CLOSE WINDOW

GT455: myur mdzad ma'i sgrub thabs bcu gsum pa'i bdag nyid
Wyliee-texts produced with BDRC’s OCR application

སྐྱེས་པ་དཔལ་བྱང་ཆུབ་ཆེན་པོར་རབ་ཏུ་བྱུང་བའི་གནས་བརྟན་མཉྫུ་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙོ་བར་ཐམ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ་ཛཡོཏྨཏྨ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་པའི་བདག་ཉིད། ལཱུ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལོ།། ཀུ་རུ་ཀུལླེའི་རྟོག་པ་བཤད་བར་བྱ་སྟེ། རེ་ཞིག་དང་པོར་སྔོན་དུ་བསྙེན་པ ་འབུམ་བཟླས་བརྗོད་བྱས་ན། དེ་ནས་དངོས་གྲུབ་ཏུ་འགྱུར།། བྲྀ་སྐུའི་ཆོ་ག་རབ་ཏུ་བསྟན་པར་བྱ་སྟེ། གྲུ་བཞི་པ་སྒོ་བཞི་པ་ཏཱ་ར་ན་བཞིས་བརྒྱན་པ། དེའི་དབུསུ་ཀུ་རུ་ཀུལླེ་བྲི་བར་བྱ་སྟེ། སྐུ་མདོག་དམར་པོ་ཕྱག་བརྒྱད ་པ། དང་པོའི་ཕྱག་གཉིས་ཀྱིས་ཁམས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་པ། གཡས་ཀྱི་ཕྱག་ན་ལྕགས་ཀྱུ་དང་། མངའ་འགེངས་པ་དང་། མཆོག་སྦྱིན་མཛོད་པ་དང་། གཡོན་པའི་ཕྱག་ན་ཞགས་པ་དང་། ་གཞུ་དང་། ཨུཏྤ་ལ་བསྣམས་པ་བྲི། ཤར་དུ་ཞུ་བའི་སྒྲོལ་མ་བྲི། ལྷོར་གྲུབ་པའི་སྦྲེལ་མ་བྷི། བྱང་དུ་སྙན་སྒྲོལ་མ་བྲི། མེའི་ཕྱོགསུ་གཞན་གྱིས་མི་ཐུབ་པའི་སྒྲོལ་མ། སྲིན་པོའི་ཕྱོགསུཾ་རབ་ཏུ་སྣང་བའི་སྒྲོལ ་མ། རླུང་གི་ཕྱོགསུ་དཔའི་པོའི་སྒྲོལ་མ། དབང་ལྡན་གྱི་ཕྱོགསུ་སྐུལ་བྱེད་མ་བྲིའོ།། ལྷ་མོ་འདི་རྣམས་ཀྱི་སྐུ་མངག་དམར་པོ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱུག ་བཞི་པ། གཡས་པའི་ཕྱག་མཆོག་སྦྱིན་པ་དང་མངའ་འགོངས་པོ། གཡོན་པའི་ཕྱག་ནི་ཨུཏྤ་ལ་དང་གཞུ་འཛིན་པའོ།། ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་རོ་ལངས་མ་གསུས་ཁྱི་མོ་ཆེ་བ་འཇིགས་པའི་ཞཔོ་ལྕེ་འཇོབ་པ ་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་ནཱ་སྡིགས་མཛུབ་དང་ལྕགས་ཀྱུ། གཡོན་ན་རྡོ་རྗེ་དྲིལ་བུ་དང་ཐོད་པ་བསྣམས་པ།། ཞབས་གཡས་བརྐྱང་བར་བྲིའོ།། ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཕག་མོ་གསུས་ཁྱི་མ་ཆེ་བ། སྐུ་གྱེན་དུ་བརྫེས་པ་འཇིགས་བཱིའི་ཞལ་ལྕེ་འཛཱིབ་པ། སྐུ་མདོག་དམར་བི། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང ་ཀྱོ། གཡོན་དྲིལ་བུ་དང་ཞགས་པ། ཞབས་གཡས་བརྐྱང་བའོ།། ནུབ་ཕྱོགས་ཀྱི་སྒོར་རལ་གཅིག་མ་སྒྲ་ཐེར་ཚུགསུ་བཅིངས་པ། གསུས་ཁྱིམ་ཆེ་བཱ། མ་མཆུ་ཚོམས་ཀྱི་སཽ་མནན་པ། སྣང་བ་མཐའ ་ཡས་ཀྱིས་དབུ་བརྒྱན་པ། ཕྱག་གཡས་ནུ་རྡོ་རྗེ་དང་ལྕགས་ཀྱུ། གཡོན་ན་རྡོ་རྗེ་དང་དྲིལ་བུ་དང་ཞགས་པ་བསྣམས་པ། ཞབས་གཡས་བརྐྱང་བ་བྲིའོ།། བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་དབྱངས་ལྡན་མ།། དོན ་ཡོད་གྲུབ་བསྡུ་དབྱེ་བརྒྱན་པོ། ཞལ་འཇིགས་པ་གསུཾས་ཁྱིམ་ཆེ་བ། ཕྱུག་གཡས་ན་རལ་གྲྀ་དང་ལྕགས་ཀྱུ་གཡོན་ན་རྡོ་རྗེ་དྲིལ་བུ་དང་ཞགས་པ། ཞབྲོས་གཡས་བརྐྱང་བའི་བདག་ཉིད་སྨྲ་ཧཱུ~ཾ ་བར་བྱའོ།། རིམ་པོ་ཇི་ལྟ་བ་བཞིན་དུ་གནས་པར་བྱའོ།། འོད་རྣམས་བསྒོམ་པའི་རིམ་པ་ནི་བཅོམ་ལྡན་འདས་མའི་སྐུ་དེ་བཞིན་དུ་རབ་ཏུ་བསྟན་ཏེ། དེ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ ་དྷཱིཧྲཱིཿདམར་པོ་ལས་ཡོངསུ་གྲུབ་པར་གྱུར་པའོ།། ཁ་དོག་དམྱུར་པོ་མོས་པར་གྱུར་པའི་རྐང་པའི་དྲུང་དུ་འདུག་པར་དམིགས་པར་བྱ་སྟེ། བདག་གི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་གསུམ་གང་བར་བྱ་སྟེ། ་ཡི་གཾ་ཡཾ་སྔོན་པོ་ལས་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་རྒྱལ་མཚན་གྱིས་བརྒྱན་པ་དེའི་སྟེང་དུ་བསྒྲུབ་བྱ་བ་ཞིག་ན་དབང་དུ་བྱེད་དོ།། འཇིག་རྟེན་གསུམ་ཡང་དབང་དུ་འགྱུར་རོ།། ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱུ་ལྔ་བའི་ཕྱག་རྒྱུར་གྱུར་པ་ནི། ལག་མཐིལ་གཉིས་རྒྱབ་སྦྱར་ཏེ། སྲིན་ལག་གྲོཉིས་མདུད་པ་བརྗིང་། མཐེའུ་ཆུང་དང་གུང་མོ་དང་མཐེ་བོང་རྩེ་སྤྱད། མཛུབ ་མོ་ལྕགས་ཀྱུ་ལྟར་བྱས་པ་འདི་དཔྲལ་བའི་གནསུཾ་བཞག་བྱ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱའོ།། འདི་ལྟར་བསྒོམ་པའི་དུས་སུ་གསང་སྔགས་བཟླས་པ་ནཱི། ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཧྲཱིཿསྭཱཧཱ ་ཁྲིར་བཟླས་བརྗོད་བྱས་ན་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ།། ཁྲག་ཁྲིག་གིས་སྔགས་པའོ།། འབུམ་གྱིས་རྒྱལ་པོ་དབང་དུ་འགྱུརརོ།། མྱེ་ཏོག་ཨུཏྤ་ལ་དང་ཤིང་ཨརྐའི་ས་སྦྱིན་སྲེག་བྱས་ན ་འདོད་པའི་དོན་འཐོབ་པོ།། བེ་ཏའི་མེ་སྦར་ལ། མ་དུ་བ་དང་འབྲས་ཀྱི་ལིག་པན་གྱིས་ལན་བརྒྱ་སྟོང་དུ་སྦྱིན་སྲེག་བྱས་ན། རྒྱལ་པོའི་བློན་པོ་ཡང་དབང་དུ་འགྱུར་རོ།། ཨུཏྤ་ལ་སྟོང་གིས་བློན་པོ་ཆེན་པོ ་ཡང་དབང་དུ་འགྱུརརོ།། རྩི་མར་གྱི་མར་མེ་སྟོང་ལྷ་མོ་ལ་ཕུལ་བས་རྒྱལ་པོ་ཡང་དབང་དུ་འགྱུར་རོ།། ལྷ་མོ་ཀུ་རུ་ཀུལླེ་བདག་ཉིད་བཅུ་གསུམ་པ་རྫོགསོ།། ་