| Wylie | e-texts produced with BDRC’s OCR application |
ཅན་ཀུན་གྱི་དོན་དུ་བསྔོ།། སློབ་དཔོན་ཆེན་པོ་ཁ་ཆ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། @#རྒྱ་གར་སྐད་དུ། སརྦ་བྷཱུ་ཏ་པཱ་ལ་བི་དྷིནཱ་མ། བོད་སྐད་དུ། འ ་པོ་ཐམས་ཅད་ཀྱི་ག་ཏོར་མེའི་ཚི་གྶ་ཞེས་བྱ་བ། དཔལ་གྱིའི་རྡོ་རྗེ་ལེ་ཕྱུག་འཚལ་ལོ།། ཨེ་བཾ་རྣམ་པར་ངེས་བཞུགས་པའི།། རྡོ་རྗེ་སེམས་དཔའ་ཕྱག་བྱ་སྟེ།། རྣམ་འིཆི་ལྡེག་འདྲེན་ལཾ་སོགས་དང་། སེམས་ཅན་བསྐྱེང་ཕྱིར་གཽ་ཏོར ་མ་བརྩམ།། རྣལ་འབྱོར་པ་ཡི་བསྒོམ་བྱ་བ།། ཆོས་ཀྱི་འབྱུང་གནས་ནང་དུ་ནི།། པདྨ་འདབ་བརྒྱད་གསུམ་བརྩེགས་ལ།། དཀར་ནག་དམར་པོའི་ཨོཾ་ཧཱུཾ་ཨཱར།། རིག་པར་ལྷ་ཆེན་བརྒྱད་དང་ནི།། ཕྱོགས་བསྲུང་བརྒྱུད་དང་ཀླུ ་ཆེན་བརྒྱུད།། པདྨའི་འོད་བ་ལྟར་བསྐྱེད་བྱ་སྟེ།། མདུན་དུ་དབང་ཕྱུག་ཆེན་པོ་བསྟོད།། གཡོསུ་ལྷ་ཡི་དབང་པོ་བསམ།། རྒྱབ་དུ་ཆུངས་པ་བསྐྱེད་བྱ་སྟེ།། གཡོན་གྱི་ཕྱོགསུ་ཁྱབ་འཇུག་གོ། མེ་རུ་འདོད་པའི་དབང་ཕྱུག་བསྐྱེད།། སྲིན ་པོར་ཚོགས་ཀྱི་བདག་པོ་སྟེ། ག~ཾ་ད~ཾ་དྷི་རླུང་མཚམ་སོ་སྟེ།། དབང་ལྡན་མརྣམས་སྱཱ་གྣི་ཏོ་ཀ། མདུན་གྱི་འདབ་མར་བརྒྱ་བྱིན་བསམ།། གཡས་སུ་མཐར་བྱེང་དགོད་པར་བྱའོ།། ཆུ་ལྷ་རྒྱབ་ཀྱི་འདུབ་མ་ཡིའོ།། དེ ་གཡོན་དུ་ནོར་སྦྱིན་དགོད།། མི་ཡི་མཚམས་སུ་མེ་ལྷཚེ།། བདེན་བྲེལ་དུ་ནི་སྲིན་པོའོ།། རླུང་གི་མཆིམ་སུ་རླུང་ལྔའོ།། དབང་ལྡན་མཚམ་སུ་འབྱུང་པོའི་བདོག། སྟོབས་ཀྱི་རྒྱུ་དང་དྲུང་སྐྱོང་དང་།། མཐའ་ཡས་ནོར་རྒྱས ་བཞིན་ཏེ།། འཇོག་པོ་དང་ནི་རིགས་ལྡན་དང་།། པད་ཆེན་ཤིན་ཏུ་པད་ཆེན་པོ།། ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཏེ།། རྡོ་རྗེ་དྲིལ་བུ་ཕྱག་ན་འཆང་།། རང་འོད་རིག་མས་ཡང་དག་འཁྱུད།། གང་ན་ལ ་གཡས་བརྐྱང་བ་ཡིས་བཞུགས།། རང་རང་ཐུགས་ཀའི་ས་བོན་ལས།། འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས།། ལྷ་ཆེན་བརྒྱད་ལ་གཟུགས་ཁམས་དང་།། གཟུགས་མེད་གནས་པའི་ལྷ་བསྡུའོ།། འདོད་པའི་ཁམས་ཀྱི་ལྷ་དང་མི།། ཕྱོགས ་བསྲུང་བཅད་ལ་རབ་ཏུ་བསྡུ།། ངན་འགྲོ་གསུམ་དང་ལྷ་མ་ཡིན།། ཀླུ་ཆེན་བརྒྱད་ལ་བསྡུ་བར་བྱ།། རང་བཞིན་གནས་ལ་བཞུགས་པ་ཡི།། དཀྱིལ་འཁོར་པ་རྣམས་སྤྱན་དྲང་ཕྱིར།། གོ་རྣོ་ཡིས་ནི་དགུག་བྱས་ལ།། ཙཽ་རི་ཡིས་ནི ་མ་པས་བཅིངས།། བིཏྟཱ་ལི་ཡིས་ལྕགས་སྒྲོག་བསྡམ།། དྲིལ་བུས་མཉེས་བྱེད་གྷསྨ་རཱི།། རྣལ་འབྱོར་པ་ཡི་ཐུགས་ཀ་ནཱས།། འོད་ཟེར་ལྕགས་ཀྱུ་ལྟ་འཕྲོས་ནས།། ཕྱོགས་བཅུ་རྒྱལ་བ་སྲས་བཅས་ཀོན།། དེ་ལ་ཕྱི་ནང་གསང་མཆོད ་ང་རྣམས་ཀྱིས་ནི་དབང་བསྐུར་མཐར།། རང་རང་བདག་པོས་དབུ་ལ་བརྒྱན།། ལྷ་ཆེན་བརྒྱད་ལེ་རྟག་པ་ཡིས།། རྡོ་རྗེ་ཡིས་ནི་ཕྱོགས་སྐྱོང་བརྒྱད།། གར་དབང་གིས་ནི་ཀླུ་ཆེན་བརྒྱད།། དེ་ལ་ཆོ་གས་གཏོར་མ་སྒྲུབ།། རླུང་དང་མེ་ཡི་དཀྱིལ ་ལས།། ཨཱཿལས་བྱུང་བའི་པད་སྣོད་བསམ།། དེར་ནི་བྲུཾ་ཨཱཾ་ཛཱི་ཁཾ་ཧཱུཾ། གོ་ཀུ་ད་ཧ་ན་ལས།། སངས་རྒྱས་ལྔ་དང་སེམས་ཅན་ལྔ།། ཟླ་བ་ཉི་མོའི་བར་དུ་བསམ།། འབར་བ་དང་ནི་སྤྲོས་པ་ཡིས།། འཆི་མེད་རབ་ཏུ་བསྒྲུབ་པར་བྱ།། ཆ་ཡི་རང་བཞིན ་འདི་བསྒོམ་སྣརྠ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ་དབུལ།། དེ་ནས་གཏོར་མ་བཏང་བའི་སྔགས།། ཨོཾ་ཨིནྡ་ཛ་མ་ཛ་ལ། ཛཀྵ་བྷཱུ་ཏ་བཧྣི་བ་ཨུ་རཀྵ་ཙནྡ་སཱུཛྙཱ་མཱ་མ་བཔྤ་ཏ་ལ་པཱ་ཏཱ་ལ་ཨཱ་གྷ་སྭཱ་ཧཱ།། དེ་ནི་གཏོར་མའི་མགྲོ་ནོ།། ཨི་དཾ་བ་ལཾ། བུདྡྷ་ཛ་གྷ་ཕུམྲ། ་དྷཱུ་པ་མཱཾ་ས་བཻ་གྷ། དེ་ནི་གསོལ་བར་ཞུ་བའོ།། ཨམྦྷ་སརྦ་ཀཱརྞྞ་སཱ་དྷ་ཁནྟི་ཁུནྟི། ཕེ་ཊ་ག་ད་དེ་ནི་དོན་ཞུ་བའོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎ་ཨཱ་དྷ་ནུཏྤནྣ་ཏཱཾ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ད་ནི་བྱིན་གྱིས་བརླབས་པའི་སྔག་སོ།། དེ་ནས་དགྱེས་པར་བྱས་ནས་ག ་སུ་གསོལ། ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། གཏོར་མ་འདི་སྦྱིན་ཞིང་རབ་ཏུ་མཆོད་པར་བྱེད་ན། རྣལ་འབྱོར་པ་ལས་འབྱུང་པོ་ཐམས་ཅད་ཀྱིས་ལེགས་པར་བྱེད་པར་འགྱུར་རོ།། དེ་ཚེ་དེ་ལ་བདེ་བ་རྙེག་པ་མེད་པ་ཉིད་དང་། ལྷ་མཉེས་པ་དང་། ་འཁོར་དགེ་བར་འགྱུར་རོ།། གལ་ཏེ་འབྱུང་པོའི་ཚོགས་དེ་ལ་གཏོར་མ་བྱིན་ན། དབང་དང་མངོན་སྤྱོད་དང་དགྲའི་སྡེ་གཞིག་པ་དང་། བསྐྲད་པ་དང་དགོག་པ་དང་ཞི་བ་དང་བདེ་བ་དང་རྒྱས་པར་བྱེད་པར་འགྱུར་རོ།། འབྱུང་པོ་ཐམས ་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས ་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་