CLOSE WINDOW

GT454: myur mdzad ma'i sgrub thabs
Wyliee-texts produced with BDRC’s OCR application

ལོ་ཙ་པཱ་གཞོན་ནུ་འོད་ཀྱིས་བསྒྱུར་བ།། ། རྒྱ་གར་སྐད་དུ། ཀུ་རུ་ཀཱལླེ་སཱདྷཱ་ནཾ། བོད་སྐད་དུ། མྱུར་མཛད་མའི་སྒྲུབ་ཐབས། ལྷ་མྱོ་ཀུ་རུ་ཀུལླེ་ལྔ་ཕྱག་འཚལོ།། རེ་ཞིག་བསྒོམ་པར་བྱ་བའི་གྲནས་ཕྱོ ་དབེན་ཞིང་སེམས་ཉམས་དག་སོའ་བར་དྲི་རྣམ་པ་ལྔས་བྱུགས་ཏེ།། སྟན་འཇམ་ཞིང་རྒྱོ་ཆེ་བ་ལ་བརྟུལ་ཞུགས་ཅན་གྱིས་མཉམ་པར་བཞག་པར་བྱའོ།། དེ་ནས་སྙིང་གར་ཡི་གེ་རཾ་ལས་ཡོངསུ་གྱུར་པའི་ཉི་མའི་དཀྱིལ ་འཁོར་འབར་བའི་ཕྲེང་བས་འཁྲིགས་པ་རྣམ་པར་བསྒོམ་སྟེ། དེའི་ལྟ་བ་ལ་ཡི་གེ་ཧྲཱིཿདམར་པོ་རྣམ་པར་བས་མོ།། ཡི་གེ་ཧྲཱིཿདེ་ལས་འོད་ཟེར་གྱི་དྲ་བ་བྱུང་བས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་ལ ་ཕོག་སྟེ། དཔལ་ཀུ་རུ་ཀུལླེའི་གཟུགསུ་མངོན་པར་བྱས་ནས། འོད་ཟེར་གྱི་ཕྲེང་བ་དེ་དག་ཀྱང་ཡང་དེ་ཉིད་དུ་ཞུགས་པར་བསྒོམ་པར་བྱའོ།། དེ་ནས་མདུན་གྱི་ནི་མཁའ་ལྔ་ལྷ་མོ་ཀུ་རུ་ཀུལླེ་མ་ལོ་བཅུ་དྲུག་པ་ལྟ་བུ་འབར་བའི ་དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པ་ལྔས་དབུ་ལ་བརྒྱན་པ། རོའི་སྟེང་དུ་སྐྱིལ་མོ་ཀྲུང་ཕྱེད་མ་གར་གྱི་སྟབསུ་བཞུགས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་ལྕེ་ལྕིབ་པར་མཛད་པ། འཁོར་ལོ་དང་། སྙན་ཆ་དང་། ་མགུལ་ཆུ་དང་། དཔུང་རྒྱུན་དང་། ཕྱག་གདུ་དང་། སྐུ་རིགས་དང་། ཞབས་གདུབ་ཀྱིསཽ་བརྒྱནྡ་པ། སྟག་གི་ཤམ་ཐབས་ཅན་སྤྱན་དམར་པོ་གཡོ་ཞིང་འདྲིལ་བ། མཐའ་ཡས་མགོན་གྱིས་དབུ་ལ་བརྒྱན་པ། ་ཕྱག་བཞི་ལ་གཉིས་ཀྱིས་ཨུཏྤ་ལ་དམར་པོ་ཁ་མ་བྱ་བྲི་ཡ་བ་ང་ལྡན་གྱི་ཡང་ལ། མེ་ཏོག་དམར་པོའི་གཞུའི་མདའ་གཞུ་འགྲེངས་པ། ལྷག་མའི་ཕྱག་གཉིས་ན་མེ་ཏོག་དམར་པོའི་ལྕགས་ཀྱུ་དང་ཨུཏྤལ་བསྣམས་པ་རྣམ ་པར་བསམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀུ་རུ་ཀུལླེ་མཆོད་པ་བྱ་བའི་ཕྱིར། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧྲིཿལས་བྱུང་བའི་མཆོད་པའི་མེ་ཏོག་དང་བདུག་པ་དང་མར ་མེ་དང་དྲི་དང་། ལྟ་བ་ཤོས་རྣམ་པ་ལྔས་མཆོད་པར་བྱའོ།། འདི་ནི་མཆོད་པའོ།། མཆོད་པ་བྱས་ནས་དམ་པའི་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས། ལུས་ངག་ཡིད ་གསུམ་གྱིས་གུས་པས་བཏུད་དེ་ཕྱག་བྱའོ།། འདི་ནི་ཕྱག་བཙལ་བའོ།། ཕྱག་བཙལ་ནས་སྡིག་པ་བཤགས་པར་བྱ་སྟེ། སྡིག་པ་གཱ་ཅི་བགྱིང་དུ་སྩལ་བཱ་དང་། འགྱིད་པ་ལ་རྗེ་སུ་ཡིད་རང་བ་ལྔ་སོགས ་པ་དེ་དག་བཅོམ་ལྡན་འདས་མའི་སྤྱན་སྔར་མངོན་སུམ་དུ་བཤགས་པར་བགྱིའོ།། འདི་ནི་སྡིག་པ་བཤགས་པའོ།། དྲི་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱའོ།། བརྟུལ་ཞུགས་ཅན་གྱིས ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་གང་ལགས་པ་དེ་དག་ལྷ་བདག་རྗེ་སུ་ཡི་རང་ངོ་།། དེ་ནི་བསོད་ནམས་ལ་དྷཱ་སྱཱ་ཡི་རང་བའོ།། དེ་ནོས་དཀོན་མཆོག་གསུམ་ལ་སྐྱབས ་སུ་འགྲོ་སྟེ། སངས་རྒྱུས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་རྣམས་ལ་གང་དུ་འཁོར་བ་ནས་འཁོར་བའི་ཚེ་བདག་སྦྱབུསུ་མཆི་བར་བགྱིའོ།། འདི་ནི་དཀོན་མཆོགས ་གསུམ་ལ་སྐྱབསུ་འགྲོ་བའོ།། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། གང་དག་སྲིད་པའི་འཁོར་བ་ན་གནས་པའི་སེམས་ཅན་རྣམས་དྲང་བར་བྱ་བོ་དེའི་ཕྱིར། བདག་གི་གཙོ་བོ་ཐུགས་རྡོ་རྗེ་བྱའོ།། ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གདུང་བར་སེམས་པ་གང་ཡིན་པའི་སེམསུ་བསྒོམ་པ་འདི་ནི་བཏང ་སྙོམས་བསྒོམ་པའོ།། དེ་ནས་དེ་རྣམས་ཐམས་ཅད་རང་བཞིན་གྱིས་མི་ད་མིགས་ཤིང་ལུས་དང་བྲལ་བར་བྱེད་པ་འདི་ནི་སྟོང་པ་ཉིད་བསྒོམ་པའོ།། དེ་ནས་སེམས་ཙམ་དུ་ནི་བྱིན་གྱིས་བརླབ་པའི་གསང་སྔགས་ཨོཾ་བྷཱུ ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཱུཾ། ཞེས་བྱ་བ་འདིས་སེམས་བྱིན་གྱིས་བརླབ་པའོ།། དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་ལ་བློ་ཡིས་གཟིགས་ནས་སྔགས་པ་ལྷའི་སྐུར་བསྐྱེ་དེ། གསང་སཱ ་སྦས་པའི་རི་མི་པའིའདི་ནི་ལྷའི་སྐུ་ཞེས་བྱའོ།། དེ་ནས་ན་མཁའི་ངོསུ་ཡི་གེ་རཾ་ལས་ཉི་མུའི་དཀྱིལ་འཁོར་འོད་ཟེར་དྲ་བོའི་ཕྲེང་བས་འཁྲིགས་པ་བསྒོམ་པར་བྱའོ།། འདི་ནི་ཉི་མ་ཤར་བྱའོ།། དེའི་སྟེང་དུ་ཡི་གེ་ཧཱུཾ་ཁ ་དག་ནག་པོ་ཡོངསུ་གྱུར་པ་ལྔས། སྣ་ཚོགས་རྡོ་རྗེ་ལས་རྡོ་རྗེ་ར་བ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་བཅིང་བ་དང་། ས་གཞི་རྡོ་རྗེར་རྣམ་པར་བསམ་པར་བྱའོ།། འདི་ནི་བསྐྱང་བའི་འཁོར་ལོའོ།། དེའི་དབུསུཾ་ཆོས་ཀྱི་འབྱུང ་གནས་ཀྱི་ཡེ་ཤེས་ཡི་གེ་ཨེ་ལྟ་བུ་ཁ་དོག་དཀར་པོ་བསྒོམ་པར་བྱའོ།། དེའི་དབུསུ་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་བརྒྱད་པ། དེའི་སྙིང་པོའི་སྟེང་དུ་ཡི་གེ་རཾ་ལས་ཡོངསུ་གྱུར་པའི་ཉི་མ་དང ་རོའོ།། གཞན་ཡང་དེ་དག་གི་སྟེང་དུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཟླ་བ་ཉ་གང་ཞིང་ཡོངསུ་རྫོགས་པ་དཀར་པོའོ།། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དཔེ་བྱད་བཟང་པོ་བརྒྱད་ཅུའི ་བོ་ཁ་དོག་དམར་པོའོ།། དེ་དག་གི་བར་དུ་ཡཱི་གི་ཧྲིཿཁ་དོག་དམར་པོ་ཡོངསུ་གྱུར་བིའི་ཨུཏྤ་ལ་དམར་པོ་ཁ་མ་འབུས་པའི་ནང་དུ་རང་གི་སེམས་ཉིད་ཞུགས་པར་བསྒོམ་པར་བྱའོ།། དེ་ནས་ཟླ་བཱ་དང་དབྱངས་དང་ཉི་མ ་རྣམས་གཅིག་ཏུ་ཞུ་པཱའི་བདག་ཉིད་ལས་སྔོན་ཏུ་བརྗོད་པ་ལྟ་བུའི་ལྷ་མོ་ཀུ་རུ་ཀུལླེའི་བསྒོམ་པར་བྱའོ།། རྣམ་པར་བསྒོམས་ནས་སྙིང་གར་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་ལྟེ་བར་ཧྲཱིཿཡང་བསྒོམ་པར་བྱའོ།། ་དེའི་འོད་ཟེར་རྣམས་ཀྱིས་མགོན་པོ་མཐའ་ཡས་བཀུག་སྟེ། སྤྱན་དྲངས་ནས་མཆོད་པ་འཛིན་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། དབང་བསྐུར་བར་གསོལ་བ་གདབ་པོ།། གསོལ་པ་གདབ་པ་ནི་ཨ་བྷི་ཥཉྩན་ཏུ ་མཱ་ཨ་མྦྷ་ཏཱ་ཊྚཿཞེས་བྱ་བ་དེས་མཐའ་ཡས་ཀྱི་ས་བོན་གྱི་སྣ་བདུད་རྩི་ལྔསྟེ་ཡོངས་སུ་གང་བའི་བུམ་པ་ཐུགས་ཀ་ནས་འཕྲོ་བས་བསྒོམས་ཏེ། དེ་ནས་བདུད་རྩི་ལྔས་གང་དེའི་ཟླུམ་བུས་དབང་བསྐུར་ཞིང་བླུགས་པས ་བདག་གི་སྙིང་གར་བུམ་པ་རྣམས་ཞུགས་ཏེ། ཞུགས་པའི་རྣལ་འབྱོར་པའི་སྤྱི་བོར་མཐའ་ཡས་བསྒོམ་མོ།། དུས་གསུམ་དུ་འདི་བསྒོམ་ཞིང་ལྷ་མོའི་གསང་སྔགས་བཟླས་བརྗོད་བྱའོ།། དེ་ལ་གསང་སྔགས་ནི་ཨ~ཾ་ཀུ་རུ་ཀུལླ ་ཧྲཱིཿསྭཱཧཱ།། ལྷག་པར་ཡང་ཙནྡ་དམར་པོའི་ཕྲེང་བས་བཟླས་བརྗོད་བྱའོ།། ཁ་ཟས་རྣམས་ཡེ་ཤེས་རྣམ་པ་ལྔའི་བདུད་རྩི་སུ་ནཱནྟ་ཏན་གྱིས་སྦྱང་སྟེ། ཨོཾ་ཨཱཿཧཱུཾ་དེ་ཉིད་གསུམ་པ་འདིས་ཁ་ཟས་དང་ཞལ་བྱིན་གྱིས་བརླབས ་ན་འདིས་ཞལ་གྱིས་གསང་སྔགས་འགྲུབ་བོ།། དེ་ནས་སྔགས་པས་སྐྱེས་པའམ་བུང་མང་དབང་དུ་བྱ་བར་འདོད་ན། ཡར་གྱི་ངོའི་ཚེས་གཅིག་ལྔས་བརྩམས་ཏེ་བཟླས་བརྗོད་ཁྲི་བྱ་སྟེ། དུས་གསུམ་དུ་བཅོམ་ལྡན་འདས་མའི ་སྒུར་དམིགས་ཏེ། སྨད་དཀྲིས་རས་དམར་པོ་དང་། ལུས་ལ་རས་དམར་པོ་གྱོན་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་ཡོངསུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་རྩ ་བ་འདམ་ནས་སྐྱེས་པ་བསམ་པར་བྱའོ།། འདབ་མ་དེ་རྣམས་ལ་དབྱངས་ཀྱི་ཡི་གེ་དང་པོ་བརྒྱད་ལས་ཡོངསུ་གྱུར་པའི་བུང་བ་བརྒྱད་ཁྲོ་ཞིང་རྒྱས་པ་དགའ་ཞིང་ཆགས་པར་རིམ་པ་བཞིན་བསམས་ནས་དབུགས ་ཀྱིས་བསྐྱོད་དེ། སྣ་བུག་ནས་བྱུང་ནས་བསྒྲུབ་བྱའི་སྣ་བུག་གཡས་པར་ཞུགས་ནས་སྒྲ་སྒྲོགས་ཤིང་གར་བྱས་ཏེ་གདུངས་ཤིང་པདྨའི་འདབ་མ་ལ་ཡང་དབྱངས་ཡིག་དྲང་པོ་བརྒྱད་ཁ་དོག་ཅུང་ཟད་དམར་བ་དང ་ལྡན་པར་རྣམ་པར་བལྟ་བར་བྱའོ།། དེ་ལྟར་བལྟས་ན་དེ་ནས་རྣལ་འབྱོར་པས་ཨུཏྤ་ལ་ཁ་མ་འབུས་པའི་མདེའུ་དང་ལྡན་པའི་མངའ་ལྟ་སྟངས་དང་བཅས་པོའི་ཁུ་ཚུར་གྱིས་རྫོགས་པར་བཀང་སྟེ། པདྨའི་ཟེ་བ་ལ་བཛྲ་འོ།། ་དེས་བུང་བ་དེ་རྣམས་རང་གི་དམ་ཚིག་གིས་བསྐུལ་ནས། དབྱངས་ཡིག་རེ་རེ་ཁྱེར་ཏེ་སྣ་བུག་གཡོན་པ་ནས་བྱུང་ནས་རྣལ་འབྱོར་པའི་སྣ་བུག་གཡས་པར་ཞུགས་ཏེ། སྙིང་གར་རང་དང་གཞན ་གྱི་རྣམ་པར་ཤེས་པ་གཅིག་ཏུ་གྱུར་བྱའོ།། དེ་ནས་ཨུཏྤ་ལའི་རྩ་བ་ཡིས་མགྲིན་པ་ནས་བཅིངས་ཏེ། ལྕགས་ཀྱུ་ཡིས་མངལ་ནས་གཟུང་ནས་དྲངས་པོས་མི་བཟོད་པར་བསམས་ཏེ། འབར་བྱས་དབང་དུ་བསྡུ་ཞིང ་རླུང་གི་འཁོར་ལོ་ལ་བཞག་སྟེ། རྣལ་འབྱོར་པ་དགའ་བའི་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ་ཞིང་འདྲི་ལྟར་རྣམ་པར་བསྒོམ་པར་བྱའོ།། གསང་སྔགསཱ་ནི་ཨ~ཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་མེ་བ་སཱ་མཱུ་ན་ཡ ་སྭཱ་ཧཱ། འདི་ལྟར་ཟླ་བ་ཉ་བའི་བར་དུ་མཚན་མོ་ཀུན་ཏུ་བཟླས་བརྗོད་བྱའོ།། དེ་ནསྟེ་ནང་པར་དེ་འོང་བར་འགྱུར་ཏེ། ཆགས་པ་དང་བཅས་ཤིང་གཅེར་བུ་སྐྲ་བེ་ཤིག་པར་འགྱུར་རཱྀ།། གསང་སྔགས་ཀྱི་རྒྱལ་པོ ་འདིས་བསྐུལ་བས་ཤིན་ཏུ་རྒྱས་པའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར།། ཨོཾཌྱཎ་གྱི་ཡུལ་ནས་བྱུང་བའི་ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཡུལ་མ་ག་དྷཱ་ར་སྒྲས ་སྐྱེས་པ་དཔལ་བྱང་ཆུབ་ཆེན་པོར་རབ་ཏུ་བྱུང་བའི་གནས་བརྟན་མཉྫུ་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙོ་བར་ཐམ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ་