CLOSE WINDOW

GT431: brtse ba'i rdo rje phyag bcu drug pa'i sgrub pa'i thabs
Wyliee-texts produced with BDRC’s OCR application

རྡོ་རྗེ་ཡེ་ཤེས་མཁ་འགྲོ་མ་དེ་ཉིད་དང་། ལོ་ཙ་བ་གླེན་དང་མ་བློ་གྲོས་ཀྱོས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཧེ་བཛྲ་ཥོ་ཌ་ས་བྷུ་ཛི་སཱ་དྷ་ནཱ~ཾ། བོད་སྐད་དུ། བརྩེ་བའི་རྡོ་རྗེ་ཕྱག་བཅུ་དྲུག་པའི ་སྒྲུབ་པའི་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ།། རྡོ་རྗེ་མཁའ་གྲོ་ལ་ཕྱག་འཚལོ།། གང་ཞིག་གོམས་པའི་རོ་མྱོང་བ།། རྩམ་གྱིས་དངོས་པོར་འཛིན་པ་འདི།། རིང་དུ་སྤོང་ཞིང་ཡོན་ཏན་རྣམས།། ་འོད་གྷུར་ཧེ་རུ་ཀ་དེ་འདུད།། ཐོ་རངས་མཻ་ལཱ་ནས་ལངསཽ་ལ། སྙིང་གར་རཾ་ལེས་བྱུང་བའི་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་འོད་ཀྱིས་བདག་ཉིད་དྲི་མ་མེད་པར་བྱས་ནས། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལྡན ་གསུམ་བརྗོད་ནས། གནས་དང་། བདག་ཉིད་དང་། རྣལ་འབྱོར་སྲུང་བ་བྱས་ལ། བསམ་གཏན་གྱི་ཁང་པར་ཞུགས་ནས། སྟན་བདེ་བ་ལ་འདུག་སྟེ། ཨོཾ་བཛྲ་རེ་ཁེ་ཧྲི་ཞེས་བྱ་བས་མཎྜལ་བྱས་ལ། ཨོཾ་བཛྲ་མི་དི་ནི་བཛྲ་བྷ ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་པའི་དཀྱིལ་དུ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་བརྗོད་ནས་མེ་ཏོག་གཞག་པར་བྱའོ།། ཤར་དུ་ནི་གཾ་གཽ་རཱ་ན་མཿཞེས་བྱ་བས་སོ།། ལྷོར་ནཻ་ཙི་ཙཽ་རཱི་ན་མཿཞེས་བྱ་བས་སོ།། ནུབ་ཏུ་བཾ་བེཏྟཱ་ལཱི ་ན་མཿཞེས་བྱ་བས་སོ།། བྱང་དུ་ནི་གྷཾ་བྷསྨ་རཱི་ན་མཿཞེས་བྱ་བས་སོ།། དབང་ལྡན་དུ་ནི་པཾ་པུཀྐ་སཱི་ན་མཿཞེས་བྱ་བས་སོ།། མེའི་མཚམསུ་ཤཾ་ཤ་བ་རཱི་ན་མཿཞེས་བྱ་བྱས་སོ།། བདེན་བྲལ་དུ་ནི་ཙི་ཙཱཎྜ་ལཱི་ན་མཿཞེས ་བྱ་བས་སོ།། རླུང་མཚམས་སུ་ནི་ཌཾ་ཌཱི་བི་ན་མཿཞེས་བྱ་བས་སོ།། ཨོཾ་དེ་བ་པི་ཙུ་བཛྲཱ་ཧཱུཾ་ཧཱུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བཅོམ་ལྡན་འདས་ཡང་དག་པར་མཆོད་ལ། བདག་མེད་མ་ལ་ཡང་། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ། ཨེ་ཨཱི་ཨོ ་ཨཱཾ་ཨཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མཆོད་དོ།། ཡང་བཅོམ་ལྡན་འདས་ལ། ཨོཾ་ཨཽཥྚོ་ནཱ་ནཱ་ཡཻ་ན་མཿོཾ་བིདྡྷི་ཨུརྟྟ་ཀེ་ཤ་བནྟ་མཱ་ནི་ནཱ་མཿཾ་ཙ་ཏུརྠི་ཤ་ཏི་ནེ་ཏྭཱ་ཡ་ན་མཿོཾ་ཥྚོ་ཌ་ཤ་བྷཱུ་ཛྙཱ་ཡ་ནཱ་མཿོཾ་ཀྲྀཥྚ་ཛྙི་མཱུ་ཏཱ་ཝཾ་པུ་ཥེ་ན་མཿཾ་ཀ་པཱ་ལ ་མཱ་ལཱ་ཨ་ནེ་ཀ་དྷ་རི་ཎེ་ན་མཿོཾ་ཨཱདྒྷ་ཏ་ཀྲཱུ་ར་ཙིཏྟཾ་ཡ་ན་མཿརྡྷནྣ་དཾཥྚི་ཎེ་ནི་ན་མཿཞེས་བྱ་བའི་ཚིག་བརྒྱད་ཀྱིས་མཆོད་པར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བེ་དྱེ་ཨཱཿཧཱུཾ། ཞེས་བྱ་བས ་བྱིན་གྱིས་བརླབས་པའི་མེ་ཏོག་ལ་སོགས་པ་ཕུལ་ལ། ལན་གསུམ་གྱི་བར་དུ་སྐྱབས་གསུམ་གྱི་ཚིགསུ་བཅད་པ་བརྗོད་དོ།། ཡང་མཆོད་པ་བྱས་ནས་ཕྱག་བཙ་ལ་ལ། གཏོར་མ་བྱིན་ནས་བཛྲ་མུཿཞེས་བྱ་བས་གཤེགསུ་གསོལ་བར ་བྱའོ།། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལྷའི་བདེ་བ་ལ་དགོད་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་བསལ་བར་འདོད་པའི་སྙིང་རྗེ་དང་། ལྷའི་བདེ་བ་རྒྱུན་མི་འཆད་པར་ངེས་པར་འདོད་པའི་དགའ་བ་དང་། བླ་ན་མེད ་པའི་ལམ་ལ་ཉེ་བར་དགོད་པར་འདོད་པའི་བཏང་སྙོམས་བསྒོམས་པར་བྱའོ།། ཡང་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་ནས་དཔྱད་ན་སྟོང་པ་འོད་གསལ་བའི་ངོ་བོར་བལྟས་ལ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ་ཧ། ཞེས་བྱ་བ་འདས་བྱ། ་གྱིས་བརླབ་པར་བྱའོ།། དེ་མ་ཐག་ཏུ་རཾ་ལས་བྱུང་བའི་ཉི་མ་ལ་ཨཾ་དང་ཧཱུཾ་བལྟས་ལ། དེའི་འོད་ཀྱིས་དཔག་ཏུ་མེད་ཅིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད ་ནས། ཡི་གེ་གཉིས་པོ་དེ་ཉིད་དུ་ཡང་དག་པར་བསྡུས་ནས་ཞུགས་པར་བསམས་པས། ཡུད་ཙམ་གྱིས་ཡོངསསུ་རྫོགས་པར་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ། ཞལ་བརྒྱད་པ། ཕྱག་རྒྱ་ལྔ ་འཛིན་པ། ཞབས་བཞིས་གཤེགས་པ་བདུད་བཞིའི་སྙིང་གར་སྐྱིལ་ཀྲུང་ཕྱེད་པ་གར་གྱིས་མནན་པ། མགོ་བོའི་ཕྲེང་བ་འཕྱང་བ། འཇིག་པའི་དུས་ཀྱི་སྤྲིན་སྔོན་པོའི་མདོག་གི་ལུས་ཅན་ཁྲོ་བ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར ་བ། སྤྱན་ཉི་ཤུ་རྩ་བཞི་མངའ་བ། ཕྱག་བཅུ་དྲུག་ན་བསྣམས་པའི་ཐོད་པ། གཡས་ཀྱི་རྣམས་ན་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། མཱི་དང་། ཤ་ར་བ་དང་། བྱི་ལ་རྣམས་གནས་པའོ།། གཡོན་པའི ་བརྒྱད་ནོ། ས་དང་ཆུ་དང་། རླུང་དང་། མེ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་འཛིན་པའོ།། སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན་པ། འཁོར་བའི་སྡུག་བསྔལ་འཕྲོག་པ། གྲི་གུག་དང་ཐོང་པ་བསྣམས་པའི་བདག་མེད ་མས་འཁྱུད་པའི་བདག་ཉིད་ཅན་བསྒོམ་པར་བྱའོ།། དེའི་རྗེས་སྙིང་གར་ཉི་མ་ལ་ཧཱུཾ་བལྟས་ལ། བདག་མེད་མའི་སྙིང་གར་ཡང་ཟླ་བ་ལ་ཡི་གེ་ཨཾ་བལྟ་ཞིང་སྤྱི་བོར་ནི་ཡི་གེ་ཨཱ~ཾ་མོ།། མགྲིན་པར་ནི་ཨཱའོ།། སྙིང་གར་ཡི ་ག་ཧཱུཾ་བཀོད་ལ། མིག་ལ་གཏི་མུག་རྡོ་རྗེ་མ། རྣ་བ་ལ་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ།། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་མ་བཀོད་ལ། སྙིང་གའི་འོད་ཀྱིས་སངས་རྒྱས་རྣམས་སྤྱན ་དྲངས་ནས། ཨོཾ་ཨ་བྷི་ཤིཉྩི་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ནས་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། མེ་ཏོག་དང་། གུར་གུམ་གྱི་ཆེར་ཡང་དབབ་པར་བསམ། ལྷ་མོ ་རྣམས་ཀྱིས་ཀྱང་བདག་ཉིད་ལ་བསྟོད་པ་བསྒོམ་པར་བྱའོ།། བསྒོམས་པས་དུབ་པར་གྱུར་ན་ཡང་སྔགས་བཟླས་པར་བྱཱ་སྟེ། ཨོཾ་དཱ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱའོ།། ལངས་པའི་དུསུ་ལྷོ་མོ་རང་གི་སྙིང་ཀའི་ས་བོན་གྱི་ནང་དུ ་བསྒོམས་ལ། ལྷའི་གཟུགས་ཀྱིས་གནས་པར་བྱའོ།། བསྒོམ་པའི་དང་པོར་ཡང་གཏོར་མ་སྦྱིན་པར་བྱའོ།། དེའི་རིམ་པོ་ནི་འདི་ཡིན་ཏེ། ཡི་ལས་རླུང་གི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རོ།། དེའི ་སྟེང་དུ་ཨ་ལས་ཐོད་པའོ།། དེའི་སྟེང་དུ་གཽ་ཀུ་ད་ཧ་ནཾ། མ་ར་མུ་སུ་བི། ཞེས་བྱ་བའི་རྫས་རྣམས་ཨོཾ་གྱིས་བྱིན་གྱིས་བརླབས་ལ་བསྒོམས་ནས། སྟེང་དུ་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་རྡོ་རྗེ་དཀར་པོ་སྟྭཾ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ ་ལྔས་མེ་འབར་བས་ཚོས་ཤིང་ཁུ་བར་གྱུར་པ་དེའི་འོད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་མཐོང་བ་ལས། དེ་དག་གི་ཐུགས་ཀྱི་ས་བོན་གྱི་བདུད་རྩི་བསྡུས་ནས། དེར་ཆུད་པར་བྱས་ནས། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔ་ཌ ་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། འདི་ལྟ་བུ་ནི་གཏོར་མ་ལ་སོགས་པའི་རྫས་དག་པར་བྱ་བའི་ཆོ་གའོ།། ནམ་མཁའ་ལས་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་པའི་ལྟེ་བྱ་ལ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ ་འམ། དཔའ་བོ་གཅིག་པུ་འམ། ཕྱོགས་ཀྱི་འདབ་མ་ལ་དབང་པོ་ལ་སོགས་པ་རང་རང་གི་རིག་མས་མགུལ་ནས་འཁྱུད་པ། ཞབས་གཡོན་བརྐྱང་བས་གནས་པ། ཁ་དོག་ནག་པོ་མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེ་དང་དྲིལ ་བུ་བསྣམས་པ་བལྟས་ལ། དེའི་སྟེང་དུ་ཚངས་པ་དེ་བཞིན་དུ་ཁ་དོག་དཀར་པོ། རྣམ་པར་སྣང་མཛད་ཅོད་པན་དུ་འཛིན་པར་བལྟ་བར་བྱའོ།། འོག་ཏུ་ས་འོག་ན་གནས་བྱའི་ཀླུ་ལ་སོགས་པ་རྣམས་ལ། ཁ་དོག་དམར ་པོ་སྣང་བ་མཐའ་ཡས་ཀྱི་ཅོད་པན་བྱས་ལ་བལྟ་བར་བྱའོ།། ཐམས་ཅད་ཀྱི་ལྕེ་པདྨའི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོར་བསྒོམས་ལ། སྙིང་གའི་ས་བོན་ལས་བྱུང་བའི་གཽ་རི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡོངསུ་དག ་པའི་བདུད་རྩིས་དགང་བར་བྱའོ།། དེའི་སྔགས་ནི་འདི་ཡིན་ཏེ། ཨིནྡ་ཛ་མ་ཛི་ལ་ཛཀྵ་བྷཱུ་ཏི་བཧྣི་བ་ཡུ་རཀྵ་ཙནྡ་སཱ་དྡྷཾ་མ་ཏ་བཔྤ་ཏཱ་ལ་པ་ཏཱ་ལ་ཨཊྚ་སཾཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཾ་ཛ་ཛི་གྷ་པུལླ་དྷཱུ་པ་མཱཾ་ས་བེ་གྷ་ཨམྦྷ་སརྦ་ཀཱཛྫ་སཱ་དྷ་ཥཱནྟི ་ཋཱ་ཎི་པི་ཌྷཱ་བྷུད། ཨཻ་ཨཀྵཱ་རོ་མུ་ཁྱཱ་སྭཱརྦདྷརྨཱ་ཎཱཾ་ཨཱདྷམྨནྨཱ་ཏྱཱ་ཡཾ་ཨརྡྷདྦྷ་ཊ་སྭཱཧཱ། ནས་ལན་གསུམ་བརྗོད་ནས། བསྣང་གཏོཪྵ་སྨིན་པར་བྱཱསྟཱ། ཨེ་ངྒུཿབི་ཤུརྡྷ་དྷཱརྠཱ། སརྦ་བྷཱ་བ་བ་ནདྡྷ ་ཡ་སརྦ་བི་ཀྲལླཱ་པ་ན་ཡ་ཧཱུཾ། ཞེས་བྱ་བའི་སྔགས་སོ།། ཡིད་ཀྱིས་མཆོད་པ་བྱས་ལ། ཨོཾ་བཛྲ་མུཿཞེས་བྱ་བ་འདིས་གཤེགསུ་གསོལ།། ཟས་ཀྱི་དུས་སུ་ཡང་དེ་བཞིན་དུ་ཟས་ཀྱི་རྫས་རྣམས་སྦྱར་ནས། ་བདག་ཉིད་ཀྱི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོར་བྱས་ལ། སྙིང་གར་བཅོམ་ལྡན་འདས་བལྟས་ལ་དེ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི ་མེས། ཁ་ཟས་ཀྱི་རྫས་རྣམས་སྦྲེངས་ཤིང་སྦྱིན་སྲེག་བྱེང་དོ།། ཆགས་པའི་དུས་སུ་ཡང་ཤེས་རབ་མ་བདག་མེད་མའི་གཟུགསུ་མོས་པ་བྱས་ནས། དེའི་མགོ་བོ་ལ་ཨོཾ་སྙིང་གར་ཧཱུཾ། པདྨའི་ལྟེ་བ་ལ་ཨཱཿབསམས་ནས།། ་ཨོཾ་པདྨ་སུ་ཁཱ་དྷ་ར་མ་ཧཱ་ར་ག་སུ་ཁཾ་དཏྟ་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥྚ་མེ་ཞེས་བྱ་བ་འདིས་པདྨ་བྱིན་གྱི་སྲ་བརླབསཱ་ལཱ། བདག་ཉིད་ལ་ཡི་གེ་གསུམ་བཀོད་ལ། ཧཱུཾ་ལཾས་རྡོ་རྗེ་བསྒོམ་ནས། ཨ~ཾ་ལས་དེའི ་ནོར་བུའོ།། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙི་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཨོཾ་ཀཽ་རཱྀ་སཽ་ནཱ་ཐ་ཧཱུ~ཾ་ཧཱུཾ་ཀརྱཾ་ཀུ་རུ་ཥཱ་མེ། ཞེས་བྱ་བ་འདིས་རྡོ་རྗེ་བྱིན་གྱིས་བརླབས་ནས། སཱི་སཱཾ་སཱཾ། ཧ་ཧ་ཧ། ཞེས་བྱ་བས་ཆགས་པ་བརྩམ་པར་བྱའོ།། ་བླ་མའི་མན་ངག་གིས་སྐད་ཅིག་མ་མཚོན་པར་བྱས་ནུས། རྫོགས་པ་དང་བདུད་རྩི་དེ་བདུད་རྩི་ལེན་གྱིས་བླངས་ལ་བདག་ཉིད་ཚིམ་པར་བྱའོ།། ཉལ་བའི་དུས་ལྡན་ཅིག་སྐྱེས་པའི་རང་བཞིན་དུ་སྣ་ཚོགས་འདིས་མོས་པར ་བྱས་ལ་གཉིད་ལོག་པར་བྱའོ།། བྱིས་བྷ་རྣམས་ཀྱིས་རྟོགས་བྱའི་ཕྱིར།། སྟོན་པ་མགོན་པོ་ཞལ་བརྒྱད་པའི།། བདག་གི་སྒྲུབ་ཐབས་བྱོས་པ་དེས། འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག། དཔལ་དགྱེས་པ་རྡོ་རྗེ་ཕྱུག་བཅུ་དྲུག ་པོའི་སྒྲུབ་ཐབས། པཎྜི་ཏཾ་སྠཱ་ཙརྱ་ཀྲྀཥྞའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། རྒྱུ་གར་སྐད་དུ། ཤྲཱི་ཧེ་བཛྲ་བ་ལཱི་ཀྲ་མ། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་གཽཏེར ་