CLOSE WINDOW

GT3935: thabs shes sgron ma
Wyliee-texts produced with BDRC’s OCR application

དུས་གསུམ་རྒྱལ་བས་ཇི་ལྟར་ཐུགས་ཆུད་པའི།། ཆོས་ཀྱི་རང་བཞིན་རིག་པའི་རྣལ་འབྱོར་པས།། མ་ཐོབ་ཐོབ་ཕྱིར་བརྩོན་པར་མི་བྱེད་ཀྱང་།། སྙིང་རྗེའི་བྱེ་བྲག་ཐབས་ཀྱི་སྤྱོད་པའང་སྔོན།། ཇི་ལྟར་མཁར ་ལ་འཇའ་མཚོན་རྣམ་མང་ཡང་།། ན་མཁའི་དང་དུ་རོ་ཅོག་བྱེ་བྲག་མེད།། དེ་བཞིན་རྒྱལ་བའི་གཟུགས་སྐུ་རྣམོ་མང་ཡང་།། ཡེ་ཤེས་དབྱིངས་སུ་རོ་ཅོག་བྱེ་བྲག་མེད།། བྲིདེ་གཤེགས་སྙིང་པོ་སེམྱོས་ཀྱི་རང་བཞིན་ལ།། ཡུན ་རིང་དུས་ནས་རྨོངས་པའི་སེམས་ཅན་རྣམས།། བདག་ཏུ་འཛིན་པའི་སེམས་རྒྱུད་དོ། སོར་སྣང་།། རང་བཞིན་ཉིད་ནི་རྒྱལ་བའི་ཆོས་སྐར་ཅིག། ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང་།། ལོག་རྟོག་སྒྱུ་མར་སྣང་བའི་སེམས ་ཅན་གཉིས།། ཡེ་ཤེས་ལོག་རྟོག་ཁྱད་པར་བསམ་ཡས་ཀྱང་།། སྒྱུ་མ་ཡི་ནི་ཕྱིར་རང་བཞིན་ཡོངས་ཀྱིས་མཉམ།། སེམས་ཅན་སངས་རྒྱས་བདེན་པར་ཆུ་གྲོལ་ཅིག་ཅིང་།། རང་གི་སེམས་ཉིད་སངས་རྒྱས་ཡིན་ཤེས་ན།། ་གནན་ནས་བསྒྲུབ་པར་བྱ་བ་ཅི་ཡང་མེད། དེ་རྩཝ་བསྟན་བྱུང་བྱ་འ་།། དོན་དུ་ཀཽ།། ས་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱིས་སྐྱེ།། སྙིང་རྗེ་སྨྱོས་ནས་སྒྱུ་མའི་ཏིང་འཛིན་གྱིས།། ཕན་འདོགས་ཐབས་ཀྱི་སྤྱོད་པ་ཅིར་ཡང་སྐྱོན། ་རྒྱས་དགོངས་པ་ཇི་ལྟ་བ།། སེམས་ཀྱི་རང་བཞིན་གནས་མེད་དེ་ལྟར་བསྒོམ།། ཐུགས་རྗེའི་འབད་པ་རབ་འབྱམ་ཇི་ལྟ་བ། རྣལ་འབྱོར་ཐོབས་ཀྱི་ཏིང་འཛིན་ད་ལྟར་སྤྲུལ།། བདག་དང་བདག་གར་འཛིན་པ་མེད་པ ་ཕྱིར།། ཕ་རོལ་ཕྱིན་དྲུག་དམིགས་མེད་རྫོགས་པར་ལྡན།། ཐབས་ཀྱི་སྤྱོད་པས་གདུལ་བྱ་ཀུན་འདུལ་ཡང་།། སྒྱུ་མའི་བློ་ལྡན་རློམ་སེམས་ཅི་ཡང་མེད།། མ་སྐྱེས་སེམས་ལ་སེམས ་ཕྱིར།། ངོ་བོ་ཉིད་ཀྱི་ཆོས་སྐུའི་ང་རྒྱལ་འཆང་།། ཆོས་ཀུན་སྒྱུ་མརཱ་མངོན་སུམ་གསལ་བའི་ཕྱིར།། ཏིང་འཛིན་སྒྱུ་མས་ཅི་འདུས་དེ་ལྟར་སྟོན།། ཆོས་སྐུ་མཉམ་ཉིད་རྟོགས་ནས་འགྲོ་དོན་དུ།། བདེ ་བྱིན་བརླབས་ཅིར་ཡང་སྟོན་པ་ལྟར།། བདག་ཉིད་ཆོས་སྐུ་རིག་པའི་རྣལ་འབྱོར་པས།། ཐབས་ཀྱི་བྱེ་ཟག་དྲ་ནསདེ་ལྟར་བརྗོད།། ཐབས་དཔེ་ཤེས་རབ་ལྡན་པའི་སྒྲོན་མ་རྫོགས་སྷོ།། ་སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པའོ།། །། ། རྣལ་འབྱོར་སྤྱོད་པའི་ལུགས་ངེས་ཟེའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ་བཞུགས། ཇི་བཞིན་པ་ཡི་ཆོས་བརྩན་པར།། མྱོས་ལ་ཆོས ་