིག་ཕྱག་ནི་གཉིས་རྣམསོ།། སྟེང་གི་ལྷ་རྣམས་དཀར་པོ་ཆེ།། དབང་པོ་ལ་སོགས་ནག་པོ་མཚུངས།། སྟོབས་ཀྱི་རྒྱུ་སོགས་ད་མར་པོ་ཆེ།། རང་མཚུངས་རིག་མས་ལུས་སྤྲད་ལྡན།། ལག་གཉིས་རྡོ་རྗེ་དྲིལ་བུར ་འབྲེལ།། གྲཱ་ཡཱས་བརྒྱང་བཱ་ཡི་སྟན་ལ་གནས།། ཚངས་སོགས་རྟག་པའི་ཕྱག་རྒྱས་གང་བ།། མཚད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས།། སྟོབས་ཀྱི་རྒྱུ་སོགས་གར་དབང་སྟེ།། ཀུན་ཀྱང་རིགས་གསུམ་ལས་སྐྱེས་སོ།། ་དཀར་མོ་ཡིས་ནི་དགུག་པ་ཉིད།། ཆོམ་རྐུན་མ་ཡ་ཞག་པ་གཞུག། རོ་ལངས་མས་ནཽ་ལྕགས་སྒྲོག་འཆིང་།། ཟ་ཕོང་དྲིལ་བུས་དབང་དུ་བྱེད།། དེ་ནས་མཆོད་ཡོན་ཞལ་བསིལ་སྦྱིན།། སྔགས་འདི་ཡིས་ནི་དབུལ་བར་བྱ།། ་ཨོཾ་ཨཱཿཧཱུཾ།། ཕྱི་ནུས་འཐོར་འཐུང་སྦྱིན་པ་སྟེ།། སྔགས་འདིས་གཤེགསུ་གསོལ་བར་བྱ།། ཨོཾ་བཛྲ་སྭཏྲ་ས་མ་ཡ།། མ་ནུ་པཱ་ལ་ཡ། བཛྲ་སཏྲ་ཏྲ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཧྲི་ད་ཡ་མེ་ཨ ་དྷི[:]ཏོཥྚེ་སཱརྦ་སིདྡྷ་མེ་པྲ་ཡ་ཙ། སརྦྦ་ཀརྨ་སུ་ཙེ་མ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧཽ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་མཱ་མེ་མུཉྫ་བཛྲ་བྷ་བ་མ་ཧཱ་ས་མ་ཡ་སཏྲཾ་ཨཱཿམུཿཉི་ཤུ་གཉིས་ཀྱིས་ལྷ་རྣམས་ཚོགས་ངག་དང་།། དཀྱིལ ་འཁོར་ལྔ་ཡི་གཙོ་བོ་མཁའགྲོ་ལྔ།། བྱས་པའི་བསོད་ནམས་ཐོབ་པས་དགེ་བ་རྣམས།། དེས་ནི་འགྲོ་རྣམས་མཁའགྲོ་ལྔར་བྱེད་ཤོག། མི་ཐུབ་ཟླ་བའི་གསུང་གིས་རྣམ་སྤྲས་པས། དཀྱིལ་འཁོར་རྣམ་པ་ལྔ་ཡི་རྒྱ་མཚོ ་རྣམས།། རྦ་རླབས་ཆེན་པོ་བཅོམ་པར་གྱུར་པ་ནི།། རྨོངས་པའི་ཡུལ་རྣམས་མེད་པ་རུ་ནི་གྱུར།། མི་ཐུབ་ཟླ་བས་རྣམ་པར་སྤྲོས་པའི་མཁའ་གྲོ་ལྔའི་བསྒྲུབ་པའི་ཐབས་ཞེས་བྱ་བ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ལི་ལ་བཛྲ་དང་། བོད་ཀྱི་ལོ་ཙ་བ་བསོད་ནམས་རྒྱལ་མཚན་གྱིས། རང་གི་དམ་ཆོས་གསལ་བར་བྱེད་པས་ན། རང་དང་གཞན་གྱི་དོན་དུ་ལེགས་པར་བསྒྱུརརོ།། @#།། རྒྱ་གར་སྐད་དུ། ་