CLOSE WINDOW

GT3951: dpal legs par grub par byed pa'i rgyud las gsungs pa'i smon lam
Wyliee-texts produced with BDRC’s OCR application

དཀོན་མཆོག་གསུམ་ལ་ཕྱག་འཚལོ།། འཇིག་རྟེན་དག་གི་ཕྱོགས་ཀུན་ན།། དེ་བཞིན་གཤེགས་པ་གང་བཞུགས་དང་།། དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག། དེ་དག་བདག་ལོ་དགོངསསུ་གསོལ།། ཚེ་རབ ་གང་ཡང་རུང་བ་ན།། བདག་གིས་སྡིག་པ་ཅི་བགྱིས་དང་།། སྔོན་གྱི་ཚེ་རབས་གཞན་དག་ན།། ཚེ་རབས་འདི་དང་འཁོར་བ་ན།། འདོད་ཆགས་དབང་དྲང་བླུན་པ་དང་།། ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ།། སངས ་རྒྱས་ཆོས་དང་དགེ་འདུན་ནམ།། བླ་མ་དག་དང་ཕ་མ་དང་།། དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་།། སྦྱིན་གནས་གང་ཡང་རུང་བྱ་དང་།། དེ་ལས་གཞན་པའི་སྔམ་ས་ཅན་དག། ཡོན་ཏན་ལྡན་དང་མི་ལྡན་ལ།། སྡིག ་པའི་ལས་རྣམས་གང་བགྱིས་དང་།། གང་ཡང་བགྱིད་དུ་སྩལ་པ་དང་།། གང་ཡང་ཅུང་ཟད་ཡི་རང་བ།། བག་མྱེད་བསྡུ་ནི་ཕྲ་མོ་ཡང་།། ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས།། དེ་དག་མ་ལུས་བློས་བསྡུས་ནས།། རྫོགས ་པའི་སངས་རྒྱས་སླས་བཅས་པ།། བདག་གིས་དེ་ནི་མངོན་སུམ་བཞིན།། རབ་ཏུ་གུས་པས་ཕྱག་འཚལ་ལོ།། སྐྱོ་བའི་ཡིད་དུ་གྱུར་པ་ཡིས།། ཐལ་མོ་སྦྱར་ཏེ་ནོངས་པ་རྣམས།། ཡང་དང་ཡང་དུ་སོ་སོར་བཤགས།། བདག ་གིས་མི་དགེ་བགྱིད་པ་རྣམས།། རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན།། དེ་ལྟར་བདག་གིས་སོ་སོར་བཤ་གས།། སླན་ཆད་དེ་ལྟར་ཡོད་མ་བགྱི་ད།། སྲོག་ཆགས་སྡུག་བསྔལ་ཞི་བའི་ཕྱིར།། བདག་ཉིད་ཇི་སྲིད ་འཚོའི་བར་དུ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། གུ་པོ་པས་ཡང་དག་སྐྱབསུ་མཆི།། དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ།། ས་ལཾ་མགོ་བོས་གཏུགས་ནས་ནི།། དཀོན་མཆོག་གསུམ་ལ་བློ་ཅན་གྱིས།། དེ་ལྟར ་གུས་པས་སྐྱབསུ་འགྲོ། དེ་ནས་མཆོག་གི་ས་བོན་གང་།། ཐར་པ་བདུད་རྩིའི་འབྲས་བུ་སྦྱིན།། ཤིན་ཏུ་བསྒོམས་ན་མཆོག་གྱུར་པ།། དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ།། སེམས་ཅན་ཁམས་ནི་མཐའ་ཡས་པའི།། སྡུག་བསྔ ་ཉེ་བར་ཞིབ་དང་།། དྲན་འགྲོ་རྣམས་ལས་བསྒྲལ་བ་དང་།། ཉོན་མོངས་རྣམས་ལྕེས་དཀྲོལ་བའི་ཕྱིར།། སྦྲིད་པ་མི་བདྨ་དག་པ་ནི།། སྡུག་བསྔལ་སྣ་ཚོགས་ཀྱི་ཆེས་པ།། དེ་དག་ཡོངསུ་བསྒྲུབ་པའི་ཕྱིར།། བཇིག་གིས ་བྱང་ཆུབ་སེམས་བསྐྱེདདོ།། སེམས་ཅན་ཕོངས་པ་ཐམསྣ་ཅད་ཀྱི།། ཉོན་མོང་སྲུབསུ་བདག་ཉིད་ཤོག། བདག་ནི་མགོན་མེད་རྣམས་ཀྱི་མགོ་ནི།། རྟེན་མེད་རྣམས་ཀྱི་རྟེན་དུ་བདག། སྐྱ་བོས་མེད་རྣམས་ཀྱི་སྐྱབས ་འགྱུར་ཞིང་།། སྡུག་བསྔལ་བདེ་བར་བྱེད་པ་དང་།། བདག་ནི་སེམས་ཅན་ཐམས་བརྗིད་ཀྱི།། ཉོན་མོངས་ཞི་བར་བྱེད་པར་ཤོག། དགེ་བའི་ལས་རྣམས་གྲང་དང་གླང་།། འདི་དང་གཞན་དུ་བསགས་པ་རྣམས།། བསྐྱོད ་ནམས་ཡེ་ཤེས་ཞེས་བྱེ་བའི།། ཚོགས་ནི་རྣམ་པ་གཉིསུ་ཤོག། ཕ་རོལ་ཕྱིན་པ་དྲུག་སྒོ་ནས།། བདག་གིས་བརྩོན་འགྲུས་གླང་བརྩམས་པ།། དེ་ཡང་སེམས་ཅན་མ་ལུས་པ།། ཐམས་ཅད་ལ་ནི་ཕན་པརམ་ཤོག། ་ཚེ་ཡི་མཐའ་ཀླས་བྱེད་པོ་དང་།། གང་ཡང་ཅུང་ཟད་བྱེད་འགྱུར་བ།། མདོར་ན་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་ཐམས་ཅིང་ཞི་བ་དང་།། གྲོལ་བར་བྱ་བའི་ཕྱིར་འབད་ཅིང་།། བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ།། ་དེ་ནས་རྫོགས་པའི་བྱང་ཆུབ་སེམས།། ཆོ་ག་བཞིན་དུ་ཀུན་དུ་བསྐྱེད།། སེམས་ཅནྡྲ་ཀུན་ལ་སྙིང་རྗེ་དང་།། བྱམས་པ་ཉེ་བར་གནས་པར་བྱ།། སེམས་ནི་ལེགས་པཱར་སྦྱང་བའི་ཕྱིར།། སྣ་ཚོགས་ཐབས་ཀྵི། ་རྗེས་དྲན་དྲུག། ནང་གི་བདག་ཉིད་ཞི་བོ་ཡིས།། བསམ་པ་ཅིག་ཏུ་བསྒོམ་པར་བྱ།། སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། སྨོན་ལམ་ཇི་ལྟར་མཛད་པ་བཞིན།། བདག་ཀྱང་དག་པའི་སེམས་ཀྱི་སུ།། དེ་བཞིན་དུ་ནི་སྐྱོན ་ལེམ་འདེབས།། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ།། མཉམ་པར་བཞག་ནོས་ཡི་རིང་ངོ་།། སེམས་ཅན་ཐམས་ཅད་བདེ་བ་དང་།། ཞི་ཞིང་ནད་པ་མེད་པར་ཤོ་ག། བདག་ཀྱང་བྱ་བ་ཀུན་ནུས་ཤིང་།། ཡོན་ཏན་དང ་ཡང་ལྡན་པར་ཤོག། ནོར་ལྡན་གཏི་ཕོད་ཤེས་རབ་ཅན།། བཟོད་ལྡན་དགེ་ལ་དད་པ་ཡི།། སེམས་ལྡན་ཚེ་རབས་ཐམས་ཅད་དུ།། སྐྱེ་བ་དྲན་ཅིང་བརྩེར་ལྡན་ཤོག། དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད ་ལས་གསུངས་པའི་སྨོན་ལམ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨ་གྲེ་ཙརྱ་པྲ་ཎི་དྷ་ན། བོད་སྐད་དུ། མཆོག་གི་སྤྱོད་པའི་སྨོན་ལམཱ།། སངས་རྒྱུས་དང་བྱང་ཆུབ་སེམས ་