CLOSE WINDOW

GT446: bdag med ma'i man ngag ces bya ba
Wyliee-texts produced with BDRC’s OCR application

བདག་མེད་མའི་སྒྲུབ་པའི་ཐབས་མདོར་བསྡུས་པ་སློབ་དཔོན་ཀྵརྫྫ་བཎྜིཏྟས་མཛད་པ་རྫོགས་སྷོ།། @རྒྱ་གར་སྐད་དུ། ནཻ་རཱཏྨ་ཀོ་པ་དེ་ཤཱ་ནཱ་མ། བོད་སྐད་དུ། བདག། ་མེད་མའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚ་ལོ།། གཡོན་གནས་མིང་གི་བརྐྱང་མ་ཆུ་འབབ་སྟོང་ཉིད་ཤེས་རབ་ཆ།། གཡས་གནས་མིང་གི་རོ་མ་ཁྲག་བྱེ་བབ་སྙིང་རྗེ་དངོས་པོའི་བདག ་ཉིད་ཅན།། དབུསུ་གནས་པ་ཀུན་དར་མ་ནི་ཞུ་བ་འབབ་ཅིང་མི་ཕྱེད་གཟུགས་ཅན་གཉིས་མེད་པ།། དེ་ནི་རྩཝ་གསུམ་གཟུགས་ཀྱིས་བཅོམ་ལྡན་འདས་མ་ཁྱེད་སྲུངས་ཤིག། བདག་མེད་མས་ནི་ནམ་མཁའི ་མཐར་ཐུག་ཁྱབ།། དཱཔལ་ལྡན་བདག་མེད་མ་ལ་ཕྱག་འཚལོ་ནས།། ཡང་དུག་བདེ་བའི་གན་སུ་བདག་གིས་ནི།། བདག་མེད་མཱ་ཡི་མནུ་ངག་བཤད་པར་བྱ།། འདིར་བཟླས་པ་དང་བསྒོམ་པའི་དབང་དུ་བྱས ་སྙིང་རྗེའི་རོས་བྱུགས་པའི་སེམས་ཀྱི་རྒྱུན་ཅན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལེགས་པར་གཟུང་བ། བླ་མ་དང་བདག་མེད་མ་གཉིས་མི་ཕྱེད་པར་བསྙེན་བཀུར་བས། དབེན་ཞིང་འཚེ་བ་མེད་པའི་བསམ་གཏན་གྱི ་ཁང་པར་ཞུགས་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདིས་ནི་ཁྲོ་བོའི་ངག་བར་ཆད་སེལ་བའི་སྔགས་བརྗོད་པ་སྟེ། གནས་ལ་སོགས་པ་སྲུང་བར་བྱེད་པའོ།། དེ་ནས་ཁྱད་པར་དུ་གྱུར་པའི་སྟན་ལ་འདུག་ཅིང་ཅི་འབྱོར་པའི ་བདུད་རྩི་ལྔ་ལ་སོགས་པས་བྱུགས་ལ། དེར་མེ་ཏོག་དགྲམ་པར་བྱ་ཞིང་རས་རིས་ལ་སོགས་པར་གནས་པའི་བཅོམ་ལྡན་འདས་མ་ལ་མཆོད་པ་ལྔས་མཆོད་ཅང་། སྟོབས་ཆེན་པོ་ལས་བྱས་པའི ་སྤོས་ཀྱིས་རབ་ཏུ་བདུག་ཅིང་རྣམ་པར་དག་པའི་སྔགས་བཟླས་ཏེ་བདག་ཉིད་བདག་མེད་མར་མོས་པར་བྱའོ།། དེའི་རྗེས་ལ་སྤྲུལ་པ་ཤིང་རྟའི་ཡན་ལག་འཁོར་ལྷོའི་འདབ་མའི་གདན་ཅན་འདབ་མ་བཞི་པའི་ཟེ་འབྲུར་སོང་བ། སྲོག་སོང་བའི ་སྙིང་གར་བསིལ་བའི་འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་སུ་གནྡྷེ་ལས་སྐྱེས་པ། པདྨ་རཱ་གའི་འོད་ཟེར་བླངས་ལ་འབར་བའི་མེ་ལྟ་བུར་འོད་འབར་བའི་མགོ་སྐྱེས་ཅན་དྲི་མ་མེད་པའི་ཐོད་པའི་ཕྲེང་བ་བྱས་པའི་ཐོད་ཅན་ཅུང་ཟད་ཁྲོ་ཞིང ་དྭ་མར་བཱ་གཡོ་ཞིང་ཟླུམ་པའི་སྤྱན་གསུམ་པཱ། མི་མགོ་ཁྲག་དང་བཅྡོཾས་པའི་ཕྲེང་བ་བརྒྱའི་ཕྱེད་ཀྱིས་ལུས་ལ་རྒྱན་བྱས་པ། ཡིད་དུ་འོང་བའི་ཕྱག་རྒྱ་ལྔས་ལུས་ལ་བརྒྱན་པ། ཁྲག་གིས་གང་བའི་ཐོད་པ་དང་རྒྱལ་མཚན་གཡོན ་གྱིས་འཛིན་ཅིང་། གྲིཡས་ཀྱིས་གྲི་གུག་འཛིན་པའི་ཕྱག་ནི་པ་ལཱཀྵའི་ལོ་མ་རྒྱུས་ཤིང་འོ་མོ་འཛིན་པའི་ཁུར་གྷོས་མནན་པ་ལྟ་བུ། དབུས་སུ་གཉེར་མ་གསུམ་པ་གཅེར་བུ་རྒྱས་ཤིང་སྐབས་ཕྱེད་པའི་འཕོངས་ཀྱི་ཆ་ཅན་གར ་དགུའི་རོ་དང་ལྡན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མནན་པ་འགྱིང་ཞིང་རོལ་པར་ལྡན་པ་ལེགས་པའི་ན་ཚོང་ཅན། ཡིད་དགའ་བའི་གནས་ནས་འོད་ཟེར་གྱི་ཚོགས་འཆར་བ་ཆོས་སྒོ་ལས་བྱུང་བ་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་ཅན ་དུ་བདག་མྱེད་མ་བལྟ་བར་བྱའོ།། དེ་ནས་ཆོ་ག་ཇི་ལྟ་བས་དམ་ཚིག་ལ་ཡེ་ཤེས་གཞུག་པ་བྱས་ལ་དེའི་མིག་དང་སྐུ་ལ་སོགས་པ་རྣམ་པར་དགྲ་པར་མོས་སོ།། དེའི་རྩིབས་དང་ལྡན་པ་ནི་རྡོ་རྗེ་འཆང་གི་ངོ་བོ་བདེ་བའི་སྙིང་པོའི་གཞི་སྟེ། ་སིནྡྷུ་རཱའི་ཚོགས་སམ་སྔ་དྲོའི་མཚམས་ལྟར་དམར་བ་དང་པོ་མཆོག་གི་སྙིང་པོར་བདྲི་བ་ཆེན་པོའི་རྩིབས་དང་ལྡན་པ་ནས་འབབ་པ། དབུས་ཀྱི་རྩ་ནས་ཞུ་བ་འབབ་པའི་རྒྱུན་གྱི་དབྱིབས་ཅན་སྐྱེས་པ། རྡོ་རྗེའི་མཆོད་རྟེན་ཡན་ལག་ལ ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་མཆེད་ཀྱི་ངོ་བོ་རྣམས་གཡས་དང་གཡོན་དང་འོག་གཞིའི་ཕྱོགསུ་སོང་བ་རྣམས། སྐར་ཁུང་དྲ་བའི་རྣམ་པ་ཅན་གྱི་གནས་བཅུ་གཉིསུ་སྐད་ཅིག་མ་དོང་དགའ་བ་དང་དབང་དུ་སྟོན་པ་ཟླུམ་ཞིང ་དང་བའི་མུ་ཏིག་དམར་པོའི་རྡོག་མའི་རྣམ་པ་ལྟ་བུ་ཐིག་ལ་བཅུ་གཉིས་རྣམ་པར་བསྒོམས་ལ། རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་རྣམས་ཀྱི་གནས་གཞི་དང་། རྡོ་རྗེ་བཞིའི་བདག་ཉིད་དང་ཡི་གེ་བཞིའི་རྣམ་པ་དང་སྐུ་བཞིར་བསྒོ ་པར་བྱའོ།། དེ་ལ་སྟེང་གི་གནས་ནི་རྡོ་རྗེ་རིན་པོ་ཆེའི་རྣམ་པ་སྐུ་རྡོ་རྗེར་བསྐྱེད་པའི་སྐྱེ་བ་ཅན་སྟོན་ཀའི་རི་བོང་ཅན་ལྟ་བུའོ།། གཡོན་པའི་གནས་ནི་ཟླ་བ་ཕྱེད་པའི་རྣམ་པ་གསུང་རྡོ་རྗེའི་མྱུ་གུ་སྐྱེད་པར་བྱེད་པ་རིན་པོ་ཆེ་པདྨ་རཱ་ཀཱསྟྲ ་བུའོ།། གཡས་པའི་ཁྱིམ་ཡང་ཟླ་བ་ཕྱེད་པའི་རྣམ་པ་ཐུགས་ཀྱི་རྡོ་རྗེའི་ལྕོག་ཕྲན་སྐྱེད་པར་བྱེད་པའི་ཨིནྡྲ་ནཱི་ལ་ལྟ་བུའོ།། དབུས་ཀྱི་གནས་ནི་ཆེས་འབྱུང་བའི་རྣམ་པ་དམ་ཚིག་རྡོ་རྗེ་སྐྱེ་བའི་རྒྱུ་ཅན་རིགས་བཟང་པོའི་རྡོ་རྗེ་སྙིང ་པོ་ལྟ་བུ་འོད་ཟེར་ལྔ་དང་ལྡན་པ་ཆོས་ཐམས་ཅད་ཀྱི་གཞིར་བསམ་པར་བྱའོ།། དེ་ནས་སྐད་ཅིག་མའི་ཐིག་ལེ་རྣམས་ནི་དགའ་བའི་ཐིག་ལེ་རྣམས་ལའོ།། དཀའ་བའི་ཐིག་ལེ་རྣམས་ནི་དབང་གི ་ཐིག་ལེ་རྣམས་ནི་སྒྲ་རྣམས་ལ་ཞུགས་པར་བསྒོམ་པར་བྱའོ།། དེའི་རྗེས་ལ་སྐུ་བཞི་པ་གོང་ནས་གོང་དུ་རིམ་པ་བཞིན་ཞུགས་པ་ཡང་རྒྱུ་སྐར་གྱི་སྦྱོར་བ་ལྟ་བུར་དབུས་ཀྱི་ཐིག་ལཱི་ལཱ་འུ་ནས་ནང་དུ་ཐིམ་པར་ཡིད་མཉམ ་པར་བཞག་པར་བསམ་མོ།། ངོའི་རྗེས་ལ་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་གཟུགས་འོད་ཟེར་གྱི་ཕྲེང་བ་རྣམ་པར་འཕྲོ་བ་ཅན་བདུད་རྩིའི་ཆ་རུ་ལྟ་བུའི་ཐིག་ལེའོ།། ཐིག་ལེརཱི་ཞུགས་པའི་ཆོས་ཀྱི་ཡི་གེ་ལས་ནཱ་དེའི་སྐུད་པས་བཀུག་སྟེ། ་ཇི་སྐད་གསུངས་པའི་རྩིའི་ལམ་ནས་སྟེང་དུ་སེང་ནས་ཆུ་དངོ་འོ་མ་ལྟར་ཆོས་དང་ཐིག་ལེ་ལྷན་ཅིག་ཏུ་རོ་གཅིག་ཏུ་གྱུར་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པའི་གཟུགས་ཅན་འཇིག་རྟེན་ལས་འདས་པ་ལྷན་ཅིག་སྐྱེས ་པ་ཕུན་སུམ་ཚོགས་པ་རྫུ་མཁན་གྱི་འཁོར་ལོ་བསྐོར་བའི་ཤུགས་ལྟར་འཁོར་བར་བསྒོམ་པར་བྱའོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་ཐིག་ལེ་སྣ་ཚོགས་གཅིག་ཏུ་བསྒོམ་པའི་ཆོ་ག་སྟེ་དང་པོའོ།། ་དེ་ནས་སྔར་གསུངས་པའི་མཚན་ཉིད་ཅན་གྱི་སྔགས་པས་སྔར་བརྗོད་པའི་བསམ་གཏན་གྱི་ཁང་པོར་ཞུགས་ལ་སྟན་བདེ་བ་ལ་འདུག་སྟེ། བསྲུང་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་མཆོད་པ་ལ་སོགས་པ་ཡང་བྱས ་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ། འདིས་ནི་བདག་མེང་མ་རུ་ལྷག་པར་མོས་པར་བྱའོ།། དེ་ནས་འོག་བཞི་ཤིང་རྟའི་ཡན་ལག་ཅན་གྱི་ཆུ་སྐྱེས་ལ་གནས་ཏེ་སྲོག་སོང་བའི་སྙིང་གར་རི་བོང་ཅན་གྱི་དཀྱིལ ་འཁོར་ལ་སྔོན་པོ་འམ་དམར་གནག་གྲམ་དྲམ་ར་པོ་ལྟ་བུ་གང་འདོད་ཇི་སྐད་གསུངས་པའི་མཚན་ཉིད་ཅན་གྱི་བདག་མེད་མའི་རྣམ་པར་བསྒོམ་པར་བྱས་ལཾ། ཡེ་ཤེས་དང་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ ་བལྟ་བར་བྱའོ།། དེ་ནས་དྲིའི་འོག་གཞིའི་རྩིབས་ཅན་ལ་དང་པོ་མཆོ་གྲི་སྙིང་པོ་མཚན་ཉིད་ན་མཁའི་ཁམས་ཀྱི་རང་བཞིན་ཅན། མཚལ་དང་འདའ་ངོ་མའི་མེ་ཏོག་ལྟ་བུ་གྲུ་གསུམ་གྱི་འཁོར་ལོ་ལ་སྣའི་ཁམས་ཀྱི་རང ་བཞིན་སྟོབས་དང་བྲལ་བའི་མགོ་བོའི་དུམ་བུ་བསྒོམ་པར་བྱའོ།། དེའི་ནང་དུ་ཆུའི་ཁམས་ཀྱི་རང་བཞིན་འོ་མ་ལས་སྐྱེས་པ་དཀར་པོ་རིལ་པོར་བསམ་མོ།། དེ་ནས་དེའི་དབུ་སུ་མེའི་ཁམས་ཀྱི་རང་བཞིན་གློག་ལྟར་འཁྱུག ་པའི་མཚོན་བསམས་ལ། མེའི་དཀྱིལ་འཁོར་དང་ལྡན་པ་ལྟེ་བ་ལྔ་རླུང་གི་ཁམས་ཀྱི་རང་བཞིན་ཟླ་བ་ཕྱེད་པ་འབར་བ་བསམ་མོ།། དེའི་སྟེང་དུ་འབྱུང་བ་ལྔའི་བདག་ཉིད་ཟླ་བ་ཕྱེད་ཐིག་ལེས་རྣམ་པར་བརྒྱན་པའི ་ས་བོན་དགའ་བའི་ཚོགས་ཅན་འོད་གསལ་བར་བལྟའོ།། དེ་ནས་མེའི་དཀྱིལ་འཁོར་དེ་ལ་ཆགས་པ་ཆེན་པོ་སྟོན་པ་གསལ་བར་འབར་བའི་ཡི་གེ་གསུམ་བསྒོམ་པར་བྱ་སྟེ། དེ་ལ་སྟེང་གི་གྲཝར་དོན་གྱི་རྣམ་པས་སྟོང་པའི ་ཡིད་ཙམ་དུ་གསལ་བའོ།། གཡོན་གྱི་གྲཝར་ཡང་དག་པར་འདོད་པའི་འབྲས་བུ་བསྐྱེད་པ་ཅ་ནོ།། གཡས་ཀྱི་གྲཝར་དགྱེས་པ་བསྐྱེད་པ་ཅནོ།། དེ་དག་ཀྱང་ཡི་གེ་གསུམ་སྟེ་སྦྱོར་བ་དང་དངོས་དྲུང ་འཇུག་གྲི་བདེ་བའི་རྒྱུར་ངེས་པའི་ཚིག་ཏུ་གྲུབ་པརྱ་རྟོགས་པར་བྱའོ།། དེ་ནས་དེའི་འོད་ཟེར་གྱིས་རེག་པའི་སྟོབས་ཀྱིས་ཆགས་པ་ཆེན་པོའི་རླུང་གིས་བསྐྱོད་ནས་རྗེསུ་ཆགས་པ་འདོད་པ་མོ་མཚོན་པ་ལྟར། བཙུགས་པའི ་ཁྱིམ་གྱི་སྦྱོར་བ་ཐག་ཤིན་ཏུ་ཕྲ་བ་ལྟ་བུའི་སྤྱི་བོན་གྷི་ཡཱི་གེ་ཐིག་ལོ་ཙནྡ་ནཱ་དེའི་རོ་མའི་གཟུགས་སྟེང་དུ་སོང་ཡང་རུང་མ་མོ་ལྟར་སོང་བ་སྟེ། ཡང་འཁྱོག་པར་འགྲོ་བར་མཱ་གྲིན་པའི་ཁྲོད་ཀྱི་བུ་གའི་ཕྲུག་ནི་ཁྱིམྦྷ་སྟེ་ལྕེ་ཆུང ་འཕྱང་བའི་རྩེར་གནས་པ་དཔལ་ཧ་རུ་ཀའི་ངོ་བོ་ཧ་ཡིག་ལ་བདག་མེད་མུས་རེག་པར་བལྟའོ།། དེ་ནས་དེར་རེག་པའི་བདེ་བ་རྒྱས་པའི་བདེ་བ་ཅན་མི་ཤིག་པའི་ཐིག་ལཾ་ལས་འཐིགས་པ་དྲི་མ་མེད་ཅིང་དགའ ་བཱིའི་ཆུའི་བདུད་རྩི་ཆར་གྱི་སྙིང་པོའི་དབང་བསྐུར་བས། ཡང་དག་པར་ཚིམ་པ་དང་དགའ་བ་དང་བཅས་ཤིང་ལྷག་པར་དགའ་བས་གང་ཞིང་མྱོས་པ་ནི་འཕང་ལོ་བསྐོར་བ་ལྟར་བཅོམ་ལྡན་འདས་མ་དེ་ལྷུན ་གྱིས་གྲུབ་པར་བསྒོམ་པར་བྱའོ།། ཡང་ངོའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དང་སྐུ་གསུམ་གྱི་བདག་ཉིད་ཅན། ཐབས་དང་ཤེས་རབ་མི་བྱེད་པའི་བླ་མ་དམ་པའི་མན་ངག་ལས་རིག་པར་བྱའོ།། དེ་དག་ནི ་བདག་མེད་མའི་མན་ངག་ལས་འབྱུང་བ་ཆེན་པོ་ལྔ་དང་རྡོ་རྗེ་གསུམ་དང་སྐུ་གསུམ་གྱི་བདག་ཉིད་ཅན་དོན་དམ་པའི་ཡི་གེའི་གཟུགས་ཀྱིས་འཁོར་བར་བསྒོམ་པའི་ཆོ་ག་སྟེ་གཉིས་པོའོ།། ་དེ་ནས་རྣལ་འབྱོར་པས་ཇི་ལྟ་བ་དེ་བཞིན་པས་བགེགས་བསལ་བར་བྱ་སྟེ། ཆོ་ག་ནི་དབེན་པའི་ཁྱིམ་ལ་སོགས་པར་སྟན་འཇམ་ཞིང་བདེ་བར་འདུག་སྟེ་བདག་ཉིད་བདག་མེད་མར་མོས་པར་བྱས་ལ་དག་པའི་སྔགས ་བརྗོད་དོ།། འོག་གཞིའི་རྩིབས་དང་ལྡན་པ་ནི་མྱ་ངན་མྱེད་དང་རྒྱུ་སྐྱེགས་ཤིང་དང་ཀུ་སུ་མའི་མེ་ཏོག་ལྟ་བུ་ལ་ཤིང་རྟའི་ཡན་ལག་ཅན་གྲུ་གསུམ་པར་སྣ་ཚོགས་རྡོ་རྗེ་ལ་ཆུ་སྐྱེས་ཀྱི་ཟེ་འབྲུར་ཟའོ།། དེར་རྡོ་རྗེ་རྣོན་པོ་རྩེ ་གཅིག་པས་འོག་གི་ཆུ་བརྒྱན་པ་དབུས་ཀྱི་ཆར་སྣ་ཚོགས་རྡོ་རྗེས་མཚན་པ་རབ་ཏུ་འཕྱང་བ་སྒྲ་དང་ལྡན་པ་དྲིལ་བུའི་ཕྲེང་བ་དང་སྣ་ཚོགས་པའི་ཕྲེང་བ་དང་ལྡན་པ་སྐེའི་ཆར་རོ།། སྟེང་གི་ཆར་ཕུལ་དུ་བྱུང་བའི་རྡོ ་རྗེ་རྩེ་མོ་ལྔ་པས་མཚོན་པ་ལངས་ནས་གནས་པའི་ཁ་ཊྭཱཾ་ག་ནི་ཆོས་ཀྱི་དབྱིངས་ཀྱི་བོདག་ཉིད་བདག་མེད་མའི་ངོ་བོར་ས་བོན་ཡོངསུ་གྱུར་པ་ལས་བལྟ་བར་བྱའོ།། དེ་ནས་དེའི་འོག་དང་བར་དང་མགྲིན་པོ་དང་སྟེང ་གི་ཆར་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། ཆོས་ཀྱི་སྒོ་དང་དྲག་པོ་དང་ཡེ་ཤེས་རྒྱ་མཚོ་དང་མགོ་མེད་དོ།། དེ་ཡང་སྣ་ཚོགས་དང་ནག་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་ཏུ་རྣམ་པ ་བསྒོམ་མོ།། ཉི་ཟླ་འགགས་པ་ལས་སྐྱེས་པའི་ལས་ཀྱི་རླུང་གིས་བསྐུལ་བས་འཇིག་པའི་དུས་ཀྱི་མའི་ཕུང་པོ་ཤིན་ཏུ་འབར་བ་ལྟར་རྣམ་པར་བསྒོམ་པར་བྱའོ།། དེ་ནས་དེའི་སྟེང ་དུ་གྱུར་པའི་རྡོ་རྗེའི་དབུས་ཀྱི་རིའི་རྩེ་མོ་ནས་འཇིག་པའི་དུས་ཀྱི་མེ་འབར་བ་ལྟར་ལངས་པ་དང་། འབར་བྱས་བསྲེག་པའི་རྣམ་པར་འཁྲུགས་པར་བྱ་སྟེ། འཁོར་ལོ་གནས་པའི་སངས་རྒྱས་དང་རིག་མའི་ཚེ་ཌ ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་དུ་འཁོར་ལོ་གསུམ་བསྡུས་པའི་མཚན་ཉིད་ངོ་བོ་བདེ་བའི་འཁོར་ལོར་མི་འབར་བས་མརོ་ཞུ་བ་ལྷུར་ཡང་དག་པར ་བསྒོམ་པའོ།། དྲི་ནས་འཛག་པའི་བདུད་རྩི་འཛིན་པ་གྷས་སོ་པ་དང་། སངས་རྒྱས་དང་རིག་མའི་ཚོགས་བསྲེགས་ཤིང་མྱ་ངན་ལས་འདས་པའི་གཟུགས་ཅན་བརླན་པ་ཡང་ཇི་ལྟར་ཆུ་འཛིན་གྱི་ཚོགས་ལུས ་རྒྱུ་འབབ་པའི་ཐིག་ལེས་ཚིམ་པ་རྨ་བྱ་མྱོས་པ་ལྟ་བུ་སྟེ། ཤིན་ཏུ་དགའ་བས་གཞན་གྱི་འདོད་པས་ཚེ་མ་པ་བདེ་བ་ཚོན་པར་ཞུགས་པ་ཤེས་རབ་ཀྱི་རང་བཞིན་ལས་ན་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས་དགའ་བའི་ཆོ། ་ཀྱིས་གདུངས་པའི་གར་ཏེ། དེར་ཡོད་སོང་བའི་སྔགས་པས་ཇི་སྲིད་འདོད་པ་ལྷུན་གྱིས་གྲུབ་པར་བསྒོམ་པར་བྱའོ།། དེ་དག་ནི་བདག་མའི་མན་ངག་ལས་ཤེས་རབ་མཆོག་གི་བདག་ཉིད་ཁ་ཊྭཱཾ་ག་རོལ་པ་བསྒོམ་པའི་ཆོ་ག་སྟེ་གསུམ། ་པའོ།། ། དེ་ནས་རྣལ་འབྱོར་མའི་མཚན་ཉིད་གང་དུ་གསུངས་པས་ཇི་ལྟ་བུའི་བསྲུང་བའི་སྔགས་བྱ་སྟེ། འཚེ་བ་མེད་པའི་ཁང་པ་ལ་སོགས་པ་རུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བསྡམས་པས་བདག་མེད ་མར་མོས་ལ་རྣམ་པར་དྲག་པའི་སྔགས་བརྗོད་དོ།། དེ་ནས་སྤྲུལ་པའི་འཁོར་ལོའི་དབུས་སུ་སྲོག་སོང་བའི་སེམས་ཀྱི་གཞིར་ཟླ་བའི་དཀྱིལ་འཁོར་ལ་སྔར་གསུངས་པའི་རང་གི་མཚན་ཉིད་ཅན་གྱི་བདག་མེད་མ་རྣམ་པར་བསྒོམས ་ལ། དེའི་འོག་གཞི་ལ་ཤིང་རྟའི་ཡན་ལག་ཅན་ཡོངསུ་སྨིན་པའི་ཀམྦི་ཀའི་འབྲས་བུ་ལྟོ་བུ། དེ་ཡང་མེའི་འཁོར་ལོ་གྲུ་གསུམ་པ་དེའི་ནང་དུ་པདྨ་འདབ་མ་བཞི་པ་བསམ་པར་བྱའོ།། དེ་ནས་དེའི་མདབ་མ་དུང་ཟེ་འབྲུ་ལ་མཁའ ་འགྲོ་མ་ལྔའི་རང་བཞིན་ཡུངས་ཀར་ཕྲ་མོའི་ཐིག་ལེར་བསྒོམ་པར་བྱའོ།། དྲི་ལ་ཤར་ཕྱོགས་ཀྱི་འདབ་མ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་རབ་ཏུ་སྦྱོར་བའི་བདེ་བའི་ཐིག་ལེའོ།། ལྷོ་ཕྱོགས་ཀྱི ་འདྲབ་མ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སངས་རྒྱས་སའི་རོང་བཞིན་དཀར་མོའི་རང་བཞིན་ནྡན་རྩ་བའི་བདེ་བའི་ཐིག་ལེའོ།། ནུབ་ཕྱོགས་ཀྱི་འདབ་མ་ལ་སོ་སོར་རྟོག་པའི་ཡེ་ཤེས་དང་སངས་རྒྱས་སའི་རང ་བཞིན་ཆུའི་རྣལ་འབྱོར་མའི་བདག་ཉིད་ཅན་ཡོངས་སུ་བཅད་པའི་བདེ་བའི་ཐིག་ལེའོ།། བྱང་ཕྱོགས་ཀྱི་འདབ་མ་ལ་བྱ་བ་གྲུབ་པའི་ཡེ་ཤེས་དང་སངས་རྒྱས་སའི་རང་བཞིན་རྡོ་རྗེ་མཁའགྲོ་མའི་རང་བཞིན་ཅན་གྱི་བདེ་བའི ་ཐིག་ལེའོ།། ཟེ་འབྲུ་ལ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དྲང་སངས་རྒྱས་སའི་རང་བཞིན་བདག་མེད་མའི་རང་བཞིན་ཅན་ཆོས་ཐམས་ཅད་དོན་དམ་པ་མཆོག་ཏུ་བདེ་བའི ་ཐིག་ལེར་ཡིད་མཉམ་པར་བཞག་པའི་སྔགས་པས་དུས་རིང་པོར་བསམ་མོ།། དེའི་རྗེས་ལ་དབུས་ཀྱི་ཐིག་ལེ་ལས་རྣམ་པར་སྤྲོས་ཏེ་དྲི་མ་མེད་པའི་བརྒྱད་ཀྱི་ཕྱེད་ཀྱི་འོད་ཟེར་ལྕགས་ཀྱུ་རྣམས་ཀྱི་ཕྱོགས་ཀྱི་ཐིག་ལེ་བཀུག ་པ་རྣམས་ཀྱང་དབུས་ཀྱི་ཐིག་ལེ་ལ་ཞུགསྡེ་བར་བལྟ་བར་བྱའོ།། དེ་ནས་ཡེ་ཤེས་ལྷའི་བདག་ཉིད་ཅན་དྲོན་དམ་པའི་ཤེས་རབ་ཀྱི་རང་བཞིན་དུ་ཐིག་ལེའི་གཙོ་བོ་འབར་བར་ཇི་ཙམ་འདོད་པ་བསྒོམ་མོ།། དེ་ནས་འོད་ཟེར ་དམར་པོ་བྱུང་བ་ནི་དཔག་བསམ་གྷི་ཤིང་གི་ཡལ་གྲཱ་ལྷོར་མངོན་པར་འདོད་པའི་དོན་བསྐྱེད་ཅིང་། སྐྱེད་པར་བྱེད་པའི་མེ་ལྟར་བདེ་བ་སྐྱེད་པར་བྱེད་པའོ།། དེ་ནུས་སྣའི་རྩེ་མོའི་གཙུག་ཏོརཱ་དུ་ཁྱེར་ལྔ་དུས་རིང་མོར ་བདེ་བར་གནས་པར་བསམ་པར་བྱའོ།། དེ་ནས་དེའི་ཐིག་ལྟེ་བ་ཐག་ལྟར་རླུང་ལས་བྱུང་བའི་སྐུད་པཱིའུ་རི་མོའོ་རྒྱུན་གྱིས་སྐས་ཀྱི་ཁྲེམོ་མཉེར་གྱི་ལམ་ལ་སོང་བ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བསམ ་པ་ཐམས་ཅད་ཡོངས་སུ་རྫོགས་པ་རི་བོང་ཅན་གྱི་དཀྱིལ་འཁོར་ལྟར་བདུད་རྩིའི་རང་བཞིན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་སྟེ་མཆོག་ཏུ་བདེ་བའི་རང་བཞིན་དང་ཆོས་ཀྱི་སྐུའི་བདག་ཉིད་དང་བདག ་མེད་མའི་རང་བཞིན་དུ་སྣའི་རྩེ་མོར་གནས་པར་གྱུར་ཅིང་འབར་བ་དང་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་བསྒོམ་པའི་རྣམ་པར་རྟོག་པའི་སྐྱོན་གྱིས་བྱུགས་པ་དང་བྲལ་བར་གྱུར་པའི་སྔགས་པས་ཅི་ཙམ་བརྟན་པར་ནུས ་པའི་བར་དུ་བསྒོམ་པར་བྱའོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་མཆོག་ཏུ་བདེ་བའི་ཐིག་ལོ་བསྒོམ་པའི་ཆོ་ག་སྟེ་བཞི་པའོ།། ། དེ་ནས་སྐྱུགས་པ་དབང་དང་དམ་ཚིག་དང་ལྡན ་ཞིང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཚོགས་བསགས་ཏེ། ཡིད་དང་མཐུན་པའི་ཕྱོགསུ་སྔགས་པས་སྟན་ལ་འདུག་སྟེ། བསྲུང་བ་དང་དཀྱིལ་འཁོར་མཆོད་པའི་ཚོ་གས་བདག་ཉིད་བདག་མེད་མར་མོས ་ལ། རང་གི་སྤྲུལ་པའི་རྩིབས་དང་ལྡན་པར་བདག་མེད་མ་སྔར་བསྐྱེད་པ་གསུངས་པ་བཞིན་བསྐྱེད་ལྔ། དེའི་ལྟེ་བ་ལ་མེ་ཏོགཱ་མན་དར་བ་ཁ་ཕྱེ་བ་ལྟ་བུ་གྲུ་གསུམ་པ་ཐུབ་ཕྱིའི་དབང་པོའི་གནས་མཆོག་ཏུ་ལྷག ་པར་ཡུམྲ་དང་བཅས་པ་དང་། དང་པོའི་མཆོག་གི་རླུང་བཞིན་ཅན་འོ་གསལ་བཱ་རཱ་བཅུ་དྲུག་ཆ་ཞོག་གི་གཙོ་བོ་ད་རྟ་བདུན་པའི་རི་ཕུར་བྱ་ལྟར་ཁ་སྦྱོར་དུ་གསལ་བར་བལྟའོ།། དེ་ལས་བྱུང་བའི་ཡོངསུ་རྩོམ་པ ་དྲང་སོ་སོར་འབྱེད་པ་དང་རྣམ་པར་སྤྱོད་པ་རྣམས་སུ་སྟོན་པ་ཁབ་ལྟ་བུ་ཤིན་ཏུ་རྣོ་བའི་ཉི་མའི་འོད་ཟེར་ལྟར་ཕྲ་བ་ལྟ་བུ་ཤིན་ཏུ་དམར་པོ་དེ་ཁ་སྦྱོར་ལན་གསུམ་དུ་དགྲོལ་ཏེ་དེར་ནང་དུ་སོང་བར་བསམ་པར་བྱའོ།། དེ་ནས ་དེའི་སྦྱོར་བ་ལས་སྐྱེས་པ་ནི་འབར་ཞིང་དགའ་བ་ལས་བསྐྱེད་པ་སྐྱོ་བ་ཅན་ལྟ་བུའི་རྒྱལ་བ་རྣམས་དོན་དམ་པའི་ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་བསམ་པར་བྱའོ།། དེ་ནས་དེ་ལུས་བྱུང ་བ་ནི་སྤྲུལ་པའི་རི་མོའི་རང་བཞིན་ལྷའི་དབང་པོ་ཡང་དབང་ཕྱུག་བདེ་བ་ལ་དམིགས་པའི་མཆོག་གཞན་གྱི་དོན་བྱེད་པ་ནི་གླང་པོ་ཆེ་མོ་ལྟར་རོལ་ཤིང་སྒེག་པར་འགྲོ་བ་སྟེ། ཡིད་བཞིན་གྱི་ནོར་བུ་དམར་པོའི་ཐུར་མ ་ཕྲ་མོ་ལྟར་རིང་བསྡུ་སཱ་ལའི་ཡལ་ག་ལྟ་བུ་ལེགས་པར་འབར་བ་བདག་མེད་མུའི་གཟུགས་བརྙན་གྱིས། བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་དཔལ་དགྱེས ་པོའི་རྡོ་རྗེའི་བདག་ཉིད་མགོ་མེད་ཀྱི་གཟུགས་ཀྱི་བཅོམ་ལྡན་འདུས་ཀྱི་ལུས་ལ་རེག་པར་བསམ་པར་བྱའོ།། དེ་ནས་དེ་དག་དགའུ་བས་སྤྱོད་པས་གཟུགས་བརྙན་རེག་པ་ལས་བྱུང་བའི་ཆགས་པས་ཞུ་བར་གྱུར་ཏེ། དགའ་བ ་དང་རྗེསུ་མཐུན་པའི་ཚུལ་གྱིས་འབབ་ཅིང་རྗེསུ་འགྲེ་བའི་ཐོག་ལེའི་གཟུགས་ཅན་དགའ་བའི་འདོད་པ་བསྟེན་པར་བྱའོ།། དེ་ཡང་དེའི་སྦྱོར་བ་ལས་ཡང་དག་པར་བྱུང་བའི་བདུད་རྩི་མྱངས་པ་བཅུད་དང་སྟོབསུ་སྨིན་པས་རྒྱལ ་པ་ལས་སྤྲོ་ཞིང་མ་རྒུད་ཅིང་ལེགས་པ་མཆོག་གི་དགའ་བ་ཚེགས་བསྡུ་བ་བྱས་པས།། ནམ་མཁའི་ཕྱོགས་མ་ལུས་པར་གནས་པའི་རྒྱུ་བ་དང་མི་རྒྱུ་བ་དེ་ཡིད་གཏད་པའི་སྔགས་པས་ཇི་ཙམ་ནུས་པ་དེ་ཙམ་དུ་བསྒོམ་པར་བྱའོ།། ། ་དྲི་དག་ནི་བདག་མེད་མའི་མུན་ངག་ལུས་ཡེ་ཤེས་ཀྱི་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་ལྟ་བའོ།། ། དེ་ནས་བསམ་གཏན་གྱི་ཁང་པར་བདེ་བར་འདུག་པས་བྱ་བ་དག་བྱས་ནས། རྣལ་འབྱོར་མའི་མཚན། ་ཉིད་ཇི་སྐད་གསུངས་པའི་བདག་མེད་མའི་རྣལ་འབྱོར་ཅན་གྱིས་སྔར་གསུངས་པའི་སྤྲུལ་པའི་འཁོར་ལོ་ལྱ་ཨཱ་ལཱི་བསྡུས་པའི་རང་བཞིན་གྱི་གཟུགས་ཅན་ཆོས་ཀྱི་སྐུའི་བདག་ཉིད་ཤེས་རབ་ཀྱི་ངོ་བོ་སྟོང་པ་ཉིད་ཀྱི་ཚུལ་ཅན། ་རྣལ་འབྱོར་མུ་མཱ་ལུས་བསྡུས་པའི་ཚུལ་ཅན་གཟུགས་བདག་མེད་མེ་ཨོཾ་ཡིག་འབར་བ་མངོན་པར་བལྟའོ།། ཆོས་ཀྱི་འཁོར་ལོར་གནས་པ་ཡང་ཀཱ་ལི་བསྡུས་པོའི་གཟུགས་ཅན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད ་ཐབས་ཀྱི་ངོ་བོ་སྙིང་རྗེའི་ཚུལི་ཅན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་རང་བཞིན་དཔལ་ཧེ་རུ་ཀའི་ངོ་བོ་ཧཱུཾ་ཡིག་འབར་བ་རྣམ་པར་བསྒོམ་པར་བྱའོ།། དྲི་ནས་དེ་ལས་བྱུང་བའི་འོད་ཟེར་གྱི་ཕྲེང་བ་པོ་ཉ་མ ་ལྟ་བུས་གཉི་གའི་འདོད་པའི་དོན་ཉི་མ་ལྟ་བུ་བསྒྲུབ་པས་བཀུག་སྟེ་དེ་ཉིད་དུ་རྗེ་སུ་ཆགས་པ་བསྒོམོ།། དེ་ནས་ཡང་དེར་སྦྱོར་བའི་རྗེསུ་ཆགས་པ་དང་ཤིན་ཏུ་ཞེན་པཱ་དྷེ་དང་མི་ཕྱེད་པའི་ཟེ་འབྲུ་རིན་པོ་ཆེ་རྩེ་མོར་ཕྱིན ་ཅིང་གནས་པར་དུས་རིང་པོར་བསྒོམ་པར་བྱའོ།། དེ་ནས་དེའི་རྗེས་ལ་མ་ན་སྐུའི་གནས་ཤིང་རྟ་དྲང་སྲོང་རྟ་བདུན་ཆེར་འཆེར་བའི་སྟོབས་ལས་བྱུང་བའི་རླུང་དང་མེའི་སྦྱོར་བས་ཞུ་བར་གྱུར་པ་དང་། དངོས་པོ་ཐམས ་ཅད་ཀྱི་སྟོང་པ་ཡཱ་དག་པ་སྟོང་ཉིད་དང་སྙིང་རྗེ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་པ་རང་གི་མཚན་ཉིད་བུམ་པ་བཟང་པོ་ལྟར་འདོད་པའི་དོན་ཐམས་ཅད་གྲུབ་པ ་རྣམ་པར་སྤྲོས་ཏེ། བདེ་བྱའི་རྒྱུན་དུ་མཉམ་པར་སྣང་བར་བྱས་པསྟེ་སྣང་བ་དང་ནི་སྣང་པོ་སེམས་ཅན་མ་ལུས་པ་སློད་དུ་བྱས་པ་ཐིག་ལེའི་གཟུགས་དེར་ཡིད་སོང་བའི་སྔགས་པས་བསམ་པ་བྱའོ།། ་དེ་དག་ནི་བདག་མེད་མའི་མནྟྲ་ངག་ལས་ལྷན་ཅིག་སྐྱེས་པཥྚི་ཡི་གྲི་མི་འགྱུར་བའི་ཐིག་ལེར་བསྒོམ་པའི་ཆོ་ག་སྟེ་དྲུག་པའོ།། ། དེ་ནས་བདགུ་མེད་མའི་རྣལ་འབྱོར་པས ་སྔར་བཞིན་པའི་སྤྲུལ་པའི་འཁོར་ལོལ་བདག་མེད་མར་ཡིད་ཀྱིས་བཱསྐྱེད་ལ། དེ་ཡང་སྤྲུལ་པའི་འཁོར་ལྷོར་པདྨ་འདྲ་བ་མ་ནང་དུ་བཞི་ཕྱིར་བཅུ་བསྒོམ་མོ།། དེ་ནས་དེའི་ཟེ་འབྲུ་ལ་རྣམ་པར་ཤེས ་པ་ཡིད་ཞེ་སྡང་སངས་རྒྱས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་བདེ་ག་མེད་མའི་ངོ་བོ་དབྱངས་ཡིག་དང་པོ་ཐིག་ལྀ་དང་བཅས་པ་རྣམ་པར་བསྒོམས་ལ་འདབ་མྱ་དག་ལཱ་དེ ་ལས་སྤྲོས་པ་ནི་རྣལ་འབྱོར་མ་བཅུ་བཞིའི་རིང་བཞིན་ཅན་དབྱངས་ཡིག་བཅུ་བཞི་བསྒོམ་པར་བྱའོ།། དེ་ལ་ནང་གི་ཤོར་ཕྱོགས་ཀྱི་འདབ་མ་ལ་གཟུགས་མིག་གཏི་མུག་སངས་རྒྱས་ཀྱི་ས་མེ་ལོང་ལྟ་བུའི ་བདག་ཉིད་རྡོ་རྗེ་མའི་རང་བཞིན་དབྱངས་ཡིག་གཉིས་པའོ།། ལྷོ་རུ་ཚོར་བ་སྣ་ང་རྒྱལ་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཀྱི་བདག་ཉིད་དཀར་མོའི་དབྱངས་ཡིག་གསུམ་པའོ།། ནུབ་ཏུ་འདུ་ཤེས་ལྕེ་འདོད ་ཆགས་སངས་རྒྱས་ཀྱི་ས་སོ་སོར་རྟོག་པའི་བདག་ཉིད་ཆུའི་རྣལ་འབྱོར་མ་ངོ་བོ་དབྱངས་ཡིག་བཞི་པའོ།། བྱང་དུ་འདུ་བྱེད་ལུས་ཕྱག་དོག་སངས་རྒྱས་ཀྱི་ས་བྱ་བ་གྲུབ་པའི་བདག་ཉིད་ཅན་རྡོ་རྗེ་མཁའགྲོ ་མའི་ངོ་བོ་དབྱངས་ཡིག་ལྟ་པའོ།། ཕྱི་རོལ་གྱི་དབང་ལྡན་དུ་དགའ་བ་ལོ་སོགས་པ་སོ་གསུམ་གྱི་བདག་ཉིད་ཅན་དབྱངས་ཡིག་དྲུག་པའོ།། མེའི་མཚམ་སུ་འོད་འཕྲོ་བ་ལ་སོགས་པ་ས་གསུམ་གྱི་བདག་ཉིད ་ཅན་རི་ཁྲོད་མོའི་རང་བཞིན་དབྱངས་ཡིག་བདུན་པའོ།། བདེན་བྲལ་དུ་རིང་དུ་སོང་བ་དང་མི་གཡོ་བའི་རང་བཞིན་ཅན་གཏུམ་མོའི་ངོ་བོ་དབྱངས་ཡིག་བརྒྱད་པའོ།། རླུང་དུ་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གྱི ་བདག་ཉིད་ཅན་གཡུང་མོའི་ངོ་བོ་དབྱངས་ཡིག་དགུ་པའོ།། ཤྭར་ལ་སོགས་པའི་འདབ་མ་ལ་དད་པ་ལ་སོགས་པ་དབང་པོ་བཞིའི་བདག་ཉིད་ཅན་སྒོ་སྐྱོང་གི་ངོ་བོ་དབྱངས་ཡིག་བཅུ་པ་བཅུ་གཅིག་པ ་བཅུ་གཉིས་པ་བཅུ་གསུམ་པའོ།། ནུབ་དང་བདེནི་བྲལ་གྱི་མཚམ་སུ་རེག་པ་དང་ཤེས་རབ་དང་དབང་པོའི་བདག་ཉིད་ཅན་ས་སྤྱོད་མའི་རང་བཞིན་དབྱིངས་ཡིག་བཅུ་བཞི་པའོ།། དབང་ལྡན་དང་ཤར་གྱི ་མཚམསུ་ཆོས་དང་ངང་པ་ལ་སོགས་པ་སྟོབས་ལྔའི་བདག་ཉིད་ཅན་མཁའ་སྤྱོད་མའི་ངོ་བོ་དབྱངས་ཡིགྲ་བཅཝོ་ལྔ་བའོ།། དབྱངས་ཡིག་དེ་དག་ཀྱང་འོད་གསལ་བ་བདུད་རྩིའི་ཆར་བབ་པར་བསམ་པར ་བྱའོ།། དེ་ནས་དབྱངས་ཡིག་དང་པོ་འོད་ཟེར་གྱི་ཕྲེང་བས་ཁྱབ་སྟེ་ལྷག་པའི་འོད་ཟེར་སྐར་མདའི་རྣམ་པས་རྙེད་པར་རབ་ཏུ་ལྟའོ།། དེ་ནས་ཉི་མའི་འོད་དམར་པོ་སྤྲོས་པས་མཐོང་གསལ་ཏེ་ཐོ་རངས་ཀྱི་སྐུར་མ་ལྟར་ཐིམ་པར་དབྱངས་ཡིག ་བཅུ་བཞི་པོ་དེ་དག་རྣམ་པར་བསྒོམ་མོ།། དྲང་པོ་དབྱངས་ཡིག་ཀྱང་ཉིན་མོས་འཇིགས་པ་ལྟར་ཐིག་ལེ་ཕུག་ཏུ་ཞུགས་པར་བསམ་མོ།། དེ་ཡང་ཐིག་ལེ་ཕྱག་གི་བུག་པར་ཞུགས་པ་དང་ཉི་མའི་འོད་ཀྱིས་གདུངས་པ་ཡིས ་བསྲེག་པར་བྱ་སྟེ། ནཱ་དཱ་རིང་པོ་ལེགས་པའི་དབྱངས་ཡིག་རྣམ་པར་བསམ་པར་བྱའོ།། དེ་ནས་དེའི་ནཱ་ངས་བསྐུལ་བས་སྔགས་པ་དང་ཁྱུ་མཆོག་ག་རཱ་ཡིས་བརྡུངས་པས་ཞུ་བ་དབྱུང་ཐག་པ་འཕྱང་བ་ལྟར་དང་བ་སྐྱུགས་པ ་སྟེ། ལྷན་ཅིག་སྐྱེས་པའི་རླུང་གིས་བསྐྱོད་པ་ཆེ་བས་གདུངས་པ་ཞི་བ་ལྟར་དོན་དམ་པར་མཆོག་གི་གཟུགས་ལས་རྣམ་པར་འཕྲོས་ཏེ། བདེ་བ་ཆེན་པོའི་རྒྱུན་གྱིས་སྲིད་པ་མ་ལུས་པ་ལ་ཁྱབ་པ་དེར་སོང་བའི་ཡིད་ནྡན་གྱི ་སྔགས་པས་ཇི་ཙོམ་ནུས་པའི་བར་དུ་བསྒོམ་པར་བྱའོ།། དེ་དག་ནི་བདག་མའི་མན་ངག་ལས་ཡི་གེ་ཆའི་སྦྱོར་བ་ཐིག་ལེ་བསྒོམ་པའི་ཆོ་ག་སྟེ་བདུན་པའོ།། དེ་ནས་མཚན་ཉིད་ཇི་ལྟ་བ་བརྗོད་པའི་སྔོགས་པས་སྔར་གསུངས་པའི་བྱ་བ ་ཐམས་ཅད་བྱ་སྟེ། བདག་ཉིད་བདག་མེད་མར་མོས་ཤིང་སྤྲུལ་པའི་འཁོར་ལོ་ལ་མཆོག་གི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཟླ་བ་དང་ཉི་མའི་སྦྱོར་བ་ལས་ཡང་དག་པར་བྱུང་བ། རླུང་མེད་པའི་མར་མེའི་གཡོ་བ་ལྟར་གེན་དུ ་འབར་བས་མུན་པའི་ཚོགས་མ་ལུས་པ་ཞི་ཞིང་ཡུལ་དང་དབང་པོའི་གྲོང་ཁྱེར་བསྲེགས་ཏེ། གཞན་གྱི་རྣལ་འབྱོར་མ་རབ་ཏུ་འཇུག་པ་ཡང་འགོག་ཅིང་རྣམ་པར་རྟོག་པ་ཉུང་བ་མ་ཡིན་པ་ཟད་པར་བྱེདདོ།། ཤིང་སྐམ་པོའི ་ལ་གའི་ཚོགས་ལ་ཕུལ་དུ་གྱུར་པའི་ཤེས་རབ་མའི་ཚོགསུ་འབར་བས་ཡཱ་བདག་མེད་མོའི་རང་བཞིན་གཏུ་མོ་ལྟར་མི་རེག་པ་གཏུམ་ཞིང་རབ་ཏུ་གཏུམ་པ་བལྟའོ།། དེ་ཡང་ཡིད་ཆགས་པར་གྱུར་པ་དང་བདེ་བའི་འཁོར་ལོ ་ནཱ་མཁར་གནས་པའི་དང་པ་ཕྱི་མ་ལེབ་ལྟར་ལེགས་པར་སྣོམས་ཤིང་མེར་ཁུའི་མེར་སྣང་བའི་སྐྱེད་པས་བལྟ་བ་དང་ཆགས་པས་ཞུ་སྟེ་དེ་ཐིམ་པར་རྣམ་པར་བྱའོ།། དེ་ནས་དེའི་མེ་ལ་མར་བཅུག་པ་ལྟར་རབ་ཏུ་འབར ་ཞིང་སྡིག་པ་དང་ཉོན་མོངས་པས་གདུངས་པ་མ་ལུས་པ་བསིལ་ཏེ་རྣམ་པར་སྤྲོས་པས་བདེ་བ་ཆེན་པོ་རྒྱས་པར་སྤྲོ་བ་གཟེར་ལྟར་དམིགས་པ་ཐམས་ཅད་ཞི་སྟེ། མི་དམིགས་པ་དང་བསམ་དུ་མེད་པ་དང་བརྗོད་དུ་མེད་པར ་གྱུར་ཏི་དེར་ཅི་ནུས་ཙམ་གྱི་བར་དུ་བསྒོམ་མོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་གཏུམ་ཞིང་རབ་ཏུ་གཏུམ་པའི་ཆོ་ག་སྟེ་བརྒྱད་པའོ།། ། དེ་ནས་སྔགས་པ་དབང་དང་ལྡན་པས་སྔར་གསུངས། ་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་འདུག་ནས་བསྲུང་བ་དང་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་ཆོ་ག་བྱས་ལ། རང་གི་ལུས་ཉིད་ས་དང་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི ་རང་བཞིན་གནས་ལ་སོགས་པ་བསྡུས་ཏེ། རྣམ་པ་སྣ་ཚོགས་འབར་བ་ནོར་བུའི་རང་བཞིན་ཐར་པ་ཆེན་པོ་ཁང་པའི་གཞལ་ཡས་ཁང་དུ་རང་གི་ལུས་ཉིད་མོས་པར་བྱས་ལ། དྲིར་གནས་པའི་རྩ་ཀུན་ཡང་དག་པར ་བརྟེན་པའི་རྩ་གསུམ་པ་ནི་བདག་མེད་མར་མོས་སོ།། དེ་ལ་མགྲིན་པ་ནས་བརྩམས་ཏེ་གཡོན་ན་གནས་པའི་ཁ་འོག་ཏུ་བལྟས་ནས་ལྟེ་བའི་འཁོར་ལོར་སོང་ཞིང་ཆུ་འབབ་པ་རྐྱང་མ་ཞེས་བྱ་བའི་རྩ་སྟེ། སྐུ་དང་ཟླ་བ་དང་ཨཱ ་ལྕི་དང་སྟོང་པ་ཉིད་དང་ལམ་དུ་འཇུག་པ་དང་མཚན་མོ་དང་ནུབ་པ་དང་བྱང་དུ་ཆུབ་རྨི་ལམ་དང་བཟུང་བ་དང་ཤེས་བྱ་དང་དོནཱ་དམ་པ་དང་ཨེ་ཡིག་དྲུང་དངོས་པོ་མེད་པས་བསྡུས་པའི་རང་བཞིན་བདག་ཉིད་ལྗོངས་སྤྱོད ་རྫོགས་པའི་སྐུའི་རང་བཞིན་དུ་མོས་པར་བྱའོ།། ལྟེ་བ་ནས་གཟུང་སྟེ་ཁ་སྟེང་དུ་བལྟས་ཏེ་གཡས་ནས་རྒྱུ་བའི་མགྲིན་པའི་མཐར་ཐུག་གི་བར་དུ་སོང་ནས་ཁྲག་འབབ་པ་རོ་མཻ་ཞེས་པའི་རྩ་སྟེ། གསུང་དང་ཉི་མ་དང་སྐྱེང ་རྗེ་དང་ལམ་ནས་འབྱུང་བ་དང་ཉེན་པར་འཆར་བ་དང་ལྷོ་ནས་རྒྱུ་བ་དང་སང་པ་དང་འཛིན་པ་དང་ཤེས་བྱེད་དང་ཀུན་རྫོབ་དང་རགས་པ་དང་པོ་ཡིག་དངོས་པོར་བསྡུས་པའི་རང་བཞིན་ཐམས་ཅད་ཀྱི་བདག་ཉིད་ཅན་སྤྲུལ་པའི ་སྐུའི་ངོ་བོར་མོས་པར་བྱའོ།། དེ་ནས་དབུས་ནས་རྒྱུ་བ་ཁ་འོག་ཏུ་བལྟས་པ་ཆུ་ཤིང་གི་མེ་ཏོག་ལྟར་འཕྱང་བ་སྣུམ་པ་དང་ལྡན་པའི་མར་མེ་ལྟ་བུར་བྱང་ཆུབ་ཀྱི་སེམས་འབབ་པ་ཀུན་དར་མ་ཞེས་བྱ་བའི་རྩ་སྟེ། ཐམས་ཅད ་བསྡུས་པའི་ངོ་བོ་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ཆོས་ཀྱི་སྐུའི་ངོ་བོ་གཉི་སུ་མེད་པ་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་དུ་མོས་པར་བྱའོ།། སྤྲུལ་པའི་འཁོར་ལོར་སོན་པའི་རྩ་གསུམ ་བོ་གཅིག་གི་རང་བཞིན་དེ་ཁང་སྟོང་ཆ་གསུམ་པོ་ལྟ་བུའི་བུ་གུ་ཅན་རཱ་བསྡོམས་པ་ལྟ་བུ་རྡོ་རྗེའི་རྣམ་པ་ལྟ་བུ་འམ། ཡང་ན་བྱ་རོག་གདོང་ཅན་ལྟ་བུ་སྟེ་རྩཝའི་གཙོ་བོ་སྐུ་གསུང་ཐུགས་གཅིག་པའི་རང་བཞིན་ཅན་ནམ ་མཁའ་ལྟར་སྤྲོས་པ་མེད་ཅིང་མྱུ་གོས་པ་བདེ་བ་ཆེན་པོའི་སྐུའི་རང་བཞིན་དུ་བདག་མེད་མ་རྣམ་པར་བསྒོམ་པར་བྱའོ།། བསྒོམས་པའི་སྟོབས་ཀྱིས་ཀྱང་དོན་དམ་པར་མངོན་སུམ་དུ་བྱེད།། དེ་དག་ནི་བདག་མེད་མའི ་མཱན་ངག་ལས་རྩའི་གཙོ་བོ་བསྒོམ་པའི་ཆོ་ག་སྟེ་དགུ་པའོ།། ། དེ་ནས་སྔགས་པ་དབང་དང་ལྡན་པས་སྔར་གསུངས་པའི་བསམ་གཏན་གྱི་གན་སུ་ཞུགས་ཤིང་སྟན་བདེ་བྷཱ་ལ་འདུག ་སྟེ། བསྲུང་བ་དང་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བྱས་ནས་མཉམ་པར་བཞག་པའི་ཡིད་ཀྱིས་བདག་མེད་མར་མོས་པར་བྱའོ།། དེ་ནས་སྤྲུལ་པའི་ཁང་པ་རྒྱུན་དུ་གནས་པ་ཅན་རང་གི་འོད་ཀྱི་དཀྱིལ་འཁོར་གྱིས་བསྒོ ་པ་བརྩེ་བ་དང་བྲལ་བས་གདུངས་ཏེ། བརྩེ་བ་དང་ཕྲད་པས་འདོད་པའི་ཡི་གེ་མཆོག་གི་རང་བཞིན་དུ་བཙུན་མོ་ཆེན་མོ་བདག་མེད་མ་ཞེས་བྱ་བ་རྣམ་པར་བསྒོམས་ལ། དེ་ལ་ཆོས ་ཀྱི་ཁབ་པ་རྒྱུན་དུ་གནས་པའི་གནས་ལ་གནས་པ་ཡང་ཉི་མ་ལྟ་བུར་འབར་དང་ལྡན་པས་འདོད་པ་ལྟ་བུར་འབར་པ་དང་ལྡན་པས་འདོད་པ་ལྟ་བུར་འཁྱུད་པ་དང་འདོད་པའི་མཆོག་ཏུ་གྱུར་པའི་རྗེ་བཙུན ་དཔལ་ཧེ་རུ་ཀྲྀ་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་དེས་འོད་ཟེར་གྱི་ཕོ་ཉ་བཏང་སྟེ་ལྟ་བར་བྱེད།། དེ་ནས་འོད་ཟེར་གྱི་ཕོ་ཉས་བཀུག་ནས་ཁྱེར་བ་དང་ཆགས་པ་ལྟ་བུར་རྗེས་ཆགས་པའི་དགའ་བས་རྙེད་དེ་འཁྱུད་པས ་ཀྱང་ཐོབ་པ་ནི་དབུལ་མོས་གཏེར་རྙེད་པ་ལྟ་བུ་འམ། བཀྲེན་པས་དགོས་པ་ཁྱད་པར་ཅན་གྱི་སྟོན་མོ་ཟོས་པ་ལྟ་བུ་འམ། སོས་ཀྭའི་ཚད་པས་གདུངས་པ་ལ་ཆུ་བསིལ་བས་དབང་བསྐུར་བ་ལྟ་བུ་སྟེ།། མཆོག ་གི་བདེ་བ་ཐོབ་པར་གྱུར་པས་བསྒོམ་པའི་སྟོབས་ཀྱིས་དོན་དམ་པ་མངོན་དུ་བྱའོ།། དེ་དག་ནི་བདག་མེད་པའི་མན་ངག་ལས་ལྷན་ཅིག་སྐྱེས་པའི་བཙུན་མོ་བསྒོམ་པོའི་ཆོ་ག་སྟེ་བཅུ་པའོ།། ། ་དེ་ནས་སྔར་བརྗོད་པའི་མཚན་ཉིད་ཅན་གྱི་སྔགས་པས་ཇི་སྐད་གསུངས་པའི་བསམ་གཏན་གྱི་གནསུ་སྟན་བདེ་བ་ལ་འདུག་ནས་བསྲུང་བའི་འཁོར་ལོ་ལ་སོགས་པའི་ཆོ་ག་བྱ་སྟེ། བདག་ཉིད་བདག་མེད་མར་མོས ་ལ་ལྟ་བར་སྦྲུལ་ལྟ་བུར་འཁྱིལ་བའི་རྣམ་པར་གནས་པ་གཉིད་ལོག་པ་ལྟར་མ་སད་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་བདག་མེད་མའི་ངོ་བོ་ཤེས་རབ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་ཐབས་ཀྱི་རང་བཞིན ་དཔལ་ཧེ་རུ་ཀཱིའི་ངོ་བོ་སྣའི་ལམ་ནས་ཞུགས་ནས་རླུང་གིས་རབ་ཏུ་མནན་པས་སད་པར་བྱའོ།། དེ་ནས་དེ་དབྱུག་པས་རེག་པའི་སྦྲུལ་མོ་ལྷ་དབྱུ་གུའི་རྣམ་པ་ལྟར་ལངས་ཏེ་ཁའི་བུཾ་ག་ནས་མེ་འབར་བ་ལྟར་བལྟའོ།། དེ ་ནས་དེས་ཤིན་ཏུ་ཡང་འབར་བ་དང་འཇིག་རྟེན་གསུམ་ཡང་བསྲེག་པར་བསམས་ཏེ། དེའི་སྟོབས་དེ་ལྟ་བུས་བདུད་རྩིའི་རང་བཞིན་རི་བོང་ཅན་དུ་དེ་མ་ཐག་ཏུ་ཞུ་བར་གྱུར་པས་རྒྱུན་གྱི་རྣམ་པར་བླུགས་བསྒོམས ་ལ། དེ་ནས་བསྒོམས་པའི་སྟོབས་ཀྱིས་དོན་དམ་པ་མངོན་སུམ་དུ་བྱ་ཞིང་ན་མཁའི་ཕྱོགས་ཐམས་ཅད་དུ་སྤྲོ་བའོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་རླུང་གི་ཤེས་རབ་བསྒོམ་པའི་ཆོ་ག་སྟེ་བཅུ་གཅིག ་པའོ།། །། དེ་ནས་སྐྱུགས་པ་དབང་དུ་གྱུར་པ་བསྐུ་མྲྀ་གཱཏནཱ་གྱི་གན་སུ་རབ་ཏུ་ཞུགས་ནས། གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་ཆོ་ག་བྱ་ཞིང་དཀྱིལ་འཁོར་མཆོད ་པའི་ཆོ་ག་ཡང་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ་ཧཾ་ཞེས་བརྗོད་དེ་བདག་མེད་པར་བལྟའོ།། དེ་ནས་བདག་མེད་མཽ་དེ་ནུ་མ་ནང་དུ་ཐིམ་པར་གྱུར་ཅིང་རང་གི་པདྨའི་ཟེ ་འབྲུ་ལས་སྐྱེས་པ་རྡོ་རྗེ་འགྲམ་གཉིས་ནི་དྲིལ་བུ་སྟེ་ཆགས་པ་དང་བཅས་ཤིང་ཆགས་པའི་ལྟ་བས་བལྟས་པས་གང་ཡང་རུང་བ་སྟེ་ཌོམྦི་ནི་བལྟའོ།། དེ་ཡང་སྦྱོར་བ་དང་མཐོང ་བ་དང་བསྒོམ་པ་དང་ཁྱད་པར་དང་མཐར་ཕྱིན་པའི་ལམ་གྱི་ངོ་བོ་སྟེ། རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་མའི་ཁྱད་པར་ལས་སོ།། ཟླ་བ་གང་བ་ལྟ་བུ་ལོང་སྤྱོད་རྫོགས་པའི་སྐུའི་རང་བཞིན་ལྷན་ཅིག ་སྐྱེས་པ་ཐམས་ཅད་ཀྱི་རིང་བཞིན་དཔལ་ཧེ་རུ་ཀ་ལ་འཁྱུད་པ་ནི་ན་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་རང་བཞིན་ལྷན་ཅིག་སྐྱེས་པ་ཤེས་རབ་ཀྱི་ངོ་བོར་བདག་མེད་མ་མངོན་སུམ་དུ་བྱའོ།། མངོན་དུ་བྱས་པ་དང་ཡན་ལག ་དང་ཉིད་ལག་ཐམས་ཅད་ལའོ།། དེ་ལས་ཕྱོགས་བཅུའི་དངོས་པོ་ཐམས་ཅད་དུ་སྤྲོས་ཏེ་རྣམ་པར་སྤྲོས་པ་ཐམས་ཅད་ནིབདག་གི་རང་བཞིན་དུ་བྱའོ།། དེས་བདག་ཏུ་བྱས་པ་དང་སེམས་ཙམ་གྱི་བདོག་ཉིད་དུ་རྣམ་པར ་བསམ་མོ།། དེ་བསམས་པ་དང་རྟོག་པ་མྱེད་པར་བྱའོ།། དེ་ལྟར་ཡང་བསྒོམ་པ་ཐམས་ཅད་ལ་ཆོ་ག་འདིས་བསྒོམོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་ལྷན་ཅིག་སྐྱེས་པ་གཉིས་བསྒོམ་པའི་ཆོ་ག་སྟེ་བཅུ་གཉིས ་པའོ།། ། དེ་ནས་ཚོགས་བསགས་པའི་སྔགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས་ཇི་སྐད་གསུངས་པའི་རྣལ་འབྱོར་གང་ཡང་རུང་བའི་སྦྱོར་བ་ལ་དམིགས་ཤིང་སེམས་བརྟན་པར་བྱ་སྟེ། ་བརྟན་པར་གྱུར་པ་དང་སེམས་ཀྱི་མཚན་མ་བརྟག་སྟེ་མཚན་མ་ཡང་ལྷུན་གྱིས་གྲུབ་པར་སྐྱེས་པའི་དགའ་བའི་ཤུགས་ཀྱིས་རྒྱུན་གང་གི་ཚེ་མངོན་སུམ་དུ་གསལ་བར་སྣང་བར་གྱུར་པ་དེ་ཡིན་ཏེ། རྔ་དང་རྔའོ་ཆེ་དང་རྔ་ཟླུམ ་དང་ཟངས་དུང་ལ་སོགས་པའི་གསལ་བ་གྲག་པའི་སྒྲ་རྣམས་ཀྱིས་རིག་མ་འབྱུང་བ་ཡང་ཡིནོ།། ལྕག་དང་ཐལ་མོ་དང་ཁུ་ཚུར་ལ་སོགས་པས་ཚོར་བ་མི་འབྱུང་བའོ།། སྦྲང་བུ་དང་སྦྲང་མོ་ལ་སོགས་པས་ཀྱང་གནོད ་པ་མི་འབྱུང་བའོ།། དེའི་ཚེ་སེམས་བརྟན་པར་གྱུར་ཤེས་པར་བྱའོ།། དེ་ནས་བརྟན་པར་གྱུར་པའི་རྣལ་འབྱོར་པས་རི་ཕུག་གམ་ཆུ་འགྲམ་འམ་རྒྱ་མཚོའི་འགྲམ་འམ་དུར་ཁྲོད་དམ་བཞི་མདོ་འམ་མ་མོའི་ཁྱིམ་མམ་ལྷ ་ཁང་དམ་ལྷ་གནས་རྙིང་པ་འམ་ལྡུམ་ར་དག་སྟེ། རྗེསུ་མཐུན་ཞིང་དབེན་པ་འཚེ་བ་མེད་པ་དྲི་མ་མེད་པའི་ཆུ་དང་ལྡན་པ་མེ་ཏོག་དང་འབྲས་བུའི་ཚོགས་ཀྱིས་བརྒྱན་པའི་ཤིང་གི་ཕྲེང་བས་བསྐོར་བའི་ནགས་ཚལ་གྱི་གནས ་གནས་ཏེ་ཡཾ་དམ་གྱི་རྣལ་འབྱོར་ལཾ་དམིགས་ཤིང་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ།། གྲུབ་པ་དང་ས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་རིམ་བཞིན་དུ་གཅིག་ལ་གཅིག་ཐིམ་སྟེ་དེས་ཀྱང་མཚན་མ་ཉེ་བར ་མཚོན་ཏོ།། མཚན་མ་རྣམ་པོ་ལྔ་ཡིན་ཏེ། དེ་བཞིན་དུ་ས་ཐིམ་པས་སྨིག་རྒྱུའི་རྣམ་པོའི་མཚན་མ་སྐྱེ་བར་བྱེ་།། ཆུ་ཐིམ་པས་ནི་དུ་བའི་རྣམ་པའོ།། མ་ཐིམ་པས་ནི་སྲིན་བུ་མེ་ཁྱེར་གྱི་རྣམ་པའོ།། རླུང་གིས་ནི་མར་མ ་ལྟ་བུའོ།། དེ་ན་སྟོན་ཀའི་ན་མཁའི་དཀྱིལ་ལྟ་བུ་འོད་གསལ་བ་སྣང་བ་མེད་པ་གསལ་བ་ཙམ་དུ་གསལོ།། དེ་ཡང་གསུངས་པ། དང་པོ་སྨིག་རྒྱུ་ལྟ་བུ་སྟེ།། གཉིས་པ་དུ་བའི་རྣམ་པ་ཡིན།། ་གསུམ་པ་སྲིན་བུ་མེ་ཁྱེར་འདྲ།། བཞི་པ་མར་མེ་འབྲར་བའོ།། ལྔ་པ་ཡང་ནི་གསལ་བར་ལྡན།། སྤྲིན་མེད་ན་མཁའ་ལྟ་བུའོ།། དེ་ནི་ཐིམ་པའི་མཚམ་མ་སྟེ།། འབྱུང་བ་རྣམས་ནི་ཡེ་ཤསོ།། ཞེས་པའོ།། དེ་ལྟར ་ཤེས་ཤིང་མཚན་མ་རྙེད་པ་མཉམ་པར་བཞག་པའི་སྔགས་པས་ས་བོན་གྱི་གཟུགས་སམ་ཐིག་ལེའི་གཟུགས་སམ་མཚན་མ་ཕྲ་མོའི་གཟུགས་ཏེ། ལུས་དང་ཡན་ལག་ལ་སེམས་བརྟན་པར་གྱུར་པས་བཞག ་ན་འགྲུབ་པའོ།། དེ་ལ་སེམས་ལྷ་མོའི་མཁར་དུ་བགྲོད་དེ་ཁམས་གསུམ་དུ་སོང་བས་ཁ་དོག་ལེགས་པ་འམ་མི་ལེགས་པའི་གཟུགས་མངོན་སུམ་དུ་མཐོང་བར་འགྱུར་རོ།། ཨུ་རྒྱན་ནམྲ་གྲོ་ཏ་བ་རི་རི་འཇིག་རྟེན ་གསུམ་དུ་གནས་པའི་ཟིན་པ་དང་མ་ཟིན་པ་དང་གཉི་གའི་དབྱེ་བས་ཕྱེ་བའི་སྒྲ་ཐམས་ཅད་ཐོས་ཤིང་སྒྲ་མ་ལུས་པ་གང་གི་ཡིན་པ་ཤེས་པར་འགྱུར་རོ།། ཀོ་ས་ལ་རུ་ཞིམ་པོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་དྲི་ལྷན ་ཅིག་པ་དང་སྦྱར་བ་ཅན་སྣོམ་པར་འགྱུརརོ།། ཀ་ལངྒིར་མདོར་བ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རོ་མ་ལུས་པ་མྱོང་བར་བྱེད་དོ།། བྱང་ཆུབ་ཀྱི་ཡན་ལག་ལ་རྩུབ་པ་ལ་སོགས་པའི་དབྱེ་བས་ཕྱོ་བའི་རེག་བྱ་མ་ལུས་པ ་ལ་རེག་པར་འགྱུར་རོ།། དེ་བཞིན་ཏྲི་ཤ་ཀུ་ནེར་ལྷའི་བཙུན་མོ་དགུ་པ་སྤྲུལ་པ་ལོངས་སྤྱོད་དོ།། ཀཉྩ་རུ་སྔོན་གྱི་གནས་དང་ཕ་རོལ་གྱི་སེམས་ཤེས་པའོ།། ལམྨ་ཀ་རུ་བསྟན་བཅོས་ཐམས་ཅད་རིག་པ་དང་ལྷའི་སྐད་དང ་སྔགས་ཀྱི་ཡང་སྐད་རྣམས་སོ།། ར་མེ་དབང་ཕྱུག་ཏུ་ཉི་མ་རངས་པ་དང་འཆར་པ་ཡང་ནུབ་པར་བྱེད་དོ།། དེའི་སྟེང་དུ་ཟླ་བའོ།། དེའི་སྟེང་དུ་སྐར་མའི་འཁོར་ལོ་རྣམསོ།། པོ་ལ་གི་རི་རུ་ལྟ་ཐམས་ཅད་མཐོང་ཞིང ་བདག་གི་བཀའ་བསྒོ་བ་ཡང་འགྲུབ་པར་བྱེད།། ཛཱ་ལནྡྷ་ར་རུ་དུས་གསུམ་དུ་མཐོང་བར་འགྱུར་རོ།། དེ་བཞིན་དུ་སྤྲུལ་པའི་སྐུ་ཐོབ་ཅིང་ཆོས་ཀྱི་འཁོར་ལོར་ནི་ཆོས་ཀྱི་སྐུའོ།། ལོངས་སྤྱོད་ཀྱི་འཁོར་ལོར་ནི་ལོངས་སྤྱོད ་རྫོགས་པའི་སྐུའོ།། བདེ་བ་ཆེན་པོའི་འཁོར་ལོ་རུ་ནི་བདེ་བ་ཆེན་པོའི་སྐུ་འཐོབ་པར་བྱེད།། དེ་ལྟར་སྐུ་བཞི་རྙེད་པ་ས་སངས་རྒྱས་རྡོ་རྗེ་འཛིན་པ་དང་བདག་མེད་མའི་གོ་འཕང་ཐོབ་པར་འགྱུར་ཏེ། ཡང་དག་པའི ་བྱང་ཆུབ་ཐོབ་པས་སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་ཞིང་གཟུངས་ཐམས་ཅད་དང་ས་དང་ཕ་རོལ་དུ་ཕྱིན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་འགྱུར་ལ་དངོས་གྲུབ་མངོན ་དུ་གྱུར་པས་གཞན་གྱི་དོན་མཐར་ཕྱིན་པར་འགྱུརརོ།། དེ་དག་ནི་བདག་མེད་མའི་མན་ངག་ལས་ས་བོན་ལ་སོགས་པའི་ཕན་ཡོན་རྣམ་པར་གཞག་པའི་ཆོ་ག་སྟེ་བཅུ་གསུམ་པའོ།། །། དེ་དག་འདོད། ་པའི་དོན་བསྒྲུབ་པའི་ཕྱིར་བར་ཆད་ཞི་བར་བྱ་བ་དང་མར་ངོའི་བཞི་ལ་འཁོར་ལོ་ལ་ཡི་གེ་དང་ཐིག་ལེའི་གཟུགསུ་བཅོམ་ལྡན་འདས་མ་མཆོད་དེ། དེ་ལ་མདུན་དུ་དག་པར་སྦྱངས་པའི་བདུད ་རྩིས་མཎྜལ་བྱུགས་ལ་མེ་ཏོག་གི་ཚོམ་བུ་བྱས་ལ་དེའི་དབུསུ་མཆོག་སྣོད་གཞག་པར་བྱའོ།། དེའི་སྟེང་ནས་མཉམ་པའི་སྨོད་ཆེ་བས་ཁ་བཅད་དེ་དབུས་སུ་བདེ་བྱེད་ཀྱི་མིག་གི་གླུའི་འཁོར་ལོའི་རྣམ་པ་ལ་བདུད་རྩི་དྲང་སྒྲོན་མའི ་ཕྱེ་མ་ཚོགས་སྦྱངས་ཏེ་བཏབ་ལ། དེར་ལྕགས་གསུམ་ལས་བྱས་པས་ཐུར་མུས་ཆོས་འབྱུང་གི་ནང་དུ་སྣ་ཚོགས་རྡོ་རྗེས་བྱིས་པས་བསྐོར་ཏེ། བདག་མེད་མའི་རང་བཞིན་ཡི་གེ་དང་ཐིག་ལེར་བཅས་པ་རྡོ་རྗེའི་མཆོད་རྟེན ་སྔོགས་པས་མིན་ངག་གིས་ཁ་ནུབ་དུ་བལྟས་ལ་བྲི་བར་བྱའོ།། དེ་ནས་དམ་ཚིག་ལ་ཡེ་ཤེས་གཞུག་པར་བྱ་སྟེ། མཆོད་པའི་རྫས་ལྔ་དང་འདོད་པའི་ཡོན་ཏན་ལྔ་ཁྱད་པར་དུ་གྱུར་པ་དང་། མཆོག་ཏུ་གྱུར་པའི་སྒྲོན་མ ་དང་སྦྱངས་པའི་བདུད་རྩི་རྣམས་བཟའ་བ་དང་གསོལ་བ་དོང་བྱོག་པ་དང་འཇིབ་པའོ།། ཡང་གླུ་དང་གེར་དང་རོལ་མོའི་ཁྱད་པར་གྱིས་བསྐོར་བ་དང་ཕྱག་དང་བསྟོད་པ་ཡིས་ཀྱང་ཅི་ནུས་པས་ཡོངསུ་མཆོད་དོ།། དེའི་རྗེས་ལ ་གཞོན་ནུ་མ་འམ་རྡོ་རྗེ་རྣལ་འབྱོར་མ་སྟེ་ནག་མོ་འམ་པྲི་ཡང་ཀུ་སྔོན་མོ་སྡེ་ཆོ་ག་བཞིན་མཆོད་ནས་མཆོག་ཏུ་གྱུར་པའི་སྐྱོན་མོ་དྲང་ཆུང་ཡང་བཏུང་བར་བྱའོ།། དེ་ནས་འཐོར་འཐུང་བྱས་ལ་གོ་ལ་དང་ཡོན་ཕུལ་ལ་མཉམ་པ ་བྱས་ལ་བཟོད་པ་མཛོད་ཅིག་ཅེས་བརྗོད་ལ་གཤེགས་པ་དང་བཅོམ་ལྡན་མའི་འཁོར་ལོ་ཡང་མུཿཞེས་བརྗོད་ལ་གཤེགསུ་གསོལ་ཏེ་རང་ཉིད་སྟོན་མོ་བྱའོ།། དེ་དག་ནི་བདག་མྱེད་མའི་མན་ངག་ལས་ཕྱི་རོལ་མཆོད ་བོའི་ཆོ་ག་སྟེ་བཅུ་བཞི་པའོ།། ། དེ་ནས་དད་པ་དང་བསྙེན་བཀུར་དུ་ལྡན་པའི་སློབ་མས་མཎྜལ་དང་ཕྱག་བྱས་ཏེ། སྙིང་རྗེ་དང་ལྡན་པའི་སློབ་དཔོན་ལཱ་ལན་དུ་མར་གསོལ་བ་བཏབ་པ་དང་། ་མར་ངོའི་དུས་གཉིས་ལས་གང་ཡང་རུང་བ་ཅིག་ལ་སློབ་མ་རྗེསུ་གཟུང་བར་བྱའོ།། དཾ་ལ་ཇི་ལྟ་བོའི་ཆོ་གས་ཇི་སྐད་གསུངས་པོའོ་བཅོམ་ལྡན་འདས་མ་ཡང་དག་པར་མཆོད་དེ། ཡི་དམ་གྱི་རྣལ་འབྱོར་ཡང ་བྱས་ལ་སློབ་མའི་དྲུང་དུ་འདུག་གོ། དེ་ནས་སློབ་མས་མེཎྜལ་ལྡེ་བྱེ་ཞིང་ཡོན་ཕུལ་ལ་མེ་ཏོག་གི་ཕྲེང་བ་གཟུང་ནས་ཐལ་མོ་སྦྱར་ལ་ལངས་ཤིང་བླ་མེ་མགོ་བོའི་སྟེང་དུ་གནས་པར་མཐོང་བར་བསམས་པ་དང་། དེའི ་ས་ལ་གྲཝ་ཡོ་བའི་རྣལ་འབྱོར་གང་རུང་བྱ་ཞིག་བྱའོ།། དེ་ནས་དེ་ཁོ་ན་ཉིད་གསུམ་བཟླས་པའི་མཆོག་ཏུ་གྱུར་པས་མཆོད་པར་བསམ་ཞིང་མར་མེ་ཆེན་པོ་དང་བདུག་སྤོས་ཀྱིས་ཀྱང་རབ་ཏུ་འདུགས་བསྒྱིངས་པའི ་སྔགས་ཀྱིས་དྲིལ་བུའི་སྒྲ་དང་ལྡན་པར་དཀྲོལ་ཞིང་། ཨོཾ་ལོ་ལི་ལེ་ཧཱུཾ་ཨ་ཞེས་བསྒྱིངས་པའི་སྔགས་ཀྱིས་ཇི་སྲིད་མ་ཕེབས་ཀྱི་བར་དུ་དབབ་བོ།། བེབས་པ་དང་རིམ་གྱིས་སམ་ཅིག་ཅར་དུབ་མོས་རེག་པ་ལྟ་བུ་འམ་པ ་སྤུ་ལྡང་བ་དང་གཡོ་བ་དང་མཆི་མ་འབྱུང་བར་འགྱུར་རོ།། ཡང་ན་ཆང་གི་སྟོབས་ཀྱིས་ཕོག་པ་ལྟ་བུ་འགྱེལ་བ་དང་མཆོག་གི་མྱ་ངན་ལས་འདས་པ་ཐོབ་པ་ལྟར་ཡང་བདེ་བ ་བསྐྱེད་པའོ།། དེ་ནས་བསླང་ལ་སློབ་མས་མཎྜལ་བྱས་ལ་རྣལ་འབྱོར་དང་མཆོད་པ་དང་སྔགས་དང་ཆོ་ག་རྣམས་རིམ་གྱིས་བསྟན་ནོ།། དད་པ་དང་བྲལ་བ་རྣམས་ལ་ནི་མ་ཡིན།། དེས་ཀྱང་བླ་མའི་བཀའ་ལུང ་མེ་ཏོག་དྲི་མྱ་མེད་པ་ལྟ་བུ་མགྲོ་ཐོག་ཏུ་བཀུར་ཏེ། དེ་ནས་གཟུང་སྟེ་བཅོམ་ལྡན་འདས་མེ་དང་བླ་མ་དང་རྣལ་འབྱོ་ར་མཱ་རྣམས་ལ་མཉམ་པར་གུས་པས་བསྙེན་བཀུར་བྱའོ།། དེ་དག་ནི་བདག་མེད་མའི་མན ་དག་སྒྲུབ་མ་ཛྫས་བའི་ཚིག་སྟྭ~ཾ་བཙྪི་སྭཱ་བའི།། བདག་མྱེ་མཱནྟ་ག་བྱས་པ་ཡི།། བདག་གི་བསོ་ན་མ་ས་གང་བྱུང་།། མྦྷ་ནི་འཛིརྣ་མས་སྦྱར་བཱནྡེ།། ག་ང ་རྒྱལ་བའི་ཡུམ་འགྱུར་ཤློག། བདག་བྱིན་གྱིས་བརླབ་པའི་རིམ་པ།། བདག་མེད་མའི་མན་ངག་རྫོགས་སོ།། ། འདི་ཡང་དཔལ་ཨོཊྚཱཎ་གྱི་གནས་ནི་གྲནས་པའི་ལྷན་ཅིག་སྐྱེས ་བྱའི་རྣལ་འབྱོར་མ་རྣམས་ཀྱི་ཞལ་ནས་བྱུང་བ། རྣལ་འབྱོར་མ་ཀུན་གྱི་ཐུགས་མཆོག་ཏུ་གསང་བའི་གཟུགས་ཅན་སྙིང་པོ་ལས་ཤིན་ཏུ་སྙིང་པོ། དགེ་བའི་རྩ་བ་མ་བྱས་པ་རྣམས་ནི་མ་དད་ཅིང་བླ་མའི་ཞབས ་པདྨ་ལ་མ་བསྙེན་པ་དག་གིས་མི་འཐོབ་སྟེ། འདིའི་ཡོན་ཏན་མཐའ་ཡས་པའི་གཞི་དང་བདེ་བར་ཡིད་ཆེས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་པའི་དོན་གྲུབ་པ། ཆུའི་རྒྱུན་ལྟར་བསྟེན་པས་འབྲས་བུ་གཏེར ་བ་ཅན། ནམ་མཁའ་ལྟར་རོ་མཉམ་པ་འདི་རྣ་བ་གཅིག་ནས་གཅིག་ཏུ་བྱུང་བས་ན་བླ་མ་དམ་པའི་མན་ངག་ལས། བརྗེད་པར་དོགས་པས་རང་དྲན་པའི་དོགས་པས་རང་དྲན་པའི་དོན་དུ་བདག་གིས་བྲིས་པས་དེའི་ཕྱིར། ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་ཞིང་གཞན་ཡང་དེ་ཉིད་རིག་པ་རྣམས་ལ་ཡང་བཟོད་པར་གསོལ་ཞེས་པའོ།། འདི་མཛད་པའི་སློབ་དཔོན་ཡང་བརྟན་པའི་འཁོར་ལོ་དཔལ་འཇམ ་དཔའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ། དཔལ་བཟང་པོའི་ཞབས་ཀྱི་པདྨ་ལས་སྐྱེས། ཞབས་ཀྱི་རྡུལ་ལ་བརྩེ་བ་མཆོག་ཏུ་གྱུར་པའི་རྡོ་རྗེ་རྣལ་འབྱོར་མའི་བཀའ་དྲིན་ལས་སྐྱེས་པ་པཎྜི་ཏ ་དཔལ་ཏིང་ངེ་འཛིན་རྡོ་རྗེ་ཞབས་ཤེས་བྱ་བས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དེ་བྱཱ་ཀྲཱུ་ར་ཙཱནྡྲ་དང་། བོད་ཀྱི་ལོ་ཙ་བ་དབྱེལ་སེར་རྩ་བསོད་ནམས་རྒྱལ་མཚོན་གྱིས ་བསྒྱུར་བའོ།། ། མཆོག་ཏུ་གསང་བའི་ཚུལ་འདི་ནི།། དམན་པའི་སྤྱོད་ཡུལ་མ་ཡིན་པོས།། དྲི་མ་མེད་པའི་བློ་ཡིས་ནི།། དམ་པ་འགའ་ཡི་དོན་དུ་བསྒྱུར།། བདག་མེད་མའི་མན་ངག་རྫོགསོ།། ་