CLOSE WINDOW

GT445: bdag med ma'i sgrub pa'i thabs
Wyliee-texts produced with BDRC’s OCR application

རྫོགས་སོ།། ། རྒྱུ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྷ་རུ་ཙི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བྲོད་སྐད ་དུ། བདག་མེད་མའི་སྒྲུབ་པའི་ཐབས།། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། འཁོར་མིན་མྱ་ངན་འདས་མིན་གང་།། གཟུགས་ཅན་མ་ཡིན་གཟུགས་མེད་མིན།། དེ་ཡི་རང་དངོས་ཀུན་རྫོབ་ཏུ་བྲིས་པ་རྣམས་ཕྱིར་ད་ལྟར་བྲི།། བསྒོམ ་པ་འདི་ལ་དབང་བར་གྱུར་བའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཆ་ལ་མལ་ནས་ལངས་ནས། སྙིང་གར་ཟླ་བ་ལ་བདག་མེད་མའི་ས་བོན་བལྟས་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས་གནས་དང་བདག་ཉིད་དང་རྣལ ་འབྱོར་བསྲུང་བར་བྱའོ།། ཧཱུཾ་གིས་ལྕི་བ་མངོན་པར་བསྔགས་ལ། ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ་ཞེས་བྱ་བས་ཚུལ་བསྔགས་ལ་བཟླས་པོའི་དཀྱིལ་འཁོར་བྱས་ནས། ཨོཾ་མེ་དི་ནི་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་ས་གཞི་རྡོ་རྗེ ་རུང་བཞིན་དུ་བལྟས་ལ་མེ་ཏོག་དོར་བར་བྱའོ།། དཀྱིལ་འཁོར་གཞལ་ཡས་ཁང་དུ་ཡིད་ཀྱིས་དམིགས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་བྱ་བ་མེ་ཏོག་ལ་སྔགས་ལ། དབུས་ན་གནས་པའི་པདྨ་འདབ་མ་བཞི་པའི་དབུས་ཀྱི་ལྟེ་བ་ལ། ་ཨོཾ་ནཻ་རཱཏྶཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བས་སོ།། ཤར་གྱི་འདྲ་བ་མ་ལ་ཨ་བཛྲ་ཞེས་བྱ་བས་སོ།། ལྷོའི་འདབ་མ་ལ་ཨི་གཽ་རཱི་ཞེས་བྱ་བས་སོ།། ནུབ་ཀྱི་འདབ་མ་ལ་ཨཱི་བི་ར་ཡོ་ག་ནི་ཞེས་བྱ་བས་སོ།། བྱང་གི་འདབ་མ་ལཱ་ནི ་ཨུ་བཛྲ་ཌཱ་ཀཱི་ཞེས་པས་སོ།། དེབང་ལྡན་མཚམ་སུ་ཨཱ་པུཀྐ་སཱི་ཞེས་བྱ་བས་སོ།། མེའི་མཚམ་སུ་རི་ཤ་བ་རཱི་ཞེས་བྱ་བས་སོ།། བདེན་བྲལ་མཚམ་སུ་རཱི་ཙིཎྜེ་ལཱི་ཞེས་བྱ་བས་སོ།། རླུང་གི་མཚམ་སུ་ལྀ་ཌོམྦི་ནི་ཞེས་བྱ་བས་སོ།། ཤར་གྱི ་སྒོར་ནི་ལཱི་གཽ་རི་ཞེས་བྱ་བས་སོ།། ལྷོའི་སྒོར་ནི་ཨོཾ་ཙྪི་རཱྀ་ཞེས་བྱ་བས་སོ།། ནུབ་ཀྱི་སྒོར་ནི་ཨཾ་བིཏྟཱ་ལཱི་ཞེས་བྱ་བས་སོ།། བྱང་གི་སྒོར་ནི་ཨོཾ་གྷསྨ་རཱི་ཞེས་བྱ་བས་སོ།། འོག་ཏུ་ནི་ཨོཾ་བྷཱུ་ཙཪྵཱི་ཞེས་བྱ་བས་སོ།། སྟོང་དུ་ནི་ཨཱ་ཁེ་ཙཪྴི་ཞེས ་བྱ་བས་བཞག་ལ་ཡང་དག་པར་མཆོད་པ་བྱ་སྟེ། ཨཱ~ཾ་བཛྲཱ་དྷཱུ་པཾ་ཨཱཿཧཱུཾ་ཞེས་བྱ་བས་མཆོད་པ་ཉེ་བར་བཀོད་པས་མཆོད་པ་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་ཞེས་བྱ་བ་ལན་གསུམ་བརྗོད་པས་ཕྱག་བྱས་ནས།། དཀྱིལ་འཁོར་ལ་ལག་པས་བཞག་ལ།། འགྲོ་བ་ཞེ་སྡང་མནན་མཐོང་ནས།། འགྲོ་བ་ཞེ་སྡང་ཞི་བྱའི ་ཕྱིར།། མགོན་པོ་བདག་མེད་མ་གཟུགས་ལྡན།། དེ་ཕྱིར་བདག་མྱེད་མ་ཕྱག་འཚལ་ཞེས་པས་བསྟོད་ལ། ཨོཾ་བཛྲ་མཱུཿཞེས་བྱ་བས་གཤེགས་གས་སོ།། དེའི་རྗེས་ལ་སེམས་ཅན་ཐམས་། ་ལ་ལྷའི་བདེ་བ་སྦྱར་བར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་བསེལ་བར་འདོད་པའི་སྙིང་རྗེ་དང་། ལྷའི་བདྲི་བ་རྒྱུན་མི་འཆང་བར་འདོད་པའི་དགའ་བ་དང་། བླ་ན་མེད་པོའི་ལམ་ཉེ་བར་བསྡུ་བར་འདོད་པའི་བཏང་སྙོམས ་བསྒོམ་པར་བྱའོ།། དེའི་རྗེས་ལ་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་ལ་འདི་དག་སེམས་ཉིད་དེ་ཕྱི་རོལ་གྱི་བདེན་པ་མ་ཡིན་ན་ཡང་། དོན་གྱི་རྣམ་པ་ལྟར་འཁྲུལ་པ་སྣང་བ་ཡིན་ཏེ། དཔེར་ན་རྨི་ལམ་ལྟ་བུའོ།། ཞེས་ངེས་པར ་བྱས་ནས་འཁྲུལ་པས་སྒྲོ་བཏགས་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྤངས་ལ། སྟོན་ཀཱའི་ཉི་མ་གུང་གི་དྲི་མ་མེད་པའི་ན་མཁའི་དཀྱིལ་ལྟ་བུའི་འོད་གསལྔ་བ་མངོན་སུམ་དུ་བྱས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ།། ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ་ཧཱུཾ། ཡུད་ཙམ་སྟོང་པའི་ཡེ་ཤེས་ལ་ངལ་བསོས་ལ། དབྱངས་ཡིག་བཅོ་ལྔའི་ཕྲེང་བ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གསོལ་པོར་བསྒོམས་ལ།། ས་བོན་ཨའི་འོད་ཀྱིས་དཔག ་ཏུ་མེད་ཅིང་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་གསལ་བར་བྱས་ནས་འགྲོ་བ་ཀུན་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་བཀུག་ལ་ས་བོན་གྱི་ཡི་གེར་ཞུགས་པར་བལྟས་ནས། བདག་མར་རྫོགས་ཡུད་ཙམ་གྱིས་བསྒོམ་པར ་བྱའོ།། ཆོས་དབྱིངས་རོ་ཡི་སྟེང་ན་གནས།། མགོ་སྐྱེས་སེར་པོ་གྱེན་དུ་བརྫེས།། ལྷ་མོ་ཕྱག་རྒྱ་ལྔ་འཛིན་མ།། མགོ་བོའི་ཕྲེང་བའི་རྒྱནྡ་གྱིས་བརྒྱནྣ།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས།། སྟག་གི་བྲགས་པའི་ནུ་བཟའ ་མནབས།། ཞལ་ནི་མཆེ་བ་གཙིགས་པ་ཅན།། དྲག་པོའི་གཟུགས་ཅན་སྤྱན་གསུམ་པོ། གཡོན་ན་ཐོད་པ་ཁ་ཊྭཱཾ་ག། གཡས་པ་ན་ནི་གྲི་གུགོ། མི་ཡི་རུས་པའི་རྒྱན་གྱིས་བརྒྱན།། རི་བོང་ཅན་འོད་ཟླ་བའི་གདན།། དེའི་རྗེས ་ལ་བཅོམ་ལྡན་འདས་མའི་ཐུགས་ཀའི་ཟླ་བ་ལ་གྲི་གུག་དེ་ལ་ཡང་ཡི་གེ་ཨའོ།། མགོ་བོ་ལ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ་ཧཾ་ངོ་།། མགྲིན་པར་འདབ་མ་བཅུ་དྲུག་པ་ལ་ཨོཾ་མོ།། སྙིང་ཀར་པདྨ་མ་འདབ་མ ་བརྒྱད་པ་ལ་ཧཱུཾ་མོ།། ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པ་ལ་ཨོཾ་བསྒོམ་པར་བྱའོ།། དེའི་རྗེས་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་སངས་རྒྱས་ཐམས་ཅད་ན་མཁའི་དཀྱིལ་དུ་བལྟས་ལ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་བ་གདབ་པར་བྱའོ།། དེ་ནས་དག་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བུམ་པས་དབང་བསྐུར་བར་བྱའོ།། མེ་ཏོག་གྲི་ཆར་དང་རྔ་སྒྲ་དང་གུར་གུམ་གྱི་ཆར་ཡང་འབབ་པར ་འགྱུར་རོ།། སྤྱི་བོར་ནི་མི་བསྐྱོད་པ་འབྱུང་བར་འགྱུརརོ།། དེའི་རྗེས་ལ་མིག་ལ་རྡོ་རྗེ་མའོ།། རྣ་བ་ལ་ནི་བདག་མེད་མའོ།། སྣ་ལ་ནི་གསང་བའི་གཽ་རཱའོ།། ལྕེ་ལ་ནི་ཆུའི་རྣལ་འབྱོར་མིའོ།། ལུས་ལ་ནི་རྡོ་རྗེ་མཁའ་གྲོ་མའོ།། ་ཡིད་ལ་ཡང་བདག་མེངྒ་མ་སྟེ་དེའི་བདག་ཉིད་དུ་བསམྦ་པར་བྱའོ།། ཡང་ཨོཾ་མགོ་བོ་ལའོ།། མགྲིན་པར་ཨཱཿའོ།། སྙིང་གར་ཧཱུཾ་བསམྱ་པར་བྱའོ།། གལ་ཏེ་བསྒོམ་པས་སྐྱོ་བར་གྱུར་ན ་སྔགས་བཟླ་བར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། སྙིང་གེའི་ཟླ་བ་ལ་ས་བོན་གྱི་ཡི་གེ་བཙོ་ལྔ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་ཡིད་ཀྱིས་བྲིས་ལ་རིམ་གྱིས་ཀློག་པ་ལྟོར་བསྡོགས་ནས་བཟླས་པར་བྱའོ།། ལྡང ་བཆེ་འདོད་ན་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་ཐམས་ཅད་ཀྱི།། རྡོ་རྗེ་འཆང་བ་ཆེན་པོའི་གནས།། དགེ་པ་འདིས་ནི་ཐོབ་པར་གྱུར་ནས།། འགྲོ་རྣམས་ཀྱིས་ཀྱང་ཐོབ་པར་ཤོག། བྱང་ཆུབ ་དག་ཏུ་གང་སྤྱོད་དང་། གང་ཡང་རྫོགས་པའི་བྱང་ཆུབ་སྤྱོད།། བྱང་ཆུབ་རྡོ་རྗེས་གླང་བསྔགས་པ།། གཉིས་མེད་སྤྱོད་དེ་བདག་གྲུབ་ཤོག་ནྡྷེས་བྱ་བྱས་སོ།། དེ་བཞིན་དུ་ཐུན་གཞན་ལ་ཡང་ལྷའི་གཟུགས་ཀྱིས ་གནས་པར་བྱའོ།། ཉལ་བའི་དུས་སུ་ཡང་ལྷན་ཙེག་སྐྱེས་པོའི་དགའ་བ་མངོན་སུམ་དུ་བྱས་ལ་ཉལ་བར་བྱའོ།། དེ་ལྟར་ཉྞིན་རཱི་ཞིང་ཛཾ་སྒྱིད་འགྲུབ་པའི་མཚན་མཾ་མཐོང་གི་བར་དུ་བྱའོ།། དེ་ནས་རྒྱུད ་ནས་ཇི་སྐད་བསྟན་པ་བཞིན་བསྒྲུབ་པར་བྱའོ།། བུད་མེད་སོགས་ཀྱིས་རྒྱས་པ་དག། ཕལ་ཆེར་གཟུང་བར་དཀར་བསམས་ནས་ཞི་བའི་ཞབས་སོགས་ཀྱིས་བསྟན་པའི། རྣལ་འབྱོར་བསྡུས་པ་བདག་གིས་བྱས།། ་བདག་མེད་མའི་སྒྲུབ་པའི་ཐབས་མདོར་བསྡུས་པ་སློབ་དཔོན་ཀྵརྫྫ་བཎྜིཏྟས་མཛད་པ་རྫོགས་སྷོ།། @རྒྱ་གར་སྐད་དུ། ནཻ་རཱཏྨ་ཀོ་པ་དེ་ཤཱ་ནཱ་མ། བོད་སྐད་དུ། བདག། ་