CLOSE WINDOW

GT442: bdag med ma'i rab tu gsal ba
Wyliee-texts produced with BDRC’s OCR application

ལས་བརྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག།། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའོ།། ། མྱུག་སྤྱད་དུ། ནཻརྱཱཏྣ་པྲཱ་ཀ་ས། བོང་སྤྲད་དུ། ་བདག་མེད་མཱའི་རབ་ཏུ་གསལ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལོ།། ཀུན་ཏུ་རྟོག་པ་ཡོངས་སྤངས་ཆོས་སྐུར་གྲང་བརྗོད་པ།། དང་མེད་བདེ་བ་ཙམ་མཛེས་ལོངས་སྤྱོད་རྫོགས་པའི་སྐུ།། ས་ཡི་ཕནྡ་པའི་རྒྱུར ་གྱུར་གང་གི་སྤྲུལ་པའི་སྐུ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་དེས་དགེ་བར་ཤོག། གཅིག་ཏུ་གསལ་ལ་རྒྱས་པ་ཡིས།། མི་རྟོག་ཉུང་ལ་རྒྱས་པ་དག། ཇི་ལྟར་བློ་བཞིན་ལུང་ཇི་བཞིན།། བདག་མེད་མ་ཡི་སྒྲུབ ་ཐབས་བཤད།། རྣལ་འབྱོར་པས་ཡང་དུར་ཁྲོད་ལ་སོགས་པ་ཡིད་དུ་འོང་བའི་གནསུ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་ནས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། ཞེན་པ་མེད་ཅིང་དོགས་པ་དང་བྲལ་བས ་སེམས་ཅན་གྱི་དོན་དུ་བློ་བསྐྱེད་དེ་བདག་མེད་མའི་ང་རྒྱལ་བསྐྱེད་པར་བྱའོ།། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་སྔོན་པོ་བསྒོམས་ཏེ།། དེ་ནས་ངའི་གསལ་བའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་སྣང་བར ་བྱས་ནས་འོག་མིན་གྱི་གནས་ན་བཞུགས་པ་རྣམས་བཀུག་སྟེ། རྣལ་འབྱོར་མ་བརྒྱད་ཀྱིས་ཡོངསུ་བསྐོར་བ་ཕྱག་བཅུ་དྲུག་པ། ཞབས་བརྒྱད་པ། ཐོད་པའི་ཕྲེང་བས་རྣམ་པར་སྤྲས་པའི་ཐོད་ཅན་ཞབས་བཞི་ཡིས་བདུད ་བཞི་མཉམ་པར་མནན་པ་ཁ་དོག་སྔོན་པོ།། གཡས་པའི་ཕྱག་གི་ཚོགས་རྣམས་ཀྱིས་བསྣམས་པའི་ཐོད་པ་རྣམསུ་གནས་པ་ནི་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། སྐྱེས ་པ་དང་། སེང་གེ་དང་། བྱིལ་རྣམསོ།། ཅིག་ཤོས་ཀྱི་ཕྱུག་གི་ཚོགས་རྣམསུ་སོན་པའི་པདྨའི་སྣོད་རྣམསུ་གནས་པ་ནི། འཛིན་པ་དང་། ཆུ་དང་། སྐུལ་བྱེད་དང་། འབར་བ་དང་། མཚན་མོའི་མགོན་དང་། ཉི་མ་དང་། གཤིན ་རྗེ་དང་། གནོད་སྦྱིན་རྣམསོ།། ཞལ་གྱི་གཙོ་བོ་ནི་ནག་པོའོ།། གཡས་པའི་ཞལ་ནི་ཟླ་བ་དང་། ཀུན་ད་ལྟ་བུའོ།། གཡན་པའི་ཞལ་ཤིན་དུ་དམར་བའོ།། སྟེང་གི་ཞལ་དུ་ད་ལྟ་བུ་ཤིན་ཏུ་གཙིགས་པའོ།། ཞལ་གཞན་མཐའ་དག་ནི ་ཤིན་ཏུ་གནག་པའོ།། བརྒྱ་ཕྱེད་ཀྱི་ཐོད་པའི་ཕྲེང་བས་བརྒྱན་པའོ།། བདག་མེད་མའི་མགུལ་ནས་འཁྱུད་པ། ན་མཁའི་དཀྱིལ་ན་བཞུགས་པ་མདུན་དུ་བསྒོམ་པར་བྱའོ།། དེའི་རྗེ་སུ་ཕྱི་དང་། གསང་བ་དང་། དེ་ཁོ་ན་ཉིད་རྣམས ་ཀྱིས་མཆོད་པ་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པར་བྱའོ།། འདི་ལ་ཡང་ཐབས་དང་ཤེས་རབ་དག་གིས་དེའི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་པི་ཙུ་བཛྲའི་མཆོད་པའོ།། དེ་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ ་དང་། སྡིག་པ་སླན་ཆད་སྡོམ་པ་དང་། བསོད་ནམས་ལོ་རྗེ་སུ་ཡི་རང་བ་དང་། བསོད་ནམས་ཡོངསུ་སྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང ་གསོལ་བ་གདབ་པ་བྱས་ཏེ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ཀྱི་དངོས་པོ་བསྡུས་པ། ཨོཾ་ཤཱུ་ནྱ་ཏཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་རང་བཞིན་གྱི་བདག་ཉིད་ལ ་ཆོས་ཐམས་ཅད་ཅེས་བྱ་བའི་སྔགས་ཀྱི་དོན་བསྒོམས་པས་རབ་ཏུ་མི་གནས་པའི་ངོ་བོར་གནསོ།། དེ་ནས་སྨོན་ལམ་གྱིས་དྲན་པས་ལེངས་ཏེ། རཾ་ལས་མདུན་དུ་ཉི་མའི་དཀྱིལ་འཁོར་བལྟའོ།། དེ་ལ་ཡི་གེ་ཧཱུཾ་ལས་སྣ་ཚོགས ་རྡོ་རྗེ་བསམ་མོ།། དེ་ནོས་དེའི་སྣ་ཚོགས་རྡོ་རྗེའི་འོད་ཟེར་གྱི་རྡུལ་ཕྲ་རབ་ཀྱི་ཚོགས་འཕྲོས་པ་དེ་ཡས་རྡོ་རྗེ་ར་བ་དང་དྲ་བ་བཅིང་ངོ་།། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། འོབས་བསམ་པར་བྱའོ།། ཉི་མེ་དང་སྣ་ཚོགས ་རྡོ་རྗེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས་དེ་ལྟར་དེ་དག་ཐམས་ཅད་བརྟན་པར་བྱའོ།། དེའི་རྗེ་སུ་ན་མཁའི་དབྱིངས་ཆོས་འབྱུང་གི་རྣམ་པ་ནང་ཁོང་སྟོང་ཤིན་ཏུ་དཀར་པོ་སྟེང་ཡངས་པའི་ཤེས་རབ་བལྟ་བར་བྱའོ།། དེ་ནས ་དེའི་སྟེང་དུ་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ།། དེ་ནས་དེའི་སྟེང་དུ་རཾ་ལས་བྱུང་བའི་ཉི་མོའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ།། སྣ་ཚོགས་རྡོ་རྗེའི ་དབུསུ་ཡང་རླུང་དང་། མེ་དང་། ཆུ་དང་། ས་རྣམས་ནི་དུ་བ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་རྣམས། གཞུ་དང་། ཟུར་གསུམ་དང་། ཟླུམ་པོ་དང་། གྲུ་བཞི་རྣམས།། ཡཾ་རཾ་བཾ་ལཾ་རྣམས་ཡོངསུ་གྱུར་པ་ལས ་སྟེང་ནས་སྟེང་དུ་བསྐུའོ།། དེ་དག་ཐམས་ཅད་ཡ་ཞེས་ཙམ་དུ་བཏགས་ཏེ། དེ་དག་ཡོངསུ་གྱུར་པ་ལས། གྲུ་བཞི་པ། སྒྲུ་བནི་པ། རྟ་བབསྡུ་བཞི་པ། ཀ་བ་བརྒྱུད་ཀྱིས་ཉེ་བུར་མཛེས་པ། དྲུ་བ་དང ་དྲ་བ་བྱེད་པས་བརྒྱན་པའི་གཞལ་ཡས་ཁང་བལྟ་བར་བྱའོ།། དེ་ནས་རྡོ་རྗེ་ར་བའི་ནང་རོལ་ཏུ་དུར་ཁྲོད་བརྒྱད་བསམ་པར་བྱའོ།། ཤར་ཕྱོགསུ་དབང་པོ་དང་། ཨ་རུ་རའི་ཤིང་དང་གླང་པོ་ཆེའི་གདོང་ཅནྡ་སེར་པོའོ།། ལྷོ་ཕྱོགསུ ་གཤིན་རྗེ་དང་། ཙུ་དའི་ཤིང་དང་། མ་ཧེའི་གདོང་ཅན་ཁོ་དོག་དཀར་པོའོ།། ནུབ་ཕྱོགསུ་ཨ་ཤཾ་ཀའི་ཤིང་དང་། ཆུ་ལྷ་ཁོ་དོག་དམར་བ་དང་། སེང་གེའི་གདོང་ཅན་ནོ།། བྱང་ཕྱོགསུ་བྱང་ཆུབ་ཀྱི་ཤིང་དང་། ལུས་ངན་སེར ་པོ་དང་། མེའི་གདོང་ཅན་ནོ།། མེའི་འཚམ་སུ་ཤིང་ཀ་རཉྫ་དང་། མེ་ལྷ་དཀར་པོ་རོའི་གདོང་པ་ཅན་ནོ།། བདེན་བྲལ་དུ་ལ་ད་ཛ་ཀ་བ་ཊུའི་ཤིང་དང་། མི་གདོང་ཅན་དང་། བདོན་བྲལ་དཀར་པོའོ།། རླུང་གི་མཚམ་སུ་ཀ་ཀུ་པཱའི ་ཤིང་དང་། རླུང་ལྷ་དང་། རི་དྭགས་ཀྱི་གདོང་ཅན་སེར་པོའོ།། དབང་ལྡན་གྱི་མཚམ་སུ་འབྱུང་པོ་དང་། ཁྱུ་མཆོག་གི་གདོང་ཅནོ།། ནྱ་གྲོ་དྷ་སྣ་ཚོགས་པ་བསྒོམོ།། འདི་དག་ཐམས་ཅད་ལག་པ་གཡོན་པར་ཐོད་པ་འཛིན་པ། ་ཕྱག་གཡས་པར་རང་རང་གི་མཚོན་ཆ་སྣ་ཚོགས་འཛིན་པའོ།། ལུས་ཀྱི་སྡོང་བསྟན་པའོ།། དེ་བཞིན་དུ་ཤར་ཕྱོགས་ལ་སོགས་པ་ཚོགས་བརྒྱད་དུ་གོ་རིམས་ཇི་ལྟ་བ་བཞིན་དུ། མཐའ་ཡས་དང་། པདྨ་དང་། ནོར ་རྒྱས་དང་། པདྨ་ཆེན་པོ་དང་། འཇོག་པོ་དང་། དུང་སྐྱོང་དང་། ཀརྐོ་ཊ་དང་། རིགས་ལྡན་རྣམསོ།། སྤྲིན་བརྒྱད་ནི། སེར་པོ་དང་། སྐྱ་བོ་དང་། དཀར་པོ་དང་། སྐྱ་སེར་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། ་དོག་སྣ་ཚོགས་པ་རྣམསོ།། དེ་ལྟར་ཕྱོགས་སྐྱོང་བརྒྱད་ཀྱི་ཁ་དོག་ནི་གྲགས་པར་ཟད།། མཆོད་རྟེན་བརྒྱད་ཀྱི་ཁ་དོག་ཀྱང་རྟོགས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་པདྨ་འདང་མུ་བརྒྱད་པ་དམར་པོ་བསམས ་ཏེ། པདྨའི་ནང་ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་དང་། དེ་བཞིན་དུ་གཞལ་ཡས་ཁང་གི་ཟུར་བཞི་དང་། སྒོ་བཞི་དང་།། སྟེང་དང་འོག་རྣམསུ་རོ་བཅོ་ལྔ་དང་ལྡན་པར་བྱའོ།། དེའི་རྗེ་སུ་རོ་མནན་པའི་ཨཱ་ལི་དང ་ཀཱ་ལི་ཡོངསུ་གྱུར་པ་ལས། ཟླ་བ་དང་ཉི་མའི་ནང་དུ་སོན་པའི་ཨ་ལ་སོགས་པའི་དབྱངས་བཅོ་ལྔ་བསྒོམ་པར་བྱའོ།། དེ་ནས་ཨ་ལ་སོགས་པའི་ཡི་གེ་ཡོངསུ་གྱུར་པ་ལྀ་ཐམས་ཅད་ལས་ས་བེན་དང་བཅས ་པིའི་གྲི་གུག་གོ། དེ་ནས་ཟླ་བ་དང་། ཉི་མ་དང་། གྲི་གུག་ཡོངསུ་གྱུར་པ་ལས་བདག་མཽད་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔ་བསྒོམ་པར་བྱའོ།། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པ་ནི་ཟླ་བའོ།། མཉམ་པ་ཉིད ་དང་ལྡན་པ་ནི་ཉི་མའོ།། དེ་དག་གི་ནང་དུ་སོན་པ་ནི་སོ་སོར་རྟོག་པའོ།། ཐམས་ཅད་གཅིག་པ་ནི་བྱ་བ་ནན་ཏ་ནོ།། གཟུགས་བརྙན་རྫོགས་པ་ནི་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པའོ།། དེ་ལ་ལྟེ་བའི་ནང་དུ་དབྱངས་ཀྱི ་ཡི་གེ་ཨ་ལས་བྱུང་བའི་མི་བསྐྱོད་པས་རྒྱས་བཏབ་པ། ཞེ་སྡང་དང་། རྣམ་པར་ཤེས་པའི་ཕུང་པོའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་གཟུགས་ཁ་ཊྭཱཾ་གས་གཟུགས་འཁྱུད་པའོ།། ཤར ་ལ་སོགས་པའི་འདབ་མ་རྣམས་ལ། ཨ་ཨཱི་ཨཱི་ཨུའི་དབྱངས་ལས་བྱུང་བ། གཏི་མུག་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་གི་རང་བཞིན། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད ་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་བཏབ་པ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད། རྡོ་རྗེ་མ་དང་། གཽ་རཱི་མ་དང་། ཆུ་མ་དང་། རྡོ་རྗེ་མཁ་འགྲོ་མ་རྣམས ་བསྒོམ་པར་བྱའོ།། དེ་ནས་ཕྱི་རོལ་གྱི་རིམ་པའོ།། དབང་པོ་ལ་སོགས་པའི་མཚམས་རྣམ་སུ་ཨཱུ་རྀ་ལྀ་དབྱངས་ལ་སོགས་པའི་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད ་པས་རྒྱས་བཏབ་པ། ས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱི་རང་བཞིན། པུཀྐ་སྲྀ་དང་། ཤཾ་བ་རི་དང་། ཙཎྜ་ལཱི་དང་། ཌེམྦི་མ་རྣམས་བསྒོམྦ་པཱར་བྱའོ།། དེ་ནས་ཤར་ཕྱོགས་ལ་སོགས་པའི་སྒོ་རྣམ་སུ། ལཱྀ་ཨི་ཨུཾ ་ཨོའི་དབྱངས་ལས་བྱུང་བ་པུཀྐ་སྭཻ་ལ་སོགས་པའི་རིམ་པ་བཞིན་དུ་བརྒྱས་བཏབ་པ། གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ཀྱི་རང་བཞིན། གཽ་རི་དང་། ཙཽ་རཱ་དང་། བེཏྟཱ་ལོ་དང་། གྷསྨ་རཱི་རྣམས་བསྒོམ་པར་བྱའོ།། ངའི ་རྗེསུ་སྟེང་དང་འོག་ཏུ་གཏི་མུག་དང་། འདོད་ཆགས་ཀྱིས་རྒྱུས་བཏབ་པ། ཨོཾ་ཨཾ་ལས་བྱུང་བ། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། འཁོར་བ་དང་། མྱ་ངན་ལས་འདས་པའི་རང་བཞིན་ས་སྤྱོད་ད ་མཁའི་སྤྱོད་དག་བསྒོམ་པར་བྱའོ།། འདིར་ཡང་ལྷ་མོ་རྣམས་བསྐྱེད་པའི་རྗེ་སུ་རང་གི་རིགས་དང་བཅས་པའི་དབང་བསྐུར་ཏེ། རང་གི་རིགས་ཀྱི་རྒྱས་བཏབ་པར་རྟོགས་པར་བྱའོ།། དེ་དག་ནི་རྣལ་འབྱོར་མ་བཅོ་ལྔའོ།། ་བཅུ་དྲུག་པའི་ཚུལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དབྱེར་མེད་པའི་མིག་སྨན་ནག་པོའི་མདོག་ལྟ་བུ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་སྐྲ་འབར་བ་གྱེན་དུ་བརྫེས་པ། སྤྱི་བོར་རྡོ་རྗེ་སེམས་དཔའ་རང་བཞིན་ཐོད་པ ་དུམ་བུ་སོར་བཞི་པ་འཛིན་པ། མགོ་ལ་ཡང་སངས་རྒྱས་ལྔའི་རང་བཞིན་ཐོད་པ་སྐམ་པོ་ལྔ་འཛིན་པའོ།། སྤྱན་ཟླུམ་པོ་དམར་པོ་གསུམ་པ་ཞལ་མཆེ་བ་གཙིགས་པ། མ་མོ་བཅོ་ལྔའི་བདག་ཉིད་ཀྱི་མགོ་བོ་སྐམ་པ། ་བེཙེ་ལྡེའི་ཕྲེང་བས་བརྒྱན་པ། སྟ་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་རོལ་བཅིབས་པ། ཕྱག་རྒྱ་ལྔ་འཛིན་པའོ།། དེ་ལ་འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ།། རྣ་ཆའི ་བདག་ཉིད་འདདི་དཔག་མེད།། མགུལ་པའི་ཕྲེང་བར་རིན་ཆེན་བདག། ལག་རྒྱན་རྣམ་པར་སྣང་མཛད་བརྗོད།། སྐེ་རགས་ལ་ནི་དོན་ཡོད་གནས།། ལུས་ཀུན་རྡོ་རྗེ་འཛིན་བཞི་ནོ།། བླ་མ་སློབ་དཔོན་འདོད་ལྷ་ལ།། ཕྱག་འཚལ་སྤྱི ་བོར་འཁོར་ལོ་འཛིན།། བླ་མ་རྡོ་རྗེ་འཛིན་པ་ལའང་།། སྤྱོད་ཅིག་མི་ཉན་པ་ཡི་ཕྱིར།། རྣ་བ་དག་ལ་སྣ་ཆ་འཛིན།། སྔགས་བཟླས་ཕྱིར་ནི་མགུལ་བའི་ཕྲེང་།། ཕྱག་རྒྱ་བསྟན་པ་སྐེ་རགས་ཏེ། སྲོག་གཅོང ་སྤངས་པ་གདུ་བུ་སྟེ།། རྐང་རྒྱན་དང་ནི་དཔུང་རྒྱན་འཚན།། བྱམས་པའི་ཐུགས་ནི་ཡན་ལག་གནག། དོམར་སེར་གྱི་ནི་སྐྲ་དག་ནི།། འདང་ཆགས་ཆེན་པོར་སྟོན་པ་དང་།། ཁྲོ་བོར་རྟོགས་ཕྱིར་སྟེང་དུ་བརྫེས།། སྐུ་དང་གསུང་དང ་ཐུགས་ཤིན་ཏུ་ཆགས་པའི་རང་བཞིན་གྱི་ཕྱིར། རང་བཞིན་གྱིས་སྤྱན་དམར་པོ་ཆེན་པོའོ།། སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་དག་ནི་ཕྱག་དག་གོ།། ང་རྒྱལ་ལ་སོགས་པའི་སྒྲོན་གཅོད་པ་ནི་གྲི་གུགོ། ཁམས་གསུམ་པ ་རྣམ་པར་དག་པ་ཕུང་པོ་ལ་སོགས་པའི་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བ་རྣམ་པར་རྟོག་པ་མཐའ་དག་གིས་ལུས་ཐོད་པ་དུམ་བུ་གསུམོ།། ཆོས་དྲང་ལོངས་སྤྱོད་དང་སྤྲུལ་པ་རྣམ་པར་དག་པ་ནི་གཉེར་མ་གསུམ་མོ།། ་ངོ་བོ་ཉིད་གཅིག་པུའི་སྐུའི་རྣམ་པར་དག་པ་ནི་ལུས་ཀྱི་རིལ་པོ་དྲུག་གོ།། སྒྲིབ་པ་དང་བྲལ་བའི་སྔོན་པའི་ཕྱིར་སྡུག་གི་པགས་པའི་ན་བཟའོ།། ཁམས་གསུམ་པ་དམིགས་པ་མེད་པར་སྟོན་པའི་ཕྱིར་ཞབས་མ་སྦྱངས་པའོ།། རོ་གཅིག ་པའི་རང་བཞིན་དུ་བསྟན་པའི་ཕྱིར་ཞབས་གཅིག་གིས་སའི་དཀྱིལ་འཁོར་དུ་མནན་པའོ།། དེའི་རྗེསུ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམ་པ་ལྔ་ཡིས་འོག་མིན་ན་བཞུགས་པའི་ཡེ་ཤེས་སེམས་དཔའི་རང་གི་བདག་མེད་མའི ་འཁོར་ལོ་བཀུག་ལ། སྙིང་གའི་ས་བོན་ལ་གཞུག་པར་བྱའོ།། ཡེ་ཤེས་དང་དམ་ཚིག་སེམས་དཔའ་དག་གཅིག་ཏུ་བྱས་ནས་བདག་མེད་མའི་ང་རྒྱལ་དང་ལྡན་པས་བདག་མེད་མ་དང་མཉམ་པར་འགྱུར་ཏེ། འདིར་སྦྱོར་བའི་ཡན་ལག ་དྲུག་རྣམ་པར་བཞག་པའི་ཕྱིར་རིམ་པ་ཡིས། ནག་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། དཀར་པོ་རྣམས་བསྒོམ་པར་བྱའོ།། དེ་ལ་བསྒོམ་པ་ཕུལ་དུ་བྱུང་བའི་རིམ་གྱིས་དང་པོར་སྤྲིན་གྱིས ་བསྒྲིབས་པའི་ཟླ་བའི་དཀྱིལ་འཁོར་ལྟ་བུར་སྣང་ངོ་།། དེ་ཡང་རབ་ཀྱི་ཕུལ་དུ་ཕྱིན་པ་ལས་ནི་སྒྱུ་མ་ལྟ་བུར་སྣང་ངོ་།། དེ་ཡང་རབ་ཀྱི་ཕུལ་དུ་ཕྱིན་པ་ལས་ནི་རྨི་ལམ་ལྟ་བུར་སྣང་ངོ་།། དེའི་རྗེ་སུ་རབ་ཀྱི་ཕུལ་དུ་ཕྱིན་པ་ཡོངསུ ་སྨིན་པ་ལས་ནི་རྨི་ལམ་དུང་སྐུད་པ་འདྲ་བའི་དྲི་སུ་གཉིས་མེད་པར་གང་གིས་མཐོང་བ་ཡིས་ཕྱག་རྒྱ་ཆེན་པོ་ཐིབ་པར་འགྱུ་རོ་ཞེས་བྱ་བས་ནི་བསྐྱེད་པའི་རིམ་པའོ།། གཞན་དུ་བོ་ལ་དང་། ཀཀྐོ་ལ་དང་ཡང་དག་པར་སྦྱོར་བ ་ལས། གང་བདེ་བ་ཆེན་པོའི་རང་བཞིན་མཆོག་དང་བྲལ་བའི་ནང་དུ་སོན་པའི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ།། དེ་ཉིད་བཅོ་ལྔའི་ཆའི་དེདག་ཉིད་ཅན་སྐད་ཅིག། གིས་སྔོན་དུ་བསྟན་པའི་ཕྱག་མཚན་དང་ཁ་དོག་དང་དབྱིབས་ཏེ། ་རྣལ་འབྱོར་མ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོར་བལྟ་བར་བྱའོ།། དེ་ཡང་ཕུང་པོ་ལྔ་དང་། ཁམས་བཞི་དང་། ཡུལ་དྲུག་སྟེ། སྐུ་དང་གསུང་ཐུགས་ཀྱི་རང་བཞིན་ཏེ། འདི་ནི་ཟབ་མོ་བསྐྱེད་པའི་རིམ་པའོ།། སྐད་ཅིག་ཉིད ་ལས་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བལྟའོ།། འདི་ནི་རྫོགས་པའི་རིམ་པའོ།། རྡོ་རྗེའི་ལུས་ཡང་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་རྩ་སུམ་ཅུ་རྩ་གཉིས ་ཏེ། བདེ་བ་ཆེན་པོའི་གནས་ནས་འཛག་པའོ།། དེ་ཡང་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་དེ། ལུས་ཉིད་བདག་མེད་མའི་འཁོར་ལོའོ།། ཡོངསུ་རྫོགས་པའི་རིམ་པའོ།། དེ་བཞིན་དུ་ལ་ལ་ས་ནཱ་དང་ར་ས་ནཱ་དག་མགྲིན་པ ་ནས་བརྩམས་ཏེ་ལྟེ་བའི་བར་དུ་གཡོན་པ་དང་ཅིག་ཤོས་ཀྱི་ངོས་སུ་གནས་པ་ཟླ་བ་དང་ཉི་མ་ཞེས་བྱ་བས། ལྟེ་བའི་ནང་དུ་དེ་ཉིད་སྐྱེ་གནས་ཀྱི་རྩ་ལི་ལ་ནཱ་དང་རས་ནཱ་ཡིན་ཏེ། མི་བསྐྱོད་པ་དང་ཁྲག་འབབ་པའོ།། ཨ་བ ་དྷཱུ་ཏི་ནི་མགོ་དང་མགྲིན་པ་དང་ལྟེ་བ་དང་སྐྱེ་གནས་ཀྱི་ནང་དུ་གནས་པ་བྱང་ཆུབ་སེམས་འབབ་པའོ།། རྩ་དེ་དག་བདག་མེད་མའོ།། མི་ཕྱེད་མ་དང་ཕྲ་གཟུགས་མ་ནཱི་སྤྱི་བོར་གནས་པ་སྟེ། གྲངས་བཞིན་དུ་སེན་མྱོ་དང་། ་སྒོ་དང་། སྠ་དང་བ་སྤུའི་མཚན་ཉིད་རྣམས་ཟུང་དུ་འབབ་པཱ་ནི་རྡོ་རྗེ་མོའོ།། གསལ་མ་ནི་རྣ་བ་གཡས་པའི་པགས་པ་དང་། དྲི་མ་འབབ་པ་དང་། གཡོན་མ་ནི་ཙྪབ་ཀྱི་སྐལ་ཚིགས་ཀྱི་ཤ་འབབ་པ་དག་ནི་གོ་ནཱིའོ།། ་མ་མི་ནི་དང་། རུ་སྦལ་སྐྱེས་དག་ན་རྣོ་བ་གཡོན་པ་དང་། སྨིན་མའི་དབུས་ན་གནས་པ་སྟེ། རྒྱུས་པ་དང་། རུས་པ་དང་། དྲི་བབབ་པ་དག་ནི་ནུ་མའོ།། དངོས་པོ་མདང་དབང་བསྐུར་མ་དག་ནཾ། ་རྩ་བར་གནས་ཏེ། གློ་བ་དང་སྙིང་འབབ་པ་སྟེ། གློ་བ་དང་སྙིང་འབབ་པ་སྟེ། རྡོ་རྗེ་མཁ་འགྲོ་མའོ།། སྐྱོན་ལྡན་མ་དང་མཱཧཱ་ནི་ཡེ་དག་ནི་མཆན་ཁུང་དང་ནུ་མ་དྲུག་ལ་གནས་པ་སྟེ། མིག་དང་མཁྲིས་པ་འབབ་པ་སྟེ། ཕྱུཀྐ་སཱིའོ།། མ་མོ ་དང་མཚན་མོ་དག་ནི་ལྟེ་བ་དང་སཱ་རྩེ་དག་ལ་གནས་པ་སྟེ། མཆིན་པ་དང་ཟླུ་མ་དང་དྲི་འབབ་པ་ཤོ་བ་རིའོ།། བསིལ་སྟེར་དང་ཚྭ་བ་མ་དག་ནི་ཁ་དང་མགྲིན་པར་གནས་ཏེ། ངོས་ཀྱི་སྐུད་པ་དང་ལྟོ་འབབ་པ་སྟེ། ཙིཎྜ་ཝཱིའོ།། ཕྲ་མ ་ནཱ་ནི་སྙིང་དང་བཤང་བ་འབབ་པའོ།། མདོག་ནག་མ་ནི་མཚམས་མཐར་གནས་པ་སྟེ་ཌོམྦི་ནིའོ།། ཕྲ་གཟུགས་མ་དང་སྤྱི་མ་ངག་ནི་འདོམས་དང་བཤང་བའི་ལམ་དང་པང་ཀོན་དང་མཁྲིས་པ་འབབ་པ་སྟེ། གཽ་དྷིའོ།། རྒྱུ ་སྦྱིན་མ་དང་བྲལ་བ་ནི་བཱཪྻ་དང་བྱིན་པ་དག་ལ་གནས་པ་ཁྲག་དང་རྡུལ་འབབ་པ་སྟེ་ཙཽ་ནཱི།། སྡུག་མ་དེང་དངོས་གྲུབ་མཱ་དག་ནི་རྐང་པའི་སོར་མོ་དང་རྐང་པའི་རྒྱབ་དུ་ཚིལ་དང་མཆིན་པ་འབབ་པ་སྟེ། བེདྡྷ་ལཱིའོ།། འཚེད་པ ་དང་ཡིད་བཟངས་མ་དག་ནཱི། མཐེ་བོང་དང་པུས་མོ་གཉིས་ལྷ་གནས་ཏེ། དེ་ལ་སྔ་མ་ནི་པདྨ་ཀན་འབབ་པ། ཕྱི་མ་ནི་སྟོབས་དང་སྣབས་འབབ་པ་སྟེ། འདི་ནྀ་གྷསྨ་རིའོ།། སྙིང་གའི་པདྨ་ལྟེ་བའི་ཤར་ལ་སོགས་པའི་འདབ ་མ་རྣམས་ལ་གོ་རིམས་བཞིན་དུ་གསུམ་བསྐོར་མ་དང་། འདོད་མ་དང་། ཁྱིམ་དང་། གཏུ་མོ་དང་། བདུད་སྦྱིན་མ་རྣམསོ།། དེ་ལི་རྩ་དང་པོ་གཉིས་ནི་ས་སྦྱོང་མའོ།། ལྷག་མ་རྣམས་ནི་མཁའ་སྤྱོད་མའོ།། འདི་ཡང་རྩ་ནས ་རབ་ཏུ་འཛག་པས། རྒྱས་པར་བྱེད་པ་དང་། འགྲོ་བར་བྱེད་པ་དང་། དེ་ནས་ཅུང་ཟད་འབབ་པའོ།། སྐུ་དང་གསུང་དང་ཐུགས་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ངོ་བོ ་ཉིད་ནི་འཁོར་ལོ་བཞིར་ལུས་ལ་རྣམ་པར་གནས་པའོ།། དྲི་ལ་སྤྲུལ་པའི་འཁོར་ལོ་ནི་ཁཾ་དག་སྣ་ཚོགས་པ་པདྨ་འདབ་མ་དྲུག་ཅུ་རྩ་བཱཞི་པའི་ལྟེ་བའི་འོག་ཏུ་ཡི་གེ་ཨ་ནག་པོ་སྟང་དུ་ཁ་བལྟས་པས་རྣམ་པར་གནས ་ངཔའོ།། ཆོས་ཀྱི་འཁོར་ལོ་ནི་པདྨ་འདབ་མུ་བརྒྱད་པ་ལ་ཡི་གེ་ཧཱུཾ་ནག་པོ་སྙིང་གར་རྣམ་པར་གནས་པའོ།། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་འདབ་མ་བཅུ་དྲུག་པ་ལ་པྲ་ན་ས་བོན་དམར་པོའོ།། སྤྱི་བོར ་འདབ་མ་སུམ་ཅུ་རྩ་གཉིས་པ་དཀར་པོ་ལ་ཡི་གེ་ཧཱུཾ་དཀར་པོའི་ས་བོན་ཁ་ཐུར་དུ་བལྟས་པ་ལས་བདུད་རྩིའི་རྒྱུན་འབབ་པོ་བདེ་བ་ཆེན་པོའི་འཁོར་ལོའོ།། འདི་དགའ་བ་དང་སྐད་ཅིག་མའི་རྣམ་པར་བཞག་པ་ནི ་བླ་མའི་མན་ངག་ལས་རྟོགས་པར་བྱའོ།། འབད་པ་མེད་པར་ཟུང་དུ་འཇུག་པ་གཉིས་མེད་པར་འབྱུང་བའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པའི་རྒྱུའོ།། ངོ་བོ་ཉིད་ཀྱི་རིམ་པའོ།། དེ་ནས་བསྒོམ་པས་དུབ་ན་མེད ་མའི་ང་རྒྱལ་དང་ལྡན་པས་སྔགས་བཟླས་པར་བྱའོ།། དེ་ལ་འདིར་ལྷན་ཅིག་སྐྱེས་པར་གྲུབ་པ་ཕྲ་བ་དང་པོ་ཧཱུ~ཾ་ཕཊ་མཐར་གནས་པའི་དབྱངས་བཅོ་ལྔའི་རང་བཞིན་གྱི་ཨ་ལ་སོགས་པའི་སྔགས་སོ།། ་མྦྷ་སྱེ། ཨོཾ་སྱཱམྦྷ་ས་སྱཱ་སྱཱ་མྦྷ་རརྣམ་ས་མཱ་མ་སྶ་སྭཱདྒྷམྦྷ་སྭཱཏྨ།། བྱུདག་མེད་མ་དམར་མཙྪེ་དཱཎྜཱ་ལཱ་དང་ལྡན་པས་སྤྱོད་སྦྱི་དབྱུགྶ་པ་སྔགས་བཟླས་པར་བྱའོ།། ང་ལ་འདྲར་སྔགས་བཟླས་པར་བྱ།། ་ལ་འདིར་སྔགས་ནི་ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ངྒཱགས་འོ།། ངས་ས་ན་རྣ་ཡྀ་སྣརེར་ཤཱ་ནས་ཊྭཱཾ་གདྷོ་པའི་སྔག་སོ།། ཨོཾ་ཧཱུཾའིས་བྱ་བ་ནི་དམ་ཚིག་སྤྱོན་གྱིས་ཀྱིས་ག་ན་མ་དུ་འས་ལ་མ་ཞི་ནོ་དུ་སྣརོ་ ་ཐ་ད་པ་ལས་ཤེས་པ།། བདག་མང་མ་ནི་རབ་ཏུ་གསལ་བ་ནི།། བདག་གི་སྙིང་རྗེ་ཡི་ནཱི་སེམས་ཀྱིས་བྱས།། དཀྱིལ་འཁོར་འཁོར་ལོ་ཟབ་མོ་ཡི།། རྣམ་པར་ངེས་པར་འགྱུར་བ་ནི།། ཇི་ལྟར་འདི་རཱ་ན་ལུས ་ཅན་རྣམས།། རི་ཁྲོད་ཞབས་ཀྱི་ཆུ་སྐྱེས་ཀྱི།། རྡུལ་རྣམས་སྤྱི་བོས་མ་བླངས་པ།། དེ་དག་ངེས་པར་ཇི་ལྟར་འགྱུར།། མངོན་པར་རྟོགས་པ་འདི་ཡིས་ཐོབ་པ་ཡི།། དགེ་བ་འདི་ཡིས་འཇིག་རྟེན་མཐའ་དག་ནི།། སྲིད ་གསུམ་གྱི་སྡུག་བསྔལ་ཡིད་མི་བདེ་སྤངས་ཏེ།། རྡོ་རྗེ་འཛིན་པའི་གོ་འཕང་རབ་གནས་ཤོག། དཔལ་པཎྜི་ཏ་གཉིསུ་མེད་པའི་རྡོ་རྗེས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། ་རྒྱ་གོར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ་སླད་ཀྱིས་དགེ་སློང་མཚུར་ཛྙཱ་ནཱ་ཀ་རས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ནེ་རཱཏྨ་སཱ་དྷ་ནཾ་པཽཥྚི་ཀ་ནིརྫི་ཤ། བོད་སྐད་དུ། ་