CLOSE WINDOW

GT3884: 'phags pa shes rab kyi pha rol tu phyin pa tshigs su bcad pa chen po zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པ་ར་མི་ཏ། མ་ཧཱ་པ་ར་མཱ་ཏ། མཉྫུ་པ་ར་པྲ་ཚ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྵ་ཕ་རོལ་ཏུ་ཕྱིན་པ་ཚོགས་བཅད་པ་ཆེན་པོ་ཞེས་བྱ་བ།། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། རྟོགས་པའི་ཉི་ཟླས་མ་རིག་པ་ལོགས་རྟོག་བཅོམ།། ཐུགས་རྗེའི་དབང་གིས་འགྲོ་རྣམས་སྨིན་གྲོལ་མཛད།། དོན་གཉིས་མཐར་ཕྱིན་སྨྲ་བའི་སྟེང་གེ་ལ།། ལུས ་ངག་ཡིད་གསུམ་དང་བས་ཕྱག་འཚལོ།། བརྗོད་བྱའི་སྙིང་པོ་རྣ་བ་བྲལ་བ་ཡི།། གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་འདི་ལྔ།། རྟག་ཆད་དམིགས་པའི་མཐའི་ལས་གྲོལ་བར་ནི།། ཅི་ནུས་པར་ནི་འགྲོ་ལ་ཕན་ཕྱིར་བཤད།། ་གཙའ་གཞི་གསུམ་གྱིས་བཀའ་ཡི་ཐོག་ཏུ་བཞག། བཅད་སླད་མེད་པའི་རིག་པ་ངོས་བཟུང་ངོ་།། འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པའི་སེམས་དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་པས།། སྐྱེ་མེད་གཅིག་ཆོད་རང ་བཞིན་སྟོང་པ་ཉིད།། དེ་ལྟར་རྟོགས་ན་སྡོང་པོ་རྩ་བཅད་བཞིན།། རྟོགས་པའི་ཡལ་ཁ་ནམ་ཡང་སྐྱེ་མི་འགྱུར།། དངོས་དང་དངོས་མེད་བློ་ལ་སྣང་བ་ཡི།། རྒྱ་ཆེའི་མཆོད་བྱས་བླ་མ་དཀོན་མཆོག་མཆོད།། ཕྱག་དང ་མཆོད་པ་ཕུལ་ནས་ནི།། གུས་པས་སྐྱབས་འགྲོ་སེམས་བསྐྱེད་བླངས།། སྲོག་གཅོད་ལ་སོགས་མི་དགེ་བཅུ།། བདག་སྤོང་གཞན་ཡང་དེ་ལ་བསྐུལ།། སྲོག་གཅོད་སྤོང་བ་དེ་དག་གིས།། མཐུན་འགྱུར་ལེགས་པར ་བརྗོད་པར་བྱ།། མི་དགེ་བཅུ་པོ་སྤངས་ཙམ་གྱིས།། ལམ་མཆོག་རྙེད་པར་ག་ལ་འགྱུར།། ཕ་རོལ་ཕྱིན་པ་དྲུག་ལས་ནི།། བདག་སྤྱོད་གཞན་ཡང་དེ་ལ་བསྐུལ།། ཕ་རོལ་ཕྱིན་པ་དྲུག་པོ ་ཡི།། མཐུན་འགྱུར་ལེགས་པར་བརྗོད་པར་བྱ།། ཕ་རོལ་ཕྱིན་པ་དྲུག་ལ་སོགས།། དགེ་བཅུ་ལ་སྤྱད་གྱུར་ཀྱང་།། རློམ་སེམས་སྐྱེས་ན་དེ་ལས་བཟློག། གཉིས་མེད་ཕ་རོལ་ཕྱིན་པའི་དོན།། དགེ་སྡིག་བླང་དོར་རེ་དོགས ་ཀྱིས།། མཐའ་དང་བྲལ་བར་མ་རྟོགས་ན། འདུས་བྱས་དགེ་བ་བྱས་གྱུར་ཀྱང་།། ཚེ་འདི་ཉིད་ལ་གྲོལ་མི་འགྱུར།། དེས་ན་འདུས་བྱས་འདུས་མ་བྱས།། དཀར་དང་ནག་པོའི་ཆོས་རྣམས་ཀུན།། རྡུལ་ཙམ་དམིགས་པར ་མི་བྱའོ།། འོན་ཀྱང་ཐབས་ལ་མ་བརྟན་པའི། ཤེས་རབ་མངོན་དུ་མི་འགྱུར་སྟེ།། སོ་ནམ་སྔོན་དུ་མ་སོང་བའི།། ལོ་ཐོག་མི་འབྱུང་བ་དང་མཚུངས།། ཤེས་རབ་ཕ་རོལ་ཕྱིན་པ་ཡི།། དོན་ལ་ངེས་པར་མ་སྤྱད་ན།། སྦྱིན་དང་། ་ཚུལ་ཁྲིམས་དང་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་སྤྱད་གྱུར་ཀྱང་།། ལེང་བ་སྣ་གཞུག་སྟོར་པ་བཞིན།། ལམ་རྒྱུས་བརྙེད་པར་ག་ལ་འགྱུར།། གཞན་ནས་མི་འཚོ་ལ་རང་ལ་ཡོད།། ལྷན་ཅིག་སྐྱེས་པའི་ཡེ་ཤེས ་ནི།། དངོས་དང་མཚན་མར་མ་གྲུབ་པའི།། རང་བཞིན་འོད་གསོལ་ཆེན་པོའི་མངོན།། ཡིད་ལ་བྱེད་པ་ཀུན་དང་བྲལ།། དྲན་ཏོག་རང་བཞིན་གྱི་སངས་པའི།། སངས་རྒྱས་རྗེསུ་དྲན་པར་སྒོམ།། ཕྱི་ནང་ལྷ་འདྲེ་འདྲ་འཁོར ་བནྡྷསརྦྦ། སྱཱང་དང་སྣང་བ་ལ་སྩོགས་པ།། གཉིས་སྐུང་བྲལ་ནཱ་སངས་རྒྱས་ཡིན།། དགོངས་པ་མ་ནོར་མྱ་བཅོས་པའོ།། དཔེར་ན་ནམཁའི་དབྱིངས་དང་མཚུངས།། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི།། དབྱིངས་དང་རིགས་པ་བགྱི ་བའོ།། དབྱིངས་རིག་འདྲེས་པའི་དུས་དག་ཏུ།། དངོས་དང་མཚན་མུ་དགག་སྒྲུབ་དང་།། དམིགས་པར་འཛིན་པ་རང་སྤངས་ཏེ།། གཟུང་འཛིན་གཉིས་དང་བྲལ་བ་ཡི།། ཆོས་ཉིད་དོན་ལ་གནས་པའོ།། དེ་ལྟར་ལུས་སེམས་མངཅཝོ ་བར། ནམ་མཁའ་སྟོང་པས་གར་ཁྱབ་པ།། རིག་པ་སོམས་ཁྱབ་པར་ནི།། རྒྱབ་སྤྱང་ཁྱབ་གདལ་ཆེན་པོར་བཞག། དེ་ཚེ་རིག་པ་གཞི་རྩ་དང་བྲལ་བར་ཉམ་སུ་མྱོང་བ་ནི། དབང་པོ་ལྔ་དང་ཕྱི་རོལ་ཡུལ།། རིག་པ་གང་ལ་ཡང་མི ་གན་སོ།། གཡའ་ཁང་དུར་ཁྲོད་གཉེན་ས་དང་།། གྲོང་དང་གྲོང་ཁྱེར་ཆེན་པོ་དང་།། ཕུག་དང་ཕྱུགས་གནས་དག་ཏུ་ནི། གཉིས་མེད་པར་སྒོམ་པར་བྱ།། བླ་མས་བསྟན་པའི་སྐྱེ་མེད་དོན།། སྤྱོད་ལམ་རྣམ་བཞིར་ཉམ་སྨྲ་བླང་།། དེ་ལྷུར ་ཉས་སུ་ལེན་པ་ལ།། ཕ་རོལ་ཕྱིན་པའི་བྱིན་རླབས་དང་།། ཆོས་རྣམས་སྟོང་པར་རྟོག་པ་དེས།། བར་ཆད་འབྱུང་བར་མི་འགྱུར་སྟེ།། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ལས།། ཀླག་རྙེད་པར་ཡོང་ག་ལ་འགྱུར།། ཆོས་ཉིད་སྟོང་པའི་དོན ་རྟོགས་ནས།། བརྟགས་སམ་འབྲས་བུ་ཕྱི་རོལ་ན།། སྐེ་ལྔའི་ཡུལ་དུ་གཟུགས་དང་སྒྲ།། དྲྀ་རོ་རིག་བྱ་མ་ལུས་པ།། སྟོང་པ་ཉི་དུ་རབ་གསལ་སྟེ།། ནང་དུ་ཉོན་མོངས་དྲག་པོ་དང་།། གཟུངས་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང་།། རང་སྣ ་གྲོལ་རྫིས་ལས་འདས།། དེ་ལྟར་རྟོགས་ན་ཆོས་ཉིད་ལ།། གནས་ཤར་གྲོལ་བར་འགྱུར་བ་སྟེ།། གསེར་གླིང་བདག་ཏུ་ཕྱིན་པ་དང་མཚུངས།། སྐྱེས་བུའི་སྲོག་རྔུ་ཆད་གྱུར་ན།། མིག་ལ་སྩོགས་པའོ་དང ་ཡི། སྒོ་ལྔ་ཆེད་དུ་དགག་མི་དགོས།། དེ་བཞིན་སེམས་ཉིད་རྩད་ཆོད་ན།། ཆོས་རྣམས་སྟོང་པར་རྟོགས་པར་འགྱུར།། སེམས་ཉིད་རྩ་བ་གཅོད་པ་དང་།། ཉོན་མོངས་དུག་ལྔ་གཅོད་པ་དང་།། ལྟ་མཐའ་སྒོམ་པའི་འགྱུ་བྱེད ་གཅོད།། སྤྱོད་པའི་ཉམས་ང་རེ་དོགས་དང་།། ཤེས་པའི་སྙེམས་བྱེད་གཅོད་པའི་ཕྱིར།། ངེས་པའི་ཚིག་ཏུ་གཅོད་ཅེས་བྱ།། མངོན་ཞེ་ན་ཆགས་སྔངས་ཐོགས་བཅས་བདུད།། དེ་ལ་ཇི་ལྟར་སྤྱོད་ཞེ་ན།། ཉམས་ཚད་རབ ་འབྲིང་ཐ་མ་ཡི།། དྲན་མེད་དང་ལ་བཞག་པ་དང་།། དེ་ལ་གཏད་དེ་སྒོམ་པ་དང་།། བརྟག་ཅིང་དཔྱད་དེ་གཏན་ལ་དབབ།། དཔེར་ན་ནགས་ཚུལ་ཐུག་པོ་ལ།། སྟོབས་དང་ལྡན་པའི་སྐྱེས་བླ་དང་།། རྟ་རེ་རྣོན་པོ་ཇི་བཞི་ནོ།། ལྷ་འདྲེར ་ཆོ་འཕྲུལ་སྙེམ་བྱེད་ནི།། ཐོག་མེད་གུང་ཅེས་བྱ་བ་སྟེ།། གཉན་ཐོག་གཉེན་དབབ་ཤ་ཐོག་ཏུ།། མེ་ཚ་ཨ་ན་ཚུགས་སུ་བཞག། དཀོན་མཆོག་གསུམ་ལ་སྐྱབས་འགྲོ།། སྐར་ཆེན་ཐིབ་འོག་དབང་དུ་བཞུགས།། ལྷ་འདྲི་གཉིས ་ལ་ཉོ་རང་སྤངས།། གཉེན་ཆེན་མཐའ་ལ་གཏང་བར་བྱ།། གཅོད་ཀྱི་ཚོད་ཚད་ཉམས་ང་བྲལ།། ཚར་ཚད་ཆོ་འཕྲུལ་རང་ཞི་བ།། ལྡོག་ཚད་བཀྲག་ཅིང་དངས་ནས་བྲོས།། མི་ལྡོག་སྒོ་ལྡན་ལྟ་བུ་ནི།། བཀྲ་ཅིང་དངས་ཡང་མི་འབྲོས་སོ།། ་ལོག་ནོན་གཟེར་བུ་ཝཱ་ཊ་ནི། བཏུད་དེ་དེ་ལ་ནན་ཏཱན་དསྐྱེད།། དེ་ནི་མན་ངག་དམ་པའོ།། གཉིས་མེད་ཕ་རོལ་ཕྱིན་བསྒོམས་པས།། འཇིག་རྟེན་ལྔ་འདྲེ་མ་བཟོད་ནས།། ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ།། དངོས་དང་རྨི་ལམ་གཟིགས ་བྱིན་སོགས།། དེ་དག་ཀུན་བྱུང་ལ་ཉམས་ལེན་གྱིས། གཉིས་སུ་མེད་པའི་དོན་ལ་བཞག། འབྲིང་གིས་དེ་ལ་གཏད་དེ་སྒོམ།། ཐ་མས་དེ་ལ་བརྟག་དཔྱང་བྱ།། དེ་རྗེས་རིགས་པ་བློ་བརྟེན་དང་།། བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། ་གཉེན་སར་ཕྱིན་ལ་ལྷ་འདྲ་ཡི།། གཟི་བྱིན་བྱུང་ན་བེམས་རིག་ཕྲལ།། དེས་ཀྱང་ཞི་བར་མ་གྱུར་ན།། ལུས་འདི་བེམས་པོ་ས་རྡོ་འདྲ།། དེ་ལ་གནོད་པར་མི་འགྱུར་རོ།། སེམས་ནི་དངོས་མེད་ན་མཁའ་འདྲ།། དེ་ལ་སུ་གནོད་སུ ་ལ་གནོང་།། དེ་ལྟར་བསམས་ཏེ་ཆོས་ཉིད་ལ།། ཉམས་ང་བག་ཚ་མེད་པར་བཞག། ལྷ་འདྲེས་རང་ལུས་བེམས་པོ་འདི།། ཁྱེར་ནས་སོང་བ་སྙམ་བྱེད་ཀྱང་།། སྔར་གྱི་ས་ལས་མི་གཡོ་བས།། གང་ལའང་ཉམས་ང་མི་བྱའོ།། ། ་རྣམ་པར་རྟོག་པ་གླང་སྐྱེས་བདུད།། དོ་ནི་རང་གི་སེམས་ལས་བྱུང་།། སེམས་ལ་བྱུང་ས་གནས་ས་དང་།། འགྲེས་གྲུབ་པ་རྡུལ་ཙམ་མེད།། གྲོལ་ནས་སངས་རྒྱས་འབྱུང་མཱི་སྲིད།། འཁྲུལ་པས་འཁོར་བར་འཁྱམས ་མི་སྲིད།། དགེ་སྡིག་ལས་ཀུན་རྣམ་པར་དག། ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས།། སྡིག་ལ་མི་འཛེམ་གོལ་ས་ཡིན།། གྲུབ་པའི་མཐར་ཞེན་སྒྲིབ་པ་ཡིན།། གཉིས་མེད་རང་གྲོལ་གནས་ལུགས་ཡི་ནི།། ་ཆོས་ཉིད་ངང་ལ་སྐྱབས་འགྲོ་དང་།། སེམས་ལསྐྱེད་གས་གདས་པར་བྱ།། རང་ལ་བར་ཆད་བྱུང་བ་ན།། གཉན་སར་ཕྱིན་ལ་གཉིས་མེད་སྒོམ།། སེམས་ཅན་གཞན་མ་ངན་འདོགས་ན ་སྙིང་རྗེ་སྔོན་དུ་འགྲོ་བ་ཡིན།། བདག་དང་ནང་པ་གདོན་དང་ནད།། ཐམས་ཅད་སྟོང་པར་ཤེས་བྱས་ལ།། སྣརུམས་ཕྱག་བྱ་བ་བྱ་ཤིང་སྟོང་པར་སྒོམ།། དེས་ཀྱང་ཞི་བར་མ་གྱུར་ན། གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ།། ན་གསུམ་པར་དུ ་མཐའ་། སྙོམ།། སཎྜལ་བཅས་ལ་ཤིང་བུ་དང་།། རྡེ་ལཱ་པུའི་བྱིན་བརླབས་བྱས་ལ་སྐུར།། སྟེང་གི་ལྷ་རྣམས་དམ་ལ་ཐོགས། འོག་གི་ཀླུ་རྣམས་ཟིལ་གྱིས་གནོན།། ཀླུ་ལ་ལས་ནི་གང་བཙལ་འགྲུབ། ལྷ་རྣམས་རངས་ནས ་གྲོགས་བྱེད།། ཀླུ་རྣམས་མ་ལུས་བྲན་དུ་ཁོལ།། བླ་མ་ཡི་དམ་ཌཱ་ཀི་དང་།། ཆོས་སྐྱོང་རྣམས་ཀྱིས་བུ་ལྟར་ཚེ།། ལེགས་བཅས་བདུད་ལས་ཆོད་པ་ཡིས།། སྣང་བ་ཀརེ་ནི་ལྡང་མི་འགྱུར།། ཐོགས་མེད་བདུད་ལས་ཆོད་པ ་ག་སྦྱིན་པ་མི་དམ་ལ་ཐོགས།། ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར།། དེ་ལ་སོགས་པའི་ཕན་ཡོན་དུ།། དཔག་ཏུ་མེད་པ་འབྱུང་བར་འགྱུར།། སྐྱེ་མེད་གཅིག་ཚད་བཀོད་པའི་དག་པ་དེས།། འགྲོ་བ་ཀུན་གྱིས་ཡུལ ་དོན་རྟོགས་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགསུ་བཅད་པ་ཆེན་མོ་ཞེས་བྱ་བ།། འཕགས་པ་ཨཱརྱ་དེ་བས་མཛད་པ་རྫོགསོ།། །། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོས་སྒྲ་རང་འགྱུར་དུ་མཛད་པའོ།། ། ་