| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་རནྟ་པྲ་ལོ་ཀྱེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཧ་རུ་ཀ་དང་བདག་མེད་བཅས།། དེ ་ཆོས་འཁོར་ལ་ཕྱག་འཚལ་ཏེ། དེ་འདོད་ཕྱིར་ན་དེ་སྒྲུབ་ཐབས།། དེ་དོན་གཉེར་ལ་སྒྲོན་འདི་བྲི།། ཆགས་མེད་བྱང་ཆུབ་སེམས་དང་ལྡན།། དབང་ཐོབ་བློ་ལྡན་ལུང་བླངས་པས།། དུར་ཁྲོད་ལ་སོགས་གནས་བདེ་བར།། རྣལ་འབྱོར་བརྩོན་པས་བསྒྲུབ་པར་བྱའོ།། ་ཐོ་རངས་བྱམས་པས་མལ་ནས་ལངས།། གདོང་ལ་སོགས་པ་དྲི་བཀྲུས་ནས།། རྡོ་རྗེས་མཚན་པའི་སྟན་ལ་འདུག། བདུད་རྩིའི་རི་ལུ་ལྕེ་ལ་བཞག། སྙིང་རྗེས་མ་རྣམས་བཟུང་བྱས་ལ།། ཞལ་བརྒྱད་ལ་རྒྱལ་བདག་བསྒོམས་ཏེ།། རཀྵ་ས་སྦྱངས་ནས་བསྲུང་བ།། མེ ་དྲ་གུར་བརྟན་པར་བསྒོམ།། ཧེ་རུ་ཀ་ཡི་སྙིང་ཀ་རུ།། བཾ་དང་རཾ་ལས་གསལ་བར་ནི།། པདྨ་ཉི་མ་དམར་པོ་བསྒོམ།། དེ་སྟེང་ཧཱུཾ་ནག་འོད་ཟེར་ལྔས།། ཕྱོགས་བཅུར་སྤྲོས་པ་བསྐུལ་དང་སྦྱང་།། བྱས་ནས་ཐམས་ཅད་མཁའ་ལ་བཞུགས།། བླ་མ་སངས་རྒྱས ་རང་དང་ལྷ།། གསལ་བསྒོམས་ལུས་སྤྲུལ་ཕྱག་བྱའོ།། དེ་ཡང་འོག་ནས་སྟོན་པ་ཡི།། བཅོམ་ལྡན་སྐུ་མདོག་ཕྱག་དང་རྒྱན།། ཕྱག་མཚན་བཅས་པ་བཞུགས་པ་ནི།། བདག་མེད་ཡུམ་དང་ལྡན་པའོ།། དེ་མདུན་གཽ་རི་ནིག་མེ་ནི།། བྱང་ཆུབ་སེམས་དཀར་རི ་བོང་ཅན།། གཡས་ན་ཙཽ་རི་དམར་མོ་ཡང་།། བྱང་སེམས་དམར་པོ་ཉི་འོད་འབུལ།། རྒྱབ་ན་སེར་མོ་བིདྡྷ་ལཱི།། ལྷུང་བཟེད་ཆུ་བཟང་བཀང་བ་འབུལ།། གཡོན་ན་ལྗང་ཁུ་གྷསྨ་རཱི།། དྲི་ཟ་ཐོད་པ་བཀང་བ་འབུལ།། བྱང་ཤར་པུཀྐ་སཱི་སྔོན་མོ། ཤ་ལྔས་ཐོད་པ ་བཀང་བ་འབུལ།། མ་ན་མདོག་དཀར་ཤ་པྲ་དཱི།། རོ་ལྡན་བཏུང་བཾ་སྣ་ཚོགས་འབུལ།། ལྷོ་ནུབ་མདོག་དམར་ཙཎྜ་ལི། ཌ་མ་རུ་སྒྲོགས་སྒྲ་རྣམས་འབུལ།། རླུང་ན་ཌོམྦི་སྣ་ཚོགས་གཟུགས།། ཕྱག་རྒྱ་བསྣོལ་ནས་མཆོད་པ་འབུལ།། བུ ་མ་མི་བསྐྱོད་སྤྱི་བོར་བཞུགས།། བསལ་བར་བརྟན་པར་ལེགས་བསྒོམས་ལ།། སྙིང་གཱའི་ས་བོན་སྤྲོ་བསྡུ་ལས།། ཕྱི་ཡི་ལྷ་མོ་མཆོད་པའི་ཚོགས།། ཡོན་ཆབ་མེ་ཏོག་སྤྲོས་ལ་སོགས།། རབ་གནས་ལེའུའི་སྔགས་ཀྱིས་མཆོད།། ས་བོན་སྤྲོས་ལ་གཽ་རཱི ་ཚོགས།། བཤམས་དང་གནས་ནས་བྱོན་པ་དང་།། མདུན་ན་གནས་པའི་རིམ་པ་ཡིས།། བདུད་རྩི་ལྔ་དང་ཤ་ལྔ་འབུལ།། གཙོ་བོའི་ས་བོན་གྱིས་བསྐུལ་ནས།། ཌོམྦི་གསང་བའི་མཆོད་པ་འབུལ།། མཆོད་པའི་ལྷ་མོ་ཐམས་ཅད་ཀྱང་།། སྤྲོས་པ་དེ ་དག་གནས་ནས་བསྡུ།། དེ་ནས་དེ་དག་མདུན་དུ་ཡང་།། པུས་བཙུགས་ཐལ་སྦྱར་འཇིགས་སེམས་ཀྱིས།། ཐོག་མེད་དུས་ནས་དང་དུས་སུ།། འཁོར་བས་འཁོར་བར་བསམས་པའི་སྡིག། བགྱིས་དང་བགྱིད་དུ་སྩལ་བ་དང་།། ཡིད་རང་བཤགས་ཤིང ་སླན་ཆད་བསྡམ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་ཉན་ཐོས་སོ་སོ་ཡི།། སྐྱེ་བོའི་དགེ་ལ་རྗེས་ཡི་རང་།། གསུམ་ལ་སྐྱབས་དང་སེམས་གཉིས་བསྐྱེད།། བསྐུལ་དང་གསོལ་བ་དག་ཀྱང་གང་བ།། ཐམས་ཅད་བྱང་ཆུབ་ཆེན ་པོར་བསྔོ།། དེ་ནས་བྱམས་དང་སྙིང་རྗེ་དང་།། དགའ་དང་བཏང་སྙོམས་ཡུན་རིངས་བསྒོམ།། དེ་ཉིད་གསུམ་དང་མུཿབརྗོད་པས།། མདུན་གྱི་སྤྱན་དྲངས་གནསུ་གཤེགས།། ཆོས་རྣམས་སྟོང་པར་ཤེས་བྱས་ལ།། བློ་གནས་པ་ལ་སྔགས་འདི་བརྗོད།། ་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ&ཧཾ།། བརྗོད་པས་གཟུང་བའི་ཆོས་རྣམས་ཀུན།། རྨི་ལམ་མིག་འཕྲུལ་སྨིག་རྒྱུ་དང་།། ཆུ་ཟླ་མིག་ཡོར་སྒྱུ་མ་ཙམ།། སེམས་སྣང་ཙམ་ལས་ཡོད་མ་ཡིན།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ།། བརྗོད་པས ་སེམས་སྣང་དེ་དག་ཀུན།། རྡུལ་དང་དུ་བ་ཁུག་རྣ་སྤྲིན།། སྐྱོན་བྲལ་སྟོན་ཀའི་ཉི་ཕྱེད་ཀྱི།། ན་མཁའི་དཀྱིལ་ལྟར་སེམས་བཞག་བྱ།། ཆོས་ཉིད་སྤྲོས་དང་བྲལ་བ་ལས།། སྨོན་ལམ་བྱམས་པས་འགྲོ་བ་དྲན།། ན་མཁའི་དཀྱིལ་དུ་རཾ་དང་ཧཱུཾ།། ཉི་མའི་དཀྱིལ ་འཁོར་དུས་མེ་འབར།། དེ་ནས་ཧཱུཾ་ལས་བྱུང་བ་ཡིས།། སྣ་ཚོགས་རྡོ་རྗེའི་ས་གཞི་དང་།། ར་བ་གུར་དང་བླ་རེ་དང་།། རྡོ་རྗེ་ར་བ་འདྲ་བ་འཕྲོ།། དེ་ནས་ཨེ་ལས་ཆོས་ཀྱི་དབྱིངས།། ཆོས་འབྱུང་གྲུ་གསུམ་ན་མཁའ་མཉམ།། བསྒོམས་པའི་ནང་དུ་ཡཾ་རཾ་བཾ།། ལཾ ་བཞི་སྔོན་དམར་དཀར་དང་སེར།། ཡཾ་ཞུ་སྔོན་པོ་གཞུ་ཡི་དབྱིབས།། རླུང་གི་དཀྱིལ་འཁོར་བ་དང་ལྡན།། དེ་སྟེང་རཾ་ལས་གྲུ་གསུམ་དམར།། མེ་ཡི་དཀྱིལ་འཁོར་རཾ་གྱིས་མཚན།། དྲ་སྟང་བཾ་ལས་ཟླུམ་པོ་དཀར།། ཆུ་ཡི་དཀྱིལ་འཁོར་བུམ་པས ་མཚན།། དེ་སྟེང་ལཾ་ལུས་གྲུ་བཞི་སེར།། ས་ཡི་དཀྱིལ་འཁོར་རྡོ་རྗེས་མཚན།། སེམས་ཀྱི་སྣང་བས་དེ་རྣམས་ཞུ།། སྣང་བ་མཆོད་པས་གཞལ་ཡས་གྲུབ།། རིན་པོ་ཆེ་ལས་གྲུབ་པ་ཡི།། ཟུར་བཞི་སྒོ་བཞི་ལོགས་བཞི་པ།། རྟ་བབས་བཞི་དང་ཀ་བ ་བརྒྱད།། མཆོད་པ་སྣ་ཚོགས་རྐྱེན་གྱིས་མཛེས།། ཆོས་ཀྱི་འཁོར་ལོ་རི་དགས་གདུགས།། བ་དིན་དྲིལ་བུ་འཕན་ལ་སོགས།། སངས་རྒྱས་མང་པོའི་སྣ་བས་ཁྱབ།། དྲ་བ་དྲ་ཕྱེད་དྷ་ར་ན།། བུམ་པ་རྡོ་རྗེ་ཕྲེང་བ་དང་།། སྒོ་ཁྱུད་ཟླ་ཕྱེད་རྡོ་རྗེ་མཛེས།། ་དུར་ཁྲོད་བརྒྱད་ན་མཚོ་བརྒྱད་ཀླུ།། ཤིང་བརྒྱད་ཞིང་སྐྱོང་གདན་མགོ་བརྒྱད།། ཕྱོགས་སྐྱོང་ཆུང་མ་བུ་འཁོར་བརྒྱད།། སྟེང་ན་ལྷ་བརྒྱད་ལྷ་ཡི་འཁོར།། མཆོད་རྟེན་བརྒྱད་དང་རྣལ་འབྱོར་ཚོགས།། གྲོགས་བྱེད་རྣལ་འབྱོར་རོ་ལངས ་འདྲེ།། བྱ་དང་གཅན་ཟན་སྣ་ཚོགས་སྦྲུལ།། ཤ་ཟ་གདུག་པ་རོ་ཡི་ཚོགས།། ཤར་སོགས་སྒོ་ཡི་ལོགས་རིམ་པར།། གླུ་མ་གར་མ་ཡོན་ཆབ་མ།། མེ་ཏོག་སྤོས་དང་མར་མེ་མ།། དྲི་ཆུབ་ཞལ་ཟས་སྒྲ་སྣ་ཚོགས།། གཟུགས་སྒྲ་དྲི ་རོ་རེག་བྱ་ཆོས།། རྒྱན་ཕྲེང་མ་རྣམས་སྣ་ཚོགས་མདོག། དེ་ནང་དཀར་སེར་དམར་དང་ལྗང་།། གཞལ་ཡས་དབུས་ནི་མཐིང་ཀ་འབར།། རྡོ་རྗེ་ར་བ་པདྨར་ལྡན།། གེ་སར་བདུད་བཞིའི་ཉི་མས་མནན།། པདྨ་བརྒྱད་ལ་ལྷ་བརྒྱད་ཀྱི། ་སྙིང་གར་ཟླ་བས་མནན་པའོ།། མཛེས་པའི་གཞལ་ཡས་དེ་ནང་གི། དབུས་ཀྱི་བདུད་བཞིའི་ཉི་སྟེང་དུ།། ཧཱུཾ་དང་ཨཾ་ལས་འོག་དང་སྟེང་།། ཨཱ་ལི་ཉིས་འགྱུར་ཟླ་དཀྱིལ་འཁོར།། ཀཱ་ལི་ཉི་འགྱུར་ཉི་དཀྱིལ་འཁོར།། ཐོད་པ་གྲི་གུག་ཕྱག ་མཚན་མ།། ས་བོན་གནས་སྤྲོས་བསྡུས་པས།། ཐམས་ཅད་གཅིག་ཏུ་གྱུར་པ་ལས།། ཞལ་བརྒྱད་ཡུམྦྷ་དང་ཁ་སྦྱར་བ།། འོག་གཞི་གསལ་བར་བསྒོམ་པར་བྱ།། ཆགས་ཅན་བསྐྱབ་ཕྱིར་ཐུགས་རྗེ་ཡིས།། བདག་ཉིད་ཐུགས ་ཀའི་ས་བོན་ལས།། ཕྱོགས་བཅུའི་སངས་རྒྱས་གཙུག་ཏུ་བྱོན།། ཐུགས་ཀའི་ས་བོན་སོ་སོར་གནས། ཨོཾ་པདྨ་སུ་ཁ~ཾ་དྷ་ར་མ་ཧཱ་རཱ་ག་དཏྟ་ཙ་ཏུ་རཱ་ནནྟ་བྷ་གཻ་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥྭ་མོ།། པདྨ་སྔགས་ཀྱིས་བྱིན་གྱིས་བརླབ།། དེ་ནས ་རྡོ་རྗེ་བྱིན་གྱིས་བརླབ།། ཨོཾ་བཛྲ་མ་ཧཱ་དོ་ཤཙྪ་ཏུ་རཱ་ནནྟ་དཱ་ཡ་ཀ་ཁ་ག་མུ་ཁ་ཨོཾ་ཀ་རཱ་སཽ་ནཱ་ཐ་ཧཱུ~ཾ་ཧཱུཾ་ཧཱུ~ཾ་ཀརྱཾ་ཀུ་རུ་ཥཱ་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧོ། དོ་ནི་སྦྱོར་བ་དང་པོ་ཡིན།། དྲི་ནས་རྗེ་སུ་ཆགས་པ་ཡིས།། ཤར་སོགས ་ཚངས་སོགས་སྙིང་ག་རུ།། གཾ་ཙ་བཾ་གཾ་པཾ་ཤཾ་ལཾ་ཌཾ།། དེ་ནས་ཕྱོགས་མཚམས་རྣམས་བབས།། ཤར་དུ་གྷཾ་ཡིག་གསལ་བ་ལས།། ཨཱ་ལི་ཉི་འགྱུར་ལས་ཟླ་བའི།། དཀྱིལ་འཁོར་མ་ལོང་ཡེ་ཤེས་དང་།། སྟེང་དུ་ཀཱ་ལཱི་ཉིས་འགྱུར ་ལས།། ཉི་མའི་དཀྱིལ་མཉམ་པ་ཉིད།། གཾ་གྷུར་གྲི་གུག་ནག་བྱོ་ལ།། ཟླ་བ་ས་བློན་སོ་སོར་རྟོགས།། ས་བོན་སྦྲུལ་སྤྱང་གཅིག་གྱུར་པ།། བྱཱ་བྱཱ་ནན་ཏན་ཡེ་ཤེས་ཡིན།། གཽ་རི་བཞེངས་པའི་སྐུ་དེ་ནི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།། ་སྔོན་དུ་བསྒོམས་པའི་གཙོ་བོ་དང་།། འོག་གི་ལྷ་མོ་བདུན་པོ་ཡང་།། དེ་བཞིན་ཡེ་ཤེས་ལྔ་ཡི་སྐུ།། རྣལ་འབྱོར་བྱ་ཡིས་བརྟན་པར་བསྒོམ།། ཤར་དུ་གྲི་གུག་ལས་བྱུང་བའི།། ཚངས་པའི་སྟེང་ན་གཽ་རཱི་ནག། གཡ་ས་ན་གླི ་གུག་གཡོན་ན་ཉ།། གཟུགས་ཀྱི་ཕུང་པོའི་རང་བཞིན་བསྒོམ།། ལྷོ་རུ་དབང་པོའི་སྟེང་གནས་དམར།། ཌ་མ་རུ་ལས་ཙཽ་རཱི་བཞེངས།། ཌ་མ་རུ་གཡས་ཕག་པ་གཡོན།། ཚོར་བའི་ཕུང་པོའི་རང་བཞིན་བསྒོམ།། ནུབ་ཏུ་བཾ་ལས་པྲདྡྷ་ལི། ་གསེར་མདོག་ཉེ་དབང་གདན་ལ་བཞུགས།། གཡས་ན་རུ་སྦལ་ཐོད་པ་གཡོན།། འདུ་ཤེས་ཕུང་པོའི་རང་བཞིན་བསྒོམ།། བྱང་དུ་གྷཾ་ལས་གྷསྨ་རཱི།། དྲག་པོའི་སྟེང་ན་མར་ཀང་མདོག། སྦྲུལ་གཡས་ཕྱག་གཡོན་ཐོད་པ་འཛིན།། འདུ ་བྱེད་ཕུང་པོའི་རང་བཞིན་བསྒོམ།། བྱང་ཤཱུར་པཾ་ལས་སེངྒེ་ལས།། པུཀྐ་སཱི་སྣོ་གཤིན་དྷེའི་སྟེང་།། གཡས་ན་སེང་གེ་དགྲ་སྟ་གཡོན།། ས་ཡི་ཁམས་ཀྱི་རང་བཞིནོ།། མྱེ་རུ་ཤྱཾ་དང་དགེ་སྦྱོང་ལས། ཤ་བཱ ་དཀར་གནོད་སྦྱིན་གདན།། གཡས་ན་དགེ་སློང་གསིལ་བྱེད་གཡོན།། ཆུ་ཡི་ཁམས་ཀྱི་རང་བཞིན་ནོ།། སྲིན་པོར་ལཾ་དང་འཁོར་ལོ་ལས།། གཏུ་མོ་མཁའ་མདོག་སྲིན་པོ་མནན།། གཡས་ན་འཁོར་ལོ་ཐོང་གཤོལ་གཡོན།། མེ ་ཡི་ཁམས་ཀྱི་རང་བཞིནོ།། རླུང་དུ་ཌཾ་དང་རྡོ་རྗེ་ལས།། ཌོམྦི་ཁ་དོག་སྣ་ཚོགས་ཏེ།། རྡོ་རྗེ་གཡས་ལ་སྡིག་མཛུབ་མཛོད།། རླུང་གི་ཁམས་ཀྱི་རང་བཞིན་བསྒོམ།། ལྷ་མོ་དེ་རྣམས་སྤྱན་གསུམ་མ།། དམར་ཞིང་ཟླུམ་ལ་མཆེ་བ་གཙིགས།། ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས།། རུས་ཐོད་འཁོར་ལོ་སྙན་ཆ་དང་།། མགུལ་རྒྱན་ལ་སོགས་ཕྱག་རྒྱ་ལྔ།། མི་མགོ་སྐམ་པོ་བཅོ་ལྔའི་ཕྲེང་།། གཅེར་བུ་གཡོན་བརྐྱང་གར་ཐབས་བཞུགས།། གཙོ་ལ་འདུད་པའི་སྟངས་དང་ལྡན།། བར་དོར ་གནས་པའི་ལུས་ངག་ཡོད།། ཨོཾ་དང་ཨཱཿཧཱུཾ་དཀར་དམར་ནག། ཧོཿགཉིས་ཐབས་དང་ཤེས་རབ་བརྟེན།། འཁོར་ལོ་སྒྱུ་མ་ལྟར་མཐོང་ནས།། གཙོ་བོའི་སྤྱིར་ཞུགས་གཙོ་ཉིད་ཞུ།། ཡུམ་ཡང་ཞུ་ནས་ཧཱུཾ་ཨཾ་གཉིས།། ས་བོན་དཀྱིལ་འཁོར ་དབུས་གནས་པ།། རྟོག་མེད་བདེ་བ་ཆེན་པོར་བཞུགས།། བདག་པོ་སྟོར་བས་ལྷ་མོ་རྣམས།། ཤིན་ཏུ་འདོད་པའི་སེམས་གདུངས་པས།། པུཀྐ་སཱི་ཚོགས་ལྷ་མོ་བཞིས།། རྡོ་རྗེའི་གླུ་ནི་ལེན་པར་བྱེད།། རྗེ་བཙུན་ཐུགས་རྗེའི་ཡིད་བཞེངས་ཤིག། པུཀྐ་སཱི ་ནི་བདག་ལ་སྐྱོབས།། སྟོང་པའི་རང་བཞིན་ཉིད་སྤོངས་ལ།། བདག་ལ་བདེ་ཆེན་སྦྱོར་བ་མཛོད།། ཁྱོད་མི་བཞུགས་ན་བདག་འགུམ་པས།། ཐུགས་རྗེ་རྒྱུན་ཆད་མ་མཛད་བཞེངས།། སྟོང་ཉིད་བཅོམ་ལྡན་ཅི་ལ་བཞུགས།། ཤ་བ་རཱི་འབྲས་གྲུབ་པར་མཛོད།། ་དགའ་གཙོ་འཇིག་རྟེན་མགྲོན་བོས་ནས།། སྟོང་པ་ཉིད་ལ་བཞུགས་སམ་ཅི།། གཏུ་མོ་བདག་ནི་གསོལ་འདིས་ན།། བཅོམ་ལྡན་ཀྱེ་ཡི་ཐུགས་རྩཝ་བཞེངས།། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས།། མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག། ་ཌོམྦི་བདག་ནི་དྲན་ཉམས་པས།། བཅོམ་ལྡན་དགྱེས་པའི་རྡོ་རྗེ་བཞེངས།། རྡོ་རྗེའི་གླུ་ནི་སྒྲ་སྙན་གྱིས།། རྨི་ལམ་ལྟ་བུར་གཙོ་བོ་བཞེངས།། མངོན་བྱང་ལྔ་ཡི་ཡེ་ཤེས་ལས།། བཅོམ་ལྡན་དགྱེས་པའི་རྡོ་རྗེ་ཉིད།། དཀྱིལ་འཁོར་དབུས་ནཱ་ག ་དགུར་བཞུགས།། ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག། སྟེང་ཞལ་ཅུང་མདོག་མཆེ་བ་གཙིགས།། ཁམ་སེར་སྐྲ་མཛེས་འཁོར་ལྷོ་རུས།། སྣ་ཚོགས་རྡོ་རྗེས་དབུས་སྐྲ་བརྒྱན།། དང་པོ་སྐུ་དང་མཐུན་པའི་ཞལ།། གཡས་དཀར་གཡས་གཉིས་སྐུ ་དང་མཐུན།། གཡོན་དམར་གཡོན་གཉིས་ཇི་བཞིན་སྐྲ།། དབུ་སྐྲ་གྱེན་འབར་ཐོད་ལྔའི་ཐོད།། སྤྱན་གསུམ་དམར་ཟླུམ་མཆེ་བ་གཙིགས།། སྙན་ཆ་མགུལ་རྒྱན་དཔུང་པའི་རྒྱན།། ཕྱག་ཞབས་གདུ་བུ་འོག་པག་བརྒྱན།། སྟག་གི་ཤམ ་ཐབས་སྟེང་ན་བཅིངས།། ཐོད་རློན་ཕྲེང་བ་ཐལ་བས་བྱུགས།། ཚངས་པ་བརྒྱ་བྱིན་ཉེ་དབང་དྲག། སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས།། ཕྱག་གཡས་དང་པོ་གླང་པོ་ཆེ།། ཐོད་པར་གནས་པས་ཡུམ་ལས་འཁྱུད།། དེ་བཞིན་རྟ་བོང ་གླང་རྔ་མོ།། མི་དང་སེང་གེ་བྱི་ལ་བསྣམས།། ཕྱག་གཡས་ཐོད་པའི་རིམ་པར་འཛིན།། ཕྱག་གཡོན་དང་པོ་ཐོང་པའི་ནང་།། ས་ཡི་ལྷ་མོ་བཅས་པ་འཁྱུང་།། སྟེང་འོག་རིམ་པར་ཐོད་པར་གནས།། ཆུ་དང་མ་དང་རླུང ་ཉི་མ།། ཟླ་བ་གཤིན་རྗེ་ནེར་སྦྱིན་ནོ།། དེ་ཡུམ་ཞལ་གཅིག་ཕྱག་གཉིས་པ།། མདོག་ནག་གྲི་གུག་ཐོད་པ་འཁྱུད།། ཕྱག་རྒྱ་ལྔས་བརྒྱན་ཐོད་སྐམ་ཕྲེང་།། སྐྲ་སེར་གྱེན་འབར་སྤྱན་གསུམ་དམར།། བདག་པོ་རོ་མྱང་གཡོན་བརྐྱང་ཞབས།། ་བདུད་བཞིའི་སྟེང་ན་མཉམ་པར་བཞུགས།། དེ་ནས་བྱདགུ་དང་འཁོར་དེ་དག། གསལ་བར་ལེགས་པར་བརྟན་པར་བསྒོམ།། དེ་བསལ་དཀྱིལ་འཁོར་རྒྱལ་པོ་མཆོག། ཏིང་འཛིན་གསུམ་དུ་བསྟན་པ་ཡིན།། དེ་དག་གསལ་ནི་རང་རང་གི། ་སྙིང་གར་གདན་ལ་ཕྱག་མཚན་བསྒོམ།། དེ་ཡི་ས་བོན་ཕྱོགས་བཅུར་སྤྲོ།། བསྐུལ་སྦྱངས་ས་བོན་སོ་སོར་ཐིམ།། ཧཱུཾ་གི་ཡེ་ཤེས་འཁོར་ལོ་བཀུག། ཤར་གྱི་ན་མཁར་བཞུགས་ལ་མཆོད།། ཛིཿཧཱུཾ་བཾ་ཧོཿལྷ་མོ་བཞིས།། དགུག་གཞུག་གཉིས ་མེད་དགྱེས་པར་བྱ།། དེ་ནས་སྐྱེ་མཚང་བྱིན་གྱིས་བརླབ།། གཙོ་བོ་འཁོར་ལོ་ཐམས་ཅད་ཀྱི།། མིག་ལ་གཏི་མུག་རྡོ་རྗེ་དཀར།། རྣ་བར་ཞེ་སྡང་རྡོ་རྗེ་ནག། སྣ་ལ་སེར་སྣ་རྡོ་རྗེ་སེར།། ལྕེ་ལ་འདོད་ཆགས་རྡོ་རྗེ་དམར།། ལུས་ལ་ཕྲག་དོག་རྡོ་རྗེ་ལྗང་།། ་ཡིད་ལ་བདག་མེད་རྣལ་འབྱོར་གནག། དེ་དག་ཚངས་སོགས་པད་ཟླའི་སྟེང་།། གྲི་གུག་ཐོད་པ་ཕྱག་རྒྱ་ལྔ།། སྐུ་གསུང་ཐུགས་ཀྱང་བྱིན་རླབས་སྟེ།། མགོ་དང་ཁ་དང་སྙིང་ག་རུ།། ཨོཾ་དང་ཨཱཿཧཱུཾ་དཀར་དམར་ནག། ས་སྤྱོད་མཁའ་སྤྱོད་བདག ་མེད་མ།། གྲི་གུག་ཐོད་པ་འཛིན་པ་ཡི།། པད་ཟླ་ཚངས་པ་བདག་ལ་བསྒོམ།། ཡང་ན་རང་སྙིང་ས་བོན་གྱིས།། ཕྱོགས་བཅུ་བླ་མ་རྒྱལ་བ་དང་།། འཁོར་ལོ་ཁྲོ་བོ་ལྷ་མོ་རྣམས།། སྤྱན་དྲངས་མཆོད་ནས་གསོལ་བ་བདེབས།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི ་ཥིཉྩ་ཏུ་མ་བརྗོད་པས་གནང་ནས་རིགས་ལྔ་ཡིས།། བུམ་པ་བདུད་རྩིས་བཀང་བས་བསྐུར།། རིགས་ཀྱི་བདག་པོས་སྤྱི་བོར་མཚན།། བདག་ལ་མི་བསྐྱོད་རྡོ་རྗེ་ཡིན།། ཕྱོགས་ཀྱི་ལྷ་མོ་བཞི་པོ་ལ།། མི་བསྐྱོད་རྣམ་སྣང་རིན་ཆེན་བྱུང་།། ་འོད་དཔག་མེད་དང་བཞི་ཡང་བསྒོམ།། དེ་བཞིན་ཞེ་སྡང་གཏི་མུག་དང་།། སེར་སྣ་འདོད་ཆགས་བཞི་ཡིས་ཀྱང་།། པུཀྐ་སཱི་སོགས་མཚམས་བཞི་ལ།། རིམ་པས་སྤྱི་བོར་མཚན་པར་བསྒོམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲཱི་སྭ ་བྷཱ་ག་ཨཏྨ་ཀོ་ཧཾ། ད་ནི་བདུད་རྩི་མྱང་བར་བྱ།། ཡཾ་རཾ་ཨཱཿཧཱུཾ་ཨོཾ་རྣམས་བསྒོམ།། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས།། རླུང་དང་མེ་དང་ཐོད་སྐྱེད་དང་།། ས་བོན་གནས་པའི་ཀ་པཱ་ལ།། ཧཱུཾ་གིས་སྦྱངས་དང་ཨཿཡིས་འབར།། ཨོཾ་གྱིས ་ཡེ་ཤེས་བདུད་རྩིར་འབབ།། བྲུཾ་ཛྲིཾ་ཨོཾ་ཁཾ་ཧཱུཾ་ལྔ་དང་།། ན་ཎྜ་ཨོཾཥ་གྷི་ལྔ་དང་།། བདུད་རྩིར་གྱུར་པ་རྡོ་རྗེ་ལྕེས།། མྱངས་ལ་འཁོར་ལོ་བདྲི་བས་མཆོད།། དེ་ལོ་སྔགས་འདིས་བརྟན་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏྲཱ~ཾ་ཨ་མྲྀ་ཏཱ་སརྦྦ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ། ་ཧཾ། ཧཱུཾ་གི་ས་བོན་གྱིས་བཀུག་ནས།། སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས།། ཕྱིར་སྤྲོས་མཆོད་པའི་ལྷ་མོ་ཡིས།། རིམ་པས་མཆོད་ནས་གནས་སུ་ཐིམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ལྷ་མོ་དེ་དག་རིགས་ཡུམ་དང་།། ་གསུང་གཅིག་ཏུ་ནི་མཐུན་པར་བསྟོད།། བཅོམ་ལྡན་ལྷ་མོ་བརྒྱད་ཀྱིས་བསྐོར།། ཐུགས་རྗེ་ཐུགས་ཀྱིས་འགྲོ་བ་སྒྲོལ།། སྣོད་དང་འགྲོ་བ་བཅོམ་ལྡན་ཐུགས།། ཐུགས་དགྱེས་མཛོད་ཅིག་བཅོམ ་ལྡན་ཁྱོད།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། དུག་ལྔ་དག་མཛད་ཁྱོད་ལྕེ་བསྟོད།། ཨོཾ་སྭརྦ་ཏ་ཐཱ་ག་ཏ་སྟེ་ཏི་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། དེ་དག་བརྟན་པར་རབ་གསལ་བར།། རྣལ་འབྱོར་པ་ཡིས་རྣལ་འབྱོར་བྱ།། ཕོ་བྲང་རྣམ ་དག་རྣམ་སྣང་མཛད།། རྗེ་སུ་ཆགས་པ་རྡོ་རྗེ་སེམས།། དབང་ནི་མི་བསྐྱོད་རྡོ་རྗེ་དག། བདུད་རྩི་མྱང་བ་འོད་དཔག་མེད་།། མཆོད་པ་དོན་ཡོད་གྲུབ་པ་སྟེ།། བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན།། ཡན་ལག་བཅུ་དང་ལྡན་བསྒོམས ་པས།། དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར།། དང་པོ་སྦྱིན་པར་ཉི་མ་འདྲ།། གཉིས་པ་སྒྱུ་མ་ལྟ་བུར་སྣང་།། སྣང་བ་ཐོབ་རྨི་ལམ་ལྟར།། འོད་གསལ་མཉམ་གཞག་རྗེས་ཐོགས་མེད།། བདག་ཉིད་དེ་ལྟར་བརྟན་གྱུར་པས།། ་འགྲོ་བའི་སྡུག་བསྔལ་ལ་བལྟས་ཏེ། ཁྱམས་དང་སྙིང་རྗེའི་འཁོར་ལོའི་ལྷ།། རྒྱུན་མ་ཆད་པར་ཕྱོགས་ཕྱོགས་འཕྲོ།། སྐྱོ་སོའི་གདུལ་བྱ་སྦྱངས་བྱས་ནས།། སླར་འདུས་ནང་དུ་འཁོར་མོ་བསྒོམ།། ཐབས་དང་ཤེས་རབ་ལས་བྱུང་ཞིང་། ་བྱང་ཆུབ་སེམས་ནི་སྤྲོ་དང་བསྡུ།། མདོག་མཚན་ཆ་ལུགས་ཐམས་ཅད་ཀྱང་།། ཇི་ལྟར་གསོལ་བར་བརྟན་པར་བསྒོམ།། དེ་ལྟར་རྫོགས་བསྐྱེང་རྫོགས་པའི་རིམ།། ལྷ་མོ་རིམ་པར་ཞལ་ལ་བསྡུ།། ཞལ་དང་ཕྱག་རྣམས་མཐའ ་ནས་རིམ།། རྩ་བའི་ཞལ་དང་ཕྱག་དང་བསྡུ།། ཞབས་གཉིས་ཡུམ་ལ་ཐིམ་པ་དང་།། འཁོར་ལོ་བཞི་ཡི་རྒྱུ་ཡིས་གདབ།། ལྟེ་བ་སྙིང་མགྲིན་སྤྱི་བོ་ན།། སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་།། བདེ་བ་ཆེན་པོའི་འཁོར་ལོ་བསྒོམ།། དེ ་ཡང་སྐུ་བཞིའི་ངོ་བོ་ཡིན།། སྤྲུལ་པར་རྩ་འདབ་དྲུག་ཅུ་བཞི།། ལྟེ་བར་ཨཾ་འབར་རྩ་འདབ་ལ།། ཀཱ་ལི་བཞི་དང་དྲུག་ཅུ་གནས།། འོད་ཟེར་ལྔ་ལྡན་རབ་ཏུ་འབར།། སྙིང་གར་རྩ་འདབ་བརྒྱད་གནས་ལ།། ལྟེ་བར་ཧཱུཾ་ནག་འདབ་མ་ལ།། ་བྷྲཱུཾ་ཛྲྀ་ཨིཾ་ཁཾ་ཨེ་ཝཾ་མ།། ཡཾ་དང་བརྒྱད་ནི་ལེགས་པར་བསྒོམ།། མགྲིན་པར་བཅུ་དྲུག་འདབ་མ་ལ།། ལྟེ་བར་ཨཱི་འབར་རྩ་འདབ་ལ།། ཨཱ་ལི་བཅུ་དྲུག་དག་གིས་བརྒྱན།། འབར་བའི་རྣམ་པར་གནས་པ་ཡཱན།། སྤྱི་བོར ་རྩི་འདབ་སུམ་ཅུ་གཉིས།། ལྟེ་བར་ཧཾ་དཀར་འདུབ་མ་ལ།། ཨཱ་ལི་ཉིས་འགྱུར་དག་གིས་བསྐོར།། ཁཱ་དྲོག་དཀར་པོ་བདུད་རྩི་འབབ།། ལྟེ་བར་གཏུམ་སྦར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ ་སོགས་པ་ཡང་བསྲེགས་ཏེ།། བསྲེགས་པའི་རི་བོང་རྒྱུན་ཧཾ་འབབ།། ཡི་གེ་གསལ་བར་གྱུར་ནས་ནི།། ཡི་གེ་དེ་དག་སྤྲོ་དང་བསྡུ།། བསྐུལ་སྤྱད་བྱས་ནས་སླར་འདུས་ཏེ།། ཡི་གེ་རང་རང་གནས་ལ་ཞུགས།། སྲོག་དང་རྩོལ་བ་ལས ་བྱུང་བ།། ལྟེ་བའི་འོག་ནས་རཾ་འབར་བས།། འཁོར་ལོ་ལེགས་སྦྱངས་འོག་མིན་གྱི།། བདུད་རྩི་བླངས་ནས་སྤྱི་བར་བསམ།། སྦྱངས་པའི་འཁོར་ལོ་རྣམས་གང་ནས།། ཐམས་ཅད་སྙིང་ཀར་རབ་ཏུ་ཐིམ།། དོན་དམ་བདུད་རྩི་ཟག་མེད་བསྒོམ།། ཧཱུཾ་ཡང ་རིམ་པས་ནཱ་དར་གནས།། ཤིན་ཏུ་ཡུན་རིང་ས་གོམས་མི་གནས།། ན་མཁའི་དཀྱིལ་ལྟར་རྡུལ་དང་བྲལ།། ཐོག་མ་ཐ་མ་དབུས་མེད་ཅིང་།། འཁོར་མིན་མྱ་ངན་འདས་པ་མིན།། བདག་དང་གཞན་ཡང་ཡོད་མ་ཡིན།། འདི་ནི་བདེ ་ཆེན་རྒྱལ་པོ་ཡིན།། གཟུང་དང་འཛིན་པ་རྣམ་པར་སྤངས།། སེམས་སྤྱོ་པ་ལ་སྐྱོ་ངལ་ན།། རིམ་པ་རིམ་པར་སྐུ་བསྐྱེད་ལ།། ཡབ་དང་ཡུམ་གཉིས་ཞལ་ཕྱག་རྒྱས།། སྙིང་གར་ས་བོན་ཡི་གེ་ལ།། བསྐོར་ནས་གནས་པ་ཞལ་ནས་ཞལ།། རྡོ་རྗེ་ལམ ་ནས་པདྨ་དང་།། པདྨའི་ཞལ་ནས་ཞལ་དུ་འཁོར།། རང་འདོད་པ་ཡིས་བཟློས་པ་བྱ།། བསམ་གཏན་ཁ་དོག་དབྱེ་བ་ཡ་སོ།། ཞི་ལ་སོགས་པ་ཤེས་པར་བྱ།། ཨོཾ་ཨཥྚ་ན་ནཱ་ཡ། པིངྒ་ཨཱུནྡྷ། ཀེ་ཤ་བནྟ་མ་ནེ། ཙ་ཏུཪྴི་ཤ་ཏི་ནཻ་ཏཱ་ཡ། ཤོ་ཌ་ཤ་བྷུ་ཛ ་ཡ། ཀྲྀཥྚ་དྷཱི་མཱུ་ཏ། བ་པུ་ཥེ་ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ཎེ། ཨ་དྷཱ་ཏ་ཀྲཱུ་ར་ཙདྡྷི་ཡ། ཨརྡྷེནྣ་དཾཥྞཱི་ཎེ། ཨོཾ་མཱ་ར་ཡ། མཱ་ར་ཡ། ཀཱ་ར་ཡ། ཀཱ་ར་ཡ། གརྫ་ཡ། གརྫ་ཡ། ཏརྫ་ཡ། ཏརྫྫ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། སཔྟ་ས་ག་རཱ་ན། བནྡྷ་བནྡྷ། ན ་གྷགཱཪྠ་ཀཱ་ན། ཀྲྀཧྞ་གྲྀཧྞ། སུརྦ་ཤ་ཛྙཱ་སརྦ་དུཥྚཱནྶ། ཧ་ཧཱ། ཧི་ཧྲཱི། ཏུ་ཧཱུཾ། ཧེ་ཧཾ། ཧོ་ཧཾ། ཧཾ་ཧཿཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་རྫུ་སྔགསྱ་ཡནི། ཨོཾ་དེ་བ་བི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགསུ་ཤེས་པར་བྱའོ།། ཨོཾ་བཛྲ་ཀནྟ་རི་ཧི་བཛྲཱི་ཡ ་ཧཱུཾ་དྷཱུ་ཧཱུ~ཾ་ཕཊ་སྭཱ་ཧཱ། དེ་ནི་ཉེ་བའི་སྔགས་ཀྱང་ཡིན། ཨི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་སྭཱ་ཧཱ།། གོང་ཁྱེར་དཀྲུག་པའི་སྔགས་ཡིན།། ཨོཾ་ཏྲཻ་ལོ་\ུ0f88\ུ0f90་ཀྵེ་པ་ཧུ་ཧུཾ་ཧུ~ཾ་ཕཊ་སྭཱ་ཧཱ། ཕྱག་གཉིས་པའི་སྙིང་པོའོ།། ཨོཾ་བཛྲ་ཛྭ་ཛྭ་ལ་བྷྱོ།། ཧུཾ་ཧུཾ་ཧུ~ཾ་ཕཊ་སྭཱ་ཧཱ། དེ་ནི་ཕྱག ་བཞི་པའི་སྔགསོ།། ཨོཾ་ཀི་ཊཱི་ཀི་ཌི་བཛྲེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཕྱག་དྲུག་པའི་སྙིང་པོ་ཡིན།། ། ཚོགས་གཉིས་བསག་དང་གཞན་དབང་བསྡུ།། བདག་དང་སེམས་ཅན་བསྲུང་བའི་ཕྱིར།། ལྷ་དང་ཆོས་སྐྱོང་སེམས་ཅན་ལ།། བདུད ་རྩི་མཆོད་སྦྱིན་གཏོར་མ་སྦྱིན།། ཤར་ལྷོའི་དུར་ཁྲོད་ན་མཁའ་ལ།། ཆོས་འབྱུང་སུཾ་བརྩེགས་སྟེང་འོག་རིམ།། དབུས་སུ་པདྨ་འདབ་བརྒྱད་ནག། ཤར་ནས་ཕྱོགས་མཚམས་གོ་རིམ་སུ།། བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་དང་།། གནོད་སྦྱིན་བདག་པོ ་འབྱུང་པོའི་བདག། མེ་ལྷ་སྲིན་པོ་རླུང་གི་ལྷ།། དཀར་ནག་དམར་སྐྱ་སེར་པོ་དང་།། དཀར་དམར་དུད་དུ་ཁ་ལྗང་གུ་ཡི།། མདོག་ཀྱང་རིམ་པ་བཞིན་དུ་གསལ།། རྡོ་རྗེ་དབྱུག་པ་སྦྲུལ་གྱི་ཞགས།། དཔལ་འབྲས་རྩ་གསུམ་དབྱུ་གུ་གསུམ།། གྲི ་གུག་པ་དན་ལག་ན་ཐོགས།། གླང་པོ་མ་ཧེ་ཆུ་སྲིན་དང་།། རྟ་དང་ཁྱོ་མཆོག་ར་སྐྱེས་དང་།། མི་རོ་རི་དགས་ཞོན་པ་དང་།། དུར་ཁྲོད་རྒྱན་དང་ཆུང་མ་དང་།། བུ་འཁོར་བཅས་པ་བསྒོམ་པར་བྱའོ།། སྟེང་གི་ཆོས་འབྱུང་པདྨ་ད་ཀར།། ཤར་ནས་རིམ ་བ་སྔ་མ་ལྟར།། བརྒྱ་བྱིན་ཚངས་པ་ཁྱབ་འཇུག་དྲག། གཞོན་ནུ་ཚོགས་བདག་དགའ་བྱེད་དང་།། ལེགས་ལྡན་ནག་པོ་རིམ་པར་གནས།། དཀར་སེར་དམར་དང་ན་མཁའི་མདོག། དཀོརཱ་གཉིས་སེར་དང་ནག་པོ་སྟེ།། མདོག་ཀྱང་དེ་བཞིན་རིམ ་པར་གསལ།། རྡོ་རྗེ་དབྱུ་གུ་རྩེ་གསུམ་དང་།། འཁོར་ལོ་རྩ་གསུམ་མདའ་གཞུ་དང་།། ལ་ཕུག་པ་དན་རལ་གྲི་འཛིན།། པདྨའི་གདན་གནས་རིན་ཆེན་བརྒྱན།། ཆུང་མ་བུ་འཁོར་ལྷ་ཡི་འཁོར།། རིམ་པ་བཞིན་དུ་གནས་པའོ།། འོག་གི ་ཆོས་འབྱུང་པདྨ་དམར།། སྔོན་བཞིན་འཇོག་པོ་དུང་སྐྱོང་དང་།། མཐའ་ཡས་རིགས་ལྡན་པདྨ་ཆེ།། དགའ་བོ་ནོར་རྒྱས་པདྨ་བརྒྱུད།། གདེངས་ཀ་སྦྲུལ་ཞགས་པད་ཟླའི་གདན།། དཀར་སེར་དམར་ལྗང་ཡང་དཀར་དང་།། ་སྔོ་དང་དམར་སྐྱ་དཀར་པོའི་མདོག། རིན་ཆེན་རྒྱན་དང་པདྨ་དང་།། ཆུང་མ་དུ་འཁོར་གཅས་པ་དང་།། ངན་འགྲོ་གསུམ་དང་བཅས་པ་ཡིན།། པདྨའི་ལྟེ་བ་གསུམ་པོ་ལ།། རང་གི་ཧེ་རུ་ཀ་ཉིད་བསྒོམ།། ཛཿཧཱུཾ་བཾ་ཧོཿས་དགུག་དང་གཞུག། ནམ ་མཁའ་ཁྱབ་པའི་གཙོ་བོ་འཁོར།། མེ་བསྐྱོད་རྣམ་སྣང་འོད་དཔག་མེད།། རང་བཞིན་སྔོ་དང་དཀར་དམར་མདོག། རྡོ་རྗེ་དྲིལ་བུ་རང་འོད་བཅས།། རུས་རྒྱན་གཙོ་དང་འཁོར་དེ་བཞིན།། དེ་ཉིད་གསུམ་དང་དབང་བསྒྱུར་རྒྱ།། ལྷོ་རྣམས་རྡོ་རྗེ་སྦུ་གུར ་བསྒོམ།། དེ་རྣམས་མདུན་དུ་གཏོར་དག་ལ།། བྱིན་གྱིས་བརླབས་ལ་རང་གཞན་བཏུང་།། སྔོན་དུ་བསྟན་པའི་བདུད་རྩི་ལྟར།། དགྱེས་རྡོར་ལྷ་དགུར་གྱུར་པའོ།། ཨོཾ་ཨིནྡ་ཛ་མ་ཛཀྵ་བྷཱུ་ཏ་བཧྣི་བཱ་ཡུ་རཱཀྵ་ཙནྡ་སཱཛྫི་མཾ་ས་བཔྤ་ཏཱ་ལ་པཱ་ཏ་ལ་ཨཊྚ ་སཔྤ་སཱཧཱ།། ཨི་དཾ་བ་ལི་བྷྲེ་ཛ་ཛི་གྷཾ་པུལླ་དྷཱུ་པ་མཾ་སཾ་བིངྒ་ཨཱམྦྷ་སརྦ་ཀཱཛྫཱ་ཁནྟི་ཁུ་ནི་ཕ་ལ་ག་ཏཱ་སྭཱ་ཧཱ། ཨོཾ་ཨཾ་ཀཱ་རོ་མུ་ཁ~ཾ་སརྦྦ་དྷརྨྨ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱུ་ཧཱུཾ་ཕཊ་སྭཱཧཱ།། གསུམ་གསུམ་བརྗོད་ལ་གདྷོ་ར་མ་གཏོང་།། ཡི་གེ་གསུམ་དང་མུ ་ཡིས་གཤེགས།། བར་ཆང་ཞི་དང་ལྷག་ཆང་ཞི།། རྡོ་རྗེའི་གླུ་འདི་དལ་བུས་བླང་།། ཀོལླ་ཨི་ར་ཊཱི་ཨ་བོ་ལཱ།། མུ་མུ་ནི་རེ་ཀཀྐོ་ལ། གྷ་ཎ་ཨ་ཀྲི་ཌ་ནི་ཌྷཱ་ཧ། ཀ་རུ་ཎ་ཀི་ཨཱ་ཨི་ན་རོ་ལཱ་ཏ་ཧི་བ་ལ་ཁ་ལི། མ་ཨིནྡི་ཛེ། ཀི་ལ་ཀ་ལིཉྫ་རཱུ་པ་ཎི། ཨ ་སཱི་དྷུ་རུ་དྷུ་རུ། ཎཛྫ་ཨ་ཨི་ཙ་ཨུ་ས་མ་ཤུ་ཙཱ་རི་སིཏྶུ། ཀཥྐུ་ར་ལཱ་ཨི་ཨ་ཨི་མ་ཁུ་ལ་ཨ་ཨིནྟ། ན་ས་ལཉྫི། ཏ་ཧཻ་བྷ་རུ་ཁཱ། ཨི་ཨ་ཨི། པྲི་ཁ་ན་ཁ་ཌ། ཀ་རནྟེ། ཤུདྡྷ་ཤུདྡྷཏྟ་མ་ཎེ། ཨ་ཨི་ནཱི་སུ་ཨེ། ཙ་ཊཱ་བཱི། ཏ་ཧཾ་ཛ་ས་ར་ས་ཙི་བ་ནཱ ་ཨཱ་ཨཱ་མ་ས་ས་ལི་ཛྭ་ར་ཀུནྡུ་རུ་བཱ་ཌ། ཨི་ཌི་ཎྜི། མ་ཧཱ་ཧེཥྚཾ་བཛྲི་ཨ་ཨི།། མཆོད་པ་དང་གཏོར་མ་གཏོང་བྱ།། ཚོགས་ཀྱི་འཁོར་ལོར་འདུན་བླང་།། བཟའ་དང་བཏུང་བ་ལོངས་སྤྱོད་པ།། བདུད་རྩི་སྦྱོར་བས་ལུས་རྒྱས་འགྱུར།། ཐུན་བཞིའི ་རྣལ་འབྱོར་ལྡན་པ་ཡིས།། བསྒྲུབས་ན་འགྲུབ་ཀྱི་གཞན་དུ་མིན།། སྔོན་དུ་བསྟན་པ་ལེགས་རྟོགས་ནས།། ཚོགས་གཉིས་གཞལ་ཡས་དཀྱིལ་འཁོར་གསུམ།། ཞལ་གསུམ་གཡོས་དཀར་གཡོན་པ་དམར།། དབུས་ནི་སྐུ་དང་མཐུན་པ ་ཉིད།། རྡོ་རྗེ་རལ་གྲི་གཡས་ན་འཛིན།། དྲིལ་བུ་རྩེ་གསུམ་ཕྱག་གཡོན་ན།། རང་ནི་རང་རིག་ཡུམ་ལ་འཁྱུད།། ཕྱག་བཞི་རྡོ་རྗེ་ཐོད་པ་དག། གཡས་དང་གཡན་པའི་ཕྱག་ན་འཛིན།། གཉིས་ནི་རིག་མ་ཉིད་ལ་འཁྱུད།། ཕྱག་གཉིས་གཡས ་ན་རྡོ་རྗེ་དང་།། ཐོད་པ་ཁ་ཊྚ་ཕྱག་གཡོན་ན།། དེ་གསུམ་ཚངས་པའི་སྟེང་ན་བཞུགས།། གཞན་དག་སྔོན་དུ་བསྟན་པ་ཉིད།། སྤྲོ་དང་བསྡུ་དང་འཁོར་ལོ་དང་།། དེ་དོན་བསྒོམས་དང་གཏོར་མ་སྔགསྣ།། ཞལ་གསུམ་ཕྱག་བཞི་ལྔ ་སོགས་རྣམས།། རྣལ་འབྱོར་པ་ཡིས་གང་འདོད་བསྒོམ།། རྗེས་ཐོབ་རྣམ་པར་དག་པ་ཡང་།། དབྱེ་བ་ཤེས་པས་རྟག་ཏུ་བསྒོམ།། མེ་རཾརྀ་དྲེ་གུར་བདུད་ལས་རྒྱལ།། རྣམ་ཐར་ཆོས་འབྱུང་ཆོས་ཀྱི་དབྱིངས།། གཤིན་རྗེ་དབུགས་འབྱིན ་དུར་ཁྲོད་བརྒྱད།། སྒོ་བཞི་དྲན་པ་ཉེ་བར་གཞག། གྲུ་བཞི་ཡང་དག་སྤོང་བ་བཞི།། སྒོ་བརྒྱན་རྫུ་འཕྲུལ་རྐང་པ་བཞི།། འདོད་ཡོན་ལྷ་མོ་དབང་པོ་ལྔ།། རྩིག་པ་ལྔ་ཡང་སྟོབས་ལྔར་དག། རྟ་བབས་བཞིན ་བསམ་གཏན་བཞི།། རྟེན་འབྲེལ་བཅུ་གཉིས་དག་པས་ནི།། རིམ་པ་བཅུ་གཉིས་འོད་འབར་བའོ།། རྒྱན་རྣམས་བྱང་ཆུབ་ཡན་ལག་བདུན།། ཀ་བ་བརྒྱད་མཛེས་འཕགས་ལམ་བརྒྱད།། འཁོར་ལོ་བཞི་ནི་བདེན་པ་བཞི།། དེ་བཞིན་གདུགས ་ནི་ཚད་མེད་བཞི།། བྱམས་པའི་ཐུགས་ནི་སྐུ་མདོག་ནག། སྙིང་རྗེ་སྤྱན་དམར་འགྲོ་བ་གཟིགས།། དཔའ་བོ་གར་དགུ་འགྲོ་རྣམས་སྒྲོལ།། བཏང་སྙོམས་སྣ་ཚོགས་རྡོ་རྗེས་མཛེས།། འཁོར་ལོའི་གཟུགས་ནི་མི་བསྐྱོད་པ།། རྣ་ཆ་དག་ལ ་འོད་དཔག་མེད།། མགུལ་གྱི་ཕྲེང་བ་རིན་ཆེན་གཙོ།། ཡན་ལག་ཀུན་བཀོད་རྣམ་སྣང་མཛད།། བོང་དཔག་ལོ་ཀུན་ཐུགས་རྡོ་རྗེ་འཛིན།། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད།། སྐུ་གསུམ་དཀར་དམར་གནག་པའི་ཞལ་ཕྱག ་རྣམས་སྟོང་པ་བཅུ་དྲུག་སྟེ།། ནད་རྣམས་འཇོམས་པས་གླང་གི་སོགས།། དངོས་གྲུབ་མྱུར་བས་ལྷ་མོ་སོགས།། རུས་པའི་རྒྱན་ཡང་བདེན་པ་བཞི།། སྟག་གི་པགས་པ་བྱང་ཆུབ་བདུན།། བསྡུ་བ་བཞི་ནི་ཞབས་བཞི ་ཡི་ནི།། སྐྱེ་རྒ་བཅོམ་པས་བདུད་བཞི་མནན།། བདག་མེད་ཆོས་སྐུ་རྣམ་ངག་ཉིད།། ཕུང་པོ་དག་པས་གཽ་རཱི་སོགས།། ཡེ་ཤེས་དག་པས་ཁ་དོག་བཞི།། གྲི་གུག་སོགས་ཀྱིས་བདུད་བཞི་བྱེད།། ཚད་མེད་གོམས་པས་ཁམས་བཞི ་ལ།། པུཀྐ་སཱི་སོགས་ལྷ་མོ་བཞི།། མདོག་དང་ཕྱག་མཚན་དེ་བཞིན་ནོ།། ཉིན་མོ་བཅོམ་ལྡན་ཐབསུ་གནས།། མཚན་མོ་ཤེས་རབ་སྟོང་པ་ཉིད།། འགྲོ་བའི་གར་དང་ཕྱུག་རྒྱ་བསྐྱོད།། བརྗོད་པས་ཐམས་ཅད་སྔགས་ཡིན་ནོ།། ་ཁྲུས་བྱེད་དབང་བསྐུར་བྱསམ་གཏན་དང་།། ཉལ་བ་ཉིད་ཀྱི་བསམ་གཏན་བསྒོམ།། དེ་ལྟར་བརྟན་པའི་རྣལ་འབྱོར་པས།། དབང་པོ་མི་དག་འགྲོ་རྣམས་བསྒྲུབ།། བླ་མའི་རིམ་འོངས་རྒྱུད་རྒྱལ་དོན།། བསྒོམས་པས་བློ་ལ་གསལ ་བིའི་དོན།། དགྱེས་རྡོར་མོས་ལ་ཕན་ཕྱིར་བྱས།། འདི་ལས་བྱུང་བའི་བསོད་ནམས་དེས། བདག་དང་འགྲོ་བ་མ་ལུས་པ།། དགྱེས་རྡོར་མྱུར་དུ་འགྲུབ་པར་ཤོག། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་པའི་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། སློབ ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ནཱ་ཤྲཱི་དང་། ལོ་ཙཱ་བ་གླན་ངར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུསོ།། ། ་