CLOSE WINDOW

GT444: bdag med ma dpa' mo gcig pa'i sgrub thabs bskyed pa dang rdzogs par ldan pa zhes bya ba
Wyliee-texts produced with BDRC’s OCR application

མོང་མ་ཡི་དྲོ་བོར་ལྷུན་གྲུབ་ཤོག། བདག་མེད་མི་སྒྲིབ་པའི་ཐབས་རྒྱས་པར་བསྟན་པ། དཔལ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་སེམས་དཔའ ་ཕྱག་འཚལ།། ཆོས་དབྱིངས་ཡེ་ཤེས་ལྷན་ཅིགུ་སྐྱེས།། ཞལ་གཅིག་ཕྱག་གཉིས་གཡོནྡ་བརྐྱང་སྔོ།། རྒྱུན་ལྔ་ཐོང་ཕྲེང་མགོ་སྐྱེས་སེར།། གྲི་གུག་ཐོད་ཕྱག་ཁྱོད་ལ་འདུད།། བློ་དམན་བུད་མེད་རྣམས་ཀྱི་ཕྱིར།། མདོར ་བསྡུས་རྒྱས་པ་མ་ཡིན་པ།། བསྐྱེད་པ་དང་ནི་རྫོགས་པ་ཡིས།། དཔྱོབ་མོ་གཅིག་པ་བྲི་བར་བྱ།། དང་པོ་རེ་ཞིག་རྣལ་འབྱོར་པས།། དབེན་པའི་གནསུ་སེམས་དཔའི་སྐྱིལ་མོ་ཀྲུང་གི་གནས་ལ། ཇི་སྐད་གསུངས ་པའི་རིམ་པས་བླ་མཆོད་ནས་ཚངས་པའི་སྒོམ་པ་བྱས་ལ། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བོ་ཨཱཏྨ་ཀོ་ཧཾ། དེ་རྗེས་སྨོན་ལམ་སྟོབས་ལས་ནི།། ཆུ་སྐྱེས་དམར་པོ་ཉི་དབུསུ།། མ་སྐྱེས་མཆོག་གི་ས་བོན་ལས།། ་ནག་པོ་ཞལ་གཅིག་ཕྱག་གཉིས་མ།། གཡས་པར་གྲི་གུག་འཇིགས་ཆེན་མ།། གཡོན་པ་ན་ནཾ་པདྨའི་སྣོད།། གཡས་པ་མིན་པར་ཁ་ཊྭཱཾ་ག། སྟག་གི་པགས་པས་སྨད་དཀྲིས་པ།། སྲོག་སྟོང་སྟོང་ན་གཡོན་བརྐྱང་གནས། ་སྒྲ་སེར་གྱེན་འགྲེང་ཕྱག་རྒྱུ་ལྟ།། ཐོད་ཕྱུང་ཐལ་བས་རྣམ་བདྡྷཱནྡྷ་ལ།། དེ་རྗེས་ཡེ་ཤེས་སེམས་དཔའ་བཞི་གི། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས།། དབང་བསྐུར་བདུད་རྩི་མཆོད་པར་བྱ།། ཨོཾ་ཨཱཿོཾཿཧཱུཾ་སྭཱ་ཧཱ།། བཟླས་པ ་སྡིག་སོ།། ཨོཾ་ཨ་ཀཱ་རོ་མུ~ཾ་ཁཾ་སརྦ་དྷརྨྨ་ཏྲཱུཾ། ཨཱཏྨ་ནུཏཱིནྣ་ཏྟཱཿོཾ་ཨཱཿཧཱུཾ་ཕཊེ་སྭཱཧཱ།། གཏོར་མའི་སྔག་སོ།། ལྷ་མོའི་ལྕི་བར་བྷཱུ་རྒྱས་འབརརོ།། ཨ་ཡིག་ཡེ་ཤེས་ལྔ་ཡི་དངོས།། སྲིད་དོང་མྱ་ངན་འདས་པའི་ཧཱུ~ཾ།། དེ་ཉིད་འཁོར ་ཞེས་བྱ་སྟེ།། དེ་ཉིད་མྱ་ངན་འདས་པ་ཡིན།། འཁོར་བ་ཡོངསུ་ཤེས་གྱུར་ན།། མྱ་ངན་འདས་ཤེས་དེ་ལ་བརྗོད།། ཇི་ལྟར་ནོར་བུ་རིན་པོ་ཆེ།། མ་ཕུག་པས་ནི་སྦྱོར་བྲལ་འགྱུར།། རྣམ་པར་ཕུག་པས ་སྦྱོར་ལྡན་པ།། འཁོར་བའི་རྣམ་པ་དེ་ལྟ་བུ།། བླ་མ་རྣམས་ཀྱིས་གསུང་བར་འགྱུར།། དཔའ་གཅིག་མོའི་སྒྲུབ་པའི་ཐབས་བསྐྱེད་པ་དང་རྫོགས་པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ ་རྫོགས་སོ།། ། རྒྱུ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྷ་རུ་ཙི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བྲོད་སྐད ་