| Wylie | e-texts produced with BDRC’s OCR application |
དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚ་ལོ།། དེ་ནས་རི་མོའི་དཀྱིལ་འཁོར་གྱི་ལུས་ཀྱི་རིམ་པ་བཤད་པར་བྱའོ།། དང་པོར་བསྙེན་པ་བྱ་སྟེ། རང་གི་ཡ་དམ་ལྷའི་འཛབ་འབུམ་བཟླས།། དཀྱིལ་འཁོར་གྱི་གཙོ་བོའི་འཛབ་འབུམ་བཟླས།། ལྷ་དང ་ལྷ་མོ་གཞན་གྱི་འཛབ་ཁྲི་ཁྲི་བཟླས།། དེ་ཡང་ཚུལ་ཇི་ལྟར་བཟླས་ཤེ་ན། དཀྱིལ་འཁོར་གར་བྱེད་པའི་སར་མཎྜལ་གྲུ་བཞི་པ་ཁྲུ་གང་བ་བྱས་ལ། དེ་ལ་བའི་རྣམ་ལྔ་དང་། ཙནྡན་ལ་སོགས་པའི་དྲི་ཞིམ་པོས་བྱུག། བདུད་རྩི་རྣམ་པ་ལྔས་ཀྱང་གོ ་མ་ཡང་བྱ་ལ། དེ་ནས་དྲིའི་ཐིག་ལེ་དགུ་བྱས་ཏེ་དེའི་སྟེང་དུ་མེ་ཏོག་གཙང་མ་བཞག་སྟེ། དེ་དཀྱིལ་འཁོར་གྱི་ལྷ་ཡིན་པར་བསམས་ལ། དེ་ནས་དེ་ལ་སྤྱན་དྲངས་ལ་བསྟིམས་ལ། དེ་ནས་ཕྱི་ནང་གསང་བའི་མཆོད་པ་དང་། ་བསྟོད་པ་དང་། བདུད་རྩི་མྱང་བ་ཡོན་ཆད་བྱའོ།། དེ་ནས་ཡིད་མ་ལྷོའི་ང་རྒྱལ་བྱས་ལ། ཡི་དམ་ལྷའི་འཛབ་བཟླས། གཙོ་བོའི་ང་རྒྱལ་བྱས་ལ། གཙོ་བོའི་སྔགས་བཟླས། ལྷ་མོ་བརྒྱད་པོ་རང་རང་གི་ང་རྒྱལ་བྱས་ལ། ཨོཾ་ཨཱ་གཽ་རཱི་ཧཱུཾ། བེཏྟཱ་ལི། ་ཙཽ་རཱི། པྲ་མོ་ཧ། པུཀྐ་སཱི། ས་བ་རཱི། ཙཎྜ་ལཱི། ཨོཾ་ཨཱཿཌོམྦི་ནི་ཧཱུཾ། ཞེས་བཟླས་པ་དང་། ཡི་དམ་གྱི་ལྷ་འམ། དཀྱིལ་འཁོར་གྱི་གཙོ་བོའི་འཛབ་མི་དགོས་ཞེས་རྨི་ལམ་ན་ཟེར་ན། འཛབ་མ་རྫོགས་ཀྱང་འཕྲོ་བཅད་ལ། དེའི་འོག་ཏུ ་མཆོད་བསྟོད་བྱས་ལ་ཡི་གེ་བརྒྱ་པས་གཤེགསུ་གསོལ་ལོ།། དཀྱིལ་འཁོར་གྱི་ལས་བྱའོ།། དེ་ནི་དང་པོའི་བསྙེན་པའོ།། ། སུ་གཞི་ཡོངསུ་གཟུང་བར་བྱའོ།། དེ་ལ་ཡང་བརྒྱད་དེ། ས་བཙལ་ཞིང་བརྟག་པ ་དང་། ས་བསླང་བ་དང་། ས་བརྟན་པར་གཟུང་བ་དང་། ས་སྦྱང་བ་དང་། ས་བྱིན་གྱིས་བརླབ་པ་དང་། བགེགས་བསྐྲད་པ་དང་། ཕུར་པ་གདབ་པ་དང་། ཏིངངེ་འཛིན་གསུམ་དང་ལྡན་པའི་སློབ་དཔོན་དབུས་ན་འདུག་པ་ལ། གཽ་རཱི་ལ་སོགས ་པའི་ལྷ་མོ་བཞིས་ཕྱོགས་བཞི་ནས་མཆོད་ཅིང་གསོལ་བ་གདབ་པའོ།། དེ་ལ་བཙལ་ཞིང་བརྟག་པ་ནི།། ས་བཟང་པོ་ཟུག་རྔུ་མེད་པ་ཉེས་པ་མེད་པ། ཤར་དང་བྱང་དུ་གཞོལ་བ། མེ་ཏོག་དང་ཤིང་དང་ཆུ་དང་ལྡན་པར་བྱའོ།། ཡང་ན་ཡིད ་དུ་འོང་བར་བྱའོ།། དེ་ནི་བཙལ་ཞིང་བརྟག་པའོ།། ས་བསླང་བ་ནི་སློབ་དཔོན་དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་དུ་བཞུགས་པས། བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་ཁྲུ་གྲང་བ་ཞིག་བྱས་ལ། དེས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དམིགས་ལ། ཕྱི ་ནང་གི་མཆོད་པ་བྱ་ཞིང་། འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་བྱིན་ལ། པུས་མོ་གཡས་པའི་ལྷ་བས་ལ་བཙུགས་ལ་ཐལ་མོ་སྦྱར་ནས་ས་བསླང་བར་བྱ་སྟེ། གང་ས་འདི་ལ་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་ཤ་ཟ་ལ ་སོགས་པ་རྣམས་ལས་བསླང་བར་བྱ་ཡཱིས།། སླའི་གནས་འདི་རུ་ཡོན་བདག་ཆེ་གེ་མོའི་དོན་དུ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བྱེད་པར་འདོད་ཀྱིས། ཁྱེད་རྣམས་ལ་མི་གནོད་པ་དང་། བཟོད་པ་ཡོད་ན་ས་འདིར་ཉལ་བས་རྨི་ལམ་དུ་མཚན ་སྟོན་ཅིག་ཅེས་བརྗོད་པས། གཙོ་བོའི་ཏིང་འཛིན་དུ་ཞུགས་ལ། བཟླས་པ་བྱེད་ཅིང་སེང་གེའི་ཉལ་ཐབས་ཀྱི་ཉལ་བར་བྱའོ།། རྨི་ལམ་ན་ངེད་རྣམས་ལ་མི་གནོད་ཀྱིས་གྱིས་ཤིག་ཟེར་ན་དེ་ཉིད་དུ་བྱའོ།། ས་བརྟན་པར་བཟུང་བ་ནི། ས་ཁུང་ན ་ཞག་གི་སྔ་དྲོ་དང་པོ་ལ་སྔར་གྱི་མཎྜལ་ལ་ཞལ་བཤལ་ལ། དེ་རུ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དམིགས་ལ། ཕྱི་ནང་གི་མཆོད་པ་བྱ་སྟེ། ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ལ་འདི་སྐད་ཅེས་བརྗོད་དོ།། ས་འདི་ཙམ་ཞིག་ཁུགས་ན ་དགྱེས་པ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་བྱེད་ཀྱིས། ཁྱེད་རྣམས་སེམས་མི་ནུར་ཞིང་བགེགས་མེད་པ་དང་། གྲོགས་ཀྱིས་ཤིག་ཅེས་བསྒོ་བར་བྱའོ།། དེའི་འོག་ཏུ་ཕྱོགས་ཐམས་ཅད་ནས།། རྫོགས་པའི་སངས་རྒྱས་ཇི་སྙེད་བཞུ་ཌ། ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་དག། བདག་དང་ཆེ་གེ་མོ་ཞིག་གི། དོན་དུ་བརྟན་པར་བཞུགས་ནས་ནི།། མངོན་ཤེས་ཅན་གྱི་མཆོད་ཡོན་པ་ཞེས།། ཞེས་ལན་གསུམ་བརྗོད་དེ་གསོལ་བ་གདབ་པར་བྱའོ།། ་ཀྱེ་བཅོམ་ལྡན་འདས་བདག་གི་མཆོད་ཡོན་བཞེས་ནས་ཀྱང་། བྱིན་གྱིས་བརླབས་ཅིང་བརྟན་པར་བཞུགསུ་གསོལ་ཞེས་བརྗོད་དོ།། གལ་ཏེ་དགའ་བའི་ས་གཞི་རྨི་ལམ་དུ་མ་ཁུགས་ན། ཁྲོ་བོའི་ང་རྒྱལ་བྱས་ལྔ་མངོན་སྤྱོད་ཀྱི་སྦྱིན་སྒྲོག་བྱས ་ཏེ་བགེགས་བསྐྲད་པས་སྔ་མ་བཞིན་དུ་བྱའོ།། དེ་ནི་ས་གཞི་བརྟན་པར་གཟུང་བའོ།། ས་སྦྱང་བ་ནི་ཞི་བའི་སྦྱིན་སྲེག་ཚུལ་བཞིན་བྱས་ལ། མེ་ལྷའི་ཐུགས་ཀཱར་སའི་ལྷ་མོ་བསམས་ལ། དེ་ལ་མཆོད་པོ་དང་སྦྱིན་སྲེག་བྱས་ལོ། ཨོཾ་ཨཱཿཧཱུཾ ་མུཿཞེས་བརྗོད་པས་ན་མཁའ་ལ་གཤེགསུ་གསོལ་བར་བྱའོ།། དེའི་འོག་ཏུ་ཇི་ཙམ་འདོད་པའི་གནས་གྲུ་བཞིར་དམིགས་ལོ་ཀླུའི་བདག་པོ་བསམས་ཏེ། བརྐོ་བར་བྱའོ།། ཀླུའི་བདག་པོ་ནི་སྟོན་ཟླ་གསུམ་ལ་གློ་གཡོན་པ་ས་ལ་ཕབ ་སྟེ་མགོ་ཤུར་དུ་བསྟན་ནས་ཁ་ལྷོར་བལྟས་ཏ་ཉ་ལོ།། དགུན་ཟླ་གསུམ་ལ་མགོ་ལྷོར་བསྟན་ཁ་ནུབ་ཏུ་བལྟས་ནས་ཉ་ལོ།། དཔྱིད་ཟླ་གསུམ་ལ་མགོ་ནུབ་ཏུ་བལྟས་ཁ་བྱང་དུ་བལྟས་ནས་ཉལ། དབྱར་ཟླ་གསུམ་ལ་མགོ་བྱང་དུ་བསྟན་ཁ་ཤར ་དུ་བལྟས་ཏེ་ཉལ་ལོ།། ས་བརྐོ་ཐབས་ནི། ཀླུའི་མགོ་བོ་དང་རྒྱབ་དང་འཕོངས་བོར་ནས་བརྐོ་བར་བྱའོ།། མངོན་པར་དགའ་བའི་དངོས་གྲུབ་ཀྱི་དོན་དུ། བྲང་གི་ཕྱོགསུ་ལྐོག་མ་དང་ལྟེ་བ་དང་པུས་མོ་ཙམ་གྱི་བར་དངོས་གྲུབ་འབྲིང་ཐ་མ་གསུམ་འདོད ་པའི་དོན་དུ་གཡས་གཡོན་ན་བཞུགས་པར་བསམ་ཞིང་བརྐོ་བར་བྱའོ།། ས་ཕྱུང་ལ་རྡོ་བ་དུང་གསེག་མ་དང་།། མགལ་དུམ་དང་། སོལ་བ་དང་། རུས་པ་དང་། གྱོ་མོ་དང་། བོང་བ་ལ་སོགས་པ་མེད་པར་བྱས་ནས། ས་གཞན་སྣུམ་པ ་བཟང་པོ་དང་དྲི་ཞིམ་བསྲེས་ཏེ་བླུག་པར་བྱའོ།། དེ་ནས་དྲི་ཞིམ་པོ་དང་ཆུ་བསྲེས་པ་ལ་ཡི་གེ་ཧཱུཾ་ཟླས་ཤིང་བཀའ་ལ་འཐས་པར་བཅག་སྟེ། ལག་མཐིལ་ལྟར་མཉམ་པའི་སྟེང་དུ། གཞལ་ཡས་ཁང་སྒོ་བཞི་དང་རྒྱན་ལ་སོགས་པ་དང ་ལྡན་པར་བསམ་མོ།། དེ་ནས་སྤོས་དང་བདུད་རྩི་ལྔའི་ཚུ་ལ་ལས་ཐམས་ཅད་པའི་སྔགས་བཟླས་ལྔ་གཏོར་བར་བྱའོ།། སྨན་དང་འབྲུ་དང་རིན་པོ་ཆེ་ལ་ལས་ཐམས་ཅད་པའི་སྔགས་བཟླས་ལ་གཞུག་པར་བྱའོ།། ས་གཞི་བྱིན་གྱིས ་བརླབ་པ་ནི།། དཀྱིལ་འཁོར་དབུས་སུ་འདུག་ལ། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་བྱ་སྟེ། ཁཾ་ལས་ས་གཞི་ན་མཁའ་ལྟར་བསྒོམ།། སུཾ་ལས་རི་རབ་སེར་པོ་གྲུ་བཞི་པ་ན་མཁའ་དང་མཉམ་པར་བསྒོམ།། ལཾ་ལས་དབང་ཆེན་གྱི ་དཀྱིལ་འཁོར་གྲུ་བཞིར་མཚན་པ་སེར་པོར་བསྒོམ། ཧཱུཾ་ལས་ས་གཞི་རྡོ་རྗེར་བསྒོམ།། དེ་ནས་མེ་དཱི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བརྗོད་པས་ས་གཞི་འོད་ཅན་དུ་བྱིན་གྱིས་བརླབ་བོ།། དེ་ནི་ས་གཞི་བྱིན་གྱིས་བརླབ་པའོ།། བགེགས་བསྐྲད་པ ་ནི། ཧྲཱི་གསུམ་བརྗིད་ལ་སློབ་དཔོན་ཕྱིར་བྱུང་སྟེ། དབང་ལྡན་གྱི་མཚམ་སུ་འདུག་ལ། བདག་གི་སྙིང་ག་ནས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལས་སྤྲུལ་པོ་བྱུང་བས་ན་མཁའ་ཁྱབ་པར་བསམས་ཏེ། ཕྱོགས་བཅུའི་རྒྱལ་བ ་སྲས་དང་བཅས་པ་ཁྱེད་རྣམས་ཀྱིས། བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཅིང་བསྲུང་བའི་ཕྱིར་བཞུགསུ་གསོལ་ལོ་ཞེས་བརྗོད་ཅིང་། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྡོ་རྗེའི་དབུས་སུ ་བཅུག་ལ་བདག་དང་གཅིག་ཏུ་གྱུར་པར་བསམས་ཏེ། རང་གི་ལུས་དགྱེས་པ་རྡོ་རྗེའི་ང་རྒྱལ་བྱས་ཏེ། ཧཱུཾ་བརྗོད་ཅིང་སེམས་དཔའི་སྒྲོལ་ཀྲུང་བྱེད་པ་ལ་གནས་ནས། མིག་གཡོན་པར་ཊ་ལཱས་ཟླ་བའི་དཀྱིལ་འཁོར་བསམ། གཡས ་པར་མ་ལས་ཉི་མའི་དཀྱིལ་འཁོར་བསམ། འབྲས་བུ་གཉིས་ལས་ཧཱུཾ་ཤིན་ཏུ་གཡོ་བ་བསྐལ་བའི་མེ་ལྟར་འབར་བ་ལས་རྡོ་རྗེའི་མིག་བྱའོ།། དེ་ནས་གཡས་པར་རྡོ་རྗེ་གསོར་ཞིང་། གཡོན་པར་དྲིལ་བུ་དཀྲོལ་ཞིང་དཀུར་བཟུང་ལ། མགོ་དང་མིག་གཡོན ་དུ་ཅུང་ཟད་བཏུད་དེ། རྐང་མཐིལ་གཉིསུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམས་ལ། བྱང་ཤཱར་དུ་གནས་ཏེ་འདི་སྐད་བརྗོད་དོ།། ཉོན་ཅིག་བགེགས་ཚོགས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ལ་གནས་པ་རྣམས།། དཔལ་སོགས་དགྱེས་རྡོར་བདག་གིས་ནི། ་བསྲུང་བའི་འཁོར་ལ་བྱེད་པའོ།། རྡོ་རྗེ་འབར་བའི་གཟུགས་འདི་ཡིས།། གལ་ཏེ་གང་གིས་བདག་ཚིག་འདས།། འདོད་གསུམ་བསྐྱོད་བྱ་གསང་བྱ་སྟེ། ཚལ་བར་འགས་པ་གདོན་མི་ཟ། ཞེས་བརྗོད་ལ་གཡས་བརྐྱང་དང་། གཡོན་བརྐྱང་ལ་སོགས་པའི་སྟང ་སྔབས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་དུ་ཧཱུཾ་བརྗོད་ཅིང་བསྐོར་བར་བྱའོ།། དེ་ནི་བགེགས་བསྐྲང་བའི་རིམ་པའོ།། ཕུར་བ་གདབ་པ་ནི། ལྕགས་ཀྱི་ཕུར་བ་སོར་བརྐྱང་པ་དྲི་དང་བདུད་རྩིའི་ཆུས་གཏོར་ཏེ་མདུན་དུ་བཞག་ལ་སྟོང་པར་བསྒོམ།། སྟེང་པ ་ལས་ཧཱུཾ་ལྗང་ནག་ཅིག་ཏུ་གྱུར་པར་བསམ། དེ་ལས་བདུད་རྩི་འཁྱིལ་པ་ཞལ་གསུམ་ཕྱག་དྲུག་པ་ཅིག་ཏུ་ལྟེ་བ་ཡན་ཆད་བསྒོམ་མོ།། སྨད་ཕུར་པ་ཟུར་གསུམ་འོད་འབར་བ་ཅིག་བསམ་མོ།། དེ་ནས་དབང་ལྡན་ནས་བརྩམས་ཏེ་བསྐོར་ཕྱོགས་སུ། ་ཨོཾ་ཧཾ་བཛྲ་བིགྷྣཱ་ནཱཾ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཀྱིས་ཕུར་བུ་ལ་བཟླས་ཤིང་ཕྱོགས་བཅུར་བཏབ་ལ། འོག་གསེར་གྱི་སི་གཞི་ལ་ཐུག་པའི་བར་དབབ་པར་བསམ་མོ།། དེ་ནི་ཕུར་པ་གདབ་པའོ།། ཏིང་འཛིན་གསུམ་དང་ལྡན་པའི ་རྡོ་རྗེ་སློབ་དཔོན་ལ། གཽ་རཱི་ལ་སོགས་པའི་ཏིང་འཛིན་ཅན་གྱི་ལྷ་མོ་བཞིས་ཕྱོགས་བཞི་ནས་མཆོད་ཅིང་གསོལ་བ་གདབ་པ་ནི།། དཀྱིལ་འཁོར་བྲི་ཕྱིར་ཤར་ཕྱོགས་ནས་གཽ་རཱིའི་རྣལ་འབྱོར་བུས་དབུས་སུ་གཙོ་བོ་མཆོད་པ་རྣམ་པ་ལྔ ་ཕུལ་ནས་འདི་སྐད་བརྗོད་དེ།། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་བསྐུལོ། ལྷོ་ཕྱོགས་ནས་ཙཽ་རཱིའི་རྣལ ་འབྱོར་པས་དབུས་ཀྱི་གཙོ་བོ་ལ་མཆོད་པ་རྣམ་པ་ལྔ་ཕུལ་ནས་འདི་སྐད་ཅེས་བརྗོདདོ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་ཡང་དག་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར ་དམ་པ་བཤད་དུ་གསོལ་ཞེས་བསྐུལ་ཏོ།། ནུབ་ཕྱོགས་ནས་པྲ་མོ་ཧའི་རྣལ་འབྱོར་པས། དབུས་ཀྱི་གཙོ་བོ་ལ་མཆོད་པ་རྣམ་པ་ལྔ་ཕུལ་ནས་འདི་སྐད་བརྗོད་དོ།། ཞི་བའི་མཆོག་ནི་མཆོག་ལས་བྱུང་།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང ་པ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞེས་བསྐུལོ།། བྱང་ཕྱོགས་ནས་བེཏྟཱ་ལཱི་རྣལ་འབྱོར་པས། དབུས་ཀྱི་གཙོ་བོ་ལ་མཆོད་པ་རྣམ་པ་ཕུལ་ནས། འདི་སྐད་བརྗོད་དོ།། ་སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་བསྐུའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་ནས་ལངས། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་ནམ་མཁའ་ཁྱབ་པར་དམིགས་ཏེ། འདི་སྐད་བརྗོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་ཡ་མི་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས། ལངས་ལ་དགྱེས་པ་རྡོ་རྗེའི་ང་རྒྱལ་བསྐྱེད ་ལ་འདི་སྐད་ཅེས་བརྗོད་དོ།། བདག་ཉིད་རང་ཉིད་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའ་བདག་རང་ཉིད།། བདག་ནི་སངས་རྒྱས་རྒྱལ་པོ་ཆེ།། སྟོབས་ཚན་རྡོ་རྗེ་ཅན་བདག་གིས།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་བརྟན ་བདག་སྟེ།། བདག་པོ་རྡོ་རྗེ་ཆེན་པོའི་བདག། བྱིན་གྱིས་བརླབ་ཅིང་བཞུགསུ་གསོལ། ཞེས་བསྐུལོ།། ས་གཞི་ཡོངསུ་བཟུང་བའོ།། ད་ནི་སྟ་གོན་ལ་གནས་པར་བྱ་བ་སྟོན་ཏེ། དེ་ལ་ཡང་གནས་པ་བཞི་སྟེ། སའི་ལྷ་མོ་སྟ་གོན་ལ་གནས ་པར་བྱ་བ་དང་། ལྷ་སྟ་གོན་ལ་གནས་པ་དང་། བུམ་པ་སྟ་གོན་ལ་གནས་པ་དང་། སློབ་མ་སྟ་གོན་ལ་གནས་པའོ།། དེ་ལ་སའི་ལྷ་མོ་སྟ་གོན་ལ་གནས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ། ཐིག་ལེའི་སྟེང་དུ་ཡི་གེ ་ལཾ་སེར་པོ་ཞིག་བསམ། དེ་འོད་དུ་ཞུ་བས་སའི་ལྷ་མོ་སྐུ་མདོག་སེར་པོ།། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།། ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་འཛིན་པ། གཡོན་གསེར་གྱི་བུམ་པ་ཐོགས་པ་ཞིག་བསམ་མོ།། དེ་ནས ་མདུན་གྱི་ན་མཁར་གཤེགས་པའི་སའི་ལྷ་མོ་ཛཿཧཱུཾ་བ~ཾ་ཧོཿབཞིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་། དགྱེས་པར་བྱས་ལ། མཆོད་པ་རྣམ་པ་ལྔ་ཕུལ་ཏེ། ཐལ་མོ་སྦྱར་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས།། སྤྱོད་པའི ་ཚུལ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱེད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ།། དེ་ལྟར་བདུད་ཀྱི་ཚོགས་བཅོམ་ནས།། བདག་གིས་དཀྱིལ་འཁོར་བྲི་བར་བགྱི།། ཞེས ་ལན་གསུམ་དུ་བརྗོད་པས་སའི་ལྷ་མོ་མཉྫུ་ནས། དགའ་བའི་མདངས་ཀྱིས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱིས་ཟེར་ནས་ས་ལ་ཐི་མོ།། དེ་ནི་སའི་ལྷ་མོ་སྟ་གོན་ལ་གནས་པའོ།། ལྷ་དགུ་པོ་སོ་སོའི་བཞུགས་གནསུ་དྲི་དང་བདུད་རྩིའི་ཐིག་ལ ་བྱས་ལྔ་གདན་དགུ་རུ་བསམ།། དེའི་སྟེང་དུ་སོ་སོའི་སྙིང་པོ་བརྗོད་ཅིང་། མེ་ཏོག་རེ་རེ་བཞག་པས་དམ་ཚིག་སེམས་དཔའ་ལྷ་དགུ་རུ་བསམ། དེ་ནས་ཛཿཧཱུཾ་བཾ་ཧེཿལ་སོགས་པའི་ཕྱག་རྒྱ་བཞིས། ཡེ་ཤེས་ཀྱི་ལྷ་དགུག་པ་དང་གཞུག་པ ་དང་བཅིང་བ་དང་དབང་དུ་བྱས་ལ་གཉིསུ་མེད་པར་བསམ་མོ།། དེ་ནས་མཆོད་པ་རྣམ་ལྔ་ཕུལ་ལ་བསྟོད་པ་ཉི་ཤུ་པ་བྱས་ཏེ་འདི་སྐད་དོ།། ཐམས་ཅད་དངོས་པོའི་རང་བཞིན་མཆོག། གདོང་ནས་ཐམས་ཅད་བདག་ཉིད་གནས།། ཐབས ་དང་ཤེས་རབ་གཉིས་བདག་པོ། དགྱེས་པའི་རྡོ་རྗེ་བདག་ཕྱག་འཚལ།། དེ་ནས་འདི་སྐད་བརྗོད་དེ།། བཅོམ་ལྡན་དགྱེས་པའི་རྡོ་རྗེ་ནི།། རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད།། བདག་གིས་རྡོ་རྗེ་དཀྱིལ་འཁོར ་འདིར། མགོན་པོ་བྲི་བར་འདོད་པ་སྟེ།། སློབ་མ་རྣམས་ལ་ཕན་ཕྱིར་དང་།། ཁྱེད་ལ་མཆོད་པའི་དོན་དུ་ཡང་།། དེ་བས་བཅོམ་ལྡན་གུས་བདག་ལ།། བྱིན་བརླབས་སྣང་བ་མཛད་པར་འོས།། དགོངས་ཤིག་བདག་ལ་སངས་རྒྱས་དག། ་འགྲོ་བའི་འཁོར་ལོ་དོན་བྱེད་དང་།། འབྲས་གནས་བྱང་ཆུབ་སེམས་དཔའ་དང་།། གང་ཞིག་གཞན་ཡང་སྔགས་ཀྱི་ལྷ།། ལྷ་རྣམས་འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་བྱང་ཆུབ་སེམས་དཔའ་རྣམས།། སེམས་ཅན་བསྟན་ལ་མངོན ་དགའ་བའི།། གང་ཞིག་རྡོ་རྗེ་མིག་ལྡན་པའི།། ཆོ་གེ་མཾ་བདག་རྡོ་རྗེ་འཛིན།། དགྱེས་རྡོར་དཀྱིལ་འཁོར་དངོས་བྱུང་བ།། ཇི་ལྟར་ཉེར་སྤྱོད་ནུས་པ་ཡིན།། འགྲོ་བདག་དོན་དུ་བྲི་བར་བྱ།། སློབ་མ་དང་བཅས་བདག་ལ་ནི།། བྱིན་རླབས་གནང ་པབ་མཛད་པར་འོས།། ཞེས་ལན་གསུམ་དུ་སྤོས་ཐོགས་ལ་མཛད་།། དེ་ནི་ལྷ་སྟ་གོན་ལ་གནས་པའོ།། བུམ་པ་ལྷ་གོན་ལ་གནས་པ་ནི། བུམ་པའི་དབྱིབས་ནི་ཆུའི་དཀྱིལ་འཁོར་ལྟ་བུར་ཟླུམ་པ། ཞབས་ཕྲ་བ་མཆུ་འཕང་བ་ལྟོ་བ་ཆེ་བ ་དགུ་བྱས་ལ། སྤོས་ཀྱི་ཆུས་དག་པར་བཀྲུས་ལ། མཎྜལ་གྱི་སྟེང་དུ་རས་སམ་དར་དཀར་བཏིང་ལ་མེ་ཏོག་ཆལ་བར་བཀྲམ་ལ་གོང་གི་བུམ་པ་བཞག། དེ་ནས་ཙན་དན་དཀར་པོ་ལ་སོགས་པའི་དྲི་ཞིམ་པོ་ལ་སོགས་པ་དང ་དཀར་རྩི་བསྲེས་ལ་བུམ་པར་བྱ། དེ་ནས་པད་འདབ་བརྒྱད་ར་བཱི།། དེའི་ལྟེ་བ་ལ་རང་རང་གི་ཕྱག་མཚན་རེ་བཱི།། དེ་ནས་རྣམ་རྒྱལ་གྱི་བུམ་པ་དངོས་པོ་མེད་པར་བསམ།། དེ་ལྔས་ཡི་གེ་ཁཾ་དཀར་པོ་ཅིག་ཏུ་གྱུར།། དེ་འོད་ཏུ ་ཞུ་བ་ལས་བུམ་པ་གོང་མ་འདྲ་བ་ཞིག་བྱུང་བར་བསམ།། དེའི་ནང་དུ་ཡི་གེ་ཧྲཱིདྷཱུ་ལས་པདྨ་བདབ་བརྒྱད་པ་ཞིག་བཱས་མ་དེའི་སྟེང་དུ་ཨ་ལས་ཟླ་བ་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཨཾ་ལྔས་ཉི་མའི་དཀྱིལ་འཁོར་ཅིག ་བསམ། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ནག་ཅིག་བསམ།། དེ་འོད་དུ་ཞུ་བ་ལས་རྡོ་རྗེ་མཐིང་ནིག་ཧཱུཾ་གིས་མཚན་པ་ཅིག་བསམ།། དེ་འོད་དུ་ཞུ་བ་ལས་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་སྤྱན་ཉི་ཤུ་རྩ་བཞི ་བ། ཕྱག་རྒྱ་དྲུག་དང་ལྡན་པ། ཕྱག་གཡས་པ་བརྒྱད་ན་བནྡྷའི་ནང་ན་གླང་པོ་རྟ་བོང་ལ་སོགས་པ་བསྣམས་པ། ཕྱག་གཡོན་པ་བརྒྱད་ན་བནྡྷའི་ནང་ན་སའི་ལྷ་མོ་ལ་སོགས་པ་བསྣམས་པ། དབུ་སྐྲ་སེར་པོ་གྱེན་དུ་འགྲེང ་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ་མོ།། ཡང་ན་དཀྱིལ་འཁོར་ཚང་བར་བསམ་མོ།། དེ་ནས་རིས་དྲུག་གི་དཀྱིལ་འཁོར་གྱི་དབུས་སུ་བཞག། དེ་ནས་ཛཿཧཱུཾ་བཾ་ཧོཿལ་སོགས་པ་བཞིས་ཡེ་ཤེས་ཀྱི་ལྷ ་དགུག་པ་དང་གཞུག་པ་དང་བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་བྱས་ལ་དེ་ནས་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་གིས་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ།། མཁའ་སྤྱོད་མ་ལ་སོགས་པ་གསུམ་གྱིས་གནས ་གསུམ་བྱིན་གྱིས་བརླའོ།། རིགས་ཀྱི་བདག་པོ་རྒྱུའི་དགྱེས་པ་རྡོ་རྗེས་དབུ་བརྒྱན་པར་བསམ་མོ།། དེ་ནས་མཆོད་ཡོན་ལ་སོགས་པ་ལྔ་བསང་གཏོར་བྱ།། བསང་གཏོར་ལ་སོགས་པའི་སྔགས་ནི། ཨོཾ་སདྒྷ ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། མེ་ཏོག་ལ་སོགས་པའི་སྔགས་སོ།། ཨོཾ་ཨཱཿསྭཱ་ཧཱ་བནྡྷའི་ནང་དུ་བཞག་པའི་བདུད་རྩི་ལྔ་སྦྱང་བའི་སྔགསོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། དམ་ཚིག་གི་ཆུ་བསང་པོའི་སྔགསོ།། ཨོཾ་ཤྲཱི་ཧཱུཾ་གྷྣཱཾ་ཛཾ་སྭཱ་ཧཱ། ཤེ་ལྔ་སྦྱར་བའི་སྔགསོ།། ་དེ་ནས་མཆོད་པ་རྣམ་པ་ལྔ་པོ་དེ་ཧཱུཾ་ལྔར་བསམས་ལ་ཧཱུཾ་འོད་དུ་ཞུ་བ་ལས། མེ་ཏོག་ལ་སོགས་པ་འོད་དང་ལྡན་པ་བཟང་པོར་གྱུར་པར་བསམ། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ། ཨོཾ་བཛྲ་སྭ་བྷཱ་བ་སྭཱ་ཧཱ་ཞེས་བརྗོད་ལ་རས་དབུལ ་ཛཿཧཱུཾ་བཾ་ཧོཿཁཾ་རྱཾ་ཞེས་བརྗོད་ལ་ཡོན་དབུལ།། ཨོཾ་ནི་རི་ཏི་ཧཱུཾ་ཁཾ་ཞེས་བརྗོད་ལ་ཞལ་བསིལ་དབུལ་མེ་ཏོག་བཟང་པོ་མཆོག་འདི་དག། དྲི་མེད་གཙང་བའི་སྐྱེ་གནས་ནས།། བདག་གི་དད་པས་ཕུལ་བ་ཉིད།། བཞེས་ཏེ་བདག་ལ་བཀའ ་དྲིན་སྒྲིབས།། ཨོཾ་བཛྲ་པུཥྤ་ཨཱཿཧཱུཾ་སྭཱ་ཧཱ།། ནགས་ཚལ་ལས་བྱུང་དྲི་ཡི་མཆོག། དྲི་ཚོགས་བདུག་སྤོས་བླ་མེད་པ།། བདག་གི་དད་པས་ཕུལ་བ་ཉིད།། བཞེས་ཏེ་བདག་ལ་བཀའ་དྲིན་སྐྱོབས།། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ།། གདོན་རྣས ་འཇོམས་ཤིང་བཀྲ་ཤིས་པ།། དགེ་ཤིང་མུན་པ་རྣམས་སེལ་བ།། བདག་གི་དད་པས་ཕུལ་བ་ཉིད།། བཞེས་ཏེ་བདག་ལ་བཀའ་དྲིན་སྐྱེབས།། ཨོཾ་བཛྲ་དཱི་པ་ཨཱཿཧཱུཾ་སྭཱ་ཧཱ། ལྷན་ཅིག་སྐྱེས་ནས་སྦྱར་བའི་དྲི།། ཤངས་ལ་ཚམ་བྱེད་དག་པ ་འདི།། བདག་གི་དད་པས་ཕུལ་བ་ཉིད།། བཞེས་ཏེ་བདག་ལ་བཀའ་དྲིན་སྐྱབས།། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ།། བཤོས་གཙང་ཐམས་ཅད་ཡན་ལག་ལྡན།། བཟའ་དང་བཅའ་བར་ལྡན་བཅས་པ།། ཁ་དོག་དྲི་དང་རོར་ལྡན་པ།། དབུལ་གྱིས ་སོ་སེར་བཞེས་སུ་གསོལ།། ཨོཾ་བཛྲ་ནཻ་བི་ཏྱེ་ཨཱ་ཧཱུཾ་སྭཱ་ཧཱ། དེ་ནས་དྲི་ཆབ་བཟང་པོ་དུང་ཕོར་དུ་བླུགས་ལ་བུམ་པའི་ཁ་རུ་བཞག། ཧཱུཾ་བདུན་བཟླས་པའི་སྲད་བུ་དཀར་པོ་རྣམ་རྒྱལ་གྱི་བུམ་པ་ལ་གདགས། མེ་ཏོག་གི་ཕྲེང་བ་ཙནྡན་དཀར་པོའོ་དྲི ་ཆུཚུར་བཅུག་ལ་རྡོ་རྗེའི་དབུས་སུ་བཅིངས་ལ་དུང་ཕོར་གྱི་ཁ་རུ་བཞག། དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དེ་བུམ་པར་བླུགས་པས། དེའི་སྟོབས་ཀྱིས་དགྱེས་པའི་རྡོ་རྗེ་ཡབ་ཡུམ་འོང་དུ་ཞུ་ནས། དེ་ནས་དྲི་ཆབ་བཟང་པོ ་གང་བར་དྲུགས། དེ་ནས་ཁ་རྒྱན་དང་མགུལ་ཆིངས་ལ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བཟླས་ལ་བཙུ་ཞི་གཞུག་པར་བྱའོ།། འབྲུ་ལྔ་སྨན་ལྔ་བདུད་རྩི་ལྔ་རིན་པོ་ཆེ་ལྔ་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ལ་རས་སུ ་གཏུམས་ལ། ཁ་རྒྱན་ལ་བཏགས་བུམ་པ་ཆུའི་ནང་ན་བཅུག་ལ། སྤོས་ཀྱིས་བདུག་སྡེ་ལ་བཞག། དེ་ནས་བུམ་པ་གཞིན་མ་བརྒྱད་པོ་ལ། རང་རང་གི་སྙིང་པོ་གྷཾ་ཙ་ལ་སོགས་བསྐྱེད་པ་དང་། སོ་སོའི་ཡེ་ཤེས་སེམས་དཔའི ་ལྷ་སྤྱན་དྲང་བ་དང་། དགུག་པ་ལ་སོགས་པ་སྔ་མ་བཞི་ནོ།། དེ་ནས་རིགས་དྲུག་གི་དཀྱིལ་འཁོར་དུ་སྔ་མ་བཞིན་དུ་བཞག། དེ་ནས་ལས་ཐམས་ཅད་པའི་བུམ་པའི་ནང་དུ་ཡི་གེ་ཧཱུཾ་ལས་ཆོ་ག་གསུམ་གྱི་རིམ་པས་བདུད་རྩི་འཁྱིལ་པ ་བསྐྱེད་ལ་སྤྱན་དྲང་བ་ལ་སོགས་པ་གོང་མ་བཞིན་དུ་བྱའོ།། རིགས་དྲུག་གི་དཀྱིལ་འཁོར་གྱི་བྱང་ཤར་མཚམསུ་བཞག་ལ་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱིས་དཀྱིལ་འཁོར་འདི་མ ་རྫོགས་ཀྱི་བར་དུ་བགེགས་མ་རུངས་པ་རྣམས་བསྲུང་དུ་གསོལ་ཞེས་བྱའོ།། དེ་ནི་བུམ་པ་སྟ་གོན་ལ་གནས་པའོ།། དེ་ནས་སློབ་མ་སྟ་གོན་གནས་པ་ནི། ཕྱི་རོལ་ཏུ་སོང་སྟེ་དགྱེས་པ་རྡོ་རྗེའི་ཏིང་འཛིན་དུ་གནས་ལ། དེ་ནས་ལུས་བསྲུང་བ ་པཔ་དང་། ཁྲུས་དག་པ་དང་། གོས་གཙང་མ་བགོས་ལ། མེ་ཏོག་གི་ཕྲེང་བ་རྡོ་རྗེ་སློབ་དཔོན་ལ་གཏོར་ཏེ། སློབ་དཔོན་ལ་ཕྱག་བྱས་ནས་གསོལ་བ་གདབ་པར་བྱའོ།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱེད་ནི་དགོངས ་སུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། བྱང་ཆུབ་སེམས་ཀྱང་བདུག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྦུབས་གསུམ་པ་ནི་བདག་ལ་སྩོ་ལྔ།། ཐར་པ་ཆེནཱི་པོའི་གློང ་མཆོག་དུ།། མགོན་པོ་བདག་ནི་འཇུག་པར་འཚལ། ཞེས་ལན་གསུམ་བརྗོད་ལ། དེ་ནས་སློབ་དཔོན་གྱིས་མཚན་ཉིད་དང་ལྡན་པའི་སློབ་མ་ལ་བོས་ཏེ་འདི་སྐད་བརྗིད་པར་བྱའོ།། ཁྱོད་ན་ཚུལ་ཆེན་སྣང་ཡིན་གྱིས།། བུ་འདིར་ཤོག ་ཅིག་ཐེག་ཆེན་གྱི།། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱོད་ལ་ལེགས་པར་བསྟན་པར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་པ།། ད་ལྟར་བྱུང་བའི་མགོན་པོ་རྣམས།། འགྲོ་ལ་ཕན་ཕྱིར་བཞུགས ་དག། དེ་དག་ཀུན་གྱི་གསང་སྔགས་ཀྱིས།། ཆོ་ག་མཆོག་བཟང་འདི་མཁྱེན་ནས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་མཚན་མེད་བརྙེས།། གསང་སྔགས་སྦྱོར་བ་ཉེས་མེད་དེ།། ཤཱཀྱ་སེང་གེ་སྐྱོབ་པ་ཡིས།། ་བདུད་སྟེ་ཤིན་ཏུ་མི་བཟད་པ།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། དེ་ནས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅེས་བརྗོད་དོ།། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྷོ།། བདག་གི ་སྡིག་པ་ཅི་བགྱིས་པ།། བགྱིད་དུ་སྩལ་དང་ཡི་རང་བ།། སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས།། བསྒོམ ་དང་བཟླས་བརྗོད་བསོད་ནམས་ཚིགས།། དེ་ལ་བདག་ནི་ཡིད་རང་ངོ་།། སེམས་བསྐྱེད་མངོན་པར་སངས་རྒྱས་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་དང་།། དེང་ནས་བདག་ནི་སྐྱབསུ་མཆི།། ་སངས་རྒྱས་འབྱུང་བ་ཇི་ལྟ་བར།། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། བྱང་ཆུབ་སེམས་ནི་བསྐྱོད་པ་ལྟར།། དེ་ཉིད་ཏུ་ནི་སེམས་བསྐྱེད་དོ།། མགོན་པོ་བདག་ལ་དགོངས་སུ་གསོལ།། མ་ལུས་བཞུགས་པའི་སངས ་རྒྱས་རྣམས།། དུས་འདི་ཉིད་ནས་སངས་རྒྱས་པར།། བླ་མེད་བདག་ལ་གཟིགསུ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས་རྣལ་འབྱོར་སྡོམ་པ་ནི།། ཡང ་དག་ཉིད་དུ་གཟུང་བར་བགྱིའོ།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི། ་དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་ཞིང་ནི་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བ།། པདྨའི་རིགས་མཆོག་དག་པ་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བདེ་བགྱི།། ་ལས་ཀྱི་རིགས་མཆོག་ཆེན་པོ་ཡི།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས ་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེ་བཞིན་བརྟན་པར་གཟུང་བར་བགྱི།། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ ་རྣམས།། བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། ཞེས་ཞུས་པ་དང་། སློབ་དཔོན་གྱིས་སློབ་མ་ལ་བསྲུང་བ་བྱ་སྟེ། ཁྲོ་བོའི་སྔགས་ཀྱིས་སོ་ཤིང་ལ་བཟླས་པར་བྱའོ།། སོ་ཤིང་གི་ཆོ་ག་ནི་ཨུ་དུམྦ་ར་འམ། ཨ་ཤྭཏྠའི ་ཤིང་གི་རྩེ་མོ་ལོས་སོར་བཅུ་གཉིས་པའི་ཤིང་གི་ཚང་དུ་བྱ། མི་གཡོ་བ་མ་གས་པ་འབུས་མ་ཟོས་པའི་སོ་ཤིང་གི་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ལ། དྲི་ཞིམ་པོས་བྱུགས་ལ། ཚེམས་ཤིང་སྟོང་པར་བསྒོམ ་དེ་ལས་ཧཱུཾ་མཐིང་ནག་འོད་འབར་བ་གཅིག་ཏུ་གྱུར། དེ་ལས་སོ་ཤིང་འོད་ཅན་ཅིག་བྱུང་བར་བསམ། དེ་ནས་སོང་ཤིང་གི་མེ་ཏོག་གི་ཕྲེང་བ་བགྲང་ཞིང་བཟླས་ལ་བྱིན་གྱིས་བརླབ།། དེ་ནས་བའི་ལྕི་བ་ས་ལ་མུ་ལྟུང་བ་དང་། དྲི་ཞིམ ་བོ་དང་། བདུད་རྩི་རྣམ་པ་ལྔས་མཎྜ་གྲུ་བཞི་ཁྲུ་གླང་བ་ཞིག་ནུབ་ཕྱོགསུ་བྱས་ལ། དེའི་སྟེང་དུ་སློབ་མ་བཞག། རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་རྡོ་རྗེ་ཁུ་ཚུར་གྱིས་དྲི་ཆུ་བླངས་ཏེ། ཨོཾ་བརྗོད་ལ་སྤྱི་བོར་ཐིག་ལེ་བྱ། ཨཱཿ ་བརྗོད་ལ་མགྲིན་པར་ཐིག་ལཾ་བྱ། ཧཱུཾ་བརྗོད་ལ་སྙིང་གར་ཐིག་ལེ་བྱ། ཐོག་ལེ་གདན་དུ་བསམ། ཨོཾ་ཨཱཿཧཱུཾ་གསུམ་མཁའ་སྤྱོད་མ་ལ་སོགས་པར་བསམས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་བྱ་སྟེ། སྤྱི་བོར་མེ་ཏོག ་དབུལ། མདུན་དུ་སྤོས་མེ་དབུལ། མུར་མེ་དང་། དྲི་སྙིང་གར་དབུལ། ལྷ་བཤོས་ལྷག་པར་དབུལ་བར་བྱའོ།། དེ་ནས་ཤོར་ཕྱོགས་སུ་ཁ་ལྟས་ཏེ། མི་སྨྲ་བ་རུ་སོ་ཤིང་བཅའ། བཅའ་བ་ཟིན་ན་སོ་བྲུད་ཅིང་མིགས་པས་ཕན ་ཚུན་མ་དོར་བར་མདུན་དྲང་པོར་རྩ་བའི་དཀྱིལ་དུ་དོར་རོ།། ཡང་ན་ཁྲུ་གང་གྲུ་བཞི་པར་དོ་རོ།། དེ་ཚེ་བདག་ལ་ལྟོ་བྱ་དང་།། རྩེ་མོ་གྱེན་དུ་འགྲེང་འགྱུར་ན།། དེ་ནི་དངོས་གྲུབ་མཆོག་ཅེས་བྱ།། དེ་བཞིན་གཞན་དུ་ཁ་བལྟས་ན། ་དེ་ནི་དངོས་གྲུབ་འབྲིང་དུ་བཤད།། མཚམས་དང་བྱུང་དུ་ཁ་བལྟས་ན།། འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ།། སོ་ཤིང་བོར་བ་བརྒྱ་ཞིག་ལ།། གལ་ཏེ་མཐུར་དུ་ཁ་བལྟས་ན།། དེ་ནི་ངེས་པར་ས་འོག་གི། དངོས་གྲུབ་དེ་ལ་ཐེ་ཚོམ ་མེད།། དེ་ནས་དྲིའི་ཆུ་ཡིས་ལག་པ་བཀྲུས་ཏེ།། འཐོར་འཐུང་གིས་ཁྭ་བ་ཤལ་ལ་དབོ།། དེ་ནས་ཨོཾ་ཧི་བི་ཤུདྡྷ་དྷརྨཱ་པཱ་པ~ཾ་ནིཥྛ་ཨ་སེ་ཤོ་དྷ་སརྦ་བི་ཀལྤ་ན། ཨ་པ་ནཱ་ཡ་ཏྲཱུཾ་ཞེས་བྱ་བ་མངོན་པར་བཟླས་པའི་ཆུ ་ཁྱོར་བ་གསུམ་འཐུང་དུ་གཞུག། དེའི་འོག་ཏུ་སློབ་མ་རྣམས་སེམས་དགའ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱའོ།། དེའི་དགོས་པ་ནི། ངག་གི་ཉེས་པ་དག་པར་བྱ་བ་དང་། དངོས་གྲུབ་རབ་འབྲིང་གི་བལྟས་བལྟ་བའོ།། དེ་ནས་ཀུ་ཤ ་ལ་རྩ་བའི་སྔགས་བཟླས་ལཾ་ཀུ་ཤ་སྟོང་བར་བསྒོམ། དེ་ནས་ཧཱུཾ་དུ་གྱུར། ཧཱུཾ་ལས་ཀུ་ཤ་བྱུང་བར་བསམ། མགོ་བོའི་ཕྱོགསུ་ཞོག་ཅེས་བསྒོ་བར་བྱའོ།། ཡང་ཀུ་ཤ་ཧཱུཾ་ལས་བསྐྱེད་ལ། བདུད་རྩི་འཁྱིལ་བའི་སྔགས་བཟླས ་པ་དེ་སྟེང་དུ་ཡང་གདིང་བར་བྱའོ།། དེའི་དགོས་པ་ནཱི་ཡིད་ཀྱིས་ཉེས་པ་དག་པར་བྱ་བ་དང་། རྨི་ལམ་རྣོ་བར་བྱ་བའི་ཕྱིར་རོ།། དེ་ནས་ཚོན་སྣ་རྣམ་པ་ལྔའི་སྐུད་པ་ལ་དྲི་དང་བདུད་རྩི་ལྔའི་ཆུས་གཏོར་ལ་སྟོང་པར་བསྒོམ། སྟོང་པ་ཝ ་ཧཱུཾ་དུ་གྱུར། ཧཱུ~ཾ་ལས་རྡོ་རྗེའི་སྐུད་པར་བསམ། བདུད་རྩི་འཁྱིལ་པའི་སྔགས་ལན་དྲུག་ཟླས་ཤིང་མདུད་པ་དྲུག་བྱས་པོའི་སྐུད་པ་དཔུང་པ་གཡོན་པར་གདགས།། ཡི་གེ་བརྒྱ་པས་ཀྱང་བརྟན་པར་བྱ། དེ་ནས་བཞིན་བཟངས་རྣམས་ལོངས་ཤིག། ་སེང་གི་ཉིན་པར་ཁྱེད་རྣམས་ཀྱིས།། ཐར་པ་ཆེན་པོའི་རང་བཞིན་གྱི་གྲོང་ཁྱེར་རྣམས་མཐོང་བར་འགྱུར་གྱི། དེ་ནས་སྔ་མ་བཞིན་དུ་སློབ་མ་ལ་མཆོད་པ་རྣམ་པ་ལྔ་བྱས་ནས་ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་གཏོར་མ་བཏང་སྟེ། ནང་དུ་ཞུགས་ནས་ལྷ་སྟེ ་གོན་ལ་གནས་པའི་དཀྱིལ་འཁོར་ལ་མཆོད་དེ། གནས་དེ་ཉིད་དུ་ཀུ་ཤྭའི་སྟན་ལ་སློབ་མ་མཆོག། དཀྱིལ་འཁོར་གྱི་འགྲམ་དུ་སེང་གེའི་ཉལ་ཐབས་ཀྱིས་ཉལ་ལ་རྨི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། མི་སྨྲ་བར་ཡི་དམ་ཀྱི་ལྷ་བསྒོམ ་ཞིང་བཟླས་པ་བྱེད་ཅིང་ཉ་ལོ།། དེ་ནས་ནང་པར་མཚན་མོའི་མཐར་རྨི་ལམ་གང་དང་གང་མཐོང་བ་དྲི་བར་བྱའོ།། དྲི་བ་ཐོས་ནས་རྨི་ལམ་བཟང་ངན་འཛེམ་པ་མེད་པར་བཟླས་པར་བྱའོ།། རྨི་ལམ་བཟང་པོ་མཐོང་ན་སློབ་མ་ལ་རྗེ་སུ་ཡི་རང ་བ་དང་། དངོས་གྲུབ་རབ་འབྲིང་ཐ་མུ་གསུམ་བསྟན་པར་བྱའོ།། དྲན་པ་མཐོང་ན་བའི་རྣམ་པ་ལྔ་འམ་བདུད་རྩི་རྣམ་པ་ལྔ་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་ལ་འཐུང་དུ་གཞུག་ཅིང་བསྲུང་བ་ཡང་བྱ། གྲུབ་ན་དྲག་པོའི་སྦྱིན་སྲེག་བྱ་ཞིང ་རྟོག་པ་བསལ་བར་བྱའོ།། དེ་ནི་སློབ་མ་སྟ་གོན་ལ་གནས་པའི་རིམ་པའོ།། ། ལས་ལ་འཇུག་པ་ལ་ཡང་གཉིས་ཏེ། དཀྱིལ་འཁོར་གྱི་ཆོ་ག་དང་། དབང་བསྐོར་བའི་ཆོ་གའོ།། དཀྱིལ་འཁོར་གྱི ་ཆོ་ག་ལ་ཡང་བཅུ་གསུམ་སྟེ། ཐིག་གདབ་པ་དང་། ཚེན་དགྱེ་བྱ་དང་། ཕྱག་རྒྱ་དགོད་པ་དང་། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཉི་སུ་མེད་པར་བྱ་བ་དང་། དེ་ལ་ཕྱི་ནང ་གསང་བའི་མཆོད་པ་བྱ་བ་དང་། བསྟོད་པ་དང་། བདུད་རྩི་དང་། ཚོགས་དང་། གཏོར་མའི་མཆོད་པ་བྱ་བ་དང་། སྦྱིན་སྲེག་གི་མཆོད་པ་དང་། ཡེ་ཤེས་ཀྱི་ལྷ་མཆོད་ལ་གཤེསསུ་གསོལ་བ་དང་། དཀྱིལ་འཁོར་བསྡུ་བའོ།། དེ་ལ ་ཐིག་གདབ་པའི་རིམ་པ་ནཱི། སྟ་གློན་གྱི་ལྷ་ལ་མཆོད་པ་དང་། བསྟོད་པ་དང་། བདུད་རྩའི་ཆོ་ག་བྱས་ལ། ཨོཾ་ཨཱཿཧཱ་ཛྙཱ་ན་མཎྜ་ལ་མཱ་ནས་སྡོད་ལ་གཤེགསུ་གསོལ་ལོ།། ཧཱུཾ་ཞེས་བརྗོད་པས་ངམ་ཚིག་གི། ་དཀྱིལ་འཁོར་དབང་དུ་བསྡུས་ལ། མདུན་དུ་དྷུ་མཐིང་ནཱག་ཅིག་བསམ། དེ་ལས་འོད་ཕྱོགས་བཅུར་སྤྲོས་པར་བཱསམྦྷ། ཨོཾ་རཏྣ་རཱཀྵ་ཧཱུཾ་ཞེས་བརྗོད་པས། རྡོ་རྗེའི་ར་བཱ་ལ་སོགས་པ་བསམ?། དེ་ནས་ཐིག་གི་བྱ་བར་བྱ་སྟེ། རཱས་ཀྱི་སྲས ་བུ་སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དེ་ཀུན་གསེར་རམ། དངུལ་གྱི་སྣོད་དྲིས་བསྒོས་པའི་ནང་དུ་བཞག་ལ། ཧཱུཾ་སྔོན་པོ། ཨོཾ་དཀར་པོ། ཏྲཾ་སེར་པོ་ཧྲིཿདམར་པོ། ཁཾ་ལྗང་གུ་རིམ་པ ་བཞིན་དུ་བསམ།། དེ་ནས་སློབ་དཔོན་བདག་དབུསུ་གནས་ལ་དགྱེས་པའི་རྡོ་རྗེ་ཏིང་འཛིན་དུ་བསྒོམས་ལ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁྲིར་གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། ཨོཾ་ཏིཔྟེ་དྷིཥྚི ་ཨཾ་ཀུ་ཤ་ཛཿཞེས་བཟླས་པས་ལྕགས་ཀྱུ་འདྲ་བའི་འོད་ཟེར་སྤྲིན་བྱུང་ནས་དགྱེས་པ་རྡོ་རྗེ་ལ་སོགས་པ་རིགས་ལྔ་མདུན་གྱི་ན་མཁའ་ལ་བསྐུལ་ཏེ། དེ་ལ་འདི་སྐད་གསོལ་བ་གདབ་པར་བྱའོ།། ཀྱེ་བཅོམ་ལྡན་འདས་དཀྱིལ་འཁོར ་ཐིག་གདབ་པའི་རྡོ་རྗེ་སྲད་བུ་སྩལ་ཏུ་གསོལ་ཞེས་བརྗོད་དོ།། དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས། དགྱེས་པ་རྡོ་རྗེ་ལ་སོགས་པའི་ཐུགས་ཀ་ནས་ལྕགས་ཀྱུས་བསྐུལ་བའི་ཚུལ་ཏུ་ཡེ་ཤེས་ཀྱི་སྐུད་པ་ལྔ་བྱུང་སྟེ། ་དམ་ཚིག་སྨྱུང་བ་ལ་སོ་སོར་ཐིམ་པར་བསམ་མོ།། དེ་ནས་ཕན་ཚུནྡ་རྡྷེ་སུ་རྫོགས་པ་ཀུནྡ།། ཕན་ཚུན་རྗེསུ་ཆོས་ཐམས་ཅད།། ཡང་དག་དགུག་པའི་ཆོས་ཐམས་ཅད།། ཆོས་ཤེས་དང་པོ་དྲན་ནས་བསྒྲིལ། ཞེས་བརྗོད་ལ་བསྒྲིལ་བར ་བྱའོ།། དེ་ནས་ཙནྡན་བཟང་པོ་ལ་སོགས་པས་སྐུད་པ་གསེར་གྱི་སྣོད་ལ་སོགས་པའི་ནང་དུ་ལེགས་པར་བཞག་ལ། སློབ་དཔོན་དབུས་སུ་འདུག་ལ། མེ་ཏོག་ལ་སོགས་པས་ཐིག་ལ་མཆོད་དེ། རྡོ་རྗེའི་མིག་བྱས་ལ་བདག་ཉིད ་ནུབ་ཕྱོགས་སུ་གནས་ཏེ། དགྱེས་པ་རྡོ་རྗེ་རྣལ་འབྱོར་བྱའོ།། ཨོཾ་ཧེ་ཛཿཞེས་པ་ཅི་ནུས་བརྗོད་ནས། བདག་གི་སྙིང་ག་ནས་གྲོགས་པོ་གཽ་རཱིའི་ཚུལ་དུ་སྤྲུལ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་བྱའོ།། དེ་ནས་མདུན་དུ ་འདུག་པར་བསམས་ལ། སྐུད་པ་ལག་པ་གཡོན་པས་བཟུང་ལ། བདག་ཉིད་ཀྱིས་ཨཾ་ཛཿཛཿཛཿཞེས་བྱ་སུམ་བརྗོད་དོ།། བདག་གི་ལག་པ་གཡས་པས་བླངས་ཏེ། གྲོགས་པོའི་ལོག་པར་གཏང་བར་བྱའོ།། དེ་ནས ་གྲོགས་ཐོས་རྐང་པ་མདུན་དུ་བསྣུར་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཛཿགསུམ་བརྗོད་ནས་བླངས་ཏེ་སློབ་དཔོན་གྱི་མདུན་དུ་འདུག་གོ། དེ་ནས་ཐིག་གི་སྒྲས་སེམས་ཅན་གྱི་དོན་ལྔ་བདེ་གཤེགས་བསྐུལ་བ་དང་། རང ་བཞིན་གྱི་དཀྱིལ་འཁོར་གསལ་བར་བྱ་བའི་ཕྱིར་གནམ་ཐིག་གདབ་པོ།། དེ་ལ་སློབ་དཔོན་ནུབ་ཏུ་འདུག་ལ་ཁ་ཤར་དུ་བལྟས་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཐིག་གདབ་པར་བྱའོ།། དེ་བཞིན་དུ་སློབ ་དཔོན་ལྷོར་འདུག་ལ་བྱང་དུ་ཁ་བལྟས་ཏེ། ཐིག་གདབ་པར་བྱའོ།། དེ་ནས་མཚོན་སྣ་ལྔའི་སྲང་བུ་གཉིས་པ་བླངས་ཏེ། སྔ་མ་བཞིན་དུ་ས་ཐིག་གྲདབ་པར་བྱའོ།། སློབ་དཔོན་དང་སློབ་མ་གཉིས་བསྐོར་བྱེགས ་ནི་གཡས་སུ་བསྐོར་བར་བྱའོ།། ད་ནི་ས་ཐིག་གོ།། དེ་ནས་གཤེར་ཐིག་བླངས་ལ་མཚན་མའི་ཐིག་གདབ་པར་བྱའོ།། དེ་ལ་རིམ་པ་ནི། ཚངས་ཐིག་གཉིས་གདབ་པ་ནི་གནམ་ཐིག་དང་མཐུན་ཏེ། དེ་ནས་མེར་གནས་ལ་བྱང་དུ ་བལྟས་ཏེ་ཤར་དུ་གདབ་པོ།། དེ་ནས་རླུང་དུ་གནས་ལ་ལྷོར་བལྟས་ཏེ་ནུབ་ཏུ་གདབ་བོ།། དེ་ཀར་འདུག་ལ་ཤར་དུ་བལྟས་ཏེ་བྱང་དུ་གདབ་པོ།། ཡང་མར་འདུག་ལ་ནུབ་དུ་བལྟས་ཏེ་ལྷོར་གདབ་པོ།། དེ་ཀར་འདུག་ལ་རླུང་དུ་བལྟས་ཏེ ་མཚམས་དང་པོ་གདབ་པོ།། ཡང་བདེན་བྲལ་དུ་འདུག་ལ་དབང་ལྡན་དུ་བལྟས་ལ་མཚམས་གཉིས་པ་གདབ་པར་བྱའོ།། དེ་ལྟར་བཏབ་པ་ལ་དྲུག་གི་ཆར་ནི་བགོས་པར་བྱ།། དང་པོ་དྲུག་པ་ནང་གཉིས་དོར།། གཉིས་པ ་གསུམ་པ་བཞི་བཞིར་བྱེ།། བཞི་པ་མ་བགོས་པར་ནི་བཞག། ལྔ་པཱ་ཡི་ནི་དབུ་མ་དོར།། རྟ་བབས་མན་ཆད་ཁོལ་མས་བྱ།། རྡོ་རྗེ་ར་དཱ་མེ་རི་གཉིས།། ཚད་དང་མཐུན་པར་བསྐོར་བར་བྱའོ།། དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད ་ཀྱང་སྔ་མ་བཞིན་དུ་མཆོད་ནས།། ཨོཾ་ཨཱཿཧཱུཾ་མུཿཞེས་བརྗོད་པས་གཤེགསུ་གསོལ་བར་བྱའོ།། ཐིག་སྐད་ཆད་ན་བླ་མ་འཆི།། ཞེས་བྱ་བ་ནི་གཞན་དག་ལ་ཤེས་པར་བྱའོ།། དེ་ནི་ཐིག་གདབ་པའོ།། དེ་ལ་ཆེན་དགྱེ་བའི་རིམ་པ་ནི། རིན ་པོ་ཆེ་སྣ་ལྔ་འམ། འབྲས་སཱ་ལུ་བཏགས་པའི་བྱེ་མ་ཁ་དོག་ལྔར་བསྒྱུར་བ་འམ། ཡང་ན་འབྱུང་ཁུངས་རྣམ་པ་ལྔའི་ས་བློན་ལས། ཡེ་ཤེས་ཀྱི་སྐུད་པ་ལ་ཡིག་འབྲུ་ཇི་ལྟར་བཀོད་པ་བཞིན་དུ། ས་ཚོན་ལ་ཡུང་བྱའོ།། ཡེ་ཤེས ་ཀྱི་སྐུད་པ་བཀུག་ནས་བསྟིམས་པ་བཞིན་དུ་ཚེན་ལ་ཡང་དེ་བཞིན་བྱའོ།། དེ་ནས་མཆོད་པ་ལྔ་ཕུལ་ནས། ཨོཾ་བཛྲ་ཙིཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་ཚོན་ལ་ལན་བདུན་བཟླས་ཤིང་། ཚོནི་རྩེ་ལ་འབར་བའི་མིག་གིས་བལྟ་བར ་བྱའོ།། འབར་བའི་མིག་ནི་མྱུར་བར་གཡོ་བའི་མིག་གོ།། དེ་ནས་ཡི་གེ་ཧི་ཟློས་ཤིང་། རྡོ་རྗེ་པདྨའི་ཕྱག་རྒྱས་མཚོན་ནས་བྱའོ།། དེ་ནས་ཚོན་བཟང་པོར་བྱ་བའི་ཕྱིར་བདེན་པོའི་བྱིན་གྱིས་བརླབས་བརྗོད་དོ།། བདེན་པ་གང་གིས་སེམས ་ཙོན་རྣམས་ལ། སངས་རྒྱས་རྣམས་སེམས་ཅན་དུ་དཔག་པས། ཆགས་པར་མཛད་པའི་བདེན་པ་དེས། ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱའོ།། དེ་ནས་འདི་སྐད་བརྗོད་ལ། ཚོན་དགྱེ་བར་བྱ་སྟེ། ཆོས་དབྱིངས་རང ་བཞིན་དག་པ་སྟེ།། སེམས་ཅན་ཁམས་ནི་སྦྱོང་བར་བྱེད།། རྣམ་པར་སྣང་མཛད་རྒྱལ་བའི་བདག་ཅེས་བརྗོད་ལ། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་མཚམས་ནས་གཡོན་བསྐོར་དུ་དྲི་བར་བྱའོ།། དེ་ཡང་ནང་དུ་ནག ་པོའོ།། དེ་ནས་དཀར་པོ་དེ་ནས་སེར་པོ།། དེ་ནས་ལྗང་གུ་མཐོ་གང་ཙམ་དུ་བྲི་བར་བྱའོ།། དེ་ཡང་ཨོཾ་བཛྲ་ཙི་ཏྲ་པྲ་ས་ར་ཧཱུཾ་ཞེས་བརྗེད་ཅིང་བྲིའོ།། དེ་འས་གསེར་གཞོང་ལ་སོགས་པ་བསའ་ལ། མེ་ཏོག་གིས་མཐའ་བསྐོར་ལ་བ ་དེ་ནས་པྲ་བཟང་ན། ཨེ་མའོ་ཞེས་བརྗོད། ནཱ་ན་རྡུལ་ཚོན་ལ་བགེགས་བསྟིམས་ལ་པུར་བུས་གདབ། དེ་ནས་སློབ་མ་མཁས་པས་ཇི་ལྟར་བདེ་བར་བྲི་བར་བྱའོ།། དེ་ཡང་ཤར་དུ་དཀར་པོ།། ་ལྷོ་རུ་སེར་པོ། ནུབ་དུ་དམར་པོ། བྱང་དུ་ལྗང་གུ། དབུས་སུ་ནག་པོའོ།། སྦོམས་ན་ནད་རྣམས་འབྱུང་བར་འགྱུར། ཞེས་བྱ་བ་ལ་སྩོགས་བཱ་ནི་གཞན་དུ་བལྟ་བར་བྱའོ།། དྲྀ་ནི་ཚོན་དགྱེ་པའི་རིམ་པའོ།། དེ་ནས་ཕྱུགཿ ་དགོད་པར་བྱའོ།། ལྷ་ས་མོའི་སྙིང་པོ་བརྗོད་ཅིང་དབུས་ནས་རིམ་བཞིན་དུ་ཕྱག་རྒྱ་དགོད་པར་བྱའོ།། དེར་གཡས་བརྐྱང་ལ་སོགས་སྟེང་སྟབས་བྱའོ།། དེ་ནི་ཕྱག་རྒྱ་དགོད་པར་བྱའོ།། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། སྙིང་པོ ་བརྗོད་ཅིང་ཕྱག་རྒྱ་དགོད་པའི་དུས་སུ་ལྷ་རེ་རེ་ཀྲོངས་ཐོངས་འགྲུབ་པར་བསམ་མོ།། ཡང་ན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས། བདག་གཙོ་བོ་ཡོབ་ཡུམ་དུ་བསྒོམས་ལ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ལ། གཉིསུ་མེད་པར ་སྦྱོར་བ་བྱ་སྟེ། བྱང་ཆུབ་སེམས་དཔའ་ན་མཁའ་ལ་ཕབ་ལ། དེ་ནས་གཾ་ཙ་ལ་སོགས་པ་ལྷ་སོ་སོའི་ཡིག་འབྲུར་གྱུར། དེ་ལས་ལྷ་མོ་བརྒྱད་ཀྱི་སྐུར་གྱུར། དེ་ནས་གྷཾ་ཙཾ་ལ་སོགས་པ་སོ་སོའི་སྙིང་པོ་བརྗེད་ལ་མཁའ་ལས་བཏོན་ཏེ་སོ ་སོའི་གནསུ་དགོད་པར་བྱའོ།། དེ་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཉིསུ་མེད་པར་བྱ་བ་ནི། གཽ་རཱྀ་ཛཿཞེས་བརྗོད་པས། གཽ་རཱི་ལྕགས་ཀྱུ་ཅན་གྱིས་དགུག། ཙཽ་རཱི་ཧཱུཾཿཞེས་བརྗོད་པས། ་ཙཽ་རཱི་ཞགས་པ་ཅན་གྱིས་གཞུག། པྲ་མོ་ཧ་བཱཾ་ཞེས་བརྗོད་པས། པྲ་མོ་ཧ་ལྕགས་སྒྲོགས་ཅན་གྱིས་བཅིངས། བེཏྟཱ་ལཱི་ཧོཿཞེས་བརྗོད་པས། བེཏྟཱ་ལཱི་དྲིལ་བུ་ཅན་གྱིས་དབང་དུ་བྱས་སོ།། དེ་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགསུ ་བྱིན་གྱིས་བརླབ་པ་དང་། སོ་སོའི་རིགས་ཀྱིས་བདག་མོས་དབང་བསྐུར་བར་བྱའོ།། དེ་ནི་གཉིསུ་མེད་པར་བསྟིམ་པའོ།། དེ་ལ་ཕྱི་ནང་གསེང་བའི་མཆོད་པ་བྱ་བ་ནི། དེ་ནས་ཤར་སྒོར་རྨ་བའི་སྟན་བཏིང་ལ་ལས་ཀྱི་ཕྱག་རྒྱ་མ་དང་གཉིསུ ་མེད་པར་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་དུང་ཆོས་བླངས་ལ། གོ་པུར་དང་གུར་གུམ་བསྲེས་ལ་བདུད་རྩིར་བསམས་ལ། ཨོཾ་ཨ་མྲྀ་ཏ་སྭ་བྷཱ་བ་བི་ཤུདྡྷ་ཞེས་བྱ་བ་བརྗོད་ཅིང་སྲིན་མཐེབ་ཀྱི་ཕྱག་རྒྱས་གཏོར་ཞིང་དཀྱིལ་འཁོར་གྱི་ལྷ་ལ ་བསང་གཏོར་བྱའོ།། དེ་ནས་ཕྱིའི་མཆོད་པ་རྣམ་པ་ལྔ་དབུལ་དེ་ནས་ནང་གི་མཆོད་པ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་བདག་གི་བ་སྤུའི་བུ་ག་ནས་སྤྲུལ་ལ་དབུལ། གསང་བའི་མཆོད་པ་བྱང་ཆུབ་སེམས་དང་ཤ་ལྔ་དབུལ། དེ་ནི་ཕྱི་ནང ་གསང་བིའི་མཆོད་པ་ཉི་ཤུ་བས་བསྟོད།། དེ་ནས་བདུད་རྩིའི་མཚད་པ་བྱ་བ་ནི། ཆང་ཕུད་ཀྱི་ནང་དུ་བདུད་རྩི་བླུགས་ཚུལ་བཞིན་དུ་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿགུ་རུ་ཨི་མྲྀ་ཏཾ་མ་ཧཱ་སཏྭཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་། སྲིན་མཐེབ་ཀྱི་ཕྱག་རྒྱས་གཏོར ་ཞིང་། རྡོ་རྗེ་སློབ་དཔོན་ལ་མཆོད་དོ།། ཨོཾ་ཨཱཿཧེ་བཛྲ་ཨི་དཾ་ཨ་མྲྀ་ཏཾ་སཏྭཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་། དགྱེས་པའི་རྡོ་རྗེ་ལ་དབུལ། ཨོཾ་ཨཱཿགཽ་རཱི་ཨི་ཛ་ཨ་མྲྀ་ཏཾ་སཏྭ་ཨཱཿཧཱུཾ་ཞེས་བརྗོད་ཅིང་གཻ་རཱི་ལཾ་དབུལ།། ཨོཾ་ཨཱཿཙཽ་རཱི་ཨི་དཾ་ཨ་མྲྀ་ཏེ་སཏྭཱ་ཡ་ནཱ ་ཞེས་བརྗོད་ཅིང་ཙཽ་རཱི་ལ་དབུལ།། ཨོཾ་ཨཱཿཔྲ་མོ་ཧ་ཨི་དཾ་ཨ་མྲྀ་ཏཾ་སཏྭཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་པྲ་མོ་ཧ་ལ་དབུལ། ཨོཾ་ཨཱཿབེཏྟཱ་ལཱི་ཨི་དཾ་ཨ་མྲྀ་ཏཾ་སདྡྷ་ཡ་ཧཱུཾ་ཞེས་བརྗོད་ཅིང་བེདྡྷ་ལཱི་ལ་དབུལ། ཨོཾ་ཨཱཿཔུཀྐ་སི་ཨི ་ང་ཨ་མྲྀ་ཏཾ་སཏྭཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་པུཀྐ་སེ་ལ་དབུལ། ཨོཾ་ཨཱཿས་བ་རཱི་ཨི་དཾ་ཨ་མྲྀ་ཏཾ་སཏྭ་ཡཾ་ཞེས་བརྗོད་ཅིང་ས་བཱ་རཱི་ལ་དབུལ། ཨོཾ་ཨཱཿཙཎྜ་ལི་ཨི་དཾ་ཨ་མྲྀ་ཏཾ་སཏྭཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཙཎྜ་ལཱི་ལ་དབུལ། ཨོཾ་ཨཱཿཌེམྦི ་ནི་ཨི་དྲྀ་ཨ་མ~ཾ་ཏཾ་སཱཏྨ་ཡ་ཧཱུཾ་ཞེས་བརྗོད་ཅིང་ཌོམྦི་ལ་དབུལ། དེ་ནས་མཁའ་གྲོ་མ་ཉི་ཤུ་ལ་ཡང་དབུལོ།། དེ་ནི་བདུད་རྩིའི་མཆོད་པའོ།། ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཞལ་ཟས་ལ་ལྔས་ཐམས་ཅད་པའི་སྔགས་བཟླས ་ལ། དྲི་དང་བདུད་རྩིའི་ཆུས་གཏོར་ཞིང་བསང་། དེ་ནས་ཚོགས་ཚུལ་བཞིན་དུ་བདུད་རྩིར་བྱིན་གྱིས་བརླབ། དེ་ནས་ཕུང་བཀྲོས་ལ་པདྨའི་ཕྱག་རྒྱས་ཕུང་བླངས་ལ་ཨཾ་ཨཱཿཧེ་བཛྲ་ཨི་དཾ་བ་ལཾ་ཁཱ་ཧི་ཞེས་བརྗོད་ཅིང་གཏོར་ཆེན་གྱི ་ནང་དུ་དབུལོ།། དེ་བཞིན་དུ་ལྷ་ཀུན་ལྷ་དབུའོ།། དེ་ནས་གཏོར་ཆེན་གྱི་སྔགས་རིངས་བཟླས་ལ་དབུལ། དེ་ནས་བསྐྱོད་པ་ཉི་ཤུ་བས་བསྟོད་དོ།། དེ་ནས་དེའི་ལྷག་མ་པདྨའི་ཕྱག་རྒྱས་བླངས་ལ་ལྕུག་མའི་སྔགས་གཅོད་ཅིང ་ལྷག་མའི་གཏོར་མ་དངུའོ།། རྣལ་འབྱོར་པས་ཡི་དམ་གྱི་ལྷ་སོ་སོར་སྒོམས་ལ་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ། རིན་པོ་ཆེའི་ཕྱག་རྒྱུས་བླངས་ལ་སོ་སོར་རོལ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་ཚིལ་པར་བསམ་མོ། ་དེ་ནས་རོལ་པའི་ལྷག་མ་ལ། ཨུཙྪིཥྚའི་སྔགས་བཟླས་ལ། ཡི་དགས་ལྷག་མ་ཟ་བ་རྣམས་ཚིམ་པར་བས་མོ།། མགོ་ཟུག་ནས་མཐོན་གྱི་བར་དུ་ཉིན་ལན་གསུམ་དུ་ཕྱོགས་སྐྱོང་གི་གཏོར་མ་བཏང་།། མཚན་མོ་ལྡན་གསུམ་དུ ་མཁ་འགྲོ་མའི་གཏོར་མ་བཏངོ་།། དེ་ན་ཚིགས་མཆོད་པའོ།། དེ་ནས་སྦྱིན་སྲེག་གི་མཆོད་པ་མཆོད་པ་ནི།། བཟུང་བའི་དུསུ་སྦྱིན་སྲེག་གི་མཆོད་པ་བཞི་པའི་བྱ། མཆོད་པའི་དུས་སུ་རྒྱས་པའི་སྦྱིན་སྲེག་བྱ།། ཐོན་ཀར་སློབ་མའི་བགེགས་ཞི ་བར་བྱ་བའི་ཕྱིར་སློབ་མ་གཡོན་ཕྱོགསསུ་བཞག་ལ་ཞི་བའི་སྦྱིན་སྲེག་བྱའོ།། དེ་ནི་སྦྱིན་སྲེག་གི་མཆོད་པའོ།། དབང་བསྐུར་བའི་ཚིག་ལ་གཉིས་ཏེ། དཀྱིལ་འཁོར་དུ་གཞུག་པ་དང་། དབང་བསྐུར་བའི་ཐབསོ།། དཀྱིལ་འཁོར་དུ་འཇུག་པ་ལ ་གཉིས་ཏེ། སློབ་དཔོན་འཇུག་པ་དང་། སློབ་མ་གཞུག་པའོ།། སློབ་དཔོན་འཇུག་པ་ནི། སློབ་མ་གཞུག་པའི་ཆོ་གས་དཀྱིལ་འཁོར་གྱི་གཙོ་བོ་དང་གཉི་སུ་མྱེད་པར་འཇུག། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ།། འདོད ་ཆགས་ཆེན་པོ་ཀུན་འབྱུང་བས།། འཁོར་ལོ་དེ་ནི་གཟུགས་བརྙན་འདྲ།། སློབ་མའི་དོན་དུ་གྲོང་ཁྱོར་བཅས།། དེ་ཁོ་ན་ཉིད་བདེ་བར་བརྗོད་ཅེས་བྱའོ།། དེ་ནས་སློབ་མ་རྣམས་ཡོལ་བའི་ཕྱི་རོལ་ཏུ་བཞག་སྟེ། སྟ་གོན་ལ་གནས་པའི ་སྐབས་བཞིན་དུ་སྡོམ་པ་བླངས་ཏེ། གོས་དམར་པོ་བགོས། མིག་དང་གདོང་གཡོགས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་ཤིང་།། ཆུས་བསང་གཏོར་བྱས་ལ། དགའ་བོ་ཁྱོད་གང་ཡིན་ཞེས་དྲི་བར་བྱའོ།། སློབ ་མས་དགའ་བ་སྐལ་ཆེན་བདག་ཡིནོ།། ཞེས་ལན་གདབ་པར་བྱའོ།། དེ་ནས་ཤར་ཕྱོགས་ཀྱི་སྒོར་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་བཛྲ་པཱུ་ཛྲེ་པསྠ་ན་ཡ། ཨཱཏྨ་ནརྀ་ནིརྱ་ཏཱ་ཡ་མི་ཏེ་ཧེ་བཛྲ་ཨ་དྷི་ཏིཥྛ་མཱཾ་ཞེས ་བརྗོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ཀཾ་ཙིཏྟ་ཨུཏྤ་དྲཱ་ཡ་མཻ། སུ་ར་ཏེ་ས་མ་ཡསྟྭ~ཾ། མ་ཧཱ་སིདྡྷ་བཛྲ་ཡ་ཐཱ་སུ་ཁི་ཞེས་བརྗོད་།། དེ་ནས་མིག་དགབ། ཌས་ལ་མེ་ཏོག་ཕྲེང་བ ་བཅིངས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཧེ་བཛྲ་ས་པ་རི་བཱ་རཱ། རཀྵ་རཀྵ། སརྦ་པ་ཡེ་བྱ་ཞེས་བརྗོད་པས་སློབ་མ་སྲུང་ངོ་།། དེ་ནས་དེ་ལ་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱེད་ཀྱིས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི། གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་ཞིང་། དད་པ་མེད་པ་རྣམས་ལ་ནི་མ་ཡིན།། དེ་ནས་ཤར་སྒོར་དཀྱིལ་འཁོར་ཁྲུ་གང་བ་ལ་འདབ་བརྒྱད་དུ་མར་པོ་གཅིག་བྱས ་ལ། དབུས་སུ་རྡོ་རྗེ་མཐིང་ནག། ཤར་གྱི་འདབ་མ་ལ་འཁོར་ལོ་དཀར་པོ། ལྷོར་རིན་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ། མེའི་མཚམ་སུ་རིན་པོ་ཆེའི་ཤིང་། སྲིན་པོའི་མཚམ་སུ་སཾ་འབྲུ། རླུང་གི ་མཚམས་སུ་རྒྱལ་མཚན། དབང་ལྡན་གྱི་མཚམས་སུ་ཀ་པཱ་ལ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག། བྱང་དུ་རྡོ་རྗེ་དྲིལ་བུ། དེར་སེང་གེའི་ཁྲི་བཅས་ལ། སློབ་མ ་རྡོ་རྗེ་རྩེ་མོ་ལ་འཇུར་བཅུག་ལ། ཛཿབརྗོད་བཅིང་ཛཿཡིས་བཀུག་སྟེ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་པས་བཅུག་སྟེ་སྟེགས་བུར་བཞུག་ལ། སྡོམ་པ་འཛིན་དུ་གཞུག། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ ་ཞུགས་ཀྱིས་ངས་ཁྱེད་ལྔ་རྡོ་རྗེ་ཡེ་ཤེས་གང་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལཱ་མ ་སྨྲ་ཅིག། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དོ།། དེ་ནས་རྡོ་རྗེ་སྙིང་གར་གཟུང་ལ།། དེ་རིང་རྡོ་རྗེ་སེམས་དཔའ་ཉིད།། ཁྱོད་ཀྱི་སྙིང་ལ་རབ་ཏུ་གནས།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། སྙིང ་འགས་བྱས་ནས་དྲལ་ནས་གཤེགས།། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བརྗོད་དོ།། དེ་ནས་དུད་ཆོས་སམ་ཉ་ཕྱིས་ལ་སོགས་པར་ཆུ་བླུགས་ལ། དེའི་ནང་ན་གུར་གུམ་དང་། ཅན་དན་དང་། སྦྲང་རྩི་དྲང་བསྲེས་པ ་བླུགས། བདུད་རྩི་ལྔ་ཡང་བླུགས་ལ་ཧཱུཾ་གིས་སྦྱང་། ཨཱ~ཾཿས་རྟོགས་པར་བྱ།། ཨོཾ་གྱིས་འབྱར་བྱོས། དེ་ནས་བཛྲོ་ད་ཀྲཱ་མ་ཧཱུ~ཾ་བཛྲ། ཀུ་རུ་བི་ཤཱནྡྷ། ལན་བདུན་བཟླས་ལ། ལག་པ་ག་ཡ་སུ་སྦྱིན་པར་བྱ།། དེ ་ནས་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་ཉམས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ།། འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ།། ཨོཾ་བཛྲ་ཨུ་ད་ཀ་ཐ་ཐ་ཐ། ཞེས་བརྗོད་དོ།། དེ་ནས་དམ་ཚིག ་བརྟན་པར་གྱུར་ནས། སློབ་མ་ལ་འདི་སྐད་ཅེས་བསྒོ་སྟེ། དེ་རིང་ཕན་ཆུང་བུ་ཁྱེད་ཀྱི།། དྲུག་ན་རྡོ་རྗེ་ང་ཡིན་གྱིས།། ངས་འདི་བྱོས་ཤིག་བྱས་པ་གང་ཡིན་པ་ནི་བྱ་དགོས་སོ།། ཁྱོད་ཀྱིས་ངལ་བརྙས ་པར་མ་བྱེད་ཅིག། ཡང་བ་མ་སྤངས་པར་ཁྱེད་དུས་བྱས་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ།། དེ་ནས་སློབ་མས་འདི་སྐད་སྨྲ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ ་སེམས་དཔའ་བདག་ལ་དབབ་དུ་གསོལ་ཞེས་ཞུས་པར་བྱའོ།། དེ་ནས་སློབ་དཔོན་གྱིས་དགྱེས་པ་རྡོ་རྗེར་བསྒོམས་ལ། དབང་སྣོད་སྣང་བ་མཐའ་ཡས་སུ་བསྒོམས་ལ། དེའི་རྐང་མཐིལ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ ་འཁོར་ཟླ་ག་རྒྱལ་མཚན་གྱིས་མཚན་པར་བསྒོམས། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་བསམ། དེའི་སྟེང་དུ་ཛཿཧཱུཾ་ཁ་དོག་དམར་པོ་ཞིག་བསམ། དེ་ནས་སྙིང་གར་ལཾ་སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི ་བ་སེར་པོ་ཞིག་བསམ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ཅིག་བསྒོམ། མགྲིན་པར་པཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཞིག་བསྒོམ། དེའི་སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་ག་སྔོན་པོ་ཞིག་བསམ། དེའི་སྟེང་དུ་ཧ་དཀར་པོ་ཅིག་བསམ། ་དེ་ནས་སྙིང་ག་ནས་འོད་འཕྲོས་པ་ལས་ཕྱོགས་བཅུའི་སྐུ་གསུང་ཐུགས་ཀྱི་ལྷ་སྤྱན་དྲངས་ལ། གནསུ་བསྟིམ་མོ།། དེ་ནས་སྤོས་ལ་ཨོཾ་ཨ་བེ་ཤ། ཏུང་ཏེ་སཾ་ཧེ་བཛྲ་གྷ་མ། མ་ནུ་ཏ་རཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་མེ་ལ་སྤོས་བོར་ཏེ ་སློབ་མ་ལ་བསྐོར་ཏེ་ལག་ཏུ་གཏད་ལ། མེ་ཏོག་གི་ཕྲེང་བ་ཡང་ལག་པ་གཡས་པར་བྱིན་ལ། ཨོཾ་ཨ་བེ་ཤ་ཨ་བེ་ཤ། ཏོ་བ་ཡ། ར་ར་ར། ཙ་ལེ་ཧ་ཙ་ལ་ཡ་ཧཱུཾ་ཨ་ཧ་ཛུ་སྭཱ་ཧཱ་ཞེས་བརྗོད་ལ། རྐང་མཐིལ་གྱི་རླུང་གཡོས་རླུང་གི་མེ་སྔར། མ་ཡིས་ཛ ་ཧཱུཾ་སྦར། ཛཿཧཱུཾ་གི་འོད་ཟེར་རྐང་མཐིལ་ནས་སྙིང་གར་ཞུགས་པས་མི་དགེ་བ་ལ་སོགས་པ་ཤེས། མགྲིན་པར་ཞུགས་པས་སྨྲ། སྤྱི་བོར་ཞུགས་པས་ལུས་མི་བརྟན་ཞིང་འཕར་རོ།། དེ་ནས་ཏིཥྛ་བཛྲ་ཞེས་བརྗོད་ནས་འཕར་བ་གཟུང་བས་བརྟན ་པར་འགྱུར་རོ།། དེ་ནས་ལྕེ་ལ་ཨཱཿདམར་པོ་བསམས་ལ་གསུངས་ཤིག་རྡོ་རྗེ་དགེ་མི་དགེ་ཞེས་བརྗོད་པས་ལེགས་ཉེས་ཀུན་སྨྲ་བར་འགྱུརརོ།། དེ་ནས་མིག་དགང་བའི་རས་ཀྱི་ཕྲེང་བ་ལས་མེ་ཏོག་ཕྱུང་སྟེ། སློབ་མའི་ལག་ཏུ་གཏད་ལ། པྲ་ཏཱིཙྪ ་བཛྲ་ཧོཿཞེས་བརྗོད་ནས་དཀྱིལ་འཁོར་དུ་དོར་རོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བླངས་ནས། སྟོབས་པོ་ཆེ་འདི་ལོང་ཞིག་བྱས་ལ་སློབ་མའི་མགོ་ལ་བཅིང་བར་བྱའོ།། དེ་ནས་ཀྱེ་བུ། དྲི་མེད་ཡིད་འོང་ལྡན་པ་ཡིས།། ཁྱོད་ཀྱི་མིག ་གིས་ཇི་ལྟར་མཐོང་།། དཀར་པོ་དག་ནི་མཐོང་གྱུར་ན།། ཞི་བའི་ལས་རྣམས་འགྲུབ་པར་འགྱུར།། སེར་པོ་དག་ནི་མཐོང་གྱུར་ན།། རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར།། དམར་པོ་དག་ནི་མཐོང་གྱུར་ན།། དབང་གི་ལས་རྣམས ་འགྲུབ་པར་འགྱུར།། ནག་པོ་དག་ནི་མཐོང་གྱུར་ན།། དྲག་པོའི་ལས་རྣམས་འགྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཁྱོད།། དེ་རིང་ནན་ཏན་མིག་ཕྱེའོ།། ཞེས་བརྗོད་ལ། ཨོཾ་ཧ་བཛྲ་སྭ་ཡ་ན་ཏི་ང། ཙཀྲུ་ག་ཏ་ན། ཏཏྤ་ར་ན། ཨུ་ཏ ་ཡ་ཏེ། སརྦ་ཡ་ག་གྲོ། བཛྲ་ཙཀྲུ། ར་བུདྡྷ་རཾ། ཞེས་བརྗོད་ལ་གདོང་གཡོགས་དཀྲོལོ།། དེ་ནས་དཀྱིལ་འཁོར་དབུས་ནས་བྱང་གི་སྒོའི་མཐར་ཐུག་པའི་བར་དུ་ལྟ་ངོ་བསྟན་པར་བྱའོ།། དེ་ནས་སློབ་མས་མེ ་ཏོག་ལ་སོགས་པའི་མཆོད་པ་བྱེད་དུ་བཅུག་ལ། རྡོ་རྗེ་སློབ་དཔོན་ལ་ཕྱག་ལན་གསུམ་བྱེད་དུ་གཞུག། དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱ།། རྡོ་རྗེ་སེམས་དཔའི་དངོས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ།། དེ་ནས་བདག ་བུ་དང་ཆུང་མ་ལ་སོགས་པ་དང་། རྟ་དང་མ་ཧེ་ལ་སོགས་པའི་རྐང་བཞི་པ་དང་། གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་དང་། ཞིང་དང་གྲོང་ལ་སོགས་པ་རྟེན་དང་། དར་དང་མེན་ལ་སོགས་པའི་བགོ་བ་དང་། ཤ་དང་ཁྲག་ལ་སོ ་པའི་བཟའ་བ་དང་། རྒུན་ཆང་དང་འབྲས་ཆང་ལ་སོགས་པའི་བཏུང་བ་དང་། ཅི་ལ་དགྱེས་པ་ལ་སོགས་པ་ཡིད་དང་འཐད་པ་འབུལ་བར་བྱའོ།། དེ་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ།། ། དབང ་བསྐུར་བའི་ཐབས་ལ་ཡང་གཉིས་ཏེ། ཕྱི་དང་ནང་ངོ་།། ཕྱི་ལ་ཡང་བཅུ་གཅིག་སྟེ། གྲངསུ་བགྲང་ངོ་།། དེ་ནས་སློབ་མས་ཞུ་བར་བྱ་སྟེ། ཇི་ལྟར་སྔོན་གྱི་རྒྱལ་བ་ལ།། རྡོ་རྗེ་སེམས་དཔས་དབང་བསྐུར་ལྡན།། ཡོན་ཏན་ལྡན ་པས་བརྩེར་དགོངས་ནས།། རིག་པའི་དབང་རྣམས་བདག་ལོ་སྩོལ། ཞེས་བརྗོད་དོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་བུམ་པ་རྣམས་ནས་ཆུ་བསྡུས་ལ། དུང་ཕོར་ནང་དུ་བླུགས་ཏེ་མི་བསྐྱོད་པ་འབའ་ཞིག་ཏུ ་མོས་པ་བྱས་ཏེ། དེ་ལ་མཆོད་བསྟོད་བྱས་ནས་འོད་དུ་ཞུ་བར་བསམ་མོ།། དེ་ནས་དགྱེས་པ་རྡོ་རྗེའི་གནས་གསུམ་ནས་འོད་ཟེར་ལས་སྤྲུལ་པ་ན་མཁའ་ཁྱབ་པ་བྱུང་བར་བསམས། སྤྲུལ་པའི་ལྷ་མོ་རིན་པོ་ཆེའི་བུམ་པ་ཐོགས་ནས། བྱང་ཆུབ་སེམས ་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང་། བདག་གིས་ཀྱང་དུང་ཕོར་གྱི་ཆུ་བླངས་ལ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཆུའི་དབང་བསྐུརོ།། སྤྱི་གཙུག་ཏུ་མི་བསྐྱོད་པ་བས་མོ།། དེ་ནས་གསེར་ལ་སོགས་པའི ་དབུ་རྒྱན་ལཱུ་ལས་ཐམས་ཅད་པའི་བུམ་པའི་ཆུ་ས་གཏོར་ལ་དབུ་རྒྱན་སྟོང་པར་བསྒོམས། དེ་ལས་ཏྲཾ་སེར་པོར་གྱུར། དེ་ལས་རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པར་གྱུར་ཏེ། དེ་ལས་དབུ་རྒྱན་བྱུང་བར་བསྡམ། ཨོཾ་མ ་ཀུ་ཊ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་པས། དབུ་རྒྱན་གྱི་དབང་བསྐུར་བས། རྣ་ལྟག་གཡས་པར་རིན་ཆེན་འབྱུང་ལྡན་འབྱུང་བར་བསམ། དེ་ནས་རྡོ་རྗེ་ལ་ལེས་ཐམས་ཅད་དེའི་ཆུས་གཏོར་ལ། རྡོ་རྗེ་སྟོང་པར་བསྒོམ། དེ་ལས་ཛཱཾ་དམར་པོར ་གྱུར། དེ་ལས་སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར། དེ་ལས་རྡོ་རྗེ་བྱུང་བར་བསམས་ལ་འདི་སྐད་བརྗོད་དོ།། རྡོ་རྗེ་ཡིས་ཀྱང་དབང་བསྐུར་ཏེ།། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་།། དེ་རིང་ཁྱོད་ལ ་དབང་བསྐུར་བས།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། དངོས་གྲུབ་ཕྱིར་ནི་རྡོ་རྗེ་ཟུང་། ཞེས་བརྗོད་ལ། སློབ་མའི་སྙིང་གར་ལན་གསུམ་གཏུགས་ལ་ལག་པ་གཡོས་པར་བྱིན་ལ། ཨོཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་ཅིང ་དབང་བསྐུར་བས། ལྷག་པར་སྣང་བ་མཐའ་ཡས་འབྱུང་བར་བསམ་མོ།། དེ་ནས་དྲིལ་བུ་ལ་ལས་ཐམས་ཅད་པའི་ཆུས་གཏོར་ལ་སྟོང་པར་བསམ། དེ་ལས་ཁཾ་ལྗང་གུར་གྱུར། དེ་ལས་དོན་ཡོད་གྲུབ ་པ་ཞལ་གསུམ་ཕྱག་དྲུག་པར་གྱུར་པར་བསམས་ལ་འདི་སྐད་བརྗོད་དོ།། གཉིས་མེད་དངོས་པོ་ཤེས་རབ་ཐབས།། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན།། ལག་པ་གཡོན་པར་འདི་ཟུང་ཅིང་།། འཁྱུད་ནས་ཀུན་ནས་སྦྱར ་ནས་ནི། རྡོ་རྗེ་འཛིན་འདྲའི་དངོས་པོར་འདུག། ཅེས་བརྗོད་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སཨཱརྱ། ཨ་བྷི་ཥིཉྩ་མི་ན་ཡ་ཀ། ཞེས་བརྗོད་ཅིང་ལག་པ་གཡོན་པར་དྲིལ་བུ་བྱིན་ནས་དབང་བསྐུར་བས། རྣ་ལྟག་གཡས་པརོ་དོན ་ཡོད་གྲུབ་པ་བྱུང་བར་བསམོ།། དེ་ནས་རྡོ་རྗེ་དང་དྲིལ་བུ་ལ། ལས་ཐམས་ཅད་པའི་ཆུས་གཏོར་ཞིང་སྟོང་བར་བསམ། དེ་ལས་ཡི་གེ་ཧཱུཾ་དཀར་པོར་གྱུར། དེ་ལས་རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པར་གྱུར།། ་དེ་ལས་རྡོ་རྗེ་དྲིལ་བུར་བྱུང་བར་བསམཱ་ལ། སློབ་མའི་མཚོགས་མར་གཟུང་ལ། ཨོཾ་ཤྲཱི་ནཱ་མ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་པས། མེ་ཏོག་གང་ལ་ཕོ་ག་པའི་རིགས་ཀྱི་ལྷའི་མིང་གདགསོ།། མིང་བཏགས་པས་མཚོགས་མར་རྣམ་པར ་སྣང་མཛད་བྱུང་བར་བསམ་མོ།། དེ་ནས་རྡོ་རྗེ་ལ་ལས་ཐམས་ཅད་པའི་ཆུས་གཏོར་ལ་སྟོང་པར་བསམ།། དེ་ལས་ཧཱུཾ་མཐིང་ནག་ཏུ་གྱུར། དེ་ལས་རྡོ་རྗེ་འོད་འབར་བ་ཞིག་ཏུ་གྱུར་པར་བསམས་ཏེ། སློབ་དཔོན་གྱི་ལག་པར ་རྡོ་རྗེ་བླངས་ལ་འདྲི་སྐད་དོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དབུའི་ལག་ན་འདུག། ཁྱོད་ཀྱིས་རྟག་ཏུ་བཅང་བར་བྱ།། ཕྱག་ན་རྡོ་རྗེའི་བཏུལ་ཞུགས་བརྟན། ཞེས་བརྗོད་ལ། རྡོ་རྗེ་རྩེ་མོ་སློབ་མས་གཟུང་། ་སརྦ་ཏ་ཐཱ་ག་ཏ། སྲྀདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏཱཾ་དྷ་རྱཱ་ཡ་མི་སྭཱཧཱ།། ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ལ། རྡོ་རྗེ་ལག་ཏུ་བྱིན་ལ་འདི་སྐད་བརྗོད་དོ།། ཐོག་མ་ཐ་མ་མེད་སེམས་དཔའི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན ་ཏུ་བཟང་པོ་ཀུན་གྱི་བདག། རྡོ་རྗེ་སྙིང་པོ་བདག་པོའི་གཙོ། ཞེས་བརྗོད་ལ་ལག་ཏུ་གཏ་།། དེ་ནས་དྲིལ་བུ་ལ་ལས་ཐམས་ཅད་པའི་ཆུས་གཏོར་ལ་སྟོང་བར་བསམ།། དེ་ལས་ཨཱཿར་གྱུར། ཨཱ་ལས་དྲིལ་བུར ་གྱུར་པར་བསམས་ལ་འདི་སྐད་བརྗོད་དོ།། འདི་ནི་མཆོག་གི་དངོས་པོ་ཡིན།། ཤེས་རབ་སྒྱུ་མར་གྱུར་པའོ།། རྟག་ཏུ་ཁྱོད་ཀྱིས་གཟུང་བར་བྱ།། ཐོག་མི་བྱང་ཆུབ་རྒྱལྔ་བས་གཟུང་།། རྡོ་རྗེ་མཆོག་གི་ཡེ་ཤེས་ནི།། མི ་ཕྱེད་ན་མཁའ་ལྟ་བུའི་གཟུགས། ཞེས་བརྗོད་ལ་སློབ་མའི་ལྷག་པ་གཡོན་པར་སྦྱིན། དེ་ནསྣ་རྡོ་རྗེ་ཐུགས་ཀར་གཟུང་། དྲིལ་བུ་དཀུར་བསྟེནྡ་ལ། རྡོ་རྗེ་སེམས་དཔའི་སྐུ་གསལ་བར་བསྒོམ།། དེ་ནས་འདི་སྐད་བརྗོད།། ་མོ་ལྡོག་འཁོར་ལོའི་དབང་སྤྲུལ་ཅིང་།། དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་གྱི་ནི་ལས་རྣམས་སྩོལ།། བདག་ནི་རྟག་ཏུ་སློབ་དཔོན་བགྱིད།། ཅེས་གསོལ་བ་གདབ་པར་བྱའོ།། དེ་ནས་སློབ་དཔོན་གྱིས་དཀྱིལ ་འཁོར་གྱི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་བཤད་པས། དེའི་དོན་སློབ་མས་རྟོགས་ནས། འཁོར་བ་ལས་མི་ཟློས་པར་བསམ་མོ།། དེ་ནི་ཕྱིར་མི་ལྡོག་པའི་དབང་ངོ་།། དེ་ནས་ལག ་པར་འཁོར་ལོ་བྱིན་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་བརྗོད་དོ།། དེ་བཞིན་དུ་རྡོ་རྗེ་དང་རིན་པོ་དང་། ་པདྨ་དང་རྒྱ་གྲམ་རྣམས་ལག་ཏུ་བྱིན་ཞིང་གོང་མའི་ཚིགས་བཅང་བརྗོད་དོ།། དེ་ནི་བཀའ་སྩ་ལྔ་པིའི་དབང་ངོ་།། དེ་ནས་མདུན་ན་གནས་པའི་སློབ་མ། སྣ་བུག་གཡས་པ་ནས་ནང་དུ་བཅུག་ནས།། ཐིག་ལེའི་འོད་ཟེར་རླུང་གི་འོད ་ཟེར་གྱིས་སྒྲིབ་པ་དག་པར་བསམས་ནས། སྣ་བུག་གཡོན་པ་ནས་ཕྱི་ཕྱུང་ལ་མདུན་དུ་བཞག་ཏེ་ལུང་བསྟན་པར་བྱའོ།། བདག་ཤཱཀྱ་ཐུབ་པར་བསྒོམས་ལ། ཁུ་ཚུར་གཡོན་པ་སྙིང་གར་ཆོས་ངོས་མཐའ་ནས་འཛིན་པའི་ཚུལ་དུ ་བྱས་ལ། གཡས་པ་མཆོད་སྦྱིན་གྱི་ཚུལ་དུ་བྱས་ཏེ། འདི་སྐད་བརྗོད་དེ།། ཁྱོད་ནི་བདག་གིས་ལུང་བསྟན་བྱ།། དེ་བཞིན་གཤེགས་པ་རྡོར་སེམས་ཡིན།། སེམས་ཅན་ཐར་པ་གྲུབ་དོན་དུ།། ངན་འགྲོ་རྣམས་ནི་དྲང་བར་གྱིས།། ཡང ་དག་དེ་བཞིན་གཤེགས་པ་ཁྱོད།། ཁམས་གསུམ་གྱི་ནི་ཐུབ་པ་ཁྱོད།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། འཕགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ།། དགྲ་བཅོམ་པ་ནི་ཡང་དག་པའི།། བྱང་ཆུབ་ཏུ་ནི་ཁྱོད་ལུང་བསྟན།། ་ཕྱག་རྒྱ་ཆེན་པོའི་འབྲས་བུ་རབ།། འདི་གསུངས་པ་ནི་ཁྱོད་ཀྱིས་རྙེད། ཅེས་བརྗོད་དོ།། དེ་ནི་ལུང་བསྟན་པའི་དབང་ངོ་།། དེ་ནས་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ།། ཇི་ལྟར་ཞུགས་པའི་སློབ་མ་རྣམས།། དཀྱིལ་འཁོར་མཐོང་བསྡུ་སྒྲིབ་པ ་འབྱུང་།། དེ་རིང་སངས་རྒྱས་རིགསུ་ནི།། ཁྱེད་རྣམས་སྐྱེ་བར་ཐེ་ཚོམ་མེད།། སྡིག་པ་ཐམས་ཅད་མེད་པ་ནི།། གསང་བའི་དཀྱིལ་འཁོར་ལ་ཞུགས་པས།། བདེ་ཆེན་ཐེག་པ་འདི་ལས་ནི། ཕྱི་ནས་ཤི་འཕོ་ཡོད་མེད་དེ། སྲིད་པ་ཡང ་དག་དངོས་གྲུབ་ཡིན།། སྲིད་དང་མྱ་ངན་འདས་བཻ་རོ།། མི་གནས་མྱ་ངན་འདས་ཁྱོད་ཡིན།། དེ་ནི་དབུགས་འབྱུང་བའི་དབང་ངོ་།། རྡོ་རྗེར་རབ་གནས་རྡོ་རྗེ་ཉིད།། ཚེ་དང་དྲིལ་བུ་ཆེན་པོ་གཟུང་།། དེ་རིང་རྡོ་རྗེ་སློབ་དཔོན་གྱུར།། སློབ ་མ་བསྡུ་བ་ཉིད་དུ་གྱིས། ཞེས་དགྱེས་པ་རྡོ་རྗེའི་རྒྱུད་ལས་འབྱུང་ངོ་།། དེའི་འོག་ཏུ་དམ་ཚིག་སྦྱིན་པར་བྱ་སྟེ།། དངོས་གྲུབ་དམ་ཚིག་སྡོམ་པ་འདྲི།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་།། བྱང་ཆུབ ་སེམས་ནི་བཏང་མི་བྱ།། གནོད་པར་བྱེད་ལ་བྱམས་པ་བསྐྱེད།། རྡོ་རྗེ་སྤྱན་ལ་བསྙེན་བཀུར་བྱ།། དང་བ་ཙུན་ལ་སྨད་མི་བྱ།། སློབ་དཔོན་ལ་ནི་བརྙེས་མི་བྱ།། རླུང་བདག་ཡོངས་སུ་བོར་ནས་ནི།། དཀའ་ཐུབ་སྡུག་བསྔལ ་མི་བྱའོ།། ཇི་ལྟར་བདེ་བ་བདེ་གཟུང་ནས།། རྫོགས་པའི་སངས་རྒྱས་མ་འོངས་འབྱུང་ཞེས་བསྒྲགས།། དེ་ནི་ཕྱིའི་དབང་གི་དམ་ཚིག། དེ་ནས་གོས་དང་བཟའ་བ་སྣ་ཚོགས་དང་། བཏུང་བ་སྣ་ཚོགས་རྣམས།། སློབ་མའི་མདུན ་དྷ་གནག་ལ། གས་དྷ་བཔའ་བསྔལ་ཀ་ལ་སོགས་པར་བྱིན་གྱིས་བརླབས་ནས། བབའ་བ་དང་བསྣང་བ་བདུད་རྩིར་བྱིན་གྱིས་བརླབས་ལ། སྐུཟླུས་ནུས་པདྨ་དད་པའི་བྱུར། ཐམས་ག ་ཀྱི་སྒྲ་བླང་བར་བྱའོ།། དེ་ནི་ཕྱི་དབང་ངོ་།། རླུང་གི་དབང་ལ་ཡང་གསྱམྦྷ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབ་དང་ཟིན་\ུ0f7f།། དུ་སྲུང་རྩ་འི་དཀྱིལ་ཁོར་གྱི་བྱང་བྱམས། གསོང་དུའི་དབང་གི ་འཁོར་འདིམ་གང་གྲུ་བཞི་བཞིག་བྱས་ལ། རཀྵའི་ཆག་ཆུག་དང་། རཀྟའི་ཐིག་ལེ་བྱའོ།། གྲུ་བཞིར་མངའ་བཞི་བཙུགས་ལ་རས་ཀྱི་ཡོལ་བ་བྱའོ།། དེའི་སྟེང་དུ་ཕྱིང་ད། ར་དང་རས་དཀར་པོ་བཏིང་ངོ་།། དེའི་སྟེང་དུ་ཕྱི་ནང ་གི་མེ་ཏོག་དས་མོ།། དེ་ནས་ཞུ་བྱ་བྱས་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་པ་ཇི་ལྟར་བྲལ་བ་བཞིན།། བདག་ཀྱང་རབ་ཏུ་བསྐལ་པོའི་ཕྱིར།། རྣམ་པོའི་རྡོ་རྗེ་བདག་ལ་སྩོལ།། བྱང་ཆུབ་རྡོ་རྗེ་དཔའ་ཆེན་གྱི། ་གསང་བའི་དབང་ནི་བདག་ལ་སྤྲོ་ལོ།། ཡེ་ཤོས་བདུད་རྩི་བདག་ལྔ་སྩོ་ལ།། རྡོ་རྗེའི་འབྱུང་བཾ་བདག་ལ་སྩོལ། ཞེས་བསྐུའོ།། དེ་ནས་ཤེས་རློབ་མ་ལོ་བཅུ་དྲུག་ལན་པ། མཚན་དང་ལྡན་པ། ཙནྡན་དང་། གུར་སྒྱུམ ་དང་། ག་བུར་ལ་སོགས་པའི་ཆུས་བཀྲུས་ལ། དར་ལ་སོགས་པ་དྲི་མ་མེད་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ལ། དཀྱིལ་འཁོར་གྱི་དབུསུ་གཞག་ལ། བདག་མེད་མར་བྱིན་གྱིས་བརླབས་ལ། མིག་ལ་སོགས ་གཏི་མུག་རྡོ་རྗེ་མཱ་ལ་སོགས་པར་བྱིན་གྱིས་བརླའོ།། ལུས་ངག་ཡིད་གསུམ་མཁའ་སྤྱོད་མ་ལ་སོགས་པར་བྱིན་གྱིས་བརླབ། ཡན་ལག་ལྔ་རིགས་ལྔར་བྱིན་གྱིས་བརླབ། མཁའ་གསང་བྱིན་གྱིས་བརླབ། མཁའ་གསང་བྱིན ་གྱིས་བརླབ། རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམས་ལ། དེ་ལ་ཕྱི་ནང་གསོང་བའི་མཆོད་པས་མཆོད། བསྟོད་པས་བསྟོད་ལ། གཉིསུ་མེད་པར་འཁྱུད་པར་བྱའོ།། དེ་ནས་ཨ་ནུར་གཱའི་སྔགས་བརྗོད། བསྐྱོད་ཙམ ་ན་ཧཱུཾ་གི་གླུ་བྲང་། བདེ་བ་བབས་ཙམ་ན་པཱུ་ཛའི་སྔགས་བརྗོད། དེ་ནས་བྱང་ཆུབ་ཀྱི་སེམས་གླང་པོ་ཆེའི་ལག་པས་བྷ་ག་ནས་བྲུས་ལ། དུང་ཆོ་སུ་བླུགས་ལ། སྲིན་མཐབ་ཀྱི་ཕྱག་རྒྱས་བླངས་ལ། སློབ་མའི་ཁར་གདབ་པོ།། ་སློབ་མས་ཨ་ཧོ་སུ་བདེའོ།། ཞེས་བརྗོད་ལ། རྟོག་པ་མེད་པར་བཏུང་ངོ་།། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས།། བྱང་ཆུབ་སྲས་རྣམས་དབང་བསྐུར་བ།། བདག་གི་གསང་པོའི་དབང་གིས་ནི།། སེམས་ཀྱི་རྒྱུན་གྱིས་དབང་བསྐུར ་རོ།། ཞེས་དགྱེས་པ་རྡོ་རྗེའི་རྒྱུད་ལས་བྱུང་ངོ་།། དེ་ནི་གསང་བའི་དབ་ངོ་།། དེ་ནས་དཀྱིལ་འཁོར་གྱི་ལྷོ་ཕྱོགསུ་ཤེས་རབ་ཡེ་ཤེས་ཀྱི་དབང་མཎྜལ་གྲུ་བཞི་པ་བཞིག་ལ་འདོམ་གང་པ་ཅིག་བྱས་ཙནྡན་ལ་སོགས་པ་དང་། དྲི ་ཆེན་གྱིས་བྱུག། དེའི་སྟེང་དུ་ཕྱེང་དཀར་རམ་དར་དཀར་གདིང་། ཕྱི་ནང་གི་མེ་ཏོག་དགྲམ། ཤེས་རབ་མ་བྱིན་གྱིས་བརླབ་པ་དང་། མཆོད་པ་ལ་སོགས་སྔ་མ་དང་མཐུན། དེ་ནས་ཞུ་བ་བྱ་སྟེ། ཡེ་ཤེས་བདེ་བའི་གནས་བཞུགས་པ ་རྒྱལ་འགྱུར་རྒྱལ་འགྱུར་མགོན་པོ་ཁྱོད།། ཨཱ་ལི་ཀཱ་ལི་གཉིས་བདག་ཅན།། ལེགས་དགྱེས་བདེ་མཚོ་རྒྱལ་གྱུར་ཅིག། མཆོག་དང་ཆད་པའི་དབུསུ་ནི།། རོལ་མཛད་ཁྱོད་ནི་རྒྱལ་གྱུར་ཅིག། ་མཆོག་གི་དབང་ཕྱུག་ཁྱོད་ཀྱིས་ནི།། ཤེས་རབ་ཡེ་ཤེས་དབང་བདག་སྩོལ། ཞེས་བསྐུལོ།། དེ་ནས་སློང་དཔོན་གྱིས་ཤེས་རབ་མའི་ལྗགས་པ་གཡས་པ་སློབ་མའི་ལག་པ་གཡོན་པར་བྱིན་ལ་འདི་སྐད་བརྗོད་དོ།། ་འདི་ནི་ཁྱོད་གཟུང་བཟང་བ་ཡིས།། རྗེསུ་མཐུན་པརླ་སངས་རྒྱས་གསུང་།། ཡེ་ཤེས་གསུམ་གྱི་རིམ་པ་ཡིས།། དམ་པ་བདེ་བ་མྱོང་བྱེད་ཅིང་།། སངས་རྒྱས་རིན་ཆེན་སྣོད་ཀྱི་ནི།། གཡོན་ངོས་ནས་ནི་རྩཝ་ཡི་གནས།། དེ་ནི ་ཁ་ག་མུ་ཁ་དངོས།། རྡོར་དབྱིངས་དབང་ཕྱུག་མ་ཉིད་ཡིན།། ཐབས་གཞན་དག་གིས་བྱང་ཆུབ་ནི།། ནམ་ཡང་རྙེད་པར་ཡོང་མི་འགྱུར།། དེ་བས་ལྷན་ཅིག་མི་གནས་པ།། དུས་འདི་ཐམས་ཅད་མ་བྱེད་ཅིག། དེ་ནས་ཤེས ་རབ་མས་འདི་སྐད་བརྗོད་དོ།། དྲི་ཆེན་དྲི་ཆུ་ཟ་བ་འདི།། ཀྱེ་བུ་ཁྱོད་ཀྱིས་ནུས་སམ་ཅི།། རཀྟ་ཤུཀྲ་ཤ་ཆེན་དང་།། བུད་མེད་བརྟུལ་ཞུགས་དེ་བཞི་ནོ།། བྷ་གའི་པདྨ་འཇིབ་ནུས་སམ།། ཀྱེ་བུ་སྨོས་དང་ཇི་ལྟ་བུ།། ཞེས ་བརྗོད་དོ།། སློབ་མས་སྨྲས་པ། ལྷ་མོ་བདག་གིས་ཅི་མ་ནུས།། རཀྟ་ཤུཀྲ་སོགས་ཟ་ནུས།། རྟག་ཏུ་བུད་མེད་བརྟུལ་ཞུགས་བགྱིད།། བྷ་ག་ཡང་ནི་འཇིབ་པར་བྱའོ།། དེ་ནས་ཤེས་རབ་མས་སྨྲས་པ།། བདེ་བ་ཐམས་ཅད་འདུག་ས ་ནི།། བདག་གི་པད་རྒྱས་ཨ་མའོ།། གང་འདིར་རབ་ཏུ་བྱེད་པ་ཡང་།། ཇི་ལྟར་པདྨའི་དོན་གྱིས་ཤིག། ཅེས་བརྗོད་དོ།། དེ་ནས་སློབ་མས་བྷ་ག་ལ་འོ་བྱས་ནས། འཁྱུད་དེ་གཉིས་སུ་མྱེད་པའི་སྦྱོར་བ་བྱས་ནས། བྱང་ཆུབ ་སེམས་ཕབ་ནས། མན་ངག་གིས་གཟུང་སྟེ། ཡེ་ཤེས་ཉམས་སུ་མྱོང་བ་དེ་ནི་ཤྭ་རབ་ཡིས་ཀྱི་དབང་ངོ་།། དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང་། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ།། སྣ་ཚོགས་གཟུགས་ཅན་ཡིད་འོང་མ།། ་ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ།། ཁྱེར་ལ་མཆོད་པ་དག་པར་བྱིན།། ཞེས་འབྱུང་ངོ་།། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། །། དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ། བཞི་པའི་དབང ་གི་མཎྜལ་འདོམ་གང་བ་ཞིག་བྱས་ལ། ཙིནྡན་ལ་སོགས་པ་དང་། བྱང་ཆུབ་སེམས་ཀྱི་ཆག་ཆག་བཏབ་ལ། དེའི་སྟེང་དུ་ཕྱིང་དཀར་ལ་སོགས་པ་དང་། ཤེས་རབ་མ་བཞག་ལ། བྱིན་གྱིས་བརླབ་པ་དང་། རྒྱན་དང ་མཆོད་བསྟོད་ལ་སོགས་པ་གྲོང་མ་དང་མཐུན་པར་བྱའོ།། དེ་ནས་སློབ་མས་འདི་སྐད་ཞུའོ།། རེག་བྱ་ནང་བདག་ཉིད་ཕྱག་འཚལ།། རེག་བྱ་ནང་འཇམ་ཕྱག་འཚལ་ལོ།། རེག་བྱ་ནང་གྲོལ་ཕྱག་འཚལ་ལོ།། རེག་བྱ་ནང ་སྦྱིན་ཕྱག་འཚལ་ལོ།། ཞི་བའི་དབང་བསྐུར་མཆོག་འདི་ནི།། མཆོག་གི་དབང་ཕྱུག་བདག་ལ་སྩོལ།། ཞེས་བརྗོད་དེ།། དེ་ནས་གུ་རུས་འདི་སྐད་བརྗོད་དོ།། ཁྱོད་ཀྱིས་སྲོག་ཆགས་བསད་པར་གྱིས།། ཁྱོད་ཀྱིས་བརྫུན ་དུ་སྨྲ་བར་བྱ།། མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་།། གཞན་གྱི་བུད་མེད་སྤྱད་པར་གྱིས།། དེ་རྣམས་བྱས་ན་སྡིག་མེད་ཅིང་།། བསོད་ནམས་ཆེན་པོ་འབྱུང་བར་འགྱུར།། དེ་རྣམས་ཁྱོད་ཀྱིས་ནུས ་ན་ནི།། བཞི་པའི་དབང་ནི་སྦྱིན་པར་བྱ།། སློབ་མོས་སྨྲས་པ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལོ།། མགོན་པོ་ཆེན་པོ་བདག་གིས་ནུས། ཞེས་བརྗོད་དོ།། དེ་ནས་གཉིས་སུ་མེད་པར་འཁྱུད་ནསསྦྱོར་བོ་བྱས་ནས ་བདེ་བ་ཆེན་པོ་རིག་པའི་ཕོ་བྲང་དུ་ཕབ་ནས། གྱེན་ལ་རྙོག་མེད་མའི་ཁར་བཟློག་ཏེ་གཟུང་ནས། མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ནི་རྟེན་ཅན་གྱི་བཞི་པོའོ།། རྟེན་མེད་པའི་བཞི་པ་ནི།། བླ་མའོ་ཞལ་ལོས་ཤེས ་ཡེ་ཤེས་བངོ་མཆེས་བྷ་།། ཛཾ་ཟླུམ་འི་། ལ་ལྟར་དྲར།། རྡུལ་བྷ་མྦྷ་མཐར་བྱིན་ནི་རྙེད།། དང་ཡང་ནཱ་ད་ཡི་། ཞེས་དཀྱུས་པ་རྗེའི་རྒྱུད་ལས་འབྱུང་། ་དེ་དག་ནི་དདྨ་བསྐུར་བའི་ཐོབ་སོ།། ། བུམ་པའི་ལྷ་གཤེགས་སུ་གསོལ་བ་དང་། དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་པའོ།། དམ་པའི་ལྷ་གཤེགས་སུ་གསོལྔ་པ་ནི། བུམྦཱི་པ་ལ་མཆོད་བསྟོད ་རྒྱས་ལ། ཨོཾ་ཨཱཿཏྲཱཾ་ཛྙཱ་ན་མཎྜ་ལ་མུཿཞེས་བརྗོད་ལ་གཤེགས་སུ་གསོལ།། དཀྱིལ་འཁོར་ལྷ་ཡང་དེ་དང་མཐུན།། དཀྱིལ་འཁོར་བསྡུ་བ་ལ་ཡང་གཉིས་ཏེ། དཀྱིལ་འཁོར་གྱི་ལྷ་བསྡུ་བ་དང་། རྡུལ ་ཚོན་བསྡུ་བའོ།། དཀྱིལ་འཁོར་གྱི་ལྷ་བསྡུ་བ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། དཀྱིལ་འཁོར་གྱི་ལྷ་འོད་ཀྱི་ཚུལ་དུ་བསྡུས་ནས། ཐུགས་ཀའི་ཧཱུཾ་ལས་བདག་དང་གཉིས་སུ་མེད་པར་བྱའོ།། རྡུལ་ཚོན་བསྡུ་བ་ནི་ཨ ་ཀཱ་རོའི་སྔགས་བཟླས་ཤིང་ར་རི་མེད་པར་བྱའོ།། བསྡུས་ལ་ཆུ་ཆེན་པོ་ལ་དོར་རོ།། བགེགས་བསྲུང་བ་ལ་སོགས་པ་ཡོད་ན་སྦྱིན་པར་བྱའོ།། དངོས་གྲུབ་མཾ་ཡལ་བར་བྱ་བའི་ཕྱིར། དྲིའི་ཆུས་དཀྱིལ་འཁོར་དུ་མཎྜལ ་བྱས་ལ། ལྷའི་གྲངས་དང་མཉམ་པའི་མེ་ཏོག་དགོད་དོ།། ། དབང་བསྐུར་བའི་ཆོ་ག་སློབ་དཔོན་ཆེན་པོ་པྲཛྙཱ་ཤྲིས་མཛད་པ་རྫོགས་སོ།། ་