CLOSE WINDOW

GT3887: shes rab kyi pha rol tu phyin pa'i don bsdus sgron ma
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་པིན་ཏཱརཱ་ཐ་པ་པྲ་དཱ་པཾ། བོད་སྐད་དུ། ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་ཕྱག་འཚལོ་དུས་གསུམ་རྒྱལ་བ་བསྐྱེད་པའི་སམ།། ས་རབ་ཕ་རོལ་ཕྱིན་པ་ལྔ།། ཕྱག་འཚལ་ནས་ནི་ཤེས་རབ་ཀྱི།། ཕ་རོལ་ཕྱིན་པའི་བསྡུས་དོན་བཤད།། མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། མཁྱེན་པ ་གོསྒྱུམྦྷ་དང་ཆོས་སྐུ་ལོ།། མངོན་སུམ་རྟོགས་པས་མངོན་རྟོགས་ཏེ།། སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན།། འཕགས་པ་ཐོགས་མེད་དེ་ལྟར་བཀོད།། རྣམ་པར་གྲོལ་སྡེའི་གཞུང་གིས་ནི།། མངོན་རྟོགས་རྣམ་པ ་བཞི་ཡིན་ཏེ།། སྦྱོར་བ་བཞི་པོ་ཁོ་ན་སྐྱེ། མཁྱེན་པ་གསུམ་དང་ཆོས་སྐུ་ནི།། ཡུལ་དང་འབྲས་བུ་དག་ཏུ་འདོད།། གསེར་གླིང་ཤཱུནྟི་རྣམ་གཉིས་ཀྱི།། མངོན་རྟོགས་བདག་ཉིད་བདུན་ཡང་སྟེ།། ཤེས་རབ་ཕ་རོལ་ཕྱིན་དག ་འདོང་།། འབྲས་བུ་ཆོས་སྐུ་མཛད་པ་ཡིན།། བརྒྱད་ཀ་མངོན་རྟོགས་སེང་བཟང་དང་།། བུདྡྷ་ཤྲཱི་ཛྙཱ་ནའང་བཞེད།། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ།། དངོས་པོ་བརྒྱད་ནི་བརྗོད་བྱ་ལ།། སྐབས་ནི་བརྗོད་བྱེད་ཤྲཱིནྡྲ་གསླང་། ་ཅིག་སྐབས་བརྒྱད་དག་གིས་ནི།། གང་ཟག་བརྒྱད་ཀྱི་མརྐྱེན་ཞེས།། ཁ་ཅིག་ཐམས་ཅད་མཁྱེན་པ་དང་།། བྱང་ཆུབ་སེམས་དང་ཉན་ཐོས་ཀྱི།། གསུམ་གྱི་ལམ་དུ་བསྟན་ཏི་ཞེས།། སེང་གི་བཟང་བའི་གཞུང་གིས་ནི།། ཐ ་ཅད་མཁྱེན་པའི་ལམ་དུ་ནི།། གཉིས་ཀ་ཚང་པར་འདོད་པ་ཡིན།། དེ་ལྟར་མིནྡ་ན་མ་རྫོགས་ཟེར།། བླ་མ་གསེར་གླིང་བཞེད་པ་ཡིས།། འགའ་ཞིག་ཡུམ་ན་འཇུག་པ་ན།། གཞི་མ་མ་དག་ས་དག ་ཏུ།། གང་ཟག་བརྒྱད་ཀྱི་ལམ་དུ་འདོངད་།། མ་ངག་དག་པར་བྱེད་དུས་སུ།། གང་ཟག་གསུམ་གྱི་ལམ་དུ་འདོད།། དག་པ་ལམ་དུ་བྱེད་དུས་སུ།། གང་ཟག་གཅིག་གི་ལམ་ཡིན་གསུངས།། དེ་ལས་བསྡུས་དོན་བཤད་པ་ནི།། གྲངས ་ངེས་གོ་རིམ་ཟློས་སྤོང་དང་།། རང་རང་ངོ་བོ་བཤད་པའོ།། གྲངས་ངེས་དག་ནི་བསྟན་པ་ནས།། ཐོས་བསམ་ཡུལ་དུ་ཀུན་མཁྱེན་གསུམ།། སྒོམ་པའི་དུས་སུ་སྦྱོར་བ་བཞི།། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ།། ཐོས་བསམ་དུས་སུ ་འབྲས་བུ་དང་།། རྒྱུ་དང་མི་མཐུན་ཕྱོགས་དག་ཏུ།། གཏན་ལ་ཕབ་པ་རྫོགས་པ་ཡིན།། སྒོམ་པའི་དུས་སུ་སྦྱོར་བ་དང་། གནས་སྐབས་འབྲས་བུ་བསྟན་བྱེད་དང་། རྒྱུ་ཡི་མཐར་ཐུག་དག་གིས་རྫོགས།། དེ་ལྟར་ནཱ་ནཱི་གྲངས ་ངེས་སོ།། གོ་རིམ་སྐྱེ་བའི་རིམ་པ་སྟེ།། དང་པོ་ཐོས་བསམ་བྱེད་པས་ན། དེ་ཡི་ཡུལ་ནི་སྔོན་དུ་བཤད།། དེ་ཡང་དྲང་པོ་འབྲས་ཤེས་བྱེད།། དེ་ནས་རྒྱུ་དང་སྤང་བྱ་དག། རིམ་པ་བཞིན་དུ་གཏན་ལ་འབེབས།། སྦྱོར་བ་བཞི་ཡི་རིམ ་པ་ཡང་། རྣམ་ཀུན་མངོན་རྫོགས་ཚོགས་ལམ་ནས།། ཡོད་པས་དང་པོར་བརྟན་པ་ཡིན། དེ་ནས་གསུམ་པོ་རིམ་བཞིན་སྐྱེ།། དེ་ལྟར་དེ་ནི་གོ་རི་མ་མོ།། ཟློས་སྤོང་ཞར་ལ་བསྟན་པའོ།། རང་རང་ངོ་བོ་བཤད་པར་བྱ།། ཐམས ་ཅད་མཁྱེན་པའི་དོན་བཅུ་ཡང་།། སེང་གེ་བཟང་པོས་གཉིས་བསྡུས།། རྒྱུ་དང་འབྲས་བུ་དག་ཏུའོ།། རྒྱུ་དང་འབྲས་བུ་དག་ཏུ། རྒྱུར་རྣམ་པ་གསུམ་དུ་སྟེ། དང་པོ་སེམས་བསྐྱེད་རྣམ་དག་གིས།། གདམས་ངག་དྲུག་ལ་བསླབ ་པར་བྱ།། དེ་ནས་སྒྲུབ་པ་རྣམ་པའི་སྟེ། སྒྲུབ་པའི་རྟེན་དང་དམྱིགས་པ་དང་། སྒྲུབ་པའི་ཚད་དང་སྒྲུབ་པ་དངོས།། དེ་ནི་རྣམ་བཞི་གོ་ཆ་དང་། འཇུག་པ་ཚོགས་དང་ངེས་འབྱུང་ངོ་།། ས་མཚམས་སྦྱོར་བས་བཞི་རུ་བསྟན། ་འབྲས་བུར་འདོད་པ་བསྟན་པ་ནི།། དེས་འོ་བྱད་དག་གིས་མཚན་ཏེ་བཤང་།། ཐམས་ཅད་མཁྱེན་པའི་བསྡུས་དོན་ནི།། དབྱེ་བ་ངོ་བོ་མཚན་ཉིད་དང་། ས་མཚམས་ཟློས་སྤྱོང་བྱེད་པ་སྟེ།། རྣམ་པོ་དྲུག་ཏུ་ཡང་དག་འདོད།། ་དབྱེ་བ་རྒྱུ་ཡི་སྭཱ་དང་ནི།། འབྲས་ཟླའི་ས་ཡཾ་མཁྱེན་པའོ།། འབྲས་ལ་ཇི་སྙེད་ཇི་ལྟ་བྱ།། ངེས་འབྱེད་དག་གིས་མཚན་ཏོ་བཤད།། ཐམས་ཅད་དག་ནི་ཤེས་པའོ།། ནི་ཤེས་རབ་སྙིང་དྷཱི་སྟེ། མཚན་ཉིད་ཐམས་ཅད ་པའོ། ངོ་བོ་ཤེས་རབ་སྙིང་རྗེ་སྟེ། མཚན་ཉིད་ཐམས་ཅད་ཤེས་པའོ།། ས་མཚམས་གནས་སྐབས་ཚོགས་ལམ་ནས།། འབྲས་བུའི་ས་ནི་སངས་རྒྱས་ས།། ཆོས་ཀྱི་སྐུ་དང་མི་ཟློས་ཏེ།། འདི་ནི་སྤྱིར་བཤད་པ ་སྟེ་ཉ་ཆོས་སྐུ་རང་ལས་སྐྱེ་བའོ།། བྱེད་པ་ཆོས་ཀྱི་འཁོར་ལོ་བསྐོར།། ལམ་ཤེས་པ་ཡང་དེ་བཞིན་དྲུག། དབྱེན་སངས་རྒྱས་བྱང་སེམས་ལམ།། ཉན་ཐོས་ལམ་དང་གསུམ་དུ་འདིང་།། ཡང་ན་ཐིག་གསུམ་ལམ ་དུ་འདོད།། ཐམས་ཅད་ལ་ཤེས་ཐམས་ཅད་ཀྱི།། ཤེས་པ་གཉིས་འདོད་པ་ཡིན།། ངོ་བོ་ཤེས་རབ་སྙིང་རྗེ་སྟེ།། མཚན་ཉིད་ལམ་གསུམ་སྐྱེ་མེད་ཤེས། ས་མཚམས་གནས་སྐབས་སེམས ་བསྐྱེད་ནས།། རྫོགས་པ་ས་དྲུག་དག་ཏུ་འདོད།། མཐར་ཐུག་སངས་རྒྱས་ས་ཡིན་ནོ།། འདྲི་རུ་མཐོང་ལམ་བཤད་པ་ནི།། རྒྱུད་ལ་སྐྱེ་བའི་ཆུ་ནས་བཤད།། གཞི་རུ་མཐོང་ལམ་བཤད་པ་ནི།། ལྡོག་པའི་ཆ་ནུས་བཤད ་པ་ཡིན།། ཡང་ནི་འདི་རུ་བཤད་པ་ནི།། ལམ་ལ་ཤེས་པའི་ཆ་ནས་བཤང་།། འོག་ཏུ་གཞི་ཤེས་ཚུལ་ནས་བཤད།། ངེས་ན་ཟློས་པའི་སྐྱོན་དང་བྲལ།། བྱེད་པ་སེམས་ཅན་སྨིན་བྱེད་དོ།། གཞི་ཤེས་ཀྱང་ནི་དེ་བཞིན ་དྲུག། དབྱེ་བ་སྤང་དང་བླང་གཉིས་སོ།། བླང་བྱ་གཞི་ཤེས་ངོ་བོ་ནི།། ཤེས་རབ་དང་ནི་སྙིང་རྗེའོ།། བླང་བྱ་གཞི་ཤེས་ངོ་བོ་ནི།། ཤེས་རབ་དག་ཏུ་འདོད་པ་ཡིན།། མཚན་ཉིད་གཞི་ལ་བདག་མེད་གཉིས།། ཤེས་པ ་བླང་བྱའི་མཚན་ཉིད་དོ།། གང་ཟག་བདག་མེད་ཤེས་པ་ནི།། སྣང་བྱའི་གཞི་ཤེས་མཚན་ཉིད་དོ།། ས་མཚོམས་གནས་སྐབས་ད་ལྟར་ནས།། རྫོགས་པ་བརྒྱད་པའི་ས་ནའོ།། མཐར་ཐུགས་སངས་རྒྱས་ནའོ།། ཟློས ་སྤོང་ལམ་དུ་བཤད་པས་ཤེས།། བྱེད་པ་ཉོན་མོངས་སྒྲིབ་པ་སྤོང་།། དེ་ནི་མཁྱེན་གསུམ་བསྡུས་དོན་ཡིན།། རྣམ་ཀུན་མངོན་རྫོགས་དེ་བཞིན་དྲུག། དབྱེ་བ་ཡུལ་གྱི་རྣམ་གཉིས།། གནས་སྐབས་ཀྱིས་ནི་བཅུ་གཅིག ་བོ། ངོ་བོ་ཤེས་རབ་སྙིང་རྗེའོ།། མཚན་ཉིད་མ་ལུས་སྐྱེད་པའོ།། ས་འཚམས་ཚོགས་ལམ་ཆུང་ངུ་ནས།། རྫོགས་པ་བརྒྱད་པའི་ས་ནའོ།། མཐར་ཐུག་སངས་རྒྱུས་ས་ནའོ།། ཟློས་སྤོང་མཁྱེན་གསུམ་མཚན་ཉིད་ནུས ་འདིར་ནི་རྒྱུད་ལ་སྐྱེས་པ་ནས།། ཞིང་དག་ཐབས་མཁས་བྱེད་པའོ།། རྩེ་མོ་མཐར་གྱིས་སྐུད་ཅིག་མ། གསུམ་ཡང་དྲུག་དྲུག་ཤེས་པར་བྱ།། རྩེ་མོའི་དབྱེ་བ་དྲུག་གམ་བདུན།། ངོ་བོ་ལྷག་མཐོང་ཞི་གནསོ།། ་མཚན་ཉིད་ཕུལ་དུ་བྱུང་བའོ།། སྤང་བྱ་སྤྱོང་བར་བྱེད་པའོ།། ས་མཚམས་དྲོད་ཚན་རྣམ་གྲོལ་ནས།། བར་ཆད་མེད་པའི་ལམ་ན་ཡོད།། བར་ཆང་མཱཾ་བཱི་ཆ་ནུས་བཤང་།། སྐད་ཅིག་བྱང་ཆུབ་རྒྱུ་ཡི་ཆོས། སྐད་ཅིག ་གཅིག་ལ་རྫོགས་པས་ན།། ཟློས་པའི་སྐྱོན་དང་བྲལ་བ་ཡིན།། མཐར་གྱིས་དབྱེ་བ་དེ་བཞིན་ནོ།། ངོ་བོ་དེ་བཞིན་མཚན་ཉིད་ནི།། མཁྱེན་གསུམ་རིམ་གྱིས་སྒོམ་པ་ཡིན།། ཁ་ཅིག་ན་རེ་བསྒྱུར་ཡིན་ཟེ་བ། གཞུང་ལས ་སྔ་མ་དག་ནི་གསལ།། རྩེ་མོ་མི་ཐོབ་ཐོབ་བྱང་དང་།། བརྟན་པར་བྱེད་པ་བྱེད་པ་ཡིན།། ཐོབ་བྱེད་ས་མཚམས་དྲུག་ནས་ཡོད།། བརྟན་པར་བྱེད་པའི་ས་མཚམས་ནི།། དྲོད་ཆེན་ཁྱད་པར་ལམ་ན་ཡོད།། འདིར་ནི་ཕ་རོལ་ཕྱིན།། ་པ་དྲུག། རིམ་པའི་ཆ་ནས་བཤད་པ་ཡིན།། གཞན་དུ་དེ་ལྟར་མ་བཤད་པས། སྔར་བཞིན་ཟློས་པའི་སྐྱོན་དང་བྲལ།། མཐར་གྱིས་པ་ནི་རྣམ་གཉིས་ཏེ།། རྩེ་མོ་ཐོབ་པར་བྱེད་པ་དང་། ཐོབ་པ་བརྟེན་པར་བྱེད་པོ། ་པ་ལས། སྟེང་གེ་ཟང་པོ་བརྟན་བྱེད་ནི།། འབའ་ཞིག་གསལ་བར་བཤད་པ་ཡིན།། སྐད་ཅིག་དབྱེ་བ་རྣམ་བཞི་སྟེ།། གཞུང་ལས་གསལ་བར་བཤད་པ་ཡིན།། ངོ་བོ་ཞི་གནས་ལྷག ་མཐོང་ངོ་།། སྐད་ཅིག་གཅིག་ལ་རྒྱུ་ཡི་ཆོས།། དཀར་པོ་ཐམས་ཅད་རྫོགས་པ་ནི།། མཚན་ཉིད་དག་ཏུ་འདོད་པ་ཡིན།། ས་མཚམས་དག་ནི་ས་བཅུ་ཡིས།། བར་ཆད་མེད་པའི་ལམ་ན་ཡོད།། ཁ་ཅིག་རྣམ ་གྲོལ་ལམ་ན་ན།། ཡོད་དོ་ཞེས་ཀྱང་ཟེར་བ་ཡོད།། བྱེད་པ་ཆོས་སྐུ་སྐྱེད་པའོ།། བློས་སྤོང་སྔར་ནི་སྤང་ཟིན་ནོ།། ཆོས་སྐུའི་འོག་ནས་སྟོན་པའོ།། དེ་ནི་ཤིན་ན་ཏུ་བསྡུས་དོན་ནོ།། དེ་ཉིད་རྒྱས་པར་བཤད་པ་ལས། དང ་པོ་སེམས་བསྐྱེད་བཤད་པ་ནི།། དབྱེ་དང་དེ་ཡི་རྒྱུ་མཚན་དང་།། ངོ་བོ་མཚན་ཉིད་ས་མཚམས་དང་།། བྱེད་པ་དང་ནི་ཟློས་སྐྱོན་མེད། དེ་ཡི་རྒྱུ་དང་བཅུ་རུ་འདོད།། དབྱེ་བ་སྨོན་འཇུག་རྣམ་གཉིས་དང་།། ཡང་ནཉ ་ཤུ་གཉིསུ་འདོད་།། བླངས་དང་ཆོས་ཉིད་ཐོབ་ལ་སོགས།། མདོ་སྡེ་རྒྱན་ལ་སྲོགས་ནས་བཤད། རློད་ལ་དབྱེ་བ་མེད་པ་སྟེ།། འཇུག་བྱེ་བ་ཞེས་བྱའོ།། ཤེས་རབ་འབྱུང་གནས་བློ་གྲོས་ཟེར།། སེམས་བསྐྱེད།། ་དང་པོ་སྨོན་པ་སྟེ།། ལྷག་མ་འཇུག་ལ་དབྱེའོ་ཞེས།། ལྷ་ཡི་དབང་པོའི་བློ་གྲོས་ཟེར།། མཚན་གྲོགས་ཡིན་ཞེས། སེདྡྷ་པོས་གསལ་བར་བཤད། དམིགས་པ་ཡུལ་གྱི་དབྱེའོ་ཞེས། འཕོ ་བ་རྣམ་གྲོལ་བཞེད་ཟེར།། དང་པོ་ངོ་བོའི་སྒོ་ནས་དབྱེ།། ལྕུག་མ་གྲོགས་ཀྱིས་ཤཱནྟི་གཟུང་།། ཚོགས་ན་གསུམ་སྟེ་སྦྱོར་ནུ་གཅིག། ས་བཅུ་ནཱ་ནཱི་བཅུ་ཡིན་ཏེ།། ལྔ་ནི་ཁྱད་པར་ལམ་ན་ཡིན།། གསུམ་ནི་སངས་རྒྱས ་ས་ནའོ།། ཁ་ཅིག་ས་མཚམས་མེད་དོ་ཞེས།། འདོད་པ་མེད་དོ་རྒྱན་དང་འགལ།། ཁྱད་པར་ཅན་ལ་དམིགས་པ་ཡི།། ཡིད་ཀྱི་རྣམ་ཤེས་ངོ་བོར་འདོད་།། གཞན་གྱི་དོན་དུ་སངས་རྒྱས་འདོད།། མཚན་ཉིད་དུ་ནི ་བྱམས་པས་བཤར།། ཟློས་སྤོང་འོག་ཏུ་བཤད་པར་བྱ།། བྱེད་པ་རྣམ་པ་ལྔ་རུ་སྟེ།། རྣམ་པར་སྨིན་དང་རྒྱུ་འཐུན་དང་།། དབང་དང་བྲལ་དང་སྐྱེས་བུའོ།། རྒྱུ་ནི་རྣམ་པ་མང་ཡང་ནི།། གཙོ་བོའི་རྒྱུན་ནི་སྙིང་རྗེ་སྟེ།། ་མདོ་ནས་ཡང་དག་གསལ་བར་བཤད་།། གདམས་དགྲ་རྣམ་པ་བརྒྱ་དུ་དུ་སྟེ།། དབྱེ་བ་ཡུལ་གྱིས་བཅུ་ཡིནོ།། བྱེད་པས་དབྱེ་ན་གཉི་སུ་སྟེ།། གཽ་དུམཱས་དང་རྗེསུ་གདམས་པའོ།། ངོ་བོ་དག་གི་འཁོར་ལོ་ཡིན།། གཞན ་སློབ་ལ་འདོམས་མཚན་ཉིད་དོ།། མ་ཐོ་བ་ཐོབ་དང་ཐོབ་མཱི་ཉམས།། འདི་ཡི་བྱེད་པ་ཡིན་པར་འདོད།། སེམས་བསྐྱེད་ནས་ནི་སོ་བཅུའི་བར།། འདི་ཡི་ས་མཚམས་ཡིན་པར་གསུངས།། ཚོགས་ན་གསུམ་སྟེ་སྦྱོར ་ལྔ། མཐོང་སྒོམ་གཉིས་ན་རེ་རེ་སྟེ། གོ་རིམ་བཞིན་དུ་ཡིནོ་ཞེས།། དེ་དག་ཁ་ཅིག་འདོད་པ་ཡོད།། གོ་རིམ་སྐྱེ་བའི་རིམ་པ་ཡིན།། འདི་ཙམ་གྱིས་རྫོགས་གྲངས་ངེས་སོ།། འདི་དང་ལམ་ཤེས་གཉིས་སུ་ཡང་། ་བསྒྲུབ་པ་གཉིས་སུ་བཤད་པ་ཡང་།། ཉན་དང་སྒོམ་པའི་ཆ་ནས་ནི།། བསྟན་པས་ཟློས་སྐྱོན་མེད་པའོ།། ངེས་འབྱེད་དབྱེ་བ་རྣམ་བཞི་ཡིན།། ས་མཚམས་སྦྱོར་རམ་ཁོ་ན་སྟེ།། བྱེད་པ ་མཐོང་ལམ་སྐྱེད་པ་ཡིན།། ངོ་བོ་དབང་ལྔ་སྟོབས་ལྔ་ཡིན།། སྒོམ་བྱུང་ཤེས་རབ་ཡིན་ཞེས་བཤད།། ལམ་ཤེས་ངོས་འབྱེང་ཉན་ཐོས་ཀྱི།། རྣམ་ཀུན་ངེས་འབྱུང་ཉན་ཐས་ཀྱི།། རྣམ་ཀུན་ངེས་འབྱེད་ཀུན་རྫོབ་ཀྱི།། ་འདི་ནི་དོན་དམ་ཆ་ནས་ཏེ།། བསྟན་པས་ཟློས་སྐྱོན་མེདོ་ཞེས།། བུདྡྷ་ཤྲཱི་ཛྙཱ་ན་འདོད་།། ངེས་འབྱེད་བདེན་པ་རྟོགས་པ་སྟེ།། དེ་ལ་སྡུག་བསྔལ་ཆོས་ཤེས་བཟོད།། དེ་དང་མཐུན་པ་མཚན་ཉིད་ཡིན།། སྦྱོར་ལམ་མོས་སྤྱོད་ཆ ་མཐུན་ནི།། འདི་ཡི་མིང་གི་རྣམ་གྲངས་ཡིན།། རྟེན་གྱི་དབྱེ་བ་དུ་ཀྵུ་སྱེ་ནཱི་གསལ།། ངོ་བོ་ཆོས་དབྱིངས་ཡིན་ཡང་ནི།། དྲི་ཡི་འདོད་པ་མི་མཐུན་ནོ།། ཡོན་ཏན་སྐྱེད་པ་མཚན་ཉིད་དོ།། ས་མཚམས་ཆོས་དྲུག་གསལ་བ་སྟེ།། ་བདུན་པོ་ཆོས་དྲུག་རེ་རེ་ལ།། ཡོད་པ་ཉིད་དུ་དཔྱད་ན་སྡང་།། དཔེན་དྲོད་ཀྱི་བར་ཆད་མེད། གཉེན་པོ་སྤྱོང་བ་རྣམ་གྲོལ་ན།། ཡོངསུ་གཏུགས་པ་བཞི་པོ་ནི།། ཁྱད་པར་ལམ་ན་ཡོད་པའོ།། ཆོས་དྲུག་གཞན་ཡང་དེ་བཞིན ་སྦྱ་དིར་ནི་རང་བཞིན་དམིགས་པར་ནི།། འགྱུར་ཆེ་བསྟན་པས་ཟློག་སྐྱོན་བྲལ།། འཕགས་པ་རྣམ་གྲོལ་དེ་སྐད་གསུངས།། ཡོན་ཏན་སྐྱོང་པའི་བྱེད་པ་ཡོད།། དམིགས་པ་དབྱེ་བ་བཅུ་གཅིག་སྟེ།། གོ་རིམ་སྐྱེ་བའི་རིམ ་བ་སྟེ།། འདི་ཙམ་ཁོ་ནས་དམིགས་རྫོགས་པས།། གྲངས་ཀྱང་བཅུ་གཅིག་ཁོ་ནས་བཤད།། དང་པོ་གསུམ་ནི་ཚོགས་ལམ་དང་། སྦྱོར་དྲང་མཐོང་སྒྲོམ་མི་སློབ་ལམ།། བཞི་ལ་རིམ་བཞིན་གཉིས་གཉི་སུ།། དཔྱད་པས་དེ་ལྟར ་འདྲ་བར་སྣང་།། ངོ་བོ་ཆོས་རྐུན་མཚན་ཉིད་ནི།། སྤང་བླང་གཉིསུ་དམིགས་པོ་ཞེས།། སེང་གེ་བཟང་པོས་འགྲེལ་ཆེན་ནས།། ཁ་ཅིག་བཅུ་པོ་གསུམ་པོ་ལས།། གཉིས་གཞག་དགེ་བ་ལ་དམིགས་ནས།། དེ་ལ་གཉིས་ལ ་ཕྱི་མ་ལ།། ལྷག་མུ་ཀུན་ལ་དེ་ལྟར་འདྲེ།། འདྲི་རུ་དྭངོས་ཆེ་དུ་ནི།། བརྒྱང་བའི་སྒོ་ནས་དམིགས་པ་སྟེ།། ཕོག་དང་སྦྱོར་བ་ལྟ་བུས་ནི།། ཟློས་སྐྱོན་མེད་ཅེས་རྣམ་གྲོལ་གསུངས།། ཆེད་དུ་བྱ་བ་རྣམ་པ་གསུམ།། ངོ་བོ་སེམས ་ཅན་ཐམས་ཅད་ཡིན།། དེ་དོན་སྒྲུབ་པ་མཚན་ཉིད་ཡིན།། ས་མཚམས་དམིགས་པ་དུ་ལྟ་ནས།། གྲུབ་པ་སེམས་ཅན་སངས་རྒྱས་ནི།། སོང་གེ་བཟང་པོ་འདོད་བྱ་ཡིན།། སྤོང་བ་རྡོ་རྗེ་ལྟ་བུ་ན།། སེམས་པ་དང་རྟོག་སངས ་རྒྱས་ས།། བི་མ་མི་ཏྲ་རྒྱུ་འགྲེལླ་ནས།། ངོ་བོ་རང་ལྱ་སྦྱོར་བ་དང་།། གཞན་ལ་སྦྱར་བ་མི་མཐུན་པས།། ས་མྱཚམས་དག་ཀྱང་མི་མཐུན་ནོ།། གོ་ཚྭའི་ངོ་བོ་བརྩོན་འགྲུས་ཏྱེ།། དབྱེ་ན་པཱན་ཙི་ཀ་ན་དྲུག། འདི་ནས་སུམ ་ཙུཾ་དྲུག་ཏུ་བཤད།། རོ་རེ་ལོ་ནི་དྲུག་དྲུག་ཏུ། དགེ་བ་སྒོམ་པ་མཚན་ཉིད་དོ།། ས་མཚམས་ཚོགས་ལམ་ན་ཡོད་ཅེས།། སློབ་དཔོན་ཆེན་པོ་ཐིགས་མེད་གསུངས།། འདིར་ནི་མོས་པ་ཙམ་གྱིསུ།། འཇུག་པ་དངོས་འཇུག ་ཟློས་སྐྱོན་མེད།། འཇུག་ལ་དབྱེ་དགུ་དཀྱུས་ནས་གསལ།། ས་མརྒྱུ་མས་སྦྱོར་ལམྦྷ་ནཱ་ཡོད་ཅེསྟེ།། སྒྱུ་མ་བཞིན་དུ་ཐོག་ས་མེད་གསུངས།། ད་བོ་དབང་ལྔ་སྟོབས་སྣའོ།། མཚན་ཉིད་ཕ་རོལ་། ་དྲུག་ལ།། དངོས་སུ་འཇུག་པར་བྱེད་ཀཽ་ཚུགས་ཀྱི་སྒྲུབ་པ་བཅུ་བདུན་ཏཱཾ། ས་མཚམས་གཟུངས་ཚོགས་མན་ཆད་ནི།། ཆོས་མཆོག་མེན་ཆད་དུ་རྫོགས་ཟེར།། གཉིས་ནི་མཐོང་སྒོམ་གཉིས་ནའོ།། ངོ་བོ་ཤེས་རབ་སྙིང་རྗེ ་སྐྱེ། མཚན་ཉིད་ཐམས་ཅད་མཁྱེན་པ་ཡི།། རྒྱུ་རྫོགས་པས་ནི་རྣམ་གྲོལ་གསུངས།། ངེས་འབྱུང་བརྒྱད་པ་བཤད་པ་ལས།། གྲང་ངེས་ཡོད་པ་མ་ཡིན་ཡང་།། འཁོར་ཉེ་བ་ལ་དགོངས་ནས་བཤད།། ངོ་བོ་ཤེས་རབ ་སྙིང་རྗེ་སྟེ། ངེས་པར་འབྱུང་བ་མཚན་ཉིད་ཡིན།། ས་བརྒྱད་ནས་ནི་སངས་རྒྱས་ས།། དེ་ནས་ཡོད་འགྲེལ་ཆེན་ནས།། བྱམས་པས་དཔེ་རུ་བླངས་ནས་བཤད།། ཁ་ཅིག་སྒྲུབ་པ་ཡིན་པས་ན། སངས་རྒྱས་ས་ན་མེད་ཅེས ་ཟེར་ན།། ཁ་ཅིག་སངས་རྒྱས་ས་ཁྱོ་ན།། ཡོད་དེ་སྒྲུབ་པ་ཡིན་པས་ན།། ཟེར་ཡང་དང་པོ་ཁོ་ན་འཐད།། ཐམས་ཅད་མཁྱེན་པ་རྒྱུས་ཕྱིར་དང་།། ལྷ་ཡི་ལོག་རྟོག་བསལ་བ་དང་།། འདོད་ཆེན་མ་ཡིན་བྱང་སེམས་ཀྱི།། ལམ་ནི། ་བསྟན་ཕྱིར་ལམ་ཤེས་བཤད།། མོག་མོག་པོར་བྱེད་ལ་སོགས་ལ།། ཁ་ཅིག་རྟེན་སོགས་ཐ་སྙད་འདོགས།། ལམ་གྱི་ཡན་ལག་བསྟོན་ཏོ།། ཞེས།། ཤེས་རབ་འབྱུང་གནས་བློ་གྲོས་ཟེར།། སྣོད་དུ་རུང་བར་བྱ་བའི་ཕྱིར།། འོད ་ཀྱིས་མཚོ་ནས་ང་རྒྱལ་བཅག། བྱང་ཆུབ་ཁོ་ན་སེམས་བསྐྱེད་པས།། ཡུལ་ངེས་པ་སྟེ་དེ་ལ་རྩོད།། བྱང་ཆུབ་ཁོ་ནར་མི་འཐད་དེ།། རིགས་ལྔ་ཞེས་ནི་སྨྲ་བས་ན།། རིགས་ལྔ་དྲང་སྔོན་ཡིན་པས་ན།། དེ་ཁྱབ་པ་ཞེས་ནི་འཐད་པ་ཡིན།། ་འདོད་ཆེན་མ་ཡིན་བྱང་སེམས་ཀྱི།། གཙོ་བོར་ཉོན་མོངསོ་མི་སྤོང་བས།། ཉོན་མོངས་མ་སྤངས་རླུང་བཞིན་ཡིན།། འོ་ན་སྒྲུབ་པ་ཅི་ཡིན་ཞེས།། ཟེར་བའི་ལན་དུ་སེམས་ཅན་ནི།། སྨིན་པར་བྱེད་པ་ལ་ཡིན་ནོ།། ཐེག ་གཉིས་སྒོམ་ལམ་མི་འཆད་དེ།། རང་རླུང་སྔར་རྒྱུན་ཡིན་པས་གསྩལ།། བྱུང་སེམས་ལ་ནི་མི་བཤད་དེ།། ཤེས་ནུས་འདའ་བར་བྱེད་པས་སུ།། སྒོམ་པ་མ་ཡིན་པས་མཱ་བཤིང་།། སྦྱོར་ལམ་གསལ་ཏེ།། ་མཐོང་ལ་མ་ནཱི།། བདེན་པ་བཞི་ལ་དམིགསུ་མེད།། སྐུད་ཅིག་བཅོ་ལྔ་བཅུ་དྲུག་ནི།། སྡེ་པ་རྣམ་གཉིས་འདོད་པ་ཡིན།། འདོད་པ་དམིགས་པ་ཆོས་ཀྱི་བཟོད།། ཁམས་གཉིས་ལ་དམིགས་རྗེ་སུ་བཟོད་།། བཟོད ་དང་ཤེས་པའི་ཁྱད་པར་ནཱི།། བར་ཆད་མེད་དྲུང་རྣམ་གྲོལ་སྟེ།། དེ་ལྟར་བདེན་པ་རེ་རེ་ལཱ།། བཟོད་གཉིས་ཤེས་གཉིས་བརྒྱད་བརྒྱད་འོང་།། ཁ་ཅིག་ལམ་འདི་བཤད་པ་ནི།། ཤེས་པའི་དོན་སྡུག ་བསྔལ་གཅིག་ནི།། རྒྱུད་རིམ་སྐྱེད་པའི་དོན་ཡིན་ཟེར།། རྒྱུད་ལ་སྐྱེད་པ་མི་མཐུན་ཏེ། ཁ་ཅིག་མཐོང་བའི་ལམ་གཉིས་ནི།། དྲོད་དང་བཟོད་པ་ན་ཡོད་ཟེར།། ཁ་ཅིག་མཐོང་ལམ་ན་ཡོད་ཀྱང་།། ལྡོག་པའི ་དབྱེ་བས་ཐ་དད་ཟེར་དེ་ལྷུར་མཐོང་ལམ་རྣམ་གསུམ་སྟེ།། གང་ཟག་བརྡ་དང་ཆོས་ཀྱི་བརྡ།། གཉིས་ཀའི་བརྡར་བསལ་མཐོང་བའི་ལམ།། དེ་ཡི་རྟེན་ནི་གླིང་གསུམ་གྱི།། མི་རིགས་གསུམ་པ ་ལྷ་རིགས་དྲུག། ཡིན་ཞེས་བསྟན་བཅོས་ཆེན་པོར་བཤང་།། སྲ་ནི་དྲུག་ལུ་རྟེན་ཞེས་ཀྱང་།། སྡེ་པ་རྣམ་གཉིས་འདོད་པའོ།། ཐེག་ཆེན་བསམ་གཏན་བཞི་པ་ལ།། རྟེན་པ་ཡིན་ཏེ་བསྐྱེད་སླ་ཟེར།། སྤང་བྱ་ཐུན་མོང་དུ ་བསྟན་པ།། རྟོགས་པ་བརྒྱ་རྩ་བརྒྱད་དང་ནི།། རྒྱ་རྩ་བཅུ་གཉིས་ཉོན་མོངས་སོ།། རིམ་གྱིས་སྤོངས་པ་མ་ཡིན་ཏེ།། བར་ཆད་མེད་པའི་ལམ་དུ་ནི།། ཐམས་ཅད་སྤངས་ཞེས་ཐེག་ཆེན་གཞུང་།། རྣམ་གྲོལ་ལམ ་ཀྱིས་སྟོང་བས་པ།། ཐེག་པ་ཆུང་ངུའི་འདོད་པ་ཡིན།། ངོ་བོ་ཞི་གནས་ལྷག་མཐོང་ཡིན།། བྱང་ཆུབ་ཡན་ལག་བདུན་བཤད་པ།། ཞི་གནས་ལྷག་མཐོང་ངོ་བོ་ཡིན།། མཚན་ཉིད་མ་མཐོང་བ་སྟེ།། ཀྱི་དབྱིངས ་དམིགས་པའོ།། མཐོང་ལམ་རྗེས་ཤེས་མེད་དོ་ཞེས།། ཟེར་བ་ཡོད་དེ་གཞུང་དང་འགལ།། ཤེས་པ་དུས་རྫོགས་ཟེར་བའི་ལནྡ།། ཐེག་ཆེན་འདོད་པ་སྐད་ཅིག་མ།། བཅུ་དྲུག་གིས་ནི་རྫོགས་རྣས་པ་རྣམ ་ཞག་མོས་པ་ཡིན།། སྐད་ཅིག་མ་ནི་གཅིག་གམ་གཉིས།། རྫོགས་པ་དོན་དམ་རིག་པ་ཡིན།། བཟོད་གཉིས་གཟུང་འཛིན་གཉིསུ་ནི།། རིམ་པ་བཞིན་དུ་མེད་པ་རུ།། རྟོགས་པ་ཡིན་ཞེས་སེང་གསུང་།། བཟོད ་པ་མ་དག་ཤེས་པ་ནི།། བདེན་པ་དག་ལ་དམིགས་པའོ།། མཐོང་ལམ་བསྡུས་པ་དེ་ཙམ་མོ།། སྒོམ་ལམ་བྱེད་པ་དྲུག་ཀྱང་ནི།། གྲངས་ངེས་གོ་རིམ་ཡོད་མ་ཡིན།། ཟག་བཅས་ཟག་མེད་གཉིས་ཀ་ཡི།། བྱེད་པ ་ཡིན་ཞེས་སེང་བཟང་གསུང་།། ཟག་མེད་ཁོ་ནའི་ཡིན་ཞེས་པ།། ཤཱིནྡྷ་པ་ཡི་འདོད་པ་ཡིན།། དང་པོར་བཤད་པ་ཉུང་བ་དང་།། འབྲས་ལ་བྲོད་པ་ཡིན་པས་སུ།། སྒྲོམ་ལམ་རྣམ་གཉིས་ཟག་བཅས་དང་། ཟུག་པ་མེད་པ ་ཟག་བཅས་ནི།། དབྱེ་ན་རྣམ་གསུམ་ཁོ་ན་སྟེ། སྦྱོར་དང་དངོས་གཞི་རྗེས་ཀྱིས་སུ།། ཡང་ན་བསོད་ནམས་སྩོགས་པ་དང་། སྐྱུར་དང་སྤེལ་བུར་བྱེད་པ་སོ།། ངོ་བོ་ཀུན་རྫོབ་ཤེས་པ་སྟེ།། མཚན་མ་ཕྲ་མོ་ཡོད་པས ་སུ།། ཟག་བཅས་བརྗོད་པ་མཚན་ཉིད་ཡིན།། ཁོ་ཅིག་དམིགས་པ་ཟག་བཅས་ཟེར།། སྐྱེ་བའི་རིམ་པ་གོ་རིམཱ་ཡིན། དེ་ལྔ་མོས་པའི་སྤྱོད་ཡུལ་ནི།། ཤེས་རབ་ཡིན་པས་མཚན་མ་སྟེ། ཕ་རོལ་ཕྱིན་པ ་གཞན་ཡང་ཡིན།། ངོ་བོ་འདུན་པ་ཡིན་ཞེས་ཟེར།། ལ་ལ་ཤེས་པ་ཟེར་བ་ཡོད།། གཉིས་ནས་ས་བཅུའི་བར་གྱི་ནི།། རྗེས་ན་ཡོད་པ་ས་མཚམས་ཡིན།། དབྱེ་བ་རང་བཞིན་གཉིས་ཀ་ལྀ།། བལྟོས ་བས་དགུ་ཚན་གསུམ་ཡིན་ནོ།། བྱེད་པ་སྟོང་བཀུར་བསྔགས་གསུམ་ནི།། རང་དང་གཉིས་ཀ་གཞན་གྱི་ལ།། རིམ་པ་བཞིན་དུ་སངས་རྒྱས་གསུང་།། ས་གཞི་ས་བདུན་ས་བཅུ་ཡི།། བར་དུ་མོས་པ་གསུ ་པོ་ནི།། གོ་རིམྦ་བཞིན་དུ་སྦྱ་རཱུ་བ་ནི།། ནང་ཚན་གྱི་ནི་ས་མཚམས་སོ།། བསྔོ་བ་བཅུ་གཉིས་གྲངས་ངེས་མེད།། ལྡོག་པའི་བྱེ་བྲག་གིས་སུ་བཤད།། ངོ་བོ་སྔོན་ལམ་མཚན་ཉིད་ནི ་དེ་ལྟར་འདོད་པ་སྨོན་པའོ།། བསོད་ནམས་མི་ཟད་བྱེད་པ་ཡིན།། ས་མཚམས་ས་དགུའི་རྗེས་ཤེས་ནའོ།། རྗེ་སུ་ཡི་རང་ངོ་བོ་ནི།། སེམས་བྱུང་ཤེས་རབ་དག་པའོ།། མཚན་ཉིད་གསལ་ཏེ་བྱེད་པ་ནི།། གཞན་གྱིས ་བྱས་པཱའི་དགེ་བ་ལ།། བསོད་ནམས་མཉམ་པོར་ཐོབ་ཞེས་པ།། ཟེར་ཏེ་དེ་བས་རང་གི་སྔར།། བྱས་པ་ལ་ཡང་ཡི་རང་བས།། བསོད་ནམས་སྤེལ་བར་བྱེད་པ་ཡིན།། དབྱེ་བ་དོན་དམ་ཀུན་རྫོབ་ཏུ།། འདོད། ་པཽ་ཤཱནྟི་སེང་བཟང་ནི།། གཉིས་ཀ་ཚང་ན་ཡིན་པས་ན།། དེ་གཉིས་དབྱེ་བར་མི་བཞེད་།། ས་མཚམས་ས་དགྲ་ཡི་རྗེས་ནྱ་ཡོད།། ཟག་མེད་རྣམས་གཉིས་བསྒྲུབ་པ་ནི།། ལྡོག་པའི་བྱེ་བྲག་གི་སུ་བཞི།། ་གྲངས་ངེས་གོ་རིམ་ཡོད་པ་ཡིན།། ས་མཚམས་ས་དགུ་ཡི་མཉམ་གཞག་གི། བར་ཆད་མེད་པའི་ལམ་ན་ཡོད།། ངོ་བོ་ཞི་གནས་ལྷག་མཐོང་སྟེ།། དག་པ་སྐྱེད་པར་བྱེད་པའོ།། ཟློས་པ་གདམས་ངག་སྐབ ་སུ་བཤད།། འབད་པས་སྒྲུབ་པ་མཚན་ཉིད་དོ།། དག་པ་ཐོབ་རྒྱུ་མི་ཐོབ་རྒྱུ།། དངོས་ལ་སྤྱི་དང་བྱེ་བྲག་གཉིས།། བྱེ་བྲག་རྣམ་བཞི་ཉན་ཐོས་དང་།། རང་རྒྱལ་བྱང་ཆུབ་སེམས་སངས་རྒྱསོ།། ས་མཚམས ་གཉིས་སངས་རྒྱས་ས།། བྱེ་བྲག་མཚན་ཉིད་དཀྱུས་ན་གསལ།། གཞི་ཤེས་བསྟན་པར་བྱ་བ་ནི།། རྐང་པ་གཉིས་ཀྱིས་ངོ་བོ་བསྟན།། བཞི་ཡིས་གཞི་ཤེས་དབྱེ་བ་སྟེ།། ལྷག་མ་བཞི་ཤེས་དངོས་ཡིན ་དེ་སྦྱངས་སྤྱད་འདོད་པ་ཡོད།། གཞི་ཤེས་གཉིས་ཀ་བསྟན་ཀྱང་ནི།། སྐོམ་ལམ་སྦྱོར་ར་ཡོད།། བླུང་བྱ་གཙོ་རུ་བསན་ཞེས་པ།། སློབ་དཔོན་ཆེན་པོ་ས་བཟང་གསུངས།། དོར་བྱཱ་གཙོ་བོར་བསྟན་པ ་ནིཏ་སློབ་དཔོན་བྱཱདྡྷ་ཤྲཱི་གཱསུང་།། སྦྱོར་བྱ་རྣམ་བཅུ་རུ་བསྟན་ཀྱང་ནི།། གྲངས་དེས་གོ་རིམ་བྱིས་པ་མེད།། སྦྱོར་ཡུལ་བཞི་ཡིན་སྦྱོར་བ་དངོས།། གསུམ་ཡིན་གཉིས་འབྲས་གཅིག་དཔེ་ཞེས།། དེ་སྐད ་སྡུད་པར་བྱེད་པ་ཡོད།། མཐོང་ལྡམ་ནརྀ་ཡོད་ཁ་ཅིག་ཟེར།། སྒོམ་ལམ་སྦྱོར་བ་ཟེར་བའང་ཡོད།། ལ་ལ་སྦྱོར་ལམ་ནུ་ཡོད་དེ།། སྦྱོར་ལམ་མ་བསྟན་གསུངས་པ་ནི།། བཞི་རུ་མ་བསྟན་ལ་དགོངས་གསུང ་ཟློས་སྐྱོན་སྔར་སྤུངས་ངོ་བོ་ནི།། རྗེས་ཀྱི་ལྷག་མཛོད་སྙིང་རྗེ་ཡིན།། རློམ་མོང་རྣམ་བཞི་བསྟན་པ་ཡང་།། སེང་བཟང་འདོད་པ་དཀྱུས་ནས་གསལ།། གཟུགས་ལ་གཟུགས་ཀྱིས་གཟུགསྱཱ་དང་།། བདག་གིར ་རློམ་སེམས་མི་བྱེད་པ།། རྣམ་གྲོལ་ཤཱནྡ་རྣམ་གཉིས་བཞེད།། ས་མཚམས་སྦྱོར་བཞི་ངོ་བོ་ནི།། ཤེས་རབ་ཡིན་ཏེ་བཅུ་པོ་ཡི།། རེ་རེ་ལ་ཡང་བཞི་བཞི་ཡི།། རྣམ་ཡོད་ཞེས་པ་སློབ་དཔོན་ནི།། ཤེས་ར ་འབྱུང་གནས་བློ་གྲོས་ཟེར།། མཐོང་ལམ་བསྡུས་དོན་སྔར་བཤད་དེ།། འདི་རུ་བཤད་པའི་ཁྱད་པར་ནི།། བཞི་བུ་སྐྱེ་བའི་ཚུལ་དང་ནི།། ཐུན་མོང་མ་ཡིན་ཚུལ་གྱིས་སུ།། བསྟན་ཏོ་ཞེས ་ནི་བརྗོད་པ་ཡོད།། དོར་བའི་ཚུལ་ནས་བསྟན་ཏོ་ཞེས།། སྟེང་གི་བཟང་པོ་དེ་སྙིང་གསུང་།། སྒྲོམ་ལམ་མི་སྟོན་རྒྱུ་མཚན་ནི། སྔར་བསྟན་ཟན་ཏེ་སྦྱོར་ལམ་ནཱ~ཾ། བྱུང་སེམས་ཐམས་ཅད་མཁྱེན་ལ་བལྟོས།། ཉན་ཐོས ་ལཱམ་ཤེས་སུ་བསྟན་ཏོ།། རྣམ་ཀུན་མངོན་རྫོགས་ཡུལ་གྱིས་གཉིས།། ཤེས་དང་ཤེས་བྱེད་རྣམ་གཉིས།། ཡང་ན་ཤེས་པའི་རྒྱུད་ཟིན་པ།། ཌྷོམཱ་ཀུན་ཤེས་བྱ་བླང་བའི་རམྦེ།། རྟེན་དྲང་ཛྙཱནྨ་བཱ་འབྲས་དང་ལྔ།། ། ་ཤེས་བྱ་རྣམ་པ་བརྒྱ་དང་ནི།། བདུན་ཅུ་རྩ་གསུམ་བསྟན་པ་ཡི།། གྲངས་ལ་ངེས་ཡོད་མ་ཡིན་ཡང་།། མཁྱེན་པ་གསུམ་ལ་བརྟྟི་ནྱཱ་ནཱས་ནཱི།། རེ་ཞིག་དེ་ཙམ་ཞིག་བརྗོད་དོ།། གོ་རིམ་སྐྱེ་བའི་རིམ་པ་སྟེ།། ས་མཚམ ་ལམྦ་ལྔ་གང་ན་ཡོད།། ཅིས་ཤེས་སློབ་དཔོན་སེང་བཟུང་གིས།། ཡེ་ཤེས་ཚོགས་ནི་ཉི་ཤུ་ཡང་།། ལམ་ནི་ཝཱ་ཀར་སྦྱར་བས་སོ།། ངོ་བོ་འདོད་པ་མི་མཐུན་པ་ཏེ།། རྣལ་འབྱོར་རྒྱུད་ལྔ་སྐྱེ་བུ་དང་།། བདེན་བཞིའི་རྣམ ་པ་ཡིན་ཞེས་དང་།། ཉན་ཐོས་བྱང་སེམས་སངས་རྒྱས་ཀྱི།། ཡེ་ཤེས་ཡིན་ཞེས་འདོད་པ་གསུམ།། རྣམ་པར་རྒྱས་དོང་མཁྱེན་པར་བསྡུས།། ཡང་ན་གཏན་ལ་དབབ་པ་དང་།། སྐྱེ་བོའི་རིམ་པས་བསྟན་པས ་ཟློས་པའི་སྐྱོན་དང་བྲལ་བ་ཡིན། ཉམས་ལེན་མཉམ་པར་བཞག་པ་དང་།། རྗེས་ཀྱི་དུས་སུ་ཉམས་ལེ་ནོ།། མཉམ་གཞག་སྦྱོར་བ་ཉི་ཤུ་སྟེ། དེ་ཡི་ཡོན་ཏན་བཅུ་བཞིའོ།། བཞི་བཅུ་རྩ་དྲུག་སྦྱོར་བའི་སྐྱོན།། སྦྱོར་བའི ་མཚན་ཉིད་དགུ་བཅུ་གཅིག། སྦྱོར་བའི་ངོ་བོ་ཞིག་ནས་དང་།། ཤེས་རབ་ཡིན་ཏེ་ཟློས་པའི་སྐྱོན།། མེད་དེ་སྦྱོར་བ་རྣམ་བཅུ་རུ།། རྗེས་ཀྱི་ཆ་ནས་འདི་རུ་ནི།། མཉམ་གཞག་ཆ་ནིས་བསྟུན་པས་སོ།། དོན་ལོ་ཟློས ་སྦྱོར་མཚན་ཉིད་དེ།། དང་པོ་གཉིས་ནི་སྦྱོར་བ་དངོས།། གསུམ་ནི་འབྲས་ཡིན་ཡང་ནི་ཡུལ།། བཅོ་ལྔ་ས་མཚམས་སྒོ་ནས་ཏེ།། རྒྱུ་མཚན་དེས་ནི་ཉི་ཤུའོ།། ཁ་ཅིག་ས་མཚམས་འདི་ལྟར་འདོང་།། ལྔ་ནི་ཀུན་ན ་གཅིག་གིས་ཚོགས།། ལུང་བསྟན་སྦྱོར་ལམ་ཕྱིར་མི་ལྡོགས་བདུན་མན་ཆུང་ངེས་འབྱུང་ནས།། གསུམ་ནི་བརྒྱུད་ནས་ས་བཅུའི་བར།། གཞན་དོན་ཡན་ཆད་སངས་རྒྱས་སུ།། ལ་ལ་དེ་ལས་གཞན་དུ་འདོད ་ཡོན་ཏན་ས་མཚམས་ངེས་མེད་དོ།། མཱ་དོ་ལས་ཀུན་ལ་ཡོད་པར་སྣང་།། སྦྱོར་བའི་ཕན་ཡོན་ཡིན་པས་སུ།། སྦྱོར་བའི་རྗེས་ལ་འབྱུང་བའོ།། གྲངས་དེས་མེད་དེ་ངོ་བོ་ནི།། ཕྱིན་ཅི་མྱ་ལོགས་ཕན་ཡོནོ།། སྐྱོན ་སྤངས་ས་མཚམས་ངེས་པ་མེད།། སྤྱིར་ན་ས་བརྒྱད་མན་ཆང།། སྐྱོན་འབྱུང་ཞེས་ནི་མདོ་ལས་བཤད།། དེ་ཚེ་སྤངས་ནས་སྒོམ་ཞེས་ཟེར།། ལ་ལ་སྒོམ་པ་ནོར་ལས་ཟེརརོ།། མདོར་ན་སྐྱོན་དང་ཡོན་ཏ་ནི།། ་ཤེས་པར་བྱས་ནས་སྒོམ་པ་ཡིན།། མཚན་ཉིད་དགུ་བཅུ་རྩ་གཅིག་ཀྱང་།། གྲངས་ངེས་མེད་ཀྱང་འཁོར་གྱི་ངོར།། དེ་ཙམ་ཁོ་ན་བཤུད་པ་ཡིན།། གོ་རིམ་སྐྱེ་བའི་རིམ་པ་སྟེ།། སྐྱེ་བ ་རགསོ་པོ་ཁོ་ན་སྐྱེ།། ས་མཚམས་སྦྱོར་བའི་རྗེས་ན་སྟེ།། མཉམ་བཞགས་དུས་ནའང་འདོད་པ་ཡིད།། མཚན་ཉིད་རྫོགས་པ་སངས་རྒྱས་པ།། ཆ་མཐུན་ད་ལྟའི་གནས་སྐབས་ནས།། འདི་ནི་སྦྱོར་བའི་མཚན་ཉིད།། ་རྣམ་པ་ཟེར་བ་ཡོད་ཀྱང་དེ།། གཞུང་ན་སུ་སྣུ་མ་གསལ་བར་བཤད།། མཚན་ཉིད་ལ་ཡང་མི་མཐུན་ཏེ།། ཐུན་མོང་མ་ཡིན་མཚན་ཉིད་དང་།། གཏན་ཚོགས་དག་ཏུ་འདོད་པའོ།། དེ་ཡང་སྦྱོར་བ་སྦྱོར་གཅིག་ད་།། ་སོ་སོར་འདོད་པ་ཐ་དད་དོ།། ཕྱིན་ཙམ་ལོག་དབྲོག་པ་དང་། སྦྱོར་བ་སོ་སོར་དཔོག་པ་ཡི།། གཏན་ཚིག་དྲུག་ཀྱང་ཐ་དྲུད་ངོ་།། ཤེས་པའི་ཁྱད་པར་བྱེད་པ་ནི།། འབྲས་བུའི་གཏན་ཚིགས་ངོ་བོ་ནོ།། རང་བཞིན་གཏན་ཚི ་འདོད་པ་ཡོད།། ཤེས་རབ་འབྱུང་གནས་བློ་གྲོས་ནི།། ཁྱད་པར་དག་ཀྱང་རང་བཞིན་ཟེར།། ཁ་ཅིག་བྱེད་ཡིན་གཞན་མིན་ཟེར།། གསུམ་ཀ་གཏན་ཚིགས་གཅིག་ཏུ་ནི།། བྱེད་པ་ཡོད་དེ་མི་འཐད་ངོ་།། སྦྱོར་བ་དང ་པའི་དགོས་པ་ནི།། བརྩོན་འགྲུས་ཆེར་ནི་འཇུག་པ་དང་།། མཐར་གྱིས་སྒོམ་པའི་མངོན་རྟོགས་དག་ལ།། ཕན་ཞེས་འདོད་པ་ཐ་དད་ངོ་།། བརྗོད་པ་མང་བ་དེ་ཙམ་མོ།། ཐར་དང་ངེས་འབྱེད་ཀྱིས་མཚོན་ནས། ་ལཱ་ཉྫས་སྱཱ་བླང་བཱ་བཤུད་།། བར་རྒྱུའི་རྟེན་ནི་གླིང་གསུམ་མི།། ཐོས་བསྡམ་པ་ཡིན་ངོ་བོ་ནི།། ངང་ལ་སོགས་པ་རྣམ་པ་ལྔ།། ཤྲཱིནྟས་དང་སོགས་པ་དབྱེ་བར་བྱས།། ཚོགས་ལམ་ཆེ་འབྲིང་རྣམ་གསུམ་སུ ་སྐྱེ་གེ་བཟུང་པོའི་དབྱེ་བ་ཡིན།། མི་སྐྱུག་མི་དངང་མི་ཁམ་པཱ།། ཚེ་འབྲིང་གསུམ་གྱི་རྟགས་སུ་བཤད་སྒྲ་ངན་འདྲེས་པ་ཐར་པ་སྟེ།། དེ་མ་ནི་སྡུག་བསྔལ་བཟོད་།། དེ་དང་མཐུན་པ་ངེས་པ་ཡིན།། དེ་ཉིད་སྐྱེ ་པ་ལ་སོགས་ལྟ།། མི་དམིགས་པས་ནི་ཟིན་པ་སྟེ།། ཐུར་པའི་ཆ་མཐུན་མཚན་ཉིད་སྱནྟེ།། ངེས་འབྱེད་བསྡུས་དོན་སྟེར་བཤད་ཀྱང་། རྗེས་ཀྱི་ཉམས་བླངས་འབའ་ཞིག་བཤད་།། དམིགས་པ་སེམས་ཅན ་ཅད་དོ།། ཆུང་ངུའི་རྣམ་པ་མཉམ་དང་བྱམས།། འབྲིང་གི་རྣམ་པ་ཕན་པ་དང་།། ཁོང་ཁྲོ་མེད་དང་མི་འཆི་གསུམ།། ཆུང་ངུའི་རྣམ་གཉིས་ཆེ་འདི་ལ།། གཞན་ལ་འཚེ་བར་མི་བྱེད་པ།། འབྲིང་གི་རྣམ་གསུམ ་མཱ་ལཱ།། གཞན་ལ་ཕན་པར་བྱེད་པའོ།། ཆེན་པོའི་ཕ་ལ་སོགས་པ་སྟེ།། འདི་དང་ཕྱི་མ་གཉིས་ཀུ་ལ།། ཕན་པར་བྱེད་པ་ཁོ་ནུའོ།། ནུ་མོ་ཆུང་ངུའི་མི་དགེ་ལས།། ལྡོག་པ་བདོག་སྤྱོང་གཞན་འཇུག་ལ།། འབྲིང ་གི་སྦྱིན་སོགས་དགེ་བ་ལ།། བོ་དག་དང་གཞན་དག་སྦྱོར་བ་སྟེ།། གཞན་པདེའི་རྒྱུད་ལ་སྦྱོར་བའོ།། ཆེན་པོའི་བདག་ཀྱང་སྟེང་སྒོམ་ཞིང་།། གཞན་ཡང་སྦྱོར་ཏེ་གཞན་དག་ལ།། ཕྱིན་ཅི་ལོག་ནི་སྤོང ་འདོད།། བཟོད་པ་ཆུང་ངུའི་བདེན་བཞི་ལ།། བདག་དང་གཞན་དག་སྦྱོར་བ་སྟེ།། གཞན་ནི་འཕགས་ལམ་སྦྱོར་འདོད་པའོ།། འབྲིང་གི་རྒྱུན་ཞུགས་ལ་སོགས་ལྔ།། ཤེས་ཤིང་མ ་དུ་མི་བྱེད་ལ།། བདག་དང་གཞན་དགྲ་སྦྱོར་བ་སྟེ།། གཞན་དགྲ་འབྲས་བུར་སྦྱོར་འདོད་པའོ།། ཆེན་པོའི་བྱང་ཆུབ་སྐྱོན་མེད་ལ།། བདག་གཞན་སྦྱོར་དེ་གཞན་དག་ནི།། སངས་རྒྱས་ལ་ནི་སྦྱོར་འདོད་པའོ།། ཆོས ་མཆོག་ཆུང་ངུའི་སེམས་ཅན་ནི།། སྨིན་པར་བྱེད་དེ་དོན་ལ་ནི།། ཐེག་པ་གསུམ་ལ་དགོད་པའོ།། འབྲིང་གཱི་བདག་གཞན་གཉིས་ཀ་ཡང་། བྱང་ཆུབ་མངོན་ཤེས་སྐྱེ་ལ་སྟེ།། སེམས་ཅན་བྱང་ཆུབ་ལམ་སྦྱོར་ན། ་ཆེན་པོའི་བདག་ནི་རྣམ་མཁྱེན་པའི།། ཡེ་ཤེས་སྐྱེ་བར་འདོད་པ་དང་།། གཞན་ངག་ཕུན་སུམ་ཚོགས་པ་ཡི།། མཐར་ཐུག་ལྔ་ནི་འཇོག་པའོ།། ཚོགས་ལམ་རྟེ་ནི་བཤད་ཟིན་པས།། ངེས་འབྱེད་མཐོང་ལམ་སྒོ ་གྱི།། ཕྱིར་མི་ལྡོག་པའི་གང་ཟག་གསུམ།། བསྟན་ཕྱིར་རྟགས་ཀྱི་སྒོ་ནུས་བཤད།། ཕྱིར་མི་ལྡོག་པ་རྣམ་གསུམ་སྟེ།། འདིར་ནི་ཐེག་པ་འོག་མ་རུ།། ཕྱིར་ལྡོག་པ་ཡི་རྟགས་བཤད་དོ།། དབང་པོ་རབ་འབྱུང ་ཐ་མ་ཡཱི།། ངེས་འབྱེད་མཐོང་ལམ་སྒོམ་ལཾ་གྱི།། ས་བརྒྱད་དག་ཏུ་གོ་རིམ་བཞིན།། ཕྱིར་མི་ལྡོག་པ་གསུམ་ཡིནོ།། མཐར་ཐུག་ལྡོག་པ་ཡོད་པས་ན།། རྟག་ཡོད་ན་ནི་གནས་སྐབས་ཀྱི།། ལྡོག་པ་ཡང་ནི་མེད ་ཞེས།། རྟགས་ཀྱི་སྒོ་ནས་དཔོག་པ་ཡིན།། རང་ན་དཔོག་ནཱ་རྒྱུ་ཚོགས་པའི།། རང་བཞིན་ཁོ་ནའི་གཏན་ཚིགས།། གཞན་གྱི་དཔོག་ན་རང་བཞིན་དང་།། འབྲུ་ཡི་གཏན་ཚིགས་གཉིས་ཀྱིས་སོ།། དཔགས ་པའི་དགོས་པ་རང་ལ་ནི།། བརྙས་པ་སྐྱེད་པ་དགག་པའོ།། དེ་ནི་སྤྱི་ཡི་བྱེ་བྲག་གི། ངེས་འབྱེད་རྟགས་ནི་ཉི་ཤུ་ལ།། གྲངས་ངེས་མེད་ཀྱང་དེ་ཙམ་ཞིག། འཁོར་གྱི་དོ་རུ་བཤད་པ་ཡིན།། དྲོད་ལ་བཅུ ་གཅིག་རྩེ་མོའི་དྲུག། བཟོད་པ་གཉིས་ཏེ་ཆོས་མཆོག་གཅིག། སེང་གེ་བཟང་པོའི་འདོད་པ་ཡིན།། ཤཱནྟིས་དེ་ལྟར་མ་ཕྱེའོ།། མཐོང་ལམ་རྟགས་ནི་བཅུ་དྲུག་ཀྱང་།། རྗེས་ཀྱི་ཆ་ནས་རྟགས་ཡིན་ཏེ། ་ན་བཟོད་པ་ཟེར་བ་ནི།། སྔར་གྱི་ནུས་པ་མཚོན་པ་ཡིན།། སྒོམ་ལམྦྷ་རྟགས་ནི་ཟབ་མོ་བརྒྱད།། ཁ་ཅིག་པ་ནི་རེ་རེ་ལ།། བརྒྱད་ཀུ་ཡོད་ཀྱང་འགལ་བ་མེད།། སྲིད་དང་ཤྲཱི་མཉམ་རྣམ་པ་སྟེ། གོདྷཱ་གི་གྲཱ ་ཟུག་དེ་ཉིད་ཀྱིས།། རྣམ་པ་འདི་ལྟ་བསྒོམ་ཞེས་པ།། སློབ་དཔོན་སེང་གེ་བཟང་པོ་དང་།། བུདྡྷ་ཤྲཱི་ཛྙཱ་ནཱ་བཞེང་།། སྦྱོར་བ་ཉི་ཤུ་མི་ཟློས་ཏེ།། རྗེས་ཀྱི་ཆ་ནས་བཤད་པའོ།། ངེས་འབྱེད་ཆ་མཐུན་གྱིས་མི ་ཟློས།། འདིར་ནི་སྒྱུ་མའི་ཚུལ་ནས་སོ།། རྨི་ལམ་ཆུས་ཁྱེར་དཔེར་བླངས་ནས།། ས་བརྒྱད་ཡན་ཚད་ནི་ཡོད་ཅེས། སངས་རྒྱས་ཕལ་པོ་ཆེ་ནས་བཤད།། སྲིད་དང་ཞི་བ་མཉམ་ཉིད་ཀྱིས།། མི་སློབ ་རྟེན་བརྟན་རྣམ་གྲོལ་གསུང་།། འདི་ཙམ་སློབ་པར་བྱར་ཡོད་ཅེས།། དེ་སྐད་རྣམ་གྲོལ་གསུངས་བྱས་ནས།། གཏན་མི་སློབ་པའི་མྱི་སློབ་མིན།། ཞིང་དག་གཉིས ་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་དག་པའོ།། སེམས་ཅན་དག་ལ་བཀྲེས་སོགས་དང་།། བྲལ་ཏེ་ཐེག་གསུམ་སྦྱོང་དུ་རུང་།། སྣོད་དག་སྣོད་སོགས་གསེར་ལ་སོགས།། སང་བཟང་སངས་རྒྱས་ས ་རུ་འདོད།། བུདྡྷ་ཤྲཱི་ཡིང་དེ་བཞིན་ནོ།། དག་པར་བྱེང་པ་ཡན་ན།། དག་པར་བྱེད་པ་ཡིན་པས་ན།། སཱ་ཅུ་མན་ཆད་ན་ཡོད་ཞེས།། འཕགས་པ་རྣམ་པར་གྲོལ་སྡེ་གསུང་།། ཐབས་ལ་མཁས་པ་རྣམ ་བཅུ་ཡང་།། གྲོ་ངས་ངེས་མེད་ཀྱང་གོ་རིམ་ནི།། བོ་སྐྱེད་བྱ་བསྐྱེད་པའི་རིམ་པ་དང་།། བསྒྲུབ་བྱ་གཏན་ཚིག་རིམས་པས་ནི།། བསྡུན་ཞེས་སངས་རྒྱས་ཡེ་ཤེས་གསུང་།། སངས་རྒྱས་ན་ན་ཡོད་པས་ན།། ་གཞན་དོན་ཐབས་ལ་མཁས་པ་སྟེ། དེ་ཉིད་ཀྱིས་ནི་མཚན་ཉིད་ཡིན།། མཛད་པས་འབྲས་ཡིན་འདིར་ནི་རྒྱུ།། དེས་ན་དེ་གཉིས་ཟློས་པ་མེད།། སྲེད་བཟང་གསུང་སྟེ་རྣམ་གྲོལ་དང་།། བུདྡྷ་ཤྲཱི་རྣམ ་གཉིས་ནི།། ས་བཅུ་མན་ཆད་ན་ཡོད་དོ།། ཐབས་ལ་མཁས་པའི་ངོ་བོ་ནི།། སངས་རྒྱས་རྒྱུ་ལ་མཁས་པ་ལ།། འདོད་པས་ས་མཚམས་མི་མཐུ་ནོ།། རྩེ་མོ་བདུན་ལ་དྲོད་ཀྱི་ཚེ།། རྟགས་ཀྱིས་བསྟན་ཏེ ་དབྱེ་བ་ནི།། བཅུ་གཉིས་བསྟན་ཀྱང་གྲངས་ངེས་མེད།། རྩེ་མོ་རྟགས་གཉིས་སོ་སོ་སྟེ།། རྟགས་ཀྱིས་རྩེ་མོ་དཔག་ཅེས་སུ།། ལ་ལ་དེ་སྐད་འདོད་པ་ཡོད།། ཁ་ཅིག་རྟགས་ཉིད་རྩེ་མོ་རུ།། འདོད་དེ་རྟགས ་ཀྱི་དཔག་བྱ་ནི།། ཕྱིར་མི་ལྡོག་པར་དཔོག་པ་སྟེ།། ལུང་ནས་དེ་ལྟར་དཔག་གོ་གསུང་།། རྣམ་འཕེལ་བཅུ་དྲུག་རྩེ་མོ་ཡི།། གྲངས་ངེས་མེད་དེ་གོ་རིམ་ཀྱང་།། མེ་དེ་འདིས་ཀྱང་འདིས་ཀྱང་ནི།། འཕེལ་ལོ། ་ཞེས་ནི་བྱ་བ་ཡིན།། བྱཅུ་དྲུག་གང་རུང་ཡོད་པས་སུ།། དེ་ཡི་རྒྱུད་ལ་དགེ་འཕེལ་བཱ།། རྩེ་མོ་ཡིན་ཞེས་ལ་ལ་ཟེར།། བཅུ་དྲུག་ཉིད་ནི་རྩེ་མོ་ཞེས།། ཁ་ཅིག་དེ་སྐད་འདོད་པའང་ཡོད།། སྔར་ནི་ཡོད ་པར་མ་གྱུར་ལ།། རྩེ་མོ་ཐོབ་ནས་ཡོད་པས་ན།། འཕེལ་བ་ཞེས་ནི་བརྗོད་པ་ཡིན།། བཟོད་པའི་རྩེ་མོ་ཀུན་མཁྱེན་ཉིད།། གསུམ་གྱི་ཆོས་ནི་སེམས་བསྐྱེད་སོགས།། སྔར་བཤད་པ་ཡེ་རིམ་པ་རྣམས ་བཟོད་པར་རྫོགས་པར་འཐད་སྙམ་ན།། སྤང་བྱ་གཞི་ཤེས་རྫོགས་པ་དང་།། ལམ་ཤེས་རྣམ་གཉིས་རྫོགས་པ་དང་། རྣམ་ཀུན་པར་དུ་རྫོགས་པ་ལ།། རྫོགས་པའི་ཐ་སྙད་བཏགས་ཞེས་ཟེར།། རྩེ་མོ ་ས་དགུ་ཡན་ཆད་ན།། རྫོགས་པར་ཡོད་པས་འགལ་བ་མེད།། དེ་སྐད་ཁ་ཅིག་རྫོགས་པར་བྱེད།། ཤཱིནྟི་པ་ཡི་འདོད་པས་ནི།། ཀུན་མཁྱེན་ཆོས་ནི་རྣམ་གསུམ་ཡང་།། རང་བྱུང་དང་ནི་དེ་བཞིན་གཤེགས།། ་ཐམས་ཅད་མཁྱེན་པ་གསུམ་ལ་འདོང་།། ཆོས་མཆོག་རྩེ་མོ་དཔག་མེད་ཀྱང་།། ཏིང་ངེ་འཛིན་ལ་རྟེན་ན་སུ།། བསོད་ནམས་དཔག་ཏུ་མེད་པ་ནི།། རྩེ་མོ་རུ་ནི་བཤད་པ་ཡིན།། མཐོང ་ལམ་རྩེ་མོ་སྤངས་པ་དང་།། རྟོགས་དང་ཡོན་ཏན་རྩེ་མོ་ཞེས།། སྤངས་སོགས་ཞར་ལ་བྱུང་བ་སྟེ།། རྩེ་མོ་དངོས་ནི་ཕ་རོལ་ཕྱིན།། རེ་རེ་ལ་ཡང་དྲུག་དྲུག་ཏུ། རྫོགས་པ་ཡིན་ཞེས་ཁ་ཅིག་ཟེར།། དེས་ན་མཐོང་ཡམ ་རྗེ་མོ་ནི། རྗེས་ཀྱི་གནས་སྐབས་ན་ཡོད་ཟེར།། སྤངས་བྱ་རྣམ་པར་རྟོགས་པ་ནི།། གཟུང་འཛིན་གཉིས་སུ་བསྡུས་པ་སྟེ།། ཞིབ་ཏུ་ཕྱེ་ན་རེ་རེ་ལ།། ཡང་ནི་དགུ་དགུ་ཡོད་པ་ཡིན།། ཁམས་གསུམ་སྤངས་བྱས ་ཕྱེ་ན་ནི།། རྟོག་པ་བཅཝ་རྩལ་ཆུད་ཡིན་ནོ།། གྲངས་དེས་རྒྱུ་མཚན་ཡུལ་གྱིས་ཏེ།། ཆེ་འབྲིང་གིས་ཀྱང་ཟེར་བ་ཡོད།། ངོ་བོ་འཁྲུལ་བའི་ཤེས་པ་སྐྱེ།། རྟོག་བཅས་རྟོག་པ་མེད་པ་ཡིས།། འཁྲུལ་པ་གཉིས་ཀ་ཡོན ་ཞེས་ཟེར།། ཤེས་བྱའི་སྒྲིབ་པ་ཁོ་ན་སྟེ།། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ།། ལེ་ལ་གཉིས་ཆར་ཡིན་པར་འདོད།། བདག་ཡོད་དུ་ནི་རྟོགས་ལ་སོགས།། དམན་པའི་རྟོགས་པ་ཡིན་པ་དང་།། བ་པ་མེད་དུ་ནི། ་རྟོག་ལ་སོགས།། ངན་རྟོག་གི་ནི་གཉེན་པོ་དག། ཡིན་ཞེས་འདོད་པ་མི་མཐུན་ནོ།། ལ་ལ་གཉིས་ཆར་ཟེར་བ་སྟེ།། འདི་འགྲེལ་ན་ནི་ཐ་མགས་ལ་རྟོག་སྐ་ཡ་དཔག་མེད་ནས།། དེ་ཡི་གཉེན་པོའི་རྟོགས་པ་ནི།། འཇིག ་རྟེན་པ་ཡི་ལམ་ན་ཡོད།། སྤོང་བ་མཐོང་ལམ་བར་ཆད་མྱེད།། ཐེག་པ་ཆེན་པོའི་འདོད་པ་སྟེ།། ཉན་ཐོས་རྣམ་གྲོལ་ལམ་གྱིས།། རྒྱ་མཚོ་ལ་ནི་ཆུ་བོ་བཞིན།། ཡོན་ཏན་དཔག་མེད་འདུ་བ་ནི།། སྒོམ་པ་ལམ ་ཀྱི་རྩེ་མོ་སྟེ། ས་བརྒྱད་ཡུན་ཆད་ན་ཡོད་ཞེས་ལ་ལ་འདོད་དེ་དཔྱད་ན་ནི།། ས་བཅུའི་གནས་སྐབས་ནཱ་ཡོད་འདྲ།། སྤང་བྱ་རྟོག་པའི་མཚན་ཉིད་ནི།། སྡེར་བཤད་ཟིན་པས་བྱེ་བྲག་གིས།། མཚན་ཉིད་བསྟན་པར ་བྱ་བ་ནི།། སེང་གེ་བཟང་པོའི་འདོད་པས་སུ།། འབྱེད་པར་བྱེད་པའི་དུས་དག་ན།། ཡོད་པའི་ཕྲ་རྟོག་ཡིན་ཞེས་གསུངས།། རྣམ་པར་གྲོལ་སྡེ་སྒྲོམ་ལམ་གྱི།། རྗེས་ཀྱི་ཤེས་པའི་གནས་སྐབས་ཀྱིས།། དབྱེ་བ ་ཟག་བཅས་ཡིན་ཞེས་ཟེར།། བར་ཆད་མེད་པའི་རྩེ་མོ་ནརྀ།། ངོ་བོ་ཞི་གནས་ལྷག་མཐོང་སྟེ།། བར་ནི་གླང་གིས་མཆོད་ལ།། ཡོན་ཏན་རྫོགས་མང་མཚན་ཉིད་ཡིན།། ཟློས་པའི་སྐྱོན་ནི་སྣར་སྤྱ་སུ་ཏྱེ།། ་སྣ་ཚམས་རྡོ་རྗེ་ལྟ་བུ་ན།། མཉམ་གཞག་འབའ་ཞིག་ཡིན་པས་ནཱ།། འདི་ཡིད་དམིགས་པ་དངོས་མེད་ཡིན།། རང་གི་རྒྱུད་ལ་ལོགས་པར་རྟོག་བཅུ་དྲུག་བསལ་ལ་སྐྱེ་བ་སྟེ།། ལོ་གོ་བར་རྟོག་པའི་ངོ་བོ ་ནི། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྟེ།། གཉིས་ཆར་ཟེར་ཏེ་ལ་ལ་ནི།། ཐ་མ་ཁོ་ན་ཡིན་པར་འདོད།། གྲངས་ངེས་མེད་ཇི་སྡུད་པ་རུ།། ལོག་པར་སྒྲུབ་པའི་མིང་གི་སུ།། མང་དུ་བཤད་པར་འདུག་པས་སོ།། ། ་རྒྱས་པར་འདིར་ནི་སྤྲོ་མི་བྱ།། མཐར་གྱིས་ཕ་རོལ་ཕྱིན་པ་དྲུག། རྗེསུ་དྲན་དྲུག་དོན་དམ་མོ།། ཕ་རོལ་དྲུག་དང་བསྒྲུབ་པ་ཡང་།། འཆོལ་དང་གོ་རིམ་ཡིན་པས་ན།། ཟློས་སྐྱོན་མེད་དེ ་དཀོན་མཆོག་གསུམ།། དེ་བཞིན་ཡིན་པས་ཟློས་སྐྱོན་མིང་།། སྦྱིན་དང་ཚུལ་ཁྲིམས་གཉིས་དང་ནི།། གཏོང་དང་ཚུལ་ཁྲིམས་དྲན་པ་ཡང་།། དངོས་དང་བྲལ་བའི་ཆ་ནས་སུ།། བསྟན་པས་ཟློས་སྐྱོན་མེད་པ ་ཡིན།། ལྷ་དང་དཀོན་མཆོག་དབང་པོ་དང་།། རྟེན་ཚུལ་ཡིན་པས་ཟློས་པ་མེད།། སྐད་ཅིག་བྱང་ཆུབ་རྣམ་བཞི་ནི།། ལྡོག་པ་དབྱེ་བ་ཡིན་པ་སུ།། རིམ་གྱིས་སྐྱེ་བ་མ་ཡིན་ནོ།། དང་པོ་གཉིས་ནི་འབྲས་བུ་ཡིན།། ཐ ་མ་གཉིས་ནི་རྣམ་པ་ཡིས།། གྲངས་ངེས་ཡོད་པ་མ་ཡིན་ཡང་།། འབྲས་བུ་ཀུན་ནི་དེ་རུ་འདུག། སྐུ་ནི་གཅིག་གཉིས་གསུམ་བཞི་ལྔ།། གྲངས་ངེས་འདོད་པ་དག་ཏུའོ།། རང་དང་གཞན་གྱི་དོན་གྱིས།། སྐུ་གསུམ་ཞེས ་ནཱི་བྱམས་པས་གསུངས།། རང་དོན་ཆོས་སྐུ་གཉིས་པོ་ནི།། རྒྱུད་དགེ་མ་དག་རྣམ་གཉིས་ཀྱི།། དོན་དུ་གཟུགས་སྐུ་རྣམ་གཉིས་ཟེར།། མདོ་སྡེ་ཐར་པ་ཆེན་པོ་ནས།། ངོ་བོ་ཉིད་སྐུ་གསུངས་པ་དང་།། དོན་དམ ་གྱི་ནི་བདེན་པ་དང་།། གསུམ་པོ་དག་ཏུ་མ་འདུས་པས།། སྐུ་བཞི་ཞེས་ནི་སེང་བཟང་གསུང་།། སྤྲུལ་པ་ཡིས་ནི་སྤྲུལ་ལ་སོགས།། ཡོད་པས་སྐུ་ལྔ་གཞན་དག་ཟེར།། བདག་གཞན་ལོངས་སྤྱོད་རྫོགས ་བཱས་སུ།། སྐུ་སྔར་འདོད་པ་དོན་གསང་ཡིན།། ངོ་བོ་ཉིད་སྐུའི་ངོ་བོ་ནི།། དངོས་པོའི་གནས་ལུག་རྟོགས་པ་ཡི།། ཡེ་ཤེས་ཡིན་ནོ་སྐུ་གཉིས་ནི།། གཟུགས་ལ་འཇོག་སྟེ་གཟུགས་དེ་ཡང་།། འཁོར་གྱི་སྣང་བ་འག ་ཞིག་ལ།། འཇོག་པ་ཐོགས་མེད་མཆེད་ཀྱི་གཞུང་།། གཉིས་ཀའི་སྣང་བ་ལ་འཇོག་པ།། ཕྱོགས་ཀྱི་གླང་པོ་ལ་སོགས་པ།། གཉིས་ཀའི་སྣང་བ་མ་ཡིན་པར།། འདོད་པ་ནཱ་གཱ་རྫུ་ན་སོགས།། ཡེ་ཤེས་ལྔ་ཀ་ཆོས ་སྐུ་རུ།། ལ་ལ་འདོད་པ་ཡོད་ཀྱང་ནི།། བུདྡྷ་ཤྩི་ནི་འདི་ལྟར་འདོད།། མེ་ལིངས་ཡེ་ཤེས་ཆོས་ཀྱི་སྐུ།། མཉམ་ཉིད་སོ་སོར་རྟོག་པ་ནི།། ལོངས་སྤྱོད་རྫོགས་སྐུ་སྤྲུལ་པ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། དེ་ལྟར ་འདོད་པ་ཐ་དད་ངོ་།། ཆོས་ཉིད་ཡིན་པས་འཆོས་སྐུ་ཞེས།། ཁ་ཅིག་དེ་སྐད་འདོད་པ་ཡོད།། ཆོས་ཉིད་རྟོགས་དང་ཆོས་སྟོན་པས།། ཆོས་སྐུ་ཡཽ་ནི་ཞེས་འདོད་པའང་ཡོད།། ངེས་པ་བཞི་སྟེ་འཁོར་དང་ནི།། གནས ་དང་སྟོན་པ་ཆོས་སུ་སྐྱེ། དེས་ན་ཇི་ལྟར་འདོད་པ་རུ།། ལོང་སྤོང་བྱེད་པས་ལོངས་སྤྱོད་སྐུ།། འཁོར་གྱི་ངེས་པ་ས་བཅུ་པ།། འབའ་ཞིག་ཡིན་ཞེས་སེང་བཟང་གསུང་།། ཤཱནྟི་མཐོང་ལམ་ཡན་ཆད་ཀྱི།། བྱང ་ཆུབ་སེམས་དཔའ་ཡིན་ཞེས་ཟེར།། གནས་ནི་འོག་མིན་ཆོས་དེ་ནི།། ཐེག་པ་ཆེན་པོ་ཁོ་ནའི་ཆོས།། སྟོན་པ་མཚན་དང་དཔེ་བྱད་ཀྱིས།། བརྒྱན་པའི་གཟུགས་ནི་ཁོ་ན་ཡིན། མཚ་ནི་སུམ་ཅུ་རྩ་གཉིས་དང་།། ་དཔེ་བྱད་བརྒྱད་ཅུར་བ་ཤྭད་ཀྱང་དེ།། དཔག་ཏུ་མེད་པར་ཡོད་པ་སྟེ།། རབ་གནས་མཚོན་ནས་དཔག་མེད་བཤད།། གདུལ་བྱའི་ངོར་ནི་འདི་ཙམ་གྱིས།། སྐྱེས་བུ་ཆེན་པོ ་མཚོན་པས་ན།། མཚན་གྱི་མཚན་ཉིད་དག་ཏུ་བཤོང།། ངོ་བོ་སྤྱིར་ནི་གཟུགས་ཡིན་ཡང་།། ཕལ་དུ་དབང་པོ་ལྔ་ལ་འཇོག། སེམས་ཀྱི་རྣམ་དག་མཚོན་པས་ནཱ།། དཔེ་བྱད་ཟེར་ཏེ་ཡང་ན་ནོ།། མཚན་ནི་བརྒྱན ་པར་བྱེད་པས་ན།། དཔེ་བྱད་དུ་ཡང་འདོད་པ་ཡོད།། སངས་རྒྱས་མཚན་ཉིད་མ་ཡིན་ཀྱང་།། ཇི་ལྟར་འདུལ་བར་སྤྲུལ་པས་ན།། གཟུགས་སྐུ་ཞེས་ནི་བརྗོད་པ་ཡིན།། ངེས་པ་བཞི་དང་བྲལ་ནས་སུ།། ཇི་ལྟ་བ་དང་། ་དེ་ལྟ་བུར།། སྟོན་པ་སྤྲུལ་བའི་སྐུ་ཡིན་ནོ།། དེ་ཡི་མཛད་པ་ཉི་ཤུ་བདུན།། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད།། འཇིག་རྟེན་འཇིག་རྟེན་འདའ་འགོང་དང་། སངས་རྒྱས་ལ་འགོད་རྣམ་གྲོལ་གསུང་།། ཡང་ན་ཇི་ལྟ ་ཇི་སྙེད་པ།། ཇི་སྙེད་རྟེན་དང་ལམ་བཞི་འགོད།། མཐར་ཐུག་ལ་འགོད་ཇི་ལྟ་བ།། བུདྡྷ་ཤྲཱི་ཛྙཱ་ན་ཟེར།། དེ་ལྟར་མཛད་པ་དཔག་མེད་ཀྱང་།། ལམ་བདེན་རང་བཞིན་གནས་སྐབས་ཏེ། མྱ་ངན་འདས་འགོད་འབྲས་བུར་འདོད།། ་ལྷུན་གྲུབ་རྒྱུན་མི་འཆད་པ་ཡང་།། ཐུབ་པ་ཁོ་ནའི་མཛད་པར་བཞེད།། བྷ་ག་ལར་སྐྱེས་དགེ་སློང་ནི། མར་མེ་མཛད་དཔལ་ཡེ་ཤེས་ཀྱིས།། གཞུང་དང་བླ་མའི་གསུང་གིས་ནི།། ཕར་ཕྱིར་བསྡུས་དོན་སྒྲོན་མ་བྱས། ་དེ་དགེ་དྲི་མེད་གང་ཐོབ་པས།། འགྲོ་ཀུན་ལོག་རྟོག་རྣམ་སྤངས་སྟེ།། ཕ་རོལ་ཕྱིན་ཉིད་རྟོགས་ནས་ཀྱང་།། གཞན་ལ་ཕན་ཕྱིར་སྟོན་པར་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས་བྱ་བ།། དཔ ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མཁས་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།། སླད་ཀྱིས་དཔལ་བསམ་ཡས་ལྷུན་གྱིས ་གྲུབ་པའི་རིག་པ་འབྱུང་བའི་གནས་སུ།། དྭཱི་པཾ་ཀ་རཱ་ཤྲཱི་ཛྙཱ་ནས་ཉི་ཁྲི་བཤུད་པའི་སུ་གང་བནྡུ་སྣརོ་ཕྱིས་ལོ་ཕན་གཉིས་ཀྱིས་བིཏྶ་རྟ་ཡིག་གསུངས་པས་དག་པའི་དཔེར་ཆུད་པའོ།། འདིའི་དཔེ་ཕྱི ་མོ་དང་བིཏྶརྟ་དང་རྒྱང་པ་གསུམ་མཆིམས་ཕུ་ན།། བཻ་རོ་ཙ་ནས་བསྒྱུར་བའི་འབུམ་ཤ་སྒོ་ཅན་གྱི་ནང་ན་ཡོད་དོ་སྐད ་