CLOSE WINDOW

GT451: kye'i rdo rje las byung ba'i ku ru kul+le'i man ngag chen po lnga
Wyliee-texts produced with BDRC’s OCR application

ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པ་རྫོགས་སོ།། ། དཱ་ན~ཾ་ཤཱི་ལ་ཉིད་ཀྱིས་བསྒྱུར།། ། རྒྱ་གར་སྐད་དུ། ཧེ་བཛྲི་དྷཱུ་བ་ཀུ་རུ་ཀུམྦི ་ལཱ་བརྒྱ་མ་ཧོ་བ་ད་ཤཿ། བོད་སྐད་དུ། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལོ།། སྙིང་གི་དབུས་ལུས་སྲོག་རླུང་མཆོག་གིས་བསྐུལ་བས་རྩ་དབུས་མཆོག་གི ་ནང་ཞུགས་གྱེན་སོང་ཞིང་།། མྱུར་དུ་སྤྱི་བོའི་ཟླ་དབུས་ལས་འཐོན་ར་མོ་གྱིས་གསལ་བར་འགྲོ་ཅན་མགོ་ཡི་གྲཝཡོན་བསྐོར་ཏེ།། གཡས་ཀྱི་སྣ་བུག་ལས་མཐོན་མྱུར་དུ་ལག་མདའི་བུ་གར་ཞུགས་ཤིང་ཕྱག་རྒྱ་ཆེར ་བསྒོམས་ནས།། རྡོ་རྗེས་རབ་མྱུར་ས་བོན་རྒྱལ་པོ་བདག་ཉིད་འོད་ཟེར་དམར་པོ་འབར་བ་ལས་ནི་བསྒྲུབ་བྱ་ཡི།། ལག་མདའི་རྩེ་མོའི་བུ་གུ་རྒྱས་བྱེད་སྔོན་དུ་འགྲོ་བས་བུ་གཪྵ་རབ་ཞུགས་ཤིང་།། མགྲོ་ཡི་གཡས་ཀྱི་སྣ ་བྱུག་གསལ་བར་འགྲོ་བ་ཅན་གྱིས་སྤྲིང་གི་མཚོ་སྐྱེས་དབུས་གནས་པའི།། ཧྲཱིཿསེམས་མྱུར་དུ་ཕྱིར་ནས་རིམ་བཞིནཿསུ་ལམ་དེ་དདོན་དུ་ནས་ཛིན་ནི་སྠིནྟི། བརྟན་པར་སྐྱེད་དབུས་ལ་གནས་ཁྱོད་ཀྱིསྱཱ་སྠཱ་ཡི་འ ་ཨོཾ་དང་བཅས་ལྷ་ནི་དབང་དུ་སྡུད། གོང་དུ་དགུག་པའོ།། ། སྒྱུར་བཞིན་མདའ་ལས་འཐོན་ནས་བསྒྲུབ་བྱའི་མཚོ་སྐྱེས་གཡོན་གྱི་བློས་ཞུགས་ཤིང་།། གྱེན་དུ་སོང་སྟེ་སྤྱི་བོའི་ཟླ་བ་རིམ ་བཞིན་འཛག་བྱས་སྔར་བཞིནི་ཞུགས།། མཚོ་སྐྱེས་ཟེ་འབྲུ་ལ་གནས་རྣལ་འབྱོར་པས་ནི་བརྟན་པར་བསྒོམས་པ་ཡིས།། ཚོ་གས་པས་འཛེག་པའི་ལས་ཀྱིས་རྒྱལ་ཅན་མ་ཡི་སྐྱེ་བོ་མྱོས་པར་ཕྱིར།། རྐང་པ་དགུ ་པའོ།། ། སྦྲུལ་གྱིས་བཟུང་བའི་སྙིང་གའི་ཟླ་དབུས་གནས་པ་གསལ་བར་མཐོང་ནས་དེའི།། བོད་ཟེར་བདུད་རྩི་མང་པོའི་རྒྱུན་གྱི་ཁྲུས་ཀྱིས་སྦྲུལ་གྱིས་དྲུག་སེལ་ཞིང་།། ་རྩ་བུག་འོད་ཟེར་གང་བ་ལས་ཀྱང་དུག་འཇོམས་འོད་ལྡན་ཟླ་དབུས་གནས།། དེ་ལྟར་སྦྲུལ་གྱིས་བཟུང་བ་ལ་ནི་བྱམས་པས་ལྷ་ཁྱོད་དུག་ནི་འཇོམས།། སྦྲུལ་གྱི་དུག་སེ་ལ་བྷའོ།། ། མར་མེ ་བརྟན་པའི་རྣམ་པ་ཅན།། བརྟན་པོར་དམིགས་པའི་སེམས་ཀྱིས་སུ།། ལྕེ་ཡི་རྩེ་མོར་བསྣམ་བྱས་ན།། མི་ཤེས་རབ་རིབ་སེལ་བར་འགྱུར།། ཤེས་རབ་འཕེལ་བའོ།། ། གསལ་བ་རླུང་གི ་དཀྱིལ་འཁོར་གནས་ཤིང་ལྕགས་ཀྱུས་སྙིང་ལ་ཕུག། སྐེ་ལྔ་ཞགས་པས་བཅིངས་ཤིང་སྐྲ་གྲོལ་གཅེར་བུས་གཡེངས་པ་ཅན།། ལྷ་མོ་ཁྱོད་ནི་རྣལ་འབྱོར་སྟོབས་ཀྱིས་ནོར་འཛིན་བཀུག་ནསྭཱ་ནི།། བདག ་གི་རྐང་དྲུང་འགྱེལ་ཞིང་རྟག་ཏུ་ཁྲོལ་པའི་གནས་སྐབས་འཛིན།། དམར་པོའི་རྣམ་ཅན་སྤྲོས་པའི་འོད་ཀྱི་དྲ་བས་རྣམ་པར་བཅིང་སྟེ།། བདག་གི་རྐང་དྲུང་འགྱེལ་ཞིང་སྐྲ་གྲོལ་ཆོ་གས་ལག་གྲི་མདའ ་བསྣུན་ནས།། གཡོན་པའི་རླུང་གིས་བཀུག་སྔ་བཅིངས་ཤིང་མཚོ་སྐྱེས་ནང་དུ་བཅུག། ལྟེ་བའི་མཚོ་སྐྱེས་དབུསུ་ཞུགས་ཏེ་མོས་ཤིང་ཐལ་མོ་སྦྱར།། སེམས་དཔའ་པདྨ་ལས་འཛག་ཁྲག་གིས་སྤྱི་བོར ་བྷྱས་བྱསྩལ།། རྣལ་འབྱོར་བ་དེས་བསྒོམས་ན་ལྷ་དབང་ཡང་ནི་དབང་ཡང་ནི་དབང་དུ་འགྱུར།། དབང་དུ་བསྡུ་བའོ།། ། ཌྷའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་དགུ་ཆེན་པོ་ལྔ་སློབ་དཔོན ་ཞི་བ་ཆོས་མཛད་དྷཱ་རྫོགས་སོ།། ། པརྟྟི་ཏཱདྷཱནྱཱ་ཤཱི་ལ་ཉྀད་ཀྱི་སྭཱ་བྷཱསྟཱར་རི།། ། ཨོཾ་ཀཱ་རྦ་ཀཱམྨེ་དྷྭཾ། སྭཱ་ཧཱ། ཨཱ~ཾ་ཀྲྀ་རུ་ཀུས?་ཨ་མྲཿནི་བོདྡྷིམྦཱཀྵ་ཡྻཱ་དྷཱིཿསྭཱདྡྷ། ཨུ~ཾ་མྲྀ་ཀཱི་སྱཱ་དྷུ ་ཨཱཪྵ་ཡཱ། ཨ་མུ་ཀཾ་བེ་ཤྲཱི་ནཱ་ཡ། ཨ་མུ་ཀཾ་བཱ་ཤྱ་ཀུ་རུ། མཱ་མ་ཨ་ལཾཛྫི་ཀུ་རུ། མེ་ཨ་ཀྲྀཥྚཾ་ཀུཾ་ར། ཨཱཏྨཱ་ཀ་མ་ཀྲྀཥྚཾ་ཀུ་རུ། ན་མཱཾ་མཱུ་རཀྵཱཾ། ན་མོ་མེ་རཀྵ་ཀུ་རུ་ན་མཾཿ། ན་མཾ་མཻ་ཤྭོ་ཏི་ཀུ་ན་མེཿབོ་ཥོ་ཊ་མ ་ཀུ་རུ་བཽ་ཥཊ། ཧོ་དྲྀ་བ་དཏྟ་ཏོ་མེ་བ་ཤྱཾ་ཀུ་རུ་ཧོཿཧྲྀཿདཻ་བ་དཏྟཾ་མེ་ཨཱ་ཀཪྵ་ཡ་ཧྲཱིཿཛཿདེ་བ་དཏྟཾ་མཽ་ཨཱ་ཀཪྵ་ཡཾ་ཛཿམཻ་ཌྷཽ་ཀཻ་མ་མཱ་ནཱ་ཀི་ཨཱཏྨ་ཀཾ། རྒྱ་གར་སྐད་དུ། ་