CLOSE WINDOW

GT3931: 'phrul gyi me long dgu yi 'grel pa
Wyliee-texts produced with BDRC’s OCR application

རྣལ་འབྱོར་རིག་པའི་མེ་ཏོག་འཕྲུལ་གྱི་མེ་ལོང་ལ་དབུ་ཞབས་སུ་བསྡུས་པའི་དོན་བཞི་སྒྲ།། ཕྱག་འཚལ་མཆོད་པའི་ལུང་དང་།། དམ་བཅར་སྡོམ་པའི་ལུང་དང་།། གཞུང་ལྕགས་རྩུ་བའི་ལུང་དང་།། བསྔོ ་ཚོགས་ཀྱི་ལུང་དང་བཞིའོ།། ཀུན་མོཁྱེན་ཉིད་ལ་ཕྱག་འཚལ་ནས།། ཤེས་པ་གང་གིས་གང་ལྟ་རུ་ཕྱག་བཙལ་བའོ།། རྣལ་འབྱོར་ལྟ་བའི་སྤྱི་འགྲེལ་བརྡེག། ཅེས་པ། ལྟེ་བའི་རིམ་པ་སྤྱིའི་ཤན་དབྱེ་བའི་ཕྱིར་འགྲེལྔ་པ་སྟེ། ཐེཚོམ ་གཏར་དཀའ་གནང་དུ་བརྡེག་པཱར་དམོ་བཅའ་བའོ།། ལུང་བསྡུ་བ་བསྟན་པཱ་ལ་གཉིས་ཏེ། དྲིས་པའི་ལུང་དང་ལན་ནོ།། དྲི་སྲྀ་པོ་ནོ་དགུ་སྟེ། ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི།། ཆོས་ཀུན་སེམསུ་གཅིག་མི་གཅིག། ཅེས་པ། ་འཁོར་བ་དང་མྱ་ངན་འདས་པའི་སྤྱོད་ཡུལ་བྱང་ཆུབ་སེམ་སུ་གཅི་གམ་གཅིག་དྲིས་པ་དང་པོའོ།། ལྷུན་གྱིས་སྒྲུབ་པ་གང་ལ་བགྱི་དྲིས་པ་གཉི་སྡེ་པའོ།། དེ་ཉིད་སྣང་བ་ཡོད་དམ་མེད།། ཅེས་པ། ལྷུན་གྲུབ་སྣང་སྟོང་གང་ཡིན་དྲིས་པ ་གསུམ་པའོ།། ཡེ་ནས་སང་ས་རྒྱ་སོ་ཡིན་ནམ་མིན། ཞེས་པ། ཆོས་ཀུན་གཞི་ཡིས་ངས་རྒྱས་པ་ཡིན་ནམ། མེ་རྒྱས་པ་ཡིན་དྲིས་པ་བཞི་པའོ།། ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། ཅེས་པ་ལྔ་པའོ།། ་འཁྲུལ་པ་ཉིད་དོན་ཅི་ལགས། ཤེས་པ། འཁྲུལ་པའི་གྲུབ་མཐའ་དྲིས་པ་དྲུག་པའོ།། རྣལ་འབྱོར་ལྟ་བའི་ངོ་བོ་གང་། ཞེས་པ་བདུན་པའོ།། དེ་དག་དགོས་པའི་ཐེ་ཙོམ་གང་། ཞེས་པ། སྐྱོན་དྲིས་པ་བརྒྱད་པའོ།། དེ་རྣ ་ཁྱད་པར་ཛཱ་ལྟར་ཆེ།། བདུན་པོ་ཟློག་པ་གཞན་ལས་གང་སྤྲུགས་དུས་པཱ་དགྲ་པའོ།། འཕྲུལ་གྱི་མ་ལོང་དགུ་སྦྱོར་བཞིན།། ནུས་པ། མཚོན་པའི་དགུས་མཚན་དུ་བསྒྲུབ་པའོ།། གསལ་བྱུང་འཕྲུལ་ཚིག་དགུ་ལས་སྟོན།། ཞེས་པ། ་དོན་དྲིས་པ་ལན་ཟུང་དགུ་ཡི་ཚིག་གསལ་བར་སྟོན་པའོ།། ལན་དང་པོ་བསྟན་པའི་ཕྱིར། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི།། སེམས་ཀྱི་ཆོས་ཉིད་དང་དུ་གཅིག། ཅེསྭ་པཱ། ལོག་རྟོག་སྒྱུ་མའི་སེམས་ཅན་དང་།། ཡེ་ཤེས་སྒྱུ་མའི་སངས ་རྒྱུས་ཀྱི་དཔྱོད་ཡུལ་འཁྲུལ་ལཱམ་མུ་འཁྲུལ་གཉིས། སེམས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་ད་བྱིངས་ཀྱི་ཡེ་ཤེསུ་གཅིག་པར་ལན་གདབ་པོ།། དེའི་དཔེ་ནི། དེའི་དེ་ཉིད་ཇི་ལྟ་བུའོ།། མཁའ་དང་གཞའ་སྣང་ཇི་བཞིན་དུདུ། ཞེས་པ ་གཞའ་ཚོན་སྣང་བ་དང་རང་བཞིན་སྟོང་པ་དབྱེར་མེད་པ་བཞིན། གཏན་ཚིགས་ནི། ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང་། རིགས་རྒྱུད་མེད་ཕྱིར་དབྱེ་བ་དཀའ། ཞེས་པ། ལོག་རྟོག་གི་རྒྱུད་སོ་སོར་རྟོག་པ་དང་། འདུ་ཤེས་ཐ་དད་། ་བྱཱསྱ། རཱྀ་བ་དང་། བྷདུ་བྱེད་དཾ་མྦྷ་བ་དང་། རྒྱུ་ལ་པཱའི་ཐུགས་གསལ་བ་རྟགས་ཀྱིས་ཐ་དད་པ་ལ་རྣཾས་མི་མཐུན་པ་ནི་རྒྱལ་བ་དང་འགྲོ་ལ་རིགས་རྒྱུད་རྟག་པར་རྙེདུ་བ་མྱེད་པའི་དཕྱིར། གཅིག་ཅེས་དགས་ཆོས་གཉི ་ཀྱི་ཕྱིར་བརྗོད་ཀྱིས་ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའི་ངང་དུ་དབྱེར་མེད་པ་ལ་དེ་སྐད་བརྗོད་པའོ།། གཉིས་པ་ནི། སེམས་ཉིད་ནོར་བུ་རིན་པོ་ཆེ། ཞེས་པའོ། ལྷུན་གྲུབ་ཀྱི་དཔེའོ།། ཇི་ལྟར་དམིགས་ཤིང་བསམས་པར་སྣང་། ཞེས ་པ། ལྷུན་གྱི་གྲུབ་པ་དང་མ་གྲུབ་པའི་ཆོས་ཐམས་ཅད་སེམས་སོ་སོར་སྣང་བའོ།། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། ཞེས་པ། སེམས་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་གཞི་འམ་དངོས་པོ་ཞེས་པ་སྐད་གཅིག་མ་ནི་བསམ་པ། ་འམ་བློ་ཞེས་རྟོག་པ་དང་མི་རྟོག་པའི་སེམས་རྒྱུད་གཉིས་པ་འགྲོ་བ་གཅིག་ལེ་མེད་དེ། སྐབས་ཀྱིས་མི་བརྗོད་པའོ།། དེ་ནི་དངོས་མེད་ཀུན་གྱི་གཞི། ཞེས་པ། སེམས་ཅན་གྱི་སེམས་གཅིག་པ་དེ་ནི་དངོས་པོ་བརྟག་དཀའ་སྟེ། དགོས ་འདྲོད་བསྐོང་བའི་ནོར་བུ་ལྟ་བུ་ལ། ཅིག་ལྔ་ཅིག་མ་གྲུབ་པ་དང་། ལྷུན་གྲུབ་ཀྱི་ངོ་བོ་ལ་ནི་ཕྱོགས་གཅིག་པའི་ལྕེན་གྲུབ་ཏུ་ཁས་བླངས་པའོ།། ལན་གསུམ་པ་ནི། ལོག་རྟོག་མུན་པའི་ཡུལ་སྣང་ཀུན། ཞེས་པ། འགྲོ་བ་སོ་སོའི་མ་རིག ་པའི་སྣང་བ་ཐ་དད་པ་བསྡུའོ།། སེམས་ཕྱིར་མཐལ་ལ་བརྩོད་པ་མེད། ཅེས་པ། སྣང་བ་ཡོད་མེད་ཀུན་བད་གི་ཉིང་ཆེན་པོའི་གཏན་ཚིགས་ཀྱིས་དབྱེར་མེད་པ་ལ་ཡོད་མེད་སྒྲོ་བསྐུར་དུ་བརྩོད་པ་བྱིབྱས་པའི་བློ། དཔེ་ནི། གང་ལ་ཡོད་མེད ་མེད་པ་ལྟར། ཅེས་པ། དངོས་པོ་གང་ལོ་ཕན་པ་འབའ་ཞིག་ཡོད་ཞེ་འམ། གནོད་པའི་མཐུ་འབའ་ཞིག་ཡོད་ཅེས་ཕྱིར་ན་མི་བཏུབ་སྟེ། བརྟགས་ན་མི་དམིགས་པར། བསམ་ནི་ཕན་གནོད་སོ་སོར་སྣང་ཡང་དབྱེར་མེད་པ་ལྟར། རྟོག་པའི ་སྨྲ་བས་མ་ཡུལ་ལས་འདས། ཤེས་པ། འཁྲུལ་པའི་སྣང་བ་ཡོད་མེད་དབྱེར་མེད་པ་ནི་ཐུན་མོང་ཆེན་པོའི་སྒྲ་བས་མ་ལས་འདས་པ་སྟེ། དོན་དམ་དངོས་པོ་འམ་གཞི་ལ་མེད། ཀུན་རྫོ་རྗེ་མ་བསམ་པ་ལ་ཡོད་ཅེས་སྨེ་བ་དག་མི་མཁས ་པའི་ཤེས་པ་སྟེ། འདི་སྐད་དུ། སེམས་འདི་ཡོད་དོ་མ་དོ་ཞེས། བྱིས་པ་རྣམས་ནི་བརྩོད་པར་བྱེད། ཞེས་པ་ལ་སོགས་པས་གསྔལ་ལོ།། ལན་གཞི་བུ་ནི། དེ་ནི་དེ་ཕྱིར་རྒྱལ་འགྲོ་ཞུས། རིསུ་བཅད་པ་མེད་པ ་ལ། སེམས་སྲུང་སྟོང་དབྱེར་མེད་པའི་ལྷུན་གྲུབ་དོ་ནི། ཚིག་སྔ་མ་གཏན་ཚིག་སུ་གྱུར་པས་ཡེ་སངས་རྒྱས་པས་རྒྱལ་བ་ཞེ་འམ། འགྲོ་བ་འཁོར་བ་ཡིན་ཞེས་གསུངས་པའི་ཚིག་གཉིས་ཀར་སེམས་འཁོར་བ་དང་མྱ་ངན་ལས་འདས ་པ་དབྱེར་མེད་ལ་མཱི་བཱི་ས་མཱ་མི་བརྗོད་དོ།། གཅིང་དང་མི་གཙང་དངོས་གཅིག་བཞིན། ཞེས་པ། གཉི་སུ་མེད་པའི་དཔེ་སྟེ། ལུ་ལའི་གཙང་བ་ལ་ལ་ལའི་མི་གཙང་བར་སྣང་བས་གཙང་མི་གཙང་དངོས་པོ་གཅིག་སྟེ། ག་ལ་ངེས་པ་བཞིན ་དེ་ཁོ་ན་ཇི་སྙེད་པའི་ཇི་བཞིན་པ་སེམས་ཀྱི་ཆོས་ཉིད་སངས་རྒྱས་སེམས་ཅན་དབྱེ་བ་མེད་པ་ལ། ཕྱོགསསུ་བལྟས་ན་ནོ་རཱ་པའི་བློ། ཞེས་པ། གཞི་འཁྲུལ་འཁོར་མེད་པའོ།། རྣམ་དག་ཕྱོགས་གཅིག་ཏུ་བལྟས་ཏེ། གཞི་མེད་པ་ལ་བསམ ་བློསྣ་བློ་བུར་དུ་བལྟ་བ་དག་ནི། ཀུན་ནས་ཉོན་མོངས་པ་དག་དང་། ཐ་སྙད་ལྔ་སྐུར་པ་འདེབས་པོའི་ལྟ་བ་སྟེ། གཉིས་མེད་དང་ལ་གསལ་བ་འདུས་པར་བརྗོད་པ་ཉིད་ཀྱིས་མཁའི་ལྟ་བ་ཁས་བླངས་པའོ།། འདིར་གཉི་སུ་ཡོད་མེད ་ཉིད་ཀྱང་དབྱེར་མེད་པས་ཐུན་མོངས་མ་ཡིན་པའི་གཉི་སུ་མེད་པ་སྟེ། འདི་སྐད། གཉིས་མེད་གཉི་སུ་མེད་མིན་ཞིང་།། ཞེས་པ། དགོས་བྱེད་གཉིས་ཀྱི་ཕྱིར་བརྗོད་པ་ཙ་མོ།། ལན་ལྔ་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་སེམས།། ་ཤེས་པ་ལོག་རྟོག་ཐ་དད་པའི་སེམས་བསམ་ཡས་པའོ།། མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། ཞེས་པ། མ་རིག་པ་དང་སེམས་ཡེ་ཤེས་གཉི་སུ་མེད་པའི་དཔེའོ།། རིག་དང་མ་རིག་གཉིས་མེད་པས། ་ཤེས་པ། ལྷན་ཅིག་བྱས་པའི་མ་རིག་པ་མེད་པ་མིན་པའི་ཕྱིར། ཡེ་ཤེས་དང་མ་རིག་པ་དབྱེར་མེད་ཀྱང་། ཕྱོགས་གཅིག་རྐྱེན་གྱིས་དུས་གསུམ་འཁྲུལ། ཞེས་པ། ཕྱོགས་གཅིག་ནས་ལྟོས་པས་འཁོར་བའི། དེའི་རྒྱུ་མ་རིག་པས ་རྐྱེན་ལས་དང་ཉོན་མོངས་པས་དུས་གསུམ་ཐོག་མཐའ་མེད་པར་རྒྱུན་ཆགསུ་འཁྲུལ་པ་ནི། ཐག་སྦྲེལ་ཐོ་མོ་སེབ་རྟས་མཚོན་ནས་གཞི་མེད་པ་ལས་འབྱུང་བར་སྨྲ་བ་ལྟ་བུ་མ་ཡིན་ཏེ། སྒྲོ་བཀུར་དང་བྲལ་བའི་ངང་ལས་འ་ཁྲུལ་པའོ།། ་ལན་དྲུག་པ། འཇིག་རྟེན་བརྟན་གཡོ་ལ་སོགས་པ། སྣང་བ་ཉིད་ན་རང་བཞིན་མེད། ཅེས་པ། བརྟན་གཡོ་བློ་བརྟགས་ཀྱི་རང་བཞིན་བསམ་པོ་ལ་ཡོ་དེ་ལ་གཞི་ལྔ་མེད་པར་སྨྲ་བ་ནི་རང་བཞིན་ལ་བཀུར་བ་སྟེ། འདིར་འཁྲུལ ་པཱ་སྣང་བངོ་བའི་དུས་ཉིད་ན་མཁའ་སྤྲིན་ལྟར་རྣམ་པའི་མཆིག་དང་ལྡན་པའི་སྟོང་པ་ཆེན་པོ་ལ་རང་བཞིན་ཡོད་མད་དབྱེར་མེད་ལ་དགོས་ཚད་ཀྱིས་བརྗོད་པའོ།། རང་བྱུང་ཕྱི་ནང་མེད་སྣ་ང་ཕྱིར། ཞེས་པ། བདག་ཉིད་ཆེན་པོའི་གཏན ་ཚིགས་ཀྱིས་ཀྱང་ཆུ་ཉིད་རླབས་ལྟ་བུར་འགྲོ་འདི་མེད་པར་སྣང་བའོ།། དེ་དུས་རང་བཞིན་ཉམས་པ་མེད། ཞེས་པ། འཁྲུལ་པ་དེ་སྣང་བའི་དུས་ན་རང་བཞིན་སྟོང་པས་ཇི་བཞིན་ཉིད་ལས་མ་ཉམས་རང་བཞིན་ཐུན་མོངས་མ་ཡིན ་པའི་འཁྲུལ་པ་སྟེ། འདི་སྐད་དུ། འཁོར་བ་ཉིད་ན་བདེ་གནས་སོ།། ཤེས་པ་དང་། རང་བཞིན་ཉིད་ལས་ཉམས་པ་མེད།། དེས་གསུངས།། ལན་བདུན་པ་ནི། འཇུག་པའི་རྣམ་ཤེས་ད་ལྟ་བ། ཤེས ་རབ་ཐུན་མོངས་སྤྱན་ཡིན་ན། ཞེས་པ། ལྟ་བའི་ངོ་བོ་འོག་མ་དག་ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། འདུ་བྱེད་ཀྱི་ཤེས་རབ་དང་མཚུངས་པར་ཐུན་མོང་གི་ལྟ་བ་ལམ་དུ་རིག་པའི་ཤེས་པ་ལ་ལྟ་བ ་ཞེས་བརྗོད་དོ།། འདིར་རང་བྱུང་ཡེ་ཤེས་ཚོགས་ཀུན་བདག། ཤེས་རབ་སྤྱན་གྱི་མཆོག་ཡིནོ།། ཞེས་པ། ཚོགས་བརྒྱད་རིགོས་བརྒྱུད་གཟུགས་མཚན་གནས་ཀྱིས་ཐ་དད་མྱེད་པར་འོད་གསལ་བའོ།། རྐྱེན་དང་རྒྱུ་མེད་པར་མ ་འགགས་པར་ཡེ་རང་གསཔ་བུར་རང་བྱུང་ཡེ་ཤེས་ཏེ། བལྟས་པ་མེད་པར་དེ་ཁོ་ན་ཉིད་གསལ་བ་ལྦུ་བའི་ཕུལ་ལོ།། ལྟ་བའི་ངོ་བོ་དེས་ཇི་ལྟར་མཐོང་སྙམ་པ་ལ། རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། ཞེས་པཾ། ཡིད་སྟེ ་ཤེས་རྡོ་རྗེ་ནི་ཤེས་རབ་ཀྱི་དབང་པོ་མཆོག་སྟེ་གཏན་ཚིགས་སོ།། ལྟ་བ་མྱེད་པ་རང་སྤྱིའི་ཆོས། དབྱར་མེད་ཕྱོགས་ལྷའི་འདོད་བྲལ་བྷ། ཞེས་པ། ཡུལ་དུ་ལྟེ་བ་མེད་དེ་རང་རིག་ཕྱི་ནང་མེད་ཕྱིར་རོ།། རང་དང་སྤྱིའི་མཚན་ཉིད་ཀྱི ་ཆོ་སུ་སྣང་བ་ཡང་ཤེས་པ་དང་རྣམ་པ་ཙམ་དུ་དབྱེར་མེད་པས། ནང་ཕྱོགས་ནས་ཕྱི་རུ་བལྟས་པ་འམ། ཕྱི་ནས་ནང་དུ་བལྟ་བའི་འདོད་ཆགས་དང་བྲལ་བས་དེ་ཁོ་ན་ཉིད་ཡུལ་མེད་པར་རིག་པ་རང་གསལ་བའི་གདེང ་བརྙེད་པས་ཐམས་ཅད་མཁྱེན་པ་ལ། ཞེས་པས། ཞེ་འདོད་དུ་མྱེད་པས། མ་ནོར་རང་གི་མཱཚན་ཉིད་རྟོགས།། ཞེས་གསུངས་སོ།། དེ་ལ་གཡོ་ཐོབ་བརྟན་མཐར་ཕྱིན་པའི་ལམ་དུ་གྱུར་པའོ།། ལན་བརྒྱད་པ་ནི། གསུམ་གཉིས ་གཅིག་གི་ཐེ་ཚོམ་སྤངས། ཞེས་པ། དྲིས་ལན་བདུན་པའི་ཐེ་ཚོམ་དྲིས་པ་རྗེསུ་བསམ་པའི་ཕྱིར། དང་པོ་དངོས་དང་གསལ་བ། ཞེས་པ། ཚིག་ལྔས་གཏར་དཀའ་གཉིས་ཀྱི་གགས་བསལ་བ་ལ། སྔ་མ་སངས་རྒྱས་སྤེན ་དག། སོ་སོ་སེམས་རྒྱུད་ཐ་དད་པ།། གཅིག་ན་བདུན་ལ་སྔ་རྟོག་སྐྱེ།། ཞེས་པ། སྤྱིར་སངས་རྒྱས་དང་སེམས་ཅན་རྣམས་ཕྱོགས་གཅིག་པའི་གཅིག་པ་ཡིན་ན། བཀའ་ལུང་ལ་མི་སྣང་བ་དང་། དྲོན་དང་འགལྟེ་བ་དང་། གཏན་ཚི ་ཀྱིས་མི་རྒྱས་པ་དང་། རིགས་པས་མི་འཐད་པ་དང་། ཚེ་སྔོ་བརྟགས་གཞི་དདོང་འགལ་པོ་བདུན་པོ་ཀུན་ལ་འབྱུང་མོད་ཀྱང་། སྐབས་གཉིས་ཀྱིས་གསང་སྔགས་ནི། སྤྱི་དང་འཐུན་པར་རིགས་པས་མི་འཐད་པའི་སྐྱོན་བརྗོད ་དོ།། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཕྱོགས་གཅིག་པའི་ལྡོག་པ་དང་བཅས་པ་ཡིན་ཞེ་ན། རྒྱལ་བ་བཞིན་དུ་འགྲོ་བས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བ་དང་། རྟོག་པ་མེད་པར་འགྱུར་བ་དང་། ཉོན ་མོངས་པའི་སྡུག་བསྔལ་མི་འབྱུང་བར་འགྱུར་བ་དང་། ལམ་གྱི་ཆོས་ལ་རག་ལས་མི་དགོས་པ་དང་། རྒྱལ་བ་ཡང་འགྲོ་བ་བཞིན་ཐམས་ཅད་མི་མཁྱེན་པ་དང་། རྟོག་པ་ཅན་དུ་འགྱུར་བ་དང་། ཉོན་མོངས་པ་སྡུག་བསྔལ་མྱོང ་བ་དང་། སྐྱོན་བདུན་འབྱུང་ངོ་།། འགྲོ་བ་དྲུག་གི་སེམས་ཅནྡ་ཐ་དད་གཅིག་ན་ཡང་། དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། ཞེས་པ། ཆོས་ཐ་མའི་སྐྱོན་འབྱུང་སྟེ། འགྲོ་བ་དྲུག་པོ་ཀུན་སེམས་རང་བྱུང་གི་ཡེ ་ཤེས་སུ་གཅིག་ན་ཡང་། འགྲོ་བ་གཅིག་སངས་རྒྱས་ན་ཀུན་སངས་རྒྱས་པར་རིགས་པ་དང་། གཅིག་བ་ལྟུང་ན་ཀུན་བ་ལྟུང་བར་རིགས་པ་དང་། གཅིག་ཤེས་པ་ཆེན་ཀུན་ཆ།། གཅིག་ཤེས་པ་ཆུང་ན་ཀུན་ཆུང་།། གཅིག་འདུ ་ཤེས་རྒྱ་ཆེན་ཀུན་ཆེ།། གཅིག་འདུ་ཤེས་ཆུང་ན་ཀུན་ཆུང་།། གཅིག་རྣོན་ཀུན་ནོ།། གཅིག་བརྟུལ་ན་ཀུན་བརྟུ་ལ།། གཅིག་དོག་ན་ཀུན་དོག། གཅིག་ཡང་ན་ཀུན་ཡངས།། གཅིག་ཚོར་བ་གསལ་ན་ཀུན་གསལ།། ་གཅིག་མཱི་གུས་ལ་ན་ཀུན་མི་གསལ།། གཅིག་དྲན་པ་གསལ་ནུ་ཀུན་གསྔལ། གཅིག་མི་གསལ་ནུ་ཀུན་མི་གསོལ། བརྒྱུད་པོ་དེ་ལྟར་ཐེ་ཚོམ་ཟ་བཱ། ཐ་དད་ཞེ་ན་བདུན་གྱིས་འགལྔ།། ཅེས་པ། སངས་རྒྱས་ཀྱི་ཐུགས་དང ་འགྲོ་བའི་སེམས་ཐ་དད་ན་ཡང་། སངས་རྒྱས་སེམས་ཅན་གཉིས་རང་བཞིན་ཐ་དད་དུ་འགྱུར། ངོ་བོ་ཐ་དད་དུ་འགྱུར་བ་སྣ་འབྲེལ་པ་མེད་པས་དོན་བྱར་མི་བཏུབ། འགྲོ་བ་སངས་རྒྱུར་མི་བཏུབ། ཉོན་མོངས་པ་སྦྱང་ཞིང་སྒྲིབ་པ་བྱང ་དུ་མི་བཏུབ། རྒྱས་པ་བསྟན་པ་ལ་དགོས་པ་མེད། སོ་སོར་རྟག་པའི་མཐར་འགྱུར་བ་དང་བདུན་ནོ།། སེམས་ཅན་ཀུན་གྱི་རང་གི་ཡེ་ཤེས་ཐ་དད་ན་ཡང་། རང་བྱུང་གི་ཡེ་ཤེས་སོ་སོ་ན་ཡོད་པའི་ཕྱིར། གཅིག་གིས་གཅིག ་རིག་ན་གཞན་འབྱུང་དུ་འགྱུར་བ་དང་། དེསྣ་ཚིག་མེད། གཅིག་གི་གཅིག་མཱ་རིག་ན། ཡེ་ཤེས་སུ་མི་འགྱུར་རོ།། ཡུལ་མེད་པར་རིག་ན་དམ་བཅའ་ཉམས། ཤེས་པའི་རྣམ་པ་ཡེ་ཤེས་གཞན་དུ་སྣང་ངོ་ཞེ་ན། བདག་གཞན་གྱི་ཕྱོགས ་ནས་རྣམ་པ་ཆ་གཉིས་ཡོད་པས་བཟུང་འཛིན་དུ་འགྱུར་རོ།། ཡེ་ཤེས་ལ་རིགས་བརྒྱད་ལ་སོགས་པ་ཐ་དད་པ་བདུན་འོང་བས་དུ་མའི་མཐར་འགྱུ་རོ།། དེ་གསལ་བ་ནི། བས་དགག་དང་སྒྲུབ་མེད་པའི།། གཅིག་དང་དུ་མར་བྲལ ་བའོ།། ཞེས་པ། སངས་རྒྱས་དང་སེམས་ཅན་ག་ཅིག་དང་དུ་མའི་མཐའ་མ་བཀག་ས་བྲལ་བ་སྒྲུབ་དུ་མེད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཅིག་དང་དུ་མ་དང་བྲལ་བ་དང་མ་བྲལ་བ་ཀུན་ཡིན་པས། བྲལ་མ་བྲལ་དབྱེར་མེད་པ ་ལ་ཤུགས་སྣང་ལྔ་དགག་སྒྲུབ་ལྟར་སྣང་ཡང་། ཞེས་འདོད་ལྔ་ལྷག་པའི་དགག་བསྒྲུབ་མེད་པ་སྣ་སྐྱོན་དེ་དག་མི་འབྱུང་ངོ་།། གསུམ་པ་འཁྲུལ་སྣང་གཞི་ལ་ཡོད་མང་སྟོན་པའི་ཕྱིར། གསུམ་པའི་སྔ་མ་རྙོག་སྐྱོན་དགུ། ཞེས་པ། ་འཁྲུལ་སྣང་གཞི་ལ་ཡོད་ན་གཞི་འཁོར་བ་རང་རྒྱུད་རྟག་པའི་སྐྱོན་གྱིས་སྒྲུབ་པ་མི་འབྱུང་། འཚོང་བུ་དཔེས་སངས་མི་རྒྱུ། རྒྱལ་བ་དང་འགྲོ་བ་རིགས་རྒྱུད་ཤཱ་འབྱུང་། བསྟན་པ་གསུངས་པ་ལ་དགོས་ཚད་མེད། མྱ་ངན ་འདས་པའི་སྣང་བ་འགག། འཁོར་བ་མཐར་འགྱུར། འགྲེལ་པ་མེད་པས་དོན་བྱར་མི་ཏུག་གཞིའི་ཆོས་དྲི་མ་ཅན་དུ་འགྱུར་བའོ།། ཕྱི་མ་མེད་པའི་ཐ་ན་མོངག། སྐྱོན་གྱི་དངོས་པོ་བཅུ་གཉིས་གཞིའོ།། ཞེས ་པ། གཞི་ལ་འཁྲུལ་པ་མེད་པ་ཡིན་ནའང་། ལྷན་གཅིག་སྐྱེས་པའི་མ་རིག་པ་མེད་པའི་སྐྱོན་དང་། རང་བཞིན་ཆད་པའི་སྐྱོན་དང་། མྱ་དྲན་ལས་འདས་པ་མཐར་འགྱུར། འཁྲུལ་སྣང་འགག། གཞི ་མེད་པ་ལ་འཁོར་པ་སྣང་ན། འཁོར་གཱ་ལ་ཐོག་མ་འབྱུང་། རྒྱུད་དག་པ་ཡང་འཁོར། སྒྲིབ་པ་སྦྱང་མི་དགོས། བསྐྲུན་པ་ལ་དགོས་ཆེད་མེད། ཡེ་ནས་གཞི་ལ་མེད་པ་ལ་སྣང་ན། མུ་སྟེགས་ཆད་པའི་སྣང་བར་འགྱུར། ་སྔ་ན་མེད་པའི་སྐྱོན་དང་། གཅིག་ལ་གཅིག་མེད་པའི་སྦྱིན་དང་། ཡེ་ནུས་མེད་པ་དང་བཅུ་གཉིས་འབྱུང་ངོ་།། གཞི་ནི་འཁྲུལ་སྣང་ཡོད་མེད་གཉིས་སུ་མེད་པའི་དོན་དང་འགལྔ། བཀའ་ལུང་ལས་མི་སྣང་བ། གཏ་ནི་ཆགས ་ཀྱི་མ་རྒྱས་པ། དེ་ལྟར་རིགས་པས་མི་བླུད་པའོ།། ཞོར་ལ་ཤེས་པའི་ཁྱད་པར་བསྙེན་པ་ནི། མི་མཁས་མཁས་པའི་བསམ་པ་ནི། ཞེས་པ། དབྱེ་ན། མི་མཁས་ཤིན་ཏུ་མི་མཁས་པ། ཞེས་པ། མི་མཁས་པའི་བསམ ་པ་ལ་གཉིས་ཏེ། གང་ཞེ་ན། ཤིནྡ་ཏུ་མི་མཁས་མཐར་ལྟ་བའོ།། ཞེས་པ། མུ་སྟེགས་པ་དང་སྐྱེ་བོ་དག་གོ། མི་མཁས་ཡོད་མེད་བརྩོད་བྱེད་ཅིང་།། དགག་དང་བསྒྲུབ་པ་གླང་བྱེད་པ།། དེ་དེ་དེ་ལ་ཆགསྣ་སྡང་སྐྱེ།། ཞེས ་པ། ལྟོས་པའི་མི་མཁས་པ་དག་ནི།། ཚད་མ་ཚུལ་ཡོད་ལ་བརྩོད། སེམས་ཚིམ་པ་རྣམ་པ་ཡོད་མེད་ལ་བརྩོད། དབུ་མ་སྣང་བ་ཡོད་མེད་ལ་རྩོད་པ་བྱེད་ཅིང་། རིགས་པ་མ་ཡིན་པའི་ཤེས་པའི་ཡུལོ་ཆེད་དུ ་འགེགས། རིགས་པའི་ཤེས་པའི་ཡུལ་སྒྲུབ་པར་བྱེད་པ་དེ་ནི། སྒྲུབ་པའི་དོན་ལ་བློ་ཆགས། དགག་བྱ་ལ་ཞེ་སྡང་བསྐྱེད་པས། བླང་དོར་མེད་པའི་དོན་མ་མཐོང་བའི་ཕྱིར་མི་མཁས་པའོ།། འོ་ན་མཁས་པ་གང་ཞེ་ན། མཁས་དང ་ཤིན་ཏུ་མཁས་པ་ནི། ཞེས་པ་མཁས་པའི་བསམ་པ་དབྱེ་བ་ཉེ་བར་བསྟན་པའོ།། མཁས་པ་ཕལ་པ་དག་གྲེ་བསྒྲུབ་ཅན། སྒྲུབ་པའི་དོན་ལ་བརྟེན་པར་བྱེད། ཅེས་པ། ཐེག་པ་ཆེན་པོ་དབུ་དང་སེམས་ཙམ་པའོ།། དེ་ཡང ་གསང་སྔགས་ལ་ལྟོས་ན་འཁྲུལ་པའི་ཕྱིར། བྱས་པའི་བཟུང་འཛིན་དབང་གྱུར་པའི།། མ་ནོར་ལམ་དང་བྲལ་བ་ཡིན། ཞེས་པའོ།། ཆེད་དུ་དགག་སྒྲུབ་བྱེད་པའི་ངེས་པ་འཇོག་པའི་རྟོག་པ་སྐྱེས་པས། གསུང་སྔགས་ཀྱི་ལྟ་བ་དང་། ་བྲལ་བའི།། གསང་སྔགས་ནི། ཤིནཱི་ཏུ་མཁས་པ་ཐམས་ཅད་ལ།། སེམས་ཕྱར་དགག་དང་སྒྲུབ་མེད། ཞེས་པ། གསང་སྔགས་པ་ནི་ཤིན་ཏུ་མཁས་པའི་བསམ་པ་སྟེ། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དགག ་སྒྲུབ་ཆེད་དུ་མི་བྱེད་པ་ཡང་རྟོགས་བྱེད་ཀྱི་ཐབས་དམ་པ་སྟེ། ཞོར་ལ་དགག་སྒྲུབ་ཅན་གྱི་ལྟ་བ་འགེགས་པ་དང་། དགག་སྒྲུབ་མེད་པའི་དོན་བསྒྲུབ་པ་ཡོད་མོད་ཀྱང་། དགག་སྒྲུབ་མེད་པའི་ཕྱོགས་གཅིག་པུར་ཁས་མི་ལེན ་དོན་ནོ་དེ་དང་རང་རིག་རང་སྣོད་ཕྱིར། དགག་སྒྲུབ་མེད་པའི་ཡིད་མི་རྟེན་ནོས་པ། དགག་སྒྲུབ་ཡོད་མེད་ཀྱི་ཆོས་ཐམས་ཅིང་རང་རིག་པ་ཡིན་པས། དགག་སྒྲུབ་མེད་པའི་དོན་ཆེད་དུ་མི་དམི་གོས་པ་ཡུལ་དུ་མི་བྱེད་དོ།། ་དགག་སྒྲུབ་གཏན་ལ་འབེབས་པའི་དུས་དང་།། མཉམ་བྱ་ལ་བཞག་པའི་དུས་གཉིས་ཀ་ནྟེ་རུ་བྱེད་པ་འཁྲུལ་པའི་ཕྱིར། དེ་ཕྱིར་སོ་སོ་དགག་བསྒྲུབ་ཙམ། བསྒྲུབ་པའི་ཕྱོགས་ལ་ཞེན་པའི་ཕྱིར། དེ་དེ་མེད་དུ ་ག་ལ་མཐོང་།། དེ་བས་རང་གི་བརྟགས་མཐོང་ཡིན། ཞེས་གསུངས་སོ།། ལན་དགུ་པ་ཞར་ལ་བསྟན་པའི་ཕྱིར། དེ་དེ་སྐས་གང་ངོ་ཇི་ལྟ་བུ། ཁྱད་པར་གྲངས་དང་དོར་བ་མེད། ཞེས་པ། རྒྱུའི་ཐེག་པ་དེ་དང་། འབྲས་བུ་དེ ་སྐས་གདང་ལྟར་ཁྱད་པར་ཡོད་པའི་གྲངས་མི་འདོར་བས། བདུན་པོའི་སྐྱོན་རྒྱུའི་ཐག་པ་ལ་གྲངས་ཇི་ལྟར་བརྗོད་པོ་ལྟར་འབྱུང་གི། འབྲས་བུའི་ཐེག་པ་ལ་སྐྱོན་མི་འབྱུང་བར་སྨོས་པའོ།། ད་གོས་ཆེད་ནི། ཆ་ཡོད་དུག་ལ་མི ་རྔུབ་བཞིན། ལོག་ལྟ་གཉིས་སུ་གུ་ལ་འགྱུར། ཞེས་པ། དེས་དེ་བཞིན་དུ་རང་བཞིན་ལོག་པ་དང་། ལྟོས་པའི་ལོག་པ་ལྷུར་གསེང་སྔགས་མི་འགྲོ་བའོ།། གཉིས་པ་ཐེ་ཚོམ་གསྔལ་བའི་ཕྱིར། གཉིས་པ་དེ་ལྟར ་ཉིད་ལ། ཞེས་པ། གྲངས་ཀྱི་གཉིས་པ་དེ་ལྟར་ལྷུན་གྲུབ་དྲིས་པ། གྲུབ་པའི་ཐ་སྙད་དེ་ལྟར་མཚོན། ཞེས་པ། ལྷུན་གྱིས་གྲུབ་པ་ཕྱོགས་གཅིག་པ་འམ། ཕྱོགས་མེད་པ་གང་ཡིན་དྲིས་པའོ།། མ་གྲུབ་གྲུབ་ན ་ངེས་ཚིག་མེད། ཙས་པ། ཕྱོགས་མེད་ན་གྲུབ་པའི་ངང་ལ་རྟ་ལ་གླང་མ་གྲུབ་པ་ལ་སོགས་པ་ཡང་གྲུབ་པས། གྲུབ་པོ་གཅིག་པུའི་ངོས་ཚིག་མེད་པར་འགྱུརརོ།། དེ་མ་གྲུབ་ན་དེ་བཞིན་ནོ།། ཞེས་པ། མ་གྲུབ་པར ་གྲགས་པའི་ཆོས་ལྷུན་གྱི་སྔ་མ་གྲུབ་ནའང་། མ་གྲུབ་པའི་ཆོས་མ་རྫོགས་པས་ངེས་ཚིག་མེད་དོ།། གཞན་ཡང་མ་གྲུབ་པ་ཕྱོགས་གཅིག་པར་འགྱུར་བས་ཡོད་མཐར་ལྟ་བ་དང་། བདེན་པ་མཐོང་བ་ཡང་འཁོར་བ་དང་། ཞེན་པས། ་འཚང་རྒྱ་བ་དང་། དགེ་སྡིག་འབྲས་བུ་བསྣོལ་མར་འགྱུར་བ་ཡང་གྲུབ་དགོས་པའི་སྐྱོན་དུ་འགྱུར་རོ།། དེ་གསལ་བའི་ཐ་བས་ནི། དེ་བས་སྲིད་དང་མི་སྲིད་ཀུན།། ལྷུན་གྲུབ་ཕྱོགས་སུ་གྲུབ་པ་མེད།། ཞེས་པ་ལྷུན་གྲུབ་ཀྱི་གཏན་ཚིགས ་ཀྱིས་དགེ་བས་མཐོ་རིས་སུ་སྲིད་པ་ལ་སྩོགསུ་བ་དང་། དགེ་བས་ངན་སོང་དུ་མི་སྲོད་པ་ཀུན་ཡོད་མེད་གྲུབ་མ་གྲུབ་དབྱེར་མེད་པ་དགོས་ཆེད་ཀྱིས་ལྷུན་གྲུབ་དུ་བརྗི་ཀྱི་སཽ། དོན་གྲུབ་གྲུབ་པོར་བརྗོད་པ་མེད་པས། ལྷག་པའི་ལྷུན ་གྲུབ་ལ་སྐྱོན་དེ་དག་མི་འབྱུང་། བཞི་པའི་སྔ་མ་སྐྱོན་དྲུག་གཉིས། ཤེས་པ། ཡཾ་སངས་རྒྱས་པ་ཕྱོགས་གཅིག་པ་ཅིག་རིན་ཆེན་གླིང་དང་། ཉི་མས་མཚོན་པ་སྒྲ་ཇི་བཞིན་དུ་བརྟགས་ན། མྱ་ངན་ལུས་འདས་པ་མཐ ་འགྱུར། སངས་རྒྱས་རིགས་རྒྱུད་ཅན་དུ་འགྱུར། སྒྲིབ་པ་སྦྱང་མི་དགོས། རྒྱལ་བས་དོན་བྱུར་མེད། སྒྲུབ་པའི་གང་ཟག་མེད་པས་ལམ་མི་དགོས། བསྟན་པ་གསུངས་པ་ལ་དོས་ཆེད་མེད། འཁོར་བའི་སྣང་བ་འགག། ་གལ་ཏེ་ན་རྒྱུད་པ་ཡང་འཁོར། འཁོར་བ་ལ་ཐོག་མ་འབྱུང་། གཞི་ལ་འཁོར་བ་མེད་ལ་བློ་ལ་ཡོད་ན་བློ་དང་གཞི་ཐ་དད་པའི་སྐྱོན་འོང་།། ཐ་མི་དད་ན་བློ་ལ་ཡོད་པ་བཞིན་དུ་གཞི་ལ་ཡང་ཡོད་པར་འགྱུར། དེ་ཉིད་དང་གཞན ་དུ་བརྗོད་དུ་མེད་པ་ཡིན་ཞེ་ན། དེ་ཉིད་མ་ཡིན་པས་གཞི་ལ་མེད་ཀྱང་། གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་གཞི་ལ་ཡོད་པར་འགྱུར། སྒྲུབ་སྔགས་གཉིས་པ་དེས་ཡེ་ནས་སངས་རྒྱས་པར ་ཕྱོགས་ཀྱང་མེན་ནོ།། དེ་བཞིན་ཕྱི་མ་རྗེསུ་འཐུན། ཞེས་པ། གཞི་སངས་རྒྱས་མ་ཡིན་པར་འཁོར་བ་ཡིན་ཞེ་ན། སྐྱོན་གྲངས་ཕྱི་མ་འང་སྔ་མའི་རྗེས་འཐུན་ཏོ།། གཞི་འཁོར་བའི་མཐར་འགྱུར། གཞི་དྲི་མ་ཅན་དུ་འགྱུར། ་འགྲོ་བ་རང་རྒྱུད་པར་འགྱུར། དེ་ནི་བྱེད་པ་པོ་མེད་པར་འགྱུར། མྱ་ངན་ལས་བྱངས་པ་འགག། གྲལ་ཏེ་མྱ་ངན་ལས་འངས་པ་ལ་ཐོག་མ་འབྱུང་། འཁོར་བ་མཐའ་མ་འབྱུང་སྒྲ། མཐའ་སྟོང་པར་འགྱུརརོ།། ས་མི་འབྱོང་བ་འགྱུར། འཁོར་བ་རྟ ་སྐྱོན་དང་འབྲེལ་ཟེ་མེད་པས་དོན་བྱར་མེད་པ་དང་། བསྟན་པ་གསུངས་པ་ལ་དགོས་ཚད་མེད། གཞི་ལ་འཁོར་བ་ཡོད་ན། ཞེན་བློ་དང་ཁྱད་མི་འབྱུང་བར་འགྱུར་བ་དང་བཅུ་གཉིས་སོ།། གཉིས་མེ་ཞེ་ན་དུས་གོསུམ་ལ། ཞེས་པ ་ཡཾ་སངས་རྒྱས་པ་ཡིན་མེན་གཉིས་ཀ་མ་ཡིན་ན་དང་། ཕུང་པོ་གསུམ་པ་དང་། ལུང་དུ་མ་བསྟན་པ་དང་། འགལ་བ་འདུས་པ་འབྱུང་ངོ་ཞེ་ན། དེ་གསལ་བ་ནི་གཉིས་མདྨ་དང་། ཞེས་པ། རང་རིག་པ་ནི་སངས་རྒྱུ་སྣ་དང་སོན ་དབྱེར་མེད་ནའང་། འདི་སྐད་དུ། བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ཤེས་གསུངས་པའི་དོན་ལ། དཔེ། སྨན་ཉིད་སྨན་གནོད་བདག་ནས་ལྟར། ཅེས་པ། སྨན་ཅིག་ཀྱང ་ཕན་གནོད་གཉིས་ཀའི་ངོ་བོར་གནས་པ་ལྟར། ངོ་བོ་ཐ་དད་འགྱུར་བ་མེད། ཅེས་པ། སེམས་རྒྱལ་འགྲོ་གང་གི་ཕྱོགསུ་མ་གྱུར་པས། ཡིན་མིན་ལུང་དུ་མ་བསྟན་པའི་སྐྱོན་མི་འབྱུང་ངོ་།། ལམས་འཁྲུལ་གཞི་ཡོད་མེད་པའི ་ཞེས་པ། ཆོས་ཉིད་དང་ལ་འཁོར་གཞི་ཡོད་མེད་གཉིས། གྲཝ་ཉིས་མེད་དང་གསུམ་ལ་གསུམ་པ་མཚོན་པ་སྒོ་སོ་སོར་བསྟན་ཀྱང་། དོན་ལ་གཅིག་པར་མ་ཤེས་པ་དག་ཡོད་པ་རང་རྒྱུད་པ་དང་། མེད་པ་རྣམ་དག་ཕྱོགས་གཅིག ་པ་དང་། ཕྱོགས་ཀྱི་གཉིས་མེད་ལ་འཁྲུལ་པར་སྨྲ་ན། སྐྱོན་ནི་གསུམ་པ་ཇི་ལྟར་གྲངས། ཤེས་པ། འཁྲུལ་སྣང་ཡོད་མེད་སྐབས་སུ་བཤད་པ་དང་མཐུན་པར་བགྲང་ངོ་།། དེ་གསལ་བ་ནི། མིག་ཡོར་གསུམ་ལ་དངོས་མེད་འདྲའི།། ། ་ཆོས་ཡོད་བཞིན་པས། ཤེས་པ། འཁྲུལ་ཏུ་བཏུ་བ་པའི་ངོ་བོ་ནི། ཐོ་ཡོར་དང་སམ་མོ་དང་ཐག་པ་ལ། ཡང་དག་པའི་རྟ་སྦྲུལ་གྱི་ཤ་ཁྲག་མེད་ཀྱང་། མི་རྟ་སྦྲུལ་དང་འདྲ་བའི་ཆོས་ཡོད་པས་འཁྲུལ་ཏུ་བཏུབ་པའི་རྐྱེན་གཞིས་བཏུང ་པ་བཞིན། རང་སེམས་ལ། དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག། རང་བཞིན་ལྷུན་གྲུབ་དཔག་བླས་མ་བཞིན། སོ་སོར་སྣང་བ། ཞེས་པ། སེམས་ལ་འཁོར་བ་ར་ང་རྒྱུད་མེད་ཀྱང་མེ་ལོང་གི་གཡའ་བཞིན་འཁོར་བའི་རྒྱུ་གཉིས་རྐྱེན ་གཞིས་གནས་པས་སྣང་དུ་བདུ་བ་ལ། དཔག་བོས་མ་ཤིང་ལ་བསོད་ནམས་ཆ་ཆུང་གིས་སོ་སོར་སྣང་བ་ལྟར། དག་དང་མ་དག་པའི་སྤྱོད་ཡུལ་དུ་སྣང་ངོ་།། གཞི་མ་རིག་པ་ཡང་དག་པར་རང་སྣང་བ་དང་། ལྷ་ན་གཅིག་སྐྱེས ་བུའི་མ་རིག་མཚུངས་པར་ཡོད་པ་དང་། ཡོད་མེད་དབྱེར་མེད་པས་འཁྲུལ་གཞི་མེད་ངོ་ཡོད་དེ་གཉིས་སུ་མེད་དོ།། ཞེས་པར་བསྟན་པ་དོན་གཅིག། དུས་གསུམ་དུ་རྒྱུན་དུ་འཁྲུལ་པ་ལྷུན་གྲུབ་པས། ཤེས། ་པ། དུས་དང་འཁྲུལ་གཞིའོ།། འགྲོ་བོང་འབྱུང་འཇུག་མེད་སྣང་བ། གཞི་ཡོ་མེད་དང་དབྱེར་མེད་མཚུངས།། ཤེས་པ། ཆུ་རླབས་ཀྱི་ཚུལ་དུ་འགྲོ་འོང་མེད་པར་འཁོར་བར་སྣང་བའི་གཞི་ཡི་དེ་མེད་དབྱེར་མེད་དུ་གཅིག་པ་ལ་སྐྱོན ་མེདོ།། དྲུག་པ་དེ་ལྟར་དེ་བདེན་ན། དེ་ལྔ་སྐྱོན་དུ་བྱ་བ་བདུན། ཞེས་པ། གོང་དུ་འཁྲུ་ལོ་ཚུལ་བསྟན་པ་ལྟར་བདེན་ཏེ། ཡོད་མེད་ཕྱོགས་ཅན་ལས་འཁྲུལ་ཏུ་བཏུབ་ན། ཐོ་ཡོ་རི་ལ་ཌྷ་རུ་འཁྲུལ། ས་མ་མོ་ལ་མིར་འཁྲུལ། ཐག་པ ་ལྔཌཱུར་འཁྲུལ་པར་རིགས། མཾ་སྲིད་པནྡྷི་ཆོས་གཽཝཱི་འབྱུང་བར་རིགས་ཏེ། དཔེ་སྦྱིན་བདུན་ནོ།། དེ་བས་འཁྲུལ་པའི་རང་བཞིན་འཁྲུལ་པ་ཉིད་དུ་རྟག་ནའང་། འཁོར་བ་གཞི་ལ་གྲུབ་ནས། འཁྲུལ་པའི་རྒྱུ་རྐྱེན་གཉིས་ལ་རག ་མི་ལུས་པའི་སྐྱོན་གཉིས། ལྷ་ཁྲུལ་བུ་མི་སངས་པའི་སྐྱོན། གང་ཟག་དགོས་བརྫུན་དུ་འཁོར་བ་ལ་མཱཐཱ་རུམི་འོང། བདེན་པ་མཐོང་དུ་མི་བཏྱཱག། ཆོས་ཉིད་མ་འདས་ཤིང་མ་ཁྱབ་པའི་སྐྱོན་འབྱུང་ངོ་།། དྲེ་གསལ ་ཐབས། ཐམས་ཅད་འཆིང་འགྲོལ་དབྱེར་མེད་ལ། ཞེས་པ། གཞི་ལ་འཁྲུལ་མི་འཁྲུལ་ཡོད་མེད་ཀྱི་བསྒོ་བསྐུར་མེད་པའོ།། གཉིས་མཐོང་འཁྲུལ་པར་བལྟ་བའོ།། འཁྲུལ་རོ་ཞེས་པ། རང་བཞིན་མཉམ ་པར་བལྟ་བའོ་འཁྲུལ་པའོ།། དེ་བས་བླང་དང་ངོར་མ་བྱེད། བདེ་སྡུག་གནས་སུ་རིག་མ་བལྟ། ཞེས་པ། དོན་གཉིས་མེད་ལ་ལྟ་སྤྱོད་ཀྱི་གདམ་ངག་དག་གོ།། བདུན་པ་རང་རིག་སྤྱན་ཡིན་ན། དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། ཞེས ་པ། རང་བྱུང་ཡེ་ཤེས་ལྟ་བའི་ངོ་བོ་ཡིན་ན། རང་བྱུང་ཡེ་ཤེས་གཅིག་པས་གཅིག་གིས་རྟོགས་ན་ཀུན་གྱིས་སྐྱོན་འབྱུང་། སྐྱེ་མི་འབྱུང་། རྒྱལ་བ་དང་འགྲོ་བ་ཁྱད་པར་མེད་པར་འགྱུར། ལམ་ཆད། ད་ལྟ་ཉིད་ནས ་ཐམས་ཅད་མཁྱེན་པར་ཐལ། གཞིར་ཐུལ། སྒོམིས་དགོས། ཚིག་དང་ཡི་གེ་ལ་ལ་དགོས་པ་མེད། གཏན་ལ་དབབ་མོ་དགོས། མངོན་ཤེས་མ་བསྒོམ་པར་འཆུར་བར་འགྱུར་བ་དང་བཅུའོ།། དེ་གསལ་བ། དེ་བཞིན་ཉིད་ཀྱི ་ཤེས་འདི། མི་ལྔ་བདག་པོ་ཀུན་གྱི་སེམས། ཤེས་པ། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། མི་གནས་པ་དང་། རང་བྱུང་དང་། ལྷུན་གྱིས་རྫོགས་པའི་ཡེ་ཤེས་དང་ལྔའོ།། ངོ་བོ་འགྲོ་བཀུན་གྱིས་སེམ་སོ།། སྒྲ་ཇི་སྙེད་རྗེ། ་ག་རང་ཡུལ་མེད་པར་ངེས་གསལ་བ། ཞེས་པ། ལྟ་བའི་དོན་ནོ།། དཔེ་ནི། ནམ་མཁའི་སྤྲིན་མཐོངས་འོད་བཞིན་དུ། ཞེས་པ། སྤྲིན་གང་དག་པ་ན། ཉི་མའི་འོད་དང་ནམ་མཁའ་གསལ་བ་ལྟར། རབ་རི་བཾ་གང་དག་ཤེས་རབ་སྣ་།། ་ཞེས་པ། ལོག་རྟོག་ཐ་དད་པའི་བསམ་རྒྱུད་གང་དག་པ་ལ་རིམ་པར་རང་བྱུང་ཡེ་ཤེས་སྣང་བས། སྟོབས་རྫོགས་མ་རྫོགས་ཀྱི་སྐྱོན་མེད་དོ།། བརྒྱད་པ་ངེས་མཐོང་སྒྲིབ་པའི་གྲངས།། བརྒྱད་པ་བསྙད་པ་ཡན་ལག་བཙས། ་ཤེས་པ། དོན་མཐོང་བ་ལ་སྒྲིབ་པའི་ཐེ་ཚོམ་སྟེ། དེའི་རྩ་བ་བདུན་ལ་སྐྱོན་གྱི་གྲངས་བརྗོད་ཟིན་པ་དེ་བསྡུ་ན། ཕྱག་རྒྱ་བཞི་པའི་གཞིར་གྱུར་པ། ངེས་པར་ངོས་ཟིན་བྱ་བར་བསྙད། ཅེས་པ། འདི་སྐདདུ། ་བཀའ། དོན། གཏན་ཚིགས། རིགས་པ་གཞི། སྣང་དང་། མི་འགལ། རྒྱས། འཐོད་སྦྱར་ཞེས་པས་དོན་ངོས་གཟུང་ངོ་།། ལ་ཟླ་བ་ནི། མ་རིག་པ་ཉིད་ཡེ་ཤེས་གསལ། ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། ལྡོག ་རྟོག་ཉིད་ཀྱང་མ་ནོར་ལམ། དེ་ལ་མི་མཐུན་ཤེས་དང་བྲལ། ཞེས་པ། གསུམ་པོ་རིམ་པ་རང་སྣོང་ཕྱིར། དེ་དྲག་གཉིས་སུ་མེད་པར་བསྟན་པ་ལ་འགལ་བ་འདུས་པར་རྟག་ཏུ་མེད་པའོ།། དགུ་པ་འཇིག་རྟེན་འདས་དང་འཇིག ་རྟེན་པའི། ཐེག་པའི་ལྟ་བ་གྲལ་བགོད་པ། སྐས་གདང་ལྟ་བུར་བསྟན་པ་དག་གོ། ཀུན་དང་བདག་དང་བྲལ་བའི་ཕྱིར། འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། ཞེས་པ། ཉན་ཐོས་ཡན་ཅད་ཀུན་འཇིག་རྟེན་པའི་བདག་ཉིད ་མེད་པར་འཕགས་མོད་ཀྱང་། དེ་དག་ཉིད་ནི་དགག་དང་སྒྲུབ། ཞེ་ས་པ། ཐེག་པ་ཚེ་ཆུང་ནང་པ་གྲོལ་བ་མན་ཆོ་དེ་ལ་ཡོད་པས་ཁྱད་པར་ནི། རིམ་པར་ཡོད་མེད་ཁྱད་པར་དང་། ལྟོས་པས་བྱེ་བ་ཁྱད་པར་ནི། ཞེས་པ། འཇིག ་རྟེན་ལས་འདས་པའི་ཐེག་པ་རྣམས་ལྟ་བ་གཏན་ལ་འབ་བས་པའི་ཚེ། འདི་སྐད་དུ། བདག་སྤོང་བདག་མར་བསྒྲུབ་པ་དང་། གཟུགས་སྤོང་ཕྱི་སྟོང་བསྒྲུབ་པ་དང་། དོན་འགོག་སེམོས་ཅི་མོ་བསྒྲུབ་པ་དང་། མཐའ་སྤོང ་ཐར་བྲལ་བསྒྲུབ་པ་དང་། དྲི་སྤོང་དག་པ་བསྒྲུབ་པ་དང་། མཚན་འགོག་མཚན་མེད་བསྒྲུབ་པ་དང་། བླང་དོར་འགོག་མེད་བསྒྲུབ་པ་དང་། རྩོལ་སྤོང་རྩོལ་བྲལ་བསྒྲུབ་པ་དང་། དེ་དག་ཀུན་ཀྱང་ཡོད་མེད་བདྲག་ཕྱིར། དགག་བསྒྲུབ ་གིས་མི་བྱེད་པའོ།། རིམ་པར་ཕྱེ་བའི་ཁྱད་པར་སྟོན། མཐོང་བ་དག་དང་མ་དག་པའི། རིམ་པས་དོན་གཅིག་ཁྱད་པར་སྣང་། ཞེས་པ། ལྟ་བ་མ་དག་པའི་བྱིས་བྱ་གཉིས་སོ།། ལྟོས་པའི་མ་དག་པའི་རྗེས་སུ ་ལ་འབྱོར་མོན་ཅད་དོ།། ལྗོན་དག་པོ་ཆེན་པོ་ག་ན་ནཾ། མཐོང་བ་དག་པ་ཀུན་མཐོང་བ་འདི། ཞེས་པ། ཐམས་ཅད་མཁྱེན་པའི་ལྟ་བའོ།། དེ་ཡང་འདི་སྐད། སྣ་ཚོགས་ཐེག་པའི་ལྟ་བ་དང་། ཇི་སྐད་སྡོམ་པའི་བྱ་བ ་སེམས། སྤྱད་པར་བྱ་བ་མ་ཡིན་ཡང་། མ་འདྲེས་ཡོངས་སུ་རྫོགས་པར་གསལ། ཞེས་འབྱུང་བས། ངོ་བོ་རང་བྱུང་ཐམས་ཅད་མཁྱེན་པ་དང་། རང་བཞིན་ལྟ་བ་ཐམས་ཅད་དང་། མཚན་ཉིད་ལྟ་བ་གང་དང་ཡང་མི་འདྲེས་པ ་དང་། རྩལ་ལྟ་བའི་སྒྲིབ་པ་ཀུན་བཅོམ་པ་དང་། བྱིན་རླབས་ལྟ་བ་ཀུན་འབྱུང་བ་དང་། ཡོན་ཏན་ལྷག་པའི་ལྷ་དང་། སངས་རྒྱས་ཐོབ་པས། གོ་འཕང་བླ་ན་མེད་པའོ།། བསྔོ་བ་ཚོགས་ཀྱི་ལུང་ནི། ཀུན་ཤེས་བཞིན ་འདྲ་རབ་རིབ་དྲི་མ་ཉིད། ཞེས་པ། འགྲོ་བ་ཀུན་གྱི་ཤེས་རབ་ཀྱིས་རང་གི་བཞིན་རང་གིས་མ་མཐོང་བ་ལྟར། མ་རིག་པས་སྒྲིབ་པ་ནི། བསྟན་པའི་མེ་ལོང་མཐོང་བསྒོམ་རང་དག་པར། འགྱུར་བས་མ་འོངས་དེ་ཅན་ཆེད་བགྱིས ་རྣཔའི་དགྲ་རྫས་བདག་དང་མཐའ་ཡས་གྲོལ་བརྱ་སྟྭ~ཾ།། ཞུས་པ། བཞིན་ལྷ་མྱ་ལོང་བསྟན་པས། དྲི་མ་མཐོང་ནས་འདུག་པར་བྱས་པ་བཞིན། འཕྲུལ་གྱི་ཚིག་དགུས་བསྟན་པའི་ཚིག་གི་སྨོན་ས། ་ལྟ་བ་རྟོགས་པ་ལ་བསྒོམ་པས་སྒྲིབ་པ་འདག་པར་འགྱུར་བས། མ་འོངས་པ་བདག་པས་བློ་དམན་པའི་དོན་དུ། འཕྲུལ་གྱི་མི་ལོང་བརྩམས་པའི་རིགས་ཀྱི་སྦྱིན་པའི་དགེ་རྩ་སི། མབྷིའི་ལུས་པ་ཐེག་པ་ཆེན་པོའི ་ཆེན་པོར་གྲོལ་བར་དམིགས་བྱའོ།། ། འཕྲུལ་གྱི་མེ་ལོང་དགུ་སྐོར་ལ།། རིག ་བའི་མེ་ཏོག་གིས་འགྲེལ་པའོ།། སློབ་དཔོན་ཆེན་པོའི་ལསུ་མཛད་པ་རྫོགས་སོ།། ་