CLOSE WINDOW

GT427: go bar byed pa'i snying po brgya pa'i ming
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲཱ་ཏི་ཀ་རྱ་ཧྲྀད་ཤ་ཏ་ཀ་ནཱ་མ། བོད་སྐད་དུ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང་། ཧེ་རུ་ཀ་ལ་ཕྱག་འཚལོ།། ཅིའི་ཕྱིར་ཕྱག་བཙལ་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ནི། དགའ་བ་བཞིས ་རྒྱས་པའོ།། དེ་ཡང་རྡོ་རྗེའི་རྣལ་འབྱོར་མས་བསྐོར་བའོ།། སྤྲུལ་པའི་འཁོར་ལོ་བཞིའི་དཔལ་དང་ལྡན་པོ།། དེའི་ཕྱིར་ཕྱག་བཙལ་བའོ།། སློབ་དཔོན་ལ་ཡང་ཕྱག་བཙལ་བའོ།། ཅིའི་ཕྱིར་ཕྱག་བཙལ་ཞེ་ན། རྒྱུ་དང་འབྲས་བུ་གཉིསུ་མི་རྟོག་པ ་ཡེ་ཤེས་ཀྱི་ཐུགསུ་ཆུད་པ་དང་། བདེ་བ་ཆེན་པོས་ཤིན་ཏུའང་མཛེས་པ། དེ་ཡང་སློབ་དཔོན་ཉིད་ཀྱིས་སློབ་མ་ལ་གོ་བར་བྱེད་པས་ན། གོ་བར་བྱེད་པའི་སྙིང་པོའོ།། དེའི་ཕྱིར་སློབ་དཔོན་དེ་ལ་ཕྱག་འཚལོ།། དེ་ནས་དོན་གྱི་སྙིང་པོ་བཤད་པར་བྱ ་སྟེ། ཀྵེའི་རྡོ་རྗེ་ཞེས་བྱ་བ་ནི། རང་གི་སེམས་ཉིད་ཀྱིའི་རྡོ་རྗེའོ།། ཅིའི་ཕྱིར་རང་གི་སེམས་ཉིད་ཡན་ཞེ་ན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དང་། མ་སྐྱེས་པ་དང་མོ་འགགས་པའི་ཕྱིརོ།། ཧེ་རུ་ཀའི་ངོ་བོ་དེ་ལ་བྲི་བ་དང་གང་བ་མེད་པའི་ཕྱིར ་དེའང་དོན་དུ་ན་རང་གི་སྙིང་གར་བྱང་ཆུབ་སེམས་ཟླ་བ་ལྟ་བུ་བསྡམ་མོ།། དེ་ལས་འགྲོ་བའི་དོན་དུ་སྤྲུལ་པ་སྣ་ཚོགས་སྤྲོ་བ་དང་། བསྡུ་བ་དང་ལྡན་པའི་ཐིག་ལེ་ཡིན་ཏེ། སྤྲོ་བ་དང་བསྡུ་བ་ཙམ་ཡང་མི་དགོས་ཏེ། ཐིག་ལེ་ཉིད་དུ་རྟག་ཏུ་བསྒོམ ་པར་བྱའོ།། དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། དེ་ལ་སྤྲོ་བའི་ཕྱིརརོ།། ད་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ཡང་དེ་ཉིད་ཡིན་ནོ།། དེ་ཉིད་མ་མར་རླུང་གིས་མི་བསྐྱོད་པ་བཞིན་དུ་བསྒོམ་མོ།། དེ་གཅིག་དང་དུ་མ་བྲལ་ཞིང་མི་གཡོ་བའོ།། དཀྱིལ་འཁོར་གྱི ་ལྷ་ཞེས་དེ་ལ་བྱའོ།། མུན་པ་ཐམས་ཅད་སེལ་བར་བྱེད་པའི་དགའ་བ་བཞིའི་ངོ་བོ་ཡང་དེ་ཡི་ནོ།། དེ་རྟག་ཏུ་བསྒོམ་པའི་རྣལ་འབྱོར་པས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བྱེད་དོ།། གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་མེད ་པར་ཤེས་པར་བྱ་བ་ཡིན་གྱི་སྤང་བར་བྱ་བ་མ་ཡིནོ།། ཆོས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། ཐམས་ཅད་ཀྱི་སྙིང་པོ་ཉིད་དེ་ལ་བྱའོ།། སྟོང་པ་ཉིད་དང་རང་གི་སེམས་ཉིད་ཐ་མི་དད་པར་བསྒོམ་པ་ནི། རང་བཞིན་དགའ་བའི་དོན་ཤེས་པའོ།། ། ་སྟོང་པ་ཉིད་དང་རང་གི་སེམས་གཉིས་ཀྱི་རྟོག་པ་མེད་པར་རྟོགས་ན། དེ་ཉིད་འབྲས་བུ་ཡིན་ནོ།། དེ་ཡང་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིརརོ།། དེ་ཡང་བསྒོམས་ནས་མངོན་དུ་གྱུར་པ་འབྲས་བུ་ཡིན་ནོ།། ་མཁའགྲོ་མ་ཞེས་བྱ་བ་ཡང་གི་ཙ་ཉིད་མཁའ་གྲོ་མའི་རང་བཞིན་ཡིན་པའི་ཕྱིརརོ།། དེ་ཡང་བསྒོམ་པ་ནི་རྒྱུ་ཡིན་ལ་མཁ་འགྲོ་མར་ཤེས་པ་ནི་འབྲས་བུ་ཡིན་ནོ།། བརྗོད་པར་མི་ནུས་ཕྱིའི་སེམས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པོ།། དེ་ཡང ་ཕྱག་རྒྱ་ཞེས་བྱ་བ་ཡང་སྣང་སྲིད་ཀྱི་གཟུགས་ཐམས་ཅད་དོ།། ཕྱག་མཚན་ཞེས་བྱ་བ་ཡང་ཁ་དོག་ཐམས་ཅད་ལ་བྱའོ།། དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་ལ་ཡིད་བདེ་བ་སྐྱེས་པ་ནི།། རྡོ་རྗེ་པདྨ་བསྒོམ་པའི་རྣལ་འབྱོར་པ་ཞེས་བྱའོ།། ཕུང་པོ་ལ ་སོགས་པའི་ཆོས་ཐམས་ཅད་རོ་གཅིག་ཏུ་བསྒོམ་མོ།། ལུས་ལས་སེམས་ལོགས་ན་མེད་ན། སེམས་ལས་ཀྱང་ལུས་ལོགས་ན་མེད་པར་བསྒོམ་མོ།། དེ་ལྟར་བསྒོམ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་དེ་ལ་ཉི་མ་དང་ཟླ་བ་དེ་ངལ་སོ་བ་ཡིན།། ་ཐིག་ལ་དེ་ཉིད་སེམས་ཡིན་ལ། སེམས་དེ་ལ་ཆོས་ཐམས་ཅད་སྣང་ངོ་།། སེམས་ཉིད་མ་ལོང་ཡིན་པར་བཤད་དོ།། མྱེ་ལོང་ལ་རྣོནཱ་དམར་པོས་བསྒོས་པ་ལ་བཞིན་མི་སྣང་བ་བཞིན་དུ། རང་གི་རྣམ་པར་རྟོག་པས་བསྒྲིབས་པ་མ་བསལ་བཱར་ཡེ་ཤེས ་མི་སྐྱེའོ།། དེའི་ཕྱིར་ཇི་ལྟར་འགྱུར་ཏེ། རང་གི་སེམས་བརྟན་པར་བྱས་ཕན་ཆད་ཕྱི་ནང་གི་ཆོས་ཐམས་ཅད་ཐིག་ལེ་དེའི་འོད་ཟེར་གྱི། ཐིག་ལེ་བསྡུས་ནས་བསྒོམས་ན་དེ་ཁོ་ན་ལྟར་བརྟེན་པར་བྱའོ།། དེ་ཡང་ཡུན་རིང་དུ་བསྒོ་མོ།། དེ་ཡང་ཅིའི་ཕྱི ་བསྒོམ་ཞེ་ན། བདག་དང་གཞན་དུ་རྟོག་པ་བསལ་བ་དང་། སེམས་ལོས་མ་གཏོགས་པའི་ཆོས་མེད་པར་བྱ་བའི་ཕྱིར་རོ།། དེ་ལྟ་བུའི་བསྒོམ་པ་རྟག་ཏུ་དགའ་བར་བྱའོ།། དེས་ནི་འདོད་པ་ལྔ་ལ་ཡང་རྟག་ཏུ་ཡོངས་སྤྱད་པར་བྱའོ།། ཇི་ལྟར་སྤྱད་ཀྱང་ཉེས་པར་མི ་འགྱུར་ཏེ། དངོས་གྲུབ་ཐོབ་པའི་རྒྱུར་འགྱུར་རོ།། འཆིང་བར་མི་འགྱུར་རོ།། དེ་ལྟར་ཟླ་བ་དྲུག་བསྒོམས་ན་རྟགས་འབྱུང་སྟེ། དང་པོར་དྲོད་སྐྱེའོ།། གཉིས་པ་ལ་སྤྲུལ་པ་སྟོན་པ་དང་། གསུམ་པ་གང་དུ་བསམ་པར་ཕྱིན་པའོ།། བཞི་པ་དཔྲལ་བའི་དཔྱས་སུ ་མཇིད་སྤུ་གཡསུ་འཁྱིལ་པ་དང་། ལྔ་པར་མངོན་པར་ཤེས་པ་ལྔ་སྐྱེའོ།། དྲུག་པར་སྙིང་གའི་ཐིག་ལེ་ལས། ཁམས་གསུམ་གྱི་སེམས་ཅན་མཐོང་བའི་ཐིག་ལེ་ལས། ཁམས་གསུམ་གྱི་སེམས་ཅན་མཐོང་བའི་ཐིག་ལེ་ལས། ཁམས་གསུམ་གྱི ་སེམས་ཅན་ཐམས་ཅད་སྤྲོ་བ་དང་བསྡུ་བ་ཡང་ནུས།། དེ་ལྟར་སྤྲོ་བསྡུའི་འགྲོ་དོན་བྱས་པས་རྡོ་རྗེ་སེམས་དཔར་འགྱུར། གལ་ཏེ་ཟླ་བ་དྲུག་མ་ནུས་ན་ཡང་ཟླ་བ་ཕྱེད་དེ། ངེས་རྟགས་ཕྲ་མོ་འོང་བར་བཤད་དོ།། དེ་ལྟར་བསྒོམ་ན་སངས་རྒྱས་སུ་འགྱུརརོ།། མཚན ་མའི་རྣམ་པར་རྟོག་པ་སྦྱངས་ལ་རྟག་ཏུ་བསྒོམ་པར་བྱའོ།། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ།། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ན་འགྲོ་བའི་དོན་ཇི་ལྟར་བྱ་ཞེ་ན། དཔེར་ན་མུན་པ་ལ་རྗེས་ཀྱི ་དངོས་པོ་མི་མཐོང་། སྣང་བ་བཏེག་ན་རྫས་མཐོང་བ་བཞིན་དུ་རང་གི་རྣམ་པོར་རྟོག་པས་བསྒྲིབས་པས། ཡང་དྲག་པའི་དོན་མི་མཐོང་བར་འགྱུར་རོ།། གོང་གི་དོན་དེ་བསྒོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བར ་འགྱུར་རོ།། ད་ནི་ལུས་དང་ངག་གི་མཚན་ཉིད་བཤད་པར་བྱ་སྟེ། དེ་ཡང་སེམས་ཀྱི་མཚན་ཉིད་མི་བཤད་པར་མ་ཡིན་ཏེ། ཀུན་འཇོམས་མ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉི་སུ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རང ་བཞིན་ནོ།། དེ་ལ་དབུ་མ་ཞེས་བྱའོ།། ཅིའི་ཕྱིར་དབུ་མ་ཞེས་བྱ་ཞེ་ན། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། ཡོད་པ་དང་མེད་པ་སྤངས་པའི་ཕྱིར་ཏེ། དེ་གཉིས་ཀྱི་བར་ན་གནས་པའི་ཕྱིརརོ།། ཡོད་པ་ཞེས་བྱ་བ་ནི་རོ་ཅན་མ་ཞེས་བྱ་མེད་པ་ཞེས་བྱ་བ་ནི ་འཕྱང་མ་ཞེས་བྱ་དེ་གཉིས་ཇི་ལྟ་བུ་ཞེ་ན། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་མཐོང་བར་བྱའོ།། ཀུན་འཇོམས་མ་གང་དུ་ཤེས་པར་བྱ་ཞེ་ན། གཉིས་པོ་གཅིག་ཏུ་གྱུར་པའི་དུས་སུ་ཤེས་པར་བྱའོ།། ཨལ་གོང་དང་མིང་པོ་གཉིས་ཀྱི་ནང་དུ་ཡི ་གོ་བཻ་རེ་རེ་བསམས་ལ། གཉིས་ལས་ཆུའི་དཀྱིལ་འཁོར་གཉིསུ་བསམས་ལ། དེའི་སྟེང་དུ་བཾ་རེ་ར་བསམ་དེ་ལས་པདྨར་གྱུར་པར་བསམས་ལ། གཡོན་ཕྱོགས་ཀྱི་པདྨའི་ཟོ་འབྲུ་ལ་ཨཾ། གཡས་ཕྱོགས་ཀྱི་པདྨའི་ཟེ་འབྲུ་ལ་ཀཾ་བསམ་དེ་ལྟར ་ཡུན་ཅི་རིང་དུ་བསྒོམས་ལ། དེ་ནས་ཡི་གེ་གཉིས་ལ་ཉི་ཟླ་གཉིསུ་གྱུར་པར་བསམ། ཉི་ཟླའི་སྟེང་དུ་ཨཾ་དང་ཀཾ་བསམ་དེ་ལ་ཡུན་དུ་བསྒོམ།། དེ་ཡང་སོ་བསྣམས་ལ་དབུགས་ནང་དུ་རྔུབས་པ་ལས་ཉི་ཟླ་གཉི་སུ་མེད་པར་གྱུར་ཏེ་མི་རྟོག་པ་སྟེའོ།། སོ་བསྡམ ་ལ་དབུགས་ནང་དུ་རྔུབས་པ་དེ་མི་ལྕོགས་ན་ལོངས་སྤྱོད་ཀྱི་རྩ་གཉིས་མནན་པར་བྱའོ།། དེས་ཀྱང་ཡེ་ཤེས་སྐྱེ་བར་འགྱུརརོ།། དེ་ལྟར་བསྒོམས་པས་དང་པོ་བདེ་བ་སྐྱེ་བར་འགྱུར་རོ།། དེས་མི་རྟོག་པའི་ཡེ་ཤེས་སྐྱེ་ངེས་སོ།། མི་རྟོག་པ་དེ་ཡང་ཇི་ལྟ་བུ ་ཞེ་ན། མཚན་མ་དང་མཚན་མའི་གཞི་གཉིས་དང་བྲལ་བའི་ཕྱིར།། དེ་ལ་གནས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟ་བུར་མཐོང་ངོ་།། དེ་ལྟར་ཟླ་བ་དྲུག་ཏུ་བསྒོམས་པས་གསུང་གི་དངོས་གྲུབ་ཐོབ་པར་འགྱུརརོ།། དེ་ཡང་ཇི ་ལྟ་བུ་ཞེ་ན། ཇི་སྐད་སྨྲས་པ་བདེན་པར་འགྱུར་རོ།། དེ་ལྟར་བསྒོམས་པ་དེ་སྣང་བ་མཐའ་ཡས་ཀྱིས་བྱིན་གྱིས་རླབ་པར་འགྱུར་རོ།། ངག་གི་དེ་ཁོ་ན་ཉིད་རྫོགསོ།། །། ད་ནི་ལུས་ཀྱི་དེ་ཁོ་ན་ཉིད་བཤད་པར་བྱའོ།། ་དཔྲལ་བར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཅིག་བསམ། དེའི་སྟེང་དུ་ཨོཾ་བསམ་མོ།། ཨོཾ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ།། དེ་གཉིས་ཀྱི་བར་དུ་ཨོཾ་བསམ། དེ་ལྟར་དཔྲལ་བའི་ཏིང་ངེ་འཛིན་བསྐྱེད་པར་བྱས་ལ། རྫོགས་པའི་རིམ ་པ་བྱས་ཏེ། སོ་བསྡམས་ལ་དབུགས་དྲང་བ་དང་། རྩ་གཉིས་མནན་པ་དང་། དབུགས་ནང་དུ་དྲང་བ་གང་ཡང་རུང་བ་གཉིས་བྱའོ།། ངག་གི་དེ་ཁོ་ན་ཉིད་སྟོན་པའི་སྐབས་དང་པོ་བདེ་བ་སྐྱེ་བ་ནས། སྒྱུ་མ་ལྟ་བུ་མཐོང་བ་ལ་སོགས་པའི་བར་དུ་གོང ་དུ་བཤད་པ་དང་མཐུ་ནོ།། དེ་ལ་གནས་པའི་རྣལ་འབྱོར་པ་ལ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་རློབ་པར་འགྱུརོ།། ལུས་ཀྱི་དངོས་གྲུབ་བསྟན་པའོ།། ལུས་ཀྱི་དངོས་གྲུབ་ནི་ལུས་སྣ་ཚོག་སུ་སྤྲུལ་ནུས་བྱའོ།། ་ལུས་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། ། ང་ཡན་ཆད་ནི་ལས་དང་པོ་དེའོ།། ད་ནི་རླུང་གྲི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། རྫི་མ་སྡེབས་པ་བཅོ་བརྒྱད་པ་ཕྲག་སུམ་ཅུ་ལ་ཆུ་ཚོད་གཅིག་ཅེས་བྱའོ།། ཆུ་ཚོད་གཅིག ་སྣ་བུག་གཡས་ནས་བྱུང་སྟེ་ཉི་མའི་རང་བཞིན་ནོ།། ཆུ་ཚོད་གཅིག་སྣ་བུག་གཡོནྡ་ནས་བྱུང་སྟེ་ཟླ་བའི་རང་བཞིན་ནོ།། གཡས་གཡོན་གྱི་དབུགས་རེ་རེ་ཞིང་ཡང་བཞི་བཞིར་ཤེས་པར་བྱའོ།། དེ་ལ་བཞི་ནི་ཐུར་དུ་འབྱུང་བ་ཆུའི་རང ་བཞིན་ནོ།། གྱེན་དུ་འབྱུང་བ་བཞི་ནི་མྱེའི་རང་བཞིན་ནོ།། ལོགས་ནས་བྱུང་བ་བཞི་ནི་རླུང་གི་རང་བཞིན་ནོ།། ཐང་ཀར་འབྱུང་བ་བཞི་ནི་སའི་རང་བཞིན་ནོ།། དེ་བཞི་སྤྱན་ལ་སོགས་པའི་རང་བཞིན་ནོ།། སྣ་བུག་གཉིས་ཀྱི་བར་ནི་ན་མཁའོ།། ་དེ་ཉིད་ཧེ་རུ་ཀའི་རང་བཞིན་ནོ།། ལྷ་མོ་བཞི་ཧེ་རུ་ཀ་ལ་འདུས་པར་འགྱུ་རོ།། འདུས་པའི་དུས་སུ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། རྒྱུ་གང་གིས་མྱི་རྟོག་པོའི་ཡེ་ཤེས་སྐྱེ་བར་འགྱུར་ཞེ་ན། ལྷ་མོ་བཞི་པོ་ཧེ་ཀ་ལ་འདུས་པའི ་དུས་སུ། རྩ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འགྱུར་རོ།། ཧེ་རུ་ཀ་ལ་ལྷ་མོ་བཞིས་ཇི་ལྟར་འདུ་བར་འགྱུར་ཞེ་ན། གཡས་པའི་རླུང་ཆུ་ཚོངད་གཅིག་ཏུ་འབྱུང་བ་དང་། འཇུག་པའི་རྗེས་ལ་གཡོན་ནས་འབྱུང་སྟེ། དེ ་འཇུག་ཏུ་མི་གཞུག་པར་གཡས་སུ་དྲང་། དེ་གཡསུ་མི་འདུག་པར་གཡོན་དུ་འཇུག་པའི་དབང་གིས་བར་མའི་ཧེ་རཱ་ཀ་དང་འཕྲང་གཡོན་པའང་དེ་བཞིན་དུ་ཤེས་པར་བྱའོ།། དེའི་ཕྱིར་ན་ཧེ་རུ་ཀཱ་ལ་ལྷ་མྱོ་བཞི་འདུས་པ་ཞེས་བྱའོ།། དེའི་མན་ངག་ཐ ་མའི་ཞལ་ལས་ཤེས་པར་བྱའོ།། ། དེ་ལྟར་ཧ་ཀ་ལ་ལྷ་མོ་བཞི་འདུས་པའི་དུས་ན། དངོས་གྲུབ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ།། ཆུ་ཚོད་ནས་ལྷ་མོ་བཞི་ཧེ་རུ་ཀ་ལ་འདུས་པའི ་བར་དུ་རླུང་གི་དེ་ཁོ་ན་ཉིད་ཅེས་བྱའོ།། དེས་འདོད་ཆགས་ཆེན་པོའི་མེ་སྦར་བས་འཁོར་ལོ་བཞི་པོ་འོད་ཏུ་ཞུ་ནས་མི་རྟོག་པའི་ཡེ་ཤེས་སྐྱེའོ།། ཕྱི་ནང་གི་དངོས་པོ་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་ཉིད་དུ་ཤེས་པ་ནི ་དངོས་པོ་བསྲེགས་པ་ཞེས་བྱའོ།། དེའི་རང་བཞིན་ཤེས་པ་ནི་ཙཎྜ་ལཱྀ་ཞེས་བྱའོ།། ཕུང་པོ་ལ་སོགས་པ་ཐམས་ཅད་བསྲེགས་པའོ།། དེ་གང་ཡིན་ན་ནི་སེམས་ཡིན་ལ། སེམས་དེ་ཉིད་ཀུན་འཇོམས་མ་ཞེས་བྱའོ།། ཐམས་ཅད་སམྦ ་ཀྱི་རང་བཞིན་དུ་ཤེས་པ་གང་ཡིན་པ་དེ་ལ་བདུད་རྩི་འབབ་པ་ཞེས་བྱའོ།། སེམས་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། ། ད་ནི་དོན་དམ་པའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། ངག་གི་རང་བཞིན་མ་གྲུབ་སྟེ། ་ཕྱིར་མ་གྲུབ་ཅེ་ན། ངག་གི་གནས་ལུགས་ཉིད་མ་གྲིབ་པའི་ཕྱིར་རོ།། ཅིའི་ཕྱིར་ལུས་མ་གྲུབ་ཅེ་ན། བརྟགས་པས་དབེན་པའི་ཕྱིར་མ་གྲུབ་བོ།། དེ་ཡང་ལུས་དེ་རང་གི་ངོ་བོ་ཡོད་པ་གཅིག་ཡིན་ན་ནི།། བུད་མེད་ཀྱི་ལུས་གཅིག་ལ་འདོད ་ཆགས་ལ་སོགས་པའི་བློ་ཐ་དད་པར་འབྱུང་བར་མི་རིག་སོ།། གནས་མ་གྲུབ་པས་ན་གནས་མ་གྲུབ་པའི་ཕྱིར་རོ།། དཔེར་ནུ་པི་བྲང་གི་སྒྲ་དང་འདྲ་སྟེ། རྒྱུ་རྐྱེན་ཚོགས་པ་ལས་འབྱུང་སྟེ།། དེའི་ཕྱིར་རང་བཞིན་མེད་པར ་མངོན་ནོ།། དེ་ལ་དངོས་པོ་མཚན་མ་གཅིག་ལ་བློ་ཐ་དད་པ་འབྱུང་སྟེ། རྣལ་འབྱོར་པས་དོན་དམ་པར་གཉིསུ་མེད་པའི་ཡེ་ཤེས་མཐོང་ལོ། གཞན་དག་གིས་ནི་རྣམ་པར་རྟོག་པའི་དབང་གིས་སྣ་ཚོགས་པར་མཐོང་སྟེ། དེའི་ཕྱིར་རང་བཞིན་མེད་པ་ལ ་གནས་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེས་ཏེ། སེམས་ཅན་གྱི་ཐར་པ་ཐོབ་པའི་ཕྱིར། བདག་གིས་གོང་མ་ལྟ་བུའི་ཏིང་འཛིན་ལ་འཇུགོ། ཞུགས་ནས་འབྲས་བུ་ཐོབ་པར་བྱེད།། སེམས་ཅན་གྱི་དོན་བྱ་བར་སེམས་བསྐྱེད་།། རྡོ་རྗེ་ལྟ་བུའི་ཏིང ་འཛིན་རྣལ་འབྱོར་པས་མདུན་གྱི་ན་མཁའ་ལ་ཨོཾ་ལས་རླུང་གི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་བསྐྱེད།། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བསྐྱེད།། དེའི་སྟེང་དུ་དྷཾ་ལས་ཆོས་ཀྱི་འབྱུང་གཽནས་བསྐྱེད།། དེའི་སྟེང་དུ ་པཾ་ལས་པདྨ། དེའི་སྟེང་དུ་ཁཾ་ལས་སྣ་ཚོགས་རྡོ་རྗེ་བུམ་པའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་དྲིའི་དཀྱིལ་དུ་ཧཱུཾ་ཧཱུཾ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན། དེ་ལས་ཁྭ་དོག་རྣམ་པ་ལྔའི་རང་བཞིན་འོད་ཟེར་རྣམ་པ་ལྔ་སྤྲས་ཏེ། དེ་བཞིན་གཤེགས་པ་སྲས་དང་བཅས ་པ་དང་། བླ་མི་རྣམས་སྤྱན་དྲངས་ཏེ། གོང་ས་ཧཱུ~ཾ་ཉིད་ལོ་ཐིམ་པསེ་བྷྲཱུཾ་ནས་རླུང་གི་དཀྱིལ་འཁོར་གྱི་བར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་ནས། ཐིག་ལེའི་ནང་ན་ཧཱུཾ་གནས་པར་བསམ་མོ།། རང་གི་རླུང་གིས་ཐིག་ལེའི་ནང་ན་ཧཱུཾ་གནས་པ ་བསམ་མོ།། རང་གི་རླུང་གིས་ཐིག་ལེ་དེ་ཉིད་སྤྱན་དྲངས་ཏེ། གོང་གི་ཧཱུཾ་སྠཱ་རྩེ་རུ་བསམ་མོ།། དེ་ལྟར་ཉིན་དང་མཚན་དུ་བསྒོམས་པས་རྟགས་འབྱུང་སྟེ། སྨིག་རྒྱུ་ལ་སོགས་པ་འབྱུང་ངོ་།། གོང་མ་དེ་ལྟར་བསྒོམས་ན། སེམས་ཀྱི་བདེ་བ་སྐྱེ་བ་ནས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པ་ཡིན་ནོ།། ང་ཡིས་གོ་འབྱེད་སྙིང་པོ་བརྩམས་པ་ཡིས།། ཁམས་གསུམ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས།། དྲི་མེད་དགེ་བའི་རྩ་བ་གང་ཐོབ་པ།། རྟོག་པའི་དྲ་བ་བསལ་ནས་ཀྱང་།། ་བླ་མེད་བྱང་ཆུབ་ཐོབ་པར་ཤོག། ཆོས་ཐམས་ཅད་གོ་བྱར་བྱེད་པའི་སྙིང་པོ།། སློབ་དཔོན་ཆེན་པོ་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ།། ཤློ་ཀ་བརྒྱས་རིམ་པ་བདུན་དུ་ཕྱེ་ནས་ཆོས་ཐམས་ཅད་གོ་བར་བྱས་པའོ།། དཔལ་དགྱེས་པའི ་རྡོ་རྗེ་ལས། རྡོ་རྗེ་པ་ལས་སྣང་བ་མཐའ་ཡས་རྡོ་རྗེ་ལོ་ཞལ་གྱིས་གནང་། དེས་ཡི་གེ་འདི་མཛད་དོ།། དཔལ་དགྱེས་པའི་རྡོ་རྗེ་ལུས་སློབ་དཔོན་ཚྭནྡྲ་པཱ་སྣོད་བ་མཐཱཊྚ་ཡས་རྡོ་རྗེས་མཛད་པོའི་གོ་བྱེད་སྙིང་པོ་རྫོགས ་སོ།། ། དོན་གྱི་གོ་བྱེད་སྙིང་པོ་ན་གཉིས་མེང་ངོ་།། མཚོན་པར་བྱེད་པའི་གོ་བྱེད་འི་སྙིང་པོ་ན་ཚིག་དང་ཡི་གེའོ།། ་