CLOSE WINDOW

GT423: kye'i rdo rje'i dkyil 'khor gyi las kyi rim pa'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧེ་བཛྲཱ་མཎྜ་ལ་ཀརྨྨ་ཀྲ་མ ་བིདྷི། བོད་སྐད་དུ། ཀྱཻའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས ་ཀྱི་རིམ་པའི་ཆོ་ག། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། དང་པོར་སློབ་དཔོན་གྱིས་བླ་མ་ལ་དབང་ཐོབ་ཅིང་། ་དམ་ཚིག་ལ་གནས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་དེས། སློབ་མ་ལ་དབང་བསྐུར་བའི་དོན་དུ། དཀྱིལ་འཁོར་བྲི་བ ་ནི། དང་པོར་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ། དེས་ཤིང་འཇམ་ལ་སྙན་པར་སྨྲ་བ། སེམས་ཅན་ཐམས་ཅད་ལ ་བྱམས་པ་དང་། སྙིང་རྗེའི་སེམས་དང་ལྡན་པ། ཐོས་བསམ་དང་ཀློག་པ་ལ་མངོན་པར་བརྩོན་པ། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གྱིས།། གསང་བའི་ཆོས་ལ་ཤིན ་ཏུ་དད་པ། བླ་མ་ལ་གུས་པ་བསྟན་བཅོས་ལ་འཇིགས་པ་མེད་པ། གཏོང་སེམས་ཆེ་བ་དང་ལྡན་པའི་སློང་མ་དེ་ཡོངསུ་གཟུང་བར་བྱའོ།། དེ་ལྟར་སློབ་མ་བརྟགས་པའི་རྗེས་ལ། ་དང་པོའི་ལྷའི་བསྙེན་པ་བྱ་སྟེ། དེ་ལ་གཙོ་བོ་འཛིང་ནི་འབུམ་དུ་བཟླས་པར་བྱའོ།། ལྷ་མོ་རྣམས་ཀྱི་འཛབ་ནི་སྟོང་དུ་བཟླས་པར་བྱའོ།། དེ་ལ་སློབ་དཔོན་ལ་ལ་དག་བཞེད་ཀྱི། ལྷ་མོ ་བརྒྱད་ཀྱི་འཛབ་ནི་མི་དགོས་ཏེ། ཅིའི་ཕྱིར་ཞེ་ན། དཔའ་བཱི་ཡན་ལག་ཏུ་གྱུར་པས་ན།། དང་འོ་གཅིག་པོ་བྱས་པས་ཆོ་གསུང་། དེ་ལྟར་བཟླས་པ་བྱས་ཕྲ་མཚན་མ་བྱུང་ན། དཀྱིར་བྲི་བ་བརྩེ ་པར་བྱ་སྟེ། དང་པོར་སེམས་དག་པ་མངོན་དུ་བྱས་ལ། ཀྱེའི་རྡོ་རྗེ་དང་ལྡན་པས་ལྷ་རྣམས་མཉེས་པ་བྱས་ཤིང་། དཀྱིལ་འཁོར་བྲི་བའི་ཕྱིར། ས་གཞི་ཡོངས་སུ་བརྟག་པར་བྱ་སྟེ། ནགས་ཚལ་ཤིན་ཏུ ་དབེན་པའམ། བྱང་ཆུབ་སེམས་དཔའི་ཁྱིམ་འམ། རྒྱ་མཚོ་ཆེན་པོའི་འགྲམ་མམ། དུར་ཁྲོད་གྲུབ་པའི་གནས་སམ། སྔོན་དཀྱིལ་འཁོར་བྱས་པའི་གནས་སམ། ཡང་ན་གནས་ཡིད་དུ་འོང་བའི་ས་ཕྱོགས་རང་གི་སེམས་འཇུག་པ། མཛེས ་ཤིང་ཡིད་དུ་འོང་བ་རུ། དྲི་ཞིམ་པའི་ཆུ་གཏོར་ཏེ། མེ་ཏོག་སྣ་ཚོགས་པ་ཡང་དགྲ་མ། གནས་གང་ཡང་རུང་བ་དེར། ཤར་དང་བྱང་དུ་གཞོལ་ན། རྣལ་འབྱོར་པ་རྣམས་དངོས་གྲུབ་ཏུ་འགྱུརརོ།། དབུས་མཐོ་ན་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ ་པར་འགྱུར།། བྱང་མཐོ་ན་མཁའགྲོ་མ་རྣམས་ཀྱི་རྗེས་འབྲང་བར་འགྱུར་རོ།། ཤར་མཐོ་ན་རིགས་བཞི་དང་། ལྔ་ལ་སོགས་པ་རྟོགས་པ་ཟད་པར་འགྱུར་རོ།། ས་གཞི་དབུས་དམའ་ན་སྔགས་པ་འཇིགས་པ་དང་བཅས་པར་འགྱུར་རོ།། དེ་ལྟར་མཚན ་ཉིད་དང་ལྡན་པའིའོ་གནས་དེར་བསྒྲུབས་ནས། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ།། ས་བརྟག་པའི་རིམ་པའོ།། ། དེ་ལྟར་བརྟགས་པའི་དབུས་སུ། ཀྱེའི་རྡོ་རྗེ་དང་ལྡན་པར་འདུག་ལ། སའི་ལྷ་མོ་བསྐུལ་ལ་གསོལ་བ་གདབ ་པར་བྱ་སྟེ། ལག་པ་གཉིས་ཀྱི་སོར་མོ་ལན་གསུམ་དུ་ས་ལ་བརྡབ་པར་བྱའོ།། བརྡབས་པས་སའི་ནང་ནས་ཕྱིར་འཐེར་ནས། རྣལ་འབྱོར་པའི་མདུན་དུ་འདུག་ནས་གནས་པར་བསམ་མོ།། ལྷ་མོ་དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང ་ལྡན་པ། མདོག་སེར་པོར་གནས་པ། བཞིན་སྒྲུབ་པ་མཛེས་པ་ཕྱག་ན་བུམ་པ་བསྣམས་ཏེ། བདག་ནི་ཅི་བགྱི་བཀའ་སྩོལ་འཚལ་ཞེས་སྨྲ་བར་བསམ་མོ།། དེ་ལྟར་བསམས་པའི་ལྷ་མོ་བོ་ལ་མཆོད་ཡོན་དང་། ཞབས་བསིལ་དང་། མཆོད་པ་དང་། ་གཏོར་མ་པུས་ལ་འདི་སྐད་བརྗོད་པར་བྱའོ།། སྐྲོང་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱེད་ནི་དབང་དུ་འགྱུར།། ཤཱཀྱ་སེང་གེ་སྦྱོང་པ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ།། དེ ་བཞིན་བདག་གིས་བདུད་སྡེ་ལས།། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི་ཞེས་ལན་གསུམ་བརྗོད་ལ་སའི་ལྷ་མོ་དགའ་བའི་མདངས་ཀྱིས། ཁྱོད་སློབ་དཔོན་ཡིན་གྱིས་དཀྱིལ་འཁོར་གྱིས་ཤིག་ཟེར་ནས། དེ་ནི་ས་བླང་བའི་རིམ་པའོ།། དེ་ནས་ས ་ཕྱོགས་དྲི་ཞིམ་པོའི་ཆུས་གཏོར་ཏེ། བདུད་རྩི་ལྔའི་ཚིག་ཆག་གདང་། དེ་ནུས་ལྟེ་འཕྱེའི་རིམ་པ་ཤེས་པར་བྱས་ལ།། དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ་མགྲིན་པ་དང་། ལྟེ་བ་དང་པུས་མོ་ཡིན་ཆོད་དུ་བརྐོ་བར་བྱའོ།། དེ་ནས ་སོའི་རོ་རྔོ་དང་། མགལ་དུམ་དང་། སེལ་བ་དང་། རུས་པ་དང་། ཀྱེ་མོ་དང་གསོག་མ་དང་། དེང་བ་ལ་སོགས་པ་མེད་པར་བྱས་པའི་ས་གཞི་བཟང་པོ་སྣུམ་པ་ལ། དྲི་བཟང་པོ་ཙན་དན་དང་། གུར་གུམ་དང་། ག་པུར་དང་། ་གླ་རྩི་ལ་སོགས་པ་དང་། ཡང་བསྲེགས་པས་དགང་། ཡང་ན་དྲི་ཞིམ་པོ་དང་། ཆུ་བསྲེས་ལ་ཡི་ག་ཧཱུཾ་བཟླས་པའི་ཆུ་དང་། བསྲིས་ཤིང་འཐས་པར་བཅག་ཅིང་བཀང་ལ། རིན་པོ་ཆེ་ལ་སོགས་པིའི་སའི་གཏེར་བཅུག་པ་དང་། ལག ་མཆིལ་ལྟར་མཉམ་པའི་སྟེང་དུ། ཡན་ལག་དྲག་དང་ལྡན་པའི་རྣལ་འབྱོར་པ་འདུག་ལ། ཨོཾ་ཨཱ་རཀྵ་ནས་བརྗོད་པས། ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱའོ།། འོག་དང་སྟེང་རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེར་བྱ་དེ་ནས ་ཨོཾ་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ། ཞེས་པས་ཐམས་ཅད་འོང་དང་ལྡན་པར་བྱའོ།། ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པ།། ལྷ་མོ་ཁྱོད་ནི་དབང་དུ་འགྱུར།། རིན་ཆེན་སྣ་ཚོགས་ཕྱེ་བཏགས་པས།། བདག་གིས་དོན་ཡོད་དཀྱིལ་འཁོར་བྲི།། དོན་དེ་བི་ཤཱཀྱ་བུདྡྷ་སི།། ཧ་བཛྲ ་དྷ་ན་ན་རཏྣ་ན་ད་རི་ཏེ་ཏོ་ཨཱིཏྨ་ཀོ་ཧཾ། མཎྜལ་ལ་ན་ཁེ་དཾ། ས་གཞི་བྱིན་གྱིས་བརླང་ཅིང་སྟ་གོན་ལ་གནས་པའི་རིམ་པའོ།། ། དེ་ནས་བླ་མ་ནི་ཡན་ལག་དུག་དང་ལྡན་པ། རྒྱན་སྤྱི་གཙུག་གི་རྒྱ་གྲམ་དང་། མགུལ་རྒྱན་དང་། རྣ་རྒྱན་དང་། སྭཱ ་རིགས་དང་། ཕྱག་གདུང་དང་། རྒྱན་ལྔར་ལྡན་པས། རྡོ་རྗེ་དང་དྲིལ་བུ་ཐོགས་ལ། གོང་དུ་སྨོས་པའི་མདུན་དུ་འདུག་ལ། ལྷ་མོ་གཽ་རཱི་ལ་སོགས་པ། རིགས་བཞིའི་ཏིང་ངེ་འཛིན་ཕྱོགས་བཞིར་འདུག་ལ། རྡོ་རྗེ་དྲིལ་བུ་ཐོགས་ལ་མདོ་བསྐུལ་བར་བྱའོ།། ་དེ་ཡང་བསྐུལ་བའི་སྔོན་དུ་མཆེད་པ་བྱ་སྟེ། གཽ་རཱི་ཏིང་ངེ་འཛིན་ཅན་གྱིས། ཨོཾ་བཛྲ་བུཥྤེ་ཨཱ་ཧཱུཾ། ཨོཾ་བཛྲཱ་དྷཱུ་བེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨཾ་བཛྲ་ནཻ་བེ་དྱེ་ཨཱ་ཧཱུཾ། ཞེས་བྱ་བའི་མཆོད་པ་རྣམ་པ་ལྔས་མཆོད་དེ། ཁྱེད་ནི་རྣལ ་འབྱོར་མ་རྣམས་བསྐོར་ཞེས་བྱ་བ་ལ་སོགས་པས་བསྟོད་དོ།། དེ་ནས་འདི་སྐད་ཅེས་བསྐུལོ།། དེ་བཞིན་གཤེགས་པ་ཀུན་ཞ་བ།། དེ་བཞིན་གཤེགས་པ་ཀུན་གྱིས་གནས།། ཀུན་འབྱུང་རྡོ་རྗེ་སེམས་དཔའ་ཡི།། དཀྱིལ་འཁོར་འདྲེན་པ་བཤད་དུ ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་ཡང་དག་སྤངས།། ཀུན་ཏུ་བཟང་པོ་ཀུན་ཆེན་གྱི།། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། ཡང་དག་སངས་རྒྱས་མཆེག་ཞི་བ།། ཡེ་ཤེས་སྤྱོད་པ་རྣམ་པར ་སྤྱོད།། རྡོ་རྗེའི་གསུང་ནི་ཀུན་འབྱུང་བ།། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། རྣམ་སྣང་མཛད་ཆེན་འབྱུང་བ་ཡི།། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། དེ ་ནས་གོང་དུ་སྨོས་པ་ཡིས།། ཕྱག་རྒྱ་ལྔ་དང་ལྡན་པ་ཡི།། ཀྱེའི་རྡོ་རྗེ་བསྒོམ་པ་དེས་བགེགས་བསྔལ་བར་བྱས་ཏེ། རྐང་པ་གཉིསུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམ་ལ། མིག་གཡས་སུ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་དུ་ཊ་ལས་ཟླ་བའི་དཀྱིལ ་འཁོར་དུ་བསམས་ཏེ། རྡོ་རྗེ་ལྔ་བས་ཐམས་ཅད་ཏུ་བལྟས་ཏེ། དེ་ཡང་རབ་ཏུ་མྱུར་བ་ཡིས། མིག་གི་རྫི་མ་འདྲེན་པ་ནི།། འབར་བའི་ལྟ་བ་ཞེས་སུ་གསུངས།། འགྲོ་བ་ཐམས་ཅད་དགུག་པའོ་ཞེས་པ་ལྟར་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ ་གཟུང་ཞིང་། གཡས་ཀྱིས་རྡོ་རྗེ་གསོར་ལ། སྟེང་འོག་ཏུ་ལེགས་པར་འཁྱུད་ནས། ས་ཕྱོགས་དེ་ན་གནས་པ་འདིས་བསྐྲད་པར་བྱའོ།། ས་ཕྱོགས་འདིར་ངས་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང ་པོ་དང་། ཤ་ཟ་མོ་དང་། སྲིན་མོ་ལ་སོགས་པ་གང་དག་གནས་པའི་བདག་པོ་མྱུར་དུ་སོང་ཞིག། འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས། མྱུར་དུ་དེངས་ཤིག། གང་དག་མི་འགྲོ་བ་དེ་ལ། ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ ་བརྒྱར་འགས་པར་འགྱུར་རོ།། ཞེས་ལན་གསུམ་དུ་བརྗོད་ལ་དབང་ལྡན་གྱི་མཚམས་ནས་རྩམས་ནས། ཧཱུཾ་མང་པོ་བརྗོད་ཅིང་ལན་གསུམ་སྐོར་དུ་བསྐོར་བར་བྱའོ།། བསྐལ་པའི་མེ་ལྷ་བུའི་འོད་ཟེར་རྐང་པའི་འོག་ནས་བྱུང་བ་ཡིས ་གདུག་པ་ཅན་རྣམས་བསྲེགས་པར་གྱུར་པར་ཕན་ཚུན་འབྱོར་པར་བསམ་མོ།། དེ་ཡང་རོལ་པའི་གོམས་སྟབས་བརྒྱད་པས་གཙོ་བྱའོ།། རྐང་པ་བསྐྱོད་དང་ལག་པ་བསྐྱོད།། སྨིན་མ་འདེགས་དང་རབ་དགས་ཕྱེ།། ཅུང་ཟད་ངེ་ཚ་བུར་མིག་དང་།། ་ཟླ་རྒྱས་ལྟ་ན་དུར་བ་དང་།། མིག་ཡངས་གར་ནི་བྱེད་འགྱུར་ཞིང་།། ཁ་ཡི་པདྨ་འཛུམ་དང་བཅས།། ཅུང་ཟད་དམར་བའི་མཆེ་བ་འཆང་།། ཀུན་དཱ་ན་ལྟར་དཀར་པོའི་ཕྲེང་།། དཔལ་ལྷུན་ཁྲག་འཐུང་རྣལ་འབྱོར་ཆེས།། སེམས་ཅན ་སྒྲོལ་བ་རྨད་དུ་བྱུང་།། དེ་ལ་སོགས་པའི་ཀ་ནི།། བགེགས་ལ་སོགས་པ་བསྐྲད་པར་བྱ།། དེ་ནས་སྔོན་དུ་གསུངས་པའི་རཀྵའི་སྔགས་ཀྱིས། རྡོ་རྗེ་ས་གཞུ་དང་གུར་དང་བླ་རེ་ལ་སོགས་པ་བྱའོ།། དེ་ལྟར་བྱས་ན་དཀྱིལ་འཁོར ་གྱི་སའི་ཆེ་ཉེས་པ་དག་མེད་པར་འགྱུརརོ།། བགེགས་བསལ་བའི་རིམ་པའོ།། དེ་ནུས་པའི་རྣམ་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་དང་། བདུད་རྩིའི་ལྔའི་ཆུས་བྱུགས་ལ། དེའི་སྟེང་ཟེའི་ཐིག་ལེ་བྱ། ཐིག་ལོའི་སྟེང་མེ་ཏོག་བཞག་ལ། སྣ ་ཚོགས་པདྨར་བསམ། པདྨའི་སྟེང་དུ་ཨཾ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་རང་གི་སྔགས་ཧཱུཾ་ག་ཙཱ་བཾ་བྷཾ་པཾ་སཾ་ལཾ་ཊེ། རྣལ་འབྱོར་གྱི་ལྷའི་འཁོར་ལོ་བསྐྱོད་ལ། རང་རང་གི་གདོན་དེ་ཉིད་ལ་བཞུགས་པར་བསམ་དེ་ནས་ཡེ ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲང་བར་བྱ་སྟེ། གཽ་རཱི་ཛཿཞེས་བསྐུལ་བས། གཽ་རཱི་ལས་སྤྲུལ་པའི་གཽ་རཱི་ལྕགས་ཀྱུ་ཅན་མང་པོ་འཕྲོས་པས། རང་བཞིན་གྱི་དཀྱིལ་འཁོར་ནས་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ལ། རྡོ་རྗེ་བླ ་རེའི་སྟེང་ན་བཞུགས་པ་ལ། པྲོཀྵ་ཎ་དང་། ཨརྒྷ་དང་། ཨཉྩ་དང་། བི་དྷི་དང་། སྤོས་དང་། མེ་ཏོག་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱིས་མཆོད། ལྷ་མོ་བརྒྱད་ཀྱི་མཆོད་པས་ཀྱང་མཆོད།། དེ་ནས་ཙཽ་རཱི་ཧཱུཾ་ཞེས་པས། ཙཽ་རཱྀ་ཞགས་པ ་ཅན་གྱིས་གཞལ་ཡས་ཁང་གི་ནང་དུ་གཞུག། བེདྡྷ་ལི་བཾ་གི་དེ་བཞིན་དུ་བཅིང་། གྷསྨ་རཱི་ཧོཿས་དགྱེས་པར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ།། དེ་ནས་ཕྱིའི་མཆོད་པས་མཆོད།། ནང་གོ་མཆོད་པས་ཀྱང་མཆོད།། ་དྲིལ་དུའི་སྒྲས་སྲིད་པ་རང་བཞིན་གྱིས་དག་ཕྱིར།། ངོ་བོ་ཉིད་ཀྱིས་དངོས་མེད་བྱས།། རང་བཞིན་དགྲ་པའི་སེམས་དཔའ་རྣམས།། དམ་པའི་སྙིང་པུ་བྱེད་པ་ར་ཤོག།། ཅེས་པ་དང་། ཚད་དངོས་པོའི་རང་བཞིན་མཆོག་གདོད་ནས་ཐད་རང་བཞིན་གནས།། ཐབས ་དང་ཤེས་རབ་གཉིས་མེད་པ།། ཀྱེ་ཡི་རྡོ་རྗེརརོ་བདག་ཕྱག་འཚལ། ཞེས་པ་ལོ་སོགས་པ་རྡོ་རྗེ་གླུའི་ཚིག་གིས་བསྟོད་དོ།། དེ་ནས་བདུད་རྩི་མཆོད་པ་ཀྱེའི་རྡོ་རྗེ་འཁོར་དང་བཅས་པས་ཡང་བྱའོ།། དེ་ནས་འདི་སྐད་བརྗོད་པར་བྱའོ།། གཉིས ་མེད་ཡེ་ཤེས་ལས་བྱུང་བ།། ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན།། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ།། བདག་མེད་མ་དང་ཡང་དག་ལྡན།། ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་།། རིག་པའི་ལྷ་མོ་རྫུ་འཕྲུལ་དང་།། བྱང ་ཆུབ་སེམས་དཔའ་ལ་སོགས་ཀུན།། མ་ལུས་བདག་ལ་དགོངས་སུ་གསོལ།། སློབ་མ་ལ་ནི་ཕན་པ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། རྡོ་རྗེ་ཅན་བདག་གིས་ཤེས་པ།། ནང་པར་དཀྱིལ་འཁོར ་འདྲི་བར་བགྱིད།། རྗེསུ་བརྩེ་བར་ཉེར་དགོངས་ཏེ།། བྱིན་གྱིས་བརླབ་པ་མཛད་དུ་གསོལ།། དེ་ནས་དྲི་ཞིམ་པིའི་མེ་ཏོག་ཕྲེང་། བདུད་རྩི་ལྔ་དང་སྤོས་ལ་སོགས་པ་དབུལ་བར་བྱའོ།། ལྷ་ལ་གསོལ་བ་གདབ་པའི་རིམ་པའོ།། ་དེ་ནས་སློབ་མའི་གཙོ་བ་འཁོར་དང་བཅས་པ་ལྷག་པར་གནས་པར་བྱ་ཞིང་། མཆོད་པར་བྱ་བ་འདི་བརྗོད་དོ།། བུ་ཚུར་ཐེག་པ་ཆེན་པོ་ལ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། གོསང་སྔགས་སྤྱོད་ཚུལ་ཆོ་ག་འདི།། ཁྱོད་ལ་ཡང་དག་བཤད ་བར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་དང་།། དེ་ལྟར་བྱུང་བའི་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས།། དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། ་དདའ་བྱོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་ཚད་མེད་བརྙེས།། གསང་སྔགས་སྦྱོར་བ་མཉམ་མེད་དེ།། སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས།། བདུད་སྡེ་ཤིན་ཏུ་མི་བཟད་པ།། དབང་ཆེན་དག་ཀྱང་དེ་ཡིས་བཅོམ།། དེ་བས་ཀུན ་མཁྱེན་ཐོབ་པོའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་ཏུ་བདག་ནི་སྐྱབསུ་མཆི།། རྣལ་འབྱོར་གསང་སྔགས་མཁའ་གྲོ་མ།། འཁོར་ལོར་བཞུགས་པའི་བདག་ཉིད་ཅན།། ཀུན་ལ་རྟག་ཏུ ་སྐྱབསུ་མཆི།། དཔའ་བོ་དཔའ་མོ་དབང་ལྷ་མོ།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ།། ཁྱད་པར་དུ་ནི་སློབ་དཔོན་ལ།། རྟག་པར་བདག་ནི་སྐྱབསུ་མཆི།། དཔལ་ལྡན་ཁྲག་འཐུང་ལ་སོགས་པ།། རྣལ་འབྱོར་མ་དང་སྣང་མཛད་སོགས།། བྱང་ཆུབ་སོད། ་བདག་མེ་དག། ཐཾད་བདག་ལ་དགོངས་སུ་གསོལ།། ཆེ་གེ་དུས་འདི་ནས་བཟུང་སྟེ།། ཇི་སྲིད་བདག་མེད་པར་གནས་པར།། དེ་ཡི་ཚངས་སྤྱོད་གཉིས་མེད་པར།། བདག་གི་སྡོམ་པ་ལེགས་པར་གཟུང་།། དེ་ནས་འོག་ནས་འབྱུང་བ་འདི་རྣམས་ཀྱིས་ཀྱང་།། ་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་བགྱིས་པ་དང་། བགྱིང་དུ་སྤྲུལ་དང་ཡི་རང་རྣམས།། སངས་རྒྱས་སྤྱན་སྔར་མཆིས་ནསུ།། དེ་དག་ཐམས་ཅད་བཤགས་པར་གྱི། སངས་རྒྱས་བྱང་ཆུབ་སེམས ་དཔའ་དང་།། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས།། བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས།། དེ་ལ་བདག་ནི་ཡིད་རང་ངོ་།། སེམས་སྐྱོད་མངོན་པར་སངས་རྒྱས་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། བྱང་ཆུབ་སེམས་དབུ ་ཚོགས་སྤྱོད་ལ།། དེ་ལ་བདག་གིས་སྐྱབསུ་མཆི།། སངས་རྒྱས་འབྱུང་བ་ཇི་ལྟ་བ། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར།། འདི་ཉིད་དུ་ནི་སེམས་བསྐྱེད་དོ།། མགོན་པོ་བདག་ལ་དགོངས་སུ་གསོ། ་མ་ལུས་བཞུགས་པའི་སངས་རྒྱས་རྣམས།། དུས་འདི་ཉིད་ནས་སངས་རྒྱས་པར།། བླ་མེད་བདག་ལ་གཟིགསུ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས་རྣལ་འབྱོར་སྡོམ་པ་ནི།། ཡང ་ངག་ཉིད་དུ་གཟུང་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དམ་ཚིག་ཡིད ་དུ་འོང་བ་ལ།། ཉིན་རེ་བཞིན་ནམ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པ་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་གཟུང་།། ལས་ཀྱི ་རིགས་མཆོག་ཆེན་པོ་ཡི།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ཚུལ་ཁྲིམས་ཀྱི་ནི་སློབ་པ་དང་།། དགེ་བའི་ཆོས་ནི་བསྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས ་གསུམ།། དེ་བཞིན་རྟག་པར་གཟུང་བར་བགྱི།། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་མི་རིང་སངས་རྒྱས་མྱུར་འགྲུབ་པས།། སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས།། བླ་མེད་བྱང་ཆུབ་ཉིད་དུ་འགྲུབ་པར་བགྱི།། ་ཞེས་ཞུས་པ་དང་། བླ་མས་སློབ་མ་བསྲུང་བར་བྱ་སྟེ། སློབ་མ་ཀུན་གྱི་ལུས་ངག་ཨིང་གསུམ་དུ། སྤྱི་བོར་འཁོར་ལོ། མགྲིན་པཱར་པདྨ། སྙིང་གར་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ། ཨོཾ་ཨཱཿཧཱུ~ཾ་སཾ་ཧྲཱིཿཧཱུཾ་དེ་ནས་སློབ་དཔོན་གྱི་ལག་ཏུ་རྡོ་རྗེ་གཟུང ་ལ། སློབ་མའི་གནས་གསུམ་དུ་རྡོ་རྗེ་གཏུབ་ཅིང་།། ཨོཾ་ཨཱཿཧཱུ~ཾ་བརྗོད་ཅིང་། དྲིའི་ཆུས་བྱུང་།། དེ་ནས་རིམ་པས་སློབ་མ་ཀུན་གྱི་མགོ་བོ་ལ་མེ་ཏོག་སྦྱིན་མདུན་དུ་སྤོས་སྦྱིན། མར་མེ་དང་དྲི་སྙིང་གར་སྤྱན་ནོ།། དེ་ནས་སོ་ཤིང་གི་ཆོ་ག་བྱ་སྟེ། ཡིད་འོང་ཨུ ་དུམྦྷ་རཱུ་ཤྭཏྟ།། མེ་ཏོག་བཅིངས་ཤིང་དྲི་ཡིས་བྱུག། སོར་ནི་བཅུ་གཉིས་ཚད་དུ་བྱ།། མི་གཡོ་མ་གས་འབུས་མ་ཟོས།། ལྕི་བ་བ་ཡི་ཀོ་བ་ཙམ།། ས་གཞི་མཎྜལ་བྱས་ནས་ནི།། སློབ་མ་དེ་ཡི་སྟེང་གཞག་ནུས།། མེ་ཏོག་ལ་སོགས་མཆོད་པ་བྱ།། སློབ ་མའི་ཚེགས་ལ་སྦྱིན་པར་བྱ།། དེ་ནས་ཤར་ཕྱོགས་ཁ་བལྟས་ཏེ།། མི་སྨྲ་བར་ནི་སོ་ཤིང་བཅའ།། ཟ་བ་བྱིན་ན་མི་གདགས་ཤིང་།། ཕན་ཚུན་དུ་ཡང་མི་འདོར་རོ།། སོ་ཤིང་མདུན་དུ་དྲང་པོར་བོར།། དེ་ཡི་ཚེ་ན་མཚན་མ་ནི།། དེ་ཚེ་བདག་ལ་བལྟ་བ་དང་།། ་རྩེ་མོ་གྱེན་དུ་འགྲེང་གྱུར་ནཱ།། དེ་ཡི་དངོས་གྲུབ་མཆོག་ཏུ་བཤད།། དེ་བཞིན་གཞན་དུ་ཁ་ལྟས་ན།། དེ་བཞིན་དངོས་གྲུབ་འབྲིང་དུ་བཤད།། མཚམས་དང་བྱང་དུ་ཁ་བལྟས་ན།། འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ།། སོ་ཤིང་དོར་བ་བརྒྱ་ཞིག་ལ།། གལ ་ཏེ་ཐུར་དུ་ཁ་བལྟས་ན།། དེ་ནི་ངེས་པར་ས་འོག་གི། དངོས་གྲུབ་དེ་ལ་ཐེ་ཚོམ་མེད།། དེ་ནས་དྲི་ཆུས་ལེགས་པར་བཀྲུས་ཏེ།། འཐོར་འཐུང་བྱའོ།། ཨོཾ་བི་ཤུདྡྷ་དྷརྨྨ་སརྦ་པཱ་པཾ་ནི་ཙཱ་སྱ་ཤེ་དྷ་ཡ། སརྦ་བི་ཀལྤ་ན་ཨ་པ་ནཱ་ཡ་ཧཱུཾ། ཞེས་པས་བཟླས་པའི་ཆུ་ཧུ་བ ་གསུམ་འཐུང་དུ་གཞུག་པའི་སྔགསོ།། དེའི་འོག་ཏུ་སློབ་མ་རྣམས་ལ་སེམས་དགའ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་བ་ནི། འཇིག་རྟོན་ཁམས་ནི་ཐམས་ཅད་དུ།། ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར།། མེ་ཏོག་ཨུ་དུམྦ་ར་བཞིན།། བརྒྱ་ལམ་ན་ནི་རེ ་འགའ་འབྱུང་།། དེ་ཕྱིར་ཕྲད་དཀར་བྱུང་བ་ཡི།། གཉིས་མེད་ཟབ་མོ་སྤྱོང་ཚུལ་འདིས།། སེམས་ཅན་སངས་རྒྱས་པར་བྱེད་པའི།། བསྐལ་པ་གྲངས་མེད་མང་པོར་ནི།། སྔོན་དུ་བྱས་པའི་རྣམ་སྨིན་གང་།། དེ་ཀུན་ཟད་པར་གྱུར་པ་ནི།། ཟབ་མོའི་དཀྱིལ་འཁོར ་མཐོང་བས་སོ།། དེ་ནི་ཛཱ་ཨ~ཾ་ཨཱཿཧཱུཾ་ཞེས་པས་ཀཱ་ཤ་བྱིན་གྱིས་བརླབས་ལ། སྔས་སུ་བཞག་པར་བྱ། སྟན་དུ་ཡང་བཏིང་བར་བྱ། དེ་ནས་སྲུང་སྦྲད་གདགས་པ་ནི། བསྐྱང་སྤྲད་དམར་པོ་ལ་མདུང་པ་དྲུག་ཏུ་བོར་ལ། དཔུང ་པགཡོན་པར་བཏགས་ཏེ། བསྲུང་བའི་ཕྱིར་བཅིང་བའོ།། དེ་ནས་མཆོད་པ་བྱས་གཏོར་མ་བཏང་ལ། སློདང་དཔོན་ནང་དུ་ཞུགས་ལ། དཀྱིལ་འཁོར་གྱི་ལྷ་ལ་བྱི་ནང་གི་མཆོད་པས་ཡང་དག་པོར་མཆེད་དེ།། སྐྱོབ་མོ་རྣམས་ནི་སྟེ་གོན་གྱི ་གནས་དེ་ཉིད་དུ། ཀུ་ཤའི་སྟན་ལ་སེང་གེའི་ཉལ་སྟབསུ་འདུག་ལ། རྨི་ལམ་གྱི་མཚན་མ་བལྟ་བར་བྱ་བའི་ཕྱིར། མི་སྨྲ་བར་ཀྱེའི་རྡོ་རྗེ་ཡིད་ལ་བྱས་ལ། བསམ་གཏན་གྱི་སེམས་ཀྱིས་ཉལ་བར་བྱའོ།། དེའི་མཚན་མོའི་མཐར་རྨི་ལམ་གང་དང ་གང་རྨི་བ་འདྲི་བར་བྱའོ།། དྲིས་པ་ཐོས་ནས་རྨི་ལ་མ་བཟང་ངན་ཕྱོགས་པ་མེད་པ་བརྗོད་པར་བྱའོ།། དེ་ན་ས་རྨི་ལམ་བཟུང་པོ་མཐོང་ན་སློབ་མ་ལ་རྗེ་སུ་ཡི་རུང་བར་བྱའོ།། དངོས་གྲུབ་རབ་འབྲིང་ཐ་མོ་བརྗོད་པར་བྱའོ།། ངན་པ་མཐོང་ན་ངའི་རྣམ་ལྔ་འབྱུང ་དུ་གཞུག། དྲག་པོའི་སྦྱིན་བསྲེག་བྱའོ།། དེས་རྟོག་པ་ཞི་བྱར་འགྱུར།། སློབ་མ་ལྷག་པར་སྟེ་གོན་ལ་གནས་པའི་རིམ་པའོ།། ། དེ་ནསོ་གསེར་རམོ་དངུལ་ལམ། ཟངས་ལ་རྣམ་པར་རྒྱལ་བའི་དུམ་པ་བྱས་ལ། དེ་རྣམས་མ་འབྱོ་ན ་ལས་བྱའོ།། དྲིམ་པ་གཞོན་རྣམས་ཀྱང་རིན་པོ་ཆེའི་གྲངས་མ་རྙེད་ན་ཁམས་ལས་བྱའོ།། ཀུན་ས་དཀར་གྱིས་བྱུགས་ལ། བདྨའི་ལྟེ་བ་ལ་ཕྱག་མཚན་བཀོད་ལ་བཞག། དེ་ནས་བུམ་པ་རྣམས་རང་བཞིན་མེད་པོར་བསམས་ལེ། དེ་ལ་པའྀ ་གེ་ཁཾ་དཀར་པོར་གྱུར། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བྱམ་པ་ནག་པོར་རི་མེད་པ་དཀར་པོར་འདུག་པ། མགྲིན་པ་རིང་བ་ལྷོ་ཆེ་བ་མཆུ་འཕྱང་བ་བསྒོམས་ལ། དེའི་ནང་དུ་བཾ་དམར་པོ་ལས་པདྨར་གྱུར་པའི་སྟེང་དུ། ཨ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ ་གཾ་ཙཾ་དཾ་གྷ་བཾ་ཤ་ལ~ཾ་ཌཾ། དེ་རྣམས་ཡོངསུ་གྱུར་པ་ལས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྐྱེད།། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། གཽ་རཱི་ཛཿལ་སོགས་པའི་ཕྱག་རྒྱ་བཞིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱས་ལ། དབྱེ ་མེད་པར་བསམ་མོ།། དེ་ལ་པྲོཀྵ་ཎ་དང་། ཨནྟ་དང་། ཨཉྩ་མཱ་ནཱཾ་དང་། བི་དྷི་དང་། མཆོད་པ་རྣམ་པ་ལྔ་དང་། ལྷ་མོ་བརྒྱད་ལ་བསྟོད་པ་རྣམས་བྱས་ལ། དེ་ནས་འཛབ་བརྒྱ་རྩ་བརྒྱད་བཟླས་ལ་བཞག་གོ། དེ་ནས་སྤོས་ཀྱིས་ཀྱང་མཆོད་པ་བྱ་སྟེ། མེ་ཏོག ་དཀར་པོ་ཆལ་བར་གཏོར་བ་ལ་སོགས་པ་བྱའོ།། དེ་ནས་ལྷ་རྣམས་འོད་དུ་ཞུ་བ་ལས། བྱང་ཆུབ་ཀྱི་སེམས་ཀྱིས་དཀར་མེར་གྱིས་ཁེངས་པར་བསམ། དེ་ནས་དྲི་ཆབ་བཟང་པོ་དགང་བ་བླུགས་ལ། སྨན་ལ་སོགས་པ་དང་ཡང་ལྡན་པར་བྱས་ཏེ། ཤྭེ་ཏ་བྲི ་ཧ་ཏཱི། ཨ་པ་ར་ཙྲྀ་ཏ། དནྡ་ཨུཏྤ་ལ། ཀོཎྜོ་ཀ་རི། ཧ་ས་དཾ་བཱ་ལ་སོགས་པའི་རྩ་བ་ལས་བྱས་ཏེ། འདིར་དཀྱིལ་འཁོར་གྱི་བྱང་ཆུབ་སེམས་རྟག་སུ་བྱས་པའོ།། འབྲས་སོ་བ་དང་། སྲན་མ་ཤ་དང་། ནས་དང་། ཏིལ་དང་། གྲོ་དང་། འོདི་རྣམས་ནི ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ནོ།། ཤེལ་དང་དངུལ་དང་། མུ་ཏིག་དང་། དུང་དང་བྱི་རུ་ནི་དཀྱིལ་འཁོར་གྱི་སྐུ་མདོག་གི་རྟོག་སུ་བྱས་པའོ།། གཞན་ཡང་ཟླ་བ་དང་ཉི་མ་དང་། ཆུ་དང་སྨན་དང་དྲི་དང་། བུ་རམ་དང་། ཀ་ར་དང་། ་བཟའ་བ་རྣམས་གཞུག། བུམ་པ་ལ་བདག་པོའི་མཚན་མ་ལ་སོགས་པ་ལྔ་དང་ལྡན་པར་བྱ་ཤིང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་རས་རྣམས་ཀྱིས་ནི་མགུལ་བ་བཅིང་བར་བྱའོ།། མ ་འབྱོར་ན་རས་ཡུག་གཅིག་གིས་སྤྱི་བོར་བཅིང་ངོ་། ཤིང་ལོ་མ་ཅན་གྱིས་རིགས་བཟང་པོ་འབྲས་བུ་དང་ལོ་མ་དང་ཡལ་གར་བཅས་པས་ཁ་རྒྱུན་བྱའི།། བུམ་པ་གཞན་རྣམས་ནི་སྨན་ལ་སོགས་པ་ཡང་མི་གཞུག། ལྷ་རེ་རེ་འོད་དུ་ཞུ་བ་ལས་བྱའོ།། ་མཆོད་བསྟོད་འཛབ་ཀུན་འདྲའོ།། དེ་ནས་བུམ་པ་རྣམས་རས་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ་ཆལ་བར་བཀྲམ་ལ། དེའི་སྟེང་དུ་བཞུགསུ་གསོལ་ལོ།། དེའི་དུས་སུ་གར་གྱི་མཆོད་པ་རྣམས་ཀྱང་འབུའོ།། ལས་ཐམས་ཅད་པའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན ་པ། དེ་ལ་མཆོད་པ་བྱས་ལ་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ལ་བཞུགསུ་གསོལ་ལོ།། བགེགས་མ་ལུས་རྣམས་ལས་མ་གྲུབ་ཀྱི་བར་དུ་བསྲུང་དུ་གསལ་ཞེས་པས་བཅོལ།། གཏར་མ་དགུ། མར་མེ་དགུ། ལྷ་བཤོས་དགུ། སྤོས་དགུ། དེ་རྣམས་ནི་བུམ ་པ་ལྷག་པར་གནས་པའི་སྟ་གོན་གྱི་ཆོ་གའོ།། །། སྟ་གོན་གྱི་ཕྱི་དེ་ཉིན་པར་རྒྱས་ཕྱིའི་སྦྱིན་སྲེག་བྱའོ།། སློབ་དཔོན་མཚན་ཉིད་བཟང་པོ་དང་ལྡན་པ་ཡང་དག་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཤེས་པ། ཁྲོ་བ་མེད་པ། ཁོན་པ་མེད་པ། ཕྱག་རྒྱ ་དང་ལྡན་པའི་ཤེས་རབ་ཅན་གྱིས། དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགསུ་གསོལ།། ཐིག་གདབ་པའི་ལས་བརྩམ་པར་བྱའོ།། དེ་ཡང་བལ་ལ་ཤེས་རབ་མ་མཚན་དང་ལྡན་པས་བཀལ་བ།། འཇུར་མདུད་ལ་སོགས་པ་མེད ་རིང་ཐུང་ཉིས་འགྱུར་ལ། སྡོམ་པྲ་ཛཱ་ཊ་ཉི་ཤུའི་ཆར་འགྱུར་བ་དཀལ་ཏེ། སྲང་བུ་སོར་བསྡོམས་ལ། པདྨ་བནྡྷ་སྣོང་དུ་ཞིམ་པོས་བྱུགས་པའི་ནང་དུ་བཞག་ལྔ། དང་ལ་སྲས་བུ་རང་བཞིན་མེད་པར་བསྒོམ། དེ་ལས་སོ་སའི་ཡིག་འབྲུར་འགྱུར། ཡིག ་འབྲུ་ཡོངསུ་གྱུར་པ་ལས། སྲང་བུ་འབྱུང་བར་བསམ། དེ་ནས་ཡེ་ཤེས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲང་བུ་ཡོད་པ་རྣལ་འབྱོར་པའི་ཉི་མ་ཟླ་བའི་མིག་གི་ལྕགས་ཀྱུས། གཙོ་བོ་ཀྱེ་ཡི་རྡོ་རྗེ་དང་།། སངས་རྒྱས་ཀུན་གྱི་མཁའགྲོ་མ།། གཙོ ་བོ་སྔགས་དང་གཉིས་མེད་རྣམས།། སྤྱན་དྲངས་ནས་ནི་དེ་ལ་བསྟིམ།། དེ་ལྟར་ཡེ་ཤེས་ཀྱི་ཐིག་སྐད་བསྐྱེད་ནས། སྲང་བུ་ལྔ་གཙོ་བོའི་སྔགས་བརྗོད་པས། གཅིག་དུ་སྐྱིལོ།། ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ། མ་ཏི་ཀྲ་མ་ཧཱུཾ་ཞེས་པས་བརྒྱ་རྩ ་བརྒྱད་བཟླས་པར་བྱའོ།། ཨོཾ་ཨཱཿཧཱུ~ཾ་གསུམ་མཐའ་གཉིས་དང་དབུས་སུ་བཀོད་ལ། བྱིན་གྱིས་བརླབས་ཏེ། དེ་ལ་མཆོད་པ་འབུལ། དེ་ནས་གཙོ་བོའི་ཐུགས་ཀ་ནས། སྲང་བུ་འཛིན་པའི་གྲོགས་པོ་སྤྲུལ་ལ། ཛ་ཛེ་ཞེས་བརྗོད་དུ་བཅུག ་ལ་གཏང་བར་བྱའོ།། དང་པོར་ནི་ན་མཁའ་ལ་ཐིག་གདབ་པར་བྱའོ།། ཐིག་སྐུད་དག་ནི་འདེབས་པའི་ཚེ།། འཇིག་རྟེན་ཁམས་ནི་མ་ལུས་པ།། སངས་རྒྱས་ལ་སོགས་འགྲོ་དོན་དུ།། ཁྱོད་ནི་དོན་ནི་བྱ་གནས་ཡིན་ཞེས་སྐུལ་ཞེས་བརྗོད་དོ།། དེ་བཞིན་དུ ་ཐིག་ཀྱང་གདབ་པར་བྱ་སྟེ། སློབ་དཔོན་ཆུ་བདག་ཏུ་འདུག་ལ། སློབ་མ་བརྒྱ་བྱིན་དུ་འདུག་ལ་ཚངས་ཐིག་གང་ག།། སློབ་དཔོན་གཤིན་རྗེའི་ཕྱོག་སུ་འདུག་ལ། སློབ་མ་གནོད་སྦྱིན་དུ་འདུག་ལ་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་བྱིན་ཟར་འདུག་ལ། ་མ་དབང་ལྡན་དུ་འདུག་ལ་ཤར་ལ་གདབ། སློབ་དཔོན་རླུང་གི་ཕྱོགས་སུ་འདུག་ལ།། སློབ་མ་བདེན་བྲལ་དུ་འདུག་ལ་ནུབ་གདབ། སློབ་དཔོན་དེ་ཉིད་དུ་འདུག། སློབ་མ་དབང་ལྡན་དུ་འདུག་ལ་བྱང་གང་བ། སློབ་དཔོན་བྱིན་ཟར་འདུག། ་སློབ་མ་བདེན་བྲལ་དུ་འདུག་ལ་ལྷོ་གདབ་པར་བྱའོ།། སྲང་བུས་ཡེངས་སུ་ཐིག་གདབ་བྱ།། སྲད་བུས་གཞལ་བར་མི་བྱ་སྟེ། འཕེལ་འགྲིབ་གཉིས་ཀྱིས་ཉེས་ཡོད་པས།། སྲ་བས་རབ་ཏུ་བཙལ་བར་བྱ་ཞེས་འབྱུང་བས། སྤ་ལ་སོགས་པའི་དྲང་ཞིང་སྲ་བ ་ལ་ཀ་ཏི་ཀ་བྱས་ལ། ཐིག་རྐང་བཞི་བཅུ་རྩ་གཉིས་ཕྱོགས་རེ་རེར་གདབ་པར་བྱའོ།། དེ་ལྟར་ཐིག་བཞི་བཅུ་རྩ་གཉིས་བཏབ་ལ། སྒོ་ཁྱུད་ཀྱི་ཐིག་ཚུན་ཆད་ཀྱིས་ནི་པདྨའི་ལྟེ་བ་ལ་བསྐོར་བར་བྱའོ།། པདྨའི་ཟེ་བསྐོར་བ་ནི། ལྷའི་སྣམ་བུ་ལས་ཇི་ཙམ ་རན་པར་བསྐོར་བར་བྱའོ།། དཀྱིལ་འཁོར་གྱི་མཐར་རྡོ་རྗེ་ར་བ་དང་། མེ་འོད་གཉིས་ལས་ཆ་རེ་རེ་བསྐོར། རྟ་བབས་ཀྱི་སྣམ་བུ་བཞིའི་ཕྱོགས་ནས་ཆ་ཕྱེད། ལོགས་ཀྱི་མཚན་བཞི་ལ། གཅིག་ཆོས་ཀྱི་འཁོར་ལོ། གཅིག་ལ་རྡོ་རྗེ་རྒྱ་གྲམ་གྱི་ར་དབུ་མ ་དེའི་སྣ་པདྨའི་སྡོང་པོ་ལ་གཏད་པར་བྱའོ།། དེ་ནས་བླ་མས་དཀྱིལ་འཁོར་གྱི་དབུསུ་འདུག་ལ། མིག་གཉིས་ལ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ལོ། བཟློག་ལ་ལྟ་ཞིང་། ཧི་ཧི་ཞེས་པ་ཡིས་སྒོ་དབྱེ་བར་བསམ། དེ་ནས་བཛྲ་བེ་ལ་ཞེས་བརྗོད་ལ། ་ཕྱིར་བྱུང་དེ་ནས་ཐིག་གདབ་པའི་ལས་ཟིན་ནས། ཡེ་ཤེས་སྐུད་པ་ལ་མཆོད་པས་མཆོད་ལ། སརྦ་མདྷ་རྩི་བར་ཨརྠརྩ། ས་ཏི་ཏ་ཏ་གཙྪ་ཞེས་བརྗོད་ལ་ལྷ་གཤེག་སུ་གསོལ་ལོ།། ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པའོ།། ། དེ་ནས་འབྲས་ལ ་ཁ་དོག་བསྒྱུར་བ་ལེགས་པ་ཚོན་གྱི་རིམ་པར་གཞག་ལ། དེ་ལ་རང་བཞིན་མེད་པར་བྱས་ལ། བྲུཾ་ཨ་ཛྲཱིཾ་ཁཾ་ཧཱུཾ་ལྔར་བསྒྱུར་བར་བསམ། དེ་ཡོངས་གྱུར་པ་ལས་ཚོན་སྣ་ལྔར་འབྱུང་བར་བསམ། དེ་ནས་རྣལ་འབྱོར་བའི་ཉི་ཟླའི་འབར་མིག་ལྕགས་ཀྱུས། ཀྱེའི་རྡོ་རྗེ་མཁ་འགྲོ་མ ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ནས་ཚོན་ལ་ཐིམ་པར་བསམ། ཨོཾ་བཛྲ་ཙཏྟ་ས་མ་ཡ་ཧཱུཾ། ཞེས་ལན་མང་དུ་བཟླས་ལ། ས་ཚོན་ལ་མཆོད་པ་འབུལ། བྱང་ཤར་མཚམས་ནས། བླ་མའི་རིམ་པ་བཞིན་དུ་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང ་གུའི་རེ་ཁཱ་ལྔ་པོ་མཉམ་པོར་མ་ཐོ་གང་དུ་དྲངས་ལ་མཆོད་པ་དབུལ། རེ་ཁཱ་ལ་མེ་ཏོག་སིལ་མ་གཏོར། དེ་ནས་རེ་ཁཱ་འདྲེན་ཁར་བླ་མས་འདི་སྐད་བརྗོད་དོ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་སྒྲོལ་བྱེད་པ།། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད།། དེ ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་སོ།། ཉེས་པ་ཀུན་ལས་རྣམ་གྲོལ་བས།། ཚོན་གྱི་ལས་ནི་ཡང་དག་བརྩམ།། སློབ་དཔོན་གྱིས་ནི་དང་པོ་དབྱེ།། ཕྱི་ནས་ཀུན་ཏུ་སློབ་མས་སོ་ཞེས་འབྱུང་ངོ་།། མཐེ་ཆུང་དང་ནི་མཐེ་བོ་སངས།། དྲང་ལ་མཐོང ་བར་ཡང་དག་བྲི།། གལ་ཏེ་རི་མོ་མི་མཉམ་ན།། ཡོ་ཞིང་དམའ་དང་བཅས་པ་དང་།། རི་མོ་དམའ་བས་མི་འགྲུབ་ཅིང་།། ཡོན་པོས་གདུང་བསྐྱེད་པར་བྱིད།། ཆད་པས་སློབ་དཔོན་སློབ་མ་དང་།། གཉིས་ཀ་འཆི་བར་ཤེས་པར་བྱ་ཞེས་འབྱུང་བས། ་ཤིན་ཏུ་གཟབ་པར་བྱའོ།། དེ་ནས་གཞུང་དང་མཐུན་པར་ཚུལ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ནི་ཚོན་དགྱེ་བའི་རིམ་པའོ།། དེ་ལྟར་དཀྱིལ་འཁོར་བྲིས། ད་ནི་ཕྱག་རྒྱ་དགོད་པར་བྱ་སྟེ་དབུས་ཀྱི་ལྟེ་བར་བདུད་བཞི་བསྣོལ་བ་དང་། ཉི་མའི་དཀྱིལ ་འཁོར་གྱི་སྟེང་དུ་ན་ར་ཀ་པཱ་ལ་རྡོ་རྗེ་རྒྱ་གམ་དང་བཅས་པ་དཀར་པོ་བྲྀ། ཤར་དུ་གྲི་གུག་ནག་པོ་བྲི། ལྷོ་རུ་ཌཱ་མྱ་རུ་དམ་སྱཱ་ནུབ་ཏུ་རུ་སྦལ་དམར་སེར། བྱང་དུ་སྦྲུལ་ལྗང་ཁུ། བྱང་ཤར་དུ་སེང་གེ་དམར་སྔོན། ཤར་ལྷོར་དགེ ་སློང་དཀར་པོ། ལྷོ་ནུབ་དུ་འཁོར་ལོ་ལྗང་སྔོན། ནུབ་བྱང་དུ་རྡོ་རྗེ་ཁྲ་བོ་རྣམ་པར་དགོད་།། དེ་ལྟར་ཕྱག་རྒྱ་དགོད་ཙམ་ན། ཡང་ལྷ་སོ་སོའི་རིང་གི་སྙིང་པོ་བརྗོད་ཅིང་དགོད། བུམ་པ་རྣམ་པོ་བརྒྱད་ཀྱང་ཤར་ལ་སོགས་པའི་གནས་སུ་བྲིས་པ་འམ། ་དགོད་པར་བྱའོ།། ཕྱག་རྒྱ་དགོད་པའི་རིམ་པའོ།། དེ་ནས་བླ་རོ་དམ་པཱ་བྲི་བ་དང་། གཞན་ཡང་རྒྱན་ཐམས་ཅད་དྲི་ཞིང་དགྲམ་པར་བྱ། ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་གཏོར་མ་རྣམས་བཙུགས་ལ། ཕྱོགས་སྐྱོང་ས་བོན་ལས་བསྐྱེད་ལ། དེ་ལ་སྤྱན་དྲངས ་ལ་བསྟིམས་ལ་བཞག། དེ་ནས་བུམ་པ་རྣམས་ཐོགས་ལ། སྤོས་ཀྱི་སྣ་དྲངས་ལ་རོལ་མོའི་ཚེ་བྱད་སྣ་ཚོགས་ལ། དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ཚུལ་བཞིན་དུ་དགོད། ལས་ཐམས་ཅད་ལ་བྱང་ཤར་མཚམ་སུ་དགོད། དེ་ནས་དགོངས་ཀའི ་དུས་སུ། བླ་མ་རྒྱན་ཆས་དགོང་ཁྲུས་བྱ། ལུས་དྲི་ཞིམ་པོ་སྒོ། དཀྱིལ་འཁོར་གྱི་འགྲམ་དུ་ཆ་གོ་ཆ་ག་གདབ། དེ་ནས་སྟན་བདེ་བ་ལ་འདུག་ལ། ཙཎྜ་ལཱི་དང་ལྷན་ཅིག་བསྒྲུབ་པར་བྱ། མེད་ན་ཏིང་འཛིན་གྱིས་བྱ། དེ་ནས་བླ་མ་ལ་ཡན་ལག་དྲུག་དང ་ལྡན་པ་ལྷའི་འཁོར་ལོ་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་བ་ལ་ལྷ་རྣམས་སྤྱན་དྲངས་པ་དེ་ལ་མཆོད་པ་རྣམས་དབུལ། དེ་ནས་གཞུག་པ་དང་། བཅིང་བ་དང་། དགྱེས་པ་བསྐྱེད་པ་རྣམས་བྱས་ལ། གཉིསུ་མེད་པར་བསྟིམས། དེ་ལ ་མཆོད་པ་རྣམས་དབུལ་བར་བྱ་སྟེ། བྲྀ་\ུ0f89\ུ0f4རྞ་དང་། ཨཱརྫྫ་དང་ཨཱ་ནྟྲམྦྷ་ན་དང་། བིདྷི་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དང་། ལྷྭ་མོ་བརྒྱད་ཀྱི་མཆོད་པས་མཆོད། རས་དང་། ཙན་དན་དང་། གུང་གྲུམ་ཆར་དུ་འབབ་པ་དང་། སྣ་ཚོགས་པའི་མཚུང་། ་པས་མཆོད། དེ་ནས་བདུད་རྩི་མཆོད་པས་ཀྱང་རི་མི་བཞིན་པས་ཀྱང་རིམ་བཞིན་དུ་མཆོད། དེ་ནས་བསྟོད་པ་ཉི་ཤུ་བས་ལྷ་རྣམས་ལ་བསྟོད་པར་བྱའོ།། སྣ་ཚོགས་པའི་གླུ་དང་བཀྲ་ཤྲཱིས་ཀྱི་གླུའི་རྣམ་པས་ཀྱང་མཆོད། ག་ཎ་ཙམ་ཚོགས་ཀྱི ་འཁོར་ལོ་ཆེན་པོས་བསྐོར། བསྐོར་བ་ལན་གསུམ་བྱས། གཏོར་མ་དགུ་ཡང་དབུལ་ལོ།། ། འདི་ན་མར་དབང་བསྐུར་བ་འཇུག་པར་བྱ་སྟེ། སློབ་མ་འཇུག་པའི་རིམ་པ་བཞིན་དུ། སློབ་དཔོན་རང་ཉིད་དང་ལ་འཇུག་པར་བྱའོ།། དེ ་ནས་སྔོན་དུ་བརྟགས་པའི་སློབ་མ་མཚན་དང་ལྡན་པས་འདི་སྐད་བརྗོད་པར་བྱའོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྐྱབས་སུ་མཆི།། གཙོ་བོ་ལྷ་མོར་བཅས་པ་ཡི།། ལྷ་རྣམས་ལ་ཡང་ཕྱག་འཚལོ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། ་མགོན་པོས་བདག་ནི་གཞུག་པར་གསོ་ལ། ས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དོ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཧེ་རུ་ཀཱ་དཔལ་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི།། བདག་གིས ་སློབ་མ་གཞུག་པར་བགྱི།། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བར་བྱ་སྟེ།། ཨོཾ་ན་མཿཏེ་ཧཱུཾ་ན་མཿམི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཞེས་སོ།། དེ་ནས་སྡོམ་པའི་ཆོ་ག་བརྗོད་དོ།། སྦྱིན་པར་བྱ་བ་ནི་སངས་རྒྱས་ཆོས་དང་དགེ་འདུན་ཏེ། ་དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། འདི་ནི་སངས་རྒྱས་རིགས་ཡིད་འོང་།། སྡོམ་པ་བརྟན་པར་གྱུར་པ་ཡིན།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི།། སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ ་དྲིལ་བུ་ཞེས་གྲག་སོ།། སློབ་དཔོན་ཁྱོད་ཀྱིས་གཟུང་བྱ་སྟེ།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་དག་པ་ཀི། དམ་ཚིག་སྡོམ་པ་ཡིན་པར་བཤད།། རིན་ཆེན་རིགས་ལ་རྟག་ཏུ་ནི།། ཉིན་རོ་བཞིན་དུ་དུས་དྲུག་ཏུ།། ཆོས་དང་ཟང་ཟིང་མི་བཛི ་བྱམས།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་བཟུང་།། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་ཡིད་དུ་འོང་བའོ།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ་བདག་ཉིད་དུ་བཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། སྡོམ་པ་གཟུང་བའོ།། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་ཁྱོད་དེ་བཞིན་ག ་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ།། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བ.རོ་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུརཏེ ་རེ།། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། སྙིང་ལོ་ཡང་དག་ཞུགས་པ་ནི།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ནས་གཤེགས།། དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པས་དམ་ཚིག་གི་ཆུ་བླུད་པ་ནི། ཀྱེའི་རྡོ་རྗེ་དང་ལྡན་པས་གཟི་མངངས ་དང་ལྡན་པར་འདི་སྐད་དུ་བརྗོད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲོག་པར་བྱེད།། དམ་ཚིག་སྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ།། ཨོཾ་སརྦ་པཉྩ་ཨ་མྲྀ་ཏོ་ཀ་ཐ་ཧཱུཾ། འདི་ནས་བརྩམས་ཏེ་དཔལ་ཧེ་རུ་ཀ་ང་ཉིད་ཡིན ་གྱིས་གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ང་ལ་བརྙས་པའི་ལས་མ་བྱེད་ཅིག། བྱས་ན་ཁྱོད་མ་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུརརོ།། དེ་ནས་དཔའ་བོ་དང་རྣལ་འབྱོར་མ ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་བརྗོད་དུ་གཞུག། སློབ་མ་ལ་བདུད་རྩི་རྣམ་པ་ལྔ་བླུད་ལ། གུ་རུ་འགྱིང་བྲག་དང་ལྡན་པས་གོ་ཆ་བགོས་ལོ། རང་གི་སྙིང་གའི་ཡེ་ཤེས་སེམས ་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། གཙོ་བོ་དང་རྣལ་འབྱོར་མ་རྣམས་བཀུག་ལ་ཤིར་ཥའི་སྙིང་གར་གཞུག། བཅུག་པས་སྨྲ་ནུས་པར་འགྱུར་རོ།། ལས་རྣམ་བཞིའི་ཁ་དོག་གང་དང་གང་མཐོང་བ་དང་དེ་མཐུན་པར་བསྟན་ཏོ།། དེ་ནས་མེ ་ཏོག་གི་ཕྲེང་བ་ཐོགས་ལ་པྲ་ཏཱིཙྪ་བཛྲ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་གཞུག། དེ་ནུས་སློབ་མའི་མགོ་ལ་བཅིང་བར་བྱའོ།། དེ་ནས་སློབ་མའི་ལག་པ་ནས་བཟུང་ལ།། མིག་དབྱེ་བར་བྱ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། མིག་འབྱེད་པར་ནི་བརྩོན་པར ་མཛད།། ཕྱེ་བས་ཐམས་ཅད་མཐོང་བར་བྱེད།། རྡོ་རྗེའི་མིག་ནི་བླ་ན་མེད།། ཨོཾ་བཛྲ་ནེ་ཏཱ་བ་ཧ་ར་བ་ཊ་ལཾ་ཏྲི་ཞེས་བརྗོད་ལ་གདོང་གཡོགས་ཕུད་ལ་འདི་སྐད་ཅེས་བརྗོད་དོ།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། ཁྱོད་ནི་རྣལ ་འབྱོར་མ་རིགས་སྐྱེས།། སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས།། འགྲོ་བའི་ཕུམ་སུམ་ཚོགས་ཀུན་དང་།། དངོས་གྲུབ་ཀུན་ནི་མངོན་སུམ་འགྱུར།། དམ་ཚིག་ཐམས་ཅད་བསྐྱང་བ་དང་།། གསང་སྔགས་ལ་ཡང ་བརྩོན་པར་གྱིས་ཞེས་བརྗོད་པ་དང་། མེ་ཏོག་གང་དུ་ལྷུང་བའི་ལྷ་ངོ་བསྟན། ལྷ་གཞན་ཡང་བསྟན་ཏེ། སྐུ་མདོག་དང་ཕྱག་མཚན་དགོད་པའི་སྐབསུ་ཕྱག་མཚན་ལས་ཤེས་པར་བྱས་ལྔ་བསྟན། ཕྱག་མཚན་ཡང་ཚུལ་བཞིན་དུ ་བསྟན་ཏོ།། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ།། དེས་ན་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ན། ཚང་མེད་པ་བཞི་རྣམ་པར་དག་པའི་རང་བཞིནི།། སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པོ་བཞི་རྣམ་པར་དག་པའི་རང་བཞིནོ།། རྟ་བངས་བཞི ་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ནོ།། དྲ་བ་ཕྱེད་པ་མི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའོ།། དྲ་བ་ནི་ཉོན་མོངས་པ་ཆུང་ངུ་རྣམ་པར་དག་པའོ།། ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར ་དག་པའོ།། དཱར་ནརི་པཱ་ཏི་ལུ་སོགས་པའི་རྒྱན་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ།། འདོད་པའི་ཡོན་ཏན་ལྔ་རྣམས་ནི་གཟུགས་སྒོ་ལ་སོགས་པ་རྣམ་པར་དག་པའོ།། རྡོ་རྗེ་རབ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི ་བིབ་རྟགས་སོ།། མེ་རི་འདི་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟག་སོ།། བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་གང་བའི་རྟག་སོ།། དེ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། བཅོམ ་ལྡན་འདས་ཀྱེའི་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞི་ནོ།། གཽ་རཱི་ནི་ཞྭ་སྡང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ།། ཆོམ་རྐུན་མ་ནཱི་གཏི་མུག་དྲང་སྒྲ་རྣམ་པར་དག་པའི་རང་བཞི་ནོ།། རོ་ལངས་མ་ནི་ང་རྒྱལ་དང ་དྲི་རྣམ་པར་དག་པའི་རང་བཞིན་ནོ།། གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞི་ནོ།། པུཀྐ་སཱི་ནཱི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ།། རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ།། གཏུམ་མོ་ནི ་ང་རྒྱལ་དང་མ་རྣམ་པར་དག་པའི་རང་བཞི་ནོ།། གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞི་ནོ།། བདག་མེད་རྣོ་ས་ནི་སབ་དང་མྦྷ། དེ་ནི་བྷའི་ཙྪི་དེ་ཁོན་ཉིད།། དེ་ནས་སློབ་མའི་ཞབས་ལ་དད་པས་ཕྱག་འཚལོ།། ཡོན་གྱི་མཆོག་རྣམས ་ཐོགས་ལ་བླ་མ་ལ་ཕུལ་ལ་དབང་ནོད་པའི་དོན་དུ་གསོལ་བ་གདབ་པར་བྱའོ།། ཧེ་རུ་ཀ་དཔལ་དབང་བསྐུར་བ།། འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན།། དེ་ལྟར་ཡོན་ཏན་འབྱུང་གནས་སོགས།། དེ་བཞིནི་བདག་ལ་དང་སྩོལ་ཅིག། དཔའ ་བོ་ཆེན་པོས་མི་ལྡོག་པའོ།། དབང་བསྐུར་བ་ནི་བདག་ལ་སྩོལ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་བགྱིད།། ཅེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་འཇུག་པའི་སྒོ་ལྷོ་ཕྱོགསུ་པདྨ་བརྒྱད ་པ་བྲིས་པའི་སྟེང་དུ་སེང་གེའི་ཁྲི་བཤམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྟན་བཏིང་ལ། གཉི་སུ་མེད་པའི་བློ་དང་ལྡན་པའི་སློབ་མ། བླ་མ་ལ་གུས་ཤིང་གཏོང་སེམས་ཆེ་བ། དེ་བཞག་པར་བྱའོ།། དཀྱིལ་འཁོར་གྱི་ལྷ་ལ་འབད་དེ་ཅི་ནུས་པས་མཆོད་ལ། ་སློབ་མའི་སྟེང་དུ་གདུགས་དཀར་པོ་གཟུང་ལ། མེ་ཏོག་ཆུ་ལ་སོགས་པ་དབང་བསྐུར་བ་བརྩམ་པར་བྱའོ།། དེ་ཡང་དཔ་ལ་ཡུངས་ཀར་དང་བདུད་རྩི་ལྔའི་ཆུས་བདག་ཉིད་གཟི་བརྗིད་བཅས་པས་གཏོར་ཞིང་སྔགས་བརྗོད་དེ། དབང་བསྐུར་བའི ་བར་དུ་གཅོད་པའི་བགེགས་སྐྲད་པར་བྱའོ།། ར་བ་དྲ་བ་དང་གུར་ལ་སོགས་པ་ཡང་བྱའོ།། དེ་ནས་སློབ་མ་ཁྲུས་བྱས་ལ་གྲོ་བནྡྷ་བོ་གྷོ་ས་ཁྲི་ལ་བཞུགས་པས། སྙིམ་པ་མེ་ཏོག་གིས་བཀང་ལ་དཀྱིལ་འཁོར་ལ་གཏོར་བར་བྱའོ།། སྔགས་ཨཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད ་ལ་གཏོར་རོ།། དེ་ནས་མེ་ཏོག་ལྷུང་བ་བླངས་ལ་སློབ་མའི་མགོ་ལ་བཅིངས་ལ། ཨོཾ་དྷརྨྨ་ཀུན་དྷ་ཨ་བྷི་ཥཉྩ་ཞེས་བརྗོད་དོ།། དེ་ནས་པདྨའི་ལག་པ་གཉིས་ཀྱིས། སྔགས་པས་དུམ་པ་རྣམས་བཏེག་ལ། སློབ་མའི་མགོ་ལ་གཏུགས་ཏེ། ཨོཾ་བཛྲ་ཨ་བྷི་ཥཉྩ ་མི་ཏྲཾ། ཞེས་པའི་སྔགས་བརྗོད་ལ་དབང་བསྐུརོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་བཏེག་ལ་དྲིལ་བུའི་སྒྲ་བསྒྲགས་ལ་གླུའི་རྣམ་པ་བླངས་ལ་ཆུའི་དབང་བསྐུར། སྔགས་གོང་མ་བརྗོད། དེ་ལྟར་ཆུའི་དབང་བསྐུར་བས། རྣམ་པར་རྟོག་པའི་སྡིག་སྒྲིབ ་ཐམས་ཅད་མེད་པར་བསམ་མོ།། གསེར་ལ་སོགས་པ་ལ་བརྡུངས་པ་དང་། བ་སོ་ལ་འབུར་དུ་བསྐོས་པ་དང་། ཐད་ཀ་ལ་སོགས་པའི་རི་མོར་བྲིས་པ་དང་། གོས་ཀྱིས་རྣམ་པ་སྣ་ཚོགས་པ་གང་ཡང་རུང་བ་ལ། དེ་ཉིད་མི་དམིགས་པར་བྱས་ལ ་ཨཾ་ལས་རཏྣ་སཾ་བྷ་བ་བསམས་ལ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱས་ཏེ། བསྟིམ་ལ་མཆེད་པ་དབུལ། འཛབ་ཅི་ནུས་ཀྱང་བྱས། དེ་ནས་བསྟོད་པ་བྱ། སྲིད་པ་རང་བཞིན་གྱི་ཚིག་བརྗོད། དེ་ལྟར ་བྱས་གཞན་ལ་བསྟིམས་པ་དང་། མཆོད་པ་འཇོབ་དང་བསྟོད་པ་དང་། སྲིད་པ་རང་བཞིན་གྱི་ཆོ་ག་བརྗོད་པ་ཀུན་འདྲེ་ཀུན་ལ་བྱ། དེ་ལ་ཅོད་པན་གྱི་གཟུགསུ་གྱུར་པ། དར་དབྱངས་གཉིས་ཐོགས་ལ། འདི་སྐད་ཅེས་བརྗོད་དེ་སྦྱིན་པར་བྱའོ།། ཐོར་ཚུགས་ཅོད ་པན་གྱིས་བརྒྱན་པ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས།། རིན་ཆེན་དག་གི་དབུ་རྒྱན་དང་། དར་དཔྱངས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་བཛྲ་པཊྚ་ཀ་བཛྲ་ཨཱ་ར་ལིའོ།། ཞེས་བརྗོད་དེ་སྦྱིན་ནོ།། དེ་ནས་རྡོ་རྗེ་མདུན་དུ་བཞག་ལ། དེ་ཉིད་མི་དམི ་པ་ལས། ཛ་ལས་པདྨར་གྱུར་པ་ལས་སྣང་བ་མཐའ་ཡ་སུ་བསྐྱེད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལྀ་འདི་སྐད་བརྗོད་དོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། ཧེ་རུ་ཀ་དཔལ་རྒྱལ་པོ་དང་། མཁའགྲོ་རྣམས་ཀྱི ་དབང་མཆོག་ཉིད།། དེ་རིང་ཁྱོད་ལ་དབང་བསྐུརོ།། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་བ་ཏིསྟྭཾ། ཨོཾ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི ་བདག་ཅེས་བརྗོད་ལ། ལག་པ་གཡས་པར་སྦྱིན་ནོ།། རྡོ་རྗེའི་དབང་བསྐུར་བའོ།། དེ་ནས་དྲིལ་བུ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས། ཁཾ་དང་རལ་གྲི་དང་དོན་ཡོད་གྲུབ་པ་རྣམས་ལས་འབྱུང་བ་དྲིལ་བུ་ལག་པ་གཡོན་པར་བྱིན་ལ ་གཡོན་པར་བྱིན་ལ་འདི་བརྗོད་དོ།། འདི་ནི་རྣལ་འབྱོར་མ་ཀུན་གྱིས།། ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད།། སྲིད་པ་ངོ་བོ་ཉིད་དག་པ།། ངོ་བོ་ཉིད་ཀྱིས་དངོས་མེད ་ཀྱིས་དངོས་མེད་བྱས། རང་བཞིན་དག་པའི་སེམས་དཔའ་ནི།། སྲིད་པ་དམ་པ་བྱེད་པར་འགྱུར།། ཨོཾ་བཛྲ་སཏྭ་ཏཱ་ཏྲཱ་ས་མ་ཡ་ཨ་བྷི་ཥིཉྩ་མ~ཾ་ཞེས་བརྗོད་ལ་ལག་པ་གཡོན་པར་སྦྱིན།། དྲིལ་བུའི་དབང་བསྐུར་བའོ།། ་དེ་ལྟར་དྲིལ་བུ་བྱིན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམས་ལ།། དེ་ལ་སྔགས་ཀྱིས་དབང་བསྐོར་བའི་མིང་གདགས་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏིསྟྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མོ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ལ་ཤྩི ་སྒྲ་དང་བཅས་པར་པདྨའི་མཐར་ཐུག་པའི་མིང་གི་དབང་བསྐུརོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། ཧེ་རུ་ཀ་དཔལ་ཕྱག་ན་བསྣམས།། ཁྱེད་ཀྱིས་རྟག་ཏུ་བཅང་བར་གྱིས།། ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན།། རྡོ་རྗེ་རྩེ་མོ་འཛིན ་དུ་བཅུག་ལ་སྔགས་འདདི་བརྗེད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲེ་ས་མ་ཡ་ཏིཥྛ་ཨེ་ཥ་དྲྀ་དྷ་ར་ཡ་མི་ཧཱུཾ། ཧ་ཧ་ཧ་ཧ་ཧོ་ཞེས་བརྗོད་ལ་ལག་པ་གཡས་པས་རྡོ་རྗེ་བརྟུལ་ཞུགས་ཀྱིས་དབང་སྦྱིན་པར་བྱའོ།། ཨ་ལས་བནྡྷར་གྱུར་པར་བསྒོམ། ་ཨོཾ་ལུས་གྲི་གུག་ཏུ་གྱུར་པར་བསྒོམས་ལ་འདི་སྐད་བརྗོད་དོ།། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག། རྣལ་འབྱོར་པཱ་ཡི་ཌ་མཱ་རུ།། རྡོ་རྗེ་ཁ་ཊཱ་རྡོ་རྗེ་བཅས།། དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ།། ཚངས་པའི་སྐུད་ཐེགས་རྣལ་འབྱོར་བདག། གྲི་གུག་དང་ནི་ཀ་པཱ་ལ། ་དཔའ་བོ་ཆེན་པོས་བླང་བར་གྱིས།། གྲི་གུག་དང་ཐོད་པས་དབང་བསྐུར་རོ།། དེ་རྣམས་དང་ལྡན་པའི་སློབ་མ་ནི། ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་པོ་དང་། རེངས་པ་དང་། བསྙད་པ་དང་། རྨོངས་པོར་བྱས་པ་དང་། གསོད་པ་ལ་སོགས་པ ་དང་། དེ་རྣམས་ལ་ཐོགས་པ་མེད་པར་གྲུབ་པར་བྱོས་ཤིག། མཆིལ་ལྷམ་བགོ་བ་དང་། ཆར་དབབ་པ་དང་། ཉི་ཟླ་གཟུང་བ་དང་། སོགས་པ་མཁའ་གྲོ་མའི་དངོས་གྲུབ་ཐམས་ཅད་ཅི་དགའ་བར་འགྲུབ་པར་གྱིས་ཤིག། དེ་ནི་རྗེ་སུ་གནང་བ་སྦྱིན ་པའོ།། མེ་ཏོག་ལ་སོགས་པ་ནས་གྲི་གུག་དང་ཐོད་པའི་དབང་བསྐུར་བ་ཡན་ཆད་ཀྱིས་ནི་ལུས་དག་པར་བྱེད་པ་ཡིན་པས་ན་སྐུའི་དབང་ཞེས་བྱའོ།། འབྲས་བུ་ནི་གང་དང་གང་སྐལ་བ་མཉམ་པ་ཡིན་ཞེ་ན། ས་བརྒྱད་པའི་བྱང་ཆུབ་སེམས་དང ་དང་སྐལ་བ་མཉམ་པ་ཡིན་ནོ།། ། དེ་ནས་མེ་ཏོག་ལ་སོགས་པའི་དབང་ཐོབ་པས། བླ་མས་གསང་བའི་དབང་བསྐུར་བ་བསྒྲུབས་པའི་གནས་དེ་ཉིད་དུ་མི་མེད་ཅིང་དབེན་པར་བྱས་ཏེ། ཡོལ་བས་བར་དུ་བཙོད་ལ། མཎྜལ་གྲུ ་བཞི་པ་བྱས་ལ། དྲི་ཞིམ་པོ་དང་བདུད་རྩིས་ཆག་ཆག་བཏབ་པཱ་དེར། མེ་ཏོག་སིལ་མ་བཀྲམ། སྟན་སྣ་ཚོགས་པ་བཟང་པོ་བཏིང་ལ། སློབ་མས་ཤེས་རབ་མ་མཚན་དང་ལྡན་པ་བླ་མ་ལ་ཕུལ་ལ། འདི་སྐད་གསོལ་བ་གདབ་པར ་བྱཱ་སྟེ།། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། བདེ་གཤེགས་རྣམས་ཀྱི་བདེ་སོགས་མཛད། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི།། ཡང་དག་དོན་མཆོག་རྣམ་པར་དག། ཇི་ལྟར་དེ་ཉིད་བདུད་རྩི་ཡིས།། མཆོག་གི་དབང་ནི་བསྐུར་བ ་ཐོན་ནི།། དེ་བཞིན་དག་ལ་འཁོར་བ་ཡི།། སྡུག་བསྔལ་རྣམས་ནི་བསལ་བར་མཛད།། རྣལ་འབྱོར་བདུད་རྩི་དྲི་མེང་མཆོག། རབ་རིབ་ཉེས་པའི་དྲི་མ་འཇོམས།། གང་ནི་བྱང་ཆུབ་བླ་མེད་པ།། དེ་རིང་བདག་གིས་ཐོབ་པར་མཛང་།། ས ་བརྗོད་ལ་གསོལ་བ་བར་བྱའོ།། དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་ལ། དེ་ལ་གོ་ཆུ་དང་བྱ་བ་དང་། གནས་གསུམ་དུ་ཡང་ལྕེ་གསུམ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཀུག་པ་དང་། གཞུག་པ་དང་། བཅིང་བ་དང་། རྗེསུ ་དགྱེས་པ་བྱས་ཏེ། བསྟིམས་ལ། མི་བསྐྱོད་པས་དབུ་བརྒྱན་ཏེ། འདི་སྐད་བརྗོད་དོ།། མཁའ་གསང་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁ~ཾ་ད་ད་ཙ~ཾ་ཏུ་རཱ་ནནྟ་བྷ་གོ་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥཱ་མེ། ཨོཾ་བཛྲ་མ་ཧཱ་ད་ཤ་ཙ་ཏུ་རཱ་ནནྡ་ད་མ་ཀ་ཁ་ག་མུ ་ཁེ་ཀ་རཱ་ཤོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥྚ་མ། ཞེས་བརྗོད་པ། ཉེས་པ་མེད་དེ་རྣམ་པར་དག་པར་བསམ་མོ།། དེ་ནས་སྙོམས་པར་འཇུག་པར་བྱ་སྟེ། མི་བསྐྱོད་པ་མཛད་ཅིང་རང་གི་ཡེང་ནས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུར ་བཞུགས་པ་རྣམས་སྤྱན་དྲངས་ནས། ཐུགས་ཀར་ཐིམ་པ་ལ་སོགས་པ་རྣམས་བྱས་ནས། བྱང་ཆུབ་ཀྱི་སེམས་འབར་བ་པོ་ལའི་སྒོར་ཕྱིན་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ་ཧཾ། ཞེས་བརྗོད་ལ། ཆགས་པའི་རྡོ་རྗེའི་རང་བཞིན་ཡིན་པར་ང་རྒྱལ ་བྱའོ།། དེ་ནས་བྱང་ཆུབ་ཀྱི་སེམས་པོ་ལའི་སྐྱེར་མཐོར་སྲིན་གྱིས་མནན་ལ། སློབ་མའི་བུ་གར་འདྲེན་པར་བྱའོ།། དེ་ནས་སློབ་དཔོན་གྱིས་ཨུ་པ་སུ་མནྟྲ་ལྟ་བར་བྱོས་ཨ་ཧོ་སུ་ཁ་ཞེས་བརྗོད།། སློབ་མས་བདེ་བ་ཅན་ཆེན་པོའི་དཔལ་ཧེ་རུ་ཀ་བདག་ཉིད་དོ་ཞེས་བརྗོད། བསྐུར་ཏེ། ་འཐུང་བའི་རྟིང་ལ་བརྗོད། དེའི་རྡོ་རྗེའི་དཔལ་གྱིས་རེག་པ་དེས་ནི་ངག་གི་ཉེས་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སེལ་བར་བྱེད་པས་ན། གསུང་གི་དབང་ཞེས་བྱའོ།། དེ་ནས་འབྲས་བུ་གང་དང་གང་སྐལ་བ་མཉམ་པར་འགྱུར་ཞེ་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ ་དང་སྐལ་བ་མཉམ་པར་འགྱུརརོ།། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐུལ་བ་མཉམ་པར་དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ལ་ལག་པ་གཡོན་པས་ཆོས་གོས་ཀྱི་ཐ་མ་ཚང་བར་བཅུག་ལ་འདི་སྐད་བརྗོད་དོ།། འདི་ལྟར ་ངས་ཡོངསུ་བསྟན་ཏེ། ཧེ་རུ་ཀ་དཔལ་དེ་བཞིན་གཤེགས།། དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྐྱིད་པའི་ངན་འགྲོ་རྣམས་ལས་བཏོན།། ཤྲཱི་ཧེ་རུ་ཀ་ན་མཿསརྦ་ཏ་ཐཱ་ག་ཏ་ཧི། སིདྡྷ་ས་མ་ཡ་སྟྭཾ་བྷུར་བྷཱ་བ་སྭ་ཞེས་བརྗོད་དོ།། དོན་ཡོད་གྲུབ་པའི ་ཕྱག་རྒྱར་གནས་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དོ།། ལུང་བསྟན་པའོ།། ཁམས་གསུམ་གྱི་བདག་པོར་གྱུར་པ་དང་། རྒྱལ་བ་རྣམས་ཀྱི་བདག་པོར་གྱུར་པ་དང་།། ཕྱིན་ཅི་ལོག་གི་བདུད་དང་མུ ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པ་སྟེ། འདི་ཉིད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་གྱིས། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག། གཞན་ཡང་བླ་མ་དམ་པས་དབང ་བསྐུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་འགྲུབ་པར་འགྱུརརོ།། དེའི་དབུགས་དབྱུང་བའོ།། ། དེ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམ་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། ་ཤེས་རབ་ཀྱི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། དེ་ལ་ཤེས་རབ་ཀྱི་དབང་ནི་གཞོན་ནུ་མ་ལོ་གྲངས་གོང་མ་དང་མཐུན་པ་བླ་མ་ལ་ཕུལ་ལ། མཎྜལ་ཆག་ཆག་ལ་སོགས་པ་གོང་མ་དང་མཐུན་པར་བྱའོ།། དེ་ནས་བླ་མས་ཤེས་རབ་བྱིན ་གྱིས་བརླབ་པ་སྔོན་དང་མཐུན་པར་བྱས་ལ། བླ་མས་ཤེས་རབ་མ་དང་སློབ་མ་ལ་བསྒོ་བར་བྱ་སྟེ། ཁྱོད་ཀྱི་འདོད་ཆགས་ཡང་སྤང་དུ་མི་རུང་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་། ཐབས་དང་ཤེས ་རབ་གཉིས་སུ་མེད་པའི་རོལ་པ་མཛད་པ་ལས་ཡེ་ཤེས་ཆེར་སྐྱེས་ཏེ། མངོན་པར་སངས་རྒྱས་པ་སྟེ། ཁྱོད་ཀྱིས་ཀྱང་འདོད་ཆགས་སྡང་དུ་མི་རུང་སྟེ། གཉིསུ་མེད་པའི་རོལ་པ་གྱིས་ཤིག། ཡེ་ཤེས་སྐྱེ་བར་འགྱུར་གྱིས་ཞེས་བརྗེད་དེ་བསྒོའོ།། བླ་མས ་ཡང་འདི་སྐད་བརྗོད་དོ།། ཁྱོད་ཀྱིས་ནུས་སཾ་རྡོ་རྗེ་ཅན།། དྲི་ཆེན་དྲི་ཆུ་བཟླའ་བཏུང་ཡིན།། རག་ཏ་ག་བུར་མུ་ཤ་དང་།། བུད་མེད་མོས་དང་ནུས་སམ།། བྷ་ག་འོ་བྱེད་མི་རྟོག་གྲམ།། སྤྲོས་ཤིང་རྡོ་རྗེ་བདོ་བ་ཅན།། དེ་ནས་ཡང་སློབ་མ་དང་ཤེས་རབ་གཉིས ་ཀྱིས།། ནུས་པའི་ཚིག་འདི་བརྗོད་དོ།། ལྷ་མོ་ཅི་ཕྱིར་བདག་མི་ཐིག། དྲི་ཆེན་ས་བོན་སོགས་ཟ་ཞིང་།། ཤེས་རབ་ཡང་དག་དང་པར་གྱིས།། བྷ་ག་ལ་ཡང་འོ་བགྱིད་དོ།། ཞེས་བརྗོད་དོ།། དེ་ནས་ཤེས་རང་གཅེར་བུར་ཕྱུང་ལ།། ཁྲུས་བྱས་ལ་དྲི་ཞིམ ་པོས་བྱུགས་ལ།། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ནས། ལག་པ་གཉིས་ཀྱིས་གྲཝ་གཉིས་ནས་བཟུང་སྟེ། ཁ་ཕྱེ་ལ་ཤེས་རབ་མས་འདི་སྐད་དེ།། རྨད་ཆེན་ང་ཡིས་པདྨ་ཡིན།། བདེ་བ་ཐམས་ཅད་ཡང་དག་ལྡན།། རྟག་ཏུ་རིམ་བཞིན་འདི་ལ་སྤྱོད།། ་འདི་དང་ནམ་ཡང་མི་འབྲལོ།། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམས་ནི་རྣམ་པར་གྲོལ།། ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི།། རང་བཞིན་ཐམས་ཅད་འདི་ལ་གནས།། ནང་གི་རྩ་ཡི་འཁོར་ལོ་ལ།། པདྨ་ལ་བཞུགས་རབ་ཏུ་གསུངས།། བྷ་གའི ་ནང་དུ་ནམ་མཁའ་བཞིན།། འབྱུང་བ་ལྔ་པོ་རྒྱན་བཞིན་ཚང་།། ལྟེ་བ་ལ་ནི་གེ་སར་བཅས།། འདང་མ་བརྒྱད་ཀྱིས་རྣམ་པར་བརྒྱན།། དེ་ཡི་དབུས་ནས་འབྱུང་བ་ཡིན།། དེ་ཉིད་བདུད་རྩི་ཤུཀྲ་གཟུགས།། བྷཉྫ་མོཀྵ་ཧོ་ཞེས་ཤེས་རབ་མས་བརྗོད་དོ།། དེ ་ནས་བླ་མའི་ཤིཀྱའི་ལག་པ་དང་།། ཤེས་རབ་མའི་ལག་པ་གཉིས་སྟེང་འོག་ཏུ་བཞག་ལ། ཤེས་རབ་མ་འདིས་ཁྱོད་ཀྱིས་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས།། འདི་དང་ཁྱོད་རྟག་ཏུ་མ་འབྲལ་བར་འགྲོགས་ཤིག་ཅེས་བརྗོད་པ་དེ་ཁོ་ན། ཤེས ་རབ་ཀྱི་དབང་ཡིན་ནོ།། ། དེ་ནས་ཤིཀྵ་ཡོལ་བའི་ནང་དུ་ཤེས་རབ་མ་དང་གཉིས་ཡོལ་བའི་ནང་དུ་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་སློབ་མས་ནོད་པར་བྱའོ།། དེ་ནས་ཤེས་རབ་དེ་ལ་ཤིཀྵས་གློ་གཡོན་པས་ལ ་ཕབ་ནས་ཉལ་ལ། དགའ་བའི་གཏམ་བྱ། གནས་དགུར་སེན་མོ་གདབ་པར་བྱ་སྟེ། གཡོན་པའི་ལག་པ་གཡོན་པའི་འོག་ཏུ་འདུག་པས་པདྨའི་ནང་གི་བྱེའུ་མགོ་འདྲ་བ་ལ་གླང་པོ་ཆེའི་ལག་པས་བྲུད་པ་ལ་སོགས་པ་བྱའོ།། དེ་ནས་ལྕེས་ཀྱང་རོལ ་མོ་ཡང་ཡང་དུ་བྱས་ལ། པདྨ་རྒྱས་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་སྦྱོར་བ་བྱས་ཏེ། ངལ་བུ་ངལ་བུས་བསྐྱོད་པ་ལ། བྱང་ཆུབ་སེམས་ཀྱི་སེམས་པོ་ལའི་སྐེར་ཕྱིན་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ཏེ། ཇི་ཙམ་གནས ་ཀྱི་བར་དུ་བསྒོམ་མོ།། དེ་ནས་མོ་ཐུབ་ན་ཀཀྐི་ལར་ཕྱུང་ལ། དེ་ཉིད་ཀྱེའི་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླང་ངོ་།། དེ་ཡང་རྒྱུད་ལས་ལག་པས་བླང་བར་མི་བྱ་ཞིང་།། ཉ་ཕྱིས་ཀྱིས་ཀྱང་མི་བྱ་སྟེ།། དུང་ལའང་གཞག་པར་མི་བྱའོ།། བདུད་རྩིའི་ལྕེ་ཡིས་བླང་བར ་བྱ་ཞེས་འབྱུང་བསྡུ། ཀཱཀྐོ་ནས་སྐྱེ་ཁོ་ནས་བླང་བར་བྱའོ།། དེ་ནི་ཤེས་རབ་མའི་ཀཀྐོ་ལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཟོས་པས་ན་ཤེས་རབ་དབང་ཞེས་བྱའོ།། དེ་ལ་དགའ་བ་རྣམ་པ་བཞི་ནི་དགའ ་བ་དང་། ཡང་དག་པའི་དགའ་བ་དང་། རང་བཞིན་གྱི་དགའ་བ་དང་། ཆད་པའི་དགའ་བ་དང་བཞིའོ།། དེ་ལ་དགའ་བ་ནི་འབའ་རྩ་བྱ་བ་ནས། བེ་ལའི་རྩར་ཕྱིན་གྱི་བར་དུའོ།། ཡང་དག་པའི་དགའ་བ་ནི། དཀྱིལ་དུ་ཕྱིན་པ་ཙམ་མོ།། རང་བཞིན་གྱིས་དགའ་བ ་ནི་བེ་ལའི་སྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་བསྐྱེད་པའོ།། འོན་ཏེ་གང་དུ་དགོས་པ་ཡིན་ཞེ་ན། སྨྲས་པ། འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱེད་དོ།། འོ་ན་འཁོར་ལོ་བཞི་དང་དགའ་བཞིར་ཇི་ལྟར་སྦྱོར་དགའ་བ་ནི་གསུམ་ལས་མེད་དེ། ཆང ་པོའི་དགའ་བ་ནི་གྲངས་སུ་མི་འགྲོ་ཞེསོ།། སྨྲས་པོ་ཆད་པའི་དགའ་བ་གྲངས་སུ་འགྲོ། ཅིའི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང་། སྐད་ཅིག་མའི་དགའ་བ་གྲངས་ཡོད་པས་མི་འགལ། རྒྱུད་ལས་ཀྱང་དགའ་བ་བསྟན་པས་འཁོར་ལོ་བཞི་དང་སྦྱར ་བ་མི་འགལོ་ཞེས་བྱ་བ་ལ་སོགས་པ་ནས་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན།། དེས་ནི་ཡིད་ཉེས་བླ་ཐམས་ཅད་དག་པར་བྱེད་པ་ཐུགས་ཀྱི་དབང་ཞེས་བྱའོ།། དེ་ལ་འབྲས་བུ་གང་དང་སྐལ་བ་མཉམ་པར་འགྱུར་ཞེ་ན། རིགས་ལྷའི་སངས་རྒྱས ་དང་འདི་ལྟ་བུའི་དབང་ཐོབ་པའི་རྣལ་འབྱོར་པ་སྐལ་བ་མཉམ་པར་འགྱུརརོ།། དེ་ནས་དེའི་ཚེ་དམ་ཚིག་རྣམས་ཡང་དག་པར་དཔོག་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ས་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། གཞན་ལས་ཤེས་པར་བྱའོ།། འདིར་མ་གོད ་དོ།། དེ་ནས་གསེར་དང་དངུལ་དང་། ནོར་བུ་རིན་པོ་ཆེ་དང་། བྱི་རུ་དང་། མུ་ཏིག་དང་། ཀཪྵཱ་པ་ན་དང་། གླང་པོ་ཆེ་དང་། མ་ཧེ་དང་། ཤིང་རྟ་ནོར་དང་བཅས་པ་དང་། ཡིད་ལ་ཅེས་པ་ཡོན་གྱི་མཆོག་རྣམས་བླ་མ་ལ། བླ་མའི་ཞབས་ལ་ཕྱག་འཚལ་དབུལ་ལོ།། ་འདི་ནས་བརྩམས་ཏེ་བླ་མའི་ཞབས་ཀྱི་བྲན་དུ་བདག་མཆིའོ།། བདག་གིས་ལུས་ཀྱང་བཞི་སུ་གསོལ་ཞེས་བརྗོད་དོ།། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་བྱང་ཆུབ་ཏུ་བསྒྲུབས་ལ་དགའ་བའི་ཕྱིར། མོས་པ་དང་འབྱོར་པ་ཆེའོ་ཞེས་གཏམ་བྱའོ།། དད་མོས་ཆེ ་བའི་སློབ་མ་ཡིས།། དང་པོ་ཡོན་ནི་དབུལ་བར་བྱ།། དངདུ་མོས་མེད་པའི་སློབ་མ་ཡིས།། དངོས་གྲུབ་ཐོབ་པར་མི་འགྱུར་རོ།། སློབ་དཔོན་གྱི་ཡོན་དཔྲལ་པོའི་རིམ་པའོ།། དེ་ནས་དཀྱིལ་འཁོར་ལ་གླུ་དང་གར་ལ་སོགས་པ་དང་། རོལ་མོའི་ཆ་བྱད་མང ་ཐོགས་ལ་བསྐོར་བ་ལན་གསུམ་བྱ། ཕྱག་བྱ། ཕྱོགས་སྐྱོང་ལ་གཏོར་མ་བཏང་། སྨོན་ལམ་གྱི་རླིག་བརྗོད། དེ་ནས་ཚོན་ལ་སོགས་པའི་དངོས་པོ་རྣམས་ལ། ནང་པར་ཐོ་རངས་བསྡུ་བར་བྱ། བསྡུས་ནས་གསེར་གྱི་བུམ་པར་ཐུགསཱ་ལྷོ།། ཆུ་ཆེན ་བོར་བོར་བར་བྱ། བུམ་པ་ཐམས་ཅད་ཀྱང་ཆུ་ཆེན་པོར་བསྐྱལ། བུམ་པ་བཀྲུ། སྔོན་བཞིན་དུ་ག་ཎཱ་ཙཀྲའི་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། གླུ་གར་གྱི་རྣམ་པ་བརྗོད། དེ་ནས་བདུད་རྩི་ལྔ་དང་། ཙནི་དན་དང་། གུར་གུམ་དང་། བའི་ལྕི་བ་རྣམས ་ལཿས་ལ་བྱུག་པ་བྱས་ནས་ཚོན་དང་ཐིག་མི་མངོན་པར་བྱའོ།། ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ། ཆོ་ག་རྒྱས་པར་མཛད་པ་མ་ནོར་བ་རྫོགས་སོ།། ། སློབ ་xxx། xxx ་xxx། xxx ་