| Wylie | e-texts produced with BDRC’s OCR application |
བྱ་བ་ནི་སློབ་དཔོན་བཙུན་པ་དབྱངས་ཀྱི་བསྔོ་བ་ཤིན་ཏུ་བསྡུས་པ་ཡིན་ནོ།། པཎྜི་ཏ་དྡ་ན་ཤྲཱི་ལས་བསྒྱུར་བའོ།། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། རྒྱལ་བའི་ལམ་འཇུག་ཡང་དག་པར། ་སྦྱར་ལུས་བསོད་ནམས་ཚད་མེད་གང་།། དེ་ཡིས་འགྲོ་ཀུནྡ་རྒྱུ་ལྔ་བ་ཡོ།། ལམ་ལ་ལེགས་པར་འཇུག་པར་ཤོག། བདག་གི་བསོད་ནམས་འདི་ཡིས་ནི།། ན་མཁའ་ཀུན་ཁྱབ་སྐྱེ་བོ་རྣམས།། ངན་འགྲོ་ཀུན་ལས་ངེས་གྲོལ་ཞིང་།། ་མི་ཁོམ་ཐམས་ཅད་རྣམ་པར་སྦྱངས།། སྐྱེ་བར་ལྷ་དང་མ་ཡི་ནི།། སྐྱེ་བ་ཡོངསུ་ཐོབ་པར་ཤོག། སྲིད་པའི་སྡུག་བསྔལ་གྱིས་སྐྲག་པ།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་།། དམ་ཆོས་ཉན་སེམས་དོན་སྒོམ་དང་། ་སེམས་ནི་དབེན་པར་གནས་པར་ཤོག། ཐེག་པ་ཆེན་པོ་ལ་གནས་ཏེ།། ཚངས་པའི་སྤྱོད་དང་ལྡན་པར་ཤོག། ལམ་ཀུན་རྣམ་པར་བསྒོམས་པ་ཡིས།། ས་ལ་སོགས་པ་ཀུན་ཐོབ་ནས།། ཞིང་ཀུན་ཡང་དག་སྦྱངས་ནས་སུ།། ་མྱུར་དུ་སངས་རྒྱས་ཐོབ་པར་ཤོག། ཇི་ལྟར་འཁོར་བུའི་གནས་སྐབསུ།། བསམས་པའི་དོན་ཀུན་ཐམས་ཅད་ནི།། ན་མཁའི་མཛོད་འཛིན་ན་མཁའ་ཉིད་ནས།། སེམས་ཅན་ཀུན་ལ་འབྱུང་བ.རརྭ་ཤོག། ཕྱོགས་བཅུ ་ན་མཁའི་མཐར་གནས་པའི།། འཇིག་རྟེན་ཁམས་ནི་དེ་དག་རྣམས།། དོན་ཀུན་འཇིག་རྟེན་ཁམས་བཞིན་དུ།། དེ་དག་ཐམས་ཅད་དག་པར་གྲོ། བདག་ཀྱང་བྱང་ཆུབ་སྙིང་པོའི་བར།། ཟང་ཟིང་མི་འཇིགས་དམ་ཆོས ་དང་།། བྱམས་པས་སེམས་ཅན་ཐམས་ཅད་ཀྱི།། བསམ་ཀུན་ཡོངསུ་རྫོགས་བྱེད་ཅིང་།། རྟག་པ་ཉིད་དུ་ཚངས་སྤྱོད་དང་།། སྡོམ་པ་ཀུན་གྱིས་བསྡམས་པོར་ཤིག། སེམས་ཅན་དོན་ཀུན་བྱེད་པ་དང་།། ཆོས ་ཀུན་དོན་ནི་སྟོན་པར་ཤོག། འཇིག་རྟེན་ཁམས་ནི་སེམས་ཅན་ཀུན།། གང་ལ་གནོད་པ་བྱེད་ཀྱང་ནི།། བདག་ནི་དེ་དག་ཐམས་ཅད་ལ།། ཕན་འདོགས་བྱེད་པ་ཉིད་དུ་ཤོག། འཁོར་བའི་སྡུག་བསྔལ་བ་སྲན་ནས ་བདག། རྟག་པར་སྙེམས་ནི་དམ་ཆོས་བསམ་གཏན་ལ།། རོ་གཅིག་བརྟན་པ་ཉིད་དུ་ཤོག། ཇི་ལྟར་བརྩོན་ལྡན་བརྩོན་འགྲུས་བཞིན།། བདག་ཀྱང་གོ་ཆུ་སྦྱོར་བ་དང་།། དེ་བཞིན་མི་ཟློག་པ་ཞེས་པའི།། བརྩོན་འགྲུས་དང་ནི་ལྡན ་པར་ཤོག། ཏིང་འཛིན་ཕུན་སུམ་ཚོགས་པ་ཡི།། ཚོགས་ཀྱི་བྱང་ཆུབ་བསྒྲུབས་པ་ཡཾ།། བསམ་གཏན་ཀུན་ལ་གཅིག་ཏུ་གནས།། བདག་སེམས་རྡོ་རྗེ་ལྟ་བུར་ཤོག། ཤེས་རབ་རྣམཁའི་མཐུས་ཁྱབ་པ།། རྡོ་རྗེ་ཡི ་ཉིད་དང་།། རབ་མཐུན་ཀུན་དགའི་ཚོགས་དང་ནི།། སྙིང་རྗེའི་རོ་ཡིས་དེ་ས་གང་ཞིང་།། ཐབས་དང་སྨོན་ལམ་དེ་བཞིན་དུ།། སྟོབས་ནི་རབ་ཏུ་འབྱོར་པ་དང་།། ཡེ་ཤེས་བདག་ཉིད་འདི་དག་ནི།། བདག་ལ་རྣམ་པར ་དག་པར་ཤོག། མངོན་ཤེས་ཀུན་གྱི་ཕར་ཕྱིན་ཏེ།། ཁྱད་པར་ལམ་ནི་ཐོབ་པར་ཤོག། སངས་རྒྱས་ཞིང་ནི་རྣམ་སྦྱངས་ཏེ།། བདག་ནཱི་སངས་རྒྱས་ཉིད་གྱུར་ཅིག། འདི་ཉིད་ཀྱིས་ནི་རིམ་པ་ཡིས།། བདག་ནི་བསོད་ནམས་མན་ཡིས ་ནི། འཁོར་བར་གནས་པའི་སེམས་ཅན་ཀུན། མྱུར་དུ་རྒྱལ་བ་ཉིད་དུ་ཤོག། བསོད་ནམས་ཡོངས་སུ་བསྔོ་བ་འདི།། བདག་ཉིད་ཀྱི་ནི་བློ་ཡིས་བྱས།། ཀུན་ནས་ཀུན་ཏུ་མ་ལུས་པ།། སངས་རྒྱས་ཉིད་ཀྱིས་མན་པས་མ ་ཀུན་ཏུ་བཟང་པོ་ཞེས་བགྱི་བའི།། སྨོན་ལམ་རྒྱ་མཚོ་ཇི་ལྟ་བུ།། དེ་བཞིན་དུ་ནི་བདག་ལྔ་ཡང་།། དགེ་བ་རྒྱ་མཚོ་དེ་མྱུར་དུ།། འབྲས་བུ་དང་ནི་བཅས་པར་ཤོག། ཕྱོགས་བཅུ་ན་མཁའི་ཀུན་ཁྱབ་པའི།། སངས་རྒྱས་ཞིང་གི་རྒྱལ ་རྣམས་གང་།། དེ་དག་ཇི་ལྟར་སྨོན་ལྡུམ་ནི།། སྔོན་དུ་བྱ་བའི་རིམ་པ་རྣམས།། དེ་ཙམ་ཉིད་དུ་བདག་གིས་ཀྱང་།། བི་སམ་པ་གཏན་པས་དེ་བཞིན་བགྱི།། བསོད་ནོམས་མཐུ་ཡིས་འདི་དག་ནི།། དེ་བཞིན་དུ་ནི་གྲུབ་པར་ཤོག ་ཇི་ལྟར་དཔལ་ལྡན་འཛུམ་དབྱངས་ཀྱི།། སྨོན་ལེམ་དེ་དོག་བདག་ཡི་རང་།། དུས་ནི་ཡུན་མི་རིང་བ་ཡིས།། སྨོན་ལམ་འདི་ནི་རྫོགས་པར་ཤོག། སངས་རྒྱས་ཀུན་རྣམས་རིང་རང་གི། ཞིང་བཞུགས་མྱ་ངན་མི་འདའ་ཞིང་།། ་མཁའ་མཉམ་ཆོས་ཀྱི་ཆུར་གྱིས་ནི།། རྟག་ཏུ་སེམས་ཅན་ཚིམ་བྱེད་ཤོག། སེམས་རྣནས་ཀྱང་སངས་རྒྱས་ཆོས།། དགེ་འདུན་བཅས་པ་ཐམས་ཅད་ལཱྀ།། ལྷོ་རྗེས་མཆོད་སྦྱིན་མཐའ་ཡས་པས།། ཡང་དག་པར་ན ་མཆོད་བྱེད་ཤོག། དེ་བཞིན་གཤེགས་པའི་ཡོན་ཏན་གྱིས།། འཇིག་རྟེན་ཁམས་ཀུན་གང་བར་ཤོག། མཆོག་གི་ཆོས་རྣམས་སེམས་འགྱུར་ཞིང་།། སྲིད་པ་སྦྱོང་བ་བྱེད་པར་ཤོག། པཎྜི་ཏ་སངས་རྒྱས་དཔལ་ཡེ་ཤེས ་ཀྱིས་མཛོད་པ།། རྒྱལ་བའི་ལམ་ལ་འཇུག་པའི་ལས་འབྱུང་བའི་སྨོན་ལམ། རྫོགས་སོ།། ། སྨོན་ལམ་འདུན་པའི་ཚིག་སུབཅད་པ་བཅུག་གོ། ་