CLOSE WINDOW

GT390: dgyes pa'i rdo rje'i sbyin sreg gi cho ga
Wyliee-texts produced with BDRC’s OCR application

པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ནག་པོ་དང་། འགོས་ལྟོས་བཙས་ཀྱིས་བསྒྱུར་བའོ།། ། རྒྱ་གོར་སྐད་དུ། ཧེ་བཛྲ་ཧོ་མ་བི་དྷི། བོད་སྒང་དུ། དགྱེས་པའི་རྡོ་རྗེའི་སྦྱིན་སྲེག་གི་། ་ག་དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལོ།། དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་།། བདག་མེད་མ་ལ་ཕྱག་བྱས་ཏེ།། རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས།། སྦྱིན་སྲེག་ཆོ་ག་བཤད་པར་བྱ།། བདག་གཞན་ཕན་པར་འདོད་པ་ཡིས།། རྣམ ་ནོརྙོག་ང་རྒྱལ་སོགས་སྤངས་ཏེ།། ཆོས་ཕྱིར་འབྲང་བའི་བློ་ཡཱིས་ནི།། སྦྱིནཱ་སྲེག་ཆོ་ག་མཉན་པར་གྱིས།། བླ་མེད་ནང་དང་ཕྱི་ཡི་སྟེ།། སྦྱིན་སྲེག་དབྱེ་བ་རྣམ་པ་གསུམ།། ཡེ་ཤེས་མེ་ལ་ཕུང་པོ་སེགས།། བུད་ཤིང་བསྲེག་པ་བླ་མེད ་ཡིན། ཁ་ཟས་བཟའ་སོགས་ནང་གིར་བཤད།། ཕྱི་ཡི་སྲེག་རྫསོ་སྦྱིན་སྲེག་སྟེ།། དཀྱིལ་འཁོར་དང་ནི་ལྷག་གནས་དྲང་།། སྒྲུབ་པའི་དུསུ་སྦྱིན་སྲེག་བྱཱ།། གསང་སྔགས་མ་བཟས་མི་འགྲུབ་ལ།། སྦྱིན་སྲེག་མ་བྱས་འཐས་མི ་འབྱིན།། ལུས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར།། བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ།། སྡིག་པ་གཞིག་ཕྱིར་ཞི་བ་སྟེ།། བསོད་ནམས་ཡོངསུ་སྤེལ་རྒྱས་ཡིན།། ཆགས་པ་བསྒོམ་ཕྱིར་དབང་གྱུར་ཏེ།། རྟོག་པ་སང་ཕྱིར ་མོམངོན་སྤྱོད་ཡིན།། ཉོན་མོངས་སྡིག་པ་ཞི་བྱེད་ཅིང་།། ཏིངངེ་འཛིན་ནི་རྒྱས་བྱེད་ཕྱིར།། རང་གི་ལྷ་ཡི་སྦྱོར་བས་པ་དག། ཅི་འདོད་པར་ནི་སེམས་ཀྱིས་བྱ།། དེ་ཕྱིར་ཐམས་ཅད་བཤད་བྱ་སྟེ།། ཐབ་དང་རྫས་ཀྱི་མཚན་ཉིད་དང་།། སྒྲུབ་པ ་པོ་དང་ལྷོ་དག་དང་།། སྒྲུབ་པའི་ཐབས་དང་རྣམ་པ་ལྔ།། དེ་ལ་སྦྱིན་སྲོག་སྤྱི་ཡི་ཐབ་བཤད་པ།། སེམས་ཅན་དབྱེ་བས་མཐའ་ཡས་པས།། ལས་ཀྱི་དབྱེ་བས་བཞི་རུ་འགྱུར།། རིགས་ཀྱི་དབྱེ་བས་ལྔ་རུ་བྱེད།། ཞི་བ་ཁ་དོག་དཀ ་པོ་སྟེ།། རྒྱས་པ་གསེར་གྱི་མདོག་ཏུའོ།། དབང་ལ་ཁ་དོག་དམར་པོའོ།། མངོན་སྤྱོད་ལ་ནི་ནག་པའོ།། དགུག་དང་སྐད་ལ་ནག་པའོ།། ཞི་བ་ལ་ནི་ཟླུམ་པོ་སྟེ།། རྒྱས་པ་ལ་ནི་གྲུ་བཞི་བྱ།། མངོན་སྤྱོད་ལ་ནི་གྲུ ་གསུམ་མོ།། ལྷག་མ་དེར་ནི་བསྒྲུབ་པར་བྱ།། རྒྱུ་རུ་ཁྲུ་གང་ཟབ་སུ་ནི།། མཐེ་གྲང་བ་ནི་ཞི་བ་ཡིན།། རྒྱ་རུ་ཁྲུ་དོ་ཟབ་སུ་ནི།། ཁྲུ་གང་པཱ་ནི་རྒྱས་པའོ།། རྒྱ་རུ་སཽ་ར་མོ་ཉི་ཤུ་ལཱ།། ཟབས་སོར་བཅུ་མངོན་སྤྱོད་དོ།། དབང་དང་དགུག་པོ་དེ་དང་འདྲ།། ་ཞི་བ་ཁ་ཁྱེར་སོར་བཞིས་བསྐོར།། རྒྱས་པ་ལ་ནི་སོར་བརྒྱ་དོ།། མངོན་སྤྱོད་ལ་ནི་སོར་གསུམོ།། དབང་དང་དགུག་ལ་དེ་བཞིན།། ཞི་པའི་ཐབས་ཁུང་དབུ་སུ་ནི།། རྡོ་རྗེ་དང་ནི་གྲི་གུག་བྲི།། ཁ་ཁྱེར་ལ་ཡང་རྡོ་རྗེས་བསྐོར།། རྒྱས་པའི་ཐབས་ལ་རིན་པོ ་ཆེཁ་ཁྱོར་རིན་པོ་ཆེ་ཡིས་བསྐོར།། མངོན་སྤྱོད་ཐབས་ལ་རལ་གྲི་སྟེ།། ཁ་ཁྱེར་ལ་ཡང་རལ་གྲིས་བསྐོར།། དབང་དང་དགུག་ལ་ལྕགས་ཀྱུའོ།། ཁ་ཁྱེར་ལ་ཡང་ལྕགས་ཀྱུས་བསྐོར།། དེ་འདྲའི་ཐབས་ཁུང་ཀུན་ལ་ཡང་།། ཁ་དོག་མཐུན་པའི ་དྲི་ཡིས་བྱུགས།། ཞི་བ་ཤར་གྱི་ཕྱོགསུ་བྱ།། རྒྱས་པ་བྱང་གི་ཕྱོགསུ་བྱ།། ལྷོ་ཡི་ཕྱོགསུ་མངོན་སྤྱོད།། ནུབ་ཀྱི་ཕྱོགསུ་དབང་དང་དགུག། ཞི་བ་ས་གཞི་དཀར་པོ་སྟེ།། རྒྱས་པས་གཞི་སེར་པོའོ།། དབང་ནི་ས་གཞི་དམར་པོ་ལ།། མངོན་སྤྱོད་ས ་གཞི་ནག་པོའོ།། ཞི་བ་ཕལ་ཆེར་སྲོང་ལ་བྱ།། རྒྱས་པ་སྔ་དྲོ་བྱ་བར་བཤད།། དབང་ནི་དགོངས་ཀའི་དུ་སུའོ།། མངོན་སྤྱོད་ནམ་ཕྱེད་ཉི་བྱེད་བྱ།། ཚོན་གྱིས་རྗེས་མཐུན་བྲི་བ་འམ།། ཡང་ན་མེ་ཏོག་དག་ཀྱང་རུང་།། ཟབ་ཁུང་དག་ནི་དེ་ལྟར་བྱ།། ་རྣམས་འདི་ལྟར་ཤེས་པར་བྱ།། ཞི་བ་མར་གྱི་ཏིལ་གྱིསོ།། རྒྱས་པ་ལ་ནི་ཞོ་དང་ཟན།། དབང་དང་དགུག་ལ་ཨུཏྤ་ལ།། མངོན་སྤྱོད་ལ་ནི་ཚྭ་ར་མ་སོ།། བསྐྲད་པ་ལ་ཡང་ཚེར་མ་སོ།། ཀུན་ལ་མཐུན་པར་དེ་དྲག་སྟེ།། བསང་གཏོར་དྲི་དང ་བྱུག་པ་དང་། མེ་ཏོག་མར་མོ་ལྷ་བཤོས་དང་།། ཡམ་ཤིང་ཀུ་ཤའི་མྱུ་གུ་དང་།། མར་དང་སྦྲང་རྩི་དུར་བ་དང་།། གླ་གོར་ཞི་ཤ་ཛ་ཏི་སོགས།། འབྲས་བུ་རྣམ་པ་སྣ་ཚོགས་དང་།། གཞན་ཡང་ཞུ་བའི་རྫས་རྣམས་དང་།། མ་གྲུག། ་འབྲས་དང་གྷོ་དང་འབྲུ།། ནས་ཐུག་དང་ཊཱི་གྲོ་ཐུག་དང་།། བདུད་རྩི་ལྔ་དང་འོ་མ་དང་།། མཆོད་ཡོན་དང་ནི་ཞབས་བསིལ་དང་།། མངོན་སྤྱོད་ལཱ་ནི་བསྒྲུབ་བྱའི་ས།། རྐང་རྗེས་ས་དང་བཤང་པ་གཅི།། ཁྲག་དང་མི་རུས་ཕྱེ་མ་དང་།། དུག་དང་། ་སྐེ་ཚེ་ལྡན་ཚྭ་དང་།། དཔའ་བོ་ལྔ་དང་ཁྭ་ཡི་ཤ། གཞན་དག་དགང་གཟར་བླུགས་གཟའོ།། མཆོད་ཡོན་ལ་སོགས་སྣོད་རྣམསོ།། ཡུལ་གའི་རྩེ་མོའི་ཆ་ལས་བྱུང་།། བུད་ཤིང་ཞི་བའི་ལས་ལ་འདོད།། ཡལ་གེའི་དབུས་ཀྱི་ཆ་ཝ་བྱུང་།། ་བུད་ཤིང་མངོན་སྤྱོད་ལས་ལ་འདོད།། མཆོད་སྦྱིན་ལ་སོགས་ཤིང་ལས་བྱུང་།། ཡ་མ་ཤིང་སོར་ནི་བཅུ་གཉིས་པ།། དེས་ནི་ཞི་བའི་ལས་ལ་ཤིས།། རྒྱས་པོ་ལ་ནི་ཁྲུ་གང་ངོ་།། དབང་དང་དགུག་ནི་ཞི་དང་འདྲ།། མངོན་སྤྱོད་ལ་ནི ་སོར་བཅུའོ།། ཞི་པོ་ལ་ནི་དགོན་མེ་དང་།། བྲམ་ཟེ་ཐ་མལ་པ་ཡི་མེ།། རྒྱས་པ་ལ་ནི་རྒྱལ་རིགས་སམ།། རྗེ་རིགས་ལས་བྱུང་མེ་ཡིས་བྱ།། དབང་དང་དགུག་ལ་སྨད་པ་དང་།། ལམ་དུ་བྱུང་བའི་མེ་ཡིས་བྱའོ།། མངོན་སྤྱོད་ལ ་གདོལ་པ་འམ།། རྡོ་ལས་བྱུང་བའི་མེ་ཡིས་བྱའོ།། དགང་གཟར་བླུགས་གཟར་ཡུ་བ་ཁྲུ།། འོག་ཏུ་རྡོ་རྗེ་རིན་ཆེན་བྱ།། དེ་སྟེངས་དགང་གཟར་རྒྱུར་སོར་བཞི།། མཆུ་ནི་པདྨ་འདབ་མའི་དབྱིབས།། བླུགས་གཟར། ་པདྨའི་དབྱིབས་སོར་གཉིས།། ཁ་ལ་རྡོ་རྗེས་མཚན་པའོ།། ཁ་དོག་ཁྱད་པར་ལས་ཀྱི་རིམ། ཥཱཾ་སུ་མཐུན་པའི་དབུལ་བར་བྱའོ།། སློབ་དཔོནྡ་དག་གམཾ་སྒྲུབ་པ་པོ།། མཚན་ཉིད་མ་ཆད་ཡང་དག་ལྡན།། སྦྱིན་སྲེག་ལས་ལ་མཁས་པ་ཡིས།། ་རྩེ་བས་སྦྱིན་སྲེག་ལས་རྣམས་བྱ།། འདི་ནི་ལྷ་ནི་རྣམ་གསུམ་སྟེ།། སྲེག་བྱ་ལེན་དང་ལས་བྱེད་དང་།། མཆོད་པར་བྱ་བའི་མེ་ལྷ་སྟེ།། མཚན་ཉིད་འོག་ནས་ཤེས་པར་བྱ།། ཐབ་ནི་འདི་ལྟར་ཤེས་པར་བྱ།། དེ་ནས་སྒྲུབ་པ་པོ་དེ་ཡིས།། ཁྲུས་ལ ་སོགས་པ་ལྔར་བྱས་ཏེ།། སྤྲིན་སྲེག་ཁང་པར་ལེགས་འདུག་ལ།། ལས་དང་རྗེ་སུ་མཐུན་པ་ཡིས།། ལྷ་ཡི་རྣལ་འབྱོར་བསྒོམ་པར་བྱ།། དེ་ནས་བསང་གཏོར་སྣོད་ལ་ནི།། གསང་སྔགས་འདི་དག་བརྗོད་པར་བྱ།། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི ་ཡིས་རྫས་རྣམས་བས་ཕོ་བར་བྱ།། དེ་ནས་མཆོད་ཡོན་ལ་སོགས་ལ།། རང་རང་གསང་སྔགས་བཟླས་པའམ།། ཡང་ན་འདི་དག་བཟློས་བརྗོད་བྱ།། ཨོཾ་ཨཱཿཧཱུཾ། ཐམས་ཅད་དྲག་པར་མོས་བྱས་ཏེ།། འོག་ནས་བཤད་པའི་མེ་བླངྒ་ལྀ།། དེ་ལ་རཀྵ ་བསང་གཏོར་བྱ།། ཐབ་ཁུང་བས་ཞིང་མེ་བཅུག་ལ།། རླུང་ཡབ་ཀྱིས་ནི་སྦར་བྱ།། ཨོཾ་ཨེ་ཧེ་རུ་ཀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། དེ་ནས་བགེགས་ནི་བཅིང་བའི་ཕྱིའོ།། སྔགས་ནི་འདི་དག་བརྗོད་ནསུ།། ཤར་དང་ལྷོ་དང་ནུ་བ་དང་བྱང་།། དེ་བཅིང་སྟེང ་དུའང་བཅིང་བར་བྱ།། ཨཱ་སརྦྦཱ་བིགྷྣཱན་ཧཱུཾ་ཕཊ། སྟོང་པ་ཉིད་དུ་བྱེད་པ་ཡིས།། རྒྱལ་བའི་སྔགས་འདིས་བརྗོད་པར་བྱཱ། ཨཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བདྡྷ་སྭབྷཱ་ཨཱཏྨ་ཀོ་ཧཱུཾ། སྟོང་པར་རཾ་སྐྱེས་ཧཱུཾ་དངོས་ལས།། སྣ་ཚོགས་རྡོ་རྗེ་བསམཱ་བྱ་བྷྲིང་།། འགྷྲྀ་དྷཱཉྫ། ་བདུད་རྣམས་ཞི་བྱེད་པའི།། ཧཱུཾ་ལ་སྭ་འོདྀ་གཟེར་སྤྲོ་བར་བྱ།། གསུང་སྔགས་འདི་དག་བརྗོད་པར་བྱ།། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ་དེ་ལས་རྡོ་རྗེས་བསྐོར་བའི་གུ་རཱ།། ར་བ་ཡང་ནི་བསྐོར་བར་བྱ།། རྡོ་རྗེ་ས་ད་ནཱ་མཁའི་དབྱི་བས།། ཡཾ་རཾ ་འབྱུང་བའི་དཀྱིལ་འཁོར་བཞི་དང་ནི།། ཛྙཱ་གི་འཁོར་ལོ་ལས་བྱུང་བའི།། གཞལ་ཡས་ཁང་ནི་བསམ་པར་བྱ།། དེ་ད་ཧཱུཾ་ལུས་བྱུང་བ་ཡི།། ཐབ་ཁུང་དག་ནི་བསམ་པར་བྱ།། དར་ནཱི་ར~ཾ་ལས་བྱུང་བ་ཡི།། མེ་ནི་གྲཝ་གསུམ་འབར་བའོ།། ་དེར་ནི་པཾ་ལས་པདྨ་བསམ།། མངོན་པར་བྱང་ཆུབ་ལྔ་ཡིས་ནི།། རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ།། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི།། རྡོ་རྗེ་སེམས་དཔའ་ཡོངས་གྱུར་པས།། རཾ་ལས་བྱུང་བའི་མེ་ལྷ་བསམ།། ཞི་བའི་མེ་ལྷ ་བྷ་ག་མེ།། རྒྱལ་པ་ལ་ནི་དབང་ཆེན་མེ།། དབོང་དང་དགུག་ལ་འདོད་པའི་མེ།། མངོན་སྤྱོད་ལ་ནི་གསོད་པའི་མེ།། ཞལ་གསུམ་ཕྱག་ནི་དྲུག་པ་ལ།། དང་པོས་རིག་མ་ཡང་དག་འཁྱུད།། ཁ་དོག་ཕྱག་རྒྱ་ལས་ཀྱི་རིགས།། ཇི་ལྟར་འབྲུ ་པབ་བསམ་པར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། ཡེ་ཤེས་མེ་ལྷ་སྤྱན་དྲངས་ནས།། དམ་ཚིག་མེ་ལྷར་བསྟིམ་པར་བྱ།། གཽ་རཱི་ལ་སོགས་བཞི་པོ་ཡིས།། དགུག་གཞུག་བཅིངས་ལ་དབང་དུ་བྱ།། མིག་དང་སྐུ་སོགས ་བྱིན་གྱིས་བརླབས།། ཐུགས་ཀའི་ས་བོན་འོད་ཟེར་གྱིས།། ཕྱོགས་བཅུ་མགོན་པོ་བསྐུལ་ནས་ནི།། དབང་བསྐུར་བ་ནི་ཐང་བར་བྱ།། ཞི་བའི་མེ་ལྷ་རྣམ་སྣང་མཛད།། རྒྱས་པ་ནི་རིན་ཆེན་འབྱུང་།། དབང ་དང་ད་ག་ལ་འོད་ཕྱུག་མེད།། མངོན་སྤྱོད་ལ་ནི་མཾ་བསྐྱེད་པ།། དབུ་རྒྱུནྡྲ་ལ་ནཱི་བསམ་གཏཱནཱ་ཡི་ནོ།། མཆོད་ཡན་བཾ་སད་བཏོར་པོ་ཞབས་བསིལ་དབུལ།། དེ་ནས་མེ་ལྷའི་ལྕེ་དང་ནི།། དགང་གཟར་བླུགས་བཟར་ནང་དུ་ནི།། ་ཡི་གེ་རོ་ནི་རྣམ་དགོ་དོ།། དགང་བླུགསོ་བདུན་ནམ་གསུམ་འམ་གཅིག་མི་ལྷའི་སྔགས་ཀྱིས་དབུལ་བར་བྱ།། དེ་ནས་ལེགས་པར་མེ་དེ་ལ།། འབར་བར་མཚན་མ་བརྟག་པར་བྱ།། ངན་པ་སྤང་བར་བྱ་བའོ།། དེ་ནས་མཆོད་པའི་ཡན ་ལག་ཀུན།། བསང་གཏོར་གྱིས་རབ་ཏུ་མཆོད།། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། བསང་གཏེར་གྱིས་སྔགསོ།། ཨོཾ་ཨཱཿབཛྲཱ་ར་ལེ་ཧཱུཾ། མཆོད་ཡོན་གྱི་སྔགསོ།། ཨོཾ་ཨཱཿནི་ཊི་ཏཱི་ཧཱུཾ། ཞབས་བསིལ་གྱི་སྔགས།། ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ། བདུག་པའིའོ།། ཨོཾ ་བྷཛྙཱ་པུཥྤེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གིའོ།། ཨོཾ་ཨཱཿབཛྲ་ཨཱ་ལཾ་ཀེ་ཧཱུཾ་སྭཱཧཱ། མ་རོ་མོའི་འོ།། ཨོཾ་ཨཱཿབཛྲ་གནྡྷི་ཧཱུཾ་སྭཱཧཱ། ཛིའིའོ།། ཨོཾ་ཨ་ཀྵོ་ར་མུ་ཁཾ་སརྦྦ་དྷརྨཱ་ཎཾ་ཨཱ་ཏྲ་ནུརྠནྡེ་ཏྭཱ.ོཾ་ཨཱ~ཾཿཧཱུཾ་ཕཊྚ་སྭཱ་ཧཱ། བཾ་ཤེས་ཀྱིའོ།། ཨོཾ་སརྦྦཱ་དཱི་པ~ཾ་ཡ~ཾ་ན་ད་ཧ་ཧཱུཾ། འདི་ཞེས་བྱ ་བའི་སརྦྦཱ་པཱ་བི་ད་ཧ་ན་བཛྲཱ་ཡ་སཱཧཱ། ཧིས་གྱིའོ།། ཨོཾ་སརྦྦ་ས་པ~ཾ་ད~ཾ་སྭཱ་ཧཱ། ཞོ་ཟན་གྱིའོ།། ཨོཾ་བཛྲ་ཡཱཾ་ཛྙཱ་ན་ཡ་སྭཱ་ཧཱ། ཡཾ་ཤིང་གིའོ།། ཨོཾ་བྷོ་དྷི་བྲྀཀྵ་ཡ་སཱ་ཧཱ། བྱང་ཆུབ་ཀྱི་ཤིང་ཀྲོ་ལེ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱིལ།། ཨོཾ་བཛྲ་གསྨ་རི་པཱཧཱ། ་དབུལ་ལོ།། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ།། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲུ་དབུལོ།། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའི་འོ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དུར་བའི་འོ།། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ།། ཨོཾ་མཱ་ཧཱ་ཥ་དྷ་ཡེ་སྭཱ་ཧཱ། སྟན་དང་། ་བླ་གོར་ཞོ་ཤ་དང་། ཛ་ཏི་པ་ལ་རྣམས་ཀྱིའོ།། གཞན་ཡང་ཞུ་བིའི་རྗེས་རྣམས་ནི་ལྷའི་སྔགས་ཀྱི་དབུལ་བཪྵ་བྱའོ།། ཨཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏིཏྟཱ་ལ་ཡེ་སཱནྣ་བྷཱསྨཱི་ཀུ་རུ་དྷྲྀ་ཤྱ་ཧོ་ཛཧཱུཾ་བཱཾ་ཧོ། ས་མ་ཡ་ཧོ། ས་མཱ་ཡ་སྟྭ~ཾ་ཨ་ཧཾ། མཐར་ཡང་མ ་གྱི་དགང་བླུགས་དབུལ། བསང་གཏོར་ཞབས་བསིལ་ཕུལ་ནས་ཀྱང་།། བསྙིང་པ་འདི་ཡིས་བསྟོད་པར་བྱ།། འཇིག་རྟེན་དབང་ཕྱུག་ཚངས་དེ་བང་མཆོ་གི་སྲས།། མཱཾ་ལྷའི་རྒྱལ་པོ་ཊིཀྐིས་དབང་བསྐུར་བའི།། ཤེས་རབ་མཆོག་གི་ཉོན ་མོངས་ཐམས་ཅད་བསྲེགས།། འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།། ཨོཾ་སརྦྦ་ཏྱ་ཐཱ་ག་ཏཱསྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ། དེ་ནས་བདུད་རྩི་དབུལ་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཨ་མྲྀ་ཏ་ས་ཏྭ་ནརྀ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། དེ་ནས་མ ་ལྷའི་ཐུགས་ཀར་ནི།། དཀྱིལ་འཁོར་ལྷ་རྣམས་བསམ་པར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ལ།། གཽ་རཱི་ལ་སོགས་བཞི་པོ་ཡིས།། དགུག་གཞུག་བཅིངས་ལ་དབང་དུ་བྱ།། དེ་ནས་སྤྱ ་དང་བསྲུང་བ་བྱ།། མཆོད་ཡོན་ཞབས་བསིལ་དབུལ་བར་བྱ།། མིག་དང་སྐུ་སོགས་བྱིན་བརླབས་ལ།། དབང་བསྐུར་བ་ནི་བླངས་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། དེ་རྣམས་བསོད་བྱ་སྟེ། མཆོད ་པྲ་རྣམས་ཀྱིས་ཡང་དག་མཆོདདྲ།། ཁྱད་པར་གསུངས་པའི་རྫས་རྣམས་ནི།། ཇི་ལྟར་ནུས་རྗེས་དངུལ་བར་བྱ།། ལྔས་རྣམས་ཡང་དག་བསྒྲུབ་པའི་ཕྱིར།། ཞི་དང་རྒྱས་དང་དབང་དང་དྲུག། སྔགས་ཀྱི ་མཇུག་ཏུ་འདི་གདག་སོ།། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པྲཥྚིཾ་ཀུ་རུ་ཨོཾ། བ་ཤི་ཀུཾ་རུ་ཧོ། མཱ་ར་ཡཱ་ཕཊ། ལྷ་རྣམས་གཟི་བྱིན་བསྐྱེད་པའི་ཕྱིར།། མར་གྱི་ག་བའི་དགྲང་བླུགས་དབུལ།། མཆོད་ཡོན་པསང་གཏོར་ཕུལ་ནས་ནི།། བསྟོད་པ་དག་ནི་འདི ་དག་བྱ།། དེ་ནས་བདུད་རྩི་མྱང་བྱ་སྟེ།། བཟོད་པར་གསོལ་ཏེ་གཤེགསུ་གསོལ།། དམ་ཚོགས་ལྷ་རྣམས་ཐུགས་ཀར་བསྡུ།། དེ་ནས་བར་ཆད་ཞི་བྱའི་ཕྱིར།། ཕྱོགས་ལྷ་སོགས་མགྲོན་རྣམས་ལ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ་ཨཱཏྨ་ནུཏྤནྣ་ཏཱང་ཨོཾ་ཨཱཿཧཱུ~ཾ་ཕཊ། སྔགས་འདི་ཡིས་ནི་བྱིན་གྱིས་བརླབས།། རང་རང་སྔགས་ཀྱི་གཏོར་མ་དབུལ།། དེ་ནས་ཡེ་ཤེས་མེ་ལྷ་ལ།། མཆོད་པ་དབུལ་ཞིང་བསྟོད་པ་བྱ།། གཤེགས་དང་བདུད་རྩི་མྱང་བ་བྱ།། ཁིས་ང་གཏོར ་འཐོར་འཐུང་ཕུལ་ནས་ནི།། བཟོད་པ་གསོལ་ཏེ་གཤེགསུ་གསོལ།། བདག་གྲི་དོན་དང་གཞན་གྱི་དོན།། བྱས་ཟིན་བྱིན་ཟ་གཤེགསུ་གསོལ།། ཐུགས་ནི་བརྩེ་བར་དགོངས་ནས་ཀྱང་།། སླར་ཡང་གཤེགས་པར་མཛད་དུ་གསོལ།། ་དམ་ཚི་གོས་མེ་ལྷ་འབར་བར་བསྟིམ།། དགེ་བའི་རྩ་བ་བསྔོ་བྱ་སྟེ།། རང་ལྷའི་ང་རྒྱལ་དང་ལྡན་པས།། ཇི་ལྟར་པ་ནི་གནས་པར་བྱའོ།། མཁའ་ལ་ཆར་པ་འབབ་པ་ཡིས།། རྡོ་ཡོ་སྟེང་དུ་རྩེ་སྐྱེས་ལྟར།། བླ་མ་རྣམས་ཀྱིས་བྱིན ་བརླབས་ཀྱིས།། རྟོག་གེ་བདག་འདྲའང་བཤད་པར་མོས།། བདག་ནི་ཤེས་རབ་མི་བསལ་ཞིང་།། རྒྱུད་སོགས་དོན་ལྔ་མནན་པར་འགྱུར།། གཞུང་རྒྱས་རྗེ་སུ་མི་མཐུན་པ།། རྒྱལ་སྲས་རྣམས་ཀྱིས་བཟོད་པར་མཛོད།། བཅོམ་ལྡན་དགྱེས ་པ་རྡོ་རྗེ་ཡི།། སྦྱིན་སྲེག་ཆོ་ག་བཤད་པ་འདིའོ།། དགེ་བ་བདག་གིས་གང་ཐོབ་པ།། དེས་ནི་འགྲོ་བྲི་མ་ལུས་པ།། དགྱེས་པ་རྡོ་རྗེ་མྱུར་ཐོབ་ཤོག། དཔལ་དགྱེས་པ་རྡོ་རྗེའི་སྤྱན་སྲེག་གི་ཆེ་ག་སློབ་དཔོན་ནུག་པོ་པས་མཛད་པ་རྫོགས།། ། ་རྒྱ་གར་གྱི་མཁན་པོ་ག་ཡ་དྷཱ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཅས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཱཏ་ན་ལ་ཕྲབ་པའོ།། །། རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། རབ ་