| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀཱ་ལཱ་པ། ཨ་ཝ་ཏཱ་ར། བོད་སྐད་དུ། ཀ་ལཱ་པར་འཇུག་པ། འཇིག་རྟེན་དང་ཕྱུག་ལ་ཕྱག་འཚལ་ལོ།། འགྲོ་བའི་མགོན་པོ་ཐབས་དང་ལྡན།། དེ་བཞིན་གཤེགས་པ་ལ་རབ་ཏུ ་བཏུད་ནས།། གང་གིས་དགའ་བའི་གནས་ཐོབ་འགྱུར།། ཐབས་དེ་འདིར་ནི་བཤད་པར་བྱ།། གཞོན་ནུ་ཟུར་ཕུད་ལྔ་པ་ནི།། ཐུགས་རྗེར་ལྡན་པ་འཇམ་པའི་དཔྱངས།། རྒྱལ་སྲས་སྟོང་ཕྲག་བརྒྱད་དག་དང་།། ལྷན་ཅིག་ཏུ་ནི་རབ ་གཤེགས་ནས།། དབང་ཆེན་ཞིས་བྱ་རི་བོ་ཆེན་པོ་ནི།། ཤར་དང་ནུབ་ཏུ་ཆུ་གཏརུ་ཟབ་མོ་གནས།། གང་གིས་ཕྱོགས་གཉིས་མེ་ཏོག་འབྲས་བུས་བརྒྱན།། རིགས་འཛིན་རྣམས་ཀྱིས་རོལ་པའི་གནས་དེར་བཞུགས།། ཤེས་བྱ ་ཀུན་ལ་མ་ཐོགས་པའི།། སྤྱན་དང་ལྡན་པ་འཇིག་རྟེན་དབང་།། རྒྱལ་སྲས་བྱ་བའི་ཚོགས་བཅས་པ།། གནས་སྐབས་དེན་ནི་དེར་གཤེགས་ནས།། ལྷ་དང་ལྷ་མིན་འབྱུང་པོའི་དབང་།། ལྟོ་འཕྱེའི་བདག་དང་ཀླུ་ཡིས་གཙེ།། བསྐལ་བཟ ་མཐུ་དང་ལྡན་པ་ཡི།། མི་དང་མི་རྣམས་དེར་འདུས་ལ།། གང་ཞིག་བླ་ན་མེད་པ་མཆོག། གཟི་བརྗིད་ཆེན་པོ་ཐེག་མཆོག་སྟེ།། བྱེ་བ་ཕྲག་རྒྱའི་ཆོས་ཀྱི་གཏམ།། ཡང་དག་སྤྲོས་ནས་རབ་ཏུ་བསྟན།། དྷཱ་ར་ཏིའི་དུམ་བུ་འཛམ་གླིང ་སྐྱེས།། ཀི་ས་ལ་དང་ཡངས་པ་ཅན།། ལུས་འཕགས་མ་ཐི་ལ་དག་ན།། བསྐལ་བཟང་གཅིག་ཅིག་དེ་དག་ཡོད།། བློ་གྲོས་ཆོ་ལྡན་ལྔ་བརྒྱས་ནི།། དེ་འདྲའི་གཏེ་ནི་ཡང་ཡང་ཐོས།། གཞན་ལ་ཕན་བྱེད་རིག་པའི་བློ།། རྨད་བྱུང ་མང་པོ་སྐྱེས་པར་གྱུར།། དཀའ་བ་བརྒྱ་ཕྲག་འབད་པ་ཡིས།། དབང་ཆེན་གྱི་ནཱི་རི་ལ་སོང་།། གཞོན་ནུར་གྱུར་པ་མི་སྣང་ནས།། ཕྱག་ན་པདྨེའི་ཞབས་ལ་བཏུང་།། ཡང་དག་མཆོད་ནས་རབ་དྲིས་པ།། ཚངས་ལ་སོགས་པའི་ལྷས ་བཏུད་ཅིང་།། འགྲོ་བ་དྲུག་ལ་མཉམ་པར་ཅི།། ཐོས་ནས་བདག་ཅག་འདིར་འོངས་ལགྣ།། གང་གི་ཞབས་བཀྲུའི་ཆུ་མཐུངས་པས།། བདེ་མེད་བདེ་བ་ལྡན་གྱུར་ཅིང་།། འདོད་པ་དང་ནི་ཐར་པ་འགྲུབ།། ལྷ་ཡིའང་ལྷ་ཁྱོད་ལ་ཕྱག་འཚལོ།། གང་ཟག ་དང་ནི་ཆོས་ལ་སོགས།། འགའ་ཡང་མཱ་གཟིགས་དམིགས་སུ་མེད།། འོན་ཀྱང་མི་ཟད་ཐུཊཱ་ཡཾ། ཀུན་ལ་སྐྱོབ་མཛད་དིར་མན།། འདིར་འོང་འདི་དག་ལ་རྩེ་བ།། དོན་ཆེན་འགའ་ཞིག་ཞུ་འཚལ་ན།། ཕྱི་མའི་དུས་འགར་ཕན་པའི་སླད།། ཡང་དག་གསུང ་བས་བཤད་དུ་གསོལ།། མ་འོངས་པ་ཡིས་དུས་ན་ནི།། རིགས་སྔགས་སྨྲ་བར་ཁས་འཚེ་ཞིང་།། རྒྱལ་བའི་དགོངས་པ་མི་ཤེས་པ།། དེ་དག་ཕྱིན་ཅིང་ལོག་ཏུ་བལྟ།། གང་ཕྱིར་འདི་དག་ཡང་དག་པའི།། ལམ་དུ་ངེས་པར་འཇུག་འགྱུར། ་ག། ཇི་ལྟར་ཕྱུག་ལས་དབྱུག་པ་ལྟའི།། ཐབས་དེ་གང་ལས་རྙེད་པར་འགྱུར།། དེ་ནས་བཅོམ་ལྡན་སྙིང་རྗེ་ཆེ།། སྤྱན་རས་གཟིགས་ཀྱིས་འདི་སྐད་གསུངས།། འགྲོ་རྣམས་མེད་ལ་ཕན་འདོད་པས།། འདྲི་བ་འདི་ནི་ལེགསོ་ལེགས།། ་དབང་ཆེན་རི་ལི་མཆེད་འོས་པའི།། གཞོན་ནུར་གྱུར་པས་སྔོན་བཤད།། དོན་འདི་ཡང་ནི་ལེགས་པར་དེ་སྟ་ནི།། མཉམ་མེད་སེམས་ཅན་དོན་བྱེད་པའོ།། སྐྱེ་བོ་འདི་ལ་ཕན་བྱེད་ཕྱིར།། སྔགས་འཛིན་རལ་པ་གཅིག་མ་ལོངས།། སྙིང་རྗེ་ལྡན ་པ་དོན་ཡོད་པའི།། ལྕགས་ཀྱུས་ཁྱོད་ནི་མཐུ་ཆེན་ལྡན།། ཁྱོད་དག་ཕན་ཚུན་སྤྲོས་པ་ཡིས།། དོན་ཆེན་འདི་ནི་སླུ་བར་གྱིས།། སྟོབས་བཅུ་ལྡན་པའི་བསྟན་པ་ལ།། ཕྱི་མའི་དུས་ལ་དོན་ཆེན་འགྱུར།། འཛ་དཔལ་རྗེས་སུ་འཇུག་པས་ནི།། ་ཁྱོད་ཀྱང་སྨྲ་བའི་མཐུ་དང་ལྡན།། དེ་སྐད་གསུངས་ནས་འཇིག་རྟེན་མགོན།། སྟོང་པ་ཉིད་ཀྱི་གནས་པས་བཞུགས།། །། དེ་ནས་ཡང་དེའི་ཚེ་འཕགས་པའི་གཙོ་བོ་དོན་ཡང་ལྕགས་ཀྱུས་གསུངས་པ། ཕྱི་མའི་དུས ་ན་སྣ་ཚོགས་པའི།། བློ་གྲོས་ངན་པ་སྐྱེས་པས་ནུ།། ལྷ་མོ་སྒྱུ་འཕྲུལ་སྲས་ཀྱི་བསྟན།། ཤིན་ཏུ་ནག་པོས་དྲི་མར་བྱས།། བརྗོད་པ་སྣ་ཚོགས་ཐ་དད་དེ།། སྐྱེ་བོ་ཐ་དུད་སྤྱོད་ལ་སྔགས།། དེ་ཕྱིར་དེ་ལྟར་སྤྱོད་རྣམས་ལ།། དབང་པོ་མེད་པ ་རྣམ་པར་འཁྲུགས།། འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། ནཱམ་ཡང་ཐོབ་པ་མེད་དེ་བཞིན།། གཞན་ཡང་དཀའ་བས་འགྲུབ་པ་དང་།། ངལ་པ་འབའ་ཞིག་བསྐྱེད་པར་བྱེད།། ཤིན་ཏུ་སྒྲིབ་བྱེད་ཀྱིས་སྒྲིབས་པས།། ཡི་དྭགས་སོ། ་ཀྱང་ལྐོག་གྱུར་ན།། ལྷ་རྣམས་སྨོས་ཀྱང་ཅི་དགོས་ཏེ།། རྟོག་ཕྲན་ཚེགས་འཇུག་ཤེས་ཉིད།། དེ་ཙམ་གྱིས་ཀྱང་གྲུབ་པར་བལྟའོ།། འཕགས་པའི་སྐྱེ་བོ་ཡིད་ཀྱི་ལུས།། མཐོང་བའི་སྤྱོད་ཡུལ་ནམ་ཡང་ཅི།། དོན་མཆོག་འདོད་པའང ་རྙེད་མི་འགྱུར།། འདི་ནས་བྱང་གི་ཕྱོགས་ཆན།། ཀེ་ལ་ཤ་ཡི་རི་བོའི་ངོགས།། གྲོང་ཁྱེར་ཀ་ལཱ་པ་ཞེས་ཡོད།། རྟག་ཏུ་བདེ་ཞིང་འབྱོར་པ་ཡིན།། དེ་ནི་རྒྱལ་བའི་སྲས་པོ་མང་།། མི་བདག་གཙོ་བོ་མཆོག་འཕགས་ཏེ། དེ་རྣམས་རྟག་ཏུ ་རྒྱས་དང་ལྡན།། གཡོ་རྒྱུ་མེད་ཅིང་བླ་མ་མེད།། རིགས་དང་རིགས་མིན་དབྱེར་མེད།། གཟུགས་ལྡན་སྟོབས་དང་ལྡན་པ་ཡིན།། སྐྱེས་བུའི་བསྐྱོད་པ་དཔག་ཆད་བཅུ།། དྷཱ་ཡ་ཉི་ཤུ་སོ་ལྡན་གྱིས།། རྫུ་བཅུའོ། ་ལམ་ཏེ་ཉིན་གཅིག་ལའོ།། ཡམྦ་དེང་ཉེར་འཚེ་ཡོངས་མེད་དོ།། འཕྲོག་བྱེད་ལག་ན་རྡོ་རྗེ་སོགས།། ཉིན་རེརྱ་རྟག་ཏུ་བསྐྱེད་ངར་བྱེད།། རྣམ་པར་འདྲེན་པའོ་བསྟན་བཅུས་ནི།། ཕྱོགས་དེ་དག་ཏུ་རྣམ་པར་རྒྱུས།། ནས་རབ་པ ་རོལ་ཕྱིན་མདོ་དང་།། མདོ་སྡེ་ལང་གེའི་གྲོང་དུ་འཇུག། དགོངས་པ་ངེས་པར་སྟོན་པ་དང་།། འདུས་པ་ཆེན་པོའི་ཆགས་ཀྱི་སྟེ། སྐྲོང་པ་རྣམ་པར་སེལ་བ་ཡིས།། མངོན་དུ་བྱས་པའི་དཀོན་མཆོག་སྤྲིན།། བདེན་པའི་ལེའུ་མཆོག ་རྒྱུད་།། དྲག་ཤུལ་སྟོབས་དང་ལྡན་པ་ནི།། སོར་མོའི་འཕྲེང་བའི་ཆེད་གསུངས་དང་།། སྡོང་པོས་རྒྱུན་པ་ལ་སོགས་པ།། ཐམས་ཅད་ཡུལ་དེ་ལས་རབ་འབྱུང་།། འོད་དཔག་མེད་པའི་འཇིག་རྟེན་དང་།། མངོན་དགའི་བཀོད་པ ་གསལ་བ་དང་།། རྣམ་སྣང་མཛད་པའི་ཞིང་ཁམས་ནི།། བརྒྱན་གྱི་བཀོད་པར་བཅསྠ་དང་།། སྟུག་པོ་བཀོད་པའི་མདོ་སྡེ་དང་། དབང་ཕྱུག་ཆེན་པོ་བཤད་པ་ནི།། གནས་གཙང་ཆེན་པོ་ལ་སོགས་པར།། རྡོ་རྗེ་སྙིང་པོས་བཤད་དེ་བཞིན།། ་ལ་པོ་ཆེ་ཡི་མདོ་སྡེ་རྣམས།། ཐམས་ཅད་དེ་ནི་རྣམ་པར་སྤྱོད།། གང་ལ་དཔེ་ནི་འབུམ་ཕྲག་གིས།། གསལ་བར་བྱས་པ་ཕྱི་མི་བརྒྱད།། དེ་བཞིན་གཤེགས་རྣམས་སྙིང་པོའི་དོན།། ཕྱིར་མི་འཕྲོག་པའི་གཏིམ་ཡང་ཡིན།། ཕ་རོབ་ཕྱིན ་དྲུག་གི་མདོའི།། སྟོང་ཕྲག་ལྔ་བཅུར་ལྡན་པ་ཡོད།། རིགས་པ་འཛིན་པའི་སྡེ་སྣོད་ནི།། འབུམ་ཕྲག་ཉི་ཤུ་དེར་སྤྱོད་ཏེ།། དེ་དག་རྗེས་སུ་འཇུག་པ་ཡིས།། ངེས་པར་བསྟན་པ་འབུམ་ཕྲག་བརྒྱ།། མཁའ་དང་མཉམ་པ་རྒྱུད་ཀྱི་རྒྱལ།། དངོས ་གྲུབ་ངེས་པར་བསྟན་པ་ཡི།། དགྱེས་པའི་རྡོ་རྗེ་ཆེན་པོ་དང་།། རྗེ་སུ་རིག་པ་རྣལ་འབྱོར་རྒྱུད།། བདེ་གཤེགས་ཀུན་གྱི་འདུས་པ་ནི།། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ།། དམ་པ་དང་པོའི་སངས་རྒྱས་རྒྱུད།། སྒྱུ་འཕྲུལ་དྲ་བ་གཉིས་གཉིས་པ།། རྒྱལ ་བ་རྒྱ་མཚོ་རྣམ་དབྱེ་བ།། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱིས།། རྣམ་པར་ཕྱེ་བ་བརྒྱད་པོ་རྣམསོ།། ཁྲི་ཁྲག་གཉིས་དང་སྟོང་ཕྲག་ནི།། གཅིག་སྟེ་དྲུག་བརྒྱས་ལྷག་པའི་ལོ།། ལྷག་པའི་བརྒྱ་ཕྲག་མང་པོར་ནི།། ཕྱོགས་དེར་མངོན ་སུམ་སྤྱོད་པའོ།། ཕྱག་ན་རིན་ཚོན་བློ་ཡི་བདག། སྤོས་ཀྱིས་གླང་པོ་མ་ཕམ་པ།། བདེ་ལྡན་དབང་ཕྱུག་ནམ་མཁའ་མཛོད།། རྡོ་རྗེ་གཟི་བརྗིད་རྡོ་རྗེ་སྙིང་།། གནོད་སྦྱིན་གཙོ་བོ་ལ་སོགས་པས།། དེ་རྣམས་རྗེས་སུ་འཇུག་པ་ཡིས ་ཚིགས་རྣམས་དུ་མོ་རྣམ་པར་ཕྱེ།། ནན་ཏན་ཆེན་པོར་གཏད་པས་ན།། མཱ་ལོག་དོན་ཆེན་འཚོལ་པོ་རྣམས།། གངས་རིའི་དབང་པོ་དེར་སོང་ནས།། མི་བདག་གྲུབ་པ་རྣམས་ལ་དྲིས།། གདོན་མི་ཟེར་བར་དེ་ན་གྲུབ་ཉིད།། དེ ་ནས་འཕགས་མ་རྡོ་རྗེ་སྲིན་མོ་རལ་པ་གཅིག་མས་ཞུས་པ།། ཀྱེ་རྒྱལ་བའི་སྲས་པོ་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ།། དེ་བཞིན་གཤེགས་པའི་རྗེ་སུ་འཇུག་པར་འདོད་པ་རྣམས་ཀྱང་།། མུ་སྔགས་ཅན་གྱི་གསང་ཚིག ་འཆོལ་བ་ལ་མངོན་པར་མོས་པས་མཆོག་ཏུ་གསུངས་པའི་དོན་ལས། ཕྱིར་ཕྱོགས་པ་དེ་དག་ཡང་དག་པའི་ལམ་ལ་བཟུད་པ་དང་། མཆོག་གི་སྤྲུལ་པ་ཅན་གང་དག་རང་དང་གཞན་ལ་ཕན་པའི་དངོས ་གྲུབ་ཀྱི་རྒྱུད་གྲོང་ཁྱེར་ཀ་ལཱ་པར་བགྲོད་པའི་ཐབས་དེ་ཡང་དག་པར་བསྟན་དུ་གསོལ།། དགེ་སྙེན་རྣམ་པར་མི་རྟོགས་པ་ཅེས་བྱ་བ་དང་། བཟང་པོ་སྦས་པ་ཞེས་བྱ་བ་ལ་སོགས་པ་ལྔ་བརྒྱ་པོ་འདི་རྣམས་ཀྱི་དངོས་གྲུབ་མཆོག་གི ་དོན་དང་། ཕྱིར་མའི་དུས་ཀྱི་རིག་པ་འཛིན་པའི་སྡེ་སྣོད་ལ་ཞུགས་པ་མེང་པོ་དག་གི་བདེ་བར་འགྱུར་བ་དང་། ཕན་པར་འགྱུར་བ་དང་། གྲུབ་པ་མཆོག་ཏུ་གྲུབ་པ་བླ་ན་མ་མཆིས་པའི་སླད་དུ་བཤད་པར་གསོལ། རབ་ཏུ་བཤད ་བར་གསོལ། ལེགས་པར་བཤད་དུ་གསོལ།། །། དོན་ཡོད་ལྕགས་ཀྱུས་གསུངས་པ།། སྔགསྟེ་རིག་རྣམས་ལ་ཕན་པའི་ཕྱིར།། ཁྱེད་རྣམས་ལེགས་པར་མཉམ་པ་དང་།། ལྔ་བརྒྱའི་ཚེགས་རྣམས ་ང་ལས་ཉོན།། ཕྱི་དུས་དོན་ཆེན་འདིར་འབྱུང་ངོ་།། འདིར་སྒྲུབ་པ་པོ་གང་ཞིག་ལེགས་པའི་ལམ་ལ་གནས་པ། བླ་མེད་པའི་བྱང་ཆུབ་སེམས་བསྐྱེད་ཅིང་།། དཀྱིལ་འཁོར་དུ་དབང་བསྐུར་བ། རིག་པའི་ཆོ་ག་ཤེས་ཤིང ་དམ་ཚིགས་ལ་ཡང་དག་པར་གནས་པ། དེ་བཞིན་གཤེགས་པས་བསྟན་པའི་རྒྱུད་ལ་མངོན་དུ་ཕྱོགས་པ། གསལ་པ། ཡིད་གཞུངས་པ། ཤེས་པ་དང་ལྡན་པ་དེས། དང་པོད་འདེད་པའི་ལྷ་མཉེས་པར་བྱའོ།། དེའི་རེག ་ཏུ་མཚོན་པར་དུ་གྱུར་པ་འམ། རྨི་ལམ་དུ་མཐོང་བ་ཡིན་ཡང་རུང་ཏེ། འདོད་པའི་ལྷ་ལས་ནན་ཏན་དུ་གནང་བ་ཐོབ་པར་གྱུར་ན། ཀེ་ལ་ཤར་འཇུག་པའི་ཐབས་ལ་རྩོན་པར་བྱའི། གཞན་དུ་ན་ཀུན་ནས་ཉོན་མོངས་པར་འགྱུར ་རོ།། ། རབ་ཏུ་མི་གསལ་བསམ་གཏན་དང་།། ཟླ་བ་བརྗོད་སྟོབས་ཀྱིས་དམན་པ་དང་།། མཚན་མའི་དགེ་བས་བོར་པ་གང་།། འདོད་པའི་གོ་འཕངས་གྲུབ་པ་མེད།། ངན་པའི་ལམ་གྱིས་ཁེངས་པ་དག། ་ཆོ་ག་ཙམ་གྱིས་གྲུབ་པར་ལྟ།། བྱིས་རྨོངས་འཇིམ་པའི་གོང་བུ་ལ།། འཛེགས་ནས་ཟླ་བ་འཛིན་པར་འདོད།། ཅི་སྟེང་གནང་བར་གྱུར་ན་འཕགས་པ་འཇམ་དཔལ་གྱི་སྙིང་པོ།། འབུམ་ཕྲག་བརྒྱད་ཟླས་ཤིང་། ཨུ་དུམ་ཝཱ་རའི་སྦྱིན ་སྲེག་ཀྱང་ཁྲི་ཕྲག་བརྒྱད་བྱའོ།། བགེགས་རྣམས་འཇོམས་པའི་དོན་དུ། བདུད་རྩི་འཁྱིལ་པའི་རིགས་པ་འབུམ་ཕྲག་བཟླས་ཤིང་།། སྦྱིན་སྲེག་ཀྱང་ཁྲི་ཕྲག་གཅིག་གོ། སྟོང་པ་ཐམས་ཅད་རབ་ཏུ་འཇིག་པའི་དོན་དུ། ཁྲོ་བོ་ཆེན་པོ ་རབ་ཏུ་མི་བཟོད་པ།། གཤིན་རྗེ་མཐར་བྱེད་ཀྱི་རིག་པ་འབུམ་དུ་བཟླས་ཤིང་། དེ་ནས་ཐོག་མ་ཉིད་དུ་ཀེང་ཤུ་ཀའི་སྦྱིན་སྲེག་སྟོང་ཕྲག་གཅིག་འབུལ་ལོ།། དེའི་འོག་ཏུ་བཱ་ཊའི་ཤིང་གི་སྟོང་ཕྲག་བཅུའོ།། དེའི་འོག་ཏུ་ནི་ཙན་དན ་དམར་པོ་དང་། ཨ་བྷཱི་རའི་ཁུ་བ་ལ་སོགས་པ་རྨད་དུ་བྱུང་བའི་གཏོར་མ་དང་སྦྱིན་སྲེག་སྟོང་ཕྲག་བཅུས་མཉེས་པར་བྱས་ཏེ། དེ་ཐམས་ཅད་དུ་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ།། སྒྲུབ་པ་པོ་གང ་ཞིག་ཆོ་ག་དེ་རྣམས་རྩམས་ཤིང་། རང་ཉིད་དངོས་གྲུབ་མཆོག་གི་དོན་དང་། ལྷོ་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། གྲོང་ཁྱེར་ཀ་ལྦུ་པར་འཇུག་པར་འདོད་པ། སྡིག་པ་མེད་རྩ ་གཡོ་རྒྱུ་མེད་པ།། དེ་དག་ནི།། འཆད་པར་འགྱུར་བའི་རིམ་པ་འདིས། ངེས་ཕྱིར་དེར་ཕྱིན་པར་འགྱུར་རྒྱུ། བོར་མ་དོ་རོ་ཉམས་ཉེས་པར་མི་འགྱུར་ཏེ། གཡོ་ཏེ་བདག་གི་ཚིག་འདི་རྫུན་པར་གྱུར་ན། བདག་གིས་འཚམ ་མྱེད་པ་ལྕི་བྱས་པར་འགྱུར་རོ།། ཏེ་ཆོ་ག་འཁྱིལ་པ་འམ། སྡིག་པའི་སེམས་དང་ལྡན་པ་དག་ཅིག་ཡིནཱ་ན་ནཱཾ། ཀླུ་ཕྲན་ནམ་ལྟོ་འཕྱེ་འམ། གནོད་སྦྱིན་ནམ། འབྱུང་བ་འམ། ལྟེ་གང་དག་གཽཏུམ་པོ་རྣམས་ཀྱི་ས ་གྱི་གྲུབ་པ་ནི་ནུམྦུ་ཡང་མ་ཡིན་ནོ།། ། གྲུབ་པ་རྣམས་ལ་དཀའ་བ་མིན།། འབྱོར་པའི་ཁྱད་པར་གཞན་དང་གཞན།། སྔགས་དང་རླུང་གི་ལས་རྣམས་ཏེ།། རྒྱུད་ཀྱི་བསྟོད་པ་གཞན་ཡིན་ནོ།། ཤིན ་ཉམས་ཆུང་འདི་མི་འགྲུབ།། སྒྲུབ་པོ་ནུས་ལྡན་གྲུབ་འདོད་པས།། མ་གྲུབ་དེ་དག་ལེགས་ཐོབ་འགྱུར།། རིགས་པའི་ཆོ་ག་འདི་ཡིས་སོ།། ། དེ་ནས་སྒྲུབ་པ་དེས། གང་དུ་དེ་བཞིན་གཤེགས་པ ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཤིང་ཨ་ཤྭད་ཐ་ལ་མཆོད་པ་སྟོང་གིས་ཡང་དག་པར་མཆོད་ནས། ལམ་དུ་འཇུག་པར་བྱ་སྟེ། གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱལ་མཚོ་རཏྣ་སཱ་ག་ར་ཞེས་བྱ་བ་ལ། དེད་དབེན་མ ་དང་ལྷན་ཅིག་གྲུབ་ལ་ཞེན་པས་བྱང་ཕྱོགས་སུ་བགྲོད་དེ། གླིང་སི་ཀེ་དྷ་ར་ཞེས་བྱ་བ་དང་། ནོར་གྱི་མཛོད་ཅེས་བྱ་བའི་གླིང་དུ་བགྲོད་པར་བྱའོ།། གླིང་དེའི་ནུབ་ཕྱོགས་ནི་ཀླ་ཀློའི་གྲོང་ཡོད་དེ། སྒྲུབ་པ་པོ་དེར་འགྲོ་བར་མི་བྱ་ཞིང་།། ་ཤར་གྱི་ཕྱོགས་ལ་ཉེ་བར་བརྟེན་པའི་གྲོང་ཁྱེར་དུ་ཟླ་བ་དྲུག་གདེང་པར་བྱའོ།། དེ་ན་བདེ་བར་གཤེགས་པ་གསེལ་ཐུབ་ཀྱི་མཆོད་རྟེན་ཡོད་དོ།། དེ་ལ་བསྐོར་བ་སྟོང་ཕྲག་ལྔ་བྱས་ཏེ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པོ་འདོན ་པར་བྱའོ།། དཽ་ནི་འདི་ཡིན་ཏེ། ན་མ་སྟེ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏ་ནཱི། སརྦ་ཏྭེ་ཨ་པྲ་ཏི་ཧ་ཏཱ། བཱཔྟི་དྷརྨ་ཏཱ་བ་ལི་ནཱཾ། ཨཽ་ཨ་ས་མ་ས་མནྠ་ཏེ&། ཨེ་ནནྟ་བཱཔྟི་ཤྭ་ས་ནཱི། ཧེ་ར་ཧ་ར། སྨ་ར་སྨཻ་ར་ཎ། བི་ག་ཏ་རཱ་ག། བུདྡྷ་དྷརྨ་ཏེ་ས་ར་ས་རོ། ས་མ་པ ་ལ་ཧཽ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མ་ཧཱ་ཝཱ་ར་ལཀྵ་ཎཾ། ཛེ་ལ་ཛཱ་ལཱ་ན་ས་ག་རེ་སཱ་ཧཱ། དད་པ་སྟོབས་ཞན་དེ་དང་དེས།། ནམ་ཡང་གྲུབ་པ་ཡོད་མ་ཡིན།། ཆོ་ག་མི་སྨོད་སྔགས་ལ་མིན།། ལྷ་དང་ཚིས་ལ་འཕྱས་མི་གདག ་ངེས་པར་འགྲུབ་སྙམ་ཡིད་བརྟན་དང་། ཤིན་ཏུ་དད་པའི་ཤུགས་སྟེངས་ཀྱིས།། འབྱོར་པ་དང་ནི་གྲོལ་བ་སྟེ།། དགེ་ཆོས་འཇོམས་ལ་ནམ་ཡང་མིན།། ། དེ་ནས་སྒྲུབ་པ་པོ་དི་གྲུའི་བགྲོད་པ་སཱ་བྷ་རཱ་ཏའི་དུམ ་བུ་འདི་ཉིད་དུ་འོང་བར་བྱ་སྟེ། གཞན་དུ་ན་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དེ་ཉིད་ལས་བྱང་གི་ཕྱོགས་ལ་ཉེ་བར་བསྟེན་པའི། གླིང་གཞན་དང་ཡུལ་མཐའ་གཞན་མང་པོ་དག་ནི་ལེགས་པར་སྤྱོད་པ་མ་ཡིན་པའི་ཕྱིར། ་སྒྲུབ་པ་པོ་ཀུན་ཏུ་འཁྱམས་པར་འགྱུར་རོ།། དེ་ལ་གླིང་འདི་ནི་ཆུ་ཀླུང་སྔོན་པོ་ཞེས་བྱ་བའི་མཚོ་དང་འབབ་ཆུ་དག་དང་ཤཱར་ནུབ་ཏུ་ཟད་མཉམ་པ་ཡིན་ཏེ། དེའི་ཕྱིར་དབང་པོའི་ཕྱོགས་བོར་ནུས། སྒྲུབ ་པ་པོ་དབང་ལྡན་གྱི་ཕྱོགསུ་འགྲོའོ།། གྲོང་ཁྱེར་རུག་མ་དང་། རཱ་ས་རི་དང་། ཀ་ཊ་ཀཱི་ལ་དང་། མ་དྷུ་ཝེ་ན་དྷ་ལ་སོགས་པ། བྱང་ཕྱོགས་ནས་བྱང་ཕྱོགས་སུ་ཟླ་བ་དྲུག་ཏུ་སྐྲོད་པར་བྱ་སྟེ། དེ་དག་གི་ཕ་རོལ་ན་ཆུ་བོ་ཆེན་པོ། ས ་ཞེས་བྱ་བ་དང་། ཀ་ཀཱ་རི་ཞེས་བྱ་བ་གྲངས་ཀྱི་རི་ཡོད་དེ་དག་ལས་ཀྱང་རྒལ་བར་བྱའོ།། ཡུལ་འཁོར་དེ་རྣམས་ན་གནས་པའི་མི་རྣམས་ནི། དྲང་པོའི་རང་བཞིན་ཅན་གྱི་ཕྱིར། བསྐྱོད་པར་དཀའ་བ་མ་ཡིན་ཏེ་ཞིང་འཇིགས་པ ་ཡང་མེད་དོ།། རི་དེ་ལིས་ཏུ་ཛྙཱ་ན་ཡ་ཞེས་བྱ་བའི་སྨན་རོ་མཆོག་ཏུ་མངར་བ་དང་། ཏཱི་ལ་ཀ་ཞེས་བྱ་བ་ཤིན་ཏུ་ཁ་བ་ཏཾ་དེ་དག་ཀྱང་འོ་མ་ལྟར་འཛག་པ་དག་ཡོད་དེ།། གང་གི་མེ་ཏོག་ཉི་མ་འཆར་ཀའི་མདངས་ལྟར་རབ་ཏུ་དམར ་བ། དེའི་འདབ་མ་ཡང་དགྲ་སྟའི་སོ་ལྟ་བུ། ཚེར་མི་རྣོན་པོ་ཅན། ལྷོ་ངོས་སུ་མངོན་དུ་ཕྱོགས་པའི་བྲག་ལས་འབྱུང་བ་དེ་ནི་ཏུ་ཛ་ན་ཡང་ཡིན་ནོ།། ངམ་གྲོག་དག་གི་ངེས་ལ། འཕྱང་ཞིང་འཕྱང་བ་མ་ཧེ་མོའི་ནུ་མ་ལྟ་བུའི ་མེ་ཏོག་དཀར་པོ་དང་ལྡན་པ་ནི། ཏཱི་ལ་ཀའོ།། དེ་དག་གི་ཕྱོགས་བཞིར། རྡོ་རྗེ་སྲིན་པོ་སྟོབས་པོ་ཆེའི་རིགས་སྔགས་ལན་བདུན་བཟླས་བཞིན་དུ། ཤིདྡ་ཏ་ལེའི་ཕུར་བུས་བཏང་ནས། དེ་དག་གོ་བ་ཐག་དབྱུང་བར་བྱའོ།། ཞག ་བདུ་ག་ཡོངས་སུ་སྐམས་པར་བྱས་ནས། བྲག་གི་ཕུག་པར་བདུད་རྩི་ཐལ་སྦྱོར་བཟླས་པས་སྲུང་ཞིང་སྦ་བར་བྱའོ།། ཕྱོག་དེ་ན་ཙག་ཁ་དོག་ལྔ་པོ་དག་ཡོད་ཏེ། དཀར་པོ་དང་སེར་པོ་དམར་པོ་དང་ནག་པོ་དང་ལྗང་ཁུ་དག་གོ།། ་དེ་དག་བླངས་ནས་གངས་ཀྱི་ཆུ་བོས་ཁྲུས་བྱས་ནུས་རྡོ་ལེབ་དཀར་པོའི་གཞི་ལ་ལྷ་མོ་འོད་ཟེར་ཅན་མའི་སྐུ་གཟུགས་བྲི་བར་བྱ་སྟེ། མདོག་གསེར་གཙོ་མ་ལྟ་བུ། ཀ་ར་བཱི་རའི་མེ་ཏོག་ལྟར་དམར་བའི་སྤྱན་གསུམ་པ། གཡས ་ཀྱི་ཞལ་དམར་པོ་གཡོན་གྱི་ཞལ་ནི་ཕག་གི་གདོང་ནག་པོ་རབ་ཏུ་ཁྲོས་པ། དར་སྔོན་པོའི་གཤ་འཕྱར་བ། ནམ་མཁའི་ཕྱག་རྒྱ་ཅུང་ཟད་གསལ་བར་བྱེད་པས། ལྷ་དང་ལྷ་མ་ཡིན་དང་ཕྱུགས་རྣམས་དབོང་དུ་བྱེད་པ། ཕྱག་དང་། ་པོ་གཉིས་ཀྱིས་མེ་ཏོག་གི་མདའ་དང་གཞུ་འགེངས་པ། བར་མ་གཉིས་ཀྱིས་ཁབ་དང་སྐུད་པ་དང་མྱ་ངན་མེད་པ་རྣམ་པ། ཐ་མ་གཉིས་ཀྱིས་ཐོད་པ་དང་ཁཱ་ཊྭཱཾ་ག་ལྟེ་བའི་དཀྱིལ་འཁོར་གྱི་གཡས་གཡོན་དུ་འཛིན་པ། ཕག་གི་སྟེང ་ནན་སྡསྤང་བ་དང་གདུག་པ་ཐམས་ཅད་ཡོངས་སུ་གནོན་པ། འདི་ལྟ་བུ་བྲིས་ནས་ཆོ་ག་ཇི་ལྟ་བས།། མཆོད་པ་དང་བཟླས་པ་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ།། ན་མོ་རཏྣ་དཱ་ཡཱ་ཡ། ཏ་དྱ་ཐཱ་ཨེ་བ་ཏཱ་ལི་བ་དཱ་ལི། བ་ར་ལི་པ་ར་ཧ་མུ ་ཁཱི་སརྦ་དུཥྚཱ་ན། པྲ་དུཥྚཱ་ན། བནྡྷ་བནྡྷ་མུ་ཁཾ་སྭཱ་ཧཱ། ཅེས་པ་འདིས་ཨ་ཤེ་ཀའི་ཤིང་དང་། མེ་ཏོག་དམར་པོ་བརྒྱ་ཕྲག་ལྔས་སྦྱིན་སྲེག་བྱའོ།། སྙིང་པོའི་སྔགས་འདི་ཡང་ཁྲི་ཕྲག་བཟླས་པཾ་བྱ་སྟེ། ཨོཾ་བཛྲ་བཻ་ཏ་ལཱི་ཧཱུཾ་ཕཊ། ་ཚངས་པར་སྤྱོད་ལ་ལེགས་གནས་པ།། སྙིང་རྗེས་སྒྲུབ་པ་ལེགས་པ་སྟེ།། གདུག་ལ་གདུག་པ་ངེས་སྦྱོར་བ།། རྟག་ཏུ་བྱམས་པའི་ཡིད་ཀྱིས་སོ།། གང་གང་འདུལ་ལ་དེ་དང་དེ།། སྔགས་བྱས་རབ་སྦྱོར ་དེ་དེའོ།། ཉོན་མོངས་སྤྱོད་ལས་ནམ་ཡང་མིན།། ནང་གི་བདག་ཉིད་དུལ་བས་སོ།། དེའི་འོག་ཏུ་བདུད་རྩི་འཛག་པའི་སྨན་དེ་དག་བཏགས་ཏེ། གྲངས་ཀྱི་བ་མེན་དག་གི་འོ་མ་ལྷུང་བ་ལ་ཡོངས་སུ་བསྐོལ་ནས། བཅོམ་ལྡན་འདས ་མའི་སྤྱན་སྔར་བཞག་པར་བྱའོ།། སྙིང་པོའི་མཐར། བདུད་རྩི་ཐིག་པ་སྒྲུབས་ཤིག་ཅེས་སྤེལ་བས། ལན་སྟོང་དུ་བཟླས་པར་བྱས་ནས། ལྷ་མོ་ལ་ཡང་དག་པར་མཆོད་དེ་དངོས་གྲུབ་བླངས་ནས། སྨན་བཏུང་བར་བྱའི།། ཕྱི་ནས ་སྐུ་གཟུགས་དེ་ཡང་བྱང་ཕྱོགས་ལ་བལྟས་དེ་བཞག་ལ། མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་སྔ་བར་བྱའོ།། དེས་ནི་བཀྲེས་པ་དང་། སྐོམ་པ་དང་། དྲལ་པ་དང་། དུབ་པ་མེད་དོ།། ལྷ་མོའི་མཐུ་ལཱས་བཨཱརྱ་དུ་གཅོད་པ་ཐད ་ཀྱང་བདག་གིས་དབང་དུ་བྱེད་པར་འགྱུར་རོ།། དེ་ནས་བྱང་ཕྱོགསུ་ལྟས་ནས་ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ་འགྲོ་བར་བྱ་སྟེ། ལམ་དེ་ལ་ནི་རྩཝ་ཡང་མེད། ཤིང་གེལ་པ་ཡང་མེད། ཆུ་ཡང་མེད་དོ།། དེའི་ཕ་རོལ་ནས་ནགས་ཐུག ་པོ་དག་ཡོད་དེ། སྦྲུལ་དང་སྟག་ལ་སོགས་པ་གནས་པའི་འབྲོག་དགོན་པའི་ལམ་ལ་ཉི་མོ་བཅུ་གཉིས་འགྲོ་བར་བྱའོ།། དེའི་ཕ་རོལ་ན་རི་རྒྱལོགནྡྷ་ར་ཞེས་བྱ་བ་ཡོད་དེ། དཔང་སུ་ནི་དཔག་ཚད་ཉི་ཤུའོ།། རི་དེ་ནི་སྨན་རྣམ་པ་སྣ ་ཚོགས་ཀྱིས་གང་བ་ཡིན་ནོ།། དེ་ན་ནི་སེང་གེ་བཤོག་པ་ཅན་དག་གནས་ཏེ། ཉི་མ་རེ་རེར་ཡང་སྲོག་ཆགས་མང་པོ་དག་གསོད་པར་བྱེད་དོ།། དེར་རི་དྭགས་ཀྱིས་ཁྱད་པར་ཞིག་ལུས་སྦྱར་བ་ཞེས་བྱ་བ་ཡོད་དོ།། དེ་ལུས ་ཀྱི་ཆ་བྱེད་རྣམ་པ་སྣ་ཚོགས་པར་བསྒྱུར་བ་ཡིན་ཏེ། དེ་སེང་གེ་དེས་བསད་པའི་བྲག་ལས། རྡོ་ལེབ་ནག་པོ་ལ། སྲིན་མོ་མཱན་དེ་ཧ་ཞེས་བྱ་ག། རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བའི་ལུཔ་ཅན། ཁ་དོག་དམར་བ་མའི ་ལྤགསོ་པས་སླད་དཀྲིས་ཤིང། ལག~ཾ་པ་གཡོན་པ་ན་རལ་གྲི་འཛིན་པ། གཡས་པ་ན་ནི་བ་ལིང་གི་ལྤགས་པ་གསེར་བའི་རླུང་དུ་ཤ་ཁྲོག་དང་སྙིང་གིས་གང་བ་འཛིན་ཅིང་ཟ་བ་བྲིས་ཏེ། སྣོད་དག་ཏུ་ཤ་དང་ཁྲག་གཽ་གདྷོར་མ ་པར་བྱའོ།། བདག་ཉིད་གཤིན་རྗེ་མཐར་བྱེད་མི་བཟད་པ་དབྱུག་པ་དང་ཞགས་པ་ཐོགས་པ་མ་ཧེ་ལ་གནས་པར་བྱས་ནས། ཨོཾ་ཧྲིཿཀཱ་ལ་རུ་པ་ཧཱུཾ་ཁཾ་སྭཱ་ཧཱ། ཀྲེ་ཀ་རེ་ཀྲོ་ཀ་རཱི། མནྡི་ཧ་རཀྵ་སཱི། ཨཱ་གཙྪ་ཨ་གིཙྪ་ཧྲིཿཛ་ཞེས་སྟོང ་ཕྲག་བཅུར་བཟླས་པས། དེ་མངོན་སུམྱ་དུ་འོང་བར་འགྱུར་ལ། ཁྲག་གི་མཆོད་ཡོན་དང་ཤའི་གཏོར་མ་དགུ་སྦྱིན་ནས། ཐོད་པའི་ཕྱག་རྒྱ་བསྟེནྟེ་ཏཱཾ། ཁྲོ་བོ་ཆེན་པོའི་སྟོབས་ཀྱིས་གཟིར་བར་བྱའོ།། དེས་ཀྱང་སྒྲུབ་པ་པོ་ཅི ་འདོད་ཅེས་སྨྲ་བར་འགྱུར་རོ།། ཀྱེ་སྲིན་མོ་བདག་སེམས་ཅན་ཐམས་ཅད་ལ་ཕན་པར་འདིད་པ་དང་བདེ་བར་འདོད་པས། གྲོང་ཁྱེར་ཀ་ལཱཾ་པར་འགྲོ་ཡི།། ཡུལ་སྟོང་པ་འདི་རྣམས་སུ་ཁ་ཟས་འབྱོར་བར་གྱིས་ཤིག། དེས་ཀྱང ་དེ་བཞིན་དུ་བྱའོ།། དེ་ནས་དེ་མི་སྣང་བར་འགྱུར་ཏེ། ཤཱིང་ཨཱ་ར་ཛུ་ནའི་རྩ་བ་ན། རབ་ཏུ་ཆགས་པ། མེ་ཏོག་ཀུན་ད་ལྟར་ཁཱ་དོག་དཀཱར་བཅུད་རོ་སྦྲང་རྩི་འདྲ་བ་དག། ནུབ་མོ་དང་ནུབ་མོ་གནས་པའི་ས ་དག་ལ་སྟེར་བར་འགྱུར་རོ།། དེ་ནས་བྱེང་ངོས་སུ་གངས་ཅན་ཆེན་པོ་ཞེས་བྱ་བའི་རི་ཡོད་དེ། དཔག་ཚད་བརྒྱ་ཕྲག་གསུམ་གྱི་འཁོར་ཡུག་ཅན། ད་ནི་གནོད་སྦྱིན་རྣམས་དང་། དཀའ་ཐུབ་ཅན་རྣམས་དང་། གྲུབ་པ་རྣམས་དང་། མི་འམ ་ཅི་དག་གིས་ཡོངས་སུ་གང་བ་ཡིན་ནོ།། ཙི་ཏི་སྒྲུབ་པ་པོ་ཕ་རོལ་གནོན་པོའི་འཕྲུལ་དང་ལྡན་པ་ཡིན་ན་ནོ།། དེར་སོང་ནས་དགའ་བར་བྱ། རྩེ་བར་བྱ། ལོངས་སྤྱོད་དག་ཀྱང་བྱ་སྟེ། དེ་ནས་མཐར་གྱིས་དེ་དག་གི་ཕྲག་པ་ལ་ཐོ ་ནས། གྲོང་ཁྱེར་ཀ་ལཱཾ་པར་ཡུད་ཀྱིས་ཕྱིན་པར་འགྱུར་རོ།། ཙི་ཏེ་ཕ་རོལ་གནོན་པའི་སྟོབས་དེ་མེད་ན་མི་དེར་འགྲོ་བར་མི་བྱ་སྟེ། རླུང་གི་ཕྱོགས་ཀྱི་ལམ་ཆེན་པོ་རབ་ཏུ་གསོལ་བ་ལ་ཉེ་བར་བརྟེན་ཏེ་མྱུར་བར་འགྲོ་བར་བྱའོ།། ། ་སྲོད་གསུམ་གནས་ཀྱི་རྒྱུད་རྣམས་ནི། བསོད་ན་མཱས་ཆུང་ཡང་འགྲུབ་པར་བླ། ཚངས་འཇོམས་དེ་ཡིས་གྲོགས་ཀྱང་སྟེ། ཆེ་བའི་ཆེ་བའང་རྙེད་མ་ཡིན།། རྟག་ཏུ་དགེ་བའི་སྟོབས་དྲང་ལྡན།། ངག་མྱེད་དོན་གྱི་དེ་ཉིད་རིག། ་བྱང་ཆུབ་སེམས་ནི་ཡང་དགེ་བསྐྱེད།། མཆོག་རིག་སྔགས་དེ་ཡིས་འགྲུབ།། ། གངས་རི་དེ་ལས་ཤར་དང་། ནུབ་ཏུ་ཆུ་བོ་རབ་ཏུ་འབབ་པ། སའི་གཞི་ལ་ལུ་མ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་དང ་ཡོངས་སུ་འདྲེས་ཏེ། མཚོ་ལྟར་སྣང་ཞིང་རྒྱུ་བ་ཡང་མི་མངོན་པ། ཁ་དོག་དཀར་པོར་སྣང་བ་ཡོད་དེ། དེ་ལ་འདི་ནི་ཆུ་བོ་སྠི་ཏ་ཞེས་བྱའོ།། ཆུ་རླུང་འདི་ནི་ཀྱུས་སུ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་པ། ཤར་དང་ནུབ་ཏུ ་རྒྱ་མཚོ་དུག་ཅན་པ་ལ་ཡོངསུ་འཇུག་པ། ཞིང་དུ་ནི་དཔག་ཚད་ཙམ་མོ།། ཆུ་འདི་ནི་ཤིན་ཏུ་གྲང་བ་ཡིན་ཏེ། དམྱལ་བའི་འགྲོ་བ་མ་གཏོགས་པ། བྱ་དང་ཉི་དང་ཆུ་སྲིན་ལ་སོགས་པ་སྲོག་ཆགས་འགའ་ཡང་མེད་དོ།། ཆུ་བོ་དེའི ་ཚུར་འགྲམ་ན་ཟངས་ཀྱི་མདོག་ཅེས་བྱ་བའི་རི། ཕུག་པ་སྟོང་དང་ལྡན་པ་དག་ཡོད་དེ། ཤྲི་རོ་ཥེ་ཀ་དང་། ཀུ་ལུམ་ཀཽ་དང་། ཏ་མ་རུ་དང་། དེ་བ་ད་ཏུ་དང་། ཤུག་པས་ཡོངས་སུ་གྲང་བ་ཡིན་ནོ།། རི་དེ་ལ་ནི་སྲིན་མོ་གློག་འགྱུར་མ ་ཞེས་བྱ་བ་གནས་ཏེ། དེའི་ཆོ་ག་ཡང་སྔ་མ་དང་མཚུངས་པ་ལས། ལག་ནཱ་ནི་བརྟུན་ཤིང་འཛིན་པ། གླང་པོ་ཆེའི་ལུས་ལ་ཟབ། ཆར་སྤྲིན་གྱི་མདོག་ཅན་ཏེ། གཉྫ་དང་། ཧ་རི་ཎ་དང་། ནགས་ཀྱི་བ་ལང་དང་། གླང་པོ་ཆེའི་ཁྲག ་རྣམས་ཀྱིས་བྲི་བར་བྱ་ཞིང་། གཏོར་མུ་ཡང་དེ་དག་རྣམས་ཉིད་དོ།། བདག་གི་རྣལ་འབྱོར་ནི་ཁྲོ་བོ་གཤིནཱ་རྗེ་གཤེད་པོ། ཞལ་དྲུག་པ་དུས་མཐའི་སྤྲིན་དང་མཚུངས་པ། ཞབས་དྲུག་པ། ཕྱག་བཅུ་གཉིས་པ། རལ་གྲི་དང་དགྲ ་སྟི་དང་། གྲི་གུག་དང་། ག་ད་དང་། འཁོར་ལོ་དང་། ཏྲི་ཤུ་ལ་རྣམས་གཡས་ན་འཛིན་པའོ།། གཤིན་རྫོ་དབྱུག་པ་དང་། དུས་ཀྱི་ཞགས་པ་དང་། ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། ཐོས་པོ་ཁྲག་གིས་གང་བ་དང་། སྡིག་འཇུག ་རྣམས་ནི་གཡོན་པ་ནའོ།། རྣམ་པ་འདི་ལྟ་བུ་ལས་སྔགས་ནི་འདི་ཡིན་ཏེ། ཨོཾ་སྭརྠ་དུཥྚཱ་ན་སྟཾ་དྷཱ་ཡ་ཧཱུཾ། ན་དཱི་ཝཱ་རཱ་ཝཱ་རཱ་ཎི་ཀུ་མཱ་ར་ཀྐི་ཌ་དྷཱུ་པ་ནི་བནྡྷ་བནྡྷ་ས་མ་ཡ་མ་ནུ་ས་མ་ཕཊ་ཕཊ་སྭཱ་ཧཱ། ཅེས་པའོ།། ་བིརཱུང་ཙ་ལ་ཙ་ལ། པྱཱ་ཙ་ལ་པྲ་ཙ་ལ། བིརཱུ་ཛི་ཧྭཱ། ས་ཧ་སྲ་མུ་ཁ་ས?་ཧཝཱཾ། ར་རཱ་ར་ར་རཀྵ་སཾ་བྷྲེཿབྷྱོཿཱ་ཀཪྵ་ཡ་ཛཿཙས་པཱ་ནི་སྨིན་མེའི་སྔགས་སོ།། དེ་ལཾ་སྒྲུབ་པ་པོ་སྲྀ་ལམ་བསྟོན་ཅིག་ཅེས་བརྗོད་པར་བྱ་སྟེ། དེས་ཀྱང ་ཆུ་བི་སཱི་ཏ་ལ་ལམ་སྟོན་པར་འགྱུར་ཏེ། ཆུ་ཀླུང་དེའི་རབ་ཏུ་གྲང་བས་ནི། སའི་སྟེང་གི་གངས་དང་རླུང་པོའི་རེག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའི་ཕྱིར། དགུན་ཟླ་འབྲིང་པོ་ལ་ཡང་ཆེ་བ་བྲེ་མ་ཆག་པ་མེད་ན། སྲིན་མོ་འདིའི ་རྫུ་འཕྲུལ་བྱས། དབྱར་ཟླ་བ་དང་པོ་ལ་ཡང་ཚིབ་བྲོམ་ཤིན་ཏུ་བརྟན་པར་ཆགས་ནས། སྒྲུབ་པ་པོ་འཇིགས་པ་མེད་པ་ཉིད་ཀྱིས་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ།། ཆུ་བོ་འདི་ནི་བྷ་ར་ཏའི་དུམ་བུཾ་ཞེས་བྱ་བ། གླིང་འདིའི ་ཕྱེད་ཀྱི་དབུས་ལ་རྒྱུ་བ་ཡིན་ཏེ། ལྷོ་དང་བྱང་དུ་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་དང་། དགུ་བཅུ་རྩ་དྲུག་དག་གནས་པ་ཡིན་མོད་ཀྱི། འོན་ཀྱང་ཤར་ནུབ་ཏུ་ནི་བྱང་ཕྱོགས་ལྷག་པར་ཡངས་པ་ཡོནོ།། ཆུ་བོ་དེའི་ཕ ་རོལ་ན། ཤིང་ཀེ་ཏ་ཀ་དང་། བཾ་ལ་དང་། ཀོ་བྷཽ་ཏ་དང་། པ་ཏུ་ཤ་དང་། བ་ད་ར་དང་། ཀ་པི་ཏ་དང་། ཨ་ར་ཛུ་ན་དང་། ཏ་ལའི་ནགས་ཚལ་དག་ཡོད་དོ། དེར་ཟླ་བོ་གཅིག་ཏུ་ངལ་བསེ་བར་བྱ། རྩ་དང་འབྲས་བུ་དག་ཀྱང་བཟའ ་བཟའ་བར་བྱ་སྟེ། གང་འདིའི་རྩ་བ་དང་འབྲས་བུ་དང་ལོ་མ་དང་མེ་ཏོག་དག་ནི་བཅུད་དང་ལྡན་པ་དང་མཐུ་དང་ལྡན་པ་དག་ཡིན་ནོ།། བཱིར་ལྷ་མོ་བསྐུལ་བྱེད་མའི་རིག་པ་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་བྱིན་གྱིས་རླབས་པ། ཡི ་གེ་དགུ་པའི་བཟུང་སྔགས་སྟོང་ཕྲག་ལྔ་བཟླས་པས། སྒྲུབ་པ་པོ་རང་གི་ཡན་ལག་ལས་ཁྲག་ནག་པོ་ནག་པོར་སྣང་བ་དག་ཟག་པར་འགྱུར་རོ།། ཙི་ཏེ་རྨི་ལམ་དུ་དེ་ལྟར་གྱུར་ན་ཡང་རུང་སྟེ། ལུས་ནད་མེད་ཅིང་སྟོབས ་དང་ལྡན་པ་དང་། ཤིན་ཏུ་ཡང་བར་འགྱུར་རོ།། །། དམ་ཚིག་རྣམ་པར་སྤངས་དང་བླ་མ་སྣོད།། དུས་མིན་འཆི་དང་དམྱལ་བ་བརྒྱད་པར་འགྲོ། དཀྱིལ་འཁོར་མ་མཐོང་དབང་བསྐུར་དམན ་པ་ཡང་།། རིག་སྔགས་སྦྱོར་བ་ནམ་ཡང་གྲུབ་པ་མེད།། ཁེངས་ཞིང་ང་རྒྱལ་ཁྲོལ་མོ་བདེན་པ།། དངོས་གྲུབ་ཐོབ་ཅེས་རྒྱལ་བ་མི་གསུང་སྟེ།། མི་རྟག་སྡུག་བསྔལ་སྟོང་པའི་དོན་སེམས་པ།། མི་དེ་དག་ནི་མྱུར་འགྲུབ ་འཕགས་རྣམས་གསུངས།། རིགས་དང་གཟུགས་དང་ནོར་དང་དབང་ཕྱུག་དང་།། ཆོས་དང་རིག་པ་སྔགས་ཀྱིས་མྱོས་པ་སྤང་།། རྨི་ལམ་གཟུགས་སྙན་དྲི་ཟའི་གྲོང་ཁྱེར་བཞིན།། བྱེད་པ་པོ་བྱ་བ་དང་ནི། ལས་རྣམས་མཐོགས ་མ་ཆགས་དུལ་དང་ཡང་དག་གཉེན་པའི་སེམས།། མཆོད་དང་སྦྱིན་པ་དང་བཟོད་དང་བརྩོན་འགྲུས་བསྐྱེད།། བདག་དང་བདག་གིར་སྤོང་ལ་མངོན་དགའ་བ།། དེ་དག་དངོས་གྲུབ་མཆོག་ལ་རེག་པར་འགྱུར།། ། ་ཡང་དེ་ནས་ནགས་ཚལ་དེ་ལས་ཁཌྜྷྱ་ཛའི་འབྲས་བུ་གསེར་གྱི་མདོག་དང་མཉམ་པ་དག་བླངས་ཏེ། ལམ་རྒྱགས་སུ་འཁུར་བར་བྱའོ།། འདིར་ནི་སྒྲུབ་པ་པོ་རང་ཉིད་ཀྱིས་ཇི་ཙམ་ལེན་ནུས་པ་དེ་འཁུར ་བར་བྱ་ཡི། ནམ་ཡང་ལྕིད་ཀྱིས་ནོན་པར་མི་འགྱུར་བས། མི་ཐེག་པར་དོགས་པ་མི་བྱའོ།། ནགས་དེ་ཉིད་དང་བར་འཚམས་མེད་པར་གངས་ཀྱི་རི་ཆུང་དུ་ཆུང་ངུ་དག་གྲལ་དུ་སྒྲིགས་པས་བགར་ནུབ་ཀྱིས་རྒྱ་མཚོའི་བར་ཁྱད ་པ་ཡིན་ནོ།། དེ་དག་ལས་ཆུ་འབབ་པ་ཐམས་ཅད་ཀྱང་ལྷོ་ཕྱོགས་ཀྱི་ངོས་སུ་འབབ་པ་ཡིན་པས། དེ་དག་ཏུ་ཆུ་མང་པོ་ཅན་ན།། དེ་དག་ལས་རྒལ་ནས་བྱང་ཕྱོགས་སུ་དཔག་ཚད་ལྔ་བཅུ་ཚུན་ཆད་ན་ནི་མཐུང་ཏུ་རུང་བའི་ཆུ་མེད་པ་ཡི་ནོ།། ་འོན་ཀྱང་སྒྲུབ་པ་པོ་དེ་ལུས་སྟོབས་དང་ལྡན་པ་དང་ཡང་བའི་ཕྱིར། ཞག་བདུན་དུ་ཐང་ཆེན་པོ་དེའི་ཕ་རོལ་ཏུ་ཕྱིན་པར་འགྱུར་ལ།། བཛྲ་ཛའི་འབྲས་བུ་དེ་ཟོས་པས། བཀྲེས་པ་ཡང་མེད། སྙོམས་པ་ཡང་མེད་དོ།། ཐེང་དེ་འདས་པ་ན། སྔོན་མ ་དུ་ཁྱེར་དུ་ཟིན་ཡང་རུང་སྟེ། འབྲས་བུ་དེ་ཡང་ཟད་པར་འགྱུར་རོ།། དེའི་ནུད་ཀྱི་མཚམས་ན། རི་བོ་ཤིན་ཏུ་དཀར་བ་ནགས་ཚལ་ཡིད་དུ་འོངས་པ་དུ་མས་མཛེས་པ་ཞིག། རྒྱང་རིང་མོ་ནས་མཐོང་བར་འགྱུར་མོད་ཀྱི། སྒྲུབ་པ་པོ་ངུར་འགྲོ ་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན་ནི་སྲིན་མོ་ཟངས་ཀྱི་མཆུ་ཅན་ལྔ་བརྒྱ་དག་གནས་ཏེ། ལྷ་མ་ཡིན་གྱི་ཕོ་ཉ་མོ་དེ་དག་གིས་སྒྲུབ་པ་པོ་ལ་འཚོ་བར་བྱེད་པའི་ཕྱིར་རོ།། དེ་ལྟ་བས་ན་བྱང་ཕྱོགས་དྲང་པོའི་ལམ་པོ་ཆེ་བཟུང་ནས་འགྲོ་བར ་བྱའོ།། ཉིན་ཅིག་གིས་རི་བོ་ཀེ་ཏ་ར་ཞེས་བྱ་བར་ཕྱིན་པར་འགྱུར་རོ།། དེ་ཡང་ཁ་དོག་ནག་ཅིང་ངམ་པ།། འཇིགས་པ་བསྐྱེད་པར་བྱེད་པ། ཀ་པ་བཙུགས་པ་ལྟ་བུ་དཔག་ཚད་བཅུའི་སྤངས་དང་ལྡན་པ་ཡོད་དོ།། ར་དའི་ནང་ནི་གསར ་དངུལ་འབའ་ཞིག་གིས་ག་བ་ཡིན་ཏེ། དེའི་ཕྱོགས་བཞི་ནཱ་ནཾ་པདྨ་དང་ཨུཏྤལ་ལའི་མཚོ། དྲང་པ་དང་ཙཀྲ་པ་ཀ་དཱ་། ཀ་རཎྜ་ལ་སོགས་པ། ཆུ་ལ་རྒྱུ་བའི་འདབ་ཆགས་གཟུགས་དང་ཁ་དོག་མཛེས་པ་སྐད་སྙན་པས་གང་བྱ ་ངག་ཡོད་དོ།། རི་དེ་ལ་འཇིག་རྟེན་སྐྱོང་པ་འཕགས་སྐྱེས་པོ། དུས་དུས་སུ་དགའ་ཞིང་རྩེ་བར་བྱེད་པ་ཡིན་ཏེ། ལྷ་མིན་གྱི་ལང་ཚོ་མ་དག་དང་། གདུག་ཅིང་གཏུམ་པའི་ཀླུ་རྣམས་ཀྱི་བུ་མོ་སྡུག་གུ་མ་སྟོང་སྙེད་ཀྱིས་མཆོད་པར་བྱེད།། ་དེའི་འཁོར་དུ་རྟོགས་པའི་ཡི་དག་ས་མཐུ་ཆེ་ཞིང་། རྫུ་འཕྲུལ་ཆེ་བ་མང་པོ་དག་ཀྱང་ཡོད་དེ། དེརེ་སྒྲུབ་པ་པོ་དེའི་ཅི་ཏེ་འབྱོར་པར་གྱུར་ན་ནི། རྩ་བ་དང་འབྲས་བུ་རྣམས་དང་ནཻ་རི་ཀེ་ལའི་འབྲས་བུ་དང་། ཤཱ་དང་ཉ་ཤ་དག་གི་གཏོར་མ ་རྣམ་པ་སྣ་ཚོགས་པ་དག་བྱའོ།། ཙི་ཏེ་འབྱོར་པར་མ་གྱུར་ན་ཐམས་ཅད་ཡིད་ཀྱིས་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བི་བི་བི་བི་བི་རུ་དྷཱ་ཀ། ས་པ་རྀ་ཝཱ་རྀ་དྷྱེཿཁུ་ནི་ཁུ་ནི་པྲེ་ཏོཏ་ཀྵི་ས་ཏ་ཨོཾ་མཾ་བ་ལིང་གྲྀཧྞ་གྲྀཧྞ་ས་མ་ཡ་མ་ནུ ་སྨ་ར་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་སྤོས་དཀར་དང་ཐང་ཆུ་དང་ཤའི་གདུག་སྤོས་དག་ཀྱང་སྦྱིན་པར་བྱའོ།། དེ་ནས་ནི་དེས་སྲུང་པ་བྱེད་ཏེ་མཽ་འམ་ཅི་དང་། ལྷ་མིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། མཽཁ་འགྲོ་མ་རྣམས ་གནད་པས་མི་ཚུགས་པར་འགྱུར་རོ།། ། འགའ་ཞིག་རྣམ་པར་གསུམ་གནས་གཞན་ན་རྩ་བའི་བདག་ཉིད་དཔའ་བློ་དང་། བྱིན་རླབས་རིམ་པ་ཕན་ཚུན་རྒྱུ་དང་འབྲས་དུ ་མཁས་པས་རིག་པར་བྱ།། འདོད་པའི་དཔུང་འཇོམས་དེ་དག་པའི་ལམ་ཏེ་གྲུབ་པ་རྗེས་སུ་འཇུག། མུན་པ་ཉམས་དང་དགའ་བའི་རྒྱུ་ལས་རབ་བདེ་ཅི་ཕྱིར་ཐོབ་མ་ཡིན།། དེ་ནས་སྒྲུབ་པ་པོ་བྱུང་ཕྱོགས་སུ ་སོང་ན། མི་རིང་བ་ན་མེ་ནི་ཀེ་ཞེས་པའི་རི་ཆེན་པོ་ཡོད་དེ། དེ་ནཱི་ཙམ་པ་ཀ་དང་ཀིཌྒ་ལ་དང་། མ་ར་ཀེ་དང་། ཀ་ཏུ་ཀ་དང་། ཀིམྦ་ཀ་དང་། ནཱ་ག་པུཥྤ་དང་། ཙན་དན་ས་མཆོག་རྣམས་ཀྱི་ནགས་ཀྱིས་བསྐོར་པ། རི་དིའི་ཁྲིད་ན་སིན ་བེའི་བུ་མོ་རྟའི་གདོང་པ་ཅན་དང་། ལྷ་མིན་མོ་དག་དང་། ཀླུ་ཕྲན་གྱི་བུ་མོ་དག་གར་དང་དབྱངས་དང་རོལ་མོ་སྣ་ཚོགས་པས་རྟག་ཏུ་རྩེ་བར་བྱེད་པ་དག་ཡིན་ཏེ། དེར་སྒྲུབ་པ་པོ་བུད་མེད་དེ་དག་ལ་ཆ་བ་གླུ་ད ་དེ་དག་ལ་དགའ་བྱར་ཡང་མོ་བྱ་སྟེ། གཞན་དུ་ན་བསོད་སྙོམས་དག་བླངས་ཏེ་འགྲོ་བར་བྱའོ།། དེའི་ཕ་རོལ་ནི་ཆུ་བོ་ཆེན་པོ་ཤར་ནས་ནུབ་ཏུ་འབབ་ཅིང་། རྦ་ཀློང་འཁྲུགས་པ་ཤིན་ཏུ་བགྲོད་པ་དཀའ་ཡང་ལོང ་ལོ་ཏ་ན་ཞེས་བྱའོ།། དེ་ལ་ནི་ཉ་རྣམས་ཁ་དོག་སྣ་ཚོགས་པ་དང་། གདེང་རྣམ་པ་སྣ་ཚོགས་པ་དག་ཡོད་ཏེ། སྟག་དང་། སེང་གེ་དང་། གུང་དང་། བ་ལང་དང་། སྤྲེའུ་དང་། ནེ་ཙོ་དང་། ཁྭ་དང་། མིའི་གདོང་ལ་སེགས་པའོ།། ཆུ་ཀླང ་སྐབས་འགའ་ན་ནི། རྡོ་ལས་སྐྱེས་པའི་ནྱ་གྲོ་དྷའི་གདོང་པོ་ཡལ་གས་ཕན་ཚུན་གྱི་འགྲམ་དུ་ཁྱབ་པ་དག་ཡོད་དེ། ཤིང་དེ་ལ་བརྟེན་ནས་སྒྲུབ་པ་པོ་འགྲོ་བར་བྱའོ།། ཡང་ན་ནི་ཉའི་སྟོབས་ཀྱིས་འགྲོ་བར་བྱ་སྟེ། ཕྱོགས་དེ་དང ་ཉེ་བ་ན། ལོ་ཧི་ཏ་ཞེས་བྱ་བའི་རཾ་དམར་པོ་ཆུ་ངུ་མང་པོ་དག་ཡོད་དེ། དེ་དག་ལ་ནི་ས་ལུ་དམར་པོ་དང་། མུད་ག་དང་། མན་ཌུ་བ་དག་མ་སྨོས་པར་སྐྱེ་བ་ཡིན་ཏེ། དེ་ལས་བླངས་ནས་ཟན་དུ་བཅོས་ཏེ། ཕྱོགས་ཕྱོགས་སུ་ཤིང་ལས་སྦྲང ་ང་པོ་ལྟུང་བ་དག་ཀྱང་བླངས་ཤིང་།། དེ་དག་བསྲེས་ཏེ་ནམཁའི་མཛོ་དེ་ཅེས་བྱ་བ་འཕགས་པའི་སྔགས་ཀྱིས་ཡང་དག་པར་སྦྲུལ་ཞིང་སྦྱངས་ལ། སྔགས་འདིས་ཉའི་ཚོགས་རྣམས་ལ་གཏོར་མར་སྤྲིན་ནོ།། ཨཾ་མཾ་མེ་མཾ་མེ་མཾ་མ་ཏེ་སྱ ་རཱ་ཛ། མར་སྱ་ག་ན་ས་ཧི་ཏ་དྷུཉྫ་ཧེ་བྷཀྵ་ཧོ། སརྦ་མ་ཏ་སྱ་དོ་ཝ་ཏཱ་ཨི་མཾ་བ་ལི་གྲིཧྞ་གྲིཧྞ་ཀ་ར་ཀཱར་ཀི་རི་ཀི་རི་ཀུ་རུ་ཀུ་རུ་མ་ར་མ་ར་མི་རྀ་མི་རི་མུ་རུ་མུ་རུ། མ་མེ་ཀཱ་ཏྱཾ་སྱ་དྷ་ཡ། སརྦ་བུདྡྷ་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། དཾ་ལྟར་ལནཱ་ལྔ་བནྡྷ་རཱ་གཏོར་མ ་སྦྱིན་ཅིང་། འདོད་པའི་ལྷ་ལ་གསོལ་བ་གདབ་པར་བྱའོ།། དེར་ཉ་རྣམས་ཀྱི་རྒྱལ་པོ་སྒྲུབ་པ་པོའི་མདུན་དུ་འོངས་པ་ལ། སྒྲུབ་པ་པོས་སྨྲས་པ། ཀྱེ་ཉའི་རྒྱལ་པོ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། བདེ་བའི་དོན་དུ་ཁོ་བོ་ནི་གྲོང ་ཁྱེར་ཀ་ལྔ་པར་འགྲོ་ཡི། ཆུ་བོའི་ཕ་རོལ་ཏུ་བསྒྲལ་བར་མཛོད་ཅིག། གནས་འདི་ལ་ནི་དེ་བཞིན་གཤེགས་པ་རྣམས་དབང་པོའོ་ཞེས་བརྗོད་པར་བྱའོ།། དེ་ནས་ཉེའི་རྒྱལ་པོ་དེས་སྒྲུབ་པ་པོ་དེ་རྒྱབ་ཏུ་ཁུར་ནས་ཆུ་བོའི་ཕ་རོལ་ཏུ ་འགྲོ་བར་འགྱུར་རོ།། ཀཱ་ཀ་རི་རིགས་ཀྱི་བྱུང་ཕྱོགས་ནས་ཆུ་བ་འདིའི་བཱར་བྷྲཱུཾ་ལམ་གང་ཡིན་པ་དེ་དག་ནན། མང་འགྲོ་བ་གནས་པ་མེད་དེ། གང་མཾ་མ་ཡིན་པའི་འགྲོ་བ་དང་། གནང་སྦྱིན་གཏུམ་པོ་མ་བཟད་པ་དག ་གནས་པ་ཡིན་ནོ།། འོན་ཀྱང་ལམ་འདི་དག་གི་ཤཱར་དང་ནུབ་ཏུ་དང་ག་ཚོད་ལྔ་བརྒྱས་བཅད་པའི་ཕ་རོལ་ན་ནི། སྟོང་དང་གྲོང་ཁྱེར་དང་གྲོང་རྡལ་དག་ཀྱང་ཡོད་མེད་ཀྱི། ལམ་དེ་དག་ནས་སོང་ན་ནི། ལེ་བཱརྫྫ་པྲཱགཾ་གིས་ཀྱང་གྲོང་ཁྱེར་ཀཱ་ལྱཱ་བར ་ཕྱིན་པར་མི་འགྱུར་ཏེ་ཀུན་ཏུ་འཁོར་བར་འགྱུར་རོ།། ཆུ་ཀླུང་སཱི་ཏི་ཥྛང་ཕྱོ། དོ་བར་མཚམས་ཐམས་ཅད་ནཻ་ར~ཾ་ཁ་བ་ཅན་མོང་པོས་ཀུན་ཏེ་གང་པོ་ཡིན་ནོ།། འོན་ཀྱང་གང་གི་བར་བཅད་པ་ནི་མདོ།། དེ་ནས་ཆུ་ཀླུང་དེ་ཡིངསུ་རྒལ་པོའི་བྱ ་ཕྱོགས་ན་ནི། འཛམ་བུའི་གླིང་གི་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྣམས་ཡོད། ཡུལ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དག་གི་གང་བ། རབ་ཏུ་འབྱོར་པ་དང་བདེ་བ་དང་ལོ་ལེགས་པ་ཡིན་ནོ།། ། གང་ལ་སྙིང་རྗེའི་བདག་པོ ་ནི།། མིག་གསུམ་གཟུགས་ཀྱིས་གནས་པ་ཏེ།། དེ་ཡི་གནས་ཀྱིས་མཚན་པས་ན།། ཤསྟྲཻ་ལྕེ་ཞེས་རབ་ཏུ་གྲགས།། གླང་ལ་ཤམྦྷ་ལས་མཚན་པ།། སེང་གེས་མཚན་པའི་རྒྱལ་མཚན་ནི།། སེང་གེའི་རྒྱལ་མཚན་རབ་གྲགས་ལྟེ་བ། ཤརྞྞ ་ཡུལ་ཞེས་དེ་ལ་བརྗོད།། གང་ན་ཀླ་ཀྲ་མེད་པ་དང་།། བདེན་སྒྲ་བརྫུན་པ་མ་ཡིན་དང་།། སུན་པའི་སྟོབས་ནི་ཉམས་གྱུར་ལ།། སྙིང་སྟོབས་ཡོན་ཏན་རྒྱས་པ་ཡིན་ནོ།། ། ཆུ་བོ་དེ་དང་ཀོ་ལ་ཤའི་བར་གྱི་ཡུལ་ནི་རྣམ་པ་མ ་སྟེ། ཉ་ཞེས་བྱ་བའི་ཡུལ་དཔག་ཚད་ཉི་ཤུའོ།། པུ་ལིན་དོ་ཞེས་བྱ་བ་ཡང་དཔག་ཚད་ཉི་ཤུའོ།། བྷ་ད་སྱ་ན་ཞེས་བྱ་བ་དཔག་ཚད་བརྒྱའོ།། ནཱཾ་ན་ཞེས་བྱ་བ་དཔག་ཚད་སྟོང་སྟེ་དབུས་ཀྱི་ཆ་ལོ།། དང་དོ་ཞེ་བྱ་བ་དཔག་ཚྭ་ངཿའོ།། ཀུ་རུ་ཝེ་བྱ་བ་ཡཱ་དཔག་ཚྭ་འོ།། ་ཀ་ཞེས་བྱ་བ་དཔག་ཚད་ལྔ་བཅུའོ།། དེ་དག་གི་ཕ་རོལ་ན། གནྡྷ་ར་ཞེས་བྱ་བ་དཔག་ཚད་ཉི་ཤུའོ།། ཀཱ་ཤ་ཞེས་བྱ་བ་དཔག་ཚད་ཉི་ཤུའོ།། བྷ་ཏཱ་ཞེས་བྱ་བ་དཔག་ཚད་ཉེས་བརྒྱུའོ།། མཱ་ཧཱ་ཙྪི་ནྱཱ་ཞེས་བྱ་བ་དཔག་ཚད་སྟོང་སྟེ་དབུས་ཀྱི་ཆ་ལའོ།། དྷ་རཙྪ ་ཞེས་བྱ་བ་དཔག་ཚད་བརྒྒ་ཏེ་རྀའི་ངོས་ལ་གནས་པའོ།། དྲྀ་གཻ་ཀ་ཞེས་བྱ་བ་དང་གྲཝ་ཚད་ཉེས་བརྒྱའོ།། དེ་དག་གི་ཡང་ཕ་རོལ་ན། མ་ཧེ་ཥ་ཀ་ཞེས་བྱ་བ་དཔག་ཚད་ཉིས་བརྒྱའོ།། མ་ཧི་ལེ་ཀོ་ཞེས་བྱ་བ་དཔག་ཚད་སྟེང་ཏི་དབུས་ཀྱི་ཆ་ལའོ།། 4 ་ར་ཞེས་བྱ་བ་དཔག་ཚད་ཉིས་བརྒྱའོ།། པུ་ཏཱ་ཕ་ལ་ཞེས་བྱ་བ་དཔག་ཚད་ལྔ་བརྒྱའོ།། དེ་དག་གི་ཕ་རོལ་ན། ཀ་ཊུ་ཀ་ཞེས་བྱ་བ་དཔག་ཚད་ལྔ་བཅུའོ།། པཱུ་ར་ཞེས་བྱ་བ་དཔག་ཚད་ལྔ་བརྒྱ་ཏེ། དབུས་ཀྱི་ཆ་ལའོ།། ཀམྦྷེ་ཛི་ཞེས་བྱ་བ་དཔག་ཚད ་བརྒྱའོ།། དེ་དག་གི་ཤར་དང་ནུབ་ཀྱི་ཆ་དག་ལ་ཡང་།། ཡུལ་འཁོར་དང་གྲོང་ཁྱེར་གཞན་དག་ཀྱང་ཡོད་དོ།། ། དེ་དག་ཆུ་ནི་མང་པོ་དང་།། མཚོ་དང་མཚོ་བྲན་དུ་མས་བརྒྱན།། གངས་ཀྱི་རི་དང་རི་བོ་བཟང་།། སྨན་ལྗོངས ་ཉམས་དགའ་དུ་མ་དང་།། ནགས་དང་ཀུན་དགའ་ཡིད་འོང་དང་།། སྨན་རྣམས་ངག་གི་གང་བ་ཡིན།། རྒྱལ་པོའི་ཕོ་བྲང་སྣ་ཚོགས་དང་།། ཚོང་འདུས་དང་ནི་ཚོ་ཁང་དང་།། ཟོང་རྣམས་རྣམ་པ་སྣ་ཚོགས་དང་།། ཡོ་བྱད་རབ་ཏུ་རྒྱས་པ་ཡོད ་དེ་ན་འཇིགས་པ་འགའ་ཡང་མེད།། ཉམས་པར་གྱུར་པ་ཡོད་མ་ཡིན།། འོན་ཀྱང་དེ་ལ་མི་ལྟ་སྟེ།། སྲེད་པས་སྒྲུབ་པའི་གེགས་བྱེད་དོ།། གྲོང་ཁྱེར་མཆོག་ནི་ཀ་ལ་པ།། འབའ་ཞིག་བསམས་ཏེ་འགྲོ་བར་བྱ།། ་རྒྱལ་ཡུལ་རྒྱ་ཡུལ་ཆེན་པོ་དང་།། བ་ཡི་ལ་ཀོ་ཁ་ར་རྣམས།། བྱང་ནས་བྱང་དུ་བགྲོད་བྱ་སྟེ།། ལམ་དེ་ཤིན་ཏུ་རིང་པ་ཡིན།། སྟོང་ཕྲག་མང་པོ་དེ་དག་ཀྱང་།། སྔགས་ཀྱི་ཤུགས་འཆང་དེ་ཡིས་ནི།། ཞག་བདུན་ཟླ་བ་ཕྱེད་པ་སོགས།། ཟླ་དྲུག་ལས ་གཞན་ལྷག་པས་མིན།། དེ་རྣམས་ལས་ཀྱང་རང་རྒལ་ན།། འབྱུང་ཁུངས་རྣམ་པ་སྣ་ཚོགས་ཡོད།། ཁ་ཅིག་ལ་ནི་དུག་གི་རྒྱུན།། ཁྱད་པར་ཁྱད་པར་ལྡན་པ་འབབ།། གསེར་གྱི་རྡུལ་བརྩེགས་རི་བོ་དང་།། དེ་བཞིན་དངུལ་དང་ཟངས་ཀྱི་སྟེ།། ཁ ་ཅིག་ལྕགས་དང་ཨ་བྷཱ་དང་།། རང་ག་བྷཱང་གཱ་དེ་བཞིན་ནོ།། དེ་དག་ས་འདི་འཐུག་པོ་དང་།། བྱེ་མ་རྣོ་བས་གཡོགས་པ་ཡིན།། གསེག་མ་རྣམ་པ་སྣ་ཚོགས་དག། ཁ་ཅིག་རིན་ཆེན་དུ་མས་ཁྱབ།། ཡུལ་དེ་དག་གི་ས་ཕྱོགས་ན། རྩ་དང ་ལྗོན་ཤིང་རྣམ་པར་སྤངས།། ནོར་བུ་ཛི་བཱནྟི་དང་ནི།། བྷུ་རུ་རྣམ་པ་དུ་མ་སྐྱེ།། གསེར་ལས་འཆི་བར་བྱེད་པའི་ཆུ།། སྐྱོ་བར་བྱེད་པ་དངུལ་ལས་ཏེ།། གཞན་ནི་སྤུ་དང་ལྤགས་པ་ལྟུང་།། ཁ་ཅིག་དུ་མའི་ནད་རྣམསོ།། འབྱུང་ཁུངས་དག ་ནས་དཔག་ཚད་གསུམ།། འདས་ན་དྲི་བྲལ་ཆུ་ཉིད་དེ།། སྒྲུབ་པོ་སྔགས་ཀྱི་མཐུ་ཡིས་ནི།། དེ་ཀུན་ཡོན་ཏན་བྱེད་པ་ཡིན།། གསེར་གྱི་ཚེ་ནི་རིང་པོ་སྟེ།། དངུལ་གྱི་དེ་བཞིན་མདངས་བཟངས་པ།། ལྷག་མ་གང་རྣམས་དེ་རྣམས་ཀྱི།། ནད ་ཀུན་འཇིགས་པར་བྱེད་པ་ཡིན།། ། ཡང་དེ་དག་རྒལ་བའི་ཕ་རོལ་ན།། རི་ལྔ་པ་ཞེས་བྱ་བ། རིན་པོ་ཆེ་དུ་མས་བརྒྱན་པ།། ཤིང་ཨ་དྷ་དང་། སཱུལླ་ལ། ཤལླ་ལཾ་དང་། སཱ་ལ་དང་། ཏ་མ་ལ་དང་། ད་ཤཱ་མྱ་དང་། ་མཾཥྐ་ཀཱ་ར་དང་། ཨོཾ་མྲ་དང་། ཀ་ར་དྷཱི་ར་དང་། ཤི་ལི་ན་དང་། བ་ཀུ་ལ་དང་། གནྡྷ་མོ་ད་དང་། མ་དོ་དྷ་མ་ལ་སོགས་མ་ལྗོནང་ཞིང་གི་རིགས་བརྒྱ་ཕྲག་དུ་མས་གང་བ་ཡིན་ནོ།། རི་དེ་ལ་ནི་མི་འམ་ཙཾ་དང་། མི་འམ་ཅི་མོ་དག། འདོད་པའི ་ཡོན་ཏན་སྣ་ཚོགས་ཀྱིས་རྩེ་བར་བྱེད་ཅིང་། རྟག་ཏུ་དགའ་བས་གནས་པ་ཡིན་ནོ།། དེ་རྣམས་ཀྱི་སྒྲུབ་པ་པོ་ལ་འདྲིད་པར་བྱེད་པའི་ཕྱིའོ།། རབ་ཏུ་སྙན་པའི་གླུ་དང་རོལ་མོ་བྱེད་པ་དག་ཀྱང་ཡོད། སྡིག་པའི་ཕྱིར་འཇིགས་པའི་སྒྲ ་འབྱིན་པའམ། གཟུགས་སྣ་ཚོགས་སུ་བསྒྱུར་བ་དག་ཀྱང་ཡོད། རབ་ཏུ་སྐྱོ་བར་བྱེད་པའི་ཕྱིར། དུང་མོ་ལ་སོགས་པ་སྣ་ཚོགས་པ་སྦྱར་བར་ཡང་བྱེད་དོ།། དེ་དག་ལ་སྒྲུབ་པ་པོ་ཆགས་པར་མི་བྱ། འཇིགས་པར་མི་བྱ། སྐྱོ་བར ་མི་བྱ་སྟེ། གཞན་དུ་ན་སྟོང་པ་ཉིད་ཀྱི་གནས་པས། ཟིལ་གྱིས་གནན་ཏེ་འགྲོ་བར་བྱའོ།། གལ་ཏེ་རྣམ་པ་དེ་ལྟ་བུ་ལས་གཞན་པས་འགྲོ་ན་ནི། སྒྲུབ་པ་པོ་ལ་སྡུག་བསྔལ་ཆེན་པོ་སྟེར་རོ།། དེ་ནས་རི་བོ་དེ་ཡང་འདས་པ་ན་བྷྲྀ་ཊ་དང ་སུ་དྲཱ་བྷྱོ་ཌཱ་དང་། སྭ་བྷོ་ཊ་ཞེས་བྱ་བའི་ཡུལ་ཆུང་བུ་དག་ཡོད་དོ།། དེ་དག་ན་ནི་རྡོ་རྗེ་མཁའ་འགྲོ་མ་དག་མིའི་བུ་མོ་རྫུ་འཕྲུལ་ཅན་གྱི་རྣམ་པར་གན་སོ།། དེར་སྒྲུབ་པ་པོས་ཞག་བདུན་དུ་གནས་པར་བྱ་ཞིང་། གསོལ་བ་གདབ་པར་བྱའོ།། ་དེ་ནས་དེ་རྣམས་ཀྱིས་སྨྲས་པ། ཀྱེ་སྒྲུབ་པ་ཁྱོད་ལ་ཅི་ཞིག་དགོས།། སྒྲུབ་པ་པོས་སྨྲས་པ། བདག་གྲོང་ཁྱེར་ཀ་ལཱ་པར་མྱུར་དུ་བསྐྱོད་པར་མཛོད་ཅིག། དེ་ནས་མ་མོ་རྫུ་འཕྲུལ་དང་ལྡན་པ་གཅིག་ཅིགས།། ་སྒྲུབ་པ་པོ་ཕྲག་པ་ལ་ཐོགས་ཏེ། དཔག་ཚད་བཞི་ཡིས་མཐོ་བའི་གངས་ཀྱི་རི་བོ་ཆེན་པོ་དང་། གངས་ཁྲོད་ཀྱི་ལམ་དཔག་ཚད་བརྒྱ་ཕྲག་ལྷག་པ་ཡང་། ཆུ་ཚོད་གཅིག་གིས་མངོན་པར་བསྐྱོད་ནས། རི་བོ་ཙནྟ་ཀ་ལ་ཞེས ་བྱི་བ་ཤིང་ཧི་ན་ཏ་ལ་དང་། མ་ཏཱ་ལ་དང་། ཀོ་ལ་ཀཱ་དང་། སིནྡྷུ་ཝ་ར་དང་། ན་གུ་མ་ལ་དང་། དཱནྟ་དང་། སེ་མེ་ཝརྞྞ་དང་། ས་མ་ན་དང་། ནཽ་ཙུ་ལ་ད་དང་། བི་དུརྨ་དང་། ཏི་ན་བུ་ལ་སོགས་པ་སྣ་ཚོགས་པས་ཡོངས་སུ་གང་ག་སྨན ་ལྗོངས་ཤིན་ཏུ་ཉམས་དགའ་བ་དང་བཅས་པ་དེར་ཕྱིན་པར་འ་གྱུར་རོ།། །། སྒེག་པའི་གཟུགས་ལའང་དགའ་མིན་ཏེ། ཆ་བྱད་འཇིགས་ལའང་དེ་བཞི་ནོ།། རྡོ་རྗེའི་མིག་དང་ལྡན་དེ་དག། དགེ་བར་སྤྱོད་ལ ་དགོས་པར་གྲགས།། དེ་དང་སྡིག་ལྡན་རྣམས་ལ་ཡང་།། སྙིང་རྗེ་ལྡན་རྣམས་མཉམ་པར་བྱམས།། སྒྲུབ་པོ་རང་ཉིད་སྡིག་པ་ནི།། ཟད་པས་བདེ་བར་སྣང་བ་ཡིན།། ། རི་བོ་དེ་ནི་ཤམྦྷ་ལའི་ཡུལ་མཐའ་ཡིན་ཏེ། ཕྱོགས་དེ་ན་འཕ ་མ་བྷི་ཀུ་ཊཱི་ཐོར་ཚུགས་གཅིག་མ་བཞུགསོ།། དེ་ལ་མེ་ཏོག་ཀུན་ད་དང་། ཀུ་སུམྦྷའི་མེ་ཏོག་གིས་སྦྱིན་སྲེག་སྟེ་ཕྲག་བརྒྱད་ཕུལ་ནས། དངོས་གྲུབ་ཀྱི་དོན་དུ་གསོལ་བ་བཏབ་ཏེ་འགྲོ་བར་བྱའོ།། དེ་ལས་གངས་ཀི་པུཎྜ་རཱི་ཀ་གཅིག ་དག་བླངས་ཏེ། ཨོཾ་ཤྭེ་ཏ་ཤྭེ་ཏ་ཤྭེ་ཏ་ཛཱ་ཊཱི་ནི་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ། བྷཱི་སྭཱ་ཧཱ། ཞེས་པའི་རིག་པ་ལྔ་སྟོང་དུ་བཟླས་ནས། སྤྱི་བོར་བཅིངས་པ་ཙམ་གྱིས་གནོད་སྦྱིན་གཏུམ་པོ་མཐའ་དག་དབང་དུ་བྱེད་པ་དང་། ཐམས་ཅད་ལ་འཇུག ་པའི་ཤེས་རབ་ཐོགས་པ་མེད་པ་སྐྱེ་བར་འགྱུར་རོ།། དེ་ནས་བྱང་ཕྱོགས་སུ་སོང་ཏེ། མེ་གྷ་ཀེ་རུ་ཞེས་བྱ་བའི་ཡུལ་ལོ།། དེའི་ཡང་ཕ་རོལ་ན་སཱ་ལ་དང་། ཏ་ལའི་ནགས་ཆེན་པོ་དག་ཡོད་དེ། ནགས་དང་གྲོང་ཁྱེར་དེ ་དག་གི་གཞི་ལ་དཔག་ཚད་བརྒྱས་ཡོངས་སུ་བཅད་པ་ཡིན་ནོ།། དེ་དག་གི་ཡང་བྱང་ཕྱོགས་སུ་སོང་བ་ན། ཤུ་ནི་ཀ་ར་ཎ་ཞེས་བྱ་བའི་ཡུལ་དང་། བི་བྱི་ཛ་ལ་ཞེས་བྱ་བ། ཁ་དི་ར་དང་ཙནྡན་གྱི་ནགས་ཆེན་པོ་དག ་ཡོད་དེ། དེ་ཡང་བསྐྱོད་པར་བྱ་བ་དཔག་ཚད་བརྒྱ་པ་ཡིན་ནོ།། དེའི་ཕ་རོལ་ཏུ་ལྗོངས་ཆེན་པོ་སེམ་སུ་ཁ་ཞེས་བྱ་བ་ཡོད་དེ། གང་འཛམ་བུ་གླིང་ན་ཡོད་པའི་ཤིང་གི་རིགས། གང་ཡིན་པ་དེ་ཐམས་ཅད་ཡུལ་དེ་ན ་ཡོད་དེ། མ་ལུས་ཤིང་ལུས་པ་མེད་པས་བརྒྱན་པའོ།། དེའི་ཕ་རོལ་ན་ཀུན་ཏུ་དགའ་བ་ཞེས་བྱ་བའི་ནགས་ཡོད་དེ། དེ་ཡང་འདས་པའི་ཕ་རོལ་ན་གྲོང་ཁྱེར་ཀེ་ལཱ་པ་ཡོད་དེ།། དེར་སྒྲུབ་པ་པོས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་མི་བདག་གི་རྣམ་པ་འཛིན་པ་དེ་ལས། ཆོས་ཉན་པ་ཐོབ་པར་བྱ་བའི་ཕྱིར། ཕོ་བྲང་ཆེན་པོ་ཀ་ལཱ་པ་དེའི་ཕྱོགས་བཞི་ཀུན་ནས་ཕྱག་འཚལ་བར་བྱ།། གདུག་སྤོས་ཀྱང་དཏུལ་བར་བྱ།། མེ་དོག་དག ་ཀྱང་གཏོང་བར་བྱ།། བསྐོར་བ་དག་ཀྱང་བྱ་སྟེ། ཡང་ན་ནི་ཞག་གཅིག། ཡང་ན་ནི་ཞག་བདུན། ཡང་ན་ནི་ཟླ་བ་ཕྱེད། ཡང་ནི་ཟླ་བ་གཅིག་གོ། དེ་ལྟར་སྒྲུབ་པ་པོ་ཉིད་ཀྱི་ཇི་ལྟ་ཇི་ལྟར་སྡིག་པ ་ཟད་པ། གྱུར་པ་དེ་ལྟ་དེ་ལྟར་མི་བདག་བྱང་ཆུབ་སེམས་དཔའི་བཀའ་ཡིས་གནང་བ་བྱིན་ཏེ། གང་གི་ཞབས་ཀྱི་པདྨོའི་དྲུང་དུ་འཁྲིད་པར་བྱེད་དོ།། གང་གི་ཚེ་སེམས་དཔའ་ཆེན་པོ་མཐོང་བ་དེའི་ཚེ། སེམས ་ཀོན་ཏུ་མཉེ་བར་བཞག་པ་དང་། གཡོ་བ་མེད་པ་དང་། དང་བའི་སེམས་ཀྱིས་དབྱུག་པ་འགྱེལ་བ་ལྟར། ཡན་ལག་བརྒྱད་དང་ལྡན་པ་རབ་ཏུ་འདུད་པས། ལན་བརྒྱ་སྟོང་དུ་མར་ཕྱག་བྱའོ།། རིན་པོ་ཆེ་འམ་མེ་ཏོག་དག་ཀྱང་གཏོང་བར་བྱའོ།། གལ་ཏེ་དེ་སྒྲིབ ་པ་ཤས་ཆུང་བ་ཞིག་ཡིན་ན་ནི། དེའི་ཞབས་ལ་མགོ་བོས་གཏུན་པ་ཙམ་གྱིས་འདོད་པའི་དངོས་གྲུབ་ཐོབ་པར་འགྱུརོ།། རྣམ་པ་གཞི་ནི་བྱང་ཆུབ་སེདེའ་དེའི་བཀའ་ལས་འདོད་པའི་དངོས་གྲུབ་ཏུ་འགྱུར་ལ། དེ་བཞིན་དུ་གཞན་ཡང་། དངོས་གྲུབ་ཕྲ་མོ་དག་དང་། ་ཤེས་པ་དག་ཀྱང་ཐོབ་པར་འགྱུར་རོ།། ཙི་ཏེ་འཛམྦུའི་གླིང་གི་ལྷོ་ཕྱོགསུ་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་དོན་དུ་ངེས་པར་བསམས་པ་ཡིན་ན་ནི། དེའི་ཐབས་གང་ཡིན་པ་དེ་ཡང་དྲི་བར་བྱ་ཞིང་། དེས་ཇི་སྐད་བསྟན་པ་བཞིན་དུ། སྒྲུབ་ན་དེ་ཁོ ་ན་བཞིན་དུ་འགྲུབ་པར་འགྱུ་རོ།། དེ་ནས་སྒྲུབ་པ་པོས་ཡུལ་གྱི་མཆོག་དང་མཆོག་དེ་དག་བལྟ་བར་བ། དེ་བཞིན་གཤེཊ་པས་གསུངས་པའི་གླེ་ཊ་བམ་དག་ཀྱང་མངོན་དུ་བྱ། གཙུག་ལག་ཁང་རྣམ་པ་སྣ་ཚོཊ་པ་དང་། མཆོད་རྟེན་རྣམ་པོ་དུ་མ་དེ་དག ་ལ་ཡང་ཕྱག་འཚལ་བར་བྱ། སྨོན་ལམ་དག་ཀྱང་གདབ་པར་བྱའོ།། །། ཡུལ་དེ་ཟླུམ་པོར་མཉམ་པ་ཏེ།། གངས་དང་ལྡན་པས་བསྐོར་བ་ཡིན།། འབྱུང་པོ་ཡི་ནི་ཕྱོཊ་ཆ་ན།། དཔག་ཚད་ལྔ་བཅུར་འཕཊ་པ་ནི།། མཆོག་དང་གྲཊ་པ་རབ་ལྡན་པ།། འབྱུང ་པོའི་དབང་པོ་མགྲིན་སྔོན་གྱི།། རྟག་ཏུ་བརྟེན་ཅིང་དགེ་བའི་ས།། རི་དབང་ཀི་ལ་ཤ་ཞེས་བྱའོ།། སྣ་ཚོགས་རིག་པ་སྨན་གྱི་ལས།། སྒྱུ་རྩལ་དབྱེ་བ་གཞན་དང་གཞན།། བཟོ་རྣམས་དུ་མ་མཐའ་ཡས་པ།། ཉིན་དང་ཉིན་ལ་རྟག་ཏུ་སྤྱོད།། ཕོ་བྲང་མཆོག་ནི་ཀཱ་ལཱ་པ ་རིན་ཆེན་སྣ་ཚོགས་ལས་སྒྲུབས་ཤིང་།། གྲུབ་བཞི་ལྷམ་པའི་གཞི་ལ་གནས།། ལྷ་ཡི་གཟོ་བོས་བྱས་པ་ཏེ།། གྲོང་ཁྱེར་དེ་ཡི་གཡས་དྲོས་ན།། ཙན་དན་ཨ་ཀར་ན་ཊ་ཀྱིས་ཁྱབ།། དངས་ཤིང་གསལ་བ་ཡིད་འོང་བའོ།། ཡིད་ཀྱི་མཚོ་དག་ཡོད་པ་ཡིན།། ་གང་ཞིག་ཡུལ་དེའི་དབུས་ན་ནི།། དེ་བཤད་དག་གནས་པའོ།། ན་ཌ་རྣམས་དང་ནི་ལྗོངས་དག་གི། འཕྲེང་བ་རིམ་པ་གསུམ་གྱིས་མཛེས།། གྲོང་རྡལ་ཉི་རྩ་བརྒྱད་དང་།། ཡུལ་ཕན་དུ་མས་རྣར་བརྒྱན།། ཕྱོ་ཊ་མཚམས་ཀྱི་ནི་ལམ་དག་ན།། རྩེ་མོ་བརྒྱ་དང ་བརྩེགས་པ་ཡང་།། དེ་རྣམས་ལ་ནི་གོ་དགོས་པས།། སྲུང་བ་པོ་ནི་འབུམ་ཕྲག་ཡོད།། གངས་དང་རི་བོ་དེ་དག་ལ།། གླང་ཆེན་སྤོས་ཀྱི་གླང་པོ་དང་།། མཆེ་བཾ་དྲུག་པ་མུ་ཏིག་ཅན།། ནགས་ཚལ་རི་དགས་དུ་མས་མཛེས།། གདོང་ལྔ་པ་དང་རྐང་བརྒྱད་པ།། གླ ་པོའི་གདོང་དང་བྱ་ཚོགས་དང་།། འདབ་ཆགས་སྐྱེས་བུའི་ལུས་ཅན་ཡོད།། དབུས་ལས་རྒྱབ་ཀྱི་ཕྱོགས་ཆ་ན།། རྒྱང་གྲགས་ཚད་ཀྱི་རི་ངོ་བཟང་།། མཚར་དུ་མངར་བ་བཅུ་ཡིན་ཏེ།། བཟང་སྐྱོང་ལྷུན་པོ་རྩེ་འཛིན་དང་།། ས་ཡི་སྙིང་པོ་གཙུག་ཕུད་འཛིན།། ཧ ་ལཱ་ཧཱ་ལ་སྒྲོལ་མཛད་པ།། ལྕང་ལོའི་བདག་པོ་སྒྲ་ཅན་མ།། དོན་དམ་ཡང་དག་འཕཊ་དེ་བཞིན།། བཅུ་པ་མ་རྒྱལ་བ་ལས་རྒྱལ།། དེ་དག་རྣམས་ཀྱིས་བརྟེན་པ་ཏེ།། བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་གནས།། རྟག་ཏུ་བྱང་ཆུབ་སེདའ་ནི།། སྟོང་ཕྲག་བཅུ་བཅུས ་སྟེན་པ་ཡིན།། ཀཾ་ལ་ཤ་ཡི་འགྲམ་དོ་ཊ་ན།། མཁའ་ཁམས་རྡོ་རྗེ་རྣོར་གནས།། སྟོང་ཕྲག་བརྒྱད་ཀྱི་སྨན་རྣམས་དང་།། མཐུ་ལྡན་སྲོག་ཆ་ཌ་དུ་མ་དང་། མེ་ཏོག་འབྲས་བུའི་ཁྱད་པར་ཀུན།། དེ་ན་རྟག་ཏུ་སྤྱོད་པ་ཡིན།། མུ་ཏིག་ཟླ་བ་ཆུ་ཤེལ་དང་།། དམར་པོ་ཨིནྡྲ ་ནཱི་ལ་དང་།། མར་ཏ་ཀ་དང་ག་ཡ་སུ་འཁྱིལ།། པུཥྤ་ར་ག་བྷུ་རུའི་སྡེ།། ཨསྨ་གཎྜ་གསྡེ་ལ་སོཊ།། ཁམས་རྣམ་སྣ་ཚོ་ཊ་མཐའ་ཡས་ཡོད།། དངུལ་ཆུའི་ཁྱད་པར་མང་པོས་གང་།། པ་རུ་ཤ་ཀ་བཻ་ཊུཪྻཱ།། དེ་ན་རྙོད་པར་དཀའ་མིན་ཏེ།། ཁ་ཟས་རོ་བཅུད་སྣ་ཚོགས་པ།། ་དེ་དག་མི་འབྱུང་གང་ཡང་མེད།། སྣ་ཚོགོས་ཀྱི་ཁྱད་པར་ནི།། བསམ་པ་ཇི་བཞིན་བགོ་བྱེད་ཏཱཾ།། དགེ་མཱི་ལཱ་ཀྱི་ལམ་བཅུ་པོ།། རྟག་ཏུ་སྤྱོད་པའི་སྐྱེ་བོ་ཉུང་།། ཕལ་ཆེར་དག་ལ་གནས་པ་ཡིན་ཏེ།། ཐེག་པ་གསུམ་གྱི་ལམ་གནས་པའི།། དྲང་སྲོང་དཔག་ཏུ ་མེད་པས་བརྟེན།། ཐད་ལྷ་ཡི་སྐད་དུ་སྨྲ།། དེ་ན་གནས་པའི་མི་རྣམས་ནི།། ཚེ་ནི་ལོ་བརྒྱ་ལས་མི་ཐུང་།། དུས་མིན་འཆི་བ་ཉུང་བ་ཡིན།། རྟག་ཏུ་འདོད་ལ་དགའ་བར་སྤྱོད།། འོན་ཀྱང་དགེ་བ་ལས་མི་ཉམས།། ཆོས་དང་འདོད་པ་དེ་བཞིན་གཞན།། ནོར་དང་ཐར་པ ་དོན་ཅེས་པ།། རྫོགས་ལྡན་བཞིན་དུ་རབ་སྤྱོད་ཏེ།། འདི་མཚུངས་གཞན་ཡོད་མ་ཡིན།། རྒྱལ་པོའི་བུ་ནི་གང་བཙས་པར།། ནོར་བུ་རིན་འོད་འགྱུར་ལ།། ཞག་བདུན་འོད་བཟང་འཕྲོ་འགྱུར་བ།། དེ་ནི་བྱང་ཆུབ་སེ་དེར་ཤེས།། གང་གིས་སྔོན་ཆད་མ་མཐོང་བའི།། ། ་བ་ཏུ་རྒྱས་པ་ཆེ།། ཁྱིམ་དུ་མངོན་པར་སྐྱེས་གྱུར་པ།། དེ་ནི་ལྷ་ཡིས་ཡན་ལག་མའོ།། མི་བདག་ཡན་ལག་མར་བཅས་པ།། རྒས་པ་མེད་ཅིང་ན་མེད་སྟེ།། འཛེ་བོའི་ཁྲིམས་ཀྱིས་རྟག་ཏུ་མཚོ།། འཁོར་ལོ་སྒྱུར་དང་མཆུ་པ་ཡིཊ།། རྟག་ཏུ་བྱང་ཆུབ་སྲེདར་དང་།། དྲང ་སྲང་ཀྱི་སྤྱོད་པ་ཅན།། ཡང་དག་རིག་པ་ཉིད་སྟོན་གྱི།། ཌོ་གིས་བགྲོད་མེད་མིང་ཙས།། ལས་རྣམས་རྣམ་པ་སྣ་ཚོ་ཌ་དང་།། གྲུབ་པ་བརྒྱད་ལ་སོགས་རྣམས་དང་།། གང་གཞན་དངོས་གྲུབ་སྣ་ཚོགས་དགེ། དེར་ནི་མངོན་སུམ་རྙེད་དགའ་མིན།། ཟླ་བ་རིར་སྒྲུབ་པ་པོ ་འཇདོད་པའི་དངོས་གྲུབ་ཅེས།། ཆོས་ཀྱི་དགའ་བའི་གཏ་ཆེན་པོས།། རྟག་ཏུ་ངོ་མཚར་དགའ་བ་ཡིན།། རྒ་ཌ་བྲལ་བྱེད་དང་དགའ་བ་དང་།། སྤྱོད་པ་གཅིག་ཏུ་དགེ་བའི་བློས།། དག་པའི་སེམས་ནི་གཉེན་གཤིན་པ། སྦྱིན་དང་བ་དང་དུལ་བ་དང་། མི་ཆེ་བཾ་དང ་རྩེ་ག། དང་།། རིག་དང་ཤེས་དང་ལེགས་པར་ཐོས།། བསམ་གཏན་ཟླ་དང་མཚོ་དེ་བཞིན།། ཡང་དག་དེ་ཉིད་སྒོམ་པའོ།། དེ་སྐད་གསུངས་པས་འདུས་པ་དེ།། ཐཾད་རྗེ་སུ་ཡི་རང་འགྱུར།། སྐལ་བཟང་ལྡན་པ་ལྔ་བརྒྱ་པོས།། 5་ཡ་འདུད་ཅིང་བསྐོར་བ་བྱས།། ་དེ་ནས་རྩེ་ལྡན་འཛིན་མགོན།། རབ་ཏུ་གཞད་ཅིང་ལེགསོ་ལ་ཊ།། སྐྱེ་བཾ་མང་པོ་གྲོལ་དོན་དུ།། དོན་ཡོད་ལྷུཊ་ཀྱུས་འདི་བག་དོ།། འཁོར་རྣམས་ཀྱིས་ནི་འདི་བཟུང་ནས།། རྟག་ཥུ་བཅང་ཞིང་ཆུབ་པར་གྱིས།། བློས་ལྡན་པ་ལ་ཡཎྜ་ལོ།། ཏིང་འཛིན་གྱི་ཤུཊ་ཐོབ་ནས།། ་གྲོང་ཁྱེར་དྲུག་ཏུ་ཡུད་ཀྱིས།། ཐེག་མཆོག་ཆོས་ནི་རབ་ཤད་ནས།། རིམ་པའི་ཆོ་ག་འདི་ཉིད་ཀྱིས།། གྲོང་ཁྱེར་ཀ་ལཱི་བཻར་སོ་།། དེ་ལས་བརྒྱ་ཕྲག་བཞི་རྣམ་ཀྱིས།། དད་པའི་དངོས་པཔ་ཆེན་པོ་ཐོབ། ཁང་མི་ཛྭ་མི་རྟག་དེ་ང་མེ། ལྷས་མ་ཡང་ཡིན་དེ། ཟབ་དང་རྫ ་ཆེའི་ཚུལ་རྟོན་ནས།། གྲོང་ཁྱེར་དྲུག་ཏུ་སླར་ཡང་འོངས།། དོན་ཡོད་ཞཊ་པའི་མདོ་སྡེ་ནི།། སྟོང་ཕྲག་ལྔ་བཅུ་ཅིག་པ་དང་།། རིག་པ་མཆོག་འབྲུམ་སྡེ་སོཿ། གཞན་ཡང་རིག་སྔཊ་སྣརོ་ཊ་དང་། རལ་པ་གཅིག་མའི་ཆོ་ག་དང་།། འཇམ་པའི་རྡོའི་རྟོག་པ་ནི།། ་སྟོང་ཕྲག་ཉི་ཤུ་ལྔ་པ་སྟེ།། ཆོ་ག་དུ་མ་རྒྱས་པར་བྱས།། ། གང་ཞིག་ཀ་ལྔ་པར་འཇུག་པའི།། ཐངས་འདི་བྲིས་པའི་བསངས་ཀྱིས།། འགྲོ་བ་དྲུག་ཏུ་འཁོར་བ་རྣམས།། འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག། ཅེས་པ་དང་ལྡན་ཀ་ལཱ་པར་འཇུག་པ་ཞེས ་བྱ་བ་ཐེག་པ་ཆེན་པོའི་ཐབས་ཆོས་ཀྱི་རྣམ་གྲངས་ཇི་སྙེད་པ་རྟོག་སོ།། རྒྱལ་ཁམས་པ་དྷཱ་ར་ནཱ་ཐས་བལ་པོའི་དཔེ་ལས་བསྒྱུར་བ་ཏེ། དོན་དཀའ་བ་དཀའ་བ་རྣམས་བྲམ་ཟེའི་པིཏྟཱ་ཏ་ཀྲིཥྞ་ཞེས་བྱ་བ་ལ་དྲིས་ཤིང་གཏན་ལ་ཕབ་ཏེ་ཞུས་དག་བྱིས་པའོ།། ་བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མར་བསགས་པའི་སྡིག་སྤྲོ་བ་མ་ལུས་ཀུན།། དགེ་འདིས་དུག་ལྔའི་མེ་ལྕི་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང ་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྔ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། ། མ་དྷཱ་ལམ།་