CLOSE WINDOW

GT3921: bcom ldan 'das ma shes rab kyi pha rol tu phyin ma 'phags ma tshigs su bcad pa bdun ma zhes bya ba'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། ཨརྱཱ་སཔྟ་ནྡོ་ཀི་ཀཱ། བྷ་ག་བ་དྷི་པཛྙཱ་པཱ་རཱ་མི་ཏྱཱ་སྱཱཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཕགས་མ་ཚིགས་སུ་བཅད་པ་བདུན་མ་ཞེས་བྱ ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མི་འཕགས་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ཅན། འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ་ཏདྱ་ཐཱ། ཨཾ་ཛྙཱ་པྲདྡྷི་ཏཾཿཱཀྵ་ཡ་ཀོ་སྟྲི་པྲ་ཏི་བྷཱ་བ་ཏི། སརྦ་བུདྡྷ་ཨ་བ་ལེ་ཀཻ་ཏྭེ་ཡོ་ག་པྲ་ཏི་ནིསྨཱནྠ། གཱཾ་བྷཱི་རཱརྦུ་བི་གྷཱ་ཧི་ཏྲཾ་ཊོ་པ་ར་ནཱི་སཱནྠ། བེ་དྷི་སཏྭཱ་སི་ཛཱ་ན་ནྟི་སཛྫ་བཱ་སེ་ཥ་བི། སོཀྵྞོ་སརྦྦ་ཏ་ཐཱ་གརྦྷ་བྷཱུ་སྱཻ་ཏྶུ། དྷརྨྨ་སཱ་གྲ ་རས་སྟྲྀ་ཏཱཾཿ། དྷརྨྨ་རཱི་ཛ་བྷཱ་ས་དྷྭཾ། ཨ་མོ་གྷ་སུ་ཛྙཱནྟི། མྲྀ་ཧཱ་ས་མནྟི་རུ་ཏཱུ་ཊུ་དྷཱ་ནིཪྻཱ་ཏཱི། བྷཱུ་ཀ་རེ་ཎ་པ་རཱ་པྲཱ་ར་ནཱི་སྱཱརྦ་བུདྡྷ་བོ་དྷི་སྭཏྟེ་ས་ཛཱ་ན་ནཱཾ། བྷཾ་གཱ་ཏྱཾ་བུདྡྷ་མཱ་ཏཱ། ཨོཾ་ཨ་རེ་ཊྚི། ཨ་ར་ནཱི་ཀཾ་ར་ཌཱི་མ་ཧཱ་པྲཛྙཱ་བཱི་ར་མཻ་ཏཱ་སཱཾ་ཏཱཾ། ་གང་དུས་གཅིག་ན་རྗེ་སུ་དྲན་པར་བྱེད་པ་དེ། བསྐལ་པ་དཔག་ཏུ་མེད་པར་ལྷན་ཅིག་ཉི་བར་བསགས་པའི་ལས་ཀྱི་སྒྲིབ་པ་མེད་པ་དང་། སངས་རྒྱས་སྟོང་གིས་ཉེ་བར་བསགས་པའི་དགའ་བ་ཐམས་ཅད་ཡང་དག་པར་བསྡུས་པ་དང་། ་གང་འཁོར་བར་བདེ་བ་དང་ལྡན་པར་བྱེད་པར་འགྱུར་བ་དང་། སྐྱེ་བ་དང་བརྗེས་ནས་ཀྱང་། འཁོར་ལོ་བསྒྱུར་བའི་རྒྱབ་པོ་སྟོང་ཕྲག་སོ་སེར་རྙེད་པར་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ། སངས ་རྒྱས་སྟོང་མཐོང་བར་འགྱུརརོ།། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཉེ་བར་འགྲོ་བར་འགྱུར་རོ།། ཉིན་ལན་གསུམ་མཚན་ལ་ན་གསུམ་དུ་ཉིན་རེ་ལེ་ལན་ཉིད་ཅུ་རྩེ་གཅིག་བརྗོད་ན། ཉི་མ་ཉི་ཤུ་རྩ་གཅིག་པུ་ལ ་སངས་རྒྱས་བཅོམ་ལྡན་འདས་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ།། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འགྱུར་རོ།། སངས་རྒྱས་སེམས་དཔའ་ཡང་དག་པར་བརྗོད་པའི་མདོ་དག་པའོ། ་ཞེས་སོ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཚིགས་སུ་བཅད་པ་བདུན་མའི་མདོ་རྫོགས་སྷོ།། །། ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་མ་གྲི་དང་། ་ད་ཀྱི་ལོཙྪ་པ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ།། ་