| Wylie | e-texts produced with BDRC’s OCR application |
དཔལ་དབྱངས་ཀྱིས་མཛད་པའོ།། རིནི་སྒྲོན་མ་བཞུགས་སོ།། གདོང་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས།། རྒྱལ་བུ་རྒྱ་མཚོའི ་ཐུགས་དང་ཡེ་ནས་མཉམ།། རིག་དང་གཏི་མུག་སྒྱུ་མའི་ཁྱད་པར་ལས།། སྲིད་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང་།། དངོས་པོ་མེད་ཕྱིར་དངོས་རྟོག་པའང་མེད།། ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་མ་ཡིན།། ། ་ཞེན་པ་བཟློག་ཕྱིན་རྐྱེན་བཤད་མ་གཏོགས་པ།། ཆོས་ཀྱི་དངུ་ལ་ཚིག་མེད་བརྗོད་དུ་མེད།། སྣང་བ་ཉིད་ན་མེད་པའི་དམིག་རྒྱུ་ལ།། ཤེས་ལྡན་རྣམས་ནི་མེད་པའི་བློ་མི་འབྱུང་།། ཆོས་རྣམས་རང་བཞིན་མ་སྐྱེས་རྟོག ་པ་ཡི།། མཁས་པས་སྐྱེ་མེད་སྟོང་པར་སྒྲོ་མི་འདོགས།། ཇི་བཞིན་མ་སྐྱེས་གདོད་ནས་ཞི་བ་ཡི།། གཉིས་མེད་སྤྲོས་བྲལ་རང་རིག་བློ་ལྡན་པ།། བརྗོད་མེད་དང་ཙམ་དུ་ཡང་མི་གནས་ནི།། དངོས་དང་ཐ་སྙད་འཛིན་པར་ག་ལོ་འགྱུར།། ་བདག་མེད་ཆོས་སྐུ་བྱང་ཆུབ་སྙིང་པོ་བྱས།། གཞན་ནས་བཙལ་ཞིང་ཐོད་པ་མ་ཡིན་ཡང་།། རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན།། སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས།། རྨི་ལམ་སྐྱེས་བུས་དུག་འཐུངས ་ཇི་བཞིན་དུ།། སྲིད་རྒྱུ་ཉོན་མོངས་ལས་རྣམས་དེ་ལྟར་ཤེས།། རྨི་ལམ་དུག་ནད་སྡུག་བསྔལ་བཟོད་དཀའ་བཱ།། སྐྱེ་རྒས་ན་ཆེ་འཁོར་བོའི་སྡུག་བསྔལ་ཡིན།། རྨི་ལམ་ནད་སེལ་སྨན་དང་འདྲ་བ་ནི། ་འཕགས་ལམ་རྣམ་ཐར་མང་པོར་རིག་པར་བྱ།། སྡུག་བསྔལ་ཁྱད་ཀྱིས་འབྱུང་བའི་སྐད་ཅིག་མ།། ཤེས་རབ་ཏིང་འཛིན་ཁྱད་པར་སྐྱེ་བའི་ཚུལ། རྨི་ལམ་ནད་བསལ་སོས་པའི་བདེ་སྙེད་པ།། སེམས་ཀྱི་རང ་བཞིན་བྱང་ཆུབ་ཐོབ་པའི་དཔེ།། རྨི་ལོམ་ཉིད་ན་རྒྱ་འབྲས་མི་བསླ་བཞིན།། མ་རིག་ཉིད་ལོག་རྣམས་ལ་དེ་ལྟར་ངེས།། རྨོངས་པའི་གཉིད་སད་ཤེས་རབ་ལྡན་པ་དང་།། འཁོར་བ་རྨི་ལམ་ལྟ་བུའི་དབང་ཙམ ་འཕགས་ལམ་དོན་བརྩོན་འབྲས་བཟློག་པར་གསལ།། རང་བཞིན་ནི་འགྱུར་ཐུབ་པའི་བརློམ་སེམས་མེད།། མཉམ་པའི་དོན་ཉིད་བློ་དང་མུ་མཉམ་ན།། ཚིག་གི་མཉམ་པས་རློག་པའི་ཀླུང་མོ་བཟུགས ་དམྱལ་སོགས་འཁོར་བ་མཉམ་ལྔས་མ་གཡོས་ཀྱང་།། སྡུག་བསྔལ་མི་བཟེད་སྲིད་ལས་འཁྱམ་པར་སྣང་།། ཡེ་ནས་རྣམ་དག་ཐོབ་པ་མེད་རིག་ནས། ཤེས་རབ་ཐབ་ཀྱི་རྣལ་འབྱོར་རབ་བརྩོན ་ཞིང་།། སྐུ་གྲསང་ཆེ་བའི་ཡོན་ཏན་ཀུན་བསྡུས་པས།། མཚན་མའི་ཉེས་དང་ལྡན་པི་ག་ལྔ་ཡིན།། ཤེས་རབ་མཆོག་གིས་ལོག་རྟོག་སེམས་སྦྱངས་ནུས།། ཡེ་ཤེས་ཚོགས་ཆེན་རྒྱལ་བ་ཆོས ་ཀྱི་སྐུ།། དཔེ་བྱད་མཚན་གྱིས་ཏིང་འཛིན་དབང་ཐོབ་ནས།། བསོད་ནམས་ཚོགས་ཆེན་རྒྱལ་བ་གཟུགས་ཀྱི་སྐྱེ།། རྣམ་སྨིན་ཚུལ་གྱིས་གྲུབ་པར་མི་ལྟ་ཞིང་།། ཡེ་ཤེས་གཞན་ནས་ཐོབ་པར་མི་བྱེད།། སྐུ་གསུམ་ཇི་བཞིན་སྦྱོར་བྲི་འབྲས་ཀྱི་མཆོག ་བརྩོལ་བྱས་བསྒྲུབ་པའི་དབང་གི་རྒྱུ་ཡང་ཡིན།། རང་སེམས་རྣལ་འབྱོར་ཤེས་རབ་ཏིང་འཛིན་ཡིན།། སེམས་ཅན་ཉིད་ནི་བདེ་གཤེགས་ཡུལ་ལ་འཇུག། དག་པའི་ཞིང་དུ་སྨིན་པར་མི་བྱེད་ཏེ། སྙིགས་མ་ལྔ་ཉིད་བདེ་ལྡན་གནསུ་བསྒོམ།། ་ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང་།། སྙིང་རྗེ་སེམས་ཅན་ཁ་ལ་སྐྱོ་བ་མེད།། སྒྱུ་མའི་མཚན་ཉིད་མ་འགའ་མངོན་སུམ་ཏེ།། མཚན་མེད་རོ་ཅིག་དོན་དམ་དབྱིངསུ་རྟོའོ།། སློབ་དཔོན་དཔོལ་དབྱངས་ཀྱིས་མཛད་པ། ལྟ་བ་རིན་པོ་ཆེ་སྒྲོན་མ་རྫོག་སྷོ།། ་