CLOSE WINDOW

GT418: bcom ldan 'das kye'i rdo rje'i sgrub pa'i thabs mngon par rtogs pa'i rim pa don rab tu gsal ba zhes bya ba
Wyliee-texts produced with BDRC’s OCR application

པ་ཞེས་བྱ་བ་རྫོགས་པའི་རིམ་པ་ཞེས་བྱ་བའི་མན་ངག་རྒྱ་གར་གྱི་མཁན་པོ་བླ་མ་སྒེག་པའི་རྡོ་རྗེས་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། བྷ་ག་བཱཾ་ཧེ་བཛྲ་སཱ་དྷ་ན་མ་བྷི་ས་མ་ཡོ་ཀྲ་མཱརྠ་པྲ་ས་ནཱ་མ། བོད་སྐད་དུ། བཅོས་ཀྱི ་རྡོ་རྗེའི་སྒྲིབ་པའི་ཐབས་མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ། བཅྡོཾས་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལོ།། གང་གི་ཡེ་ཤེས་མེ་ལྟ་བུས།། རྣམ་རྟོག་མ་ལུས་བསྲེག་མཛད་ཅིང་།། སྙིང་རྗེ་ཆུ་ཡིས་བསྡུད་མཛ ་པ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ཏེ།། བདུག་པས་བློ་དམན་རྣམས་དོན་དུ།། སྒྲུབ་ཐབས་དོན་རབ་གསལ་བ་ཙམ།། དེ་ལ་སྦྱོར་པས་དང་པོ་དུར་ཁྲོད་ལ་སོགས་པའི་གནས་ཡིད་འོང་བར་སྟན་བདེ་བ་ལ་འདུག་སྟེ། བདག་ཉིད་ཀྱེའི་རྡོ་རྗེར ་གསལ་བའི་སྙིང་གར་བཾ་ལཱསྭ་པདྨ། དེའི་སྟེང་དུ་རཾ་ལསྣ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་སྔོན་པོ་བསམས་ལ། དེ་ལས་འོད་འཕྲོས་པས་སྨྲ་བུག་གཡས་ནས་བྱུང་བས་ཀྱེའི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། མདུན་གྱི་ནམ ་མཁའ་ལ་བཞུགས་པ་ལ་ཕྱིའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་གཽ་རཱྀ་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ཅན་དང་། ཚེམ་དྲན་མ་རང་བྱུང་གི་མི་ཏོ་གི་སྣོད་ཅན་དང་། རོ་ལངས་མ་དྲི་ཆུའི་སྣོད་ཅན་དང་། ཟ་ཕོད་མོ་དྲི་ཆེན་གྱི་སྣོད་ཅན་དང ་པུཀྐ་སཱི་ཤ་སྣ་ཚོགས་ཀྱི་སྣོད་ཅནྡ་དང་། རི་ཁྲོད་མ་ཆུང་གཱི་སྣོད་ཅན་དང་། གཏུ་མོ་ཅང་ཏེའུ་འཇུང་བ་དང་། གཡུང་མོ་འཁྱུད་པ་དང་ལྡན་པས་མཆོད་པར་བྱའོ།། དེ་ནས་སྡིག་པ་བཤུགས་པ་ལ་སོགས་པ་བྱཱ་སྟེ།། འཁོ ་བ་ཐོག་མཱ་མེ་དུས་ནས།། ལོག་པའི་རྣམ་པར་རྟོག་པ་ཡིས།། ལུས་ངག་ཡིད་ཀྱིས་བགྱིས་པ་གང་ཀ་སོ་སོར་བཤགས་བགྱིད་སླན་ཆད་སྡོམ།། འགྲོ་བ་གང་གིས་ཐར་པའི་ཕྱིར།། བསོད་ནམས་ཡེ་ཤེས་ཚོགས་བསགས་པ།། དེ་ལྀ་ཨཱང་དག ་ཡི་རང་ཞིང་།། དེ་དག་བྱང་ཆུབ་མཆོག་ཏུ་བསྔོ།། ཐ~ཾང་རང་བཞིན་ཀྱེའི་རྡོར་དང་།། དེ་ཡིས་བསྟན་པའི་ལམ་མཆོག་དང་། ཚོགས་མཆོག་དེ་ཡིས་འཁོར་འདུས་ལས།། ཁང་གི་ནི་རྟག་ཏུ་སྐྱབསུ་མཆི།། སྐྱོན་རྣམས་མ་ལུས་སེལ་བྱེད་ཅིང་།། ་སྟོན་ཐཾང་རྒྱས་བྱེང་པ།། ཡིད་བཞིན་ནོར་ལ་སྔོགས་མཚུངས་པ།། བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི།། དིང་ནས་ཀུན་མཁྱེན་མ་ཐོབ་པར།། བདག་གི་ལུས་ནི་བདེར་གཤེགས་དང་།། དེ་སྲས་རྣམས་ལ་དབུལ་བར་བགྱི།། དམ་པའི་ལཾ ་ལ་གནས་པར་བགྱི།། དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དོང་། བཏང་སྙོམས་བསྒོམ་པར་བྱའོ།། དེའི་འོག་ཏུ་སྟོང་པ་ཉིད་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ལྟར་སྟོང་པར་བསྒོམས་པ་ལས ་པཾ་ལས་སྣ་ཚོགས་པདྨ་དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱོར། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟོ་བ་ལ་ཧཱུཾ། དེ་ལས་འོང་འཕྲོས་པ་ལས་རྡོ་རྗེའི་རི་བ~ཾ་དང་བླ་རེར་གྱུར་བཾ་ལ་ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱས ་དུདྲིའི་ནང་དུ་ཆོས་ཀྱི་འབྱུང་གནས་དཀར་པོ་གྱན་ཁར་གནས་པ་བསམ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལ་པ་དན་གྱིས་མཚན་པ་དེའི་སྟང་པུ་རཾ་ལས་མའི་དཀྱོར་དམར་པོ་གྲུ་གསུམ་པ་རྡོ་རྗེས་མཚམ་པ། ངའི ་སྟེང་དུ་གཾ་ལས་ཆུའི་དཀྱོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལྀ་ལས་སའི་དཀྱོར་སེར་པོ་གྲུ་བཞི་རྡོ་རྗེས་མཆིན་པ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་དེའི་བདག་ཉིད་སྲིད་པ་བར་མའི་བག་ཆགས་བསམ་པར་བྱའོ།། དེ་རྣམས ་འོའདུ་ཞུ་ག་ལས་གཞལ་ཡས་ཁང་ངོས་བཞི་དང་། སྒོ་བཞི་དང་རྟ་བབས་བཞིས་བརྒྱན་པ་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། ཀ་བ་བརྒྱད་ཀྱིས་ཉོ་བར་མཛེས་པའོ།། དེའི་དཀྱིལ་དུ་བཾ་ལས་པདྨ་ཥྛང་བ་མ་བརྒྱད་དམར་པོ།། དེའི་སྟང་དུ་རཾ་ལས ་ཉི་མའི་དཀྱི་དེའི་སྟེང་དུ་བདུད་བཞིའི་གཟུགས་བསྣོལ་བ་བསྒོམ་པར་བྱའོ།། ཕྱོགས་བཞིན་ཚངས་པ་དང་། དབང་པོ་དང་ཉེ་དབང་དང་། དྲག་པོ་བཞི་དགོད་པར་བྱའོ།། མཚམས་བཞིར་གཤིན་རྗེ་དང་ནོར་སྦྱིན་དང་བདེན་བྲལ་དང་ཐགས ་བཟངས་རིགས་རྣམས་བཀོད་ལ། འདིས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ལ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་བདུད་བཞིའི་སྙིང་གར་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨོཾ་ཨཿརྣམས་ལས་ཟླ་བའི་དཀྱོར་ཏེ་མེ ་ལོང་ལྟ་བུའི་ཡེ་ཤསོ།། དེའི་སྟེང་དུ་ཀ་ཁ་གོ་གྷ་པ། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་པ་བ་བྷ་མ། ཨ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿདང་དྷ་ཡ་ར་རྣམས་ལས་ཉི་མའི་དཀྱིར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེ་སོ།། ཟླ་བ་དང་ཉི་མའི་བར་དུ་ཧཱུཾ་དང་། ཨ་ལས ་རྡོ་རྗེ་གྲི་གུག་སྟེ། སོ་སོར་རྟོག་པའི་ཡེ་ཤསོ།། དེ་དག་ཆུ་དང་འོ་མ་ལྟ་བུར་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེསོ།། དེ་ལས་ཨོཾ་དང་ཧཱུཾ་ངོ་།། དེ་གཉིས་རྡོ་རྗེ་དང་གྲི་གུགོ།། དེ་ལས་བཞེངས་པའི་བཅྡོཾས་ཞལ་བརྒྱད་ཕྱག་བཅུ་དྲུག ་བཞབས་བཞི་དང་ལྡན་པ། དབུ་ལ་ཐོད་པའི་ཕྲེང་བས་བསྐོར། བདག་མེད་མས་མགུལ་ནས་འཁྱུད་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྐུ་མདོག་དཀར་པོ་གཡས་སྔོ་བ་གཡོན་དམར་བ་ལྷག་པའི་ཞལ་གནག་པའོ།། ཕྱགཡས་ཀྱི་ཐོད་པ་བརྒྱུད ་ན་རིམ་པར་གླང་པོ་ཆེ་དང་རྟ་དང་བུང་བུ་དང་གླང་དང་རྔ་མོ་དང་སེངྒེ་དང་བྱི་ལ་རྣམས་འཛིན་པ། ཕྱག་གཡོན་གྱི་ཐོད་པ་བརྒྱད་ནཱ་སའི་ལྷ་དང་ཆུའི་ལྷ་དང་རླུང་གི་ལྷ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་འཛིན་པའོ།། ལྷ་མོ ་ཞལ་གཅིག་ཕྱ་གཉིས་པ་ཁ་དོག་གནག་པ་སྐྲ་སེར་པོ་གྱེན་དུ་བགྲེང་བ་ཕྱག་ཡས་ན་གྲི་གུག་གཡོན་ན་ཐོད་པ་འཛིན་པ་སྟེ། ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེསོ།། དེ་ནས་ལྷ་མོའི་གནས་གསུམ་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ་དཔྲལ་བར་ཨོཾ། ཐུགས་ཀར་ཧཱུཾ། གསང་བའི་གན་སུ་ཨཱཿཔདྨ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དང་ཙ་ཏུ་རཱ་ཙནྡ་བྷཱ་ག་བི་ས་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥ་མེ། རྡོ་རྗེ་བྱིན་གྱིས་བརླབ་པའི་སྟེགས་ནི། ཨོཾ་བཛྲ་མ་ཏུ་དེ་ཥོ ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་ཤོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཀུ་རུ་ཥ་མ། དེ་ནས་ཡབ་ཡུམ་ཆགས་པ་ཆེན་པོའི་རོལ་པ་ལས་དེའི་སྒྲས་བསྐུལ་བས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐོད་ཡི་གེ་བུཾ་ཨ་ཛྲཱིཾ་ཁཾ་ཧཱུཾ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི ་རྣརྣམ་པར་ཡབ་ཀྱི་ཞལ་ནས་རྡོ་རྗེ་ལས་ནས་བྱུང་སྟེ་ཐིག་ལེ་བརྒྱ་དུ་གྱུར་ནས་པདྨ་འཕྲོ་བའི་དུ་སུ་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཐིག་ལ་བརྒྱད་ལས། གཾ་ཙཾ་བཾ་པཾ་གྷཾ་ལཾ་ཤཾ་ཌཾ་ས་བོན་དེ་དག་ལས ་ཕྱགཡས་ཀྱི་ཕྱག་མཚན་བརྒྱ་དུ་གྱུར། དེ་དག་ལས་ལྷ་མོ་བརྒྱ་དུ་གྱུར་ཏེ། གཽ་རཱི་ནག་མོ་གཡས་ན་གྲི་གུག་གཡོན་ན་ཉ་བསྣམས་པ། ཤར་ཕྱོགསུ་ཚངས་པའི་སྟེང་དུ་གདོན་པར་བྱ་སྟེ། དེ་བཞིན་དུ་ལྷོ་ཕྱོགསུ་ཆོམས་རྐུན་མ་བཙོད་ཀྱི་ཁ ་དོག་ཅན་ཕྱག་ཡས་ན་ཅང་ཏེའུ་གཡོན་ན་ཕྱག་པ་ཅན་དབང་པོའི་སྟེང་དུའོ།། རོ་ལངས་མ་དམར་སེ་ར་བསྲེས་པའི་མདོག་ཅན་ཕྱག་ཡས་ན་རུ་སྦྲུལ་གཡོན་ན་ཐོད་པ་བསྣམས་པ། ནུབ་ཕྱོགསུ་ཉེ་དབང་གི་སྟེང་དུའོ།། ཟ་ཕོད་མོ་ཁ་དོག ་ལྗང་གུ་ཕྱག་གཡས་ན་སྦྲུལ་གཡོན་ན་ཐོད་པ་བསྣམས་པ། བྱང་ཕྱོགསུ་དྲག་པོའི་སྟེང་དུའོ།། པུཀྐ་སཱི་ཁ་དོག་སྔོན་པོ་ཕྱག་ཡས་ན་སངྒེ་གཡོན་ན་དགྲ་སྟ་བསྣམས་པི། བྱང་ཤར་གྱི་མཚམས་ན་གཤིན་རྗེའི་སྟེང་དུའོ།། རི་ཁྲོད་མ་སྐྲ ་མདོག་དཀཪྵ་མོ་ཕྱག་ཡས་ན་དགེ་སློང་གཡོན་ན་གསིལ་བྱེད་བསྣམས་པ་ཤར་ལྷོའི་མཚམསུ་ནོར་སྦྱིན་གྱི་སྟེང་དུའོ།། ག་ཏུ་མོ་ན་མཁའི་ཁ་དོག་ཅན་ཕྱག་ཡས་ན་འཁོར་ལོ།། གཡོན་ན་ཐོད་པ་བསྣམས་པ་ལྷོ་ནུབ་ཀྱི་མཚམ་སུ ་བདེན་བྲལ་གྱི་སྟེང་དུའོ།། གཡུང་མོ་སྣ་ཚོགས་པའི་མདོག་ཅན་ཕྱག་ཡིས་ན་རྡོ་རྗེ་གཡོན་ན་སྡིགས་མཛུབ་དང་ལྡན་པ་ནུབ་བྱང་མཚམ་སུ་ཐགས་བཟངས་རིགས་ཀྱི་སྟེང་དུ་གདོན་པར་བྱའོ།། ལྷ་མོ་དེ་དག་སྐྱིལ་ཀྲུང་ཕྱེད་པ་གར་གྱིས་གནས་པ། སྤྱན ་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པའོ།། དེ་ནས་ཡ་བ་ཡུམ་གྱི་རོལ་པའི་སྒྲས་བསྐུལ་བས་སྲིད་པ་བར་མའི་བག་ཆགས་ཀྱིས་ཡི་གེ་ལྔ་པོ་ཧོ་ཨོཾ་ཨཱཿཧཱུཾ་ཧོཿརྣམས་ཞལ་ནས་ཞུགས་ཏེ། པདྨར་ཕྱིན་པ་ཙམ་གྱིས་ཡབ་ཡུམ ་གཉིས་འོད་ཀྱི་གོང་བུར་གྱུར་པ་ལཾ། མཚམས་ཀྱི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ་བར་བྱེད། སྙིང་རྗེའི་ཐུགས་ཀྱིས་རྗེ་བཙུན་བཞེངས།། པུཀྐ་སཱི་ནི་བདག་སྒྲུབ་མཛོད།། སྟོང་པའི་རང་བཞིན་སྤངས་ནས་ནི།། བདག་ལ་བདེ་ཆེན་རྣལ་འབྱོར་སྦྱོར།། ་ཁྱོད་དང་བྲལ་ན་བདག་འགུམ་པས།། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན་སྤོངས་མཛོད་ལ།། རི་ཁྲོད་མ་ནི་བདག་དོན་སྒྲུབ།། འཇིག་རྟེན་མགྲོན་གཉེར་འདོད་པའི་གཙོ།། སྟོང་པ་ཉིད་ལ་ཅི་ཕྱིར་བཞུགས།། གཏུ་མོ་བདག་ནི་ཞུ ་པབཔ་བགྱིང།། ཁྱོད་མ་ལངས་ན་ཕྱོགས་མ་འཚལ།། བདག་གིས་ཉིད་ཀྱི་ཐུགས་འཚལ་གྱི།། དབང་པོའི་དྲན་ལྡན་ཁྱོད་བཞེངས་ཤིག། གཡུང་མོ་བདག་ནི་དྲན་ཉམས་པས།། ཐུགས་རྗེས་རྒྱུན་ཚང་མ་མཛད་ཅིག། དེ་ལྟར་བསྐུལ་བས་སྔོན་གྱི་སྨོན ་ལམ་རྗེ་སུ་དྲན་ནས། ཁུ་བའི་གཟུགས་ལས་བཞེངས་པ་ནི་གོང་དུ་སྨོས་པ་ལྟ་བུ་ལ། སྐུ་མདོག་གནག་པ་གཡས་དཀར་བ་གཡོན་དམར་བའོ།། ཞབས་ཕྱེད་ཀྲུང་དུ་བཞུགས་པ། མགོ་བོའི་ཕྲེང་བའི་དོ་ཤལ་ཅན། སྣ་ཚེ་ཌ་རྡོ་རྗེ་སྤྱི་བོར་འཛིན ་པའོ།། དེ་ནས་སྙིང་གར་པཾ་ལས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱོ། དེའི་སྟེང་པུདྡྷེ་ལསཾ་རྡོ་རྗེ། དེ་ལས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཡང་པདྨ་དང་ཉི་མ་དང་ཧཱུཾ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུ~ཾ་བསམ་པར་བྱའོ།། དེ་ནས ་ཨོཾ་བཛྲ་གཽ་རི་ཨཱ་ཀཪྵ་ཡ་ཛཿཞེས་བརྗོད་པས་ཡེ་ཤེས་དཀྱིལ་འཁོར་མདུན་གྱི་ན་མཁའ་ལ་སྤྱན་དྲངས་ཏེ། ཕྱི་ནང་གསང་བའི་མཆོད་པས་མཆོད་ལ། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་པས་གཞུག་པར་བྱའོ།། ཨོཾ་བཛྲ་བིདྡྷ་ལཱྀ་སྥོ་ཊ་ཡ། ་བཾ་ཞེས་བརྗོད་པས་བཅིང་བར་བྱའོ།། ཨོཾ་བཛྲ་གྷསྨ་རཱི་ཝ་ཤི་ཀུ་རུ་ཧོཿཞེས་བརྗོད་པས་དགྱེས་པ་བསྐྱེད་པར་བྱའོ།། དེ་ལྟར་ཡེ་ཤེས་ཀྱིས་བསྟིམས་པ་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། གཏི་མུག་རྡོ་རྗེ་མ་དང་། འདོད་ཆགས་རྡོ་རྗེ། ་མ་དང་། ཕྲག་དོག་རྡོ་རྗེ་མ་དང་། བདག་མེད་རྣལ་འབྱོར་མ་རྣམས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་མིང་གི་ཡི་གེ་དང་པོ་མཾ་དཾ་མ~ཾ་རཾ་སིཾ་ནཾ་རྣམས་ལས་བསྐྱེད་པར་བྱ་སྟེ། ཞལ་གཅིག་ཕྱ་གཉིས་སྣ་ཚོགས་མདོག ་ཅན་ཕྱགཡས་ན་གྲི་གུག་གཡོན་ན་ཐོད་པ་རོའི་ག་ན་ཅནོ།། ཨོཾ་ཨཱཿཧཱུཾ་གསུམ་ལས་མཁའ་སྤྱོད་མ་དང་ས་སྤྱོད་མ་དཔས་འོག་མ་གསུམ་དཀར་བ་དང་དམར་བ་དང་གནག་པའོ།། ལྷ་མོ་སྐུའི་རིགས་ལས་བྱུང་།། སྦྱོར་མ་ནི ་མཁའི་སྤྱོད་མ།། དེ་དག་བྱིན་གྱིས་བརླབ་གན་སུཀ་བྱིན་གྱིས་བརླབ་པ་མཛྲོ་དུ་གསོལ་ཨོཾ་སརྦྦ་ཏ་ཐཱ་ཏཱ་པཱུ་ཛ་རི་བཽཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ལྷ་མོ་ཐུགས་ཀྱི་རིགས་ལས་བྱུང་།། རྒྱོར་མ་ནི་ས་འོག་མས།། དེང་བདག་བྱིན་བརླབ་མཛད་དུ། ་གསོལ།། ཨོཾ་སརྦྦ་ཏ་ཐཱ་གཽ་ཏ་བིཏྟཱ་ལི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་སངྱས་ཐམས་ཅད་སྤྱན་དྲངས་ཏེ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་ལ ་དབང་བསྐུར་བ་བླང་བར་བྱའོ།། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས།། མགོན་པོས་བདག་ལ་དབང་བསྐུར་ཅིག། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་གཟུགསུ་བྱ་སྟེ་བདུད་རྩི་ལྔས་བཀང་བའི་བུམ་པས ་དབང་བསྐུར་བས། གཙོ་བོ་དང་གཽ་རཱི་དང་། པུཀྶཾ་སྲྀ་རྣམས་ཀྱི་དབུ་རྒྱན་ལ་མི་བསྐྱོད་པའོ།། ཆོམ་རྐུན་མ་དང་རི་ཁྲོད་མ་ལ་རྣམ་པར་སྣང་མཛ་དོ།། རོ་ལངས་མ་དང་གཏུ་མོ་ནི་རིན་ཆེན་འབྱུང་ལྔ་ནོ།། ཟ་ཕོ་མཽ་དང་གཡུང་མོ་ལ་སྣང་བ་མཐའ་ཡས ་བསམ་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ཨཾ་ལྟས་རླུང་དང་རཾ་ལས་མེའི་སྟེང་དུ་ཨ་ལས་ཐོད་པའོ།། དེའི་ནང་དུ་ཟླ་བ་དང་ཉི་མའི་དཀྱིལ་དུ་ཧཱུ~ཾ་ལསྭ་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཟླ་བའི་བར་དུ་བྷྲཱུཾ་ཨཾ་ཛཾ་ཁཾ་ཧཱུཾ ་རྣམས་ལས་སངས་རྒྱས་ལྔ་བསྐྱེད། གོ་ཀྱ་དྲ་ཧ་ན། རྣམས་ལས་སེམས་ཅན་ལྔ་བསྐྱེད་མེ་སྦར་བ་དེ་དག་འོདུ་ཞུ་བ་ལ་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདུད་རྩི་བཀུག་ནས་ཐིམ་པར་གྱུར་པ་ལ། ཨོཾ་ཨཱཿཧཱུཾ་གསུམ།། ་གྱིས་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་ལྟེ་བ་ལ་རྡོ་རྗེ་ནས་ཀྱི་འབྲས་བུ་ཙམ་བསམས་ལ་བདུད་རྩི་མྱང་བར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སཱ་དྷ་ན་བཛྲོ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ལྷ་མོ་བརྒྱད་འཕྲོས་པ་ལས་བྱང་ཆུབ་ཀྱི ་སེམས་ལ་སོགས་པ་གོང་དུ་བརྗོད་པ་ལྟ་བུར་བསྡུས་ཏེ། གཙོ་བོ་ནས་བརྩམས་ཏེ་དཀྱིལ་འཁོར་མཆོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་ས་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ལྷ་མོ་དེ་དག་གིས་བསྟོད་པ།། ཁྱོད་ནི་ནོར་མོ་རྣམས ་སྟོངསུ་བསྐོར།། ཉིད་ཀྱི་ཐུགས་ཀྱིས་ཁྱོད་ཀྱི་དགོངས་པ་འགྲུབ། གཡོ་དཱ་མི་གཡོ་འཁོར་བ་ཀུན་བསྒྲུབས་ཁྱོད།། སྙིང་རྗེ་ཐུགས་ཀྱིས་བྱང་ཆུབ་བསྒྲུབ།། སྒྱུ་མ་སྤྲོས་པའི་ཐུགས་ནི་སྒྲུབ་མཛད་པ།། རྡོ་རྗེ་ཧེ་རུ་ཀ་དཔལ་དགྱེས་པའི་ཐུགས།། ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོ་ཧཽ། དེ་ལྟར་བསྒོམས་པ་ལས་དང་པོ་སྤྲིན་ལྟ་བུ་དཽང་། གཉིས་པ་དུ་པ་ལྟ་བུ་དང་། གཽསུམ་པ་གློགི་རྣམ་པ་ལྟ་བུ་དང་། བཞི་པམ་ར་མེ་ལྷ་བུ་དང་། ལྔ་པ་ཐཾད་གསལ་བཱ་སྤྲིན་མེད་པའི་ནམ ་མཁའ་ལྟ་བུ་སྟེ། ཕྱི་སྒྱུ་མ་དང་། རྨི་ལམ་དང་མཚུངས་པར་འགྱུར་རོ།། དེ་ནས་འཁོར་ལོ་བཞི་ལ་གནས་པར་བྱ་སྟེ། ལྟེ་བར་གཏུ་མོ་སྦར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ།། སྤྱན་ལ་སོགས་པ་ཡང་བསྲེགས་པས།། བསྲེཊ་པཱ ་ཧཾ་ལས་རི་བོང་འཛག། ད་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ།། དེ་ནས་དག་པ་རྗེསུ་དྲན་པར་བྱ་སྟེ། སྤྱན་དམར་བ་ནི་སྙིང་རྗེའོ།། ཡན་ལག་གནག་པ་ནི་བྱམས་པའོ།། ཞབས་བཞི་ནི་བསྡུ་བའི་དངོས་བཞིའོ།། ཞལ་བརྒྱད་ནི་རྣར་ཐར་པ་བ ་ཕྱུཕྱག་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུ་གོ།། འཁོར་ལོ་དང་རྣ་ཚོ་དང་མགུར་ཆུ་དང་གང་བུ་དང་སྒྲ་རིགས་ནི། མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛ་དང་དོན་ཡོད་གྲུབ་པ་རྣམས་གོ་རིམ་བཞིན ་ཁྲོ་བོ་ནི་གདུག་པ་འདུལ་བའོ།། སྤྱན་གསུམ་ནི་སྐུ་གསུ་མོ།། རུས་པ་ནི་བདེན་པ་བཞིའོ།། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མ་དང་། གསང་བའི་གོ་རཱི་དང་ཆུ་མ་དང་རྡོ་རྗེ་མཁ་འགྲོ་མ ་དང་བདག་མེད་མའོ།། སྭ་དང་ཆུ་དང་མེ་དང་རླུང་ནི་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུ་མོ་དང་གཡུང་མོའོ།། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ནི་གཽ་རཱི་དང་ཚེམས་རྐུན་མ་དང་ཟ་ཕོང་མོ་དང་ས་སྤྱོད་མ་དང་མཁའ ་སྤྱོད་མའོ།། ཕྱག་ཡོན་གྱི་ཐོད་པ་བརྒྱད་འཛིན་པ་ནཱི་ཡོ་བྱད་ཕུན་སུམ་ཚགས་པར་མཛད་པའོ།། ཕྱག་ཡས་ཀྱི་ཐོད་པ་ན་གླང་པོ་ལ་སོགས་པ་འཛིན་པ་ནི་བློ་ནོད་དང་དབུགས་མཾ་བཱི་པ་དང་སྐྱེ་བ་དང་ཁྲག་སྐྱུག་པ་དང་མཛེ་ནད་དང་འབྲུམ ་པོ་དང་མཚེར་བའི་ནཱད་དང་མཆིན་པའི་ནང་རྣམས་ཞི་བར་བྱེད་པའོ།། བསམ་གཏན་གྱིས་དུ་བ་ན་སྔོགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨཥྚ་ན་ནཱ་ཡ། བིདྡྷ་ཨུརྟྟ་ཀེ་ཤ་ཝ་ར་ཏ་མ་ན། ཙ་ཏུཪྻེ་ཤ་ཏི་ནེ་ཏཱཾ་ཡ། ཥོ་ཌ་ཤ་བྷུཾ་ཛཱ་ཡ། ཀྲྀཥྚ་ཛྙེ་མཱུ་ཏ་ཝ ་ཥེ9ཀ་པཱ་ལ་མཱ་ལ་ནེ་ཀ་དྷ་རཱི་ཎེ། ཨཱདྦྷུ་ཏཱ་ཀྲཱུ་ར་ཙིརྞྞ་ཡ། ཨརྞྞེནྣཱ་དཾཥཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྟྲྀ་ཡ། ཏརྫ་ཡ་ཏརྞ་ཡ། ཤོཥ་ཡ་ཤོཥ་ཡ། སཔྟ་ས་ག་རཱ་ན། བནྡྷ་བནྟ། ནཱ་གཱ་ཥྱ་ཀཱ་ནཱ། གྲྀཧྞ་གྲྀཧྞ། ཤ་ཏཱཾ་ནཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཏེ་ཧཱི ་ཧ་ཧོ་ཧ། ཕཊ་སྭཱ་ཧཱ། ཡང་ན་ཨོཾ་དེ་བ་པཾ་ཙུཾ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་རྒྱུན་དུ་བཟླས་པ་བྱའོ།། དེ་ནས་གཏོར་མ་བཏང་བར་བྱ་སྟེ། གཏོར་མ་གོང་མ་ལྟར་བདུད་རྩི་རུ་བྱིན་གྱིས་བརླབསཱ་ལ། མདུན་གྱི་ན་མཁའ་ལ་ཆོས་ཀྱི་འབྱུང་གནས་ཀྱི ་ནང་དུ། པདྨ་འདབ་མི་བརྒྱད་སུམ་རྩེག་ཏུ་དཀར་པོ་དང་ནག་པོ་དང་དམར་པོ་ལ་ཨོཾ་དང་ཧཱུཾ་དང་ཨཱཿརྣམས་ལས་ལྷ་བརྒྱ་དང་། ཕྱོག་སྐྱོང་བརྒྱ་དང་ཀླུ་བརྒྱད་བཀོད་ལ་དེ་ལ་ཡེ་ཤེས་ཀྱི་ལྷ་བསྟིམ་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། ་ལྕེ་ལ་རྡོ་བསམས་ཏེ་སྭཊ་འདིས་བཏ་།། ཨོཾ་ཨིནྡ་ཛ་མ་ཛ་ལ་ཛ་ཀྵ་བྷཱུ་ཏཱ། བིཧྣ་བ་ཨུ་རཀྵ་ཙནྣ་སྱཱཿ་མ་ད་བཔྤ་ཏཱ་ལ་པཱ་དཱ་ལཾ་ཨཊྚ་སཔྤ་ཨི་དཾ་བ་ལཱཾ་བྷཱུཉྩུ་དྷཾ་གྷ་ཕུལ་དྷཱ་པྲ་མཱཾ་ས་བཾ་གྷཱ། ཨམྦྷ་སྭབྟ་ཀརྞྞ་སཱཿཁནྠི་ཁུ་ནཱི་ཕཱ་ཊ་གཱ་ད། ཨཽ་ཨཀྵ་རོ ་མུ་ཁཾ་སརྦྦ་དྷརྨ་ཎཱཾ། ཨཱཏྨ་ནུཏྤནྣ་ཏཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།། བསྒོམ་པའི་མཐར་སྨོན་ལམ་ནཾ། རིགས་བཟང་སྐྱེ་དང་སྨྱོ་མིན་པ།། དམ་ཚིག་ལྡན་ཞིང་ཀྱི་རྡོར་འཆང་།། བླ་མ་བསྟེན་བཀུན་སྙིང་རྗེ་ལྡནཾ།། བདུག་ནི་སྐྱེ་ཞིང་སྐྱ་གྱུར་ཅིག། ལག ་པས་རྡོ་རྗེ་དྲིལ་བུ་འཁྲོལ།། ཟབ་མོའི་ཆོས་འདི་འདོན་པ་དང་།། བཙུན་མོའི་ཁུ་བ་ཡང་དག་ཟ།། བདག་ནི་སྐྱེ་ཞིང་སྒྱུ་གྱུར་ཅིག། བདག་ནི་ཤེས་རབ་ལྡན་པ་མ་ཡིན་ཡང་།། འདུ་བྱེད་རྒྱ་མཚོས་གཡེངས་དང་བློ་ཆུང་ཡང་།། ཕན་པར ་བསམས་ནས་སྒྲུབ་ཐབས་འདི་བརྩམས་པས།། འགྲོ་ཀུན་ཀྱེ་ཡི་རྡོ་རྗེ་མྱུར་ཐོབ་ཤོག། བཅྡོཾས་ཀྱེའི་རྡོའི་སྒྲུབ་པའི་ཐབས་མངོན་པར་རྟོཊ་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ་རྫོག་སོ།། །། རྒྱ་གར་སྐདརུ། ཤྲཱི་ཧེ་བཛྲ་སྭ་དྷཱ་ནཾ། བོད་སྐད ་