CLOSE WINDOW

GT3953: 'phags pa shes rab kyi pha rol tu phyin pa phyogs kyi smon lam
Wyliee-texts produced with BDRC’s OCR application

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ། ཀློག་གི་དུས་སྤུ་སྨོན་ལམ་དུ་གསོལ་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ན ་སྟོན་པ་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས། ཞི་བླ་ཆོས་ཀྱི་སྐུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པའི་ཆོས་ཀྱིས་བརྒྱན་པ། ཕྱོགས་བཅུ ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལེ་སྟོན་པ་དམ་པའི་འདུ་ཤེས་ཀྱིས་གུས་པར་ཕྱག་འཆིལ་ཞིང་དང་བསྲ་སྐྱབསུ་མཆིའོ།། བསྟན་པ་བླ་ན་མེད་པ་དམ་པའི་ཆོས་ངོ་བོ་ཉིད་ཀྱིས་རྣར་དག་ཅིང་རང་བཞིན་གྱིས་རྣ་གྲོལ་བ་འཕགས་པ་པོ ་རརིརང་གིས་རིག་པའི་ཡེ་སྨོས་ཀྱི་སྤྱོད་ཡུལ། རྣམ་གྲངས་བྱིས་པ་ལྟ་བུའི་སྤྱོད་ཡུལ་དུ་མ་གྱུར་པ། དོན་དམ་པའི་ཆོས་དང་། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་པའི་བཤུལ་ལམ་གྱིས་ཆོས་འཕགས་པའི ་ལམ་ཡན་ལག་བརྒྱད་ཀྱིས་བསྡུས་པ་དང་། བསྟན་པའི་ཆོས་སྐྱེས་བུ་ཆེན་པོའི་དཔལ་གྱི་མགུར་ནས་ལེགས་པར་གསུངས་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་ཞིང་ཚིག་འབྲུ་གསལ ་བ། མངོན་པར་མཐོང་བ། ངེས་པར་ལེགས་པའི་ལན་དུ་གྱུར་པ། མདོ་སྡེ་འདུལ་བ་མངོན་པ་བསྟན་བཅོས་ལ་སོགས་པ་དམ་པའི་ཆོས་ཡི་གེ་འབྲུ་གཉེར་གྱིས་བརྙེད་པ་ཐམས་ཅད་ལ་བསྟན་པ་དམ་པའི་འདུ་ཤེས་ཀྱིས ་གུས་པར་ཕྱག་འཚལ་ཞིང་། དྲང་བས་སྐྱབསུ་མཆིའོ།། བསྒྲུབ་པ་བླ་ན་མང་བ། འཕགས་པའི་དགེ་འདུན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་ལྔ་ལས་ཤིན་ཏུ་འདས་པ། ཕྱིར་མི་ལྡོགས་པའི་སའི་གོ ་འཕངས་པོ་རྙས་པ། ས་ཆེན་པོ་ལ་རྟོགོས་པའི་ཁྱད་པར་གྱི་ས་རིམ་པར་ཞུགས་པ། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས། འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་གྱུར་ཅིང་། སེམས་ཅནྡ་ཐམས་ཅད་ཀྱི་དོན་མཛད ་པ་ལ། བརྩོན་པ་སྐུ་ཉམསུ་བཞེས་པ་རྣམས་དང་། འཕགས་པ་རང་སངས་རྒྱས་རང་གི་ཤེས་རབ་ཀྱི་རྩལ་གྱིས་གོ་ཞིང་། བསམ་གཏན་དང་ཏིང་ངེ་འཛིན་ལ་དབང་ཐོབ་པས་རྫུ་འཕྲུལ་གྱིས་གཞན་གྱི་དོན་མཛད་པ ་རྣམས་དང་། ཉནྡ་ཐོས་དགྲ་བ་ཙྪོམ་བྷཱ་གནས་བརྙན་ཆེན་པོ་མཆོག་བཅུ་དྲུག་ལ་སཾ་གྷཱས་པ་དུ་བཞིན་ག་ཤེགས་པའི་གསུང་ལས་ཐུང་བའི་སྐྱེས་ཆེས་ལས་སྐྱེས་པ། རང་གི་དོན་རྗེས་ཐོབ་པ། སྲིད་པར་ཀུན་དུ་སྦྱར་གྱི ་ཡོངས་སུ་ཟད་པ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཆ་ལུས་རྣམ་པར་གྲོལ་བ། ལྷ་དང་མི་ཡི་འཇིག་རྟེན་ཀུན་གྱིས་མཆོད་ཅིང་ཕག་བྱ་བར་འོས་པ་ཐམས་ཅད་ལོ་དགེ་བའི་བཤེས་གཉེན་དྲང་མཆོད་གནས་དམ་པའི་འདུ་ཤེས ་ཀྱིས་གུས་པས་ཕྱག་འཚལ་ཞིང་དང་བས་སྐྱབསུ་མཆིའོ།། ཁྱད་པར་དུ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ ་ཕྱིན་པ་བཅུའི་ལྷ་མོ་དང་། གྲས་ཕྱོགས་བཅུའི་སངས་རྒྱས་དང་། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འཁོར་མཐའ་ཡས་པ་དང་བཅས་པ། ཐམས་ཅད་ལ་བདག་མིང་འདི་ཞེས་བགྱི་བ་འཁོར་དང་བཅས ་པཱ་དང་། མཐུ་ཡས་པོའི་སེམས་ཅན་ཐམས་ཅད་ལུས་དང་ངག་དང་ཡིད་རབ་ཏུ་དང་བྱས་གོས་པར་ཕྱག་འཚལ་ཞིང་སྐྱབསུ་མཆིའོ།། དཀོན་མཆོག་གསུམ་འཁོར་མཐའ་ཡས་པ་དང་བཅས་པ་ཕྱག་གི་གནས། བསོད་ནམས ་གྱི་དཔལ་གྱི་ཞིང་མཐུ་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལྦ་པྲ་དག་མིངྒ་འདི་ཞེས་པ་གྱི་བླ་སྟྲ། མཆེད་དོ།། བསྟོད་དོ།། བསྔག་སྔོ།། ལུས་དབུལོ།། སྲོག་ཕྱོགསོ།། དཀོན་མཆོ་གཽ་གསུམ་མཆོད་ནས་དེ་དག ་ཐམས་ཅད་ལ་མཆོད་པར་འབུལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་རྟོགས་པར་གྱུར་པ་རྣམས་ཀྱི་བྱིན་གྱིས་རླབས་ལས་བྱུང་པོ་གསེར་གྱི་པདྨ་སྟིར་འདབ་མ་སྟོང་དང་། གན ་ཡང་མཆོད་བྷ་བྷཱ་ན་མེད་པ་དང་། བླ་ནཱ་མྱོད་པའི་ལྷའི་མེ་ཏོག་དང་། ལྷའི་བདག་སྨོས་དང་། ལྷའི་ཕྲེང་པོ་དང་། ལྷཥྚི་བྱུག་པ་དང་། ལྷོའིའུ་ནོ་བཟའ་དང་། རྒྱན་དང་གྲི་དུགས་དང་། རྒྱུ་ལ་མཚན་དང་། བ་དེན་དག་གི ་རིམ་གྲོར་བགྱིའོ།། བཀུར་སྟི་བགྱིའོ།། ཕུ་དུད་དུ་བགྱིའོ།། མཆོད་པར་བགྱིའོ།། གཞན་ཡང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ།། སྟོང་གསུམ་གྱི་སྟོང་ཆེ་པོའི་བག་རྟེན་གྱི་ཁམས་འདི། རིན་པོ་ཆེ་སྣ་ཚོགས ་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། མེ་ཏོག་གི་གསིལ་མ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ་དང་། དར་གྱི་ལྔ་ལྡི་དང་། ཆུན་པོ་མང་པོས་ཀུན་ཏུ་བྲེས་པ་དང་། སྣོད་སྣ་ཚོགས་ནས་བདུག་སྤྲོས་མང་པོ་འཐུལ་བ་དང་། དཔག ་བསམ་གྱི་ཤིང་མང་པོ་ཡལ་གཱའི་རྩེ་མོ་གཡུར་ཟ་བ་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྤྲིས་ཀྱི་ཤིང་དང་། ཕྲེང་བའི་ཤིང་དང་། བདུག་སྤོས་སྣ་ཚོགས་ཀྱི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཀུན་ནས་གནས་པར་གྱུར ་པ། བླ་ན་མ་མཆིས་པ་མཆོད་པར་དབུལ་གྱིས་བཞེས་སུ་གསོལ་ལོ།། ད་ལྟར་གྱི་མཆོད་པ་རྣམ་པ་ལྔ་ལ་སོགས་པ་དངོསུ་འབྱོར་པ་རྣམས་ཀྱང་། ལྷ་དང་མིའི་མཆོད་པ་ཁྱད་པར་ཅན་རྒྱ་ཆེན་པོར་སྤྲུལ་པས། ཡུམ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་རྣམས་མངོན་སུམ་དང་འདྲ་བར་དམིགས་ཏེ། མཆོད་པར་དབུལ་གྱིས་བཞེསུ་གསོལ་ལོ།། ། ་བདག་གྲིར་མཛད་དུ་ག་སོལ་ལོ།། ལོངས་སྤྱད་ནས་མཉེས་ཤིང་དགྱེས་པ་ཆེན་པོར་མཛ་དུ་གསོལ་ལོ།། བདག་མིང་འདི་ཞེས་བགྱི་བ། འཁོར་བ་ཐོག་མ་མཆིས་པ་ནས། ཡང་དག་པའི་དོན་མ་མཐོང་སྟེ། ཕྱིན ་ཅི་ལོག་གིས་བསླང་ནས། སྡིག་པ་མི་དགེ་བའི་ལས་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། མི་དགེ་བ་ཅུ་སྤྱད་པ་དང་། འཕགས་པ་ལ་སྐུར་པ་བཏབ་པ་དང་། དམ་པའི་ཆོས་སྤོང་བའི་ལས་བགྱིས་པ་དང་། ་སེམས་ཅནྡ་གཞན་ལ་གླནོད་པའི་ལྔས་བགྱིས་པས། འཁོ་བ་དང་ངན་སོང་གི་རྒྱུར་གྱུར་ཅིང་། མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་པ། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་སོ།། འཚལ་ཐམས ་ནཱད་མི་འཆབ་མཱི་སྦེད་པར་མནོང་ཞིང་འགྱོད་པའི་སེམས་ཀྱིས་མ་ལུས་པར་མཐོ། ཞིང་བཤགས་སོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྒྱུ་དང་འབྲས་བུར་བཅས་པ། འདུས་བྱས་དང་འདུས་མ་བྱས ་ཀྱིས་བསྡུས་པའི་དགེ་བའི་རྩ་བར་གྱུར་པ། རྣམ་པར་དཀར་བ་པི་ཕྱོགས་ཐམས་ཅད་ལ། ཤིན་ཏུ་རྫ་སུ་ཡི་རང་བའི་མཆོག་གིས་རྗེ་སུ་ཡི་རང་ངོ་།། དེ་བ་བཞིན་གཤེགས་པ་གང་དག་དམ་པའི་ཆོས་བཙུན་བྱར་མཛ ་པའི་སླད། ནང་དུ་ཡང་དག་འཇོག་ལ་བཞག་ནས། ཆོས་ཀྱི་འཁོར་ལོ་མི་སྐོར་ཞིང་།། བསྐུལ་པོའི་ས་གཞེས་པ་དེ་དག་ལ་ཡང་། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས། བདེན་པ་བཞིའི་ཚུལ་དུ་བསྐོར་ནས ་དམ་པའི་ཆོས་བདུད་རྩིའི་ཆར་དབབ་པས། བསྐུལ་ཞིང་གསོ་ལོ།། པདེ་བར་གཤེགས་པ་གང་དྲུག་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། འདུས་བྱས་ཐམས་ཅད་མི་རྟག་ཅིང་། འབྱོར་པ་ཐམས་ཅད་རྒུད་པར་བསྟན ་ཏེ། འཇིག་རྟེན་མི་རྟག་པར་བསྟན་པའི་སླ་། རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། ཐབས་ཀྱིས་མྱ་ངན་འདིའ་བའི་ཚུལ་སྟོན་པར་བཞད་པ་དེ་དག་ལ་ཡང་། ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས། ཁོར ་མཱ་སྟོངས་ཀྱི་བར་དུ་མྱ་ངན་ལྷས་མི་འདའ་ཞིང་། འཇིག་རྟེན་ན་ཡུན་རིང་པོར་བཞུགས་ན། ལྷ་དང་མཱིའི་སྟོན་པ་དང་། དགེ་བའི་བཤེས་གཉེན་དུ་བཞུགས་པར་གསོལ་བ་འདེབས་སོ།། དེ་བཞིན་གཤེགས་པ་གང་དག། ་གིས་སེམས་ཅན་མ་ལུས་པའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་དུ་བདེ་དང་གནས་ཐམས་ཅད། དཀོན་མཆོག་གསུམ་ལ་སྐྱབསུ་གསོལ་ཏེ། བླ་ན་མེད་པའི་བྱང་ཆུང་ངུ་སེམས་བསྐྱེད་པར་བགྱིའོ།། དེ་ལྟར་ཕྱུག ་བནས་བྱང་ཆུབ་དུ་ཆོམ་བསྐྱེད་བྱིན་གྱི་དན་པའི་རྩལ་དང་། སྲུང་མ་ཐུགས་དམ་ཅན་མི་འཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོརྫོགས་པ་འཁོར་མཐའ་ཡས་པ་དང་བཅས་པ། སངས ་རྒྱས་མཐོང་བ་ཆོས་ཐོས་པ། བསྟན་པ་བསྲུང་བར་ཁས་བླངས་པ། ལྷའི་ངག་བསྙེན་ཆེན་པོ་དེ་དག་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་རྒྱ་ཆེན་པོ་གཏམས་ཤིང་ཕུལ་བ་དང་། འགྲོ་བ་རིས་དྲུག་ཁམས་གསུམ་གྱིས ་བསྡུས་པ། ལམྦྷ་རྒྱུད་ལྷུར་འཁོར་ཞིང་། འགྲོ་བ་རིས་དྲུག་ཏུ་སྐྱེ་གནས་རྣམ་པ་བཞི་ལུས་སྐྱེས་པ། ཇི་ཙམ་སེམས་ཅན་གྱི་རིས་ནི་མཆིས་པ། སེམས་ཅན་བསྡུ་བར་བསྡུས་པ་ཐམས་ཅད་ལ་ཡང་བསྡུ་བ་རྣམ་པ ་བཞི་ས་བསྡུས་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཁྱབ་པར་བསྔོས་པ་དང་། ཚེ་ར་བས་རྒྱུད་པ་ནས་ལན་ཆགས་པར་གྱུར་པའི་བགེགས་རྣམས་ལ་ཡང་། གནས་དང་། དུས་དང་། ལོངས་སྤྱོད་ཇི་ལྟར ་འདོད་པའི་མཆོད་སྦྱིན་གྱི་གཏོར་མ་ཆེན་པོ་བསྔོས་ཤིང་སྩ་ལྔ་པ། དེ་ལྟ་བུའི་དགེ་བའི་རྩ་བ་དང་། གཞན་ཡང་བ་དག་ཅག་གི་སྔ་སླད་དགེ་བའི་རྩ་བ་བགྱིས་སོ།། འཚལ་གྱི་མཐུ་དང་། ཁྱད་པར ་དུ་ཡང་ཡུམ་ཤེས་རླབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱུ་པ་ལ་སོགས་ཏེ། ཤེས་རབ་རྣམ་གསུམ་གྱི་དོན་དུ་གསུངས་པའི་ཕྱོགས། གྲ་ཡོ་རྒྱུ་མེད་པར་བྲིས་པ་དང་། བཱཀླགས་ཤིང་བཏོན་པ་དང་། མཆོད་ཅིང་རིམ་གྲོ ་བགྱིད་པ་དང་། རིག་སྔགས་དང་། གསང་སྔགས་ཀྱི་མཐུ་དང་། ལྷ་དང་དྲང་སྲོང་ལ་སོགས་པ། འག་པ་འཛིན་པ་ཐམསོ་ཅད་ཀྱི་གཟི་བརྗི་རྗིད་དང་། བངན་པའི་བྱིན་གྱིས་བརླབས་ཀྱིས། བདག་ཅག་གིས་མཆོད ་པ་བཤམས་པའི་གནས་འདི། སྔོནྡ་བྱ་རྒོད་ཀྱི་ཕུང་པོའི་རཾ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དུ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བསྟན་ཅིང ་བཤད་པ་དེ་བཞིན་དུ། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པར་གྱུར་ཅིག། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྲས་ཕྱོགས་བཅུའི་སངས་རྒྱས་འཁོར་ཕུན་སུམ་ཚོགས་པ་དང་བཅས་པ། ཕོ ་བྲང་གི་དཀྱིལ་འཁོར་རྣར་དག་པའི་གནས་འདིར་སྤྱན་དྲངས་ཏེ། མཆོད་པ་དང་། བཀླགས་པ་དང་། མདོ་སྡེ་དང་། མི་མཉམ་པ་དང་། མཉམ་པའི་གསང་སྔགས་ཀྱི་གཞུང་དང་། དངོས་གྲུབ་ཀྱི་ཆོ་ག་དང་། མཆོད ་པ་ལ་སོགས་པའི་དབང་དང་བྱིན་གྱིས་བརླབས་ཀྱིས། བདག་ཅག་འཁོར་དང་བཅས་པ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚེ་རབས་གར་སྐྱེས་གར་གནས་ཀྱང་། ལས་དང་ཉོན་མོངས་པའི་སྨྱིག་ཐམས་ཅད་ནི ་བྱང་། ངན་སོང་གསུམ་དང་། མི་ཁོམ་བརྒྱད་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ལས་ནི་ཡང་དག་པར་གྲོལ་ཞིང་ཐར་ཏེ། བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེས་ནུས། འཕགས་པ་ཐམས་ཅད་ཀྱི་ཞལ་མངོན་སུམ ་དུ་མཐོང་སྟེ། ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་ནས། བདག་གི་སྤྱི་བོར་བཞག་སྟེ། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན། འཇིག་རྟེན་ཁམས་འདི་ཞེས་བྱ་བར། སངས་རྒྱས་འདི་ལྟ་བུ་ཞེས་བྱ་བར ་འགྱུ་རོ།། ཞེས་ལུང་བསྣུན་པ་མྱུར་དུ་ཐོབ་ནས་བླ་ན་མེད་པའི་སངས་རྒྱས་སུ་མྱུར་དུ་གྲུབ་པར་གྱུར་ཅིག། སངས་རྒྱས་མ་གྲུབ་ཀྱི་བར་དུ་འཇིག་རྟེན་འདི་དག་དུ་ཡང་། རིང་། ནད་མེད། ལོངས་སྤྱོད་འཕོལ། ་རིགས་རྒྱུད་རྒྱས་ཞིང་བདེ་སྐྱིད་ཕུ་ན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་བགོགས་བར་དུ་གཅོད་པ་ཅིས་ཀྱང་མི་ཚུགས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག། ཁྱད་པར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་སྤྱོད་རྣམས་པ་བཅུའི་སྒོ་ནས་ཚུལ་བཞིན། བགྱིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ན་ཡང ་བསྡུས་པ་བཅུ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་སྲས་སུ་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བ་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་བསྲུང་མ་ཐུགས་དམ་ཅན་རྣམས་ཀྱིས་བུ་བཞིན་དུ ་སྐྱོང་བར་འགྱུར་བ་དང་། ཚེ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ལ་སོགས་པ་གནོད་པ་ཐམས་ཅད་ཀྱིས་བསམ་སྦྱོར་ངན་པས་མི་ཚུགས་པ་དང་། བཟླའ་སྐར་དང་རྨི་ལྟས ་ལ་སོགས་པའི་མཚན་མ་ངན་པ་ཐམས་ཅད་ཞི་བར་འགྱུར་བ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཟློགས་པར་འགྱུར་བ་དྲང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་བྲོས་པ་བཞིན་དུ་འདུ་བར་འགྱུར ་བ་དང་། ཚེ་རབ་ས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་སྐོལ་བར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞལ་མངོན་དུ་མཐོང་བ་དང་། མཐར་བླ་ན་མེད་པའི་སངས་རྒྱ་སུ་གྲུབ་པར་འགྱུར ་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མཐའ་ཡས་ཤིང་རྨེད་དུ་བྱུང་བ་རྣམས་བདག་ཅག་འཁོར་དང་བཅས་པ་ལ་སྨིན་ཅིང་གྲུབ་པར་གྱུར་ཅིག། ཁྱད་པར་དུ་ཡང་བོད་ཀྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན ་པ་ཡུན་རིང་པོར་བཞུགས་པར་གྱུར་ཅིག། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞུགས་པའི་ཡུལ་ཕྱོགས་སུ་ཡང་། ངན་སེམས་ཀྱི་འཁྲུག་པ་མི་འབྱུང་བ་དང་། མི་ནད་དང་ཕྱུགས་ནད་རྒྱུན་ཚད ་དང་། ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་ཕེབས། བདེ་ཀྱིང་ཕུན་སུམ་ཚོགསྡུ་བ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་དགེ་བ་སྤྱོད་པའི་བསམ་པ་བཟང་པོ་དང་ལྡན་པར་གྱུར་ཅིག། སངས་རྒྱས་ཀྱི་བསྟན་པ ་ལ་ཞེ་སྡང་བའི་གང་ཟག་ལོག་སྲེད་ཅན་བསྟན་པ་བཞིག་པའི་སེམས་དང་ལྡན་པ་རྣམས་ནི། ཆུ་ཤིང་གི་རྩ་བ་བཞིན་དུ་གྱུར་ཅིག། ན་མཆོག་གསུམ་ལ་དད་ཅིང་། ངེམ་པའི་ཆོས་བསྲུང་བའི་བསམ་པ་བཟང་པོ ་དང་། ལྡན་པའི་གང་ཟག་རྣམས་ནི་ཚེ་རང་ཞིང་བསམ་པ་ཐམ་སཱ་ཅང་ཡི་བཞིན་དུ་གྲུབ་པར་གྱུར་ཅིག། བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཀུན་ཏུ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་བརླབྱས་དང་། དུས ་གསུམ་རྒྱུ་ལྭ་བའི་ཡུམ་གྱི་མཐུ་བྱིན་གྱིས།། གང་དང་གང་ནུ་དྷཱི་ལྟར་གནས་པ་ཡཾ།། སྒྲིབ་དང་སྡུག་བསྔལ་མ་ལུས་ཀུན་བསྔལ་ཅིང་།། འཁོར་བའི་སྡུག་བསྔལ་མ་ལུས་རབ་བསྙིལ་ནས།། རྒྱུད་དྲུག་འགྲོ་བ་མ་ལུས ་ཀུན་བསྒྲ་ལཱ་ཏེ།། ཀུན་ཏུ་བཟང་པོའི་སྤྱོད་པས་བསྒྲུབས་པའི་ཞིང་།། རིན་ཆེན་མཛེས་པ་རྣམ་པ་ཀོད་བེདེ་པ་ཅན།། བདུད་རྩི་མཚོ་དང་དཔག་བསམ་ཤིང་དང་ལྡན།། དེར་འབྱུང་སྐལ་ལྡན་པདྨའི་མཆོག་ལས་སྐྱེས། ་ཡིད་པཞིན་ཕུན་སུམ་ཚོགས་པ་འཕགས་པའི་ས།། རྣམ་དག་ཁྱད་པར་ཅན་གྱི་གནས་མཆོག་དེར།། ཐོག་མེང་བརྫུས་ཏེ་བདེ་བར་གཤེགས་གྱུར་ནས།། མཚན་ཙམ་ཐོས་པས་སྒྲིབ་པ་རྣམ་སེལ་བ། ་རིན་ཆེན་འོད་འབར་སྐུ་མཆོག་འགྲོ་བའི་སྐྱབས།། ཚེ་དང་ལྗོངས་སྤྱོད་དཔག་མེད་སྦྱིན་པའི་གཙོ།། སྣང་བ་མཐའ་ཡས་འགྲོ་དོན་མངོན་སུམ་སྟེ།། དེ་ལས་མཆོག་ཐོབ་ལུང་བསྟན་དབང་བསྐུ་རུ་ནུས།། ་རྒྱ་ལ་སྐུས་གཉིས་དང་སྤྱོད་པའི་བློ་མཐུན་ཞིང་།། ཕྱོགས་བཙོར་འགྲོ་ལ་ཕན་པའི་དོན་མཛད་ནས།། སྲིད་གསུམ་ཡོངས་ཀྱི་སྐྱབསུ་གྱུར་པརརེ་ཤོག། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱོགས་ཀྱི་སྨོན་ལ ་རྫོགས་སྷོ།། ། འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་མདོ་སྡེ་ཆེན་པོ་བཀླགས་ནས། ཆོས་ཀྱི་སྦྱིན་པོའི་བསྔོ་བ། དམ་ཆོས་གསུང་རབ་ཡིད་བཞིན་ནོར་བུ་འོད་འབར་བའོ།། ཡིད་དང་རིན་ཆེན ་