| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མྲྀ་དྷྱ་བི་ཛྙཱ་ནཱ་མ། བོད་སྐད་དུ། གཤིན་གྱི་ཆོ་ག་ཞེས་བྱ་བ། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ།། གང་ཟག་གོང་ཕྱིར་ཤི་འཕོས་ཏེ།། ཀྱེ་རྡོ་རྗེའི་ལུག་ཆོས་ཀྱིས་བདུན་ཚིགས་བྱེད་པར་འདོད་མགོས ་ལ་སོགས་པའི་རྟགས་གཅིག་ལ་རྟེན་བྱ་བ་འམ། ཡང་ན་མིང་འཤོག་བུ་ལ་དྲིའོ།། མཎྜལ་དང་མཆོད་པ་དང་གཏོར་མ་ཡང་གཞུང་ལྟར་བཤམ་མོ།། དེ་ནས་རང་ལྷག་པའི་ལྷུར་བསྒོམས་ལ། ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པའི་ཁྱད་པར་གྱིས་མཆོད་ལ། བསྟོད་པས་བསྟོད་དེ། མཁའ་འགྲོ་མ་རྣམས་ལ་གཏོར་མ་བསྔོས་ལ་འདོད་པའི་དོན་ལ་གསོལ་ང་གདབ་བོ།། དེ་ནས་རང་གི་སྙིང་གའི་ས་བོན་གྱིས ་འོད་ཟེར་གྱིས། ཚེ་འཕོས་པའི་སེམས་ཡི་གེ་ཨ་ཐུང་གི་གཟུགས་སུ་འོད་ཟེར་ལྕགས་ཀྱུས་བཀུག་ནས། རྟེན་གང་ཡིན་པ་ལ་བསྟིམ་མོ།། རྣམ་སྨིན་གྱི་ལུས་གང་ཡིན་པ་དེར་བསམས་ལ། རང་བྲི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས ་ཏེ། བསྒྲུབ་བྱའི་སྙིང་གྲཝར་ཐིམ་པར་ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས་ཏེ། ལུསུཾ་ཤེལྔ་ལྟ་བུར་བསམ་མོ།། དེ་ནས་མཁའ་འགྲོ་མྱ་དང་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་རིག་པའི་ལྷ་མོ་རྣམས་ཀྱིས་བྱུག་ན་བསྡུམ ་པའི་བུ་མོ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བཀུར་ཏེ། དཀྲུས་པས། བསྒྲུབ་བྱའི་སྒྲིབ་པའི་བག་ཆགས་ཐམས་ཅད་བྱུང་བར་བྱས་མོ།། དེ་ནས་བཟླས་པ་བྱས་ཏེ། བདག་གི་སྙིང་གའི་ཡི་གེ་ལས་བཟླས་པའི་ཡི་གཽའི་ཕྲེང་བ་སྒྲལ ་འཁྱིལ་པའི་ཚུལ་དུ་བསྐོར་བར་བསམས་ལ། ངོའི་ཕྲེང་སྔགས་གང་ཡིན་པ་བཟླས་པས་སྔགས་ཀྱིས་ཕྲེང་བ་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱའི་སྙིང་གོར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་དྲི་མ་ཐམས་ཅད་བྱ། ་བར་བསམ་ཞིང་བཟླས་པར་བྱ།། ངནས་སྨོན་ལམ་གདུབ་ཅིང་དག་པའི་རྩ་བར་བསྒྱུར།། ང་ནས་བསྒྲུབ་བྱའི་ཤེས་པ་ཨ་ཐུང་ངུ་དོ། ས་གི་རླུང་གི་དཀྱིལ་འཁོར་གྱི་བཏེག་ནས་ན་མཁར་བཞུགས་པའི་གཙོ་བའི་ཐུགས་ཀར་ཟམ ་པར་བསམས་ཏེ། གནསོ་སྟོང་པའོ།། གལ་ཏེ་རྟེན་མེད་པར་གྱུར་ན། གང་ཡིན་པའི་རྣམ་སྨིན་གྱི་ལུས་དེ་ཉིད་མངོན་གསུམ་དང་འདྲ་བར་བསམས་ལ་མངོན་རྟོགས་སྔར་བཞིན་བྱའོ།། ་དེལྟར་ཞག་བདུན་པ་ཐམས་ཅད་ལ་བྱའོ།། གཤིན་གྱི་ཆོ་ག་ཞེསསློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོག་སོ།། ་པཎཱཾ་ཊཱི་ཏ་ཆེན་པོ་རྒྱལ་བའི་སྤྱན་ལ་ས་ལེགས་པས་མཉན་ཏེ། ཙོ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་བའོ།། ་སའི་སྟེང་དུ་ཉི་ཟླ་ལྟོར་གྱུར་ཅིག། ་