| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ན་བ་ཤློ་ཀ་བོད་སྐ་དུ། ཚིག་སུ་བཅད་པ་དགུ་པ། བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྔ་ཕྱག་འཚ་ལོ།། དགེ་བའི་རིན་ཆེན་འབྱུང་གནས་གང་།། ཤེས་རབ་ཕ་རོལ་ཕྱིན། ་བྱང་ཆུབ།། ཐམས་ཅད་ཕ་རོལ་ཕྱིན་མྱ་དེར།། དེ་རང་ཉིད་ཀྱི་རྣམ་པར་གནས།། སྤྲོས་པ་མེད་ཅིང་སྣང་བ་མེད།། ཀུན་གཞི་མེད་ཅིང་རྣམ་རྡོག་མེད།། རང་བཞིན་མེད་ཅིང་མཆོག་ཏུ་ཕྲ།། སྒྲ་དང་ཐིག་ལེ་རྣམ་པར་སྤངས།། ་སངས་རྒྱས་ཐམས་ཅད་འབྱུང་བའི་མཆོག། ཤེས་རང་ཕ་རོལ་ཕྱིན་མ་ཡུམ།། རང་བཞིན་དེ་ཡིས་མ་དམིགས་ནི།། ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ལོ།། ཡང་དག་ཤེས་རབ་ཕ་རོལ་ཕྱིན།། གང་ཞིག་སྒོམ་པར་བྱེད ་འདོད་པ།། ཚིགས་བཅད་དགུ་ཡི་དོན་ལས་དེས།། བསམ་པར་བྱ་བ་བསྡུས་པའོ།། ལས་ཀྱི་མཐུ་ལས་ཡང་དག་བྱུང་།། སྐྱེ་མཆེད་དྲུག་གི་མཚན་ཉིད་མེད།། སླར་ཡང་འབྱུང་བ་ཞེས་བརྗོད་པ།། མིག་ཡོར་ལྟ་བུར ་བརྗོད་པ་ཡིན།། སྤྲུལ་པའི་གྲོང་ཁྱེར་གང་དེ་བཞིན།། སྤྲུལ་པར་རྣམ་པར་བལྟ་བར་བྱ།། ལས་ཀྱིས་སྤྲུལ་པའི་འགྲོ་བ་ཡོས།། ངོ་བོ་གང་ཡིན་དེ་བཞིན་ནོ།། གང་ལས་ཆོས་བསྟན་པ་ཡི་སྒྲ།། འགའ་ཞིག་ཐོས་པའི ་སྲོད་ཡུལ་ལོ།། བྲག་ཆེ་ལྟ་བུར་ཐམས་ཅད་དུ།། རབ་ཏུ་རྨ་ད་བྱུང་ཐོས་མ་ཐོས།། བསྣམས་དང་མྱངས་དང་གང་ཡང་ནི།། རེག་པའི་ལུས་ལ་རོལ་བ་ཡིས།། འདི་དག་རྨི་ལམ་ལྟ་བུ་སྟེ།། ཐམས་ཅད་དམིགས་པ་ཡོད ་ཡོད་པ་སམ།། མཱ་ཀཱ།། མ་ཁྲུབ་ལ་ར་བཞན།། ཐ་དདུ་བསམ་པས་བྱུང་དང། དུག་མེད་ཨ་ལ་རྒྱལ་འཁོར་གྱུད། བྷྱ་བྱུང་བ་དྲཤཱནྡན་མཱ།། ཨཱན་ཀླས་ད་དུ ་ཡང་སྐད་ཅིག་སོ་སོར་ཡང་དག་འབྱུང་།། འདི་དག་སྨིག་སྒྱུ་ལྟ་བུར་གང་།། མཐོང་བ་ཉམས་པས་མཚན་ཉིད་བྲལ།། གཟུགས་བརྙན་ལྟ་བུར་གཟུང་བར་བྱ།། ཐོག་མེད་སེམས་ལས་ཀུན་ཏུ་འབྱུང་།། དེ་རྣམ་པ་དང་རྣམ ་ཤེས། ཕན་ཚུན་དུ་ནི་གཟུགས་བརྙན་བཞིན།། བསམས་པས་དང་བའི་རྒྱུད་ལ་གང་།། ཡེ་ཤེས་དབང་པོ་ཡང་དག་འབྱུང་།། ལྟེང་ཀའི་ཟླ་བ་ལྟ་བུར་གང་།། དེ་བཞིན་སྔོན་སུམ་ཡིད་མ་ཡིན།། རྣལ་འབྱོར་པས ་ཀྱང་ཡེ་ཤེས་གང་།། དེ་ཡང་ནམཁའ་མཁའི་མཚན་ཉིད་དོ།། དེ་ཕྱིར་ཤེས་དང་ཤེ་བྱ་གང་།། ཐམས་ཅད་ན་མཁའི་མཚན་ཉིད་དོ།། རང་བཞིན་རྣམས་ལ་གནས་མེད་པ།། དེ་ཉིད་དེ་ལྟར་བསམ་པར་བྱ།། བྱང་ཆུབ ་སྨོན་ལམ་སེམས་ལས་ནི།། ཡེ་ཤེས་མཆོག་ནི་འབྱུང་བར་འགྱུརརོ།། ཀུན་ཏུ་རྟོགས་པོ་ཐམས་ཅད་སྤངས།། འདི་དེ་མཆོག་ཏུ་ཤེས་པར་བྱ།། གང་དུ་རྣལ་འབྱོར་པ་གནས་པ།། མངོན་སུམ་ཀུན་མཁྱེན་བཅོམ་ལྡན ་འགྱུར།། ཚིག་སུ་བཅད་པ་དགུ་པ་ཞེས་བྱ་བ།། དཔལ་ལཾ་བ་པའི་ཞབས་ཀྱིས་མཛད་པ་རྫོག་སྷོ།། ། ཁ་ཚོའི་པཎྜི་ཏ་ཆེན་པོ་སུ་མ་ན་ཤྲྀ་དང་། བོད་ཀྱི་ལོཙྪ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བ་ལ། ་