CLOSE WINDOW

GT441: bdag med ma lha mo bco lnga la bstod pa
Wyliee-texts produced with BDRC’s OCR application

ར་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ནཻ་རཱཏྨ་དེ་བཱི་པཉྩད་ཤསྟོ་ཏྲ། བོད་སྐད་དུ། བདག་མྱེད་མ་ལྷ་མོ ་བཅོ་ལྔ་ལ་བསྟོད་པ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལོ།། མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར།། ཆོས་དབྱིངས་མི་བསྐྱོང་འགག་པ་མེད་པ་ལས།། ཐབས་ཀྱིས་སྤྲུལ་པ་སྣ་ཚོགས་སྟོན ་མཛད་པ།། ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་འཚ་ལོ།། འཁོར་ལོ་བཞི་ཡི་བདག་ཉིད་ཨ་ལས་སྐྱེས། བདུད་བཞི་ཟིལ་གྱིས་གནོན་པོ་འཇིགས་པའི་སྒོ།། མི་བསྐྱོད་དབུ་བརྒྱན་བདེ་བ་ཆེན་པོའི་ངང་།། ཡེ་ཤེས་མཁའ་གྲོའི་ཚོགས་ལ་ཕྱག ་འཚལོ།། ཨཱ་ལས་སྐྱེས་པའི་མཛེས་མོ་རྡོ་རྗེ་མ།། རྟག་ཏུ་དགྱེས་པས་ཁ་ཊྭཱཾ་ག་ལ་གཟིགས།། གདུག་པ་རྣམ་སྐྲག་རྣམ་སྣང་ཅད་པན་ཐོགས།། དུར་ཁྲོད་རྒྱན་དང་ལྡན་ལ་ཕྱག་འཚལོ།། ཨི་ལས་བྱུང་བའི་གསང་བའི་གི་རཱི་མ། ་གཟི་བརྗོད་མི་མཚུངས་གར་ལྡན་རོ་མཆོག་མྱོང་།། དོན་དམ་ཐུགས་ཆུང་དབུ་རྒྱན་རིན་ཆེན་ཏོག། སྤྱན་གསུམ་ཐོང་རློན་ཅན་ལ་ཕྱག་འཚལོ།། ཨཱ་ལི་ཀཱ་ལའི་སྙོམས་འཇུག་རྣལ་འབྱོར་མ།། བདེ་ལ་རྟག་དགྱེས་བྱང་ཆུབ ་སེམས་ཀྱི་ངང་།། འོད་དཔག་མེད་ཀྱིས་དབུ་རྒྱན་ཨཱི་ལས་སྐྱེས།། གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ།། ཨུ་ལས་བྱུང་བའི་རྡོ་རྗེ་མཁ་འགྲོ་མ།། ཁམས་གསུམ་དག་བྱེད་སྒྲོལ་མ་ལས་ཀྱི་མཆོག། དོན་གྲུབ་དབུ ་རྒྱན་ཆགས་པའི་སྤྱན་དང་ལྡན།། མཚུངས་མད་ཆགས་པར་ལྡན་ལ་ཕྱག་འཚལོ།། སྐྱེ་མེད་ཆོས་དབྱིངས་རྣམ་དག་པུཀྐ་སཱི། མི་བསྐྱོད་དབུ་རྒྱན་དྲི་མ་དག་མཛད་ཅིང་།། ཨཱུ་ལས་སྐྱེས་པ་བརྒྱ་ཕྱེད་ཕྲེང་བ་འཛིན།། འཇིག་རྟེན ་ཞི་མཛད་དེ་ལ་ཕྱག་འཚལ་ལོ།། དུས་གསུམ་འདུས་མ་བྱས་པའི་རི་ཁྲོད་མ།། སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས།། རི་ལིས་འཁྲུངས་པ་གར་གྱིས་ཕྱོགས་བཅུར་གཟིགས།། ཆུ་ཟླ་དྲོང་མཚུངས་ཁྱེད་ལ་ཕྱག་འཚ་ལོ།། ་གནས་དང་ཉེ་གནས་ལ་སོགས་བགྲོད་མཛོད་ཅིང་།། འདུ་བྱེད་མ་ལུས་བསྲེག་མཛད་ཙཎྜ་ལོ།། རིན་ཆེན་དབུ་རྒྱན་བརྗིད་པས་ནཱི་ལས་སྐྱེས།། འཛག་པ་གསལ་མཛད་མ་ལ་ཕྱག་འཚལོ།། མི་གནས་མྱ་ངན་འདས་པའི་བདག ་ཉིད་ལས།། ཐུགས་རྗེ་བསྐྱེད་མཛད་གཡོ་བའི་ཌོམྦི་ནཱི།། སྒེག་མོ་སྣང་མཐས་དབུ་རྒྱན་ལཾ་ལས་བྱུང་།། མཁའ་ལྟར་དྲི་མེད་སྐུ་ལ་ཕྱག་འཚལ།། ཤིན་ཏུ་གྲག་པའི་བརྡའ་ཡི་སྦྱང་སྦྱོར་ཞིང་།། རུ་བཱི་དང་ཨནྡྲ་ལ་རྟག་དབྱེས། ་ཞེ་སྡང་རྡོ་རྗེས་དབུ་རྒྱན་ལཱྀ་ལས་སྐྱེས།། གཽ་རཱི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚ་ལོ།། ཆོས་ཉིད་གསལ་བའི་ཡུམ་གྱུར་ཆོམ་རྐུན་མ།། མི་རྟོག་མཉམ་ཉིད་འགྲོ་བའི་དོན་ལ་བརྩོན།། དབུ་རྒྱན་གཏི་མུག་རྡོ་རྗེ་མི་འགྱུར ་རྟགས།། ཨེ་ལས་བསྐྱེད་པ་དེ་ལོ་ཕྱག་འཚལ་ལོ།། འཇིག་རྟེན་མ་ལུས་ཚོགས་ལས་དབང་དུ་མཛད།། དཔལ་ལྡན་གཟི་བརྗིད་བསྐྱེང་མཛད་བིཏྟཱ་ལཱི།། ང་རྒྱལ་རྡོ་རྗེས་དབུ་བརྒྱན་ཨཾ་ལས་སྐྱེས།། སྙོམས་འཇུག་མི་གནས ་དྲང་ལ་ཕྱག་འཚལོ།། ཤེས་རབ་ཐབ་སུ་ལྡན་པའི་བྷསྨཱ་རཾ།། དེ་ཉིད་ལས་བསྐྱོད་འདོད་ཆགས་རྡོ་རྗེ་སྐྱ་བརྒྱན།། ཨོཾ་ལས་ཐུང་བ་དྲུག་པོའི་ལས་ལས་སྐྱེས།། སྐྱེ་མེད་སྐྱེ་བར་བསྟན ་ལྔ་ཕྱག་འཚལོ།། སྒྱུ་མ་སྨིག་རྒྱུ་བཞིན་དུ་མཁའ་ལ་སྤྱོད།། བཱརརྱ་སྣང་མངའ་མཛད་ཧེ་རུ་ཀ་ཡི་དང་།། ཅོད་པནྡོ་སྣང་བ་མཐའ་ཡས་ཨོཾ་ལོས་སྐྱེས།། ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱོག་འཚལོ།། རྣམ་སྣང་མཛད ་ཀྱིས་དབུ་བརྒྱན་སཽ་འོག་སྤྱོད།། འོག་གི་འཇིག་རྟེན་མོ་ལུས་སྒྲོལ་མཛད་མ།། ཨཾ་ལས་བྱུང་བའི་དུར་ཁྲོད་འཇིགས་པས་བརྒྱན།། ཐབས་མཁས་ཐུགས་རྗེ་ཅན་ལ་ཕྱག་འཚལོ།། ཨཱ་ལི་ཀཱི་ལི་ཟླ་བ་ཉི་མ་ཁ་སྦྱོར་ས ་འོག་རྣམ་པར་དག་པ་ལས།། གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མཛེས་མཛད་ཅིང་།། སྐྱིལ་ཀྲུང་ཕྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན།། ཕྱག་རྒྱ་ཆེན་པོའི ་སྐུ་ལ་རྩ་གསུམ་སྤྲུལ་མཛད་དེ་ལ་ཕྱག་འཚལོ།། བསོད་ནམས་ཡེ་ཤེས་ཆེན་པོ་ལས་བྱུང་སྐུ་ལྔ་ཡ་ཤསོ་ལྔར་ལྡན་འཇིགསུ་པིའི་གཟུགས་ཅན་མ།། བདག་ཉིད་དང་པའི་མཐུ་ཡིས་རྒྱུ་ཡི་ཡོན་ཏན་ཤེས་ཙམུ། ་མཐོང་ནས་དད་པའི་དབྱངས་ཀྱིས་པོ་སྟོང་པ་ཡིས།། ཁམས་གསུམ་འཁོར་བའི་རྒྱ་མཚོར་གནས་པའི་རྣམ་རྟོག་རླུང་གིས་རྒྱ་མཚོ་ཕྱོགས་བཅུར་གཡེངས་པ་རྣམས།། སྐྱེ་རྒན་འཆི་སྤངས་ནས་འཁོར་བའི་རྒྱ་མཚོ ་ལས་བརྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག།། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའོ།། ། མྱུག་སྤྱད་དུ། ནཻརྱཱཏྣ་པྲཱ་ཀ་ས། བོང་སྤྲད་དུ། ་