| Wylie | e-texts produced with BDRC’s OCR application |
འབྲལ་ལ་མངོན་དུ་བྱེད་ཅིང་བྱིན་རློབ་པ།། དམ་པ་འགའ་ཡིས་གསོལ་བཏབ་ནས།། མན་ངག་གཞུང་བཞིན་མཐུན་པར་བྲིས་ཡིན། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཞེས་བྱའི་གཏོར་མའི་ཚེ ་གའི་རིམ་པ་རྫོགས་སྷོ།། ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལོ།། ཀྱེ་ཡི་རྡོ་རྗེ་བདག་མེད་ལྡན།། མཁའ་འགྲོ་བརྒྱད་ཀྱིས་ཡོངས་བསྐོར་ལ།། ཕྱག་འཚལ་ནས་ནི་ཕྱག་མཚན ་རྣམས།། བསྣམས་པའི་ཕུན་ཡོན་རཱིམ་བཞིན་བརྗོད།། གླང་པོ་ལ་སོགས་བསྣམས་པ་ནི།། ནང་རྣམས་ཞི་བར་མཛད་པ་སྟེ།། གློ་དང་དབུགས་དང་དེ་བཞིན་སྒོ།། ཁྲག་སྐྱུག་མཛེ་ནང་འབྲུམ་བུ་དང་།། མཚེར་པོ་མཆིན་པའི ་རང་བཞིནོ།། གླང་པོ་ལ་སོགས་རཱིམ་ཞེས་གྲགས།། ས་ལ་སོགས་པ་བརྒྱད་བསྣམས་པ།། ཕྱུག་པོ་ཐམས་ཅད་འགྲུབ་པའོ།། ང་རྒྱལ་ལྷ་སོགས་སྐྱོན་དྲུག་པོ།། གཙོད་ཕྱིར་གྲི་གུག་གཡས་པས་ཏེ།། དངོས་དང་དངོས ་མེང་རྟོག་པ་ལ།། གཡོན་པ་ན་ནི་པདྨ་སྣོད་དོ།། འཁོར་བའི་རྒྱ་མཚོ་དྲུག་ཅུ་ལཱིས།། ཉ་འདྲའི་འགྲོ་བྲ་འདོན་ཕྱིར་རམ།། བཀྲ་ཤིས་འཛིན་པ་རོ་ཧཱཾ་ཏ།། ཉོན་མོངས་རྒྱ་འདྲ་གྲོ་གུག་གཡས།། གཏཱི་མུག་གིས ་ནི་རབ་རྨོངས་ལ།། ཕག་དང་འདྲ་བའི་སེམས་ཅན་རྣམས།། གཏི་མུག་གཉིད་ལ་བསླང་བའི་ཕྱིར།། གཡས་ན་ཅང་ཏེ་སྒྲ་སྒྲོགས་པ།། འདོད་ཆགས་ཀྱིས་གདུངས་རུ་སྦལ་ནི།། འགྲོ་བའི་ནད་རྣམས ་བསལ་ཕྱིར་དང་།། ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར།། རུ་སྦལ་དང་ནི་པདྨ་སྣོད་བསྣམས།། ཞེ་སྡང་དགྲ་ཡིས་ཕམ་བྱས་པ།། སྦྲུལ་དང་འདྲ་བའི་སེམས་ཅན་རྣམས།། ཞེ་སྡང་ཆེན་པོས་ཚིམ་བྱའི་ཕྱིར།། ་ཕྱུག་ནཱ་སྒྲོལ་དང་ཐོད་པའོ།། དཪྻ་རྟོག་པ་ཡི་རི་དགས་རྣམས།། སྐྲག་པར་བྱཱ་ཕྱིརི་སེ་གྱི་འམ། སིང་འདྲ་ང་རྒྱལ་གཞོམ་ཕྱིར་ར་མ།། སྟེང་གོ་དདྷ་ནི་དགྲ་སྟ་བསྣམས།། བདག་ཏུ་ལྟ་བས་སོགས་པཽ་ཡྲྀཏྲཱྀ་ལྟ་བ་པོ ་ཡོ་གཉིས་པའོ།། བདག་ཏུ་ལྟ་བའི་མདུད་པ་དང་།། སེར་སྟི་དགྲོལ་བར་བྱ་བའི་ཕྱིར།། དགེ་སློང་དང་ནི་མཁར་གསི་ལོ།། དཔེར་ན་ཐོང་བ་ལྟ་བུ་ཡི།། ཆོས་ནི་འཁོར་ལོ་བསྐོར་པ་ཡིས།། ཉོན་མོངས་ཐ་བ་རློག་པའི་ཕྱིར།། ལ ་ལོ་དང་ནི་ཐོད་པ་བསྣམས།། རྣམ་པར་རྟོག་པའི་རི་བསྙིལ་ཅིང་།། གདུག་པོ་ཚར་གཙང་བྱ་བའི་ཕྱིར།། གཡས་པ་སྡིགས་མཛུབ་བསྟན་པའོ།། བཅོམ་ལྡན་དཔལ་ཧེ་རུ་ཀ། མ་མོའི་ཚོགས་ཀྱིས་ཡོངས་བསྐོར་བཱའི།། ་ཕྱག་མཚན་བསྟིམས་པའི་ཡོན་ཏནྡ།། ཅི་ནུས་བརྗོད་ཐོབ་ཡོན་ཏན་རྣམས།། ཐབས་དང་ཤེས་རབ་གྲུ་ཆེན་དང་།། བརྟེན་ནས་མཐའ་ཡས་སེམས་ཅན་རྣམས།། འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ།། ཐར་པའི་སྐམ ་སོར་གནས་པར་ཤོག། ཕྱག་མཚན་གྱི་ཕན་ཡོན་རྫོགས་སོ།། 6། རྒྱ་གར་སྐད་དུ། མ་ཧཱ་ཏི་ལ་ཀ་ཀྲ་མ་ནཱ་མ། བོད་སྐད་དུ། ་