| Wylie | e-texts produced with BDRC’s OCR application |
ཡིན་པ་རྣམས་ལ་གཏང་སྟེ། ཕྱི་སྒོར་བཏོན་ལ་བཏངོ་།། ཁྱིམ་པའི་ལྷག་མ་ནི་ཁྱིམ་དེ་ཉིད་ཀྱི་མི་མ་ཡིན་ལ་བསྔོའོ།། ལྷག་མ་དེ་ལྟ་བུའི་སྐལ་པ་མེད་པ་ལ། སློབ་དཔོན་གྱི་ཁ་ནས་བདུད་རྩི་སྦྱི་ནོ།། དེ་ནས་ཡོན ་བདག་ལ་བཀྲིས་དང་སྨོན་ལམ་གང་པོ།། དེ་ནས་གཏོར་མ་སྐལ་བ་ལོག་པ་དང་། ཚོགས་ཀྱི་ཁང་སྒོར་མེ་ལོང་དང་། དུང་འབུད་པ་དང་། དཀྲོལ་བ་དང་། ཆུ་ཅན་གྱི་ཞོ་ཟན་གྱིས་མཆོད།། དེ་ནས་ནང་དུ་ལོག་ནས་རྣ་ལ་འབྱོར་ཕོ་མོ་ལ ་དེ་བཞིན་མཆོད་པར་བྱའོ།། མངོ་སྐུ་བོ་གང་དག་ཚོགས་རྣ་རྣམས་བསག་པར་འདོད་པ་དང་།། བསླབ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་དག་གིས།། དོན་དུ་དྲི་མེད་ལུང་དང་བླ་མའི་མུན་དགྲ་ལྟར།། མ་ནོར་གཟུང་སྟེ་བདག་དང ་གཞན་ལ་ཕན་ཕྱིར་བྲིས་པ་ཡིནོ།། ཚོགས་ཀྱི་འཁོར་ལོའི་རིམ་པ་སློབ་དཔོན་ནག་པོས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏས་མཛད་ཅིང་། དེ་ཉིད་དང་ལོ་ཙཱ་བ་འགོས་ལྕེས་བཙས ་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སྟུ་པ་བི་དྷི་ནཱ་མ། བོད་སྐད་དུ། མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལོ།། ཀྱེ་རྡོ་རྗེ་ཡི་རྣལ་འབྱོར་པས།། བྱངག་དང་གཞན་གྱི་དོན་དུ་མཆོད་རྟེན་བྱ་བར་འད་ན།། ་དང་པོར་སཽ་ལ་རིན་པོ་ཆེ་དང་སྤོས་ཆུ་ལ་སོགས་པས་འཇིམ་པ་བྱས་ལ། རང་གི་ལྷག་པའི་ལྷར་གསལ་བར་བྱས་ལ། ཆང་མེད་པ་བཞིས་བསྒོམ་པར་བྱའོ།། དེ་ནས་ཆོས་ཉིད་རྣམ་པར་དག་པོའི་སྔགས།། ཨོཾ་སྭ་བྷཱ་བ་ཤྲུ ་སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷོ་ཧོཿཞེས་པས་འདྲིམ་པ་མི་དམིགས་པར་བསྒོམས་ལ་ཆོ་ག་གསུམ་ལས་ཀྱི་རྡོ་རྗེ་ཡ་བ་ཡུམ་གྱི་སྐུར་བྱེ།། དེ་ནས་སྙིང་གཱའི་ཧྲཱིཿའམ་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཎྜལ ་དབ་བ་ཀུག་ལ། བྷྲཱུཾ་རྡོ་རྗེཡབ་སུམྦྷ་སྙོམས་པར་ཞུགས་པ་འོད་དུ་ནུ་སྟེ་བྱང་ཆུབ་ཀྱི་སེམས་གྱུར་པ་ལས། ཀྱེ་རྡོ་རྗེའི་སྙིང་པོ་ཉི་ཤུ་རྩ་གཅིག་གི་བྱིན་གྱིས་བརྫི་བས་ཏེ། ཨོཾ་དེ་བཱ་བི་ཙུ་བཛྲཱི་ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱུ~ཾ། ཞེས་བྱ་བ་འམ། ་ཨཱཿཧྲཱི་ཧཱུ~ཾ་ཞེས་པའི་སྔགས་དེ་དག་གིས་གདབ་པར་བྱའོ།། མཆོད་རྟེནྱ་རེ་རེ་ཡོད་ཀྱི་རྡོ་རྗེ་རེ་རེ་བསམས་ལ་དྭེ་རེ་རེ་ལ་ཡང་ཀྱེ་རྡོ་རྗེ་དུམ་འཕྲོ་བ་དང་། འདུ་བྱས་པ་ལས་བདག་དང་གཞན་གྱིས་དོན་རྫོགས་པར་བསམ་མོ།། དེ་ནས་རྟེན ་འབྲེལ་གྱི་སྙིང་པོ་རབ་ཏུ་གནས་པ་དང་མཇུག་བསྔོ་བར་བྱའོ།། མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སྷོ།། ། ་སྒྲ་བ་ཆེན་པོ་རྒྱལ་བའི་སྟན་བཟང་པོ་ལས་མཉན་ཏེ། ལྀ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལྷག་ཁང་ཆེན་པོར་ལེགས་པར་བསྒྱུར་བའོ།། ་རྒྱ་གར་སྐད་དུ། མྲྀ་དྷྱ་བི་ཛྙཱ་ནཱ་མ། བོད་སྐད་དུ། གཤིན་གྱི་ཆོ་ག་ཞེས་བྱ་བ། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ།། གང་ཟག་གོང་ཕྱིར་ཤི་འཕོས་ཏེ།། ཀྱེ་རྡོ་རྗེའི་ལུག་ཆོས་ཀྱིས་བདུན་ཚིགས་བྱེད་པར་འདོད་མགོས ་