| Wylie | e-texts produced with BDRC’s OCR application |
རྒྱ་གུར་སྐད་དུ། ཨཱ་ལོ་ཀ་མཱ་ལ་ཧྲིད་ཨཱུ་ནནྡ་ཛ་ན་ནཱི་ཊཱི་ཀུ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བའི་འགྲེལ་པ། ཡིད་དགའ་བ་བསྐྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར ་བ་ལ་ཕྱག་འཚ་ལོ།། གསུངས་གི་མཆོག་ཏུ་སད་མཛད་པ།། གཟིགས་དབང་མགོན་ལ་ཕྱག་འཚལ་ནས།། སྣང་བའི་ཕྲེང་བ་གསལ་བ་ཡི།། དོན་ནི་རྣམ་པོར་ངེས་པར་བྱ།། མི་ཤེས་གསུམ་ནི་སྤང་བའི ་ཕྱིར།། ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་དགྲོ་པ་རྣམས་བསྟན་ཏེ། གང་གི་ཕྱིར་འབྲེལ་པ་ལ་སོགས་པ་མ་བསྟན་ན་རྟོག་པ ་སྔོན་དུ་གཏོང་བ་རྣམས་ཐོས་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་རོ།། འདིར་སེམས་ཙམ་ཉིད་དུ་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་བརྗོད་པར་བྱ་བ་ཡིནོ།། མི་ཤེས་པ། གསུམ་སྤངས ་པ་ནི་དགོས་པ་ཡིན་ནོ།། མི་ཤེས་པ་གསུམ་སྤངས་ནས་གདུལ་བྱ་རྣམས་སངས་རྒྱས་ཉིད་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ།། སེམས་ཙམ་ཉིད་ནི་བསྒྲུབ་པར་བྱེ་བ་ཡི་ནི་ལ།། རབ་ཏུ་བྱེད་པ་ནི་ཐབས་ཡིན ་པའི་ཕྱིར་རབ་ཏུ་བྱེད་པ་དང་བརྗོད་པར་བྱ་བ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ་ཞེས་བྱ་བར་གནས་སོ།། དེ་དག་ནི་རེ་ཞིག་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང ་གིས་སེམས་ཙམ་དུ་གསུངས་པ།། ཐུབ་དབང་དེ་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་ནི་ཐུགསུ་ཆུད་པས་ན་ཐུབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ ་སོགས་པ་སྟེ། དེ་རྣམས་ཀྱི་དབང་པོ་ནི་ཐུབ་དབང་སྟེ། ཐུབ་པའི་མཆོག་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདུས་ཞེས་བྱ་བའི་དོན་ཏོ།། སེམས་ཙམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྨྲས་པ། རང་བཞིན་གྲུསུམ་ནི་བསྒོམ ་པ་ཡིས།། ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་ནི་རང་བཞིན་གསུམ་མོ།། རང་བཞིན་གསུམ་གྱི་ངོ་བོ་གང་བསྒོམས་པ་དེ་གསུམ་གྱི་རང་བཞིན་གྱི་དེ་ནི་སེམས ་ཙམ་ཡིནོ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་རང་བཞིན་གསུ་ཀྱི་ངོ་བོ་སྒོམ་ཞེ་ན། མི་ཤེས་གསུམ་ནི་སྤང་བའི་ཕྱིར། ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངསུ་གྲུབ་པའི་ཡུལ་ལ་གང་མི་ཤེས་པ་བྱིས ་པ་རྣམས་ལ་ཡོད་པ་དེ་སྤང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ།། འདི་ལྟར་གང་དག་ཀུན་བརྟགས་པའི་རང་བཞིན་གཟུགས་ལོ་སོགས་པ་རྣམས་ལ་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ ་ཡིན་ནོ།། དེ་བཞིན་དུ་གང་དག་འདུ་བྱེད་ཀྱི་བགོ་ཆགས་ཀྱི་རྒྱུ་ལས་སྐྱེ་བའི་སེམས་ལ་ཡང་རྒྱུ་མེད་པ་ཉིད་དུ་འདོད་པ་དེ་དག་ནི་གཞན་གྱི་དབང་གི་ཡུལ་མི་ཤེས་པ་ཡིན་ནོ།། དེ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་མེད་པ་ལ་གང ་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་འདོགས་པར་བྱེད་པ་དེ་དག་ནི་ཡོངསུ་གྲུབ་པའི་ཡུལ་མི་ཤེས་པ་ཡིན་ནོ།། མི་ཤེས་པ་གསུམ་པོ་དེ་ཡང་མདོ་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ།། དེ་ལྟར་ཡང་། ་བློ་ཡིས་རྣམ་པར་གཞིགས་ན་ནི། གཞན་དབང་མེད་ཅིང་ཀུན་བརྟགས་མེང་།། ཡོངས་སུ་གྲུབ་པའང་ཡོད་མིན་ན། ཇི་ལྟར་བློ་ཡིས་རྣམ་པར་བརྟག། ཅེས་གསུངས་སོ།། ཆོས་ཅན་བཀག་པ་ཉིད་ཀྱིས་ཆོས་རྣམས་བཀག་པ་ཡིན། ་ཏེ། དེ་ཡང་སློབ་དཔོན་གྱིས་ཀྱང་གཞུང་དེའི་རྗེ་སུ་འབྲངས་ནས་དོན་དེ་ཉིད་རབ་ཏུ་བྱེད་པ་འདིས་གཏན་ལ་འབེབས་སྟེ། འདི་ལྟར། མིང་དང་རིགས་སོགས་ཡོན་ཏན་ནི།། ཆོས་རྣམས་བརྫུན་པ་གང་མཐོང་བ།། མཁའ་ལ་རི་མོ་འབྲི། ་པ་ལྟར།། ཕྱིན་ཅི་ལོག་གིས་དྲུབ་པ་ཡིན།། ཞེས་བྱ་བ་དེས་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན།། འདི་སྐདདུ། ཁ་ལས་སྒྲ་ནི་ཅི་ཕྱིར་དང་། རྫ་རྔ་ལས་ནི་ཡང་བྱུང་བ།། ཐ་དད་པ་ཡི་རྒྱུ་འདི་ལྔས།། དངོས་པོ་དངོས་པོ ་མེད་པར་སྣང་།། ཞེས་བྱ་བ་འདིས་ནི་གཞན་དབང་གི་ཡུལ་ལ་མི་ཤེས་པ་སྤོང་བ་ཡིན་ནོ།། འདི་ལྟར། འདི་ནི་ཕྱི་ནང་ཆུང་ཟད་མེད།། ཕན་ཚུན་བལྟོས་པས་གྲུབ་པའི་ཕྱིར།། བར་ན་མ་ཡིན་མེད་མིན་ཏེ། སེམས་ཙམ་དུ་ནི ་གནས་ཕྱི་རོ།། ཞེས་བྱ་བ་འདིས་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་སྤོང་བ་ཡིནོ།། དེ་བས་ན་འདི་ལྟར་སེམས་ཙམ་དུ་གསུང་བའི་བཅོམ་ལྡན་འདས་ཉི་མ་ལྟ་བུས་སུན་པའི་ཚོགས་ལྟ་བུའི་མི་ཤེས་པ་གསུམ་མ་ལུས ་པ་རིང་དུ་སྤངས་པས་འགྲོ་བ་རྣམས་ངེས་པར་ལེགས་པ་ཐོབ་པར་མཛད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སེམས་ཙམ་ཉིད་གཅིག་པུ་ཡིན་ན་ཇི་ལྟར་རང་བཞིན་གསུམ་གྱི་ངོ་བོའི་ཐ ་སྙད་དུ་མི་འགྱུར་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར་བུམ་པ་གཅིག་རིམ་པ་བཞིན་ལྡོག་པའི་དབྱེ་བོས་ཡོད་པ་དང་། མི་རྟག་པ་དང་། བྱས་པ་ཞེས་བྱ་བར་བསྟན་ཏོ།། དེ་བཞིན་དུ་སེམས་ཙམ ་ལ་ངོ་བོ་གསུམ་ཡིན་ཏེ། འདི་ལྟར་སེམས་གཉིསུ་མེད་པ་ལས་ལྡོག་པ་ཡང་འཁྲུལ་པའི་བག་ཆགས་རྗེསུ་འབྲེལ་པའི་ཀུན་བརྟགས་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱིའི་དོན་ཉིད་དུ་སྣང་ངོ་།། གཞན་དབང་མ་ཡིན་པའི ་དོན་ལས་ལྡོག་པ་ལས་གཞན་དབང་གི་ངོ་བོ་ཉིད་དེ་བཞིན་ནོ།། གཟུང་བ་དང་འཛིན་པའི་ངོ་བོ་ཡོངསུ་མ་གྲུབ་པ་ལས་ལྡོག་ཁོ་ན་ཉིད་ཁོང་དུ་ཆུད་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན ་ཏོ|མི་ཤེས་པ་གསུམ་སྤངས་པས་ཀུན་བརྟགས་ལ་སོགས་པ་མེད་པར་ཤེས་པ་ནི་མ་ཡིན་ཏེ། གོས་ཀྱི་དྲི་མ་བཀྲུས་པ་ནི་དྲི་མ་མེད་པས་གོས་མེད་པར་རྟོགས་པ་ཡིན་པ་མ་ཡིན་ནམ།། དེའི་ཕྱིར་ཡང་ཀུན་བརྟགས ་པའི་ངོ་བོ་ཡོད་པར་འགྱུར་རོ་ཞེ་ན། དེ་སྙམ་དུ་དགོངས་ནས་སློབ་དཔོན་གྱིས། སྲིད་གསུམ་མཐའ་རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཀུན་བརྟགས་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྤྲོས་པའོ།། སྲིད ་གསུམ་མཐའ་རུ་བྱོན་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་སྲིད་པ་གསུམ་པོ་དེ་དགྲ་མཐར་མཛད་པས་ན་སྲིང་གསུམ་མཐའ་རུ་བྱོན་ནོ།། སྲིད་པ་གསུམ་གྱི་མཐའ་རུ་བྱོན་པ་ངེས་ན་སངས་རྒྱས ་བཅོམ་ལྡན་འདས་ཞེས་བརྗོད་དོ།། དེ་ལ་བསྡུས་ན་ཏེ། རྣམ་པར་དཔྱད་པའི་རྗེས་སུ་འབྲངས་ན་སེམས་ཀྱི་ཚུར་རྟོག་པ་ཙ་ཉི་དུ་རྟོ་པར་བྱའི་དངོས་པོའི་ངོ་བོ་ཉིད་དུ་ནི་མ་ཡིན་ནོ།། གལ་ཏེ་དེ་དག་སེམས་ལས་མ་ལུས ་སྤངས།། ཞེས་བྱ་བ་ནི་གལ་ཏེ་ནི་བརྒྱ་ལའོ།། དེ་དག་ནི་རྣམ་པར་རྟོགས་པ་ཙམ་མཆོག་ཏུ་འཛིན་པའོ།། གལ་ཏེ་དེ་དག་སེམས་ལས་ནི་ཤེས་པ་ལས་སོ།། མ་ལུས་པ་ནི་ཐམས་ཅད་དེ། བག་ཆགས་དང་བཅས ་བའོ།། སྤངས་པོ་ནི་བསལ་བར་གྱུར་པ་སྟེ། དེའི་ཚེ་དེ་ཡང་སྲིང་འཆིང་བའི་སྐྱེ་བ་ཡོད་མ་ཡིན་ཞེས་སྨོས་ཏེ། སྐྱེ་བ་སོགས་པ་ཡོད་པ་མ་ཡིན་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། ཡང་སྲིད་པར ་འཆིལ་བར་མི་འགྱུར་རོ།། དེ་ལྟར་ན་ཡང་། རྣམ་པར་རྟོགས་པ་མ་གཏོགོས་པར།། འཁོར་བ་ཞེས་བྱ་ཡོད་མ་ཡིན། དེས་ན་རྣམ་པར་མི་རྟོག་པས།། རྟག་ཏུ་ཁྱོད་ནི་མྱ་ངན་འདས།། ཞེས་གསུངས་པ་ཡིན་ནོ།། ་ནི་སྲིད་པ་ཐར་པ་དག་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ་ནི། སྲིད་དང་ཐར་པ་ཡོངས་ཤེས་པས།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། སྲིད་དང་ཐར་པ་ནི་སྲིད་པ་དང་ཐར ་དེ་དག་ཡོངསུ་ཤེས་པ་ནི་སྲིད་པ་དང་ཐར་པ་ཡོངསུ་ཤེ་བའོ།། དེའི་ཕྱི་སྲིད་པ་དང་ཐར་པ་ཡོངསུ་ཤེས་པའི་རྒྱུ་ལས་འབྲས་བུ་འབྱུང་བར་འགྱུར་བ་ཡིནོ།། འབྲས་བུ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེས་ན།། དེ་སྤངས་ཐོབ་པའི ་འབྲས་བུ་བྱུང་། ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བས་ནི་སྲིད་པ་དང་ཐར་པ་གཟུང་ངོ་།། དེ་ལྟར་ན་དོན་ནི་འདི་ཡིན་ཏེ་སྲིད་པ་ནི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྤངས་པའི་མཚན་ཉིད་ཀྱི་འབྲས་བུ་བྱུང་ལ། ཐར་པ་ནི ་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བ་ཞེས་བྱའོ།། ཡོངས་སུ་ཤེས་པ་དེ་ཡང་ཇི་སྦྲིད་འབད་པ་མཆོག་གིས་རིག་པ་རྟོགས་པར་མ་བྱས་ན། དེ་སྲིད་སྲིད་པ་དང་ཐར་པ་ཡོངསུ་ག་པ་མི ་ཨུ་ཤྲཱི་བས་དེ་སྤང་བ་འཐོབ་པའི་འབྲས་བུ་འབྱུང་བར་མི་འགྱུར་རོ།། དེ་ཉིད་ཀྱི་ཕྱིར། བློ་གྲོས་བཟང་པོ་ཐམས་ཅད་ནི། ནང་སེམས་པ་ལ་བརྩོན་པ་ཡིན། ཞེས་བྱ་བོ་སྨོས་ཏེ། བློ་གྲོས་བཟང་པོ་གང་ལ་ཡང་པ ་དེ་ནི་བློ་གྲོས་བཟང་པོའོ།། བློ་གྲོས་བཟང་པོ་དེ་དག་ཐམས་ཅད་ནང་གི་བདག་ཉིད་སེམས་ལ་བརྩོན་པ་ཡིན་ནོ།། ནང་གི་སྒྲ་ནི་ནང་རིག་པ་ལ་བྱའོ།། དེ་ཐོས་པ་དང་བསམ་པ་དང་སྒོམ་པ་ནི་སེམས་པའོ།། བརྩོན་པ ་ནི་དེའི་དོན་དུ་བརྩོན་པ་སྟེ། གང་གོམས་པ་ཡིནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བྱས་ན་སྲིད་པ་དང་ཐར་པ་ཡོ་སུ་ཤེས་པ་ཕྱིན་ཅི་མ་ལོག་པར་དེ་དག་འགྱུརརོ་ཞེས་བྱ་བའི་དོན་ཏོ།། ད་ནི་འཁོར་བ་དང་ཐར་པ་དག་ལུང་གི ་རྗེསུ་འབྲངས་ཏེ་བསྡུས་ནས་མདོའི་གནས་ཀྱི་མཚན་ཉིད། འདོད་ཆགས་ལ་སོགས་དྲིར་བཅས་སེམས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དང་པོར་གང་དག་ལ་ཡོད་པ་དེ་ནི་འདོད་ཆགསོ།། སོགས ་པ་སྨོས་པས་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་གཟུང་།། བག་ཆགས་ཀྱི་དབང་གིས་དེ་དང་དེ་དག་གི་འདོད་ཆགས་ལ་སོགས་པའི་དྲི་མས་བསྒོས་པའི་སེམས་ལ་འཁོར་བ་ཞེས་བྱ་བར་བརྗོད་དོ།། སེམས་དེ་ཉིད ་ལས་ལམ་བསྒོམས་པས་འདོད་ཆགས་ལ་སོགས་པས་དབེན་པ་ཉིད་དེ་དག་མདོར་བསྡུས་པ་ནི་རྒྱ་ཆེ་བ་མ་ཡིན་པར་ཐར་པ་ཡིན་པར་གསུངས་སོ།། གང་གིས་གསུངས་ཤེས་ན། སྒྲིབ་པ་སྤངས་པ་རྒྱལ་བ་ཡི ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་དག་ལ་སྤངས་པ་མངལ་བ་དེ་དག་ནི་སྒྲིབ་པ་སྤངས་པའོ།། དེ་ལྟ་བུ་ངེས་གསུངས་ཞེས་བྱ་བའི་དོན་ཏོ།། འདོད་ཆགས་ལ་སོགས་པ་རྣམས ་དོན་དམ་པར་ཡོད་པ་ཡིན་ཞེས་འགའ་ཞིག་སེམས་པར་འགྱུར་པས་ངོ་ལྡོག་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཅན་ནི་ལུས་དང་ལྡན་པ་རྣམས་ཏེ། འདོད་ཆ ་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་དེ་དག་ནི་སེམས་ཀྱི་ཀུན་ཏུ་རྟོགས་པ་ཙམ་གྱི་ངོ་བོར་རྟོ་ཁ་བྱའོ་དེ་བས་ན་དེ་དག་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ།། གལ་ཏེ་གང་དག་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ཡུལ ་དུ་གྱུར་པ་གཟུགས་ལ་སོགས་པའི་ཆོས་དེ་དྲུག་ཀྱང་ཐ་དད་པས་དོན་དམ་པར་ཡོད་པའི་ཕྱིར་སེམས་ཙམ་ཉིད་དུ་མི་འགྲོ་བོ་ཞེ་ན་གང་གིས་ཆོས་ནི་གཞན་དག་ཀྱང་། ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་བསྡུ་བའོ།། འདོད་ཆགས་ལ་སོགས་པ་འབའ་ཞིག་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོ་མ་ཡིན་གྱི། གཟུགས་ལ་སོགས་པའི་ཆོས་གང་ཅི་སྲིད་པའོ།། བྱིས་པ་ནི་མི་མཁས་པའོ།། ། ་རྫུན་བདག་ཉིད་ནི་ལོག་པར་ལྟ་བས་ཡོངས་གཟུང་བ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བརྟགས་པ་དེ་དག་ཀྱང་སེམས་ཀྱི་ཀུན་རྟོག་པ་ཙམ་ངོ་བོར་བལྟ་བར་བྱའོ།། གང་གི་ཕྱིར་གཅིག་དང་དུ་མའི ་རང་བཞིན་གྱི་རྣམ་པར་དཔྱད་ན་དྲི་ཟའི་གྲོང་ཁྱེར་ལྟ་བུར་དོན་དམ་པའི་ངོ་བོར་མི་རུང་བའི་ཕྱིར། དེ་བཞིན་སོ་སོའི་བདག་ཉིད་ཡོད་པ་རྙེད་པར་མི་འགྱུར་ཏེ། དེ་བས་ན་ཀུན་པོརྟགས་པའི་རང་བཞིན་ཡིནོ།། ཀུན ་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་དེ་དག་ཐ་དད་པ་དང་ཐ་དད་མ་ཡིན་པར་དོན་དམ་པར་གང་ཞིག་ལས་འགྱུར། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱ ་རྣམ་པར་རྟོགས་པའི་ངོ་བོ་ཡིན་པར་རྣམ་པར་དཔྱད་པའི་སྒོ་ནས་མེད་པར་བསྟན་ནས། དོན་དམ་པའི་བདེན་པ་རྣམ་པར་རྟོག་པ་ཐམས་ཅད་དང་འབྲེལ་པ་མེད་པས་གཅིག་ཏུ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ཕྱིར། ་འདི་སྐད་དུ། དམ་པའི་དོན་གྱི་རྟོག་པ་ལའང་། ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། འདིར་ཡང་འང་གི་སྒྲ་ནི་བསྡུ་བའི་ཡིན་ནོ།། འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་དོན་དམ་པར་མེད་པས་རྣམ་པར ་རྟོག་པ་ཐམས་ཅད་སློབ་དཔོན་གྱིས་བཀག་གི་འབའ་ཞིག་ནི་མ་ཡིན་ནོ།། ཇི་སྲིད་དོན་དུམ་པ་ལའང་ཐོབ་པ་དང་དཔྱོད་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཤིན་ཏུ་མེད་པའི་ཕྱིར་དགག་པ་ཉིད ་བརྗོད་པར་གཞེང་པ་ཡིན་ཏེ། དོན་དམ་པ་བདག་གིས་རྟོགས་ཟིན་ཏོ།། བདག་གིས་རྟོགསོ།། བདག་གིས་རྟོགས་པར་འགྱུརརོ་ཞེས་བྱ་བ་སྟེ། འདི་ལྟར་རྟོགས་པར་བྱ་བ་དང་། རིག་པ་དང་། རིག་པར་བྱེད་པ་ལ་སོགས ་པ་མཐའ་ཡས་པ་རྣམ་པར་རྟོགས་པའི་ཞེན་པ་ནི་དོན་དམ་པ་རིག་པའི་མཁས་པས་མཐའ་ཡས་པའི་ཆགས་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བའི་རྒྱུར་ཡང་རྟོག་སོ།། གང་གི་ཕྱིར་དེ་ལྟ་བས་ན་དོན་དེ་བར་རིགས ་པས་གནས་མི་བྱ། ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དགེ་བའི་དོན་ལ་ཡང་རྟོག་པའི་དོན་གྱིས་འཁོར་བའི་རྒྱུར་འགྱུར་ལ། མཱི་དགེ་བ་ཡང་རྣམ་པོ་དེ་བཞིན་དུ་ཡིན་ནོ།། རྟོག་ལ ་བྱེ་བྲག་ཅི་ཞིག་ཡོད། ཅེས་བྱ་བ་ནི་དོན་དམ་པའི་ཡུལ་ལམ་དོན་དམ་པ་མ་ཡིན་པ་ཡུལ་དུ་རྟོགས་པ་དེ་ལའོ།། གཉི་ག་ལ་ཡང་ལམ་མཐུན་པ་ཡིན་ཏེ། བརྟགས་པ་ཉིད་ཡིན་པའི་ཕྱིར།། ད་ནི་སྔར་གསུ ་པའི་དོན་དཔེས་བསྟན་པའི་ཕྱིར། རྟེན་གྱི་དབྱེ་བ་ལ་བརྟེན་པའི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེའི་བསྲེག་པའི་མཚན་ཉིད་ཀྱི་རྟེནཱ་ནི་བུ་ང་ཤིང་ཡིན་མོད་ཀྱི། རྩཝ་དང་ལ ་མའི་དབྱེ་བས་དེའི་སྲེག་པ་ཉིད་དུ་ནི་བྱེ་བྲག་མེད་དོ།། བསྲེལ་བའི་ངོ་བོ་ཅན་གྱི་མི་འོངས་ཀྱང་རོག་པ་ཙམ་གྱིས་ཏེ།། རེག་པའི་སྤྱོད་ཡུལ་དུ་གྱུར་པས་སྲེག་པ་ཉིད་ཡིན་ནོ།། དེ་བཞིན་དུ་དོན་དམ་པའི་ཡུལ་གྱི་རྟོག་པ ་ཡང་ཤེས་པར་བྱའོ།། ཡང་ཅིའི་ཕྱིར་དོན་དམ་པའི་རྣམ་པར་རྟོགས་པ་ལ་ཡང་ཞེན་པར་མི་བྱ་ཞེ་ན། ཐམས་ཅད་ཉིད་དུ་སྤང་བར་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་མ་ལུས་པའོ།། འདི ་ལྟར་འཁོར་བའི་རྣམ་པར་རྟོག་པ་རགོས་པ་འབའ་ཞིག་ནི་མི་ཡིན་གྱི། དོན་དམ་པའི་ངོ་བོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཐོབ་པའམ། མི་འཐོབ་པའི་རྒྱུ་མཚན་ཕྲ་མོ་ཇི་སྙེད་པའང་སྤྱང་པར་བྱའོ་ཞེ ་བྱ་བའི་དོན་ཏོ།། རྟོག་པ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། འཁྲུལ་པའི་ངོ་བོ་ཞེས་བྱ་བ་སྟེ་སྒྱུ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར། སེམས་ནི་མངོན་པར་བསླང་པ་ཡིན་ཞེས་པ་ནི་དེ་ཁོ་ན་ཉིད་ལ ་གེགས་བྱེད་པར་གྱུར་ཞེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ལྟ་ཡིན་ན་འཁྲུལ་པའི་ངོ་བོ་ཇི་ལྟ་བུ་ཡིན། གང་གི་ཕྱིར་ངོ་ལྟོགས་པ་དང་། མཚུངས་པ་དེའི་ཕྱིར་དགག་པའི་དཔེས་དེའི་ངོ་བོ་བསྟན་པའི་ཕྱིར། འཁྲུལ་པ། ་ཡུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ།། དེས་ན་འཁྲུལ་བ་མ་དག་པའི་ཕྱིར།། མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། ཞེས་བྱ་བ་ནི་མིག་འཕྲུལ་གྱི་སྤྲོས་པ་ལྟ་བུར་སྣང་བ ་ཡིན་ནོ།། རྣམ་འཕྲུལ་ནི་ཡང་དག་པར་བྱུང་བའོ།། ཇི་ལྟར་མིག་འཕྲུལ་མཁན་གྱིས་དེའི་ངོ་བོ་མ་ཡིན་པའི་སཱ་ལ་སོགས་པའི་དངོས་པོ་གླང་པོ་ལ་སོགས་པའི་དངོས་པོར་སྣང་བ་དྲི་བ་དེ་བཞིན་དུ་གཉིསུ་མེད་པ ་བཞིན་གྱི་སེམས་ཀྱང་འཁྲུལ་བའི་དབང་གིས་གཉིས་ཀྱི་ངོ་བོར་སྣང་བ་འབྱུང་ཞེས་བྱ་བའི་དོན་ཏོ།། ད་ནི་མིག་འཕྲུལ་གྱི་ངོ་བོ་དེ་ཤིན་ཏུ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། མིག་འཕྲུལ་ཡང་ཞེས ་བྱ་བ་སྨོས་ཏེ། མིག་འཕྲུལ་ཡང་སེམས་འཁྲུལ་པ་ཙམ་དུ་ཤེས་པར་བྱ་སྟེ་ཁོང་དུ་ཆུད་པར་བྱའོ།། ཡང་མིག་འཕྲུལ་ཞེས་བྱ་བ་དངོས་པོ་ཆུང་ཟད་ཀྱང་མེད་གང་གི་ཕྱིར་དེའི་ངོ་བོ་རྣམ་པར་དཔྱད་པའི་སྒོ་ནས ་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིརརོ།། ད་ནི་འཁྲུལ་པ་བཀག་ནས་སེམས་ཀྱི་ཡོངསུ་གྲུབ་པའི་ངོ་བོ་བསྟན་པའི་ཕྱིར། དེ་ཕྱིརརོ་སེམས་ཀྱི་ཞེས་བྱ་བ་ལྔ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་བསྟན་མ་ཐག་པའི། ་རྣམ་པསོ།། རང་བཞིན་མེད་པའི་འཁྲུལ་པ་དང་སེམས་ཀྱི་རང་རིག་ཙམ་ལྷན་ཅིག་གཉིསུ་མེད་པར་བལྟའོ།། ཇི་ལྟར་འཁྲུལ་པ་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་མེད་པ་དེ་བས་ན་སེམས་ཀྱི་དེ་དང་དེ་གཉིས ་མི་རིགས་པའི་ཕྱིར་གཉིས་མེད་པར་བལྟའོ།། འཁྲུལ་པ་མི་དམིགས་པའི་ཕྱིར་སེམས་ཉིད་གཅིག་ཏུ་གྲུབ་བོ།། འདི་ལྟར་མི་གུ་ཤམ་གྱི་བུ་དང་རི་བོང་གྷྲི་རཱ་མ་མན་མ ་རང་ཉིད་གཅིག་པུ་ཁོ་ན་གྲུབ་བོ།། དེ་ལྟར་རི་བོང་གི་ར་མཱ་དམིགས་པ་ཉིད་ཀྱི་ཕྱིར་ར་དང་འབྲེལ་པ་མེད་པའི་ངོ་བོ་རྭས་དབེན་པ་རང་ཉིད་གཅིག་པུ་གྲུབ་བོ།། དེ་བཞིན་དུ་འཁྲུལ་པ་མི་དམིགས་པའི་ཕྱིར ་ཤེས་པ་གཅིག་པུ་ཉིད་གྲུབ་བོ།། གཉིསུ་མེད་པ་ནི་དེའི་ངང་ཚུལ་དུ་བལྟ་བ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་འཁྲུལ་པ་དགག་པ་བྱས་ནས་སེམས་ཀྱི་ཡོངསུ་གྲུབ་པའི་ངོ་བོ་དེ་བསྟན་པའི་ཕྱིར། དབུ་མོའོ་ཞེས ་བྱ་བ་སྨོས་ཏེ། དེ་ཉིད་གཉིསུ་མེད་པར་བལྟ་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤོངས་པ་ནི་དབུ་མིའི་ལམ་དུ་ཤེས་པར་བྱའོ།། འདི་ལྟར་ཡོད་པ་མ་ཡིན་པའི་བདག་ཉིད་ཡང་ཕྱིའི་དོན་གཟུང་བ་དང་འཛིན ་པ་ཉིད་དུ་ལྷག་པར་སྒྲོ་འདོགས་པ་ནི་སྒྲོ་བཏགས་པའོ།། གཉིསུ་མེད་པའི་ཤེས་པ་ཁས་མི་ལེན་པ་ནི་སྐུར་པ་འདེབས་པ་ཡིནོ།། གང་གཉིས་པ་དེ་དག་དང་བྲལ་བ་ནི་དབུ་མའི་ལམ་ཞེས་བྱའོ།། དེ་ཉིད་གཉྫི་སུ་མེད་པ ་བལྟ་བ་སེམས་ཀྱི་གཉིས་སུ་མེད་པའི་ངོ་བོ་མཐོང་བ་ནི་ཆོས་ཉིད་དེ། ཆོས་ཀྱི་བདག་ཉིད་མེད་པ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པའི་ཆོས་རྣམས་བདག་མེད་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང ་བདག་ཏུ་འཛིན་པ་བཟློག་པའི་ཕྱིར་ཕུང་པོ་ཁམས་ལ་སོགས་པ་བསྟན།། དེ་ཡང་བཟློག་ནས་སྐལ་ལྡན་ལ།། སེམས་ཙམ་དུ་ནི་རྣམ་པར་བཞག། ཅེས་གསུངས་པ་ཡིནོ།། ཡང་དྲག་པ་དང་བདེན་པའི་མཐའ་ནི ་མཐར་ཐུག་པའོ།། དེ་བས་ན་དེ་ལ་ཡང་དག་པའི་མཐའ་ཞེས་བསྟན་ཏོ།། དེ་ཉིད་ལས་གཞན་མེད་པའི་ཕྱིར་དེ་བཞིན་ཉིད།། ཏི་གཉིས་ཀྱི་ང་པས་ན་སྟོང་པ་ཉིད་དེ་བཞིན་དུ་ཆོས་རྣམས་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་དོ།། ་རྣལ་འབྱོར་པ་རྣམས་ཞི་གནས་དང་ལྷག་མཐོང་དང་ལྡན་པས་ངེས་པར་གྲོལ་བ་ནི་གྲོལ་བ་ཡིན་ནོ།། དེ་ཉིད་རྣམ་པར་རིག་ཙམ་ཉིད་ནི་ཕྱི་རོལ་གྱི་དོན་བཀག་པ་ཡིན་ནོ།། དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བཞིན་རིང་བ ་དང་ཉེ་བ་བཀག་པའི་སྒོ་ནས་ཐོབ་པ་དང་མ་ཐོབ་པ་བསྟན་པའི་ཕྱིར། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། གཉིསུ་མེད་པའི་སེམས་ཉིད་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ།། དེ་གཉིས ་ཀྱིས་དབེན་པ་ཉིད་ཀྱིས་ཆོས་ཐམས་ཅད་ནང་དུ་ཆུད་པའི་ཕྱིར་དེའི་ནང་དུ་ཆུད་པ་ཕྱིར་དེའི་ནང་དུ་ཆུད་པ་ཡིན་ནོ།། དེའི་ཕྱིར་རིང་བ་མ་ཡིན་ཏེ། རིང་བ་ན་གནས་པར་གྱུར་པ་མ་ཡིན།། འོན་ཀྱང་རྣལ་འབྱོར་པ་མ ་ཡིན་པའི་སྐྱེ་བོ་རྣམས་ཀྱིས་ཡོངསུ་མ་ཤེས་པའི་ཕྱིར་ཐོབ་པར་མི་འགྱུར།། གང་གི་ཚེ་བཀའ་བོ་ཆེན་པོས་དེའི་ཟག་པ་རྣམས་ཟད་པས་སངས་རྒྱས་པར་གྱུར་པ་དེའི་ཚེ་ཉེ་བ་མ་ཡིན་པས་ཉེ་བའང་མིནོ།། འདི ་ལྟར་གཉི་སུ་མེད་པའི་ངོ་བོ་དེ་ཉིད་ལ་གཉིས་ཀྱི་རྣམ་པར་བྱིས་པ་རྣམས་འཁྲུལ་པས་ངོ་བོ་དཔྱད་པར་མི་ནུས་ཏེ། ངེས་པ་ཉིད་དུ་མི་ནུས་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་འདིས་བྱིས ་པ་རྣམས་ཀྱིས་ཐོབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། འོ་ན་སུ་ཞིག་གིས་དེར་རང་གིས་རིག་ཅེ་ན། རང་རིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་གཟིགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས ་དངོས་པོ་ཕྲབ་རྣམས་གཟིགས་ཏེ་དེ་དག་གིས་དེ་རང་གིས་རླིག་པ་ཡིན་ནོ།། རང་ལ་གནས་པ་ནི་ཡང་རང་གི་སེམས་ལ་གནས་པའོ།། བདག་འདྲ་བ་ཤེས་རབ་རྩིང་བས་མཐོང་བ་མེད་ཅེས་བྱ་བའི་དོན་ཏོ།། ཡོང་ཇི་ལྟར ་སངས་རྒྱས་དེ་རྣམས་ཀྱིས་རང་གིས་རིག་ཙ་ན། ཕྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སངས་རྒྱས་དེ་དག་གི་རང་བཞིན་ཕྲ་བ་ཡིན་ཏེ། དེ་ལྟ་བས་ན་ཕྲ་བ་ཉིད་ཀྱི་ཕྱིར་ཕྲ་བ་རང་གིས་རིག་པར་རིགས་ཞེས་བྱ་བའི ་དོན་ཏོ།། ཟག་པ་རྣམས་ཟད་པས་གཉིསུ་མེད་པ་དེ་བཞིན་ཉིད་ཤིན་ཏུ་ཕྲ་བ་ཉིད་སངས་རྒྱས་རྣམས་ཀྱི་ཡུལ་དུ་གྱུར་པས་དབྱུང་པོ་ལས་འདུས་པ་གཟིགས་ཀྱི། ཕྱི་རོལ་གཟིགས་པ་མེད་ཅེས་བྱ་བའི་དོན་ཏོ།། ་རྣལ་འབྱོར་པ་རྣམས་ཐར་པ་ཐོབ་པ་དཀའོ་སྙམ་དུ་བརྒྱ་ལ་དོགས་པ་དེ་བསལ་བའི་ཕྱིར་ནོམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་རིག་པས་ན་རྣལ་འབྱོར་རིག་པའོ།། དེས་ནམ་ཡང་རྣམ་པ་འགའ་ཞིག ་ཏུ་ཡང་ཐར་པ་རིང་པོ་ན་གནས་པར་འགྱུར་སྙམ་མི་བསམ་མོ།། འདི་ལྟར་སེམས་དེ་ཉིད་ཀུན་ཏུ་བཏགས་པའི་ཆོས་ཀྱིས་དབེན་པ་མ་ཡིན་པ་ནི་འཁོར་བ་ཉིད་དུ་ཤེས་ལ། ཆོས་དེ་དག་ཉིད་ཀྱིས་སྟོང་པ་ནི་མྱ་ངན་ལས ་འདས་པར་ཤེས་པའོ།། གང་གིས་ཕྱིར་རང་དངོས་ཉིད་ངེས་མཐོང་བ་ནི་མྱ་ངན་ལས་འདས་པའོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། སེམས་དེ་ཉིད་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་བྱེ་བྲག་གིས་འཁོར་བ་དང ་མྱ་ངན་ལས་འདས་པར་གཞག་གི། དེ་ལས་མ་གཏོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་འགའ་ཡང་མི་དམིགས་སོ་ཞེས་བྱ་བ་ཡིནོ།། འཁྲུལ་པ་ཐ་དད་པ་ཀུན་བརྟགས་པ་ཇི་སྲིད་རིགས་པ་དང་ལུང་གི ་དགག་པ་མ་བྱས་པ་དེ་སྲིད་དུ་སེམས་གཉིསུ་མེད་པའི་ངོ་བོར་ཇི་ལྟར་འགྲུབ། དེ་ལྟ་བས་ན་དང་པོར་རྒྱ་ཆེར་དེ་དགག་པའི་ཕྱིར། ཉི་ཆུ་རབཱི་རིབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་ཆུའི་སྒྲ་ནི་སྨིག་རྒྱའི་ཆུ་ལ་བྱའོ།། ལྷག ་མ་ནི་ཁོང་དུ་ཆུད་པར་སླའོ།། ཉི་ཆུ་རབ་རིབ་ལ་སོགས་པའི་འཁྲུལ་པའི་དཔེ་འདི་དག་གི་འཁྲུལ་བ་ཐ་དད་པ་ཀུན་བརྟགས་པ་དགག་པའི་ཕྱིར་གཉིསུ་མེད་པ་སེམས་ཙམ་དུ་སྨྲ་བ་རྣམས་ལ་དེ་གོས་པར་འགྱུར་བ ་ཡིན།། འདི་ལྟར་དེའི་རིགས་པ་བརྗོད་པར་བྱ་སྟེ། སྣང་བ་རྩམ་ཉི་དུ་བརྟགས་པའི་དོན་འགྲུབ་པར་ནི་མི་རིགས་ཏོ། གཞན་དུ་ན་ཉི་ཆུ་རབ་རིབ་ལ་སོགས་པའི་འཁྲུལ་པ་རྣམས་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། ་འདི་ལྟར་སྣང་བའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ།། རྒྱུ་མཚན་མཚུངས་པའི་རྒྱུ་མཚན་ཅན་ལ་བྱེ་བྲག་ཆུང་ཟད་མི་དམིགསོ།། འདི་ལྟར་རྨི་ལམ་ལ་སོགས་པ་ལ་ཡང་དོན་ཏུ ་སྣང་མོད་ཀྱི། དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་སྣང་བ་ཙམ་གྱིས་ཕྱིའི་དོན་ཡོད་པར་མི་འགྲུབ་བོ།། འཁྲུལ་པ་གཞན་ཀུན་བརྟགས་དང་འཁྲུལ་པ་རྣམས་ཁྱད་པར་མེད་པའི་ཕྱིར་དེ་དག་གིས་འཁྲུལ ་པ་གཞན་ཀུན་བརྟགས་པ་ཇི་ལྟར་དགག་པར་རིགས་པ་མ་ཡིན་ནམ། མོ་གཤམ་གྱི་བུས་རི་བོང་གི་རྭ་དགག་པར་བྱ་བར་མི་ནུསོ།། དེ་ལྟར་ནི་མ་ཡིན་ཏེ་ཕྱིའི་དོན་དུ་མངོན་པར་ཞེན་པའི་དུག་གིས་སེམས ་བསླད་པས་ཁྱད་པར་མེད་པའི་ངོ་བོ་མི་སྣང་གི་འོན་ཀྱང་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་དུའོ།། དེའི་ཕྱིར་བྱིས་པ་དེ་རྣམས་ཀྱི་དངོས་པོར་འཛིན་པ་དེ་དག་གིས་སེལ་བར་བྱེད་པ་ཡིན་ནོ།། གལ་ཏེ་དེ་ལྟ ་ཡིན་ན་ངེས་ཀྱང་སེལ་བར་མི་རིགས་ཏེ། འཁྲུལ་པ་ནི་དངོས་པོ་མེད་པའི་ཕྱིར་དང་། མེད་པ་བྱ་བ་བྱེད་པ་མི་སྣང་བའི་ཕྱིར་རོ།། དེ་ལྟར་ནི་མ་ཡིན་ཏེ། འདི་ནི་མཐོང་བ་ཁོ་ན་ཏེ། འདི་ལྟར་ཕྱེ་མེད་པས་བུ་ཤིའོ།། ་ཞེས་བྱ་བ་དང་། ཆར་མེད་པས་འབྲུ་ཉམས་ཞེས་བྱ་བ་ལྟ་བུའོ།། དོན་རྣམས་བརྫུན་པ་ཡིན་ན་བྱིས་པ་རྣམས་ལ་ཅིའི་ཕྱིར་ཕྱིའི་དོན་སྣང་ཞེ་ན། ཡུལ་དུ་ཀུན་བརྟགས་དེ་དང་དེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ ་དང་དེས་ནི་རྣམ་པ་དུ་མ་ཐོག་མ་མེད་པའི་དུས་སུ་གོམས་པའི་ཡུལ་དུ་ཀུན་ཏུ་རྟོག་པས་གཟུགས་ལ་སོགས་པའི་ཀུན་བརྟགས་པས་སེམས་འཁྲུགས་པས་ད་ལྟར་ཡང་དེའི་བག་ཆགས་ཀྱི་ཤུགས་ཏེ་བག་ཆགས ་ཀྱི་འབྱུང་བའོ།། རྨི་ལམ་གཏན་པ་མེད་པ་ལ་དོན་དུ་སྣང་བ་དེ་དག་ལ་སྐྱེའོ།། ཡང་ཅི་ཉིན་པར་སད་པའི་གནས་སྐབས་ན་སྐྱེ་བ་ལྟ་ཅི་སྨོས། དེ་ལྟ་བས་ན་དེ་ཉིད་ཀྱི་ཕྱིར། མི་བཟུང་བ་ཡི་བག་ཆགས་དུག ་ཅེས་བྱ་བ་སྨོས་ཏེ། འདི་ལྟར་དུག་གིས་ཟིན་པ་འགའ་ཞིག་ལ་སེར་པོའི་དངོས་པོ་མེད་ཀྱང་སེར་པོའི་དངོས་པོ་སྣང་བ་སྐྱེའོ།། དེ་བཞིན་དུ་བག་ཆགས་ཀྱི་དུག་གིས་ཟིན་པས་ཕྱིའི་དོན་མེད་ཀྱང་དེར་སྣང་བ་སྐྱེ་བ ་ཉིད་དོ།། འོན་ཀྱང་འདི་ཙམ་གྱི་ཁྱད་པར་ཡོད་དེ། དུག་གིས་ཟིན་པ་ནི་སྔགས་ལ་སོགས་པས་དུག་ཞི་བར་ནུས་ཀྱི། ལམ་སྒོམ་པ་ལ་མི་ཕྱོགས་པས་ནི་བག་ཆགས་ཀྱི་དུག་ཞི་བར་མི་ནུས་སོ།། དེ་ལྟ་བསོ་ན ་དུག་སྔ་མ་ལས་དུག་འདི་ནི་མི་བཟད་པ་ཡིན་ནོ།། ད་ནི་ཕྱིའི་དོན་དུ་མངོན་པར་ཞེན་པ་རྣམས་མི་ཤེས་པར་བསྟན་པའི་ཕྱིར། ཨེ་མའོ་བརྫུན་པའི་རྣམ་རྟོག་གི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་མའོ་ཞེས ་བྱ་བ་ནི་ངོ་མཚར་ཏོ།། རྫུན་ནི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བའོ།། རྒྱུན་ནི་འཇུག་པའོ།། སྟུག་པོ་ནི་མཐུག་པོ་ཉིད་དོ།། གང་གི་ཕྱིར་དེའི་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ། རྨི་ལམ་ལ ་ཀྱང་རྨི་ལམ་གཞན། གྱི་རྟོག་པ་སྟེ། མི་ཤེས་པ་གཉིད་ཀྱིས་ལོག་པའི་འཇིག་རྟེན་རྣམས་ལ་མེད་པའི་དོན་སྣང་བ་ཉིད་ནི་རྨི་ལམ་ཡིན་པ་དགྲག་གོ།། རྨི་ལམ་གྱི་གནས་པ་དེ་ལ ་ལ་ཡང་རྨི་ལམ་གཞན་གྱི་རྟོག་པ་གང་བསྙེན་པ་དེ་རྣམས་ནི་ཤིན་ཏུ་མི་བརྟན་པ་ཉིད་དོ།། འདིར་དཔེ་བསྟེན་པའི་ཕྱིར།། ཆུ་བུར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཆུ་བུར་གྱི་སྟེང་དུ་ཆུ་བུར་གཉིས་པས་གནོད་པ ་བདག་ཉིད་ཅན་དེ་བཞིན་དུ་རྨི་ལམ་གཞན་ཞེས་བྱ་བའི་དོན་ཏོ།། རྨི་ལམ་སྔ་མ་མེད་ན་རྨི་ལམ་ཕྱི་མ་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། གང་གི་ཕྱིར་རྨི་ལམ་ལྟ་བུའི་རྨིལ་མོ།། ཇི་ལྟར་ཤེ་ན། དོན་མེད་པ་སྣང་བ ་དང་འདྲ་བའི་ཕྱིར་རོ།། འདྲ་བ་ཡང་གཉིས་ལ་གནས་པར་འགྱུར་བ་ཡིན་ཏེ། བ་ལང་དང་པ་མེད་པ་བཞིན་ནོ།། དེས་ཀྱང་རྨི་ལམ་གཞན་མེད་པོས་འདྲ་བ་མེད་པའི་ཕྱིར་འདོད་པའི་དངོས་པོ་མི་འགྲུ་བོ།། དེ་ལྟར ་ཡང་བཅོམ་ལྡན་འདས་ཀྱིས།། ཆོས་ཐམས་ཅད་རྨི་ལམ་ལྷུ་འུ་ཡིན་གྱི་རྨི་ལམ་ནི་མ་ཡིནོ།། ཞེས་གསུངས་སོ།། དེ་བས་ན་དགོངས་པ་ནི་འདིར་འདི་ཡིན་ཏེ། གོང་གིས་དཔེ་ཉིད་དུ་རྨྱི་ལམ་བསྟན་པ་དེ ་ངདག་གི་གཞུང་མི་འདོད་པ་འགྲུབ་པ་མེད་དོ།། ཡང་གང་དག་ཕྱིའི་དོན་བཞིན་དུ་རྨི་ལམ་དུ་མཐོང་བའི་དོན་ཡང་ཡོད་པ་ཉིད་དུ་འདོད་པ་དེ་དག་ལ་རྨི་ལམ་གཞན་གྱི་གནོད་པ་ཡིན་ཏེ། ཆུ་བུར་གྱི་སྟོང་དུ་ཆུ་བུར་བཞི་ནོ།། དེ ་ལྟར་ཡང་སློབ་དཔོན་གྱིས།། རྨི་ལམ་དུ་མཐོང་ཡོད་ཡིན་ལ།། དངོས་པོ་གཟུང་བའི་སྟོབས་ཡིན་ན།། གཞོན་ནུ་མཱ་སྦྲུམ་བུ་ཐོབ་པ།། སྣང་ཕྱིར་འདི་ནི་མི་རིག་སོ།། ཞེས་ཕྱིས་འཆད་པར་འགྱུར་རོ།། བྱིས་པ་རྣམས ་ལ་མེད་བཞིན་དུ་སྣང་བ་སྐྱེ་བ་ཅིའི་ཕྱིར་ཡིན་ཞེ་ན། ཡང་དག་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རིག་པའི་དབང་གིས་དེ་དག་ལ་མེད་པ་སྣང་བར་འགྱུར་རོ།། ཡང་དག་པ་ནི་ཡང་གཉིས་མེད་པའི་དོན་དམ ་པ་བསྒྲིབས་ནས་གནས་ཏོ།། དེ་འགེབས་པར་བྱེད་པ་ཡིན་ནོ།། འདི་ལྟར་མ་རིག་པས་ཡང་དག་པ་མ་ཡིན་པའི་དོན་བསྐྱེད་པ་ཉིད་ནི་རྫུན་པ་ཉིད་དེ་སྣང་བར་བྱེད་པ་ཡིན།། ཇི་ལྟ་བུ་ཞིག་ཅེས་ན། མིག་སེར་ཞེས་བྱ་བ ་སྨོས་ཏེ། དཔེར་ན་མིག་སེར་གྱིས་ནད་ཀྱིས་བཏབ་པས་དུང་དཀ་ཁོ་ལ་ཡང་དག་པ་མ་ཡིན་པའི་དོན་སེར་པོའི་དངོས་པོ་ཉིད་དུ་སྣང་།། དེ་བཞིན་དུ་མ་རིག་པའི་རྒྱུས་འདྲི་ཡིན་གྱི་ཕྱིའི་དོན་ནི་མེདདོ།། ཕྱིའི་དོན ་ཐ་དད་པ་མེད་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཉིད་དོན་གྱི་རྣམ་པར་སྣང་བ་ཞེས་རྣལ་འབྱོར་སྤྱོད་པ་པ་སྨྲ་བས། དེ་བས་ན་དེའི་གཞུང་གི་དྲེགས་པ་བསྲེ་བའི་ཕྱིར། ཐ་དད་མིན་པའང་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཐ་དད་མིན་པའང་ནི་གཉིས་མེད་པའི་ངོ་བོའི་ཡང་སེམས་བག་ཆགས་ཀྱི་དབང་གིས་ཐ་དད་སྟེ། གཟུང་བ་དང་འཛིན་པའི་བྱེ་བྲག་ཏུ་གསལ་བར་སྣང་ངོ་།། དེ་བཞིན་དུ་ཕྱི་རོལ་མིན ་བའང་ཕྱིའི་དངོས་པོ་ཉིད་རྣམ་པ་དུ་མ་སྔོན་པོའི་ངོ་བོ་ལ་སོགས་པའི་རྣམ་པའི་དྲི་མས་བསྒྲིབས་པར་སྣང་ཞེས་བྱ་བའི་དོན་ཏོ།། འདི་སྐད་དུ་བསྣུན་པར་འགྱུར་ཏེ། གཟུང་བ་དང ་འཛིན་པའི་དབྱེ་བས་སྙེམས་གཉིས་ཀྱི་ངོ་བོ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ།། ཕྱིའི་དོན་མངོན་སུམ་དུ་དམིགས་པ་ཇི་ལྟར་མེད་པ་བཞིན་དུ་གནས་མ་ཡིནུ་ནཱ་མ། གང་གི་ཕྱིར་ཉི་མ་ལ་སོགས་པ་ཕྱིའི་དངོས་པོ ་ཉིད་མངོན་སུམ་དུ་དམིགས་པ་འདི་ཇི་ལྟར་དེ་དགྲ་མེད་པ་ཡིན་སྙམ་པ་ལ། ཉི་མུ་ཟླ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མ་ལ་སོགས་པ་ཕྱིའི་དངོས་པོ་ནི་མུ་ཡིན་ཏེ། འོན་ཀྱང་འདི་དག་སེམས་ཀྱི་སྤྲུལ་པའོ།། ། ་ཞེས་བྱ་བ་ནི་སེམས་ཉིད་དེའི་རྣམ་པར་སྣང་གི་ཕྱིའི་དོན་ནི་མ་ཡིན།། ཉི་མ་ལ་སོགས་པ་འབྱོའ་ཤིག་ནི་མ་ཡིན་གྱི།། ཁམས་གསུམ་པོ་འདི་དག་པར་ནི་འདོད་པ་དང་གཟུགས་དང་། གཟུགས་མེད་པའི ་ཁྱམས་གསུམ་ནི་ཁམས་གསུམ་པོའོ།། དེ་དག་གི་ཚད་ནི་ཇི་ཙམ་ཞ་ན། སྲིད་པའི་རྩེ་མོས་ཞེས་བྱ་བ་སྨོས་ཏེ། སྲིད་པའི་རྩེ་མོས་ཡོངསུ་བཅད་པའི་བར་དུའོ།། འདི་སྐད་དུ། འདུ་ཤེས་ཡོད་མིན་མེད་མིན ་གྱི་བར་འདི་དག་ཐམས་ཅད་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གྲངས་ཇི་ལྟར་སྣང་བ་སྟེ། དམིགས་པ་འདི་ཐམས་ཅད་རྣམ་ཤེས་དུག་གི་ཐིག་ལེ་ཡིན།། ཐིག་ལེ་དང་འདྲ་བར་ཁྱབ་ཅེས་བྱ་བའི་དོན་ཏེ། ་དུག་གི་སྒྲ་སྨོས་པ་ནི་སློབ་དཔོན་རྣལ་འབྱོར་སྤྱོད་པའི་གཞུང་མི་བཞེད་པར་ཟུར་གྱིས་སྟོན་པའི་དོན་ཏོ།། དུ་ནི་རྣ་འབྱོར་སྤྱོད་བ་པ་ལ་ཕྱིའི་དོན་ཏུ་སུ་བས། གལ་ཏེ་སྣང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་རྣམ ་པར་ཤེས་པ་ཉིད་ལ་དོན་གྱི་རྣམ་པ་སྟོང་བ་རྀ་ཁས་ལེན་ན། ཕྱིའི་དོན་མེདདོ་ཞེས་དེ་ཇི་ལྟར་རྟོགས།། ཇི་སྲིད་ཕྱིའི་དོན་གྱིས་རྣམ་པར་ཤེས་པ་ལ་རྣམ་པ་མ་སྐྱིད་པ་དེ་སྲིད་དེའི་རྣམ་པ་ཇི་ལྟར་སྣང་། རྣམ་པ་མ་བསྐྱེད ་པར་དེའི་རྣམ་པ་ཉིད་མི་རིགས་ཀྱི་གང་གི་ཚེ་ཡང་དོན་ཉེ་བ་ན་གནས་པ་དེའི་རྣམ་པ་ཉིད་རྣམ་པར་ཤེས་པ་ལ་འབྱུང་བ་དེའི་ཚེ། ཕྱིའི་དོན་ཡོད་པ་ཉིད་དུ་གྲུའོ་ཞེས་ཟེར་ཞེས་གྲག། གཞན་དུ་དོན་ལ་བལྟོས་པ་མེད་པར ་གལ་ཏེ་དོན་གྱི་རྣམ་པ་འབྱུང་བར་འགྱུར་ནུ་དེའི་ཚེ་དུས་ཐམས་ཅད་དུ་བུམ་པའི་རྣམ་པ་འབྱུང་བ་འམ། འབྱུང་བར་མི་འགྱུར་རོ།། དེ་ལྟ་བུ་སེམས་ལ་བསྡོགས་ནས་གལ་ཏེ་ཕྱིའི་དོན་སྣང་ན་ཇི་ལྟར་མེད་དེ། ཇི་ལྟར ་མེད་པ་ཉིད་དེ་རྟོགས་པར་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པ་མི་སྣང་བའི་ཕྱིརརོ།། སྣང་བའི་ཡང་ཡོད་པས་ཁྱབ་པ་ཡིན་ལ། མེད་པའི་བདག་ཉིད་སྣང་བར་མི་རིགསོ།། དེ་ལྟར་ཕྱིའི་དོན་དུ་སྨྲ་བ་རྒོལ་བ ་བ་ལ་རྣལ་འབྱོར་སྤྱོད་པ་པ་ལན་འདེབས་ཏེ། སྣང་བའི་ཕྱིར་དོན་ཡོད་པ་ཉིད་སྣང་བ་ནི་མ་ཡིན་ཏེ། དེ་ནི་མ་ངེས་པ་ཉིད་ཡིན་པའི་ཕྱིར།། འདི་ལྟར་ཅིག་རྨི་ལམ་མི་སྣང་ངམ། དོན་དུ་སྣང་མེད་ཀྱི་དེ་ལ་ཡང་དོན་ཡོད་པ་མ ་ཡིན་ཏེ། མེད་ཅེས་བྱ་བའི་དོན་ཏོ།། དོན་དེ་ཉེ་བར་གནས་པས་དོན་གྱི་རྣ་བ་རྣར་ཤེས་པ་འབྱུང་བ་ནི་མ་ཡིན་ཏེ། འདི་ལྟར་རབ་རིབ་དང་ལྡན་པས་དོན་མེད་ཀྱང་སྒྱུ་བཤད་ཀྱི་རྣམ་པ་རྣམ་པར ་ཤེས་པ་ལ་འབྱུང་བ་བཞིན་ནོ།། དེ་ལྟ་བས་ན་བག་ཆགས་ཀྱི་མཐུས་རྣམ་པར་ཤེས་པ་ལ་དོན་གྱི་རྣམ་པ་སྣང་གི་ཕྱིའི་དོན་ཡོད་པས་ནི་མ་ཡིན་ནོ།། ཡང་ཇི་ལྟར་སེམས་གཞན་གྱི་ངོ་བོར་སྣང་ཞེ་ན། ལྷག་པའི་དྲི་མ་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བག་ཆགས་ཀྱི་མཐུས་ལྷག་པའི་དྲི་མས་བློ་རྟོགས་པའི་རང་གི་བདག་ཉིད་བསྒྲིབས་པར་གྱུར་པས་དེའི་ཕྱིར་བློ་གཞན་གྱི་ངོ་བོར་སྣང་བ་ཡིན་ནོ།། བློའི་སྒྲ་ནི་རྣམ་པར་ཤེས་པའི་རྣམ ་གྲངས་ཡིན།། དེ་ལྟ་བས་ན་རྣམ་པར་ཤེས་པ་ཉིད་སྣང་བ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། ཤེལ་དང་འདྲ་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ན་ནོར་བུ་ཤིལ་ལྷག་པའི་དྲི་མས་རང་གི་ངོ་བོ་བསྒྲིབ་པས་གཞན་གྱི་ངོ་བོར ་སྣང་ངོ་།། རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། ལྷག་པའི་རྒྱུ་མཚན་གྱིས་ནོར་བུ་ཤེལ་གཞན་གྱི་དངོས་པོར་སྣང་བ་མངོན་སུམ་གྱིས་དམིགས་ན་ཡང་རྣམ་པར་ཤེས་པའི་རྒྱུ་མཚན་མ་དམིགས་པ ་ཕྱིར་ཇི་ལྟར་གཞན་གྱི་དངོས་པོར་སྣང་ཞེས་པ།། རང་བཞིན་ཉིད་ནི་མི་སྣང་པ་ཞེས་བྱ་བ་ལ་སོགས་པར་སྨོས་ཏེ། གལ་ཏེ་ཡང་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་སྤྱི་ཉིད་ཀྱི་ཕྱིར་རང་བཞིན་ཉིད་ནི་མི་སྣང་བའང ་དེ་དག་ཀྱང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་བག་ཆགས་བསྒོས་པ་དང་འདྲ་བས་བསྔགས་ཕོབ་པའི་རང་གི་མཚན་ཉིད་ཀྱི་ངོ་བོ་ལྟ་བུ་ཐོབ་ཅིང་དེ་རྣམ་པར་རྟོག་པ་ལ་སྣང་བར་འགྱུར་ཏེ། ་མཐོང་བའི་སྤྱོད་ཡུལ་ཉིད་ཐོབ་པ་ལྟ་བུ་མཚན་ཉིད་དོ།། དེ་བས་ན་སེམས་གཞན་གྱི་ངོ་བོ་ཐོབ་པ་ནི་བགྲ་ཆགས་ཀྱི་རྒྱུ་མཚན་ཡིན་ཞེས་བྱ་བའི་དོན་ཏོ།། སེམས་གཅིག་ཇི་ལྟར་གཉི་སུ་སྣང་བ་མ་ཡིན་ཞེ་ན། སེམས་ནི ་ཞེས་བྱ་བ་ལྀ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སེམས་གཅིག་ཉིད་དེ་བཞིན་དུ་ཡང་རྣམ་པར་བསླད་པའི་ཕྱིར་ཏེ། རྣམ་པ་འཁྲུལ་པསོ།། ཡང་བག་ཆགས་དང་ཐབས་ལ་མཁས་པ་འགའ་ཞིག་གིས་གཟུང་བའི་ཆ་དང ་འཛིན་པའི་ཆའི་དབྱེ་བས་གཉིས་སྣང་བ་ནི་གཉིསུ་དམིགས་ཞེས་བྱ་བའི་དོན་ཏོ།། གཟུང་བ་དང་འཛིན་པའི་ངོ་བོ་མི་ཤེས་པ་དེ་བས་ན་དེ་གཉིས་ཀྱི་མཆུ་ཉིད་བསྟན་པའི་ཕྱིར་གཟུང་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གཟུང་བའི་རྣམ་པ་མི་གཡོ་བའི་ཕྱིར་ནི་འགུལ་བ་མེད་པའི་ཕྱིར་ཏེ། ཕྱི་རོལ་ལྟ་བུ་ཉིད་དུ་གནས་པའི་ཕྱི་རོལ་ལྟ་བུར་སྣང་བའོ།། འཛིན་པ་འདི་སྲོག་དང་བཅས་པའི་ཕྱིར་ནི་གཡོ་བ་དང་བཅས་པའི་ཕྱིར ་ནང་ནི་དེ་བྱ་བ་དང་བཅས་པ་ལྟ་བུར་མཚན་ཞེས་བྱ་བའི་དོན་ཏོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། དོན་ནི་གཟུངས་པའི་རྣམ་པར་ཤེས་པ་ནི་འཛིན་པ་ཡིན་ནོ།། དེ་ནི་སློབ་དཔོན་གྱིས་གཟུངས་པ་དང་འཛིན་པའི ་ངོ་བོ་དགུག་པ་སྔོན་དུ་འགྲོ་བས་ཕྱིའི་དོན་དུ་སྨྲ་བའི་གཞུང་དགག་པའི་ཕྱིར། འདར་ན་ཕྱི་རླུང་ཅུང་ཟད་མེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲར་ནྱ་ཅུང་ཟད་སྟུ་ཕྱིའི་གཟུང་བའི་ང་བམ ་དམིགས་པ་དང་། ནང་གི་འཛིན་པའི་ངོ་བོ་ཡང་མ་ཡིན་ནོ།། རིགས་པ་བྱེ་མ་གཏོགས་པར་གཟུང་པོ་དང་འཛིན་པའི་ངོ་བོ་གཞན་ནི་མེད་དོ།། དེ་ཡང་གཉི་ག་སྐད་ཅིག་ལ་སྐྱེ་བ་ནི་མི་རིག་སོ།། དེའི་བདག་ཉིད་དང་། དེ ་ལས་བྱུང་བའི་འབྲེལ་པ་མེད་ན་གཞན་གྱིས་གཞན་རྟོགས་པ་ནི་མ་ཡིན།། འཛིན་པ་ནི་གཟུང་བའི་རང་བཞིན་མ་ཡིན་ཏེ། ཐ་དད་པར་ཁས་ལེན་པའི་ཕྱིར་རོ།། དེ་ལས་བྱུང་བ་ཡང་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཕྱིརརོ།། ། ་གང་གི་ཕྱིར་དེའི་བདག་ཉིད་དེ་ལས་བྱུང་བ་ཉིད་ཡིན་ན་གཟུང་བ་དང་འཛིན་པའི་ངོ་བོར་འགྲུབ་བོ།། གཅིག་ལ་གཅིག་བལྟོས་པས་གྲུབ་པའི་ཕྱིར་གཟུང་བ་དང་འཛིན་པའི་ངོ་བོ་མ་ཡིན་ནོ།། གང་གི་ཕྱིར་གཟུང་བ་ནི ་ཀུནྡ་བཏགས་པ་ཡིན་པའི་ཕྱིར་རྟག་ཏུ་མེད་པའི་ངོ་བོ་ཉིད་དེ། དེ་བས་ན་ཅི་ཞིག་ལ་བལྟོས་ནས་རྣམ་པར་ཤེས་པ་ལ་འཛིན་པ་ཞེས་བྱ་བར་ནི་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། དབང་པོ་དང་ཡུལ་གྱི་བོར་ན་གཟུང་བ་དང་། ་འཛིན་པའི་ངོ་བོ་ཆུང་ཟད་ཀྱང་མེད་དོ།། གཟུང་བ་ལོག་ན་དེའི་རང་བཞིན་མ་ཡིན་པ་དང་། དེའི་འབྲས་བུ་མ་ཡིན་པའི་འཛིན་པ་ངེས་པར་མི་ལྡོག་གོ། དེ་ཉིད་ཀྱི་ཕྱིར་མོད་མིན་ཞེས་གསུངས་ཏེ། དགག་པ་གཉིས་ཀྱིས ་རྣལ་མའི་དོན་སྟོན་པར་བྱེད་པ་ཡིན་ནོ།། དེས་ན་གཟུང་བ་དང་འཛིན་པའི་ངོ་བོ་ལས་འཛིན་པ་མེད་པ་ན་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཉིད་དོ།། མ་རིག་པའི་དབང་གིས་སེམས་ལ་རྣམ་པའི་ངོ་བ་ཉིད་སྣང་བར་རྣལ་འགྱུར ་སྤྱོད་པ་པ་གང་སྨྲ་བ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་རྣམ་པ་མེད་པ་ནི་རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་ཡིན་པས་དེ་དང་འབྲེལ་པ་མེད་པའི་བརྫུན་པའི་རང་བཞིན་དུ་གྱུར་པ་དེ་ལ་ཇི་ལྟར་སྣང་བར་འགྱུར། རྣམ ་པ་དང་རྣམ་པར་ཤེས་པ་ལྷན་ཅིག་འབྲེལ་པ་མེད་ན་གང་ཞིག་དེའི་སྟོབས་ཀྱིས་རྣམ་པ་ཉམསུ་མྱོང་བར་འགྲུབ་པར་འགྱུར།། འདི་ལྟར་རྣམ་པ་ནི་ཤེས་པའི་རང་བཞིན་མ་ཡིན་ཏེ། ཤེས་པ་བཞིན་དུ་ཡོད ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། འོན་ཏེ་ཤེས་པའི་རྣམ་པར་རིག་པའི་རང་བཞིན་ཡིན་པར་འདོད་ན་དེའི་ཚེ་རྣམ་པ་བཞིན་དུ་ཤེས་པ་ཡང་མེད་པར་ཐལ་བར་འགྱུར་རོ།། ཤེས་པས་རྣམ་པ་བསྐྱེད་པ་ནི། ་མ་ཡིན་ཏེ། གཟུགས་མེད་པས་གཟུགས་ཅན་བསྐྱེད་པ་མི་སྲིད་པའི་ཕྱིར་རོ།། རྣམ་པ་ལས། ཤེས་པ་འབྱུང་བ་ཡང་མ་ཡིན་ཏེ། རྣམ་པ་བརྫུན་པ་ཉིད་ཀྱིས་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིརརོ།། དེའི ་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་མ་གཏོགས་པར་འབྲེལ་པ་གཞན་མེད་དོ།། ཡང་དེ་ལྟ་བས་ན་གང་ཞིག་གང་དང་འབྲེལ་པ་མེད་པ་དེ་ཡང་དག་པར་རིག་དེ་ངེས་པར་མི་རྟོགས་ཏེ། འདི་ལྟར་ཤེས ་པའི་བདག་ཉིད་རིག་པ་ནཱ་མོས་གཤམ་གྱི་བུ་བཞིན་ནོ།། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་རྣམ་པ་གཉིས་པོ་རྣམ་པར་ཤེས་པ་དང་། མངོན་པར་འདོད་དུན། ་རྣམ་པར་བཅས་པ་ཡང་མེད་པ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། དེ་ལྟ་བས་ན་ཀུན་རྟགས་པ་སྤངས་པའི་ཕྱིར་སེམས་གཉི་སུ་མེད་པར་གྲུབ་པ་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར། སེམས་ཙམ་དུ་ནི ་གནས་ཕྱིར་རོ།། ཞེས་བྱ་བ་སྨོས།། རྟོག་པའི་དྲན་པ་ཐམས་ཅད་སྤངས་པའི་གཉིས་མེད་པའི་ཤེས་པ་རྣམ་པར་བཞག་པ་དེ་ཉིད་ཀྱི་ཕྱིར་གཉིསུ་མེད་པ་ཤེས་པ་ཉིད་ཐར་པ་ཡིན་ནོ།། འཕགས་པའི་བདེན་པ ་བཞི་བསྒོམ་པས་འདོད་ཚོགས་པ་ལ་སོགས་པ་སྤངས་པ་ཐར་པ་མ་ཡིན་ནམ། ཀུན་ཏུ་བརྟགས་པའི་འཁྲུལ་པ་དང་བྲལ་བའི་སེམས་ཉིད་ཇི་ལྟར་ཐར་པ་ཡིན། འདི་ནི་ཉན་ཐོས་ཀྱི་གཞུང་གི་དོགས་པ་བསུ་བའི ་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གྲོང་གི་སྒྲ་ན་ཚོགས་ཀྱི་རྣམ་གྲངས།། དེ་ལ་དབང་པོའི་ཚོགས་ནི་འདོད་ཆགས་ཀྱི་གནས་མ་ཡིན་ཏེ། ་བདེ་བས་ན་དབང་པོ་རྣམས་ལ་མི་གནས་སོ།། དོན་རྣམས་མིན་ཏེ། གཟུགས་ལ་སོགས་པ་ལ་མ་ཡིན།། སེམས་ལ་མིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་ལ་མ་ཡིན་ནོ།། བདག་ལ་གནས ་མིན་གཞན་གནས་མིནྡ། ཞེས་བྱ་བ་ནི། བདག་ཚད་མ་མ་གྲུབ་པའི་ཕྱིར་བདུག་ལ་མི་གནས།། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ལ། གང་གི་ཚེ་བདག་མ་གྲུབ་པ་དེའི་ཚེ་གཞན་མེད་པའི་ཕྱིར་གཞན་ལ་མི་གནསོ།། ་དེ་ནི་ཡོད་པ་མ་ཡིན་ཏེ་ཡོད་པ་མི་དམིགས་སོ།། གཞན་དུ་ན་གཟུགས་ལ་སོགས་པ་བཞིན་དུ་མངོན་སུམ་གྱིས་ཡོངསུ་གཅོད་པར་འགྱུརརོ།། མེད་པའང་མིན་ནི་སེམས་ལས་བྱུང་བའི་ངོ་བོར་ཁ་ཅིག་གིས་བརྟགས ་བའི་ཕྱིར་རོ།། འོ་ན་སེམས་ཅན་རྣམས་ལ་རྒྱུ་མེད་པར་ཇི་ལྟར་སྐྱེ་ཞེ་ན། མ་བརྟགས་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་མེད་པའི་ཕྱིར་ཡུལ་རྣམས་རྒྱུ་མ་ཡིན་ཏེ། དེ་བས་ན་དེ་དག་ལས་སྐྱེ་བ་མ ་ཡིན་ནོ།། ཁ་ཅིག་སེམས་འཁྲུལ་པ་ལས་ཡིན་ཞེའོ།། དེ་ནི་དངོས་པོ་མེད་པའི་ཕྱིར་མ་ཡིན།། དེ་བས་ན་མ་བརྟགས་པའི་འབྲེལ་པའི་རྒྱུ་ལས་འདོད་ཆགས་འབྱུང་ངོ་།། ག་ལའི་ཡང་ནི་བསྟན་དུ་མེད་ཅིང་མི ་སྣང་བའི་སྤྲིན་གྱི་ནང་ནས་གནམ་ལྕགས་བཞིན་ནི་ཐོག་འབྱུང་བ་ལྟ་བུའོ།། དེ་བས་ན་དེ་བརྟགས་པ་ཉིད་དོ།། དེ་བཞིན་དུ་ཉོན་མོངས་བུ་གཞན་ཡང་དངོས་པོ་མེད་པར་བསྟན་པའི་ཕྱིར། དེ་བཞིན་ཞེ་སྡང་ཞེ ་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འདོད་ཆགས་དངོས་པོ་མེད་པ་ཉིད་དུ་བསྟན་པ་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གཉིས་ཀྱང་དངོས་པོ་མེད་པ་ཉིད་དུ་རྟོགས་པར་བྱའོ།། དེ་ལྟར་འདོད་ཆགས་ཞེ་སྡང་གཏི་མུག ་འབའ་ཞིག་མ་ཡིན་གྱི། ཉོན་མོངས་པའི་རིགས་གཞན་གང་ཡིན་པ་ཡང་སྟེ། ང་རྒྱལ་དང་ལྟ་བུ་དང་ཐེ་ཚོམ་ལ་སོགས་བྱའོ།། ཁམས་གསུམ་དུ་ནི་ཁྱབ་བྱེད་པ་ནི་འདོད་པ་དང་། རྒྱུ ་དང་གཟུགས་མེད་པའི་ཁམ་སུ་ཁྱབ་པའི་ངང་ཚུལ་ཅན་ནོ།། དེ་དག་ནི་རྟོགས་པའི་དུག་ལས་བྱུང་བར་རྟོགས་པར་བྱའི།། དངོས་པོའི་ངོ་བོ་ལས་ནི་མ་ཡིན་ནོ།། ཡང་ཉན་ཐོས་པ་འདི་སྐད་དུ་སྨྲ་སྟེ། རྟོག་པ་ཡང ་ནཱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོད་ཆགས་ལ་སོགས་པ་རྟོག་པ་ལས་བྱུང་བ་ཡིན་ན། དེ་ལྟ་ན་ཡང་རྟོག་པ་ནི་ཁོ་ན་ཉིད་དུ་གཞི་མེད་པར་མི་སྲིད་དེ། མེ་ལྕེ་འབར་བ་ནི་བུད་ཤིང་མེད་པར་འགའ་ཞིག ་གྲིས་ན་མཁའ་ལ་མཆེད་པ་མཐོང་བ་མེད་དོ།། དེའི་གཞི་ནི་སྡེམས་ཉིད་དོ།། དེ་ལྟ་བས་ན་ཡང་དེ་སེམས་དང་འབྲེལ་པ་ཉིད་ཀྱི་ཕྱིར་འདོད་ཆགས་ལ་སོགས་པ་སེམས་ལས་ཀུན་ཏུ་འབྱུང་བ་ཡིན་ཏེ། དེ་དག ་ཇི་ལྟར་རྒྱུ་མེད་པར་འབྱུང་བ་ཡིན། གླལ་ཏེ་རྒྱུ་ལས་སྐྱེ་བ་ཉིད་ཀྱང་དངོས་པོ་མེད་པ་ཡིན་ན། རྒྱུ་དང་བཅས་པ་དེ་དག་ཐམས་ཅོད་དངོས་པོ་མེད་པར་འགྱུར་རོ།། དེའི་ཕྱིར་འདོད་ཆགས་ལ་སོགས་པ་དངོས ་པོ་ཉིད་དུ་གྲུབ་བོ།། ཡང་དངོས་པོ་ཉིད་ཡིན་པའི་ཕྱིར་དེ་སྤངས་པས་ཐར་པ་ཡང་གྲུབ་བོ།། དོན་དེ་ལྟ་བུ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཡོད་པ་གཉིས་ལ་རྟེན་དང་བརྟེན་པའི་ངོ་བོ ་རིགསོ།། གཞན་དུ་ན་རི་བོང་ཡང་རྭའི་རྟེན་དུ་འགྱུར་རོ།། དཔེ་ཡང་མ་གྲུབ་སྟེ། མེ་ལྕེ་དང་བུད་ཤིང་གཉི་ག་ཡང་དངོས་པོ་ཡིན་པའི་ཕྱིར་རོ།། དེ་བས་ན་འདོད་ཆགས་ལ་སོགས་པ་རྣམས་དངོས་པོ་ཉིད་མ་ཡིནོ།། ་ཡང་དེ་དག་འདི་སྐད་དུ་སྨྲ་ཏེ། གལ་ཏེ་འདོད་ཆགས་ལ་སོགས་པ་དངོས་པོ་མེད་པར་གྱུར་པ་ཡིན་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་དག་གི་གཉེན་པོ་སྟོན་པར་མཛད་ཅེ་ན། མི་སྡུག་པ་ལ་སོགས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཐོབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་སྡུག་པ་སྒོམ་པ་ལ་སོགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་གང་གསུངས་པ་དེ་དག་དུག་ཟིན་དོགས་པ་ཞི་བའི་ཕྱིར་ཡིན་གྱི ་ཡང་དངོས་པོ་ལ་གནས་པ་ཉིད་ནི་མ་ཡིན།། འདི་ལྟར་དཔེར་ན་འགའ་ཞིག་དུག་ཟིན་པའི་དོགས་པའི་དུག་གིས་ཁྱབ་པ་ལ་དོགས་པའི་དུག་ལ་མཁས་པ་འགའ་ཞིག་གིས་བརྫུན་གྱི་སྔགས་བཟླས་པས་དོགས་པའི་དུག ་ལ་མཁས་པ་འགའ་ཞིག་གིས་བརྫུན་གྱི་སྔགས་བཟླས་པས་དོགས་པའི་དུག་ཞི་བར་འགྱུར་རོ།། དེ་བཞིན་དུ་བུད་མེད་ཉིད་འདོད་ཆགས་ཀྱི་རྒྱུ་མཚན་དུ་གྱུར་པ་དེ་ལྟ་བུའི་དོགས་པའི་དུག་གིས་ཡོངསུ་ཟིན་པའི་བྱིས ་པ་གང་ཡིན་པ་དེ་དག་ལ་མི་སྡུག་པའི་སྒོམ་པ་གཉེན་པོར་བསྟན་པ་ཡིནོ།། ཡང་བུད་མེད་རྣམས་འདོད་ཆགས་ཀྱི་རྒྱུ་མཚན་ཉིད་ནི་མ་ཡིན་ཏེ།། གཞན་དུ་ན་བུད་མེད་མཐོང་བ་དེ་དག་ཐམས་ཅད་འདོད་ཆགས་སྐྱེ་བར ་འགྱུར་རོ།། དེ་ལྟ་བས་ན་འགའ་ཡང་འདོད་ཆགས་དང་བྲལ་བར་མི་འགྱུར་རོ།། དེ་ལྟར་ཡང་། ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ནི། ཞེས་གསུངས་པ་ཡིན་ནོ།། འདི་ཉིད་ལ་རིགས་པ་གཞན ་བསྟན་པའི་ཕྱིར་ཀུན་ང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དངོས་པོ་མེད་པའི་རང་བཞིན་དེའི་དཔེ་ནི་ཀུན་ད་དང་། ཟླ་བ་དང་། པདྨ་ལ་སོགས་པ་མེད་པ་ལ་གང་གིས་འདོད་ཆགས་བསྐྱེད་པའི་ཕྱིར་སོ་དང་། བཞིན་དང ་མིག་གི་དཔེར་སྦྱར་རོ།། འདོད་ཆགས་དང་བྲལ་བ་བསྐྱེད་པའི་ཕྱིར།། བཤང་བ་ལ་སོགས་པའི་དཔེ་སྦྱར་བ་ལུས་ཀྱི་དཔེར་མི་རུང་སྟེ། གང་གི་ཕྱིར་སད་པའི་སྐབས་ཀྱི་བུད་མེད་ཀྱི་ལུས་རྨི་ལམ་གྱི་གནས་སྐབས་བཞིན ་དུ་ཁོང་དུ་ཆུད་པར་བྱའོ།། འདི་ལྟར་རྨི་ལམ་གྱི་སྐབས་བརྫུན་པ་དེ་ལྟར་སད་པའི་སྐབས་ཀྱང་བརྫུན་པར་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་ལྟར་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་རྒྱུ་མཚན་མེད་པར་མཐོང་བ ་རྣལ་འབྱོར་པས་ཡུལ་འགའ་ལ་ཡང་ཆགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འདོད་ཆགས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་བསྟན་མ་ཐག་པའི་རྣམ་པས་སོ།། རྨི་ལམ་གྱི་གནས་སྐབས་ན་བུད་མེད ་ཤེས་ན་འདོད་ཆགས་དང་འདོད་ཆགས་བྲལ་བ་གཉི་ག་བརྫུན་ཞིང་མེད་ཅེས་བྱ་བའི་དོན་ཏོ།། གང་གི་ཕྱིར་རྒྱུ་མཚན་མི་དམིགས་པའི་ཕྱིར་གཞན་ལ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར། འགའ་ཞིག་ཅེས་བྱ་བ ་སྨོས་ཏེ། དེ་ལ་ཆང་བས་ནི་ཡུལ་ཐམས་ཅད་དངོས་པོ་མེད་པའི་རྡོ་བ་ཉིད།། གླང་གི་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་ཕྱོགས་གཅིག་བུད་མེད་རྣམས་དངོས་པོ་མེད་པར་བསྟན་པའི་ཕྱིར། དེ་ཕྱེ་བར་གྱུར་པ ་དེའི་ཚེ། ཆད་པ་ཕྱེ་བའི་གཏན་ཚིགས་ཀྱིས་ཡུལ་གང་ཡང་དངོས་པོ་མེད་པའི་ཕྱིར། རྣལ་འབྱོར་པ། ཆགས་པ་མ་ཡིན་ཚོགས་མེད་མིན།། ཞེས་བྱ་བའི་དོན་ཏོ།། དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཞིག ་ཆགས་པ་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པ་དང་ལྡན་པས་མི་གཙང་བ་བསྒོམས་པས་ཡུལ་རྣམས་ལ་འདོད་ཆགས་དང་བྲལ་བ་སྐྱེད་མེད་ཀྱི། དེས་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་པས། ་འཁོར་བ་ལ་ངེས་པར་མི་འགྲོལ་ལོ།། གང་གི་ཕྱིར་ཆགས་པ་དང་། ཆགས་པ་དང་བྲལ་བ་ཕན་ཚུན་བལྟོས་པའི་ཕྱིར་ཏིང་འཛིན་ལས་ལངས་ན་ཆགས་པ་སྐྱེ་བར་ཐེ་ཚོམ་མེད་དོ།། དེའི་ཕྱིར་འདོད་སྤོང་དོན་གཉེར་བ་སྟེ། ་གང་ཡིན་པ་དེ་ཆགས་བྲལ་བ་ལའང་སྟེ། འང་གི་སྒྲ་ནི་འདོད་ཆགས་ལའང་བསྟེན་མི་བྱ་སྟེ། ཡིད་ལ་མི་བྱ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་འཕགས་པའི་བདེན་པ་བཞིའི་ལམ་འཁྲུལ་པ་ཉིད་དུ་བསྟན་པས་ཆོས་ལ ་བདག་མེད་པའི་ལམ་འདི་ནི་ངོ་མཚར་དང་བཅས་པས་བསྔགས་པའི་ཕྱིར། ཨེ་མའོ་འཇིག་རྟེན་ལས་འདས་པའི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚོར་རོ།། འཇིག་རྟེན་ལས་འདྲ ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་འདི་རྣམ་པར་དབེན་པ་ཉིད། དེ་བརྟགས་པའི་ཆོས་ཀྱིས་དབེན་པ་ཉིད་དོ།། གང་གི་ཕྱིར། གང་ཞིག་གཞན་གྱི་ཚིག་བདེན་ནི་ཉན་ཐོས་ཀྱི་ཐེག་པར་མི་ག ་བསྒོམ་པ་ལ་སོགས་པའི་ཚིག་དེ་ཉིད་ཁོ་ན་བདེན་པས་ཐེག་པ་ཆེན་པོའི་ཚིག་འདི་བརྫུན་ཏོ། བདེན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཉི་ག་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནམ། ཇི་ལྟར་གཅིག་ནི ་བརྫུན་ལ་གཞན་ནི་བདེན་ཞེ་ན། གནོད་པ་བྱེད་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བདེན་པར་ཉོན་ཐོས་ཀྱི་ཐེག་པ་བཅོམ་ལྡན་འང་སྐྱི་བདེན་པར་གསུངས་ཏེ། རབ་འབྱོར་ལ་སོགས་པ་ལམ ་རེས་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་སྦྱོར་བའི་བརྫུན་པ་ཉིད་དེ་མི་བདེན་པར་རྟོགས་པར་བྱའོ།། ཉན་ཐོས་རྣམས་ཡང་སེམས་ཅན་གྱི་དོན་ལ་འཇུག ་པ་མ་མཐོང་སྟེ། དེ་དག་རང་གི་དོན་འདོད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་སོགས་པ་གཞན་དག་ལས་ཉན་ཐོས་ཀྱི་ཐེག་པ་དམན་པ་ཡིན་ནོ་ཞེས་གསུངས་སོ།། གཞན་ཡང ་ཐེག་པ་དེ་དག་བདེན་པ་དང་བརྫུན་པར་བརྟགས་པ་ཅི་ཞིག་དགོས། གང་ཞིག་གཞན་དོན་བྱེད་པ་དེ་བདེན་པར་བདག་གིས་རྟོགས་ཏེ། དེ་ཡང་ཐེག་པ་ཆེན་པོ་ཡིན་ཏེ། གང་ལ་གནས་བྱང་ཆུབ་སེམས ་དཔའ་རྣམས་སྲོག་གཏོང་བས་ཀྱང་སེམས་ཅན་གྱི་དོན་བྱེད་དོ།། འདི་ལྟར་སེམས་ཅན་གྱི་དོན་ལ་ཉེ་བར་སྦྱོར་བ་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཡེ་ཤེས ་མཆོག་ཉིད་ཀྱིས་དེ་མཆོག་ཉིད་བསྟན་པའི་ཕྱིར། བདེན་ལ་བདེན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཉིསུ་མེད་པའི་ཡེ་ཤེས་ཐེག་པ་ཆེན་པོ་བདེན་པ་ཡིན་ཏེ། དེ་བས་ན་ཐག་པ་ཆེན་པ་བདེན ་པ་ཡིན་ཏེ། དེ་བས་ན་ཐེག་པོ་བདེན་ལ། བདེན་པ་ཡིན་པར་མཁས་པ་མཆོག་རྣམས་གསུངས་པ་ཡིནོ།། གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་ཉན་ཐོས་ཀྱི་ཐེག་པ་གཟུང་བ་དང་འཛིན་པའི་ངོ་བོར་རྟོགས ་པའི་བདག་ཉིད་འཁྲུལ་པ་བརྫུན་པར་གཟིགས་སྟེ། དེ་བརྫུན་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་བདེན་པ་ལ་ནི་གནས་པར་མི་བྱའོ།། མཁས་པ་བདེན་པར་གསུང་པ་ཞེས་བྱ་བ་དང་འབྲེལ་ཏོ།། དེ་ལྟར་ཡེ་ཤེས ་མཆོག་ཉིད་ཀྱིས་ཐེག་པ་ཆེན་པོ་མཆོག་ཉིད་དུ་བསྟན་ནས། ད་ནི་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པའི་ཚིགས་རྣམས་མི་བདེན་པར་བསྟན་པའི་ཕྱིར། བྱིས་པའི་འཇིག་རྟེན་ཞེ་བྱ་བ་ལ་སོགས་པ་སྨོས་ཏེ། ་བྱིས་པའི་འཇིག་རྟེན་རྣམས་ཀྱི་ཚིག་སྟེ། ངག་རྣམས་ཀྱི་ནང་ནས་བདེན་པའི་ངག་ལས་བརྫུན་པའི་ངག་མཆོག་སྟེ། ཕུལ་དུ་བྱུང་བ་ཡིན།། གང་གི་ཕྱིར་གང་ཆུང་ཟད་དེ་དང་འབྲེལ་པའི་ངག་དེ་དག ་ཐམས་ཅད་མཐར་ནི་སྟེ། དེའི་བདག་ཉིད་བརྫུན་ཞེས་བྱ་བའི་དོན་ཏོ།། འདི་ལྟར་དེ་དག་གི་ངགྲ་རྣམས་ནི་དྲང་བའི་དོན་དུ་བསྟན་པ་ཡིན་ཏེ། གང་ཟག་དང་ཕུང་པོ་དང་། སྐྱེ་མཆེད ་དང་ཁམས་སྟོན་པའི་ཕྱིར་རོ།། གང་ཟག་ལ་སོགས་པ་རྣམས་ཀྱང་ཡོད་པ་ནི་མ་ཡིན་ཏེ། ཉི་ཤུ་པ་ལས་བཀག་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དགོངས་པ་ཡང་མི་ཤེས་ཏེ། བློ་ལ ་རྣམ་པར་དཔྱོད་པའི་ནུས་པ་མེད་པས་སྒྲ་ཇི་བཞིན་དུ་འཛིན་པའི་ཕྱིར་རོ།། དེ་བཞིན་དུ་ཇི་ལྟ་བ་བཞིན་གྱི་སྒྲའི་དོན་མི་ཤོས་པས་སྒྲའི་ཤེས་པས་སྒྲའི་ཤེས་པ་ཚད་མར་སྟོན་པར་བྱེད་དོ།། སྒྲའི་ཤེས་པ་ལས ་དོན་ཐོབ་པ་ནི་མེད་དེ། གང་གི་ཕྱིར་སྒྲ་རྣམས་དང་ནི་ཕྱིའི་དོན་འབྲེལ་པ་མེད་པའི་ཕྱིརརོ།། དོན་ལ་མི་བསླུ་བ་ཡང་ཚང་མར་བསྟན་པའི་ཕྱིར། ཐོབ་བློ་དེ་ཉིད་མིན་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། བློའི་སྒྲ་ནི་སྒྲའི ་ཤེས་པར་བསྟན་ཏོ།། དེ་ཡང་དེ་ཉིད་མིན་ཏེ་ཡང་དག་པ་མ་ཡིན་པའི་ཕྱིརརོ།། ཅི་ལྟར་ཞེ་ན། ཚད་མ་མེད་པའི་ཕྱིརརོ།། ཐོབ་པར་བྱ་བའི་དོན་ལ་ངེས་ཐོབ་པ་མེད་དེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ།། དེ་བས ་ནནི་ཡང་དག་པ་མ་ཡིན་པ་བརྗོད་པ་འདིས་རང་གི་ཐེག་པ་དམན་པར་བསྟན་པ་ཡིན།། ཐེག་པ་ཆེན་པོ་བཟློག་པའི་དོན་གྱིས་མཆོག་ཏུ་བསྟན་ཏོ།། དོན་དེ་ཉིད་རྣམ་པར་སྤྲོས་པའི་ཕྱིར། དངོས་པོ་གང་གང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། དེ་དང་དེ་ཞེས་བྱ་བར་བསྟན་པར་རིགས་ཏེ། རྡེབ་སྦྱོར་ཉམས་པས་མ་བརྗོད་ཀྱང་རྟོགས་པར་བྱའོ།། རྣམ་བརྟགས་པ་ཞེས་བྱ་བ་ནི། གཉི་ག་ལ་ཡང་བལྟའོ།། དེ་ལ་དོན་ནི་འདི ་ཡིན་ཏེ། སྔར་བསྟན་པའི་རྣམ་པས་ཉན་ཐོས་ཀྱི་ཐེག་པའི་ཡེ་ཤེས་རྣམས་བློས་བརྟགས་པ་གཟུང་བ་དང་འཛིན་པར་ཀུན་ཏུ་རྟོག་པས་རྣམ་པར་རྟོགས་པ། དེ་དག་ཐམས་ཅད་བརྫུན་པ་ཡིན། དེ ་བདེན་པ་མ་ཡིནོ།། སྒྲས་སྒོ་བཏགས་པ་ཀུན་ཏུ་རྟོག་པས་བརྟགས་པ་དེ་དག་ཐམས་ཅད་བརྫུན་ཞེས་བྱ་བའི་དོན་དུ། དེ་བདུན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་གང་དང་གང་བརྗོད་པ་རིགས་པས་སྔ་མ ་བཞིན་དུ་སྦྱར་རོ།། གང་ཞིག་མ་བརྟགས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ།། དེ་ལ་དོན་ནི་འདི་ཡིན་ཏེ། ཐེག་པ་ཆེན་པོ་གཉིསུ་མེད་པོའི་ཡེ་ཤེས་དེ་ཁོ་ན་ཉིད་བློས་མ་བཅོས་པ་རྣམ་པར་རྟོག་པས་གང ་རྣམ་པར་མ་བརྟགས་པ་དེ་ནི་བདེན་པ་ཡིན་ནོ།། ཡང་གང་གིས་སྒྲ་ཡིས་སྒྲོ་བརྟགས་པ་ཡིས་རྣམ་པར་མ་བརྟགས་པ་དེ་ནི་ཡང་དག་མཐའ་ཡིན་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་།། གང་ཞིག་བློའི ་ཡུལ་མིན་པ།། དེ་ལ་ངག་བརྗོད་ག་ལ་འབྱུང་། ཞེས་གསུངས་སོ།། ང་ནི་རྟོག་པའི་དབང་དུ་བྱས་ནས། ཨེ་མའོ་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་སྐྱེས་བུའི་རང་བཞིན་ནི ་མའོ་སྐྱེས་བུའོ།། དེ་མ་དུལ་བ་ནི་འབར་བའོ།། དེ་ཉིད་ཕྱིར་ནི་གནས་མེད་པ་སྟེ་འགའ་ཞིག་ལམ་དེ་ལ་གནས་པ་མེད་པས་གླང་དག་དེ་ལྟ་བུར་གྱུར་པའི་བྱིས་པ་རྣམས་ཀྱིས ་བརྟགས་པའི་དོན།། སྒྲུབ་པ་དང་ནི་སུན་འབྱིན་པའི། རྒྱུས་ཡོད་པ་མ་ཡིན་པ་ཡང་ང་རྒྱལ་གྱི་དབང་གིས། ཇི་ལྟར་མོས་པའི་དོན་དུ་འཇོག་སྟེ། ཡོད་པའི་ངོ་བོ་ཉིད་དུ་འཇོག་ཅེས་བྱ་བའི་དོན་ཏོ།། ད་ནི་ཐེག ་པོའི་ཕན་ཡོན་བསྟན་པར་བཞེད་ནས་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེག་པ་ཆེན་པོ་མི་ཤེས་པ་ནི་ཐེག་པ་ཆེན་པོའི་ངོ་བོ་མི་ཤེས་པ་རྣམས་ལས་བླུན་པ་ཉིད་དེ། རྨོངས་པ་ཉིད་ལེགས་པ་ཡིན ་ཏོ། མཆོག་ཡིན་གྱི་བྱང་ཆུབ་ཆེན་པོའི་ལམ་ལུས་རིང་བར་བྱེད་པའི་ལམྱ་ངན་པ་ལ་ཤེས་རབ་རྣོ་བ་ནི་མ་ཡིན་ནོ།། དཔེར་ནུ་ལམ་ནོར་པ་ལས་འཕྱེ་བོའི་ཉིད་ནི་འཕྱེ་བའི་རང་བཞིན་ཅན་མཆོག་ཡིན་གྱི།། མ ་པ་ནི་མགྱོགས་པར་འགྲོ་བ་མ་ཡིན་ཏེ། གང་གི་ཕྱིར་ལམ་དེ་ནི་རིང་བ་ནི་ཡོངསུ་ཆད་པ་མེད་པར་ཕྱིན་པས་བརླག་ཅེས་བྱ་བའི་དོན་ཏོ།། ད་ནི་ཐེག་པ་ཆེན་པོ་ལ་གུས་པ་དང་གཞན་པའི་ཕུན་ཡོན་དང་སྨད་པ་བསྟན ་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ཐེག་པ་ཆེན་པོ་ཤེས་ཤིང་ཐེག་པ་ཆེན་པོ་ལ་གུས་པ་དེ་དག་ཉིད་དོན་གྱིས་བདེ་བར་གཤེགས་པ་པར་རྟོགས་པར་བྱའོ།། རང་སྡེ་ནི་གཞན་དག་བཅོམ་ལྡན ་འདས་ཀྱིས་སློབ་མ་ཡིན་པའི་ཕྱིར་རང་གི་སྡེ་པའོ།། ལམ་མིན་ནི་ལམ་ལས་ཉམས་པའོ།། དེ་ཉིད་གཡཱ་ས་སྟེ་ལྷུང་བའི་གནས་ལྟ་བུའོ།། དེར་འཁོར་བ་ནི་འཁྲུལ་པའི་རྒྱུ་ལ་ཞུགས་ཤིང་ཐོབ་ཅེས་བྱ་བའི་དོན་ཏོ།། ད་ནི ་འཁོར་བ་རྣམ་པར་དབྱུང་བའི་ཕྱིར། སེམས་ནི་ཡང་དག་འཇུག་པ་ཡི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་ཡང་དག་པར་འཇུག་པའི་གང་ཡིན་པ་དེ་ལ་མཁས་པས་རྣམ་པར་དཔྱོད་པ་མི་འཇུག་གི། གང་གི ་ཕྱིར་དངོས་པོ་འདི་དག་ལ། འཁོར་བ་རབ་ཏུ་སྤངས་པའི་ཕྱིར་ཏེ་འཁོར་བུ་རབ་ཏུ་སྤང་བ་ལ་དམིགས་ནས། ཐམས་ཅད་བློ་ནི་མཚུངས་པ་ཡིན་ཏེ་དེའི་ཕྱིར་བློ་ཐ་དད་མེད་པའི་རྒྱུས་མཁས་པ་རྣམ་པར་དཔྱད་པར་མི ་རིགསོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། ཐེག་པ་གཉིས་པོ་ལ་འཁོར་བ་སྤོང་བར་མི་འདོད་པའི་བློ་ནི་གང་ཡང་མེད་དོ།། ཡང་འཁོར་བ་རྣམས་སྐྱེ་བ་དང་འཇིག་པ་ལ་སོགས་པ་རྣམ་པར་དཔྱོད་པ་ལ་འཇུག་པ་དེ་ཉིད་བསྟན ་པའི་ཕྱིར།། རྒྱུན་ཞེས་བྱ་བ་ལ་སོགས་སྨོས་ཏེ། རྒྱུན་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྐད་ཅིག་གཞན་དང་གཞན་གྱི་རྒྱུན་འཇུག་སྟེ། མི་རྟག་པ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཐོག་མཐའ ་མེད་པོའི་བདག་ཉིད་ཅན།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མ་དང་བྲལ་བ་ནི་ཐོག་མ་མེད་པའོ།། གང་གི་ཚེ་ཐོག་མ་ཡོད་པར་གྱུར་པ་དེའི་ཚེ་རྒྱུ་མེད་པར་འགྱུར་རོ།། དེ་ཡང་རྒྱུ་མེད་པ་ཉིད་ཡིན་ན་རྟག་ཏུ་ཡོད ་པའམ་མེད་པར་འགྱུར་རོ།། ཆོས་ལ་བདག་མེད་པར་མ་བསྒོམས་པའི་ཚུལ་གྱིས་མཐའ་མ་མེད་པའི་བདག་ཉིད་ཅན་ནོ།། རང་བཞིན་འདི་ཅི་ཞེས་ནི་ཅིའི་ངོ་བོ་ཉིད་ཡིན་ཞེས་འཁོར་བ་རྣམ ་པར་དཔྱོད་པ་ལ་ཤེས་རབ་ཅན་ཏེ། ཐེག་པ་ཆེན་པོའི་རྗེསུ་འབྲང་བའི་མཁས་པས་བློས་ཡོངསུ་ཚོལ་ཏེ་འཇུག་ཅེས་བྱ་བའི་དོན་ཏོ།། དཱ་ནི་སྐྱེ་བ་དང་འཇིག་པ་དཔྱད་པའི་སྒོ་ནས་འཁོར་བ་བརྟག་པའི་ཕྱིར་སྣ་ཚོགས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་ཀྱི་སྒྲ་ནི་འཁོར་བའི་རྣམ་གྲངས་སོ།། དེ་ལྟ་ན་སྣ་ཚོགས་འདི་དག་གླིང་ལས་འབྱུང་ཞིང་གོང་དུ་ཡང་ནི་འཇིག་པར་འགྱུར་ཞེས་རྣམ་པར་དཔྱོད་པ་ལ་འགའ་ཞིག ་འཇུག་ན་རང་གི་བག་ཆགས་ས་བོན་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཀྱི་ས་བོན་ལས་སྣ་ཚོགས་པ་བྱུང་ཞིང་སྐྱེས།། འཇུག་པའི་རྣམ་པར་ཤེས ་པ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་གསལ་བར་རྟོགས་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ཡོད་པར་ཁོང་དུ་ཆུད་པར་བྱ་ཞེ་ན། གཉིད་ལོག་ཅེས་བྱ་བ་ལ་སོགས་སྨོས་ཏེ། དཔེར་ན་གཉིད་ལོག་པ་དང་། ་བརྒྱལ་བ་དང་། མི་དྲན་པའི་གནས་སྐབས་དང་། དེ་བཞིན་དུ་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་གོནས་སྐབས་ན། འཇུག་པོའི་རྣམ་པར་ཤེས་པ་རྣམས་འགག་ནས་སླར་ཡང་འབྱུང ་བར་སྣང་བས་ས་བོན་ཐམས་ཅད་པ་ངེས་པར་འགྲུབ། ས་བོན་ཐམས་ཅད་པའི་སྒྲ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བྱ་སྟེ། འདི་ལྟར་སུམ་ཅུ་པ་ལས། རྣམ་སྨིན་སུ་བོན་ཐམས་ཅད་པ། ཞེས་བསྟན་ཏོ།། ས་བོན ་ཐམས་ཅད་པ་ཉིད་དུ་ཡང་དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ། གང་གི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་གྱིས་རང་བཞིན་དུ་གནས་པའི་ཕྱིརརོ།། དེ་གྲུབ་པ་ནི་ངེས་པར་ཡོད་པར་གྲུབ་ཅེས་བྱ་བའི་དོན་ཏོ།། དེ ་ལྟ་བྱས་ན་འཇུག་པའི་རྣམ་པར་ཤེས་པའི་འབྲས་བུ་མཐོང་བ་ལས་རྒྱུ་རྗེསུ་དཔག་པ་འཇུག་པ་ཡིན་ནོ།། རྒྱུ་མེད་ན་འབྲས་བུ་འབྱུང་བ་མི་སྲིད་པའི་ཕྱིར་གང་རྒྱུ་ཡིན་པ་དེ་ཉིད་ཀུན་གཞིའི་རྣམ་པར་ཤེས་པ་ཞེས ་བྱའོ།། རང་གང་གི་ཉེ་བར་ལེན་པའི་རྒྱུ་རྣམ་པར་ཤེས་པ་སྤངས་ནཱ་རིགས་མི་མཐུན་པ་ལས་རྣམ་པར་ཤེས་པ་གཞན་འབྱུང་བ་ནི་མི་རིགས་སོ།། དབང་པོ་རྣམས་ཀྱང་ཉེ་བར་ལེན་པའི་རྒྱུ་ཉིད་ནི་མ་ཡིན་ཏེ། ཤེས ་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིརརོ།། བདག་ཏུ་བརྟགས་པ་ལུས་ཀྱང་མི་རིགས་ཏེ། དེ་ནི་རྟག་པ་ཉིད་ཀྱི་ཕྱིར་དོན་གྱི་བྱ་བ་མི་བྱེད་དོ།། དེ་ལྟར་འཁོར་བ་གང་ལས་འབྱུང་བར་ཤེས་པར་བྱ་སྟེ། གང་དུ་འགག་པ། ་རྣམ་པར་དཔྱད་པའི་ཕྱིར། དབང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་སོ་སོར་ངེས་པའི་ཡུལ་གྱི་རྣམ་པར་ཤེས་པ་འབྲས་བུ། ་ལས་ནུས་པའི་ཁྱད་པར་འབྲེལ་པ་དང་ལྡན་པའི་མིག་ལ་སོགས་པའི་སྐྱེ་མཆེད་རྗེས་དཔག་པར་བྱའོ་ཞེས་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་གཞན་མཐོང་བས་དེས་ཏེ། རང་གི་རྣམ་པས་སྦགས་པ་སྔན ་པཔ་ལ་སྔོན་པོ་ལ་སོགས་པའི་ཤེས་པས་ནུས་པའི་བྱེ་བྲག་དང་ལྡན་པ་གཟུགས་ཀྱི་སྐྱེ་མཆེད་རྗེསུ་དཔག་པར་བྱའོ་ཞེས་བསྟན་ཏོ།། དེ་ལྟ་བུར་གྱུར་པའི་དབང་དོན་གྱི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་ལས་འབྱུང་བ ་གང་ཡིན་པ་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་དག་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ།། རྒྱུ་དང་འབྲས་བུའི་ངོ་བོ་ཕན་ཚུན་ཐ་མི་དད་པས་ན་ཐ་དདང་མནོ།། ཕྱིར་ཡང་ནི་སྐྱེ་བ་གཞན ་འབྱུང་བའི་རྒྱུའི་ནུས་པ་བག་ཆགས་སྔོན་དུ་འགྲོ་བས། དེ་ཉིད་དུ་ནི་འགག་པར་འགྱུར་ཏེ། ཀུན་གཞིའི་རྣམ་པར་ཤེས་པར་འགགས་པར་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། འཇུག་པའི ་རྣམ་པར་ཤེས་པ་རྣམས་ཁོ་ན་འཁོར་བའི་སྒྲར་བརྗོད་དེ། གཞན་དགའ་ཞིག་འཁོར་ཞེས་བྱ་བའི་དོན་དུ་གཞག་པ་ནི་མེད་དོ།། གང་གི་ཕྱིར་ཀུན་ཏུ་འཁོར་བསོ་ན་འཁོར་བ་སྟེ། རྣམ་པར་ཤེས་པ་ལས་མ་གཏོགས་པ་གཞན ་འཁོར་བ་ནི་མེད་དེ་ཕྱིའི་དོན་དག་ནི་བེམས་པོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་རྣམ་པར་ཤེས་པ་རྣམས་འབྱུང་བ་དང་། འགག་པ་ནི་འཁོར་བ་འབྱུང་བ་དང་འགག་པ་ཡིན་པར་ཤེས་པར་བྱའོ།། ད་ནི་སྔར་བསྟན ་པའི་དོན་བསྟན་པར་བྱེད་པ་གཉི་སུ་མེད་པའི་རང་བཞིན་གྱི་སེམས་ཡང་རྣམ་པའི་བྱེ་བྲག་གིས་ཐ་དད་པར་ཇི་ལྟར་སྣང་བ་ཡིན་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་གཉི་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ།། འོན་ཀྱ ་བྱིས་པ་རྣམས་ལ་དེའི་ངོ་བོ་བསྟན་པའི་ཕྱིར། ཆུ་གཡོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན། ཆུ་གཡོས་པ་ལས་དེ་དང་དེར།། རླབས་ནི་ཐ་དད་དངོས་འབྱུང་བཞིན་ཏེ་ངོ་བོར་མཐོང་བ་ཉིད་སྐད་ཙོ་གི་དེ་ལ་ཡང ་ཕྱིར་ཡང་མི་གཡོ་གཉིད་ལོག་བཞིན་དུ་འགྱུར་རོ།། དེ་བཞིན་དུ་རྣམ་པར་ཤེས་པ་ཀུན་ཏུ་བརྟགས་པའི་རྣམ་པའི་བྱེ་བྲག་གིས་བདག་ཉིད་དུ་ཐ་དད་པའི་ངོ་བོར་སྣང་སྟེ། སྐད་ཅིག་དེ་ལ་གཉིསུ་མེད་པའི་ངོ་བོར་འགྱུར ་ཞེས་བྱ་བའི་དོན་ཏོ།། དངོས་པོ་གཅིག་གི་རང་བཞིན་གཉིསུ་སྣང་བར་ཇི་ལྟར་རིགས་མ་ཡིན་མ་ཞེ་ན། དེ་ནི་གཉི་ཞེ་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་གཉིསུ་སྣང་བ་གང་ཡིན་པ་སྟེ། གཉིསུ་མཐོང་བའོ།། ་རིགས་པའི་སྤྱོད་ཡུལ་དེ་མ་ཡིན་ཏེ། དོན་དེ་ནི་རིགས་པའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ཏེ། རིགས་པས་བསྟན་པར་མཽ་ནུས་བྲེ་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། སྐད་ཅིག་ལ་ནཱི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྐད་ཅི་གུ་ལཱ་ནི་བརྗོད ་པ་ནི་སྐད་ཅིག་ལ་གཏོན་པའོ།། སྒྲ་དང་སྒྲ་བརྙན་ནི་བྱེ་བྲག་གིཉི་སུ་ཐོས་པའི་རིགས་པ་ནི་མེད་དེ།། དེ་བཞིན་དུ་འདིར་ཡང་ཞེས་བྱ་བའི་དོན་ཏོ།། ཀུན་བརྟགས་པའི་ངོ་བོ་ཉིད་སྣང་བའི་རང་བཞི་ནི་མ་ཡིན་ཞེས་བསྟན ་པའི་ཕྱིར། སྒྱུ་མ་མཁན་ཞེས་བྱ་བ་ལ་སོཌ་པ་སྨོ་སྟེ། དེ་ལྟར་སྒྱུ་མ་མཁན་རྣ་བ་སྣ་ཚོགས་པ་སྟེ། རྣམ་པ་དུ་མ་སྐད་ཅིག་སྐད་ཅིག་ལ་སྟོན་པ་ན་འགའ་ཞིག་གསང་བའི་གནས་ཤེས་པ་ནི་སྒྱུ་མ་དང་ལྡན་པའི་སྐྱེས་བུ ་མཐོང་ན། རང་བཞིན་ནི་རང་གི་ངོ་བོར་རྣམ་པར་གནས་སོ།། དེ་བཞིན་དུ་རྣམ་པར་ཤེས་པ་རྣམས་ཀྱི་དབང་གིས་བྱིས་པ་རྣམས་རྣམ་པའི་ངོ་བོ་སྐད་ཅིག་སྐད་ཅིག་ལ་སྣང་ངོ་།། མཁས་པའི་རང་བཞིན་ཅན ་འགའ་ཞིག་གིས་མཐོང་ན་རང་བཞིན་གཉིསུ་མེད་ཅེས་བྱ་བའི་དོན་ཏོ།། དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། སྔོ་དང་དམར་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྩངས་པ་སྔོ་དང་དམར་པོར་ངེས་པར་སྣང་བ ་དངོས་པོར་བདག་ཉིད་སྟོན་ཅིང་ཡང་དངོས་པོ་གཞན་དུ་སྟོན་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་བྱིས་པ་རྣམས་ལ་ཀུན་ཏུ་བརྟགས་པའི་དངོས་པོའི་བདག་ཉིད་དུ་སྣང་ཞིང་། མཁས་པ་སྟེ་མཁས་པ་རྣམས ་ལ་ནི་གཞན་ཡིན་ཏེ། ཡོངསུ་གྲུབ་པའི་རང་བཞིན་སྣང་ཞེས་བྱ་བའི་དོན་ཏོ།། ཡང་ཨུ་རྒྱན་པ་ལ་འདི་སྐད་ཐོས་ཏེ། འདི་ལྟར་བདག་ཅག་གི་ཡུལ་གྱི་རྩངས་པ་གང་ཅི་འདྲ་བའི་གཟུགས་སྟོན་ཅིག་བྱས་ནི་དེ ་བཞིན་དུ་དེ་འདྲ་བ་སྟོན་ཅེའོ།། བྱིས་པ་རྣམས་ལ་གཞན་དུ་སྣང་ཞིང་མཁས་པ་རྣམས་ལ་གཞན་དུ་སྣང་ཞེས་བྱ་བའི་བསམ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ་འདིར་དགོས་པ་ནི་འདི་ཡིན་ཏེ། འདི་ལྟར་ཤྭེ་བ ་ནི་ཀུན་བརྟགས་པའི་རང་བཞིན་དང་ཡོངསུ་གྲུབ་པའི་རང་བཞིན་གཉིསུ་གནས་ཏེ། དེ་ལ་ཀུན་བརྟགས་པའི་རང་བཞིན་ལོག་པ་དེ་ནི་ཡོངསུ་གྲུབ་པའི་རང་བཞིན་ཉིད་ཡིན།། དེ་ལ་གལ་ཏེ་དུས་ཐམས་ཅད་དུ་ཀུན་བརྟགས ་པའི་ངོ་བོ་དེ་ཡིན་ན་དེའི་ཚེ་འགའ་ཡང་གྲོལ་བར་མི་འགྱུརརོ།། འོནྣ་ཏོ་ཡོངསུ་གྲུབ་པའི་རང་བཞིན་ཡིན་ན་དེའི་ཚེ་སེམས་ཅན་རྣམས་ཐར་པ་རློམ་པའི་དོན་མེད་པར་འགྱུརརོ།། དེ་ལྟ་བས་ནི་དྲི་མ་དང་བཅས་པ་དང་དྲི་མ ་མེད་པའི་དབྱེ་བས་བྱིས་པ་དང་མཁས་པ་རྣམས་ལ་དེའི་བདག་ཉིད་སྣང་བར་འགལ་བ་མེད་པ་ཉིད་དོ།། ད་ནི་སློབ་དཔོན་གྱིས་རང་བཞིན་གྱི་དངོས་པོ་བསྟན་པའི་ཕྱིར། འདིའི་རང་བཞིན་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། རྣམ་པར་ཤེས་པ་འདི་ནི་འདི་ལྟ་བུའི་རང་བཞིན་དུ་བཞེད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་མི་བྱེད་པས་ན་དྲི་མ་མེད་པའོ།། སྔོན་པོ་དང་དམར་པོ་ལ་སོགས་པའི་རྣམ་པ་རྣམས་མྱེད་པའི་ཕྱིར་རྣམ་པ་མེད། ་ཅིང་ངོ་།། སྒྲ་ལ་སོགས་པས་གཞན་གྱི་རྒྱུད་ལ་གསལ་བར་བྱེད་པའི་རྒྱུ་མེད་པའི་ཕྱིར་བརྗོད་དུ་མེད་པའོ།། སངས་རྒྱས་མིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མ་གཏོགས་པས་ནུམ་ཡང ་གཞན་འགའ་ཞིག་གིས་དོན་དམ་པའི་ངོ་བོ་ཤེས་པར་མི་ནུས་ཞེས་བྱ་བའི་དོན་ཏོ།། ཡང་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནས་མཁྱེན་ཞེ་ན། ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར ་སྐྱེ་བོ་ཐ་མལ་པས་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་ངོ་བོར་བརྟགས་པ་རིག་པ་དེ་དག་བཞིན་དུ་དེའི་ངོ་བོར་སངས་རྒྱས་བཅོམ་ལྡན་འདྲ་རྣཾ་ཀྱིས་མི་མཁྱེན་ཞེས་བྱ་བའི་དོན་ཏོ།། ་རྣམ་པར་ཤེས་པ་དེའི་རབ་ཏུ་གྲགསོ་བ་དེ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་མཁྱེན་ཏེ། དེ་ཉིད་བཅོམ་ལྡན་འདས་ངེས་མཁྱེན་ཏོ།། གང་གི་ཕྱིར་རབ་ཏུ་གྲགས་པ་དེ་ཉིད་ནི་གཞན་དག་གིས་མ་ཡིན་ནོ།། ཅིའི་ཕྱིར། ་ཐམས་ཅད་མཁྱེན་པ་སྤངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་གཞན་དག་གིས་མ་ཡིན་ཞེ་ན། ལུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་དང་བསྟན་བཅོས་ལ་དྲིས་ནས་བདག་ཅག་སྨོ ་བ་འགའ་ཞིག་ཙོམ་ཡིན་གྱི་ཐམས་ཅད་རྟགས་པས་ནི་མ་ཡིན།། ཇི་ལྟར་ཞེ་ན། མྱིག་དང་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཇི་ལྟར་མིག་དང་ལྡན་པའི་སྤྱོད་ཡུལ་གྱི་གཟུགས་ཡུལ་ཉིད་དུ་དམུས་ལོ ་རྣམས་ཀྱིས་བརྒྱུད་པས་ཐོས་ན། མིག་གིས་གཟུགས་མཐོང་ངོ་ཞེས་སྨྲ་བ་བཞིན་ནོ།། གལ་ཏེ་སངས་རྒྱས་ཀྱིས་རྣམ་པར་ཤེས་པའི་ངོ་བོ་མཁྱེན་ལེ་གཞན་དག་གིས་དེ་ཡོངསུ་མི་ཤེས་པ་དེ་ལྟ་ཡིན་ན་དེའི ་དུ་སེམས་པ་ནི། དོན་དུ་སེམས་པ་ནི་དོན་མེད་པ་ཡིན་ཞེ་ན། ཡེ་ཤེས་མིག་སྨན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་མིག་སྨན་ཁྱད་པར་གྱིས་ཏེ་མིགས་སོ།། གང་གི་ཕྱིར་གནས་སྐབས་དེ་རུ་མ་འོངས་འགྱུར་ཏེ། རབ ་ཏུ་དགའ་བ་ལ་སོག་པ་ས་ཐོབ་པའི་གནས་སྐབས་སོ།། གང་གི་གནས་སྐབས་ལ་ཐུབ་པའི་དབང་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་བཞིན་དུ་བདག་ཅག་གི་སེམས་ཀྱི་དེ་ཉིད་ཏེ། ཡོངསུ་གྲུབ་པ་དོན་དམ་པ ་དེ་ཐམས་ཅད་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། སྣ་ཚོགས་པའི་བདག་ཉིད་ཕྱིའི་འགྲོ་བར་རྣམ་པར་བཞག་པ་མ་ཡིན་ནམ། ཇི་ལྟར་རྣམ་པར་ཤེས་པ་ལ་དེ་བཞག་ཅེ་ན། བྱིས་པ་རྣམས་ཀྱི་ཐེ་བྱ་བ་ལ ་སྩོགས་པ་སྨོས་ཏེ། ལུང་དང་རིགས་པས་ལན་འདེབས་ཏེ། དེ་ལ་ལུང་ནི། ཁམས་གསུམ་པོ་འདི་ནི་སེམས་ཅིམ་མོ།། ཞེས་མདོ་ལས་གསུངས་པའི་ཕྱིརརོ།། རིགས་པར་བརྗོད་པར་བྱ་སྟེ། གང་དང་གང ་ནཱི་བྱིས་པ་རྨོངས་པས་ཡང་དང་ཡང་དུ་ཀུན་བརྟགས་པའི་རྣམ་པར་ཤེས་པ་བསྒོམས་བྱས་དེ་དང་དེའི་རྣམ་པར་ཤེས་པ་བསྒོམས་པའི་སྟོབས་ལས་བྱུང་བ་སྒྱུ་མའི་སྐྱེས་བུ་བཞིན་དུ་མདུན་ན་སྣང་སྟེ། དེའི ་རིགས་ཡིན་པའི་ཕྱིར་ཕྱིའི་དོན་ནི་མེད།། ཇི་ལྟར་བསྒོམས་པའི་སྟོབས་ལས་འདི་དག་གི་དོན་འགྲུབ་ཅེས་ན། དེའི་ཕྱིར་ཚིག་སུ་བཅད་པ་གསུམ་གྱིས་དཔེ་བསྟན་པའི་ཕྱིར། གོས་རྣམས་བགོས་ཀྱང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། གོས་རྣམས་བགོས་ཀྱང་ཡན་ལག་ལ་གོམས་པ་མ་ཚང་བས་ཤིན་ཏུ་གྲང་བའི་བ་མོས་གནོད་པར་འགྱུར་ལ། མིག་ལ་གནོད་པ་འདི་ནི་ངོ་མཚར་ཆེའོ།། དེ་ལྟ་བས་ན་འདིར་གོམས་པ་དང་གོམ ་པ་མ་ཡིན་པའི་སྟོབས་ལས་རྗེསུ་དཔྱད་པར་བྱའོ།། དེ་བཞིན་དུ་གོམ་པའི་སྟོབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་ཀོ་ལྤགས་ཀྱི་མཁན་ལ་ཀོ་ལྤགས་ཀྱི ་དྲིང་བས་ཤིན་ཏུ་གནོད་པ་མེད་ཀྱི། གཞན་དག་ལ་གནོད་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་གྱུར་པའི་པགས་པ་ཡིན་ཞེ་ན། ལག་པས་ཉེད་པའོ་ཞེས་བྱ་བ་སྨོས་ཏེ། ལག་པ་གཉིས་ཀྱིས་ཉེད་པ་ན་དེ་ལ་དྲི་ཤིན་ཏུ ་ང་བར་སྣང་ངོ་།། ལུས་དང་ལྡན་པས་ཞེས་བྱ་བ་ལ་སོག་པ་སྨོས་ཏེ། ལུས་དང་ལྡན་པ་རྣམས་ཀྱིས་ཐོག་མར་ནི་དང་པོར་ཏེ། དུག་ཟོས་པས་ནི་འཆི་བ་ཉིད་དུ་འགྱུར་བ་དེ་ཉིད་གོམས་པའི་སྟོབས་ཀྱིས་ཟློ་བ་མཐར ་ནི་བཅུད་ཀྱིས་ལེན་དུ་འགྱུར་ཏེ། དེ་བཞིན་དུ་བསྒོམས་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་ཉིད་མདུན་ན་སྣང་གི་ཕྱིའི་དོན་ནི་མ་ཡིན་ནོ།། ད་ནི་སེམས་ལས་ཕྱི་རོལ་ཏུ་གྱུར་པ་འབྱུང་བ་རྣམས་ཀྱི་རྒྱུ་བརྟགས་ན ་དགག་པའི་ཕྱིར། འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་རྣམ་པར་རྟོག་པའོ།། འབྱུང་བ་རྣམས་ཀྱང་གང་ལས་འབྱུང་ཞེས་ཟེར་ན། ཕྱི་རོལ་ཏུ་གྱུར་པའི་རྒྱུ་གང་ལས་ཀྱང་བྱུང་བ་མེད ་ཅིང་བྱ་བའི་དོན་ཏོ།། འདི་ལྟར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེསཤེས་ལས་རྣམས་ལས་འབྱུང་བ་རྣམས་སྐྱེ་བར་འདོད་དོ།། དེ་ཡང་རིགས་པ་མ་ཡིན་ཏེ། ཇི་ལྟར་མི་རིགས་ཤེ་ན། གང་གི ་ཕྱིར་འབྱུང་བ་རྣམས་ནི་སྐྱེ་བ་གཞན་གྱི་ལུས་ལ་གནས་པ་དེའི་འབྲས་བུ་ཉིད་དུ་འདོད་ན་དེ་དང་དགེ་བ་དང་མི་དགེ་བའི་ལས་རྣམས་འབྲེལ་པ་མེད་པའི་ཕྱིར་རོ།། ཇི་ལྟར་ཞེ་ན། དེ་མ་ཐག་པའི་འབྲས་བུ ་པོའི་འབྲས་བུ་མེད་པའི་ཕྱིར་རོ།། གཞན་ཡང་ལས་ཀྱི་ཕྱག་ཆགས་གང་ལ་གནས་ཤེ་ན། ལས་ཀྱིས་བག་ཆགས་སེམས་གནས་ཕྱིར། ཞེས་བྱ་བ་སྨོས་ཏེ། བག་ཆགས་ནི་སེམས་ལ་གནས།། གལ ་ཏེ་སེམས་ལ་གནས་པ་ཡིན་ན་དེའི་ཚེ་སྐྱེ་བ་གཞན་ན་ཡོད་པའི་འབྱུང་བ་རྣམས་དེའི་སྐྱེ་བའི་རྒྱུ་མ་ཡིན་ཏེ། བར་དུ་ཆོད་པའི་ཕྱིར་རོ།། གང་དུ་བག་ཆགས་གནས་པ་དེར་དེས་འབྲས་བུ་ཉིད་བྱེད་དོ།། ཞེས ་གྲག་གོ།། ཞིང་ལྷ་ས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་སྐྱེ་བ་ནི་མེད་དོ།། དེ་ལྟ་བས་ནཱ་བག་ཆགས་ཀྱི་མཐུས་རྣམ་པར་ཤེས་པ་ཉིད་འབྱུང་བ་ལ་སོགས་པའི་རྣམ་པར་མདུན་ན་སྣང་གི་ཕྱིའི་དོན་ནི་མ་ཡིན།། ། ་གཞན་ཡང་དམིགས་པསྣ་འབྱུང་བ་རྣམས་ཡོད་པར་རྗེསུ་རྟོགས་ཏེ། དམིགས་པ་ཡང་དེའི་རྣམ་པ་ཡིན་ཏོ། ཤེས་པ་ལས་སྐྱེས་པའི་ཕྱིརརོ།། དེ་ལྟ་བུས་ན་ཡང་ཤིས་པ་དེ་ཉིད་ག་ལིས་གྲུབ་པས་འབྱུང་བའི ་རྣམ་པར་ཡོང་སུ་གྱུར་པའི་བརྟགས་པ་ཡིན་པར་རིགས་ཀྱི། གཉི་ག་ལ་མ་གྲུབ་པས་ཕྱི་རོལ་གྱི་དོན་ཡིན་པར་མི་རིགསོ།། ད་ནི་ལས་ཀྱི་བག་ཆགས་ཀྱི་རྣམ་པ་བསྟན་པའི་ཕྱིར། ལེགས་བྱས་ཞེས་བྱ་བ་ལ་སོགས ་སྨོས་ཏེ། ལེགས་པའི་ལས་རྣམས་ནི་སྐྱེ་བ་གཞན་ལ་ལས་ཀྱི་བག་ཆགས་ཀྱི་རྣམ་པ་དེས་རྣམ་པར་རིག་པ་ཞི་བའི་རྣམ་པ་ཡིན་ཏེ། གཟུགས་ཀྱི་རྣམ་པར་རིག་པ་སེམས་ཡིད་དུ་འོང་བའི ་སྐྱེ་བོར་སྐྱེའོ།། དེ་བཞིན་དུ་རྒྱུ་དེ་ཉིད་ཀྱིས་སྐྱེ་བ་སྔ་མ་ལ་གཞན་གྱི་སྲོག་ལ་མངོན་པར་ཞེན་པ་ནི་སྟག་དང་སེང་གེ་ངོམ་དང་སྦྲུལ་ཤིན་ཏུ་འཇིགས་པར་སྐྱེའོ་ཞེས་བྱ་བའི་དོན་ཏོ།། ད་ནི་འདིར་དེ་ཉིད་ཀྱི་གཏན་ཚིགས་གཞན ་བསྟན་པའི་ཕྱིར།། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྱུང་བ་རྣམས་ཤེས་པའི་ངོ་བོ་ཉིད་ལ་བརྟགས་པ་མ་ཡིན་ན་དེའི་ཚེ་དེ་དག་བེམས་པོའི་རང་བཞིན་ཡིན་པའི་ཕྱིར་གར་ལ་སོགས་པའི་བྱ་བ ་གཞན་ལ། རྐང་པ་ལག་པའི་གཡོ་བ་ལ་སོགས།། ཇི་ལྟར་གཞན་ལས་བྱས་པར་འགྱུར། ད་ནི་གཞན་གྱི་དོགས་པ་བསུ་བ་དང་དེ་དགག་པའི་ཕྱིར། རླུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲལ་ཏ་རླུང་ལས་འབྱུང ་བ་རྣམས་ཀྱི་བྱ་བ་བསྐྱེད་དོ་ཞེ་ན། དེ་ལྟ་ཡིན་ན་རླུང་གང་ལས་ཡིན། འབད་པ་ལས་ཡིན་ཞེས།། འབད་པ་དེ་ཡང་གང་ལས་ཡིན།། གལ་ཏེ་འདོད་པ་ལས་ཡིན་ན། དེ་ཉིད་ནི་ཁྱོད་ནི་ལམ་དུ་ངེས་པར་ཞུགས། ངེས ་བར་ནི་རྣམ་པར་རྟོག་པའོ།། ལམ་དེ་ཉིད་དུ་ཁྱོད་ཞུགས་ཏེ་ཤེས་པའི་བྱ་བ་ཡིན་གྱི་རླུང་གི་ནི་མ་ཡིན་ནོ།། གང་གི་ཕྱིར་རྣམ་པར་ཤེས་པ་ལས་མ་གཏོགས་པའི་འདོད་པ་ནི་མེད་པོའི་ཕྱིར་རོ།། དེའི་ཡོན་ཏན་ཡིན ་བའི་ཕྱིར་གཞན་ལས་ནི་དེ་འབྱུང་བར་མི་སྲིད་དོ།། རེ་ཞིག་འབྱུང་བ་རྣམས་ཀྱི་རྒྱུའི་དཔྱད་པ་གཞག་ལ། དེ་དག་ནི་རྟག་ཏུ་རང་བཞིན་འགྱུར་བ་ཡིན་ཏེ། གྲངས་ཅན་གྱི་གཞུང་གི་དོགས་པ་བས་བའི་ཕྱིར། ཕ་མའི་ཁ ་བུ་ཁྲུག་དག་ལས། ཤེས་བྱ་བ་ལ་སོགས་པ་སྤྲོས་ཏེ། དབྱིབས་དང་ཁ་དོགས་ལ་སོགས་པ་གཞན་དང་ལྡན་པ་མ་སྟེ། ཕ་མ་གཉིས་དང་འབྲེལ་བའི་ཁུ་ཁྲུག་དག་ལས་ཁྲ་ཆུ་དང་ཟླ་མཚན་དག་ལས་མཚན་ཉིད་མིཐུན ་བའི་མགོ་བོ་དང་། ལག་པ་དང་ལྡན་པའི་ངོ་བོ་མི་རྣམས་འབྱུང་བར་འགྱུར། དབྱིབས་དང་ཁ་དོག་གཞན་དང་ལྡན་པའི་ས་བོན་ལས་མཚན་ཉིད་མི་མཐུན་པའི་རྣམས་དངོས་པོའི་ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར་ཞེ ་ན། རྟག་པའི་བདག་ཉིད་ཀྱི་དངོས་པོ་རྣམས་ཡོངསུ་འགྱུར་བར་མི་རིགསོ།། འདི་ལྟར་ཁྱོད་འདོད་པའི་གཙོ་བོ་ཆེན་པོ་ལ་སོགས་པའི་འབྲས་བུའི་ངོ་བོར་ཡོང་སུ་འགྱུར་བ་རྟག་པའི་ངོ་བོར་མི་རིགས་ཏེ། དེ་ཅི་བདག ་ཉིད་ཐམས་ཅད་ཡོངསུ་འགྱུར་རམ། འོན་ཏེ་ཕྱོགས་གཅིག་ཡིན། བདག་ཉིད་ཐམས་ཅད་ཡོངསུ་འགྱུར་ན། འདི་ལྟར་ཆེན་པོ་ལ་སོགས་པ་མི་རྟག་པ་དེ་བཞིན་དུ་གཙོ་བོ་ཡང་འགྱུར་རོ།། འོན་ཏེ་ཕྱོགས ་གཅིག་ཡིན་ན་དེ་ཡང་གང་གི་ཕྱིར་ཕྱོགས་གང་ཡོང་སུ་གྱུར་པ་འབྲས་བུ་གསལ་བ་དང་ལྡན་པ་དེ་བྱ་བ་མེད་པ་རྒྱུ་མ་ཡིན་པ། ཕྱོགས་གཅིག་ལས་བྱ་བ་དང་བཅས་པའི་རང་བཞིན་གྱི་དབྱེ་བས་ཁྱད་པར་དུ་འགྱུར་ཏེ། ་དེ་བས་ན་གཙོ་བོ་དེ་བྱེད་པ་བྱེད་པ་མེད་པ་ཉིད་ཀྱིས་བྱ་བ་དང་བྱ་བ་མེད་པ་སྣ་ཚོགས་པ་ཡིན་ལ། སྣ་ཚོགས་པའི་ཕྱིར་མི་རྟག་པ་ན་སྣ་ཚོགས་པའི་ཕྱིར་མི་རྟག་པ་ཡིནོ།། རྟག་པ ་ནི་སྣ་ཚོགས་པར་མི་རིགས་ཏེ། རང་བཞིན་ཐ་དད་པའི་ཉེས་པོར་ཐལ་བར་འགྱུར་བའི་ཕྱིར་རོ།། ཉེ་བར་ལེན་པའི་རྒྱུ་མེད་ན་སྒྲ་འབྱུང་བར་མི་འགྱུརརོ་ཞེ་ན། ཁ་ལས་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྒྲ་ནི་སྐྱེས་བུ་ནི་འབད་པའི་རྩོལ་བ་ལ་རག་ལས་པ་གནས་དང་བྱེད་པ་དང་། རྐན་དང་མཚོ་སྦྱར་བ་ལ་སོགས་པ་ཐ་དེད་པའི་རྒྱུ་འདི་ལས་ལྷན་ཅིག་བྱེད་པ་ཡིན་ཏེ། དངོས་དང་དངོས་པོ་མེད་པར་སྣང་བ་ན་རྗེས ་འགྲོ་བ་དང་ལྡོག་པ་མཐོང་བའི་ཕྱིར་རོ།། འདི་ལྟར་དེ་ངག་ནི་ཡོད་ན་ནི་འབྱུང་ལ་དེ་མེད་ནི་ནི་མི་འབྱུང་བ་དེའི་ཕྱིར་གལ་ཏེ་ཉེ་བར་ལེན་པའི་རྒྱུ་མི་འདོད་ན་དེའི་ཚེ། ཁྭ་དང་རྫ་རྔ་ལ་སོགས་པ་རྣམས་ཀྱི་རྒྱུ་མེད ་པ་རྣམས་ལ་སེ་སྒྲ་འབྱུང་བར་མི་འགྱུར་རོ།། དེ་བཞིན་དུ་དངོས་པོ་རྣམས་ཕན་ཚུན་འགལ་བའི་བྱ་བ་བྱེད་པ་དེར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར། བྱཱ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེ་རྣམ ་ནོ་བྱི་རྣམས་ཏེ། ཇི་ལྟར་འདོད་པ་བཞིན་དུ་ན་མཁའ་ལ་འགྱིའོ།། སྣང་བའི་ལྷན་ཅིག་བྱེད་པས་མགྲོ་གྲི་རྣམ་པར་ཤེས་པས་དོན་མཐོང་བར་ནུས་པར་གྱུར་པ་ཡིན་མོང་ཀྱི། དེ་ལྔ་ཡིན་ཡང་ཇི་ལྟར་ཐེག་པ་རྣམས ་སྣང་བ་དང་བྲལ་བའི་སྨག་ཏུ་ཟས་ལ་སོགས་པའི་དངོས་པོ་རྣམས་ཇི་ལྟར་མཐོང་བར་འགར་ཁུང་ན་ཁུང་བུར་སྣང་བ་མེད་པར་བྱི་བ་རྣམས་ཀྱིས་དེ་བཞིན་ནོ།། བར་དུ་མཆོད་པའི་དངོས་པོ་མིག་གིས་མཐོང་བ་ཡིན ་ནཱ། ཉ་རྣམས་ཀྱིས་ཆུ་ནང་དུ་སྟེ། རྒྱ་མཚོའི་ཆུས་ཚོང་པའི་དངོས་པོ་ཇི་ལྟར་མཐོང་བར་འགྱུར། དབང་པོའི་རྣམ་པར་ཤེས་པའི་ཡུལ་སོ་སོར་ངེས་པ་ཡིན་ན། སྒྲོལ་རྣམས་ནི་སྦྲུལ་རྣམས་ཏེ། མིག་གཉིས ་ཀྱིས་ཇི་ལྟར་ཐོས་པ་དང་མཐོང་བར་འགྱུར།། དེ་ལྟ་བུའི་འགུལ་བུ་གཞན་དང་གཞན་རྣམས་ནི། དངོས་པོ་རྣམས་དེ་བཞིན་དུ་རྣམ་པ་དུ་མར་འཁོར་པར་བསྟེན་པ་སྟེ། འགལ་བར་མཐོང་ངོ་།། ་དེ་ལྟ་བསྟ་ན་ཉེ་བར་ལེན་པའི་རྒྱུ་རྗེསུ་དཔག་གོ།། འདི་ལྟར་དངོས་པོ་འདི་དག་གི་དབྱེ་བ་ནི་འགུལ་བའི་ཆོས་དང་འབྲེལ་པ་དང་། རྒྱུའི་དབྱེ་བ་ལས་ཡིན་ནོ།། གལ་ཏེ་ཡང་དངོས་པོ་རྣམས་ཀྱི་ཉེ་བར ་ལེན་པའི་རྒྱུ་མི་འདོད་ན་དེའི་ཚེ་འགྲེའ་ཡང་བྱེ་བྲག་ཏུ་མི་འགྱུར་རོ།། བྱེ་བྲག་མེད་ནོ་ཡང་སྣ་ཚོགས་པ་བྱེ་བྲག་མེད་པར་འགྱུརརོ།། རྣམ་པ་གཞན་གྱི་རྒྱུད་སྣ་བར་ཁས་ལེན་ན་ཐམས་ཅད་བདེ་བ ་འམ་སྡུག་བསྔལ་བར་ཅིའི་ཕྱིར་མི་འགྱུར། དེ་བཞིན་དུ་འབྲས་བུ་དང་སྣང་བ་དང་མེ་ལོང་ལ་སོགས་པ་རྣམས་ཀྱིས་ས་བོན་དང་སྡོང་བུ་དང་བུད་ཤིང་གི་བྱེད་པ་རྣམས་མེད་ཀྱང་སྐྱེ་བར་འགྱུར་རོ།། འདི་ལྟར ་ཞར་ལ་བྱུང་བའི་རྒྱུར་སྨྲ་བ་བཀག་ནས། སྔར་བསྟན་པ་ཉིད་བསྟན་པ་བྱེད་ཅིང་ཇི་ལྟར་རྣམ་པར་ཤེས་པའི་དངོས་པོ་ལས་མ་གཏོགས་པའི་བྱ་བ་གཞན་མེད་པར་བསྟན་པའི་ཕྱིར། གནས་དང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པས་སྒྲ་ལ་ཕོག་པའི་སྐྱེས་བུས་གནས་དང་གནས་པ་མ་མཐོང་བའི་འབེན་ལ་ཤེས་པའི་རྟོག་པ་མ་གཏོ་ཁ་ཏེ་ཤེས་པའི་རང་བཞིན་མ་གཏོགས་པར་མི་འཚོར་བར་ཕོག་པ་ནི ་མངའ་རྣམས་འབྲས་བུ་དང་བཅས་པར་ཇི་ལྟར་འགྱུར། ཆུའི་རྒྱུན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆུའི་རྒྱུན་དང་འདྲ་བར་འབྱུང་བ་རྣམ་པར་རིག་པ་མ་ཡིན་པར་འགྱུར་ན་ནི། དེའི་ཚེ་གང་ཆུང་ཟད་བསྟན ་བཅྡོཾས་གང་གཟུང་བྱ་གོམས་པར་མ་བྱས་ཀྱང་མོ་འཚོར་ཏེ་དེ་ཉིད་ལ་གནས་པ་ཡིན་ནོ།། འདི་ལྟར་སེམས་ལས་བསྣུན་བཅོས་ཤོར་བ་ཡང་གཞན་གྱི་རྒྱུད་ལས་ཡང་ཇི་ལྟར་གཟུང་དགོས་ཞེས་བྱ ་རིགས། གང་འགྲོ་བ་བསྐྱེད་པའི་རྒྱུ་དབང་ཕྱུག་ཡིན་པར་འདོད་པ་བསྟན་པའི་ཕྱིར། རི་བོ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བྱ་བ་མེད་ན་དེ་རི་བོ་རྣམས་ནཱི་མཐོ་འགྱུར། དེ་བཞིན་དུ་རྒྱ་མཚོ་ཚུན ་པོ་སྟེ། རྒྱ་མཚོ་གཏིང་དཔོག་དཀའ་བའོ།། ཕྲ་རབ་རྣམས་ནི་འདུས་པ་ཡི་སྟེ། ཕྲ་རབ་འདུས་པའི་དངོས་པོར་གྱུར་པ་གཉིས་འདུས་པ་དང་གསུམ་འདུས་པའི་རིམ་གྱི་ཇི་ལྟར་འབྲས་བུར་བྱེད། གང་གི ་ཕྱིར་དེ་རྟག་པའི་ཕྱིར་རིམ་འམ་ཅིག་ཅར་གྱིས་དོན་བྱེད་པར་མི་རིག་སོ།། དེ་ལྟ་བས་ན་སྣ་ཚོགས་པ་སྐྱེ་བ་ཉིད་ཀྱི་རྒྱུ་དབང་ཕྱུག་མ་ཡིན་པའི་ཕྱིར། འཇིག་པའི་རྒྱུ་ཡང་མ་ཡིན་པར་བསྟན་པའི་ཕྱིར། ནུས་དང ་ལྡན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་གི་སྒྲ་ནི་རྣམ་པར་རྟོག་པའོ།། ནུས་པ་ཆེན་པོ་དང་ལྡན་པར་འབྲསྟེ་བུ་བྱས་ནས་ནི། དེ་ཉིད་སྨྱོན་པ་བཞིན་དུ་ཡང་སྟེ། སྣ་ཚོགས་འགག་པའི་དུས་སུ་བདག་ཉིད་ཀྱི ་འབད་པ་ཇི་ལྟར་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ལྟ་བས་ན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ཉིད་དུ་མི་རིགས་སོ།། རྣམ་པར་རིགས་པ་ཙམ་དུ་མི་འདོད་ན་ཇི་ལྟར་སྔགས་ལ་ནུས་པ་ཡོད་ཅེས་བསྟན་པའི ་ཁབ་ལོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁབ་ལོང་ལ་སོགས་པ་ནི་སྦུར་ལོང་ལ་སོ་ཁ་བསྡུས་སོ།། འདྲེན་པ་ནི་ལྕགས་དང་རྩཝ་འདྲེན་ལ་དེ་བཞིན་དུ་སྔགས་ཀྱིས་དུག་ཞི་བ་དང་། སྨན་གྱིས་རིམས་སེལ་བར་སུ་ཞིག་གི ་བྱས་པ་ཞེས་བྱ་བའི་དོན་ཏོ།། ད་ནི་མཇུག་བསྡུ་བའི་ཕྱིར། དེ་ཕྱིར་མ་རིག་སྣ་ཚོགས་པས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དེ་དགེ་ཐམས་ཅད་གང་ཆུང་ཟད་སྣ་ཚོགས་པའི་དངོས་པོ་ཕྱི་རོལ་ཏུ་སྣང ་བོདེ་ངག་སེམས་ཀྱི་སྤྲུལ་པར་རྟོགས་པར་བྱའོ།། སེམས་ཉིད་གོམས་པའི་སྟོབས་ཀྱིས་ཀུན་བརྟགས་པའི་ངོ་བོ་སྣ་ཚོགས་པ་སྣང་བ་ལས་ཕྱིའི་དོན་ནི་མ་ཡིན་ནོ།། ཡང་གང་ཞིག་མ་རིགས་པའི་སྣ་ཚོགས་མ ་རྫོགས་པ་དེ་ལ་བདག་གིས་བྱར་ཅི་ཞིག་ཡོད་དེ། ཇི་ལྟ་བུ་ཞིག་ཅེ་ན། ཅོག་ཅུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅོག་ཅུང་ནི་བྱའི་ཁྱད་པར་རོ།། དེའི་སྒྲ་ནི་ཅོ་གའི་སྒྲའོ།། ངའི ་སྒྲ་བརྙན་ནི་ཅོག་ཆུང་གི་སྒྲ་བརྙན་ཏེ་རྒྱ་ཆེ་བའོ།། ཅོག་ཅུང་གི་སྒྲ་བརྙན་གྱི་གཞན་ཆུང་ཟད་འདི་ལྟར་མི་ཤེས་ཏེ། དེ་བཞིན་དུ་ཞེས་བྱ་བའི་དོན་ནོ།། སེམས་ལས་ཕྱིའི་དོན་དུ་མི་འདོད་ན་ལུང་དུ་འགལ་ཞེ་ན། ཟང ་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་མེད་ན་རྣལ་འབྱོར་པ་རྣམས་ཀྱི་ཟད་པར་སྒོམ་པ་ནི་ས་ལྔ་སོགས་པ་སྒོམ་པ་ཇི་ལྟར་རིགས།། གང་གི་ཕྱིར་བསྟན་པའི་རང་བཞིན་དངོས་པོ་རྣམས་གཞན་དང་གཞན ་དུ་གཞག་པར་མི་རིགས་སོ།། གང་གི་ཚེ་རང་གི་གཞུང་ལ་ཟད་པར་སྒོམ་པ་གྲུབ་པ་དེ་ལྟར་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ནི་རྣམ་པར་འདིས་རྣལ་འབྱོར་པ་རྣམས་ཀྱི་ཟད་པར ་སྒོམ་པར་རིགསོ།། ཅི་ལྟར་སེམས་འདི་ཉིད་ཤལ་བཞིན་དུ་ནི་ནོར་བུ་ཤེལ་དང་འདྲའོ།། རྣམ་པ་དུ་མ་ནི་སཽ་ལ་སོགས་པའི་དངོས་པོ་ལ་ཁྱབ་པ་ཁྲིལ་པ་གོམས་པ་དེའི་ཚེ་ཟད་པར་སྒོམ་པར་རིགས་ཀྱི། ཕྱིའི་དོན་ཁས ་ལེན་པའི་རྒྱུས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཁྱབ་ཙ་ན། བག་ཆགས་ཆུ་ལ་ཏིལ་མེར་བཞིན། ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཆུ་ལོ་ཏིལ་མར་ཕྱོགས་གཅིག་ཏུ་བཏབ་པས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ་བག ་ཆགས་ཀྱི་ཆུ་ལ་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་སེམས་ཙམ་ཉིད་དུ་མོས་པའི་རྣལ་འབྱོར་པས་ངོ་མཚར་མེད་པར་བསྟན་པའི་ཕྱིར། འཇིག་རྟེན་པ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི ་ངོ་མཚར་རྣམས་ནི་བྱིས་པ་རྣམས་ཀྱི་ཕྱི་རོལ་གྱི་དོན་ལ་ངོ་མཚར་དུ་བྱེད་པ་ལ་ངོ་མཚར་དུ་འགྱུར་བ་མ་ཡིན་ཏེ། ངོ་མཚར་ཉིད་དུ་མི་བྱེད་ཅེས་བྱ་བའི་དོན་ཏོ།། ས་བོན་ཐམས་ཅད་པའི་སྒྲ་ནི། ཀུན་གཞི་རྣམ་པར་ཤེས ་པ་ལ་བརྗོད་དེ། འདི་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ས་བོན་ཉིད་དུ་གནས་པའི་ཕྱིར་རོ།། ས་བོན་ཐམས་ཅད་པ་དེ་ལ་འབྱུང་བ་ལ་སོགས་པ་ཡོད་དོ།། འདི་ལྟར་རྣལ་འབྱོར་པས་བསམ་སྟེ། ཤེས་རབ ་ཀྱིས་རྣམ་པར་ངེས་པར་བྱའོ།། ད་ནི་གཞན་གྱིས་ཕྱི་རོལ་གྱི་དོན་མངོན་སུམ་གྱི་ཚད་མས་གྲུབ་པར་སྨྲ་བ་དགག་པའི་ཕྱིར་དྲིས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྣང་བའི་བུམ་པ་དང་སྣམ་བུ་ལ ་སོགས་པའི་མིང་གིས་སྣང་བ་ཐོབ་པ་གང་ཡིན་པ་དེ་དག་རེ་ཞིག་དངོས་འདི་ཡོད་ཡིན་ན་ནི་གནས་པའོ།། དེ་དག་ཡོད་པ་ཉིད་དུ་ཁྱོད་ཀྱིས་ཇི་ལྟར་དེས་གཟུང་ཞེས་བྱ་བ་ནི་དྲི་བའོ།། གཞན་གྱི་དོགས་པ་གསུ་ནས་དགག ་པའི་ཕྱིར། ཨེ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་ནའི་སྒྲ་ནི་གལ་ཏེའི་དོན་ཏོ།། གལ་ཏེ་དེ་རྣམས་སེམས་ཡིན་པར་རྟོགས་ན་དེའི་ཚེ་ཨེ་མ་སྟེ་ངོ་མཚར་བ་ཡིན་ནོ།། སེམས་ལ་རྒྱུ་མེད་པར་ཁྱོད་སྡང་བར ་མི་རིགསསོ།། གང་ཡིན་སེམས་དེ་ཉིད་ཀྱི་རྣམ་པ་ཅིའི་ཕྱིར་མི་འདོད་དགོས་པ་མེད་པའི་ཕྱིའི་དོན་གྱིས་ཅི་ཞིག་བྱ། འདི་ལྟར་ཕྱི་རོལ་གྱི་དོན་ནི་བག་ཆགས་ཀྱི་འབྲས་བུ་ཡིན་པའི་ཕྱིར།། ་གང་གི་ཚེ་བག་ཆགས་སེམས་ལ་གནས་པ་དེའི་ཚེ། དེ་ཉིད་ལས་འབྲས་བུ་འབྱུང་ངོ་།། ཞིང་ལུས་བོན་བཏབ་པས་རིའི་རྩེ་མོར་འབྲས་བུ་མི་འབྱུང་ཞེས་བྱ་བའི་དོན་ཏོ།། གལ་ཏེ་སེམས་ཉིད་དོན་གྱི་རྣམ་པར་སྣང ་ན་དེའི་ཚེ་ཡང་འཛིན་པ་ཉིད་གང་ཞིག་ཡིན་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འང་ནི་རྣམ་པར་རྟོག་པའོ།། རྣམ་པར་ཤེས་པ་ཕྱིར་བྱུང་ནས་ཡུལ་རྣམས་འགུལ་བ་ནས་དྲངས་ནས་ཅི་འཛིན ་བཔ་ཡིན་ནམ། གང་གི་ཕྱིར་མ་གཟུང་ན་འཛིན་པ་ཉིད་དུ་མི་འགྱུར་རམ། གང་གི་ཕྱིར་བག་ཆགས་ཀྱི་མཐུས་དེའི་རྣམ་པ་དེ་ཡིན་ཏེ། དེ་བས་ན་དེའི་རྣམ་པ་སེམས་ལ་སྐྱེ་བ་ཉིད་འཛིན་པ་ཡིན་གྱི་གཞན་ནི་མ་ཡིནོ།། གཞན ་ཡང་ཅི་སེམས་དེ་ཐོག་མ་ནས་ཡོད་དམ་འོན་ཏེ་མེད་ཅེས་བྱ་བའི་ཕྱོགས་གཉིས་ཏེ། དེ་ལ་གལ་ཏེ་ཐོག་མ་ནས་ཡོད་ན་དེའི་རྣམ་པ་ཉིད་སེམས་ལས་སྐྱེས་པ་ཡིན་ན་དུས་ཕྱིས་འབྱུང་བའི་ཡུལ་གཟུང་བ་ལ་དགོས་པ ་ཞིག་ཡོད། གལ་ཏེ་ཐོག་མར་མེད་ལ་ཕྱིས་བྱུང་བས་ཡུལ་འཛིན་ཏོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དེའི་ཚེ་དོན་འགགས་པའི་ཕྱིར་དེ་གང་གི་འཛིན་པ་ཡིན། ལྷན་ཅིག་སྐྱེས་པ་ཡིན་ན་ཕན་པར་བྱ་བ་དང་ཕན་པར་བྱེད་པ་མེད ་པས་ཇི་ལྟར་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར། དེ་ལྟ་བས་ན་མངོན་སུམ་གྱིས་ཕྱིའི་དོན་མ་གྲུབོ་ཞེས་བསྟན་ཏོ།། གང་ཞིག་ཡང་རྗེསུ་དཔག་པས་ཕྱིའི་དོན་གྲུབ་པར་འདོད་དེ། འདི་ལྟར་ཇི་སྲིད་ཕྱིའི་དོན་གྱིས་རླུང་དང་། ་འདྲ་བར་རྣམ་པར་ཤེས་པ་མ་བསྐྱེད་པར་དེ་སྲིད་དུ་དེའི་རྣམ་པར་ཇི་ལྟར་སྣང་། དེའི་ཕྱིར་དོན་གྱིས་བསྐྱེད་པ་ཉིད་ལ་དོན་གཟུང་ཞེས་བྱའོ།། དེ་ལྟར་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་བཞིན་དུ་རྗེ་སུ་འགྲོ་བ་དང་ལྡོག་པ ་མེད་པའི་ཕྱིར་རོ།། དེ་ལྟ་བས་ནི་རྗེསུ་དཔག་པ་ལས་ཀྱང་གྲུབ་པ་ཡིནོ།། གལ་ཏེ་མངོན་སུམ་དང་རྗེསུ་དཔག་པས་མ་གྲུབ་ཀྱང་ལུང་གིས་གྲུབ་བོ་ཞེ་ན། ལུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་ནི་སངས་རྒྱས ་བཅོམ་ལྡན་འདས་ཀྱི་གསུང་ཚད་མས་ཕྱིའི་དོན་ཡང་དག་པར་རྟོགས་པར་གྲུབ་པ་ཡིན་ཏེ། དེ་ལྟར་ཡང་བཅོ་ལྡན་འད་ཀྱིས་མིག་དང་གཟུགས་ལ་བརྟེན་ནས་མིགི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངསོ་འདིར་ལྡན ་སྨྲས་པ། མངོན་སུམ་དོན་ལ་ལུང་ཅི་དགོས།། ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་དོན་གང་ཡིན་པ་དེ་ལ་ལུང་གིས་དགོས་པ་ཅི་ཞིག་ཡོད། ལུང་གི་ཚིག་ཀྱང་ག་ལུ་ཞེ་ན། མི་སྣང་ཞེས་བྱ་བ་སྨོས་ཏེ། གང་དབང་པོ ་ལས་འདས་པའི་དངོས་པོ་འཇིག་རྟེན་ཕ་རོལ་ལ་སོགས་པའི་དོན་མངོན་སུམ་གྱི་ཡུལ་མ་ཡིན་པ་དེ་ལ་ལུང་གིས་གསུངས་པའི་རྗེསུ་འབྲངས་ནས་རྟོག་སོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ།། གལ་ཏེ་ཕྱི། ་དོན་ཡོད་ན་དེ་མངོན་སུམ་ཉིད་ཀྱིས་ཡོངསུ་བཅད་པས་ལུང་གི་ཚིག་གིས་ཅི་ཞིག་བྱ། འོན་ཏེ་མེད་ནཱ་དེ་ཡང་ལུང་གི་ཚིག་གིས་མ་གྲུབོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་དེ་ཉིད་ཀྱི་ཕྱིར། བྱ ་བའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་གི་ཚིགས་གིས་ཀྱང་ཕྱིའི་དོན་ཡོད་པར་མི་འགྲུབ་སྟེ། ཇི་ལྟར་ཞེ་ན། དྲང་བའི་དོན་ཡིན་ཕྱིར་ཡང་སྟེ། འདི་ལྟར་དྲང་བའི་དོན་དུ་བསྟན་པ་ཐམས་ཅད་ནི་རྣམ་པ་བཞིས ་བརྗོད་པར་བྱ་སྟེ། དེ་ལ་དགོངས་པ་ནི་གང་ལ་དགོངས་ནས་སྒྲ་སྦྱར་བ་ཡིན།། སྐྱེ་བོ་གདུལ་བྱའི་ཡུལ་ནི་གང་དག་ལ་བསྟན་པའོ།། འབྲས་བུ་ནི་གང་ལ་བསྟན་པས་གྲུབ་པའོ།། རྒྱུན་ནི་གང་གིས་མངོན་པར་འདོད་པའི ་དོན་བརྟགས་པ་ཞེས་བྱ་བའོ།། ཡང་འདིར་ནི་དགོངས་པས་གསུངས་པ་ཡིན།། འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། སྨྲས་པ། ཁ་ཅིག་གིས་བྱ་དག་མཐོང་བ་པོ་ཉིད་དང་། ཟབ་པ་ལ་སོགས་པར་འདོད་པ་དེ་སྤང་བའི ་ཕྱིར། གཟུགས་ལ་སོགས་པ་སྐྱེ་མཆེད་རྣམས།། ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་མཛད་དེ། འདི་ལྟར་ཡུལ་སོ་སོར་ངེས་པ་ལ་དབང་པོ་རྣམས་ཡིད་མཐོང་བ་པོ་དང་ཡུལ་གང་ལ་བཞག་པར་བྱ་ཞེ་ན།། བསྟན ་པོ་སེམས་ཀྱི་སྤྱོད་ཡུལོ།། ཞེས་བྱ་བ་སྨོས་ཏེ། སེམས་ཉིད་ལ་ཡུལ་དང་དབང་པོའི་ངོ་བོར་རྣམ་པར་བཞག་གི་ཕྱིའི་དོན་ནི་མ་ཡིནོ།། འོ་ན་ཅི་ཞེ་ན། རང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྐྱེན་གཞན ་གྱིས་བག་ཆགས་ཀྱི་ནུས་པའི་ཁྱད་པར་སད་པར་བྱས་པས། རང་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་མ་ཐག་ཏུ་འབྱུང་བྱ་མི་གི་རྣམ་པར་ཤེས་པ་དང་། དབང་པོར་བརྗོད་དོ།། དེ་བས་ན་དེ་ཉིད་ཀྱང་སེམས་ཡིན ་ཏེ། བག་ཆགས་ཀྱི་དབང་གྲིས་སྔོན་པོ་དང་སེར་པོ་ལ་སོགས་པ་ཡུལ་གཟུགས་ཀྱི་རྣམ་པར་སྐྱེས་པ་ཡུལ་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྣམ་པར་ཤེས་པ་དྲོན་དུམ་པར་ཐ་དད་པ་མྱེད་པའི་ཕྱིར་དབྱུང ་པོ་དང་ཡུལ་གྱི་དབྱེ་བས་ཇི་ལྟར་བྱེ་བྲག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་དག་བློ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་དང་གཟུགས་ལ་སོགས་པ་རྣམས་ཕྱིའི་དོན་ཉིད་ཀྱི་དབང་པོ་དང་ཡུལ་གྱི་ངོ་བོར ་གྱུར་པ་མདོ་ཞེས་བློ་ཡིས་ངེས་པར་བྱའོ།། དོན་དམ་པར་སེམས་ལ་ཆ་ཤས་མྱེད་མོད་ཀྱི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་མཁས་པ་དབང་པོ་དང་ཡུལ་གྱི་སྒོ་ནས་ཆ་ཤེས་སུ་སེམས་ལ་བརྟུག ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དོན་དམ་པར་ནི་ཡང་། འདི་ལ་ཞེས་བྱ་བ་སོགས་པ་སྨོས་ཏེ། འདི་ལ་ནི་སེམས་ཏེ། མྱིག་ནི་དབང་པོར་བརྟགས་པ་དེ་མེད།། གཟུགས་མིན་ནི་ཡུལ་དུ་བརྟགས་པ་མི་རི ་བའོ།། སྣང་བ་མེད་ཅིང་ཡིད་བྱེད་མེད་པ་ནི་ལྷན་ཅིག་བྱེད་པར་བརྟགས་པ་མེད་པའོ།། གང་གི་ཚེ་བག་ཆགས་ཀྱི་དབང་གིས་བརྟགས་པའི་རྣམ་པ་འཁྲུལ་པའི་སེམས་ལས་བྱུང་བ་དེའི་ཚེ་ཀུན་རྫོབ་ཏུ་ཐམས ་ཅད་ཡོད་པ་ཡིན་ནོ།། དོན་དམ་པཱར་ནུ་ཆུང་ཟད་ཀྱང་མྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། རྨི་ལཱམ་ལྟ་བུ་ཞེས་བྱ་བ་སྨོསྭཱ་ཏེ། འདི་ལྟར་རྨི་ལམ་གྱི་ང་བ་དན ་སྟེང་པ་ལྷས་དོན་གྱི་རྣམ་པར་འཁྲུལ་པའི་སེམས་སྐྱེ་སྟེ། དེའི་ཚེ་དོན་ཡོད་ཀྱི་རྣམ་པར་སྣང་ངོ་།། གང་གིས་ཚེ་ཡང་སད་པ་དེའི་ཚེ་ཆུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་ཐམས་ཅད་རྣམ་པར་རིག་པ་ཙམ ་ཡིན་ལ་ཕྱིའི་དོན་མེད་ན་དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་བསྣུན་པ་ལས་དགེ་བ་དང་མི་དགེ་བའི་བྱ་བ་ངེས་པར་ཇི་ལྟར་གྲུབ་སྡེ་ན། བཟུང་དང་དྲན་པའི་གྲོགས་བསྟེན་ལས། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། བཟུང་དུང་ངན་པའི་གྲོགས་བསྟེན་པ་ལས་ཏེ། བཟང་པོ་དང་བཟང་པོ་མ་ཡིན་པ་དང་འབྲེལ་པས་སེམས་ཅན་གྱི་རྒྱུད་ལ་དགེ་བུ་དང་མི་དགེ་བའི་བྱ་བའི་ཁྱད་པར་གང་ཡིན་པ་དེ་གཞན་གྱི་སེམས་ཀྱི་དབང་། ་གིས་བྱུང་བ་ཡིན་ནོ།། གང་གི་ཚེ་སྒྲོག་ཆགས་རྣམས་དགེ་བའི་བཤེས་གཉེན་དྲང་སྡིག་པའི་གྲོགས་པོའི་སྤྱོད་པ་བསླབ་པར་འདོད་པ་དེའི་ཚེ། དགེ་བའི་བཾ་ཤེས་གཉེན་དང་། སྡིག་པའི་གྲོགས་པོའི་རྣམ་པར ་ཤེས་པའི་འབང་གིས་དགེ་བ་དང་མི་དགེ་བའི་རྣམ་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། དེ་ཡང་འབྱུང་པོས་གཟུང་སོགས་བཞིན།། ཞེས་བྱ་བ་སྨོས་ཏེ། དཔེར་ན་འབྱུང་པོས་གཟུང་བ་རྣམས་སེམས་ཀྱི ་དབང་གིས་སོན་རྣམས་ཀྱི་ཁྲག་ལ་སོགས་པ་འདྲེན་པར་འགྱུར་བྱ་དེ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་ཐམས་ཅུང་རྣམ་པར་རིག་པ་ཙམ་ཡིན་ན།། རུ་ལུགས་ལ་སོགས་པ་ཤེན་པས་རྗེ ་གསོད་ཅེ་ན། ཉེ་བའི་རིམ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ར་ལུག་རྣམས་གཞན་གྱི་ལུས་དང་ཉོ་བའི་རིམ་པས་བསད་པར་ནི་མི་འདོད་དེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་རོ།། གང་གི་ཕྱིར་ཕུང་པོ་རྣམས ་སྐད་ཅིག་རེ་རེར་གྱུར་པ་འཇིགས་པ་ལ་རྒྱུ་མེད་པ་ཡིནོ།། ཡང་གུང་ཐོ་བ་ལ་སོགས་པས་བུམ་པ་ལ་སོགས་པ་འཇིག་པ་ཡིན་པར་རྟོག་ན། དེ་ནི་འཇིག་པ་མ་ཡིན། འོན་ཀྱང་མཚན་ཉིད་མི་མཐུན་པ་གྱོ་མོ་ལ་སོགས ་པའི་འབྲས་བུ་བསྐྱེད་པ་ཉིད་རྒྱུ་རྟོག་པར་བྱའོའི་ཞེས་བྱ་བའི་དོན་ཏོ།། འོན་ཀྱང་ཚུལ་འདིས་ཐེག་པ་ཆེན་པོ་ནི་ཆོས་བདག་མེད་པའི་ཕྱིར་རང་བཞིན་གྱིས་རྣམ་པར་བྱང་བའི་ཚུལ་གཉིས་མེད་པ་སེམས་ཙམ་ཉིད་དུ་གནས ་ཏེ། གང་འདི་ནི་བསད་པར་བྱ་བ་དང་གསོད་པར་བྱེད་པ་ཡིན་ཞེས་བྱ་བར་གཞག་པའི་རྒྱུ་མཚན་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ།། འོན་ཀྱང་། མི་འདོད་པ་ཡི་ལས་ཀྱི་མཐུས།། ཞེས་བྱ་བ་ལ་སོགས་པ་སྟེ་མི་འདོད་པའི ་ལས་ཀྱི་མཐུས་ཏེ། སྔར་བྱོས་པའི་ལས་ཀྱི་འབྲས་བུའི་མཐུས་འབའ་ཤིག་ཏུ། དྲག་ཤུལ་སྤྱོད་པའི་རྣམ་རིག་ནི། འཇིགས་པའི་དོན་དུ་འདི་སྐྱེས་ཏེ། ཤིན་ཏུ་འཇིགས་པ་བསྐྱེད་པར་བྱེད་ཅིང་གནོད་པར་བྱེད་པའི ་རྣམ་པར་རིག་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུ་ཉིད་ཅེ་ན། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དམྱལ་བར་དམྱལ་བ་པ་རྣམས་ཀྱི་འཇིགས་པ་བསྐྱེད་པའི་ཕྱིར ་སེང་གེ་དང་སྟག་གི་རྣམ་པར་རིག་པ་སྐྱེའོ།། འདིར་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། ཕྱིའི་དོན་དུ་སྨྲ་བའི་ཞར་ལ་གཞན་བསྟན་པའི་ཕྱིར། ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས ་པའི་དངོས་པོའི་ཆོས་སྣང་བ་ནི་སོ་སོར་སྣང་བའི་སྟེ། དེ་ཁོ་ནའི་གལ་ཏེ་རང་བཞིན་ཉིད་དོན་དམ་པའི་ངོ་བོ་ཡིན་གྱི་བརྟགས་པ་ནི་མ་ཡིན་ན། དེའི་ཚེ། ཡང་དག་དོན་ནི་མཐོང་བའི་ཕྱིར།། འགྲོ་བ་ཐམས་ཅད་ཅིས་མི་གྲོལ ་ཞེས་བྱ་བ་ཡིན་ནོ།། དེ་ནི་དེ་དག་བརྟགས་པ་ཡིན་པར་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དམ་པར་དེས་ཆོས་རྣམས་ལ་བྱིས་པ་རྣམས་ཞེན་པ་བསྐྱེད་ན་རྒྱུ་དེ་ཉིད་ཀྱིས་རང་བྱུང་སྟེ། རང ་གིས་དངོས་པོ་ཐམས་ཅད་མཁྱེན་པར་གྱུར་པ་ནི་རང་བྱུང་ངོ་།། རང་བྱུང་སངས་རྒྱས་བཅོམ་ལྡན་འདས་དེས་ཐུགས་རྗེས་ཏེ། སྙིང་རྗེས་བྱིས་པ་དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ལ་འགྲོ་བ་འཁྲུལ་པ་དེ་སྤང ་བའི་ཕྱིར་དགོངསོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་བདག་ཉིད་བདེ་བའི་འགྲོ་བ་ལ་ཐུགས་རྗེ་དེ་དོན་མེད་པར་འགྲོ་བའི་ཕྱིར་རོ།། ནང་མེད་པ་ལ་སྨིན་པའི་ངག་གིས་ཆུང་ཟད་ཀྱང་བྱ་བ་མེད་པ་བཞི་ནོ།། གཞན་ཡང ་སེམས་ཙམ་ཉིད་དུ་ཁས་མི་ལེན་ན་ཉེས་པ་འབྱུང་བ་བསྟན་པའི་ཕྱིར། གློག་དང་འབྲུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློག་ལ་སོགས་པ་རང་གི་ཉེ་བར་ལེན་པའི་རྒྱུ་མི་དམིགས་པས་སེམས་ཙམ་ལས་མ་གཏོགས ་པར་དེ་དག་ན་མཁའི་དཀྱིལ་དུ་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ད་ནི་ཕྱིའི་དངོས་པོ་རྣམས་ངེས་པར་རང་བཞིན་མེད་པས་མི་འགྲུབ་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླལ ་ཏེའི་དོན་ནི་བརྒྱ་ལའི་དོན་ཏོ།། གལ་ཏེ་ཕྱིའི་དངོས་པོ་རྣམས་གཅིག་ཉིད་དང་རྟག་པར་འགའ་ཞིག་ལ་བདག་ཉིད་ཀྱི་རང་བཞིན་གྲགས་པ་བཞིན་དུ་ཡིན་ན། དེའི་ཚེ་འདོད་པའི་དབྱེ་བས་ཏེ། འདོད་པ་དང་མི་འདོད་པས་ངེས་པའི་དབྱེ ་བ་དུ་མར་སྣང་བར་མི་འགྱུར་རོ།། དབྱེ་བ་མཐོང་སྟེ་འདི་ལྟར་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དུ་གཅིག་པ་ལ་གཞོན་ནུ་དང་། བར་མ་དང་། ཚོ་བ་དང་། སྐེམས་པ་དང་། སྔོ་བསངས་ཞེས་བྱ་བ་དུ་མ ་ཐ་དད་པའི་ཤེས་པ་སྐྱེའོ།། འདིས་ནི་ཆ་ཤས་ཅན་རགས་པའི་ཡུལ་གྱི་དངོས་པོ་བཀག་པ་ཡིནོ།། རྡུལ་ཕྲ་རབ་རྣམས་ནི་ཡུལ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ།། དེ་དག་ཀྱང་རང་བཞིན་མེད་པ་ཉིད་ཡིན ་ཏེ། དྲུག་གིས་ཅིག་ཙོར་སྦྱར་བ་ཡིས།། ཞེས་བསྟན་པའི་ཕྱིརརོ།། དེ་ལྟར་ཡང་། སྣ་ཚོགས་རང་བཞིན་ཉིད་གྲུབ་པས། དེའི་ཕྱིར་མིག་དང་རྫས་ལ་སོགས།། བདག་དང་གཞན་སྨྲས་མང་པོ་དག། རང་བཞིན་མེད་པ ་མངོན་པ་ཡིན། ཞེས་གསུངས་སོ།། དེ་ལྟ་བས་ན་རགྲས་པ་དང་ཕྲ་བའི་ཡུལ་གྱི་དངོས་པོ་སང་བའི་ཕྱིར་སེམས་ཙམ་ཉིད་དུ་གྲུབ་པ་ཡིན་པས། སེམས་ཉིད་ཅེས་བྱ་བ་ལ་སོག་པ་སྨྲས་ཏེ། ་ཕྱི་རོལ་གྱི་དོན་མེད་མོད་ཀྱི་བག་ཚུགས་ཀྱི་དབང་གིས་གང་གི་ཚེ་བུད་མེད་ཀྱི་རྣམ་པར་སེམས་ཉིད་སྐྱེས་པ་དེའི་ཚེ། ངོ་ཚ་དང་བཅས་འདོད་ཆེན་གྱིས་ཏེ། འདོད་པ་ལ་ཆགས་པའི་སེམས་དང་ལྡན་པས་བདག་ཉིད་བདག ་ལ་སུ་ཞིག་ཆགས། ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ནི་སྦྱོར་བཤད་པའི་གཏན་ཚིགས་ཀྱིས་ཡུལ་ཐམས་ཅད་རང་གི་བོ་བོར་ཡིན་པར་བློ་ལྡན་ཏེ། བློ་གྲོས་དང་ལྡན་པསོ།། ་ཐམས་ཅད་ནི་དུས་ཐམས་ཅད་དུ་སྟེ།། སྩལ་གྱི་ཉེ་བར་ལོངས་སྤྱོད་ཕྱིར་བྱིས་པ་ལྟ་བུར་འཇུག་པར་སྟེ་རིགས་སྐྱེས་བྱ་བའི་དོན་ཏོ།། ཡུལ་ཡོད་པས་ཡུལ་གྱི་ཉེ་བར་ལོངས་སྤྱོད་ཇི་ལྟར་སྤང་མ་ཡིན་ནམ་ཞི་ན། རང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་ནི་མེད་པར་སྣང་བ་ཡོན་ཏོ།། དཔེར་ན་དགའ་ཞིག་རང་གི་རྨི་ལྡུམ་གྱིས་འཁྲུལ་པའི་ཕྱིར་ལག་པ་ནི་ལགྣ་པཱ་སྟེ།། ལྕག་པ་ཡིས་ནི་ལག་གཟུང་ནས།། བདག་གིས་རྐུན ་མ་འདི་ཟིན་ཞེས།། སྨྲས་པ་གཞན་གྱིས་སྤོང་བར་བྱེད།། ཅེས་བྱ་བ་ནི། དཔེར་ན་འདི་ནི་རྐུན་མ་མ་ཡིན་ཏེ། འོན་ཀྱང་རྨི་ལམ་གྱིས་འཁྲུལ་པ་ཁྱོད་ཀྱིས་མཐོང་བ་ཡིནོ།། དེ་བཞིན་དུ་རྐུན་མ་ལྟ་བུའི་ཡུལ་འང ་དག་ལ་དེ་དག་ཇི་ལྟར་ཉེ་བར་ལོངས་སྤྱོད་པར་རིགས།། ཕྱིའི་དོན་ཡོད་ན་གཅིག་ཅིང་ཐ་མི་དད་པའི་མཚན་ཉིད་ལ་ཐ་དད་པའི་འདུ་ཤེས་བསྐྱེད་པར་འགལ་བ་ཡིནོ་ཞེ་བསྟན་པའི་ཕྱིར་དུང་འགྲོ་ན་བྱབ་པ་སོ་པ་སྒོ་སྟེ། དུ་འགྲོ་ནི་བ་ལང་ས་ས་ལའོ།། རྒྱུན ་ཚིཌིཌ་ལ་ཟ་བའི་དུཤུ་དང་ལྡནན། མི་རྣམས་བཟའ་བར་སེམས་མ་ཡིན། དེ་བས་ན་རྣམ་རྟོག་འཇུག་པ་ངོ་མཚར་ཆེ་སྟེ། མ་རིག་པའི་ཕྱིར་ངོ་མཚར་དུ་གྱུར་པའོ།། གང་རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ་ཅེས་བྱའོ།། གཞུན ་ཡང་རི་དྭགས་མེས་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཁ་ཅིག་ན་རི་དགས་མས་ངག་ཅེས་བྱ་བ་མས་དྲི་མ་མེད་པར་འགྱུར་ལ། གཞན་དག་ནི་སྲེག་གོ། དེ་བཞིན་དུ་དེ་དག་མེ་ཟའི་གཞན་དག་ནི་མ་ཡིནོ།། ་དེ་བཞིན་དུ་དུག་གི་བྱི་བས་སྲོགྶ་ནི་མཐའ་རུ་བྱེད་པའི་དུག་ཟོས་པས་དེ་ནི་འཆི་བར་འགྱུར་བ་མ་ཡིན། གཞན་དག་ནི་འཆི་བར་འགྱུར་རོ།། དེ་བཞིན་དུ། མས་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམ ་ཅན་གཞན་དག་ནི་དངོས་པོ་འདི་དག་གིས་འཚོ་བར་འགྱུར་རོ།། སེམས་ཅན་གང་དག་དངོས་པོ་གང་དག་གིས་ཤེ་ན། དེ་ལ་ཉ་དང་བྱ་དང་ཁྱི་དང་སྦྲུལ་རྣམས་ནི་སེམས་ཅན་དེ་རྣམསོ།། མས་དྲན་པས་ཉཝའི་རྒྱུད། ་འཚོ་བ་ཡིན་གྱི་གཞན་དག་ནི་མ་ཡིནོ།། འཚོ་བ་ཡིན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ།། དེ་བཞིན་དུ་སྒོ་ངའི་གནས་སྐབས་ན་བྱ་རྣམས་ནི་རེག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ།། ཁྱི་རྣམས་གཉིད ་ལོག་པས་སྲིན་གྱི་གཞན་དག་ནི་མ་ཡིན།། སྦྲུལ་ནི་བྱུང་འགྲོའོ།། ཡང་དགུ་འགྲོ་སྟེ་རླུང་གིས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ།། དེ་བཞིན་དུ་སྣ་ཚོགས་ལས་ཀྱིས་དབེན་པ་ཡི།། ་པླཀྐ་མཐོང་ན་གནོད་སྦྱིན་ནི།། སེམས་ཅན་གྱི་ཁྱད་པར་རོ།། ཇི་ལྟ་བྱུར་མཐོང་ཞེ་ནི། འཁོར་གྱི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནནི་ཕྲིན་གྱི་ཚོགས་དང་བཅས་པས་རླུང་གི་ཁྱིམ་དང་འདྲ་བར་པྲཀྐི་མཐོང་ངོ་།། གནོད་སྦྱིན་འབའ་ཤིག་གིས ་མཐོང་བ་མ་ཡིན་གྱི་གནོད་སྦྱིན་མོས་ཀྱང་མཐོང་ཞེས་བྱ་བའི་བར་དུའོ།། ཡང་གཞན་དག་གིས་བློཀྐ་ཉིད་དུ་མཐོང་ངོ་།། དེ་བཞིན་དུ་ཡི་དྭགས་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ལས་སྣ་ཚོགས་པས་ཆུ་བོ་གཅིག་ལ་ཡང་རྣག ་ཏུ་འགྲུབ་ཅིང་དེ་བཞིན་དུ་བཤང་གཅི་རྙོག་པ་དང་ལྡན་ན། ཕྱི་ས་དང་གཅིན་འདྲེས་པའི་རྙོག་པ་དང་ལྡན་པར་ཡི་དྭགས་ཀྱིས་མཐོང་ངོ་།། དེ་བཞིན་དུ་ཆུ་བོ་དེ་ཉིད་ལ་མི་ཡིས་ཆུ་བོ་དྲི་མ་མེད་པར་མཐོང་བ་དང་ནི་འཐུང་བ་ཡང་ཡིན། ་ནོ་ཞེས་བྱ་བའི་དོན་ཏོ།། འདི་དགྲ་ཐམས་ཅད་ཕྱིའི་དོན་ཡིན་ན་འགལ་བ་ཉིད་དོ།། དེ་ལྟ་བས་ན། དགེ་མིན་དགེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དགེ་བ་དང་དགེ་བའི་འབྲས་བུའི་རྣམ་པ་ལས་ཀྱི་བག་ཆགས་ཀྱིས ་བསྒོས་པས་ནི་དེ་དང་དེའི་ལས་ཀྱིས་བསྒོས་པས་ཕྱིའི་དོན་སྟོང་པ་རྣམ་པར་ཤེས་པ་འགལ་ཏེ་འདི་ཉིད་ལ་འཇུག་ན། དེའི་ཚེ་འདི་དག་ཐམས་ཅད་ལ་འགལ་བ་མེད་པ་ཡིནོ།། རྣམ་པར་ཤེས་པ་གཅིག་དུ་མར་ཇི་ལྟར ་སྣོང་ཞེ་ན། ཨོཾ་མའི་ཡུལ་ནི་སྣ་ཚོགས་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མཱ་རན་ངོ་མཚར་རོ།། རྣམ་པར་ཤེས་པ་འདི་ཡུལ་གྱི་རྣམ་བྷ་ཉིད་སྣ་ཚོགས་རྣམས་ཏྭེ་ཐཱ་དང་བུ་ཉྀད་དོ།། དུས་གཅིག་ལ་ནི ་མུ་རུང་སྟེ། སྣ་ཚོགས་པའི་རྣམ་པར་རྟོགས་པའི་རྗེསུ་འགྲོ་བ་ཡིན་ནོ།། ཇི་ལྟར་ཞེ་ན། རོལ་མོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རོལ་མོའི་ཚོགས་ཀྱིས་སྐུ་བཞིན་ཏེ་རོལ་མོའི་ཚོགས་ཀྱི་སྒྲ་དལ་དང་དྲག་པ་ལ ་སོགས་པའི་དབྱེ་བས་སྣ་ཚོགས་པའི་རྟོག་པའི་རྗེ་སུ་འགྲོ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ།། ད་ནི་དོན་མེད་པ་དོན་བྱེད་པར་མི་རིགས་པ་ནི་འདིར་ཚིགསུ་བཅད་པ་གསུམ་གྱིས་བསྟན་པ་ནི ་གལ་ཏེ་དོན་ཡོད་དོན་བྱེད་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕྱིའི་དོན་གྱིས་དོན་གྱི་བྱ་བོ་བྱེད་པར་གྱུར་པ་དང་། དེ་མེད་ན་ཡང་མི་འགྱུར་ན། དེའི་ཚེ་ཁྱོད་ཀྱི་རྩོད་པ་འཇུག་པར་རིགས་ན། གང་གི་ཕྱིར་ཕྱིར ་དོན་གྱིས་སྐྱོང་བ་ལ་དོན་བྱེད་པར་སྣང་ངོ་།། གང་དུ་ཇི་ལྟ་བུ་ཞིག་ཅེ་ན། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞུན་སྐྱེས་བུ་འགའ་ཞིག་གིས་སེའུ་ནི་བལ་པོ་སེའུ་ལ་སོགས་པ་ཟོས་པས་གཞོན་གྱི་ཁྭ ་ནས་ཆུ་འཇིག་འགྱུར་ཏེ། བརླན་གྱིས་ཁྱབ་པར་གྱུར་པ་ཡིན་ནོ།། གལ་ཏེ་ཡང་དོན་གྱིས་དོན་བྱེད་པར་གྱུར་པ་ཡིན་ན། དེའི་ཚེ་གོང་དག་བལ་པོ་སེའུ་ཟ་བ་དེ་ཉིད་ཀྱིས་རླན་འཛག་པའི་བྱ་བ་བྱེད་པར་རིགས་ཀྱི ་ཡང་དོན་གཞན་གྱིས་གཞན་གྱི་བྱ་བ་བྱེད་པ་ནི་མི་རིགསོ།། དེ་ལྟ་བས་ན་དོན་ཡོད་པས་དོན་བྱེད་པ་མཱ་ཡིནོ།། ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ། མཚན་མོ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། སྐྱེས་བུ་འགའ་ཞིག་གིས་གྲུས་ཏེ་གྲུས་ཟོ་བ་ལྀ་གཞན་འགའ་ཞིག་གིས་དྲིས་པ་ན་ཏེ། ཁྱོད་ཅི་ཟ་ཞེས་དྲིས་པ་ན་དེས་དེ་ལ་གལ་ཏེ་སེའུ་ཟ་ཞེས་སྨྲས་ན་སྟེ། བལ་པོ་སོའུ་ཟའོ་ཞེས ་སྨྲས་ན་དེའི་ཚེ་ཐོས་པས་རླན་གྱི་བྱ་བའི་འགྱུར་བ་ཅི་མི་བསྐྱེད་དམ། དེ་ལྟ་བྱས་ན་དོན་ཡོད་པས་དོན་བྱེད་པ་ནི་མ་ཡིན་ནོ།། དེ་བཞིན་དུ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་དུ་བདེ་བ་ཐོབ་པའི ་རྒྱུ་མེད་ལས་ཏེ། འདོད་པའི་བུད་མེད་དང་ཕྱུད་པ་མེད་པར་ཡང་ཁུ་བ་ཤོར་བ་འབྱུང་བ་མིན་ནམ་ཅི། དེ་བས་ན་དྲན་ཡོད་པས་དོན་བྱེད་པར་མ་གྲུབ་པོ་ཡིན་ནོ།། གང་ཞིག་རྨི་ལམཱ་དུ་ཡོད་པའི་དུ་རྒྱལ་དེ ་བེ་སྙན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འགའ་ཞིག་རྨི་ལམ་དུ་མཐོང་བའི་དོན་ལ་ཡོད་པར་འཛིན་པ་ནི་གོམས་པའི་སྟོབས་ཀྱིས་ཏེ། སྔོན་གོམ་པའི་བག་ཆགས་ཀྱི་ནུས་པས ་ཡོད་པ་དེ་དག་དཔེ་འདིས་སེལ་ཏེ། དཔེར་ན་གཞོན་ནུ་མ་སྦྲུམ་བུ་སྐྱེས་པ་ནི་འདི་ལྟར་རྨི་ལམ་དུ་མཐོང་བ་དེ་ནི་འདི་ལྟར་རིགས་ལྡན་མིན་ཏེ། རིགས་པས་འབྲེལ་པར་མི་འགྱུརརོ།། དེ་བཞིན་དུ་རྨི་ལམ་གྱི ་དོན་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ།། གཞན་དུ་ན་གང་གཞོནུ་མ་ཉི་དུ་མི་འགྱུར་ལ། བུ་ཡང་མཐོང་བར་འགྱུར་རོ།། དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར།། ཁང་པའི་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་འདི ་ཀྱང་རྨི་ལམ་དུ་མཐོང་བའི་དཔེའི་དོན་མེད་པར་སྟོན་ཏེ། དཔེར་ན་ཁང་པའི་ནང་དུ་ནི་ཁང་པའི་ནང་སྟེ། དུས་ཡུན་རིང་པོ་དང་ལམ་དང་རི་དང་། དེ་བཞིན་དུ་ཡུལ་རྣམས་ཀྱང་ཅིག་ཅར་རྣམ་པ་ཐ་དང་ཏེ། སོ་སོའི་ད ་པོ་རྣམས་ཀྱི་རྨི་ལམ་དུ་མཐོང་བ་བསྐྱེད་པ་དེའི་ཚེ་རྨི་ལམ་མཐོང་བ་ཡོད་མིན་ཞེས་བྱ་བའི་དོན་ཏོ།། འདི་ལྟར་གཟུགས་ལ་སོགས་པ་རྣམས་ཕྱི་རོལ་དུ་གྱུར་པ་བཀག་ནས་རྣམ་པར་རིག་པ་གཞན་ཡང་ཡུལ ་གྱི་དངོས་པོ་ཡིན་པ་དགག་པའི་ཕྱིར། རྣམ་པར་རིག་པའང་རྣམ་རིག་གི། ཞེས་བྱ་བ་ལྔ་སོགས་པ་སྨོས་ཏེ་ནར་རིག་པའ་རིག་པ་གཞན་གྱི་དོན་མིན་ཏེ་ཡུལ་མ་ཡིན་ནོ།། གལ་ཏེ་ཡང་འགའ་ཞིག་ཡིན་པར ་འདོད་ན་དེའི་ཚེ་དེའི་གྲུབ་པའི་མཐོའ་ནི་དུས་གཅིག་པ་ཉིད་འགྱུར་རོ།། རྒྱུད་གཅིག་པ་ཉིད་དུ་འདོད་ན་ངེས་པར་རགས་པའི་གནས་ཐོབ་པར་འགྱུར་ཞེས་བྱ་བ་ལ། ངེས་པར་ནི་རྣམ་པར་རྟོག་པའོ།། རགས་པའི། ་དངོས་པོ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ངོ་བོའི་གནས་ཐོབ་པར་འགྱུར་རོ།། དེ་གཉིས་ཡུལ་དང་ཡུལ་ཅན་དུ་མི་རིགས་ཏེ། འདི་ལྟར་དམིགས་པའི་རྐྱེན་ཉིད་ནི་ཡུལ་གྱི་ངོ་བོ་ཡིན་གྱི། དེ་ཡང་འགག ་ནས་ཡུན་རིང་དུ་ལྗོན་པའི་ཕྱིར་མི་རིགས།། འདས་མ་ཐག་པ་ནི་དེའི་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་དམྱིགས་པའི་རྐྱེན་ནི་མ་ཡིན་ཏེ། གཞན་དུ་ན་མིག་དབང་པོ་ཡང་ཡིན་པར ་འགྱུར་རོ།། སྐད་ཅིག་གཉིས་པ་དེ་མེད་པའི་ཕྱིར་ཇི་ལྟར་ཡུལ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། གཞན་ཡང་རགས་པའི་གནས་ཐོབ་འགྱུར་ནི་རྟག་པ་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ལྟ་མོད་ཀྱི་གཞན་སེམས ་དུས་མཉམ་པ་འཛིན་པའི་ཕྱིར་དེའི་ཡུལ་ཉིད་དུ་འགྱུར་རོ།། གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ལ་སོགས་པའི་ཡུལ་རྣལ་འབྱོར་པའི་ས་གང་ཤེས་པའང་དུ་ཡང་ཤེས་པ་ཁོ་ན་མིན ་ཏེ་མ་ཡིན་པ་ཉིད་དོ།། ཇི་ལྟ་བུ་ཞིག་ཅེ་ན། རང་གི་སེམས་ཀྱི་མོས་པ་བཞིན། ཞེས་བྱ་བ་སྨོས་ཏེ། འདི་ལྟར་རང་གི་བདག་ཉྫི་ཏེ་རང་གི་བདག་ཉིད་ཀྱི་སེམས་ཀྱིས་འདས་པ་ཁོང་དུ་ཆུད་སྙམ་པ་ནི་མངོན་པའི་ང་རྒྱལ་ཡིན་ནོ། ་འདྲི་ཡང་དེ་བཞི་ནོ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་དུས་མཉམ་དུ་འཛིན་ཏོ་ཞེ་སྨྲས་པ་དེ་ལ་ཡང་སྐད་ཅིག་མ་ཡིན་པའི་ཇི་ལྟར་དུས་མཉམ་ཞེས་བྱ། གཞན་ཡང་གཞན་གྱི་སེམས་ཀྱང་གཉིས་མེད་པའི ་ཕྱིར། དེ་ཇི་ལྟར་ཡུལ་གྱི་རང་བཞིན་ཉིད་ཡིན། གཉིས་སུ་མེད་པའི་ཤེས་པ་ཕྱོགས་གཅིག་པ་ཉིད་མ་ཡིན་ཏེ། ཀུན་ཏུ་འགྲོ་བའི་ཕྱིརརོ།། འདི་ལྟར་སེམས་ཙམ་ལ་གནས་པ་ཡིནོ་ཞེས་གསུངས་པ ་ཡིན་པའི་ཕྱིར་རོ།། འདི་ལྟར་ཕྱིའི་དོན་མེད་ན་གསུང་བ་དང་འཛིན་པ་མེད་པའི་ཕྱིར་གཉིས་མེད་པའི་སེམས་ཉིད་གཟུང་བ་མེད་པ་བརྗེད་པ་བརྗོད་པར་བྱ་བ་མ་ཡིན་པ་དོན་དམ་པའི་རང་བཞིན་གྲུབ་ཅེས་བྱ་བའི་དོན་ཏོ།། ། ་གལ་ཏེ་བརྗོད་པར་བྱ་བ་མ་ཡིན་ལ་གཟུང་བར་བྱ་བ་དོན་དུམ་པ་ཡིན་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་འཛིན་པར་བྱེད་པ་མ་ཡིན་ནམ་ཞེ་ན། ཀུན་རྫོབ ་ལྡན་ཤེས་ཐམས་ཅད་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཆུང་ཟད་ཀུནྡ་རྫོབ་དང་ལྡན་པའི་ཤེས་པ་ཐམས་ཅུང་ལ། མཁས་པ་དང་ནི་གཞན་དག་གིས།། གཟུང་བ་དང་ནི་སྟོན་པ་ལ།། མཚུངས ་པེ་ཁོ་ནར་འཇུག་པར་འགྱུར་ཏེ། མི་མཉམ་པ་མ་ཡིན། དོན་དམ་པའི་ཡེ་ཤེས་ནི་མ་ཡིན་ཏེ། དེ་བརྗོད་དུ་མེད་པའི་ཕྱིརརོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། ཀུན་རྫོབ་ཀྱིས་སྟོན་པར་བྱེད་པ་དང་། བསྟན་པར ་བྱ་བའི་ཐ་སྙད་དུ་འཇུག་གི་དོན་དམ་པར་ནི་མ་ཡིན་ནོ།། ད་ནི་ཆོས་ལ་བདག་མེད་པ་མཐོང་བས་རྣལ་འབྱོར་པ་རྣམས་སྣང་བའི་འབྲས་བུ་བསྟན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ ་རུ་ནི་སྔ་མ་རུའོ།། ཆོས་ཐམས་ཅད་ཕྱིའི་གཟུགས་ལ་སོགས་པས་སྟོང་ངོ་ཞེས་གང་གི་ཚེ་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པ་དེའི་ཚེ། མི་སྣང་བའི་འབྲས་བུ་འབའ་ཞིག་མ་ཡིན་གྱི།། གང་ཇི་སྲིད་སྣང་བ་ཁོ་ནའི ་འབྲས་ཆེན་ཡཱི་ཏེ་དེ་ལས་སྐྱེས་པ་ཡིནོ།། གང་གི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བྱའི་ཕྱིར་འཇིག་པ་མེད་པ་ཐོབ་པ་འདི་རྣལ་འབྱོར་པ། འཇིག་རྟེན་གཞན་བཞིན་འཇིགས་པ ་མེད་དེ་འཁོར་བ་པ་བཞིན་དུ་འཇིགས་པ་མེད་ཅེས་བྱ་བའི་དོན་ཏོ།། གལ་ཏེ་ཡང་སྟོང་པ་ཉིད་མཐོང་བ་དེས་འཆི་བའི་ཆོས་ལས་མ་འདས་པ་མ་ཡིན་ནམ། དེ་ལྟ་བས་ནི་ཡང་དེ་ཇི་ལྟར་འཇིགས་པ་མེད་པར་འགྱུར་ཞེ་ན། ་འཆི་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བདག་ཉིད་ཀྱི་འཆི་བ་དང་ནི་སྐྱེ་བ་ཉིད། སྤྲུལ་པ་དྲ་བ་ནི་སྤྲུལ་པའི་སྐྱེས་བུ་ལྟར་བུར་བཞེད་དེ། དེ་ལ་ཇི་ལྟར་ན་རྣམ་པ་གང་གིས་ཀྱང་འཆི་བའི་འཇིགས་པ་མེད་ཅེས་བྱ ་བྱ་བའི་དོན་ཏོ།། ལམ་ཐོབ་པ་ལའདི་འཇིགས་པ་ཡོད་ནཱ་ལམྲ་ཚོལ་བ་ནི་ཉམས་པར་འགྱུརརུ་རོ་ཞེ་ན་འདི་དག་ལས་ཀྱི་སྤྲུལ་ཉིད་དུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་མཐོང་བའི་ལམ་ལ་གནས་པའི ་རྣལྔ་འབྱོར་པ་དེས་འདི་དག་ལས་ཀྱི་སྤྲུལ་པ་ཉིད་དུ་ཡིན་གྱི་རང་གི་ངོ་བོར་གྲུབ་པ་ནི་མ་ཡིན།། ཞེས་ས་གསུམ་པོ་ཡང་ཤེས་པ་ཡིན། གལ་ཏེ་ཕྱིར་ཡང་འཇིགས་གྱུར་ན་ཏེ། འཁོར་བ་པའི་སྡུག་བསྔལ་གྱིས ་འཇིགས་པ་དེ་ལྟར་ཡིན་ན། བདག་ཅིག་འདྲ་བ་དེ་ཁོ་ན་ཉིད་མ་མཐོང་བས་ལེམ་འདིས་སྤང་བར་འདོད་པ་ངལ་པོ་འབྲས་བུ་མེད་པའི་ཕྱིར་ཉམས་ཞེས་བྱ་བའི་དོན་ཏོ།། མཐོང་བའི་ལམ་ལ་གན་རྣལ་འབྱོར ་བས་བདག་ཉམས་པར་རྟོག་པ་རིགས་པ་མྱུཿཡིན་ནོ་ཞེས་བསྟན་པའི་ཕྱིར། ཡན་ལག་མཆོག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡན་ལག་མཆོག་ནི་ཏེ། མགོ་བོ་གཉིས་པ་དང་། དེ་བཞིན་མིག་ནི ་གསུམ་པ་སྟེ་མེད་པའི་ཕྱིར་རོ།། གཉིས་པོ་དེ་དག་མེད་ན་སྐྱེས་བུ་སུ་ཞིག་བཅས་པ་དང་ཕྱུང་བར་དོག་པར་འགྱུར། དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པས་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས ་མེད་པས་དེའི་སྡུག་བསྔལ་གྱིས་ཇི་ལྟར་གནོད་པར་དོགས་ཞེས་བྱ་བའི་དོན་ཏོ།། འདི་ལྟར་མཐོང་བའི་ལམ་ལ་གནས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་གྱི། སྒོམ་པས་སྤང ་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་མ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟས་ནི་སྔར་གསུངས་པའི་རིམ་པས་སོ།། ་ཡུལ་འདི་རྣམ་པར་ངེས་པ་ནི་ཕྱིའི་དོན་མེད་པར་རྣམ་པར་ངེས་པ་ཡིན་ནོ།། བློ་དང་ལྡན་པ་ནི་མཁས་པའོ།། གུལ་ཏེ་ཡང་ལྷག་པའི་དྲི་མ་དང་འདྲེས་པ་རྣམ་པར་བསྒོམས་པས་ཀྱང་ནི་ལྷག་པའི་སྒྲ་ནི་ཕྱུང་པོ་ལ་སོགས ་པ་ལ་བརྗོད་དོ།། དེ་ཉིད་ནི་དྲི་མ་སྟེ། ལྷག་པའི་དྲི་མ་རྣམས་སོ།། འདྲེས་པ་ནི་ཕན་ཚུན་འདྲེས་པའོ།། བསྒོམས་པས་ཀྱང་སྟེ་ཟིལ་གྱིས་གནོན་པའོ།། དེ་བཞིན་དུ་ཡང་ཤིན་ཏུ་དག་པའི་ཕྱིར་མཐོང་བའི་ལམ ་གྱི་སྤྱང་བར་བྱ་བའི་ཉོན་མོངས་པའི་དྲི་མས་ནམ་ཡང་དྲི་མ་ལྡན་པ་མ་ཡིན་ཏེ། སི་འགྲོའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་ཞེ་ན། སྦྱིན་དུ་མ་ཞེས་བྱ་བ་ལ་སྩོགས་པ་སྨོས ་ཇི་ལྟར་ན་མཁའ་ནི་ན་མཁའོ།། སྤྲིན་གྱི་དུམ་བུ་ནི་སྤྲིན་གྱི་ཆས་མ་དག་པས་དྲི་མ་ཅན་ཉིད་དུ་དེ་མི་འགྱུར་རོ།། དེ་བཞིན་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་བློ་དང་ལྡན་པ་ལ་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། གལ ་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམས་པ་ཐམས་ཅད་དུ་མེད་ན། འདི་དེ་ཡིན་ཞེས་དོན་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་ཇི་ལྟར་སྐྱེ་ཞེ་ན། འདི་རི་ནི་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་སྟེ་ཕྱོགས་སྔ་མ་ལ ་མང་དུ་སྨྲས་པས་ཅི་ཞིག་བྱ། གལ་ཏེ་ཁྱི་དང་རི་བོང་རྟ་མགོར་སྐྱེས་པའི་རྭ་རྣམས་འགའ་བ་ནག་གིས་བསྒོམས་ན་དེའི་ཚེ་བསྒོམས་པའི་སྟོབས་ཀྱིས་མེད་པའི་ངོ་བོ་ཡང་མཐོང་ཞེས་བྱ་བའི་དོན་ཏོ།། སྦལ་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྦལ་པ་ནི་ཆུ་ན་གནས་པའི་སྲོགས་ཆགས་ཀྱི་བྱེ་བྲག་གོ།། དེ་གལ་ཏེ་འགའ་ཞིག་གིས་འདི་ལྟ་བུའི་ཚུལ་དུ་བསྒོམས་ན་དེའི་ཚེ་སྒོ་བ་གོ་པ་དེ་བཞིན་དུ་སྣང་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རལ ་པའི་ཐོད་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ།། ཁང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁང་པ་མུན་པ་དང་བཅས་པའི་ནང་དུ་དེ་དང་དེ་བརྟགས་པས་ཏེ། མི་མ་ཡིན་པ་ལ་སོགས་པ་བརྟགས ་སྡུགས་བྱན་ག་པས་ན་། ཤྨགྶ་ཀྴཥྚཱནྟུ།། མས་སྨྲ་སྨ་། དྡྷ་། གས་དུ་བྱ་ན་དུ། སྨྱ ་བ་ས་ཏུ་ས་ན་ངྒཱ་ས ་ཐོགས་མེད་པར་དེས་ཡང་གཱནིང་སྦྱིན་འདིས་པད་འཛིན་པར་འགྱུ་མི་གས་སྨྲམ་ས~ཾ་པས་མ་མ་ཁན་མིཇིགས་ཡིན་ནས་འཇིགས་པ་ཐོབ་པ་ས་འགྱུ་ནས ་མྦྷ་ཞེས་བྷ་ག་ལ་ས་མྦྷ་བ~ཾ་སྟེ། འགྱུ་ས་རང་བུ་ས་གསལ་བའི་ཕྱོགས་ད་དོན་སྤྱོད་སུ་དང་བྱུག་པ་ས་བ་ཡྀ། མྦྷ་ལ་རྒྱུན་མྱེ་ང་བྷགྶ་དྷཱ་ལ་སྦྲུས་མིན་ས་དྷ་སྨྲ ་མྦུ་ལཱས་སྨྲས་གྲོ་འདྲི་པ་། ས་པཌྒགས་ཟླུས་རྦྦོ་དྷཱ་། ཧཱུ~ཾ་འཇིགས་པ་སྒྲུ་པ་ས་སྨིན་ཞེམ། འཛུགས ་མིང་དག་མིན་ཞེས་བྱ་བ་ལ་སོགས་པ་སོགས་པ་སྤྲོས་ཏེ། ཡང་དག་མིན་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ།། ཡུལ་རྣམས་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ནི། རྟོག་ཅེས་བྱ ་པ་སྨོས་ཏེ། རང་གི་རྟོག་པ་ཉིད་ནི་བཟློའ་སྟེ། རི་མོ་མཁན་དང་འདྲ་སྟེ། དེས་བྲིཥྚེ་བྱ་བའི་དོན་ཏོ།། བྱིས་པ་ཐམས་ཅད་ནི་བླང་བ་དང་དོར་བ་མ་ཤེས་པའོ།། ཅིའི་ཕྱིར་བྱིས་པར། ་སྐྱེ་བོ་ཡུལ་རྣམས་ཀྱིས་བཅོམ་ཞེ་ན། རང་གི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སེམས་ཡུལ་གྱི་རྣམ་པའི་བག་ཆགས་ཡིན་པར་ཁྲོད་དུ་མ་ཆུད་པ་དེའི་ཚེ། རང་བདག་ཉིད་ཀྱི་ཉེས་པས ་བཅོམ་ཞེས་བྱ་བའི་དོན་ཏོ།། སྒྲ་བརྗོད་པས་ཀྱང་ཡུལ་རྣམས་སྣང་བ་མིན་ནེམ་ཞེ་ན། ཉིན་དང་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིན་དང་མཚན་མོ་མཚུངས་པ་ནི་འདྲ་བའོ།། ལོང་བས ་སྔོན་མཐོང་བའི་དོན་ནམ་ནངས་ཞེས་བྱ་བའི་སྒྲ་ཐོས་ནས། སྣང་བ་དང་ནི་བཅས་པ་སྐྱེ། ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་ལྡན་པའི་སྐྱེས་བུས་དོན་མཐོང་བ་དེ་བཞིན་དུ་ལོང་བས་ཤེས་བྱ་བའི་དོན་ཏོ།། ་ད་ནི་ཡུལ་དང་དུས་ལ་སོགས་པ་ཡང་གཞན་དུ་སྣང་བ་འཁྲུལ་པ་ཉིད་དུ་བསྟན་པའི་ཕྱིར། ཡུལ་དུས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྷུར་རྨི་ལམ་ན་ཡུལ་དང་དུས་ལ་སོགས་པའི་དངོས་པོ ་གཞན་དུ་སྣང་བ་ཉིད་ཀྱི་ཕྱིར་འཁྲུལ་པའི་ཤེས་པ་བསྐྱེད་པ་ཡིན་ནོ།། དེ་བཞིན་དུ་སྐྱེད་པ་ཡིན།། དེ་བཞིན་དུ་སོང་བའི་གནས་སྐབས་ལ་ཡང་སྐྱེ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་དུབ་པ་ནི་ལམ་རིང་པོས་སྐྱེ ་བྱའོ།། ལམ་ཉེ་བ་ལ་རིང་བྱ་རུ་ནི་སེམས་པ་ཡིན་ཏེ། དེ་བཞིན་ཡིད་འོང་དང་བྲལ་བས།། ཞེས་བྱ་བ་སྨོས་ཏེ། དེ་བཞིན་ནི་གང་གི་ཕྱིར་གྱི་དོན་ཏོ།། གང་གི་ཕྱིར་འདོད་ལྡན་ནི་འདོད་པ་ལ་མངོན་པར་ཞེན་པའི ་སྐྱེས་བུ་ཉིན་ཅིག་སྟེ། ཆུ་ཚོད་གྲངས་དང་མཉམ་པ་ལ་ནི་ཆུ་ཚོད་སུམ་ཅུའི་ཚད་ཀྱི་རང་བཞིན་ཡིན་ན། ཡང་ལོ་བསྐོར་བརྒྱུ་དང་འདྲ་བར་སེམས་ཏེ། ལོ་བརྒྱར་གྱུར་པར་རོ།། དུས་གང་ལ་ཞེ་ནུ། ཡིད་དུ ་འོང་བ་དང་བྲལ་བའི་སྟེ། མངོན་པར་འདོད་པའི་དངོས་པོ་དང་བྲལ་བ་ཐོབ་པས་མ་འབྲེལ་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་ཕྱི་རོལ་གྱི་དོན་མེད་ན་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ལ་སོགས་པ་ལ ་འཇུག་པ་དང་། སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། དེ་ཉིད་མཐོང་བུ་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། དེ་ཁོ་ན་ཉིད་དོན་ངོམ་བུ་མཐོང་བའི་བྱང་ཆུབ་སེམས་དཔས་དེ་ཉིད་དང་དེ་འདྲ་བ་ནི་བརྟགས་པའི ་དོདོན་གྱི་སྦྱིན་པ་ལ་སོགས་པ་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་འཇུག་གི་དེ་བཞིན་དུ་ནི་ངོམིག་པ་མ་ཡིན་ཏེ། དོན་དམ་པ་རྟོགས་ཞེས་བྱ་བའི་དོན་ཏོ།། དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སྣ་ཚོགས་འདི་དག་ཅེས ་བྱ་བ་ལོ་སོགས་པ་སྨོས་ཏེ། འདི་དག་ནི་སྔར་བསྟེན་པའི་ཚུལ་གྱིས་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་སྣ་ཚོགས་འདི་དག་ཐམས་ཅད་མི་རོ་བཞིན་མཐོང་སྟེ། དོན་དམ་པའི་རིང་བཞིན་དུ་མཐོང་བ་ནི ་མ་ཡིནོ།། ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་གྱུར་པའི་སྣ་ཚོགས་པ་ཞེ་ན། རྣམ་རྟོག་ཚོན་གྱིས་བྲིས་པ་ནི་སྟེ་བྲིས་པའི་སྒྲས་ནི་རྒྱུ་མཚན་བཤད་དོ།། དེ་ལ་དོན་འདི་ཡིན་ཏེ། འདི་ལྟར ་མཚོན་གྱི་རྒྱུ་མཚན་གྱིས་རི་མོ་སྣང་ལ། དེ་བཞིན་དུ་རྟོག་པའི་མཚོན་གྱི་རྒྱུ་མཚན་གྱིས་སྣ་ཚོགས་པར་སྣང་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་མཐོང་བ་ལ་ཡང་འགྲོ་བ་འདི་དག་གིས་འཁྲུལ་པ་བསྐྱེ་ངོ་ཞེ་ན། ཨེ ་མའོ་ཞེས་བྱི་བ་ལ་སོགས་པ་སྨོས་ཏེ། ཨི་མྲའོ་ནི་ངོ་མཚར་རོ།། སྣ་ཚོགས་ནི་ངོ་མཚར་ཏེ་གཞན་དུ་མ་མཐོང་བའོ།། སྣ་ཚོགས་པ་ནི་རྣམ་པ་དུ་མ་ཁམས་གསུམ་པོ་འདྲི་དག་གོ། མཉམ་དང་མི་མཉམ ་མཐོ་དང་སྨྲ་བར་རྟོགས་ཏེ། རྣལ་འབྱོར་པའི་བློ་ལ་འཁྲུལ་པ་རྒྱས་པའོ།། འདི་དག་ཐོག་མ་མེད་པའི་འཁོར་བ་འདིར་བདག་ཅིག་མཉམ་པ་སྟེ། མིའི་འགྲོ་བ་རུ་སྐྱེས་པའམ། མི་མཉམ་པ་སྟུ་དམྱལ་བའི ་འགྲོ་བ.རོ།། ཡང་དམའ་བ་ནི་དུད་འགྲོ་དང་ཡི་དགུས་ལ་སོགས་པའོ།། མཐོ་བ་ནི་ལྷ་ལ་སོགས་པའོ།། ཡང་དག་དྲོན་གྱི་སྒྲུབ་པ་ནི་དོན་དམ་པའི་ངོ་བོ་ལ་བརྟེན་ནས་ཀུན་བརྟགས་པའི་ངོ་བོ་ཤེས་ཀྱང་ནི་ཤེས ་པས་ཀྱང་ངོ་།། ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱི་བློ་འཁྲུལ་པར་བྱེད་ཅེ་ན། སེམས་ཀྱི་ན་མཁའི་དཀྱིལ་དུ་བྲིས་པ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ན་མཁའ་ལྟ་བུ་སྟེ། དེའི་དཀྱིལ་ནི་རྒྱ་ཆེ་བའོ།། དེ ་ལ་བྲིས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། བརྫུན་པའི་ཀུན་ཏུ་རྟོགས་པས་ས་རྣམས་གསུམ་པོ་འདི་དག་བསྡུས་ལྟ་བུ་ཞེས་བྱ་བ་སྨོས་ཏེ། བརྫུན་པ་ནི་ཀུན་ནུས་ཉོན་མོངས་པས་བསྡུས་ཞེས་བྱ་བའི་དོན་ཏོ།། ཀུན་བརྟགས ་པ་དེ་བདེན་པ་མི་ཡིན་པར་བསྟན་པའི་རིགས་པ་གཞན་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏཱི་ནི་གང་གི་ཕྱིར་གྱི་དོན་ཏོ།། གང་གི་ཕྱི་རི་གལ་ཏེ་དངོས་པོ་དངོས་པོ་ཡིན་ན། ་དེའི་ཚེ་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར་གཞན་ཉིད་དུ་རྟོགས་པར་མི་འགྱུར་རོ།། དེ་ཇི་ལྟར་ཆོས་ལྔ་བདག་མེད་པ་རྟོགས་ནས་དངོས་པོ་དེ་ཉིད་ཕྱིས་ནི་ཅིའི་ཕྱིར་དངོས་པོ་མེད་པར་འགྱུར། དོན་དམ་པ་ལ་ངོ་བོ་གཉིས ་ནི་མེད་དོ།། འོ་ན་གང་ལ་དངོས་པོའི་ཐ་སྙད་དུ་བྱ་ཞེ་ན། དེ་བཞིན་ཞེས་བྱ་བ་སྨོས་ཏེ། གཉིས་མེད་པའི་སེམས་ལ་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ།། དེ་ཡང་བརྟན་ངོ་བོའི་ཕྱིར་གང་གི་ཚེ་གཞན་པ་ཉིད ་དུ་འགྱུར་བ་མ་ཡིན་པ་དེའི་ཚེ། དེ་ཉིད་དངོས་པོའི་སྒྲའི་ཐ་སྙད་དུ་རིགས་ཀྱི་བརྟགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཀུན་ཏུ་བརྟགས་པ་རྣམས་ཀྱི་མིང་ལ་སོགས་པའི་མིང་ཡང་དངོས་པོ་མེད་དོ།། ཞེ་ན། ཆོས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་ཆོས་བརྟགས་པ་བརྫུན་པའི་དངོས་པོ་མིང་དང་རིགས་སོགས་ཡོན་ཏན་ནི།། ཡོན་ཏན་གྱི་ཁྱད་པར་དུ་མཐོང་བ་དེས་ན་མཁའ་ལ་རི་མོ་བྲི་བ་ནི་ནམ་མཁའི་དཀྱིལ་དུ ་མོ་བྲི་བ་ལྟ་བཱར་རོ།། དེ་ཡང་བྱིན་ཅི་ལོག་གིས་དྲུབ་པ་ཡིན་ན།། ཡོན་ཏན་དང་ལྡན་པ་ཡོད་ན་ཡོན་ཏཱན་ལ་འཇུག་གི། གང་གི་ཆ་ཡོན་ཏན་ཅན་མེད་ན་དེའི་ཆོ་གདུག་ཡོན་ཏན་མུན་ཞེས་དྷ། ་བའི་དོན་ཏོ།། ད་ནི་ཉེ་བར་བསྡུང་བར་བྱེད།། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་སྔར་བསྟུན་པའི་གཏན་ཚིགས་ཀྱིས།། སྣ་ཚོགས་རང་བཞིན་རྣམས་ནི་གཟུང་བ་དང་འཛིན་པའི་རང་བཞིན་གྱི་ཆོས་རྣམས ་སོ།། རང་བཞིན་ངོ་བོ་མེད་པ་ཡིན་ཏེ། དེ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། ཡིད་གང་གིས་གཞན་དུ་སྟེ་གཟུང་བ་དང་འཛིན་པའི་དངོས་པའི་རང་བཞིན་དུ་ཡོངསུ་རྟོག་པར་བྱེད་པ། དེ་ནི་དམ་པའི་དོན་ལས་ལོག་སྟེ་དོན་དེ་བ་དོན།། ་ལས་ལོག་ཏེ་དོན་དམ་པ་ཡོངསུ་ཤེས་པ་ལ་མཁས་པར་གྱུར་པ་ཡིནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་དོན་དམ་པའི་མཚན་ཉིད་རྣམ་པར་གཞག་ནས་འགའ་ཞིག་དེ་མངོན་སུམ་དུ་བྱ་བའི་ཕྱིར་འབད་པར་མི་བྱ་བ་སྟོན་པར ་བྱེད་པས། གལ་ཏེ་ཞེས་བྱ་བ་ལ་སོ་ཁ་སྤྲོ་སྟེ། གང་དུ་སྟོང་པ་ཉིད་ཀྱི་སྒྲར་བསྟན་པ་དེར་གཉི་སུ་མེད་པའི་སེམས་ཉིད་ཡིན་པ་ཁོང་དུ་ཆུད་བར་བྱའོ།། ཡང་ཀུན་བརྟགས་པའི་སྒྲར་བསྟོན་པ་དེར་ནི་གཟུང་བ་དང་འཛིན ་པའི་ངོ་བོ་ཡིན་ནོ།། དེ་ལ་གལ་ཏེ་ཀུན་བརྟགས་པ་ཐམས་ཅད་དུ་མེད་པ་ཁོ་ནར་གྱུར་ལ། སྟོང་པ་ཉིད་ཡང་གལ་ཏེ་ཡོད་པར་གྱུར་ན། དེའི་ཚེ་སྐྱེ་བ་དང་ནི་འཇིག་པ་དག་འབད་པ་མེད་པར་རིང་ཉིད་ཐོབ་སྟེ། རྣལ་འབྱོར་པས ་འབང་བ་མེད་པར་རང་ཉིད་ཐོབ་པར་འགྱུར་རོ།། དེ་བས་ན་སྟོང་པ་ཉིད་ཡོད་ལ་ཀུན་བརྟགས་པ་མེད་པ་དེ་ལྟ་བུ་ཡིན་ན་འབད་པ་དང་བྲལ་བས་ལུས་ཅན་རྣམས་གྲོལ་བར་འགྱུར་རོ།། དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར། ་མི་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་རྟོགས་པས་སྒྲ་བརྟགས་པ་གཟུང་བ་དང་འཛིན་པའི་དངོས་པོ་བརྟགས་པ་དངོས་པོ་མེད་པ། རིགས་པ་དང་ལུས་སྔོན་དུ་འགྲོ་བའི་རྣལ་འབྱོར་པས་མི་ཤེས་པ་དེ ་སྲིད་མེད་པ་ཙམ་གྱིས་དེ་ལྡོག་པར་ནི་མྱི་རིགསོ།། གཉེན་པོས་སྐེམ་པ་མེད་པར་དེ་ལྡོག་པ་ནི་མེད་དོ།། དེ་ལྟ་བས་ན་ལྡོག་པ་མེད་ན་ནི་བརྟན་པའི་ངོ་བོ་ཡང་སྟོང་པ་ཉིད་ངེས་བསྒྲིབས་པ་ཐོབ་པར་མི་འགྱུར་ཏེ། ་གསལ་བ་མ་ཡིན་ནུ་དེ་བས་ན་ཇི་ལྟར་དོན་དམ་པ་འགྲུབ་པར་འགྱུར། གཞན་ཡང་། འདི་དྲུག་དགའ་ཡང་བྱེ་བྲག་མེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཀུན་བརྟགས་པ་འདི་ནི་སྟོང་པ་ཞེས་འདི་གཉིས་ཇི ་སྲིད་འགའ་ཞིག་གིས་བྱེ་བྲག་མ་མཐོང་བ་དེ་སྲིད་ཀུན་བརྟགས་པའི་རང་བཞིན་དུ་སྟོང་པ་ཉིད་མེད་པའི་བདག་ཉིད་འཐོབ་བོ་ཞེས་གཞན་དག་རྒོ་ལྔ་བས་ལན་གདབ་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། གཞན་དབོང་ཉིད་ནི་གཞན་གྱི་དབང་གི་སེམས་ལ་བརྟེན་པ་སྟེ། སྟོང་པ་ཉིད་དང་བརྟགས་པ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་མཐོང་བ་སྐྱེས་པ་དེའི་ཚེ་དེ་གཉིས་ཀྱི་དབྱེ་བ་ཤེས་པར་འགྱུར ་འདི་ལྟར་གཞན་གྱི་དབང་པོ་ལ་ངོ་བོ་གཉིས་ཏེ། ཀུན་བརྟགས་པ་དང་ཡོངསུ་གྲུབ་པའོ།། དེ་ལ་ཀུན་བཏགས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོར་སྒྲོ་བཏགས་པ་ཡིནོ།། ཡོངསུ་སུ ་གྲུབ་པ་ནི་ཡང་ངེས་སྟོང་པ་ཞེས་བྱའོ།། དེ་ལ་གང་གི་ཚེ་རྣལ་འབྱོར་པས་ཀུན་བརྟགས་པ་རྟག་ཏུ་མེད་པར་རིགས་པས་དཔྱད་ཅིང་དེའི་གཉེན་པོར་འགྱུར་པ་ཡོངསུ་གྲུབ་པའི་ངོ་བོ་ཡང་བསྒོམས་པ་དེའི་ཚེ། ཡོངས ་གྲུབ་པའི་ངོ་བོ་མཐོང་བས་སྟོང་པོ་ཉིད་ཡང་དག་པ་མཐོང་བར་འགྱུར་རོ།། ཡོངས་སུ་གྲུབ་པའི་ངོ་བོ་མ་གཏོགས་པར་གཞན་སྟོང་པ་ཉིད་ཅེས་བྱ་བ་འགའ་ཡང་མེད་དོ།། ཀུན་བརྟགས་པ་ནི་བརྫུན་པ་ཉིད་ཡིན ་པའི་ཕྱིར་ཡང་དག་པ་མཐོང་བ་མ་ཡིན་ཞེས་བྱ་བས་དོན་དུམ་པ་གྲུབ་པ་ཡིན་ནོ།། དོནྟི་དེ་ཉིད་ཚིགས་སྐུ་བཅད་པ་འདིས་བསྣུན་པར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་འདི ་རྣལ་འབྱོར་པ་རྣམས་ཇི་ལྟར་འཇུག་ཅེས་དྲི་བུ་ལཾ། རང་བཞིན་གསུམ་ནི་མཐོང་བས་སོ།། ཞེས་བྱ་བ་ནཱི་ལཱན་ཡིན་ནོ།། གླང་གི་ཚེ་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངསུ་གྲུབ་པ་རང་བཞིན་གསུམ ་གྱི་ངོ་བོའི་སེམས་མཐོང་བར་གྱུར་ན། དེའི་ཚེ་རང་བཞིན་གསུམ་མཐོང་བའི་རྒྱས་ཏེ། སྔར་བསྟན་པའི་རིམ་པས་སྟོང་པ་ཉིད་ལ་འཇུག་པར་འགྱུར་རོ།། སེམས་ཀྱི་ངོ་བོ་གསུམ་པོ་སྟོང་པ་ཉིད་འབའ་ཞིག ་ཞིག་མཐོང་བར་གྱུར་པ་མ་ཡིན་གྱི། ཇི་སྲིད་དེ་མཐོང་བས་ནི་རང་བཞིན་གསུམ་གྱི་ངོ་བོ་གང་གི་ཚེ་སེམས་མཐོང་བ་དེའི་ཚེ། དེ་མཐོང་བས་ནི་ཆོས་ཀུན་ལ། རིལ་པོར་འཛིན་པ་ལྡོག་པར་འགྱུར།། གཅིག ་ཏུ་མངོན་པ་ར་ཞེན་པ་ལྡོག་པར་འགྱུར་རོ།། དེ་བས་ན་གཅིག་ལ་ཐ་དད་མཐོང་བ་མེད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་གཅིག་ལ་ཐ་དད་བྱ་མཐོང་བ་ནི་མེདོ།། དེ་བས་ན་ཚུལ་གསུམ་དུ་གསལ ་བར་སྣང་ངོ་།། འོན་ཀྱང་བགྲོ་ཆགས་འཇུག་པའི་ནུས་པཱ་ཡཱིས་ཏེ། བག་ཆགས་ཀྱི་ནུས་པའི་མཐུས་དེ་ཉིད་ལས་ཏེ་གཞིན་གྱི་དབང་དང་ཡོངསུ་གྲུབ་པའི་ངོ་བོ་ལས་ཀུན་བརྟགས་པའི་ངོ་བོ་གསལ་བར་སྣང་ཞེས ་བྱ་བའི་དོན་ཏོ།། དེའི་ཕྱི་མའི་གནས་སྐབས་བསྟན་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བའི་དངོས་པོ་དགག་པའི་ཕྱིར་ཀུན་བརྟགས་དོན་ནི་ནུབ་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། མི ་གསལ་བར་གྱུར་པའི་ཕྱིརརོ་ཡོངསུ་གྲུབ་པའི་གྲུབ་པའི་རང་བཞིན་ལས་དང་པོར་གཞན་གྱི་དབང་ནི་རབ་ཏུ་གསལ་བར་མཐོང་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་གྱུར་པ་ཞིག་གསལ་ཞེ་ན། རང་བཞིན་སྔ་ནུས་མ་མཐོང་ཕྱིར། ་ཞེས་བྱ་བ་སྟེ། སྔ་ནས་མ་མཐོང་བ་ནི་ཀུན་བརྟགས་པའི་གནས་སྐབསོ།། གང་གི་ངོ་བོ་མ་མཐོང་བ་དེའི་ངོ་བོས་གཡོ་བ་བཞིན་ཏེ། མི་བརྟན་པའི་ངོ་བོ་ལྟ་བུར་གསལ་ཞེས་བྱ་བའི་དོན་ཏོ།། ད་ནི་མཐོང་བའི་ལམ ་བསྟན་པའི་ཕྱིར། རིམ་གྱིས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམུ་བ་ནི་སྔར་བསྟན་པའི་རིམ་པས་སོ།། གཟུང་བ་མེད་པས་འཛིན་པ་མེད་པའི་རིགས་པསོ།། དེ་ཉིད་ཀྱི་སྟེ ་གཞན་གྱི་དབང་འཛིན་པའི་རྣམ་པ་སྣང་བ་བཟློག་པ་སྟེ་སྤངས་པས་སོ།། གཉིས་དང་བྲལ་བ་ནི་སྟོང་པ་ཉིད་དོ།། དེ་ཉིད་ནི་གཞན་དབང་སྟེ། བརྟན་པར་བྱ་བའི་ཕྱིར། སྙིང་ག་རུ་ནི་འོད་གསལ་སྐྱེས་ཏེ། ་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གསལ་བའི་ངོ་བོ་བསྐྱེད་ཅེས་བྱ་བའི་དོན་ཏོ།། སྐད་ཅིག་ལ་དེ་མཐོང་བར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ།། དེ་ཡང་གང་གི་ཚེ་མངོན་དུ་མ་བྱོས་ན་གློག ་བཞིན་དུ་མི་བརྟན་ཕྱིར། སྐད་ཅོག་ལ་ནི་འགྲོ་ཞིང་འོང་སྟེ། འགྲོ་བ་དང་འོང་ཞེས་བྱ་བའི་དོན་ཏོ།། འདིར་རྒྱུ་གང་ཡིན་ཞེ་ན། ཐམས་ཅད་ནི་དུསོ་ཐམས་ཅད་དུའོ།། ཐོག་མ་མེད་དུས་ཀྱི་གཉིས་པོ་ནི་གཟུང་བ་དང་འཛིན ་པ་གཉིས་པོའོ།། གང་གི་ཚེ་ཀུན་ཏུ་བསླང་པ་དེའི་ཚེ་གཉིས་པོ་དེ་ཉིད་ཀྱིས་བསླང་ཕྱིར་ཏེ། སྐད་ཅིག་ལ་འོང་ཞིང་འགྲོ་ཞེས་བྱ་བའི་དོན་ཏོ།། དོན་དེ་ཉིད་བརྟན་པར་བྱ་བའི་ཕྱིར། གཉིས་གནས་ཤེས་བྱ་བ ་ལ་སོགས་པ་སྨོས་ཏེ། གཉིས་གནས་ནི་གཟུང་བ་དང་འཛིན་པ་གཉིས་སོ།། གཉིས་མེད་པ་ནི་སྟོང་པ་ཉིད་ཀྱི་གནསོ།། རྗེསུ་འབྱུང་བ་ནི་རེས་འགའ་རྗེ་སུ་འགྲོ་བ་ཡིན་ནོ།། ཇི་སྲིད་ནི་སྟོང་པ་ཉིད་དེའོ ་དབུས་མ་ནི་གཟུང་བ་དང་འཛིན་པ་གཉིས་ཀྱི་དབུས་སོ།། བརྟན་པར་མ་བྱས་པ་ནི་དངོས་པོ་བརྟན་པར་མ་བྱས་པ་དེ་སྲིད་ཡང་དང་ཡང་དུ་དེར་འགྲོ་ཞེས་བྱ་བའི་དོན་ཏོ།། ད་ནི་བརྟན་པ་ཉིད་ནི། བརྟུན ་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གུང་གིས་ཆེ་ས་བརྒྱུད་པར་སྟོང་པ་ཉིད་བརྟན་པར་གྱུར་པ་དེའི་ཚེ། མུན་པའི་འཇུག་པའི་གནས་སྐབས་ཉིད་ནི་ཡོད་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། འོད་ཟི ་སྟོང་ཞེས་བྱ་བ་སོགས་པ་སྨོས་ཏེ། འདི་ལྟར་འོད་ཟེར་སྟོང་ལྡན་ནི་ཉི་མ་ཤར་བས་མུན་པའི་འཇུག་པ་ལ་གནས་པའི་སྐྱབས་མེད་པ་དེ་བཞིན་དུ་སྟོང་པ་ཉིད་ཡིན་ཏེ་དེ་དང་འགལ་བའི་ཕྱིར་རོ།། དེ་ནི་སྟོང་པ་ཉིད་རྣམ་པ་ཐམས ་ཅང་དུ་དངོས་པོ་མེད་པ་ཉིད་དགག་པའི་ཕྱིར། གནྡྷས་སྐབས་དེ་ཡང་མི་ཤེས་པས་ཏེ། གནས་སྐབས་གསུམ་ཡོད་པ་དེའི་ཕྱིར་ཡང་སྒྲ་སྨྲསོ།། དེ་ལྟ་བས་ན་གནས་སྐབས་དེ་ཡང་གནས་སྐབས་གང་ཡིན་པ་ལ ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་ཅག་འདྲ་བས་མི་ཤེས་ཀྱི་སངས་རྒྱས་ཉིད་ཀྱིས་མཁྱེན་དེ་བྱ་བའི་དོན་ཏོ།། འཇིག་རྟེན་གྲགས་པ་ཉིད་བཞིན་དུ།། མེད་པའི་རྗེསུ་འབྲང་མི་བྱ།། འཇིག་རྟེན་རྒྱང་བན་པའི་བསྟན ་པར་གྲགས་པ་ནི་དོན་ཅུང་ཟད་ཀྱང་མེད་ཅེས་སྨྲ་སྟེ། དེ་སྟོང་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ།། གང་གི་སྟོང་པ་ཉིད་ནི་ཆོས་ཀྱི་སྒྲས་བསྟན་ཏེ། ཆོས་ཅན་ལས་ཆོས་ཉིད་ནི་གཞན་མ་ཡིན་ནོ།། ད་ནི་མཐའ ་མེད་པར་བསྟན་པའི་ཕྱིར། དེ་ཡི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་རྟོག་པའི་མཐའི་གཡེ་བ་སྤང་བའི་ཕྱིར་དེའི་སྟོང་པ་ཉིད་དེ་དངོས་པོ་མེད་པར་ཁོང་དུ་ཆུད་པར ་བྱའོ།། དངོས་པོ་མེད་པར་རྟོགས་པའི་མཐའི་གཡེང་བ་སྤང་བའི་ཕྱིར་ཐ་སྙད་དོན་ཏེ་ཀུན་རྫོབ་ཏུ་ཡོད་བར་ཡང་ཤེས་པར་བྱའོ།། དོན་དམ་པ་རྟོགས་ན། རང་བཞིན་མེད་པའི་ཆོས་རྣམས་ལ།། གང་ཞིག་ཡོད་དང་མེད ་པ་ཡིན།། ཞེས་སྨོས་ཏེ། མཐའ་གཉིས་མེད་ཅེས་བྱ་བའི་དོན་ཏོ།། ཡོད་པ་དང་མེད་པའི་སྦྱོར་བ་མེད་ན་མི་འབྱུང་བའི་ཕྱིར། གཅིག་ཀྱང་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཁྱོད་དྲན་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། འདི་ལྟར་འགའ་ཞིག་ལ། ཁྱོད་དྲནཱ་མ་བྱེད་ཅེས་བརྗོད་ན་སྟེ། ཁྱོད་དངོས་པོ་འདི་དྲན་པར་མ་བྱེད་ཅེས་སྨྲ་བའོ།། དེའི་ཕྱིར་དགག་བྱ་ནི་དངོས་པོ་སྟེ་མེད་ན་མི་འབྱུང་བའི་ཕྱིར། བློས་མཆོག་ཏུ་དཔྱོད ་པས་དྲན་པ་ཡིན་ནོ།། དེ་ལྟར་དེ་བཞིན་མེད་པའི་སྒྲས། མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་ཁོང་དུ་ཆུད་པ་ཡིན་ནོ།། དེ་ལྟ་བས་ན་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་སྤངས་པ་ནི་དབུ་མའི་ལམ་དུ་ཤེས ་བར་བྱའོ།། གལ་ཏེ་དགག་པར་བྱ་བ་མི་འབྱུང་བར་གྲུབ་པ་ཡིན་ན་ཡང་དེའི་ཕྱི་དངོས་པོའི་སྟོབས་ཀྱིས་ཀུན་བརྟགས་པ་དེ་ཡོད་པར་གྲུབོ་ཞེ་ན། རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ ་ནི་སྒྲའི་རྣམ་པར་རྟོག་པ་ལས་བག་ཆགས་ཀྱི་དབང་གིས། རྣམ་པར་རྟོག་ལས་དོན་ཤེས་ལས།། ནི་དྲན་པའི་ཤེས་པ་སྐྱེ་བ་ཡིན་ནོ།། དོན་གྱི་བློ་ལས་རྣམ་རྟོག་ཀྱང་སྟེ་དེ་ལས་བྱུང་བ་ཡིན་ནོ།། གཉི་ག་རྣམ ་རྟོག་ཆོས་ཡིན་ཕྱིར་ཏེ། སྒྲ་དང་དོན་གྱི་རྣམ་པར་རྟོག་པ་དག་རྣམ་པར་རྟོགས་པའི་ཆོས་ཡིན་པའི་ཕྱིར། ཡོད་པ་གང་ཡིན་མེད་གང་ཡིན།། ཞེས་བྱ་བའི་དོན་ཏོ།། མེད་པའི་རྣམ་པར་རྟོག་པ་ལ་ཡང་བརྟག་པར་མི ་བྱའོ་ཞེས་བསྟན་པའི་ཕྱིར། རྟེ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་བུ་སྨོས་ཏེ། རྟེན་ནི་གང་ཞིག་ནོ་ཀུན་བརྟགས་པ་ལ་སོགས་པ་སྟེ། མེད་པ་ཉིད་ཀྱང་སྒོམ་པ་ཡིས་མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་འགྱུར ་ཏེ་འགྲོ་བ་ཡིནོ།། གུལ་ཏེ་དེ་བཞིན་དུ་འདོད་ན་དེའི་ཚེ་ཡང་དེ་བཞིན་ཡོད་པ་ཉིད་ཀྱང་ཐོབ་སྟེ། འདི་ལྟར་མེད་པ་ཉིད་བསྒོམས་པ་ཡིས་ཡོད་པར་འགྱུར་བ་དེ་བཞིན་དུ་ཡོད་པ་ཡང་བསྒོམས་པ་ཡིས་མེད་ན ་མི་འབྱུང་བའི་ཕྱིར་མེད་པ་ཉིད་ཀྱང་ཐོབ་པ་ཡིན་ནོ།། དེ་དག་ཐམས་ཅད་ཀུན་བརྟགས་པའི་དངོས་པོ་ཁས་ལེན་པ་ལ་ཡོད་པར་འགྱུར་རོ།། ཡང་གི་ཚེ་ཀུན་ཏུ་བརྟགས་པ་རྟག་ཏུ་མེད་པའི་ཕྱིར་དེའི་ཚེ་བརྟན ་མེད་པས་བརྟེན་པ་ཡོད་པ་མ་ཡིན་ནོ།། ད་ནི་ཉེ་བར་བསྡུ་བའི་ཕྱིར། དེ་བཞིན་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ཡོད་པ་དང་མེད་པ་དང་བདེ་སྡུག་ལ་སོགས་མེད་པར་བཞེད་དེ། དངོས་པོ ་མེད་ཅེས་བྱ་བའི་དོན་ཏོ།། གང་གི་ཕྱིར་གང་ཆུང་ཟད་ཡོད་པ་དེ་དག་ཐམས་ཅད་བལྟོས་པས་གྲུབ་པ་ཡིན་ཏེ་སྐྱེས་ཞེས་བྱ་བའི་དོན་ཏོ།། འདི་ཇི་ལྟ་བུ་ཞིག་ཅེ་ན། རིང་བྱུང་ལ་སོགས ་བྱེ་བྲག་བཞིན།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཐུང་ངུ་མེད་ནུ་རིང་པོའི་བདག་ཉིད་ཡོད་པར་མི་འགྲུབ་ལ། རིང་པོ་མེད་ན་ཐུང་ངུ་ཡང་དེ་བཞིན་ནོ།། དེ་བཞིན་དུ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེཏོ། འདི་ལྟར་སྐྱེས་བུ་ནི་སྐྱེས་བུ་རྣམས་ཏེ། སྡུག་བསྔལ་ཞི་བ་ལ་བདེ་བ་ཞེས་བྱ་བ་རང་གི་རྟོགས་པས་བརྟགས་པ་ཡིན་ནོ།། བདེ་བ་ཉམས་པ་སྡུག་བསྔལ་ཡིན་ཏེ། དེའི་ཕྱིར། གཉིས་པོ་འདི་ནི་བལྟོས་པས་ཡིན།། ་བལྟོས་བཅུས་བྱེ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རིགས་པས་ཀུན་རགས་པ་དང་ཕྲ་བ་ལ་སོགས་པའི་བདག་ཉིད་བལྟོས་པ་ལས་ཀུན་ཏུ་བྱུང་བར་ཤེས་པར་བྱའོ་ཞེས་བྱ ་བའི་དོན་ཏོ།། འདི་ལྟ། གཅིག་ཉིད་ལ་ནི་མཱ་བལྟོས་པར།། གཞན་དགེ་ཁོང་དུ་ཆུད་ལ་ཡིན་ཏེ། གཉིས་པ་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། བལྟོས་པ་མེད་པར་དངོས་པོ ་འགའ་ཞིག་འབའ་ཞིག་ཏུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱའོ།། གཞན་དུ་ན་ཐམས་ཅད་རྟག་པ་ཁོ་ནར་འགྱུར་རོ།། འདི་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་གཡེང་བ་བཀག་པས་སེམས ་གཉི་སུ་མེད་པའི་ངོ་བོ་དབུ་མའི་ལམ་ཡིན་པར་བསྟན་ནས། འདི་ལྟར་མིང་དང་རྣམ་པར་རྟོག་པ་རྒྱ་ཆེར་དགག་པའི་ཕྱིར། གཞན་སེལ་བ་ཡི་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། གཞན་སེལ་བ་ནི་རིགས་མིཐུན་པ ་གཞན་སེལ་བའོ།། སྤྱོད་ཡུལ་རྣམས་པར་མ་དཔྱད་པར་ཏེ། རང་གི་མཚན་ཉིད་ཀྱི་ཡུལ་རྣམ་པར་མཱ་དཔྱད་པར་རོ།། བསྟན་པ་ལ་སོགས་བསྒྲུབ་པ་ཡིས།། ཏེདྷྲྀ་སྒྲ་བརྗོད་པ་དང་། ཉན་པ་དང་དྲན་པ་ལ་སོགས ་བའི་རྒྱུས།། ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད་སྷོ། དངོས་པོ་མེད་པའི་སྤྱིའི་མཚན་ཉིད་འཁྲུལ་པའི་ཤེས་པས་དོན་མྱེད་པ་ལ་དོན་དུ་མངོན་པར་ཞེན་ཅེས་བྱ་བའི་དོན་ཏོ།། སྒྲའི་ཤེས་ཚད་མར་གྱུར་པ ་འཁྲུལ་པའི་ཤེས་པ་ཡིན་ཞེས་ཇི་ལྟར་བརྗོད་ཅེ་ན། ཡི་གེ་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ནི་ཨ་ལ་སོགས་པའོ།། ཚིགྶ་ནི་ཡཱི་གི་སྦྱོར་བཱ་སྟ་བུམ་པཱ་དང་སྣུམ་བུ་དང་ཤིདྡྷ་རྞྞ་ལ་སོགས་པའོ།། ་ངག་ནི་ལྷས་བྱིན་པཱ་ལང་དཀར་པོ་ལ་དབྱུག་པས་རྒྱོབ་ཅེས་བྱ་བ་ལ་སོགསོ་བའོ།། རྟགས་རྣམས་ནཱི་སྐྱེས་པ་དང་བུད་མེད་དང་མ་ནིང་ངོ་།། ཚིག་ནི་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམསོ།། ། ་བྱ་བ་ནི་འཆང་པ་ཉིད་ལ་སོགས་པའོ།། བྱེད་པ་ནི་ལས་ལ་སོགས་པའོ།། འབྲེལ་པ་ནི་བྱ་བ་དང་བྱེད་པའི་འབྲེལ་པ་ལ་སོགས་པའོ།། དེ་དག་ཐམས་ཅད་ནི། བརྫུན་ཕྱིར་བརྗོད་པར་བྱེད་མ་ཡིན་ཏེ། བརྗོད་པར་བྱེད་པ། ་མ་ཡིན་པར་རྟོགས་པར་བྱའོ།། འདི་ལྟར་རིམས་ཀྱིས་བརྗོད་པ་ན་གང་གི་ཚེ་འཇིག་པ་དེའི་ཚེ།། བརྗོད་པར་བྱ་བའི་དོན་མེད་པའི་ཕྱིར་བརྗོད་པར་བྱེད་པ་མ་ཡིནོ།། ཐ་མི་དད་པ་དང་འདུས ་བཱའི་ངོ་བོར་མི་དམིགས་ཏེ། གང་གི་ཕྱིར་འདུས་པ་ནི་གཅིག་ཡིན་པའི་ཕྱིར་རིམས་ཀྱིས་བརྗོད་པ་འབྱུང་བར་མི་འགྱུར་རོ།། དེའི་ཚེ་ཤུས་ཀྱི་རྡུལ་ཕྲ་རབ་དངོས་པོར་ཡོད་པ་ཡང་མ་ཡིན་ཏེ། དེ་དག་རྫ་སུ་མེད་པའི ་ཕྱིར་རོ།། སྒྱུ་ལས་ལོགས་ཤིག་པའི་ཡི་གེ་དམིགས་པ་ནི་མེད་དེ། དེ་དག་མཐའ་ཡས་པའི་ཕྱིར་འདི་ཙམ་ཞེས་ཡོངསུ་ཆད་པ་མེད་པས་ཐུག་པ་མེད་པར་འགྱུར་རོ།། སྒྲ་ལས་དོན་རྟོགས་པ་ཡང་མ་ཡིན ་ཏཽ། གང་གྲི་ཕྱིར་སྒྲ་དང་དོན་གྱི་ཐ་སྙད་ནི་ལག་པའི་ཐ་སྙད་དང་བརྡ་དང་དྲན་པ་ལ་སོགས་པ་བཞིན་དུ་འཇུག་པའི་ཕྱིརརོ།། བརྫུན་པའི་ཡི་གེ་ལ་བརྟན་པས་ཚིག་དང་ངག་དང་རྟགས་ལ་སོགས་པ་བདེན་པ་ཉིད་ཁོ ་ན་བརྫུན་ཞེས་བྱ་བའི་དོན་ཏོ།། དེ་ནརྀ་ཞར་ལ་བྱུང་བའི་སྒྲའི་བསྟན་ཅེས་མི་རིགས་པར་བསྟན་པའི་ཕྱིར། ཚིགས་བཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་རྐང་པ་ལྔ་འམ་གསུམ་གྱིས་དོན་རྟོགས་པར ་གྱུར་ན།། དེ་སྲིད་ཚོགསུ་བཅད་པ་ཅིའི་ཕྱིར་མི་འདོད། རྗེད་བྱེད་བརྗོད་བྱ་ལ་བལྟོས་ནས། ཏེ། དེ་གཙོ་བོ་ཡིན་པའི་ཕྱིར་རོ།། འོན་ཏེ་མི་འདོད་ན་དེའི་ཚེ་རྐང་པ་བཞི་པར་ངེས་པ་ནི། མཁའ་འགྲོའི་དམ་ཚིག་བཞིན་དུ ་འགྱུར། ཏེ། རང་གི་འདོད་པས་བརྟགས་པར་འགྱུར་རོ།། རྣལ་འབྱོར་པ་རྣམས་ཀྱི་བརྡ་སྭ་དང་དོན་ལ་མ་བལྟོས་པར་རང་གི་འདོད་པས་བརྟགས་པར་གྱུར་པ་ཡིན་ནོ།། དེ་བཞིན་དུ་ལྕི་བ་དང་ཡང་བཱ་ལ་སོགས་པ ་ཁོང་དུ་ཆུད་བར་བྱའོ།། བརྡའ་སྤྱོད་པས་རབ་ཏུ་བརྟགས་པའི་སྒོའི་སྦྱོར་བ་ཉོན་མོངས་ཤིང་དོན་མེད་པའང་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འགའ་ཞིག་ལག་པའི་ཐ་སྙད་དང ་བརྡའ་དང་དྲན་པའི་དབང་གི་ཆོས་རྣམས་གཟུང་བར་བྱ་བ་ཡིན་ནོ།། དེའི་ཕྱིར་སྔོན་གྱི་ཡུན་རིང་པོར་བྱུང་བ་བྱ་ཀ་ར་ཎ་ལ་སོགས་པ་རྩོམ་པས། སྒྲ་རྣམས་སྦྱོར་བ་ཉོན་མོངས་ལ།། སྟེ། སྒྲ་སྦྱོག་དཀའ་བའི་གནས ་ཡིན་ཏེ། འཇིག་རྟེན་པ་དག་ཅི་ཕྱིར་བཙུད། འདི་ནི་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་མི་ཤེས་པ་འགའ་ཞིག་འདྲི་སྟེ། སྣ་གང་ཡིན་ཞེས་ཟེར་བ་ལ། དེས་ཀྱང་སྣ་འདི་འདི་ཡིན་ནོ།། ཞེས་གསལ ་བ.རརྱ་བརྗོད་པ་དེ་ཙམ་གྱིས་དེ་ལ་དོན་གོ་བ་སྐྱེའོ།། མགོ་བི་བསྐོར་བར་གྱུར་པ་ཡི།། ལིག་ངུར་བཀུག་པའི་ལག་པ་ཡིས།། སྣ་གཟུང་ནས་འདི་སྣ་ཡིན་ནོ་ཞེས།། དྲིས་ལ་སུ་ཞིག་སྟོན་པར་བྱེད།། འདི་ལྟར་ན ་སའི་སྒྲ་བརྗོད་པས་དོན་རྟོགས་ན། ན་སི་ཀོའི་སྒྲ་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད། དགོས་པ་མེད་པའི་སྒྲའི་བསྟན་བཅོསི་ལ་མངོན་པར་ཞེན་པ་ནི་དཔྱོད་པ་མེད་པ་ལ་གུས་པར་བྱ་བ་མ་ཡིནོ་ཞེས་བསྟན ་བའི་ཕྱིར། སྒྲ་ཡི་བདག་ཉིད་འཇིག་རྟེན་པ།། སྒྲ་དགོད་པའི་ཁྱད་པར་ཤེས་པས་བདག་ཉིད་དང་དེའི་རྗེསུ་འབྲང་བའི་འཇིག་རྟེན་པ། བདག་ཉིད་གུས་པར་འགྱུར་མ་ཡིན། དེ་ཉིད་ཀྱི་དཔེ ་བསྟན་པའི་ཕྱིར། བྲག་གི་དཀྱིལ་གྱི་གབ་ཙེ་བཞིན།། བྲག་གི་དཀྱིལ་གྱི་གབ་ཚེ་ནི་གབ་ཆེའོ།། དེ་ཡང་གང་གི་ཚེ་གསེར་གྱིས་བཀང་པ་བདག་གིས་ཐོབ་སྙམ་དུ་འགའ་ཞིག་སེམས་ནས་ངའི་ཚེ་གུས་པས་སྤྲོས་དང་མེ ་ཏོག་གིས་མཆོད་དེ། ཕྱིས་ཕྱེ་བ་དང་ནང་ན་སྙིང་པོར་གྱུར་པའི་དངོས་པོ་ཆུང་ཟད་མེད་པར་ཤེས་ནས་གུས་པ་མ་ཡིན་པ་ཆེན་པོས་འདོད་པ་དེ་བཞིན་དུ་ཇི་སྲིད་བརྡའི་ཐ་སྙད་ཀྱིས་དོན་ཡོངསུ་ཤེས་པ་མ་སྐྱེས་པ་དེ ་སྲིད་དུ་ས་སྐྲྀ་ཏའི་སྐད་ལོ་གུས་པར་བྱེད་ཀྱི། ཇི་སྲིད་ཡང་བརྡའི་དབང་གིས་དོན་རྟོགས་པ་དེའི་ཚེ་གུས་པར་མི་བྱེའོ་ཞེས་བྱ་བའི་དོན་ཏོ།། སྔར་ནི་སྒྲ་བརྫུན་པའི་ཕྱིར། བརྗོད་པར་བྱེད་པ་མ་ཡིན་པར་བརྟན་ནས། ད་ནི་བདེན ་བ་ཡིན་དུ་ཆུག་ན་ཡང་རྗོད་པར་བྱེད་པ་མ་ཡིན་པར་བསྟན་པའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོ་ལ་སྨོས་ཏེ། གཞན་རྒྱུ་མ་ཡིན་པ་དང་དེའི་བདག་ཉིད་མ་ཡིན་པས་གཞན་ནི་འབྲས་བུར་གྱུར་པ་མ་ཡིན་པ་དང་།། ་དེའི་བདག་ཉིད་མ་ཡིན་པ།། འབྲེལ་པ་མེད་ཕྱིར་མི་རིགསོ།། གང་གི་ཕྱིར་འབྲེལ་པ་ནི་གཉིས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའོ།། དེ་ལ་དེའི་བདག་ཉིད་ནི་མ་ཡིན་ཏེ། ངོ་བོ་ཐ་དད་པའི་ཕྱིརརོ།། དེ་ལས་ཐག ་བྱུང་བ་ཡང་མ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་མེད་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་འབྲེལ་པ་མེད་པའི་ཕྱིར་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་མ་ཡིནོ།། འདིར་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། རལ་གྲི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་གྲི་ནི་གཅོད་པ་སྟེ། གཞན་ལ་ཏེ་སྐྱེས་བུ་ལ་སོགས་པ་ལ་རྒྱབ་པ་ཡིས། གཞན་དག་ཤིང་ལ་སོགས་པ་གཅོད་པར་བྱེད་དམ་ཅི་ཞེས་བྱ་བའི་དོན་ཏོ།། ང་ནི་ཁ་ཅིག་སྒྲ་དང་དོན་ལ་བསྐྱེད ་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་འབྲེལ་བའི་མཚན་ཉིད་ཡོད་ངོ་སྙམ་པ་དེ་བསལ་བའི་ཕྱིར། མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕར་ཆེར་འབྲས་བུའི་བྱ་བ་བྱེད་པའི་ནུས་པས་རྒྱུ་དང་འབྲས་བུར ་བཅས་པར་རྗེ་སུ་འགྲོ་བ་དང་ལྡོག་པ་མ་མཐོང་སྟེ། ས་བོན་དང་མྱུ་གུ་བཞིནོ།། ཡང་གང་ཞིག་བྱ་བ་དང་བྲལ་བའི་དངོས་བྱ་བ་བྱེད་པའི་ནུས་པ་དང་བྲལ་བ་སྒྲ་ཐ་མ་ལ་པའི་དབྱེ་བས་དེས་ནི་གང་ལྔ་ཐོབ་མེད་ཏེ། མི་བསྐྱེད་དོ་ཞེས་བྱ་བའི ་དོན་ཏོ།། དེ་ནི་རྟག་པའི་དངོས་པོ་ཡིན་པའི་ཕྱིར་རོ།། འོན་ཏེ་དངོས་པོ་གང་ཞིག་གིས་དངོས་པོ་གྲང་ཞིག་བསྐྱེད་ཅེ་ན། དངོས་པོ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་འདིར་སྔར་མ་སྐྱེས་པ་ཕྱིས་རྒྱུ ་དང་རྐྱེན་གྱི་དབང་གིས་སྐྱེ་བ་དེ་ལྟར་གྱུར་པའི་དངོས་པོས་ཡང་དངོས་པོ་རབ་ཏུ་བསྐྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ།། འོན་ཏེ་དོན་མེད་ན་སྒྲ་མི་འཇུག་པ་དེའི་ཕྱིར། སྒྲ་འཇུག་པ་ལས་རྒྱུ་མཚན་ཡོད་པའི་ཕྱིར ་ལྟར་འབྲེལ་པ་མེད་པ་ཡིན། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་བརྗོད་པར་འདོད་པའི་དབྱུང་གི་སྒྲ་འཇུག་པར་མཐོང་བའི་ཕྱིརརོ།། གལ་ཏེ་སྒྲ་རང་གི་རྒྱུ་ལས་སྐྱེ་མོད་ཀྱི། བརྡའ་སྤོང་བས་འདོད ་སྦྱོར་བར་བྱེད་པའི་དོན་རྒྱུ་དེ་དང་ལྷན་ཅིག་སྦྱོར་བ་དང་སྦྱོར་བར་བྱེད་པའི་དངོས་པོའི་འབྲེལ་པའི་མཚན་ཉིད་ཡོད་དོ་ཞེ་ན་དངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་བསྐྱོད་པའི་བྱ་བ་བྱེད་པོ་རྫོགས་ན་དངོས་པོའི་རང་བཞིན ་མིན་ཏེ། གཞན་སྐད་ཅིག་མུའི་ངོ་བོ་ནི་སྦྱོར་བར་བྱེད་པ་མ་ཡིན།། དངོས་པོའི་དུས་ན་དངོས་མེད་ཕྱིར། ཏ། བསྐྱེད་པར་བྱ་བ་ཡོད་པའི་དུས་ན་སྐྱེད་པར་བྱེད་པའི་རྒྱུད་ཉིད་དུ་མངོན་པར་འདོད་པོ་འགགས་པའི་ཕྱིར་རོ།། དེ་ཉིད་ཕྱི ་ན་འདས་པའི་དངོས། ནི་དེ་ཉིད་ཕྱིར་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ།། འབྱུང་བ་ཞེས་ནི་བརྗོད་པ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཞན་ཡང་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ ་བརྟགས་པ་ཡིན་ན་ནི། དེ་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཕྱིར་ན་སྟེ་སྔར་བཤད་པའི་སྐྱེད་པར་བྱེད་པའི་ངོ་བོ་བློ་ལ་བཞག་ནས་སྐྱོབ་པ་ནི་སངས་རྒྱས་ཏེ། འབྱུང་བ་ཞེས་བྱ་བ་ནི་སོ་ལ་སོགས་པའོ།། ། ་འབྱུང་བ་ཀུན་ནི་གཟུགས་ལ་སོགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ།། ངེས་པའི་ཚིག་ལ་མཁས་པ་ཡིན། སྒྲའི་དོན་རྣམ་པར་དཔྱད་པ་ནུས་པ་དང་ལྡན་པས་རབ་ཏུ་གསུངས་པ་ཡིན་ནོ།། ཁ་ཅིག་གཞན་སྐྱེད་པར་བྱེད་པར ་འདོད་གྱི་འབྱུང་བ་ཆེན་པོ་ནི་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ།། གཞན་ཡང་སྒྲའི་རྣམ་པར་རྟོག་པའི་ཡུལ་བསྟན་པའི་ཕྱིར།། གཅིག་ལ་ཞེས་པ་ལ་སོགས་པ་བསྟན་ཏེ། གཅིག་ནི་དང་པོ་ལའོ།། བརྒྱའི་བློ་སྐྱེ་མི་ནོ།། དེ ་བཞིན་དུ་གཉིས་པ་ནས་བརྩམས་ཏེ་བརྒྱ་རྫོགས་ཀྱི་བར་དེ་ལ་ཡང་རེ་རེ་ལ་ཡང་མེད། དེ་བཞིན་ཡང་བརྒྱའི་སྒྲ་ལས་འདུས་པའི་ངོ་བོ་ཐ་དད་པ་དངོས་པོར་ཡོད་པ་བརྒྱའི་དོན་གྱི་རྣམ་པར་རྟོག་པ་ལ་ཁྲུལ་པའི་རིང་བཞིན ་གྱི་སེམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་སྒྲ་ཉམ་པས་ཀྱང་དོན་རྟོགས་པར་འགྱུར་མོད་ཀྱི། འདི་ལྟར་ཡང་བརྟགས་ལ་སོགས་པ་དང་ལྡན་སཾ་སྐྲྀ་ཏིའི་སྐད་དེས་དོན་ཁྱད་པར་ཅན་ཉིད་རྟོགས་པར་བྱེད་པ་ཡིན་ཞེ་ན། ་མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དང་ས་འོག་ལ་སོགས་པ་མ་མཐོང་བ་དང་། བུམ་པ་ལ་སོགས་པ་མཐོང་བ་ལ་རྣམ་པ་འགའ་ཞིག་གིས་ལག་པའི་ཐུ་སྙད་དང་བརྡས་དེའི་བདག་ཉིད་རྟོག ་འགྱུར་ན། མཐོ་རིས་དང་བུམ་པ་ལ་སོགས་པའི་ཚིག་ཏུ་བརྗོད་པས་ཅི་ཞིག་བྱ་སྟེ། དེ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ་ཡིན་ནོ།། དོན་དེ་ཉིད་གསལ་པར་བྱ་བའི་ཕྱིར། གླང་པོ་དང་ནི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཚོགས་ལ་སོགས་པ་དང་། ལྡན་པའི་སཾ་སྐྲི་ཏས་ས་བསྲུང་གི་བུ་དང་ལྷའི་བུ་མོ་ཁྱད་པར་གྱིས་ཁྱད་པར་ཅན་གླང་པོ་དང་བུད་མེད་ཡིན་ལ་སྒྲ་ཉམས་པོས་དེ་བཞིན་དུ་ཡང་གླང་པོ་ཉིད་དང ་བུད་མེད་རྟོགས་ཏེ། དེ་ལ་སྔ་ན་མེད་བློ་མེད། སྟེ་སྐྱེ་བ་མེད་དོ།། མཐོ་བ་ལ་མངོན་པར་ཞེན་པ་འབའ་ཞིག་གིས་མཆོག་ཏུ་སྐྱེ་ཞེས་བྱ་བའི་དོན་ཏོ།། ད་ནི་ཉེ་བར་བསྡུ་བའི་ཕྱིར། མཱཐོང་བ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། གཞན་རང་གི་མཚན་ཉིད་མཐོང་ནས། སྤྱིའི་མཚན་ཉིད་གཞན་རང་གི་རྣམ་པར་རྟོག་པ་སྨྲས་ཏེ། སྤྱིའི་མཚན་ཉིད་བསྟན་པ་ཐོས་པས་རང་གི་མཚན་ཉིད་རྟོགས་སོ།། དེ་ལྟར་སྨྱོན་པ་བཞིན་ཏེ་སྨྱོན་པ་ལྟ་བུའི། ་འཇིག་རྟེན་གྱིས་གཞན་བསྟན་པས་གཞན་མཐོང་ཞིང་གཞན་ཐོས་པས་གཞན་རྟོགས་ཏེ་བདག་ཉིད་ཁོང་དུ་ཆུད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་སྨྱོན་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར། བདག་ཉིད་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཞེས་པའི་སྒྲའི་དོན་ནི་གལ་ཏེ་འགའ་ཞིག་སྨྱོན་པར་གྱུར་ནུས་དེས་བདག་སྨྱོན་པ་ཡིན་ནོ་ཞེས་ཤེས་པའི་ཕྱིར་ཇི་ལྟར་སྨྱོན་པར་འགྱུར། འོན་ཀྱང་རང་རིག་པའི་ཡེ་ཤེས་ལ་གླང་འཁྲུལ་པ་དེ་སྨྱོན་པ ་ཞེས་བརྗོད་དོ།། དེ་ལྟ་བུའི་སྨྱོན་པ་ནད་ཀྱིས་སྨྱོན་པ་ལྟ་བུར་མཐོང་ངོ་ཞེས་བྱ་བའི་དོན་ཏོ།། ཝཱར་ལོ་བྱུང་བ་ཉེ་བར་བསྡུས་ནས། དེ་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་བསྟན་པའི་ཕྱིར། ཡུལ་སོགས་ཞེས་བྱ་བ་ལ་སོག ་པ་སྨོས་ཏེ། ཡུལ་སོགས་ངེས་པའི་རྣམ་བར་ནི།། སོགས་པ་སྨོས་པས་ནི་དུས་ངེས་པའི་རྣམ་པ་གཟུང་ངོ་།། ཇི་ལྟར་འགྲོ་བ་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་མ་རིག་པོའི་བག ་ཆགས་མཐུས་རྣམ་པར་རིག་པ་སྣང་བ་ནི་གསལ་བར་རོ།། དེའི་ཚེ་འཁྲུལ་པའི་རང་བཞིན་གཞན་གྱི་དབང་རྣམ་པར་རིག་པར་གྱུར་པ་ཡིནོ།། དེའི་ཕྱིར་ནི་རྒྱུ་དེ་ཉིད་ཀྱིས་ཀུན་བརྟགས་པའི་དྲི་མ་དང་བྲལ་ན། དེ་ནི་རྣམ་པར ་རིག་པ་འཁྲུལ་པར་མི་འགྱུར་རོ།། གལ་ཏེ་འདི་ལྟར་དུས་ཐམས་ཅད་དུ་མ་འཁྲུལ་པ་ཉིད་ཡིན་ན།། ཅིའི་ཕྱིར་རྣམ་པར་རིག་པ་མཐོང་བར་མི་འགྱུར་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། ཐམས་ཅད་གྲོལ་བར་འགྱུར་བའི་ཕྱིར།། ་གཞན་ཉིད་དང་མ་བྲལ་ན་དེ་བཞིན་ཉིད་དུ་མི་འགྱུར་རོ།། ད་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་རྣམ་པར་དཔྱད་པའི་ཕྱིར། གླང་པོའི་དོན་ཞེས་བྱ་བ་ལ་སོག་བཱི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། སྒྱུ་སྐུ་མཁན་གྱི ་གླང་པོ་གཅིག་སྤྲུལ་པ་ལ། སྒྱུ་མའི་གླང་པོ་ལ་གྲངས་ཇི་ལྟ་བ་བཞིན་དུ་མཁས་པས་ཀུན་བརྟགས་པའི་རང་བཞིན་ལ་སོགས་པར་ཤེས་པར་བྱའོ།། འདི་ལྟར་དོན་དམ་པར་དེན་སྟོང་པའི་གླང་པོ་ལ་གླང་པོའི་དོན་དུ་སྣང་། ་བ་སྐྱེ་བ་འདིས་ནི་ཀུན་བརྟགས་པའི་ངོ་བོ་ཤེས་པར་བྱའོ།། དེ་བཞིན་དུ་དོན་སྣང་བ་ནི་དེ་དྲོན་མ་ཡིན་ཏེ། འོན་ཀྱང་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་རྣམ་པར་ཤེས་པ་སྐྱེའོ།། དེས་ནི་གཞན་གྱི་དབང་གི་རང་བཞིན་ཡིན་པར་ཤེས་པ ་བྱའོ།། གཞན་ཡང་གཟུང་བའི་དངོས་པོ་བརྫུན་དོན་ཡིན་ཏེ། གཟུང་བ་དང་འཛིན་ནི་ངོས་དེའི་དངོས་པོ་ནི་གན་སུ་གྱུར་པ་སྟེ་རྟེན་ཏུ་གྱུར་པའོ།། གཟུང་བ་དང་འཛིན་པ་དེ་ཡོང་དངོས་པོ་མེད་པར་གྱུར་ན། མཁས་པ་ཤེས་རབ་དང ་ལྡན་པས་ཡོངསུ་གྲུབ་པའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་དེ་ཉིད་ཀྱི་ཕྱིར། དེ་ལྟར་ཡང་དག་མཐོང་བས་སྔར།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟ ་ནི་སྔར་གསུངས་པའི་རིམ་པསོ།། སྒྱུ་མའི་གླང་པོ་བཞིན་ན་དུ་ཡང་དགྲ་པར་མཐོང་བས་དང་པོར་དོན་དུ་འཛིན་པ་ལྡོག་པར་འགྱུར་ཞེ་ན་བྱའོ།། རྣལ་འབྱོར་པ་དེས་དེ་མ་ཐག་ཏུ་གཞན་དབང་དེའི་རྣམ་པ་ནི་བག་ཆགས་ཀྱི ་དེའི་སེམས་ལས་བྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ།། དུས་ཇི་སྙེད་ཅིག་ཅེ་ན། རྣམ་པ་དེ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ནི་གཞན་གྱི་དཔོང་གི་སེམས་ས་བདུན་པའི་བར་དུ་རྣམ་པ་དེའི་རྙོག་པ་ཡང་སྟེ་དྲི་མ ་དང་ལྡན་པར་འཇུག། ཡང་ཕྱི་ནས་ས་བརྒྱད་པ་ལ་བག་ཆཌ་ལོག་པ་རྒྱུ་ལོག་པས་འབྲས་བུ་ལྡོགོ་ཞེས་བྱ་བའི་རིགས་པ་འདི་སྟེ། དོན་གྱི་དངོས་པོ་མེད་མཐོང་བས།། སྟེ། རྩ་བ་དང་བཅས་པར་འདོད་པའི་ཕྱིརརོ།། དོན་གྱི་རྣམ་པ ་གཞན་གྱི་དབང་གི་སེམས་ལྡོག་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་སྲིད་པ་ཡོངསུ་འཛིན་པ་བསྟན་པའི་ཕྱིར།། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག ་སྐྱེས་པའི་བདག་ཏུ་བལྟ་བ་ལ་སོགས་པའི་འབྲེལ་པས་རྟག་ཏུ་འཁོར་པོའི་ཆོས་དང་ལྡན་པའི་ཕྱིར། རྫ་མཁན་གྱི་འཁོར་ལོ་ལྟ་བུར་སེམས་མཐོང་ན་ཡིད་ལྡོག་པས་ཡོངསུ་གྲུབ་པའི་ཆོས་ཡིན་པའི་ཕྱིར་བྱང་ཆུབ ་སེམས་དཔའ་དེ་ཕྱིར་ཡང་འཁོར་བར་འཁོར་མི་འགྱུར་ཏེ། འཁོར་བ་མ་ཡིན་ནོ།། འོན་ཀྱང་སེམས་ཅན་གྱིས་དོན་དུ་ཐབས་ལ་མཁས་པའི་དབང་གིས་ཡང་དག་པར་སྐྱེ་བ་འབྱུང་ཞེས་བྱ་བའི་དོན་ཏོ།། གཉིསུ་མེད་པ ་ལ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་བསྟན་པའི་ཕྱིར། རི་མོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་མེད་པའི་ཡུལ་ལ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་འདི་ཡིན་ཏེ། དེ་ཁོ་ན་ཉིད་ལ་བྱ་བ་དམིགས ་པའི་ཕྱིར་རོ།། རྫས་ཀྱི་བདག་ཉིད་ཕུང་པོ་ལྔ་པོ་མི་དམིགསོ་པའི་ཕྱིར་རྟོགས་པ་མེད་པའོ།། ཡུལ་འགའ་ལ་ཡང་འདོད་པ་མེད་པས་ན་འདོད་པ་མེད་པའོ།། འཁོར་བ་ཀུན་བརྟགས་པའི་ངོ་བོ་ནི་དེ་ཁོ་ན་ཉིད་དུ་མེད་པའི ་ཕྱིར་དང་། དེ་དང་བྲལ་བའི་མཚན་ཉིད་མྱ་ངན་ལས་འདས་པ་མི་དམིགས་པའི་ཕྱིར་དེས་མྱ་ངན་ལས་འདས་པ་མི་ལེན་ཅིང་འཁོར་བ་འདོར་བ་ཅུང་ཟད་ཀྱང་མེད་དོ།། གང་གི་ཕྱིར་ལྷག་མ་དང་བཅས་པ་དང་ལྷག་མ ་མྱོད་པའི་མྱ་ངན་འདས་པ་དོན་གཞན་རྫསུ་ཡོད་པར་མི་རིགས་ཏེ། གང་གི་ཕྱིར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་དང་། ཀུན་འབྱུང་དང་ལམ་གྱི་གནས་སྐབས་གསུམ་མ་གཏོགས་པར ་དོན་གཞན་དུ་གྱུར་པའི་མྱ་ངན་ལས་འདས་པ་ནི་མེད་དོ།། ལྷག་མ་མེད་པ་དེ་ཡང་དོན་གཞན་དུ་གྱུར་པ་ཉིད་ནི་མི་རིགས་ཏེ། འདི་ལྟར་ལྷག་མ་ནི་ཕུང་པོ་རྣམས་ཏེ། དེ་དང་བྲལ་བ་གང་ལ་ཡོད་པའི་མྱ་ངན་ལས ་འདས་པ་དེ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ།། ཡང་དེ་བས་ན་མྱ་ངན་ལས་འདས་བྱ་ཐོབ་པ་དང་། མྱ་ངན་ལས་འདས་པའི་རྟེན་ཡང་སླར་འབྱུང་བའི་ཕུང་པོའི་ཚོགས ་མེད་པའི་ཕྱིར་གང་ཞིག་དངོས་པོར་གྱུར་པའི་མྱ་ངན་ལས་འདས་པ་ནི་འགྲའ་ཡང་མེད་དོ།། གཞན་ཡང་གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ཐ་དད་པར་གྱུར་ན། དེའི་དེ་རྣམ་པར་གཞག ་པ་གང་གིས་རྟོགས་པར་འགྱུར་བ་ཡིན། ཤེས་པ་གཞན་གྱིས་རང་གི་ངོ་བོ་ངེས་པར་གཟུང་ན་ནི་དེའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། འོན་ཏེ་ངེས་པར་གཟུང་ན་ནི་དེའི་ཚེ་གཟུགས་ལ་སོགས་པ་བཞིན་དུ་འདུས་བྱས ་ཉིད་དུ་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་ནོ།། དེ་ལྟ་བས་ན་མྱ་ངན་ལས་འདས་པ་དངོས་པོ་མང་ལེན་པར་རྣལ་འབྱོར་པ་སུ་ཞིག་བྱེད་ཞེས་བྱ་བའི་དོན་ཏོ།། དོན་དམ་པ་ལ་གནས་ན་དེ་ལ་སེམས ་ཅན་གྱི་དོན་བྱ་བས་དགོས་པ་ཅི་ཞིག་ཡོད་ཅེ་ན། སྨོན་ལམ་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་མི་རྟོག་པའོ།། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་སྲིད་པ་གསུ ་གྱི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འབྱུང་ངོ་།། ཇི་ལྟ་བུར་ཞེ་ན། ཉི་མ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་འཇིག་རྟེན་གྱི་མུན་ནག་སྨག་སེལ་བར་བྱེད་པའི་ཕྱིར། འབྱུང་བ ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་མི་ཤེས་པའི་སྐྲུན་པ་བས་ལ་བྷའི་ཕྱིར། བྱུང་ངོ་ཞེས་བྱ་བའི་དོན་ཏོ།། ད་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནུས་སངས་རྒྱ་སྨྲ་བཅོམ་ལྡན་འདས་རྣམ། ་བསྟན་པ་ལ་འཇུག་ཞེས་བསྟན་པའི་ཕྱིར། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་གི་ཕྱིར་གཉིསུ་མེད་པ་ཁོ་ན་དོན་དམ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་དགེ་བ་དང་མི་དགེ་བཱི་ལས་བྱེད་པ་པོའི་སྐྱེ་བུའི་ལས་ཀྱི ་འབྲས་བུ་ནི་མཐོ་རིས་དང་དམྱལ་བ་ལྀ་སོགས་པ་སྐྱོབ་པས་གསུངས་པ་དེ་ཡང་རྟོགས་པའི་ངོ་བོ་སྟེ། བརྟགས་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ།། ལས་ཀྱི་འབྲས་བུ་འབའ་ཞིག་མ་ཡིན་གྱི། བཅོམ་ལྡན ་འདས་ཀྱིས་ཇི་སྙེད་བསྟན་པ་དེ་སྙེད་ཀུན་རྫོབ་ཀྱི་འཇུག་པ་ཡིནོ་ཞེས་བསྟན་པའི་ཕྱིར། ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ནི་དགེ་བའི་བྱ་བ་རྣམས་ནི་མི་བརྗེད་པའོ།། ཆོས་མིན་དེ་ལས་བཟློག ་པའོ།། དཀའ་ཐུབ་ནི་སྡུག་བསྔལ་ལ་ཛི་མི་སྐྱེམ་པའི་བཟོད་པའོ།། གཏོང་བ་ནི་དོན་དུ་གཉེར་བ་ལ་ལུས་ལ་སོགས་བསྟེར་བའོ།། བསྡམ་པ་ནི་ལུས་དང་སེམས་མི་དགེ་བ་ལས་ལྡོག་པའོ།། ངོས་བསྡམས་པ་ནི་གཉེན ་པོས་དཀའ་བ་ལས་ལྡོག་པའོ།། དུལ་བ་ནི་སེམས་ཉེ་བར་ཞི་བའོ།། དུད་འགྲོ་ནི་བ་ལང་ལ་སོགས་པའོ།། དམྱལ་བ་ནི་མཚམས་མེད་པ་ན་གནས་པ་ལ་སོགས་པའོ།། སྦྱིན་པ་ལ་སོགས་པ་ལ་གགས་བྱེད་པའི་ལས་ཀྱིས་ཟས ་སྐོམ་དང་བྲལ་བའི་ཡུལ་གནས་པ་ནི་ཡི་དག་སོ།། ཕུང་པོ་ལྟ་བསྡུས་པ་ནི་མིའོ།། མཐོ་རིས་ན་གནས་པས་ནཱ་ལྷའོ།། འབྱུང་བ་ནི་ས་ལ་སོགས་པའོ།། འབྱུང་བ་ལས་གྱུར་པ་ནི་གཟུགས་ལ་སཿ ་པའོ།། ཕུང་པོ་ནི་གཟུགས་དྲང་ཚོར་བ་ལ་སོགས་པའོ།། ཁམས་ནི་མིགས་ལ་སོགས་པའོ།། ཐུབ་པས་སེམས་ཅན་ལ་རྗེསུ་བསྟན་པ་ནི་བསྟན་པའོ།། སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདསོ།། ཉན་ཐོས་ནི་ཤཱ་རིའི ་བུ་ལ་སོགས་པའོ།། དེ་དག་ནི་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། དེ་དག་ནི་ཐམས་ཅད་ཀུན་རྫོབ་ཡིན་པར་བསྟན་གྱི།། དོན་དམ་པར་ནི་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་དོན་དམ་པ་ཁོ་ན་འབའ་ཞིག་ཅིའི་ཕྱིར ་བསྟན་པར་མི་མཛད་པཪྵ་ཀུན་རྫོབ་དགོས་པ་ཅི་ཞིག་ཡོད་པ་མ་ཡིན་ནམ་ཞེ་ན། དང་པོའི་ལས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་དད་པ་དང་ལྡན་པ་ནི་དང་པོའི་ལུས ་ཅན་ཞེས་བྱའོ།། དང་པོའི་ལས་ཅན་འཇིག་རྟེན་པ་དེ་དོན་དམ་པ་གཉིསུ་མེད་པའི་ཡེ་ཤེས་ལ་གཞུག་པའི་ཕྱིར་ཐབས་ནི་ཀུན་རྗེབ་སྟེ། འདི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐས་ལ་འཛག་པའི་རི ་པས་གསུངས་ཀྱི། ཡང་ཀུན་རྫོབ་ཀྱི་རང་གི་ངོ་བོ་ཡོད་པར་གྲུབ་པ་ནི་མ་ཡིན་ནོ།། དོན་དེ་ཉིད་བརྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་ཀུན་རྫོབ་པའི་དངོས་པོ་ཐམས་ཅད་བྱིས་པས ་བརྗོད་པ་དང་འདྲ་བ་དེ་ཁོ་ན་ཉིད་ཀྱི་རང་བཞིན་མ་ཡིན་པ་མཐའ་ནི་ཐམས་ཅད་འཇིག་པ་ཡིན་ཏེ། རྣམ་པར་དཔྱད་མི་བཟོད་པའི་ཕྱིར་བློ་ལ་གནས་པ་མེད་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་བརྗེད་པར་བྱ་མཱི་ཏེ་བརྗོད་པར་བྱ་བ་མིན ་གཟུང་བ་དང་འཛིན་པའི་ངོ་བོ་དཔྱད་མི་བཟོད་པའི་ཕྱིར་དཔྱད་དུ་མེད་ཞེས་བྱ་བའི་དོན་ཏོ།། ཆུང་ཟད་གཞན་ཡང་སྟེ་དོན་དམ་པ་གསལ་བ་ཞེས་བྱ་བའི་དོན་ཏོ།། ད་ནི་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པ་བསྟན་པའི་ཕྱིར།། དེ་ལ ་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བརྗོད་པར་བྱ་བ་མ་ཡིན་པ་དབྱང་དུ་མེད་པ་ཆུང་ཟད་མེད་པའི་གོ་འཕང་ལ་གནས་པ།། དེ་ནི་ནམ་མཁའ་གསལ་བའི་དངོས་པོ་བྱང་ཆུབ་སེམས་དཔས་བདག་ཉིད་ནི་གང་ཟག།། ་སྟོང་པ་ཉིད་ནི་ངེས་སྟོང་པ་ཉིད་དེ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ།། སྟོང་པ་ཉིད་ནི་གསལ་བར་བྱེད་ནི་འཇིག་རྟེན་རྣམས་ལ་རང་བཞིན་མེད་པ་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ།། གང་ཁམས་དང་སྐྱེ་མཆེད་བསྟན་པ་དེ་ནི་བདག ་ཉིད་སྟོང་པ་ཉིད་གང་གི་ཕྱིར་བདག་ཉིད་མཐོང་བ་པོ་ལ་སོགས་པར་འགའ་ཞིག་འདོད་པས་ཡང་གང་གི་ཆ། མིག་ལ་སོགས་པ་ཡུལ་ལ་སོ་སོར་ངེས་པ་ཉིད་ཁོང་དུ་ཆུད་བ་དེའི་ཚེ་བདག་གང་ཟག་གི་སྟོང་པ་ཉིད་གྲུབ་པའོ།། གལ ་ཏེ་མིག་ལ་སོགས་པའི་དམིགས་པ་ཆོས་ལ་བདག་མེད་པར་མི་འགྱུར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གང་ཞིག་མིག་ལ་སོགས་པའི་རང་བཞིན་གྱི་གང་ཟག་སྟོང་པ་ཉིད་ངེས་སྟོང་པ་ཉིད་ནི་གཉིས་མེད་པ་སྟོང་པ་ཉིད་པ ་དགེ་བ་རྩོམ་པར་ཇི་ལྟར་འགྱུར།། དེ་ཉིད་བསྟན་པའི་ཕྱིར། ཆད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་ལག་པ་སྟོང་པའི་ཕྱིར་ཆད་པ་མི་འཆང་བ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་བྱ་བ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་མ་མཐོང་བས་བསོད་ནམས་དང་སྡིག་པ་ལས་འདའ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟོགས་པ་ཞེས་བྱ ་བབཔ་ལ་སོགས་པ་སྨོས་ཏེ། གང་རྟོག་པའི་ནང་དུ་ལྷུང་བ་ནི་རྟོག་པ་དང་བཅས་པའོ།། དེ་དག་ཐམས་ཅད་གཞན་ཉིད་འགྱུར་ཏེ། བསོད་ནམས་དང་སྡིག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ།། གང་གི་ཕྱིར་འཁོར་བ ་འདིར་རྒྱུ་དང་འབྲས་བུའི་དངོས་པོས་དེ་དགུ་འབྲས་བུ་ཐོབ་པར་མཐོང་ངོ་།། འདི་ལྟར་བསོད་ནམས་མ་ཡིན། པའི་རྒྱུས་དམྱལ་བ་ལ་སོགས་པའི་འབྲས་བུ་འཐོབ་ལ། བསོད་ནམས་ཀྱི་རྒྱུས་མཐོ་རིས་ལ་སོགས་པའི་འབྲས ་བུ་འཐོབ་ཅེས་བྱ་བའི་དོན་ཏོ།། ད་ནི་འཁོར་བའི་ལས་དང་འབྲས་བུ་རྟོག་པའི་རང་བཞིན་ལ། རྣམ་པར་མི་རྟོག་པ་དཔེས་བསྟན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྨི་ལམ་གྱི་ནང་ན་བྱས་པའི ་དགེ་བ་དང་མི་དགེ་བའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་མཐོ་རིས་དང་དམྱལ་བ་ལ་སོགས་པ་ཆུད་ཟད་ཀྱང་མི་དམིགས་སོ།། དེ་བཞིན་དུ་འཁོར་བའི་ལས་དང་འབྲས་བུ་འབྲེལ་པ་ཡིན་པར་རྟོག་པར་བྱའོ།། དངོས ་པོའི་རང་བཞི་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། དཔེར་ན་རྨི་ལམ་ཁོནདུ་སྐྱེས་བུ་འགའ་ཞིག་མ་སད་པར་འབྲས་བུ་ཉམསུ་མྱོང་བ་ནི་མེདོ།། དེ་བཞིན་དུ་འཇིག་རྟེན་ཐམས་ཅད་འཁོར་བའི་ལས་དང་འབྲས་བུ་མ་སད་བར ་བརྟགས་པ་ཉིད་དུ་མི་ཤེས་པའི་དོན་ཏོ།། སང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྲུད་པ་ན་ལམ་དུ་མཐོང་བའི་དོན་མེད་དོ་ཞེས་ངའི་ཤེས་པ་སྐྱེས་པ་དེའི་ཚེ། རྨི་ལམ་འཇུག་པའི་འབྲས་བུ་མེད་པར་འགྱུརརོ།། དེ་བཞིན ་དུ་མི་ཤེས་པ་ཉིད་མ་སྲུང་བའི་འཇིག་རྟེན་པས་ལས་དང་འབྲས་བུའི་འབྲེལ་པ་བརྟགས་པ་ཉིད་དུ་ཇི་སྲིད་མི་ཤེས་པ་དེ་སྲིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སང་པར་མི་འགྱུར་རོ།། སྣང་པར་གྱུར་ན་རྨི་ལམ་གྱི་གན ་སྐབས་ཀྱི་ངོ་བོ་ལྟ་བུའི་ཡེ་ཤེས་སྐྱེས་ན་ལས་དང་འབྲས་བུ་ལ་སྩོགས་པ་ཐམས་ཅད་ཀྱི་འབྲས་བུ་མཐའ་རུ་བརྫུན་ཞེས་བྱ་བའི་དོན་ཏོ།། རྨི་ལམ་གྱི་མཐོང་བ་བརྫུན་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་མི་ལྡན ་པ་ཡིན་མོད་ཀྱི། གཞན་ལ་ཡང་རྟོན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་ལྡན་པ་མ་ཡིན་ཞེ་ན། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་དང་མགལ་མེ་དང་མིག་འཕྲུལ་ནི་རྨི་ལམ ་དང་མགལ་མེ་དང་མིག་འཕྲུལ།། རྨི་ལམ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་སྐྱེ་བ་དང་འགག་པར་མཐོང་བ་དེའི་ཚེ་ཐ་དད་མེད་པ་ནི་གཞན་དག་དང་ཁྱད་པར་མེད་པར་རྟོག་པར་བྱའོ།། གཞན་ཡང་གང ་ལྟར་སེམས་ཉིད་གང་གི་ཚེ་གཉིས་མེད་པའི་རང་བཞིན་དུ་མཐོང་བ་དེའི་ཚེ་གང་ཟག་དང་ཆོས་ལ་བདག་མེད་པར་གྲུབ་པར་གྱུར་པའི་ཕྱིར་འདི་ལ་རྩོད་པ་མེ་།། རྣམ་པར་སྨིན་པའི་ས་ལ ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཉོན་མོངས་པ་དང་ཤེས་བྱའི་བསྒྲིབ་པ་སྤངས་པས་ཉོན་མོངས་པ་མེད་པས་བདེ་བར་གནས་པའི་ཚིགསུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར་ཇི་སྐད་ཞེས་བྱ་བ་ལ་སོགས་པ་སྨོས ་དེ། ཉན་ཐོས་ཀྱི་ལམ་གྱི་གང་ཟག་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པ་སྤངས་པས་འདོད་ཆགས་ལ་སོགས་པ་ཉེས་པ་མི་དམིགསོ།། དེ་བཞིན་དུ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་ལམ་འདི་ལ ་ས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་གཉི་ག་མི་དམིགས་སོ།། གཞན་གྱི་ལམ་ལ་བརྟེན་པའི་འགྲོ་བ་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཁྱད་པར་གྱིས་ཉེ་བར་བཅོམ་པར་མཐོང་སྟེ། བཞད་བརྒང་བཞིན ་ཁྲེལ་རྒད་དང་འདྲ་བར་བྱང་ཆུབ་སེམས་དཔས་མཐོང་ཞེས་བྱའོ།། འགྲོ་བ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། ཞི་བ་སྤངས་པ་ཡི་སྐྱེ། ཞི་བ་ནི་ཏི་འཛིན་གྱིས་ཉོན་མོངས་པའི་དགྲ་ལྔས་རྒྱལ་བར་མ་བྱས་པས་ཞི་བ་སྤངས་ཞེས ་བྱ་བའི་དོན་ཏོ།། དེ་བཞིན་དུ། བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་སྐྱེ་བ་ཉམས་སུ་མྱོངས་པས་དེ་གཟུང་བའི་རོ་གཅིག་དངོས་སྟེ་ལམ་གཞན་གཟུང་བས་རོ་གཅིག་པའི་བདག་ཉིད་ཀྱིས་དྲན་ནས་གང་གིས ་སེམས་དབར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སྟེ། གདོན་མི་ཟ་བར་ངོ་མཚར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཆོས་ལ་བདག་མེད་པ་ཡིན་ན་ཆོས་འགའ་ཡང་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པའི ་ཆོས་ཀྱི་རྩེམ་པོ་དོན་མེད་པར་འགྱུར་བ་མ་ཡིན་ཞེ་ན། གལ་ཏེ་འདི་ཀུན་སྟོང་ཉིད་ཡིན།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གང་གིས་ཞེས་བྱ་བ་འདིའི་ཕྱིར་ལན་འདེབས་སོ།། བྱང་ཆུབ་སེམས་དཔའ་གང་གྱིས་ཕྱིར་བྱ་བ་ལྷག ་མ་མེད་པའི་ཕྱིར་དོན་བྱས་པ་དགོས་པ་བྱས་པའི་ཕྱིར་འགྲོ་བ་སྟོང་པ་མཐོང་བ་ཡིན་པ་དེའི་ཆོས་ཀྱི་རྩོམ་པ་དོན་མེད་པ་བདེན་ཞེས་བྱ་བའི་ཐུ་ཚི་གོ།། འདི་མོས་པ་སྤྱོད་པའི་གནས་སྐབས་ན་བསོད་ནམས་ཀྱི་ཚོགས་བསགས ་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་ལ་གནས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་མོད་ཀྱི་སྡིགས་པ་སྤྱོང་པར་མི་བྱེད་དམ་ཞེ་ན། དེ་ཚེ་སྡིག་པའི་རྩོམ་པ་ཡང་། ཞེས་བྱ་བ ་སོགས་པ་སྨོས་ཏེ། གང་གི་ཚེ་རྣལ་འབྱོར་པ་སྟོང་པ་ཉིད་ཀྱི་ལྟ་བ་ལ་གནས་པ་དེའི་ཚེ་སྡིག་པའི་རྩོམ་པ་ནི་སྡིག་པ་བྱེད་པའི་རྩོམ་པའོ།། དེ་ཡིས་ཤིན་ཏུ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་འཇིག་ཚོགས་ལ་ལྟ་བའི ་རྩ་བ་ཅན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་བསྒྲིབས་པས་བསོད་ནམས་མ་ཡིན་པ་ལ་འཇུག་པར་འགྱུར་གྱི། ཡང་གང་ཞིག་ཆོས་ལ་བདག་མེད་པ་མཐོང་བ་དང་ལྡན་པ་དེ་དག་མི་དགེ་བ་རྩོམ་པར་ཇི་ལྟར་འགྱུར ་ཆུང་ཟད་ཇེ་མཐོང་བ་དེ་དག་ཐམས་ཅད་མཚན་ཉིད་མི་མཐུན་པར་སྣང་བ་ནི་མེད་དོ།། དེ་བས་ན་རྨི་ལམ་ལ་སོགས་པ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་རིགས་པ་དང་ལྡན་པ་མ་ཡིན་ནོ།། ་ལྟར་ཡོང་། བདག་ལས་མ་ཡིན་གཞན་ལས་མིན།། གཉི་ག་ལས་མིན་རྒྱུ་མེད་མིན།། དངོས་པོ་གང་ཡང་གང་ན་ཡང་།། སྐྱེས་པ་རམ་ཡང་ཡོད་མ་ཡིན།། ཞེས་གཞན་དག་ལས་གསུངསོ།། དོན་དེ་ཉིད་དཔེས་བསྟན ་པའི་ཕྱིར།། ཞི་མྱ་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་འདས་པའི་ཞག་དང་དེ་བཞིན་དུ་རྨི་ལམ་གྱི་གནས་ཁྲུས་དང་། དེ་སད་དྲི། སད་པའི་གནས་སྐབསོ།། གང་གཟུགས་ལ་སོགས་པའི ་ཡུལ་ཉེ་བར་ལོངས་སྤྱོད་པ་དེ་དག་རུང་བཞིན་ཉམས་སུ་མྱོང་བ་ན། ཇི་ལྟར་འགས་ཀྱང་བྱེ་བྲག་སྨྲ་བར་མྱི་ནུས་པ་དེ་བཞིན་དུ་རྨི་ལ་དང་གཞན་ལ་སྐྱེ་བ་དང་འཇིག་པ་ལྔ་བྱེ་བྲག་འགའ་ཡང་མེད།། ཡང་ཁ་ཅིག་ལ ་ནི་རང་བཞིན་ཉམ་སུ་མྱོང་བ་ན་ཞེ་ན་བརྗོད་དེ། དེར་ཡང་གནས་སྐབས་གསུམ་བདེ་བ་ལ་སོགས་པ་ཉིམ་སུ་མྱོངས་པ་ལས་བྱེ་བྲགོ་ཆུང་ཟད་ཀྱང་མེད་དོ།། ད་ནི་བརྟེན་ནས་སྐྱེས་པ་རང་བཞིན་མེད་པར་བསྟན་པའི་ཕྱིར།། ། ་གང་དང་གང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་གང་རྒྱུ་དང་རྐྱེན་ལས་བརྟེན་ནས་སྐྱེས་པ་དེ་དེའི་རང་བཞིན་ཞི་ཞིང་སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་བྱའོ།། ཇི་ལྟ་བུར་ཞེ་ན། སྒྱུ་མའི་ཡན་ལག་ཅེས་བྱ ་བྱབསྨོས་ཏེ། དཔེར་ན། སྒྱུ་མ་མཁན་གྱིས་སྒྱུ་མའི་ཡན་ལག་སྔགས་དང་སྨན་རྒྱུ་དང་ཆེན་བསགས་ནས་གླང་པོ་ལ་སྩོགས་པ་འབྱུང་བར་སྟོན་ཏོ།། དེ་དག་ཀྱང་རང་གི་ངོ་བོར་ནི་མེདོ།། དེ་བཞིན་དུ་གཞན་དག་ཀྱང་དེ་སྟན ་ནོ།། འདི་ལྟར་གལ་ཏེ་རང་བཞིན་གྱིས་སྐྱེ་བར་འགྱུར་ན་དེའི་ཚེ། ཡོངསུ་གྲུབ་པའི་གནས་སྐབས་བཞིན་དུ་རྒྱུ་ལ་ལྟོས་པར་མི་འགྱུར་རོ།། ཡང་གང་གི་ཚེ་བལྟོས་པ་དེའི་ཚེ་རང་བཞིན་མ་ཡིན།། གལ་ཏེ་གཞན་གྱི་དབང་གིས ་རང་བཞིན་གྱིས་ཆོས་རང་བཞིན་དང་བྲལ་བ་ཡིན་ན་དེའི་ཚེ་ཇི་ལྟར་བྱེ་བྲག་ཏུ་སྣང་བར་འགྱུར་ཞེ་ན། རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པ་ཐ་དད་པ་དུ་མ་དང་ལྡན་པའི་གོས་མེར་བསྲེགས་པའི་ཐལ ་པར་བྱེ་བྲག་འགུའ་ལ་ཡང་མེད་པ་དེ་བཞིན་དུ་གཞན་དབང་གི་དངོས་པོ་སྣ་ཚོགས་པ་དུ་མ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མེས་བསྲེགས་ན་བྱེ་བག་འགའ་ཡང་མེད་ཅེས་བྱེ་བའི་དོན་ཏོ།། དེ་བཞིན་དུ། སྣོད་དང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནི་འཇིག་རྟེན་གཉིས་སོ།། དེ་དག་འདི་ལྟར་ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་ཀྱི་མོས་བསྒྲེགས་ནས་བང་གི་ཉིད་དེ་ཡང ་དེ་ཉིད་དུ་སྟེ། སྟོང་པ་ཉིད་དེ་ཡང་བདག་ཉིད་ཀྱི་ངོ་བོ་འཇིག་རྟེན་གཉིས་ཀྱི་དབུས་ས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བསྲེགས་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་ཞེ་ན། མེ་ལྕེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན ་མྱེ་ལྕེས་བུས་ཤིང་ལསོ་ཁུ་བསྲེ་ཁ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིསོ།། འདིའི་དགོས་པ་ནི་འདི་ཡིན་ཏེ། ཕྱིའི་འཇིག་རྟེན་གཉིས་བསྲེགས་པ་གང་ཡིན་པ་དེ་ཙམ་ཞིག ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དགོས་པ་མ་ཡིན་གྱི། ཇི་སྲིད་བསྲེགས་པ་ཆོས་གཞན་དང་མཉམ་པར་གླན་པ་ཡང་ཤེས་པ་བསྲེག་པར་གྱུར་པ་ནི་མ་ཡིན་ནོ།། གཞན་དུ་ཆད་པར་ལྟ་བར་འགྱུར་རོ།། གཞན་ཡང་ཆུ ་གསེར་དང་ན་མཁའ་བཞིན། དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་བྱེ་བྲགི་གང་གི་ཚེ་སྟོང་པ་ཉིད་རྣམ་པ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དེའི་ཚེ། དྲི་མ་དང་བཅས་པའི་རྟོག་པའི་བདག་ཉིད་སྲེག་ཅེས་བྱ་བའི་དོན་ཏོ།། བསྲེགས ་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རྣམ་པར་དག་ཅིང་དྲི་མ་མེད་པར་གནས་ཞེས་བྱ་བའི་དོན་ཏོ།། སྟོང་ཉིད་མེ་ཡིས་ངེས་བསྲེགས་བརླ།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་སྔོན་དུ་གསུངས་པའི་རིམ་པས ་འགྲོ་བ་གསུམ་པོ་སྟོང་པ་ཉིད་ཀྱི་མེས་བསྲེགས་པར་མཐོང་བའི་རྣལ་འབྱོར་པ་འཁོར་བ་རུ་ནི་གནས་པ་ན། འགའ་ལ་ཡང་ཆགས་མིན་ཏེ་ཆགས་པས་འཆིང་བ་མེད་ཅེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེ་ལྟ་བུའི་ཏིང ་འཛིན་གྱི་བསྒོམ་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོ་སྟེ། གང་གི་ཚེ་སྟོང་པ་ཉིད་དེ་གཉིསུ་མེད་པའི་སྟོང་པ་ཉིད་ལ་གནས་པ་དེའི་ཚེ་འདི་ལ་རབ་ཏུ་སྦྱོར་མིན་ཏེ། ཉོན་མོངས་པ་རབ་ཏུ་སྤྱོད་པ་མ ་ཡིན། དེ་དག་བཀག་པའི་ཕྱིར། སྤྱོད་པ་ཡང་མ་ཡིན་ནོ།། བླང་བ་དང་དོར་བར་དཔྱོང་བའང་མ་ཡིན་ནོ།། སྤོད་བ་ཡུལ་མིན་ནི་ཡུལ་འགའ་ལ་ཡང་མི་སྐྱེ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེཾ་འི་རླུང་བཞིན་གྱིས་འགྱུ། ་མོར་གྲུབ་པ་ཡི་ནོ།། དེ་མ་ཐག་ཏུ་བྱང་ཆུབ་ཐོབ་པར་བསྟུན་པའི་ཕྱིར་སྟོང་པ་ཉིད་ལ་གནས་ཞེས་བྱ་བ་ལ་སྨོས་དཔེར་ན་མེ་ནི་བུད་ཤིང་ལ་སཽཌ་པ་སྤངས་ནས་སྲེག་པི་བྱ་བ་སྤོང་ངོ་།། ལྷག་མ་མེད་པ་ནི་སྒྲའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་རོ།། དེ་བ ་དུ་བྱང་ཆུབ་སེམས་དཔའི་དེ་གཉིས་སུ་མེད་པའི་སྟོང་པ་ཉིད་ལ་གནས་ཕྱིན་ཅིང་ནི་དུས་ཕྱི་ནས་ཏེ། ཡེ་ཤེས་ཀྱི་མེས་ཉོན་མོངས་བུད་ཤིང་བསྲེགས་པ་སྤངས་ནས་དོན་བྱེད་པ་སྤོང་ངོ་།། ལྷག་མ་མེད་པ་ནི་སྒྲའི་ཐ་སྙད་ཀྱི ་ཡུལ་དང་རྣམ་པར་རྟོགས་པའི་ཡུལ་ལས་འདས་པར་འགྱུརོ་ཞེས་བྱ་བའི་དོན་ཏོ།། ང་ནི་བྱང་ཆུབ་ཐོབ་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་གྱུར་ཞེས་བྱ་བ་ལ་སོགས་པ་སྲས། དེ་ལྟར་གྱུར་པ་ནི་བྱང་ཆུབ་ཐོབ་པ ་རྣལ་འབྱོར་པའོ།། ཀུན་བརྟགས་པ་དང་གཞན་དབང་མེད་པའི་ཕྱིར་ཐོགས་པ་མང་དེ་ཆགས་པ་མེད་པ་ཡིནོ།། རྟོག་པ་མེད་པས་ན་གོས་མ་།། གསལ་བའི་དངོས་པོ་མེད་པའི་ཕྱིར་ཆགས་ཡོད་པ་མ་ཡིན་ནོ།། ཉོན ་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མེད་པས་ཕྱིར་ཡང་འབྱུང་བ་མེད་ཅིང་འབར་བ་མེད་ཅེས་བྱ་བའི་དོན་ཏོ།། འབར་བ་མེད་པས་རྣལ་འབྱོར་པ་ཉོན་མོངས་པའི་བུད་ཤིང་རང་དུ་བྱས་པས་ཞི་བ་ནི་ཐོབ་བ་ནི ་ཐོབ་པའོ།། ཐོབ་པའི་སྒྲ་ནི་ཐམས་ཅད་ལ་སྨྲརོ།། ནཻ་བ་དམ་པ་ལ་གནས་པའི་ཕྱིར་ཉེར་ཞི་ཉིད་དེ། ཉན་ཐོས་ལ་སོགས་པ་ལས་བག་ཆགས་དང་བཅས་པར་ཉོན་མོངས་པ་རབ་ཏུ་སྤྱང་ཧཱ ་ཕྱིར་ཤིན་ཏུ་ཞི་བས་རབ་ཞི་ཉིད་དོ།། གཞན་རྗེ་སུ་གདུང་བ་མེད་པས་ན་བསིལ་བ་ཉིད།། རང་གི་རྒྱུན་མི་སྲེག་པའི་ཕྱིར་གདུང་མེད་ཉིད་དེ།། ནང་ཐམས་ཅད་དང་བྲལ་བའི་ཕྱིར་རིམས་མེད་བརྗོད།། རྡུའི་རྒྱུ ་ཉེས་པ་དང་བྲལ་བའི་ཕྱིར་རྡུལ་མེད་དོ།། རྡུལ་མེད་པ་དེ་ཉིད་ཀྱི་ཕྱིར་དག་པའོ།། གཉིས་སྤངས་པས་ན་གཉིས་མདོ།། འགའ་ལ་ཡང་གནོད་པར་སེམས་པ་མེད་པས་གནོད་བུ་མེད་པ་ཡིནོ།། བདག་གི་ཞེས་བྱར་མེད ་པའི་ཕྱིར་བདག་གི་མེདདོ།། ངར་འཛིན་པ་ཡོངསུ་སྤངས་པས་ན་ངར་འཛིན་མེད་དོ།། དེ་ཉིད་ཀྱི་ཕྱིར་སྲིད་པའི་རྒྱ་མཚོ་ཡང་དག་བརྒལ་ལོ།། གང་གི་བདག་དང་བདག་གི་ནི་འཁོར་བར་གནས་པའི་རྒྱུ་ཡིན་ཞེས་བྱ་བའི ་དོན་ཏོ།། སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར་རྒབ་དང་འཆི་བ་དག་མེདོ།། བདུད་རྩིའི་གོ་ཕངས་ཉིམ་སུ་མྱོངས་བ་གཉིས་མེད་པའི་གོ་འཕངས་ཐོབ་ཅེས་བྱ་བའི་དོན་ཏོ།། ཚུ་ལྔ་དེ་ནི་གཉིས་མེད་པ་སྐྱིང་བ་ཉིད་ཀྱི་ལམ ་ཐོབ་པའོ།། ཐོབ་པར་བྱ་བ་གཞན་མི་དམིག་སོ་ཞེས་བྱ་བའི་དོན་ཏོ།། ང་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་བསྟན་པའི་ཕྱིར། འཁོར་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བྱུང་བ ་གཞན་དུ་བྱས་པའི་འཁོར་བ་དང་བདེ་བ་དང་སྡུག་བསྔལ་གྱིས་ཞེ་སྡང་དང་འདོད་ཆགས་བྱང་ཆུབ་སེམས་དཔའ་འཚང་བ་མ་ཡིན་ཏེ། མི་འཛིན་ཏོ།། གང་གི་ཕྱིར་ཐམས་ཅད་ཞེ་སྡང་འདོད་ཆགས་ལ་བཏང་སྙོམས་སྤྱོད།། འདི་སྐུད་བསྟ། ་པར་འགྱུར་ཏེ། འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ན་མྱ་ངན་ལས་འདས་པ་ལ་མྱུར་དུ་གཞོལ་བ་ཡིན།། ཉོན་མོངས་པའི་བདེ་བ་ལ་ཆགས་པར་གྱུར་ན། འཁོར་བ་ལ་གཅིག་ཏུ་གཞོལ་བར་འགྱུར་རོ།། དེ་ལྟ་བོས་ན་དེ་དག་ལ ་བཏང་སྙོམསསུ་བྱས་ཏེ། མི་གནས་པའི་མྱ་ངན་ལོས་འདས་པ་ལ་སྤྱོད་ཅེས་བྱ་བའི་དོན་ཏོ།། དོན་དེ་ཉིད་བརྟན་པར་བྱ་བའི་ཕྱིར། བལྟོས་དང་བཅས་པ་ཞེས་བྱ་བ་ལ་སོགས་སྨོས་ཏེ། དལྟོས་དང་བཅས་པ་ནི་སྐྱེ་བོ་ཐང་ལ། ་དམིགས་པ་དང་ལྡན་པའོ།། བདེ་བ་དང་སྡུག་བསྔལ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དེ་ཁོ་ན་ཉིད་དུ་མཐོང་ན་འདོད་ཆགས་དང་ཞེ་སྡང་གིས་འཇིག་པ་སྟེ། ཟད་པ་ཐོབ་བོ།། སྟོང་པ་ཉིད་མཐོང་ན་བལྟོས་མེང་པ་མེད་པ་ནི ་བལྟོས་པ་སྤངས་པས་རྟག་ཏུ་འཇིག་པ་མེད་དོ།། དེ་ལྟ་བས་ན་འཇིག་པ་མེད་པ་ནི་ཡུན་རིང་པོ་ནས་བསགས་པའི་ཚོགས་རྣམ་པ་གཉིས་ཀྱིས་མི་འགྱུར་བའི་གོ་འཕང་ཐོབ་པོ།། གང་གི་ཕྱིར་འགྱུར་བ་མེད་པར་བཞུགས་ཏེ་སྒྲའི ་ཐ་སྙད་ཀྱི་བག་ཆགས་ཀྱི་རྣམ་པར་རྟོག་པར་འགྱུར་བའི་སྤྲོས་པ་སྤངས་པས་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ།། མི་གནས་པའི་མྱ་ངན་ལས་འདས་པ་གསལ་བར་བསྟན་པའི་ཕྱིར།། འཇིག་པ་མེད་པའི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ།། གང་གི་ཚེ་འཇིག་པ་མེད་པའི་གནས་ཐོབ་པར་རྣལ་འབྱོར་པ་གྱུར་པ་དེའི་ཚེ། འཁོར་བ་འམ་མྱ་ངན་ལས་འདས་པ་འགའ་ལ་ཡང་གནས་པར་འགྱུར་བ་མ་ཡིན་ནོ།། ་ཅིའི་ཕྱིར་མི་གནས་ཞེ་ན། དབང་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་འཁོར་བར་གནས་ཀྱི་བར་དུ་དབང་ལ་སྒྲིབ་པའི་བག་ཆགས་སྤངས་པས་དབང་ཐོབ་ཁྱབ་བདག་དབང་སྒྱུར་ཕྱིར་མི་གནས་ཞེས་བྱ་བ ་དོན་ཏོ།། ད་ནི་བྱང་ཆུབ་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཐོབ་པའི་ཕྱིར་དབང་ངོ་།། ལུས་དང་ངག་དང་ཡིད་ཐུབ་པས་ན་ཐུབ་པའོ།། ཐེག་པ་གསུམ་གྱིས་འགྲོ་བ་རྣམས་ལ་རྗེས ་སུ་སྟོན་པའི་ཕྱིར་སྟོན་པའོ།། འདུལ་བའི་ཐབས་ཀྱི་ཕྱིར་བརྟུལ་ཞུགས་འཛིན་པས་ན་བྱ་བ་བྱསོ།། གང་དུ་བགྲོད་པར་བྱ་བར་ཕྱིན་པའི་ཕྱིར་དེ་བཞིན་གཤེགས་པའོ།། བླ་ན་མེད་པའི་ལམ་གྱིས་ཕྱིར་མི་ཕྱིན་པའི་ཕྱིར་བདེ་བར ་གཤེགས་པའོ།། ད་ལྟར་གྱུར་པའི་གཉི་སུ་མེད་པའི་ཡེ་ཤེས་དབང་ཕྱུག་རྣམས་འཕྲུལ་སྣང་བའོ།། ད་ནི་སྟོང་པ་ཉིད་ཀྱི་ལམ་གྱི་ཕན་ཡོན་བསྟན་པའི་ཕྱིར། ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པའི་ལམ་མ ་ཐོབ་པས་ན་བྱིས་པའོ།། ཡུལ་ནི་འདོད་ཆགས་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཆགས་པའོ།། སེམས་ནི་མེ་སྦྱངས་པ་སྟེ། མངོན་པར་འདུས་མ་བྱས་པའི་སེམས་ཀྱིས་སྟོང་པ་ཉིད་བསྟན་པ་ཐོས་པ་ཡིས། སྙིང་ནི་གཉིས ་སུ་འགས་པར་འགྱུར་ཞེས་བྱ་བའི་དོན་ཏོ།། རྒྱ་ཆེ་བའི་ཆོས་ཐོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་པའི་རྒྱུ་དང་། བཤེས་གཉེན་བཟང་པོ་བརྟེན་པའི་རྒྱུ་དང་། བྱང་ཆུབ་སེམས་དཔའ་རིགས་ཀྱི་ནུས་པའི་རྒྱུས་ཞེས ་བྱ་བའི་དོན་ཏོ།། གང་དག་ཡང་འབར་བར་བྱེད་པ་ནི་བདག་དང་གཞན་གྱིས་དོན་བསྒྲུབ་པའི་ཕྱིར། བརྩོན་འགྲུས་འབར་བར་བྱེད་པའི་ངང་ཚུལ་ཅན་དེ་རྒྱུ་འདི་དག་གིས་དེ་ལ་སྟོང་པ་ཉིད་བསྟན་པ་ཐོས་པ་ལ་འཇུག་པར་འགྱུར། ་པཔ་ཡིནོ།། དེ་བཞིན་དུ། རྟག་ཏུ་བརྩོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་སྟོང་པ་ཉིད་སྟོན་པ་དང་། ཉན་པ་དང་སེམས་པ་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བརྩོན་པའོ།། དེ་བཞིན་དུ་སྟོང་པ ་ཉིད་བསྒོམ་པ་ལ་སྦྱོར་ལྡན་པ་ཞེས་བྱ་བའི་དོན་ཏོ།། ལམ་འདི་ལ་ནི་རྗེ་སུ་ཞུགས་པས་དེ་རྣལ་འབྱོར་པ་འགའ་ཞིག་ཐེག་པ་ཆེན་པོའི་ལམ་ལ་རྗེ་སུ་ཞུགས་པས་རིང་པོ་མི་ཐོགས་ཆོས་རྣམས་ཀུན་སྟེ། བརྟགས་པ ་རྣམས་དུས་དེ་ཉིད་དུ་བདག་མེད་པ་ནི་རྟོག་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ད་ནི་ཐོས་པ་དང་བསྡམས་པ་ལས་བསྒོམ་པའི་ཁྱད་པར་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ལམ་གྱི ་མཚན་ཉིད་ཐོས་པ་དང་བསམ་པ་ཡང་མ་བསྒོམས་པས་ཚོས་ཉིད་ཐོབ་པར་མི་འགྱུར་ཏེ། གཉི་སུ་མེད་པའི་སྟོང་པ་ཉིད་ཐོབ་པའི་རྒྱུར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། ཆུ་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་ནི་གཞོལ་འགྲོའོ།། ཐོས་པ་དང་ནི་མཐོང་བ་ཡིས་མ་འཐུངས་པར་ཏེ། མ་བྱིན་པར་སྐོམ་པ་ཇི་ལྟར་ཟློག་ཅེས་བྱ་བའི་དོན་ཏོ།། ད་ནི་བསྒོམ་པའི་རིམ་པ་རྣལ ་འབྱོར་པ་ཇི་ལྟ་བུས་བྱ་བ་བསྟན་པའི་ཕྱིར། ཚུལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཕྱིར་ཚུལ་གནས་པའོ།། དམ་པའི་ཆོས་ཐོས་པས་ན་ཤེས་རབ་ལྡན་ནོ།། བསོད་ནམས ་བྱ་བའི་དངོས་པོ་བྱེད་པས་ན་བསོད་ནམས་ཚོགས་ནི་ཡང་དག་བསགསོ།། ཡུལ་རྣམས་ནི་གཟུགས་ལ་སོགས་པ་ལ་དུག་བཞིན་དུ་བལྟ་བའོ།། དེ་བཞིན་དུ་བྱ་བ་བྱས་པའི་ཕྱིར་ལུས་དང་སྲོག་ལ་ཆགས་པ་མེད་འདོད་པ ་སྤངས་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་། ཅི་ལ་ཡང་མངོན་པར་དགའ་མིན་ཏེ། སྲོག་ལ་མངོན་པར་དགའ་མ་ཡིན། ཞེས་གསུང་སོ།། ད་ནི་གང་དུ་གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་གོམས་པས་སྒོམ་ཞེས་བསྟན་པའི་བྱི ་ཁྱིམ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མར་ནི་དང་པོར་ཏེ། ཁྱིམ་སྟེ་རང་གི་གནས་སམ་ནགས་ནི་དགོན་པའོ།། བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཀྱི་གོ་འཕང་ལ་འཇུག་པས་ཏེ་འཇུག་པར ་འདོད་པ་དེས་བདག་མེད་པའི་ཏིང་འཛིན་ལ་དམིགས་པར་བྱའོ།། དེ་ལ་དམིགས་ནས་གང་ཟག་ལ་བདག་མེད་པ་ལ་འཇུག་པར་རོ།། གང་གི་ཕྱིར་བློ་དང་དབང་པོ་དང་ནི་ཡིད་རྣམས་སྤངས།། ལུས་ཀྱི་བྱ་བྱེད་གལ་ཏེ་རང ་དབང་བྱེད་གྱུར་ན། གང་ཚེ་བློ་སོགས་སྤངས་ན་ཆུང་ཟད་ཡོད་མིན་ཏེ། དེའི་ཕྱིར་དངོས་པོ་འདི་དག་ཚོགས་པའི་བདག་ཉིད་ཡིན་ཞེས་བྱེ་བའི་རིགས་པ་འདིས་བདག་མེད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་བདག་གི་རྣམ་པར་རྟོགས།། ་པ་ཟློག་ནས་འཇིག་རྟེན་དོན་ནི་གཙོ་བོར་བྱས། བདག་ཉིད་ཀྱི་དོན་དུའོ།། རང་དོན་ཞར་མཛད་ནི་གཙོ་བློ་མ་ཡིན་པར་བྱས་པའོ།། ཐུགས་རྗེའི་བདག་ནི་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའོ།། འཇིག་རྟེན་དུ་ནི་སེམས་ཅན ་གྱི་འཇིག་རྟེན་དུའོ།། འཁོར་བུ་ལས་འདོན་པའི་ཕྱིར་དང་ཆོས་རྣམས་ནི་བདག་མེད་པ་ལ་བཞུག་པའི་ཕྱིར་རོ།། རང་བཞིན་གསུམ་གྱི་ངོ་བོ་ཉིད། སྐད་ཅིག་ཙམ་ཡང་སྐབས་ལྡན་ན་སྟེ། གནས་སྐབས་ཐོབ་པའོ།། ཁྱིམ ་པར་གྱུར་བྱ་ནཱི་དགོན་པ་ལ་ལྟོས་པ་མེད་པས་ཀྱང་། བསྒོམ་ཞེས་བྱ་བ་ནི་བློས་རྣམ་པར་དཔྱད་ཅེས་བྱ་བའི་དོན་ཏོ།། སྐྱིལ་མོ་ཀྲུང་ནི་བཅས་ནས་སུ་གཡོ་བ་ནི་གཡོ་བའོ།། སྣའི་རྩེ་མོར་ཡིད་བསྡུ་བར་བྱའོ།། འདི་ལྟར་གཞན ་གྱི་དབང་གི་དོ་གཉིས་ཏེ། གཟུང་བ་དང་འཛིན་པའི་ངོ་བོ་རྣམ་པར་སྒྲོ་བཏོགས་པ་ཀུན་བརྟགས་པའི་རང་བཞིན་ནི་ངོ་བོ་གཅིག། ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་ཆོས་ལ་བདག་མེད་པར་གྲུབ་བོ།། ཆོས་ལ་བ། ་མེད་པ་དེ་ཉིད་ཀྱིས་གཞན་དབང་གི་སེམས་ལ་ཡོངསུ་གྲུབ་པའི་རང་བཞིན་ངོ་བོ་གཉིས་པ་གསལ་བར་འགྱུར་རོ།། དེ་ལྟར་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཀུན་བརྟགས་པ་མེད་པ་དང་། གཞན་གྱི ་དབང་སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཉི་དུ་མཐོང་བ་དེའི་ཚེ། ཡོངསུ་གྲུབ་པའི་ཕྱིར་གཉིསུ་མེད་པའི་ཡེ་ཤེས་སེམས་ཅན་གྱི་དོན་གྱི་ཕྱིར་སྒོམ་ཞེས་བྱ་བའི་དོན་ཏོ།། རང་གི་གན་སུ་ཡིད ་ཀྱིས་ཆོས་ལ་དམིགས་ན་རྩེ་གཅིག་པར་མི་འགྱུར་ཏེ།། དེའི་ཕྱིར་སྣའི་རྩེ་མོར་གཏད་བར་བྱའོ།། ང་ནི་དམིགས་པའི་དབང་དུ་བྱས་ནས། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོངས་སྤྱོད་ནི་ཕྱི་རོལ་ལོ།། 1 ་གནས་པ་སྟེ་གཟུགས་ལ་སོགས་པའོ།། དེ་བཞིན་དུ་ཀུན་བརྟགྲིས་པའི་རང་བཞིན་སྣང་བའི་ཕྱིར་བརྫུན་ནི་མི་བདེན་པའི་རང་བཞིན་ཞེས་བྱ་བའི་དོན་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་བསླུ་བ་ནི་ཡུལ་མེད་ཀྱང་དེ་ལ ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ།། ཇི་ལྟར་སྣང་བའི་རང་གི་སེམས་གང་དང་ཡང་གི་མིང་གི་སྣང་བ་དེ་དང་དེའི་མིང་གིས་དམིགས་པ་མདུན་དུ་བྱས་ནས་ནི་སྟེ། དེ་དག་ཉེས་པ་དང་ལྡན་པར་བསྒོམ་པ་ཡིན་ཏེ། ་དམིགས་པ་སྤྱིར་བསྟན་པ་ཡིན་ནོ།། དཱ་ནི་ཁྱད་པར་བསྟན་པར་དམིགས་ཀྱིས་དགར་བའི་ཕྱིར། འདིད་ཆགས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་ཆགས་ལ་ཅན་དེས་འདོད་ཆགས་གནས་ལ་ནི་བུད་མེད་ལ ་སོགས་པ་བརྟེན་གྱི་ངོ་བོ་མདུན་དུ་དམིགས་པར་མི་བྱའོ།། དེ་བཞིན་དུ་སྡང་བ་སྟེ། སྡང་བའི་རྒྱུ་དག་ལ་དམིགས་པར་མི་བྱའོ།། གང་གི་ཕྱིར་ཉེ་བ་དང་ལྡན་པ་ལས་ཞེ་སྡང་དུ་འགྱུར་བའི་ཕྱིར་རོ།། རྨོངས་མི་བྱ་སྟེ། ་གཏི་མུག་བསྐྱེད་པ་མུན་པ་དང་བཅས་པ་རྟོགས་པ་མེད་པ་མེད་པའི་རང་བཞིན་དམིགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། རབ་ཏུ་དགག་པའི་དངོས་པོ་ཉེ་བར་བསྟན་པ་ཚིག་སུ་བཅད་པ་གསུམ་གྱིས་འཆད་དེ། ཆགས་པ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ཅན་གང་ཞིག་ཡང་འདོད་ཆགས་ཀྱི་གནས་ལ་དེ་དང་མཐུན་པར་བུད་མེད་ཀྱི་དངོས་པོ་ལ་སོགས་པ་ལ་གལ་ཏེ་དམིགས་པར་བྱེད་ན། དེའི་ཚེ་འདོད་ཆགས་ཀྱིས་གནོད། ་པར་འགྱུར་རོ།། དེ་བཞིན་དུ་ཞེ་སྡང་ཅན་ལ་སྡང་བས་དང་། རྨོངས་པའི་གཏི་མུག་གིས་ནི་ཉམས། གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤིན་ཏུ་སྟེ། ཕུལ་དུ་བྱུང་བར་ཉོན་མོངས་པ་འཕེལ་བའི་ཕྱིར་ཞེས ་བྱ་བའི་དྲན་ཏོ།། དེ་བཞིན་དུ། ཏིངངེ་འཛིན་ནི་མི་བསྟན་ཕྱིར། ཞེས་བྱ་བ་སྨོས་ཏེ། གང་ཞིག་ཏིང་ངེ་འཛིན་བརྟན་པ་དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ན་ནོད་པར་མི་འགྱུར་རོ།། ཡང་གང་ཞིག་ཏིངངེ་འཛིན་མི ་བརྟན་ཕྱིར་ཏེ་ཞེས། ཐར་པ་མེད་པའི་ཕྱིར་རྣམ་པར་རྟོག་པས་ཉམས་བྱིས་ནས། ཉམས་པའི་སྒྲོ་ནི་དེ་དང་དེས་ཏེ། འདོད་ཆགས་དང་ཞེ་སྡང་ད་གཏི་མུག་ལ་སོགས་པ་ལ་དམྱིགས་པས་རྣལ་མའི་ཏིང་འཛིན་སྤངས ་ནས་གཞན་དག་ཉིད་ནི་འདོད་ཆགས་ལ་སོགས་པའི་གནས་གྱུར་པ་བུད་མེད་ལ་སོགས་པའི་དངོས་པོ་རབ་ཏུ་རྟོག་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་རྨོངས་པའང་ཞེས་བྱ་བ་སྨོས་ཏེ། རྨོངས་པ་ནི་རྨོངས་པའི་བདག ་ཉིང་གང་ཡིན་པའོ།། འདུ་ཤེས་རྨོངས་པའི་ཕྱིར་ནི་རྨོངས་པའི་རྒྱུའི་ཕྱིར་རོ།། རྨོངས་པའི་དངོས་པོ་ནི་རྟོགས་པ་མེད་པའི་རང་བཞིན་གྱིས་རྟེན་ཅིང་འབྱུང་བའི་དངོས་པོ་སྤངས་ནས་གཞན་བདག ་དང་བྱེད་པ་པོ་སེམས་དཔའ་ཡིན།། ཤིན་ཏུ་མུན་ནག་སྨག་ཏུ་ལྷུང་སྟེ་མ་རིག་པའི་མུག་ནག་ཏུ་ཤིན་ཏུ་ལྷུང་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བ་བཞིན་དུ་དམིགས་པར་བྱ་བ་དེ་བཞིན་དུ་རིགས་པ་བསྟན་པའི་ཕྱིར།། མཁས་པ་ཞེས་བྱ། ་བ་ལ་སོགས་པ་སྨོས་ཏེ།། མཁས་པ་ནི་བློ་ལྡན་ནོ།། དམིགས་པའི་གནས་ནི་བུད་མེད་ལ་སོགས་པའོ།། བཟློག་ནི་གཉེན་པོ་ཡིད་ལ་བྱ་བའོ།། ཉོན་མོངས་ཆུང་ཟད་གོམས་པའི་ས་འདོད་ཆགས་ལ་སོགས་པའི་ཁྱད་པར ་འཕེལ་བར་འགྱུར་བ་ཡིནོ།། ཇི་ལྟ་བུ་ཞེ་ནི།། མེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། སྣུམ་ནི་མར་གྱི་ཐིགས་པ་སྟེ་ཉུང་ངུ་ཡིས་ཀྱང་མི་འབར་ཞེས་འཕེལ་བར་བྱེད་པ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ།། ཏིང་ངེ ་འཛིན་གྱི་སྟོབས་ལེགས་པར་ཐོབ་པས་ཕྱིས་འདོད་ཆགས་ལ་སོགས་པའི་གནས་ལ་མངོན་པར་ཕྱོགས་པར་བྱས་ནས་སྤོང་བ་བསྟན་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། དཔེར་ན་མཚོན་ཆའི་ཐབས ་ལེགས་པར་བསླབས་པའི་མཁས་པ་དཔའ་བོ་སྟེ།། གཡུལ་ངོར་སྟེ་གཡུལ་གྱི་ནང་དུ་དགྲ་བོ་རྣམས་རྟག་པ་དེ་བཞིན་དུ་རྣལ་འབྱོར་པའི་ཏིང་འཛིན་བསྟན་པའི་ཕྱིར།། སྦྱོར་བ་ལོགས་པར་བྱས་པས། འདོད་ཆགས ་ལ་སོགས་པའི་གནས་དཔའ་བའི་ངགྲ་ལས་ཏེ་དགྲ་ལས་ཏེ་དགྲ་གཞན་བཞིན་དུ་ཐབས་བདེ་བས་སྒྲུབ་པར་མི་ནུས་པ་ལ་བསྣུན་པར་བྱ་ཞེས་བྱ་བའི་དོན་ཏོ།། འདི་ནི་ལུང་གི་ཚད་མ་ཡིན་ཏེ། མ་ལུས་ཞེས་བྱ་བ་ལ་སོགས ་བྱ་སྨོས་ཏེ། གང་ཞིག་དེ་ཁོ་ན་ཉིད་གཉིས་མེད་པའི་ཡེ་ཤེས་མྱ་ལུས་པ་གཟིགས་པ་སངས་རྒྱས་བཅོམ་ལྡན་འདས་དེས་གསུངས་ཏེ་བཀའ་སྩལ་ཏོ།། འདི་ལྟར་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ།། ་སོགས་པཱ་སྨོས་པས་ནི་ཤེས་བྱ་སྟེ་གཟུགས་ལ་སོགས་པའོ།། འདི་ལྟར་དེ་ཁོ་ན་ཉིད་ཀྱི་གོགསུ་གྱུར་པའི་ཕྱིར་སྒྲིབ་པའོ།། དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས། དེ་དག་ཉིད་ནི་སྤང་བབྱར་བྱ། ཞེས་སྨོས་ཏེ། ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཞིམ་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཞི་གནས་བརྟན་པས་ལྷག་མཐོང་ལ་འཇུག་པར་བྱ་བའི་ཕྱིར། བརྟགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་དེ་མ་ཐག་ཏུ ་རྣལ་འབྱོར་པས་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངསུ་གྲུབ་པའི་ངོ་བོ་སེམས་ཀྱི་སྣང་བ་དེ་དག་གསུམ་ཐོས་པའི་ཤེས་རབ་ཀྱིས་དམིགས་པར་བྱའོ།། དོན་འཛིན་ནི་ཀུན་བརྟགས་པའི་དངོས་པོའོ།། ངོན ་དུ་ངེས་སྣང་ནི་གཞན་གྱི་དབང་གི་ངོ་བོའོ།། དོན་རྣམས་སྟོང་པ་ཉིད་ནི་ཡོངསུ་གྲུབ་པའི་ངོ་བོའོ།། ད་ནི་བསམ་པའི་ཤེས་རབ་ཀྱིས་དབྱེ་བ་ངེས་པར་ཡང་བསོམ་བྱ་སྟེ། འདྲེས་པ་ལ་དམིགས་པར་བྱའོ།། བསྒོམ ་པའི་རང་བཞིན་གྱི་ཤེས་རབ་བརྟགས་པའི་དྲི་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་དོན་པའི་རང་བཞིན་ཡོངསུ་གྲུབ་པ་སྒོམ་པ་བསམ་གྱིས་མི་ཁྱབ་པ་བ་སམྦྷ་པར་བྱ་བ ་ནི་འབའ་ཞིག་པ་སེམས་པའོ།། ད་ནི་བརྟགས་པའི་དོན་བསམ་པར་བྱ་བའི་ཕྱིར།། གང་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྣང་དེ་ནི་རྣམ་པར་རྟོགས་པས་བརྟགས་པ་རང་བཞིན་གྱི་སེམས་དེ་ཉིད་མིན་ཏེ་དོན་དམ། ་མཐོང་བ་མེད་དོ།། གང་ཞིག་མ་མཐོང་བ་ནི་ཡོངསུ་གྲུབ་པའི་རང་བཞིན་གྱི་སེམས་སོ།། དེ་དེ་བཞིན་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་ཏོ།། དཔེར་ན་རབ་རིབ་ཀྱིས་འཁྲུལ་པའི་མིག་གིས་སྐྲ་ཤད་མེད་པ་ལ་སྐ་ཤད་དུ ་མཐོང་བ་དེ་བཞིན་དུའོ།། ཇི་སྐད་བསྟན་པ་དེ་ཉིད་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་མ་གྲུབ་པས་ན་མི་དབེན་པ་བརྟགས་པའི་དངོས་པོ་མཐོང་ངོ་།། དེ་བཞིན་དུ་ཀུན་བརྟགས ་པ་འཁྲུལ་པ་ཙམ་ནི་དངོས་པོའོ།། རྒྱུ་མཚན་མེད་པ་ཞེས་བྱ་བ་ནི་རྒྱུ་མཚན་ཡོད་པ་མ་ཡིན་པའོ།། མཚན་མར་ཡང་སྟེ་རྒྱུ་དང་རྐྱེན་ལས་སྐྱེས་པའོ།། མཚན་མས་བཅོམ་པ་ནི་བགྲ་ཆགས་ཀྱིས་བཅོམ་པའོ།། བག ་ཆགས་ཀྱིས་ཡུན་རིང་པོ་སྟེ་དུས་ཐམས་ཅད་དུ་མཐོང་ཞེས་བྱ་བའི་དོན་ཏོ།། ང་ནི་གཞན་གྱི་རྒྱུད་ལ་འཁྲུལ་པར་བསྟན་པའི་ཕྱིར། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་མ་ནི་ངོ་མཚར་རོ།། འཇིག་རྟེན་པའི ་མིག་བརྫུན་པའི་དབང་གིས་འཁྲུལ་པ་ཡིན། གང་གི་སཱ་རིའི་རྩེ་མོར་སྐུ་མེད་པ་མཐོང་ཞིང་།། རགས་པའི་རི་བོ་མཐོང་མ་ཡིན། དེ་བཞིན་དུ་མི་སྣང་བའི་ངོ་བོ་ཀུན་བརྟགས་པ་མཐོང་།། རྣམ་པར་རིག་པ་ཙམ་མངོན ་སུམ་གྱིས་གྲུབ་པ་ནི་མི་མཐོང་ཞེས་བྱ་བའི་དོན་ཏོ།། ཕྱིའི་དོན་དུ་སྨྲ་བའི་རྒྱུ་མཚན་ཕོག་པ་ལུ་བཞང་གང་དུ་བྱ་བའི་ཕྱིར། སྐྲ་ཉག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་ཉུག་མུ་ཏིག་ཤིན་ཏུ་ཕྲ་བ་ལ། དེ་དག་ལ ་གང་གིས་ཕོག་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུར་གྱུར་པ་ཞིག་ཅེ་ནི། འགྲོ་ན་འཕོང་རྐྱེ་ནི་འགྲོ་བ་ན་འཕོང་རྐྱེན་པ་བསྟེན་པ་གྲང་ལ་ཡོད་པ་ནི་འགྲོ་ན་འཕོང་རྒྱནོ།། མཚན་མ་ལ་ཕོག་ནི་ཕྱིའི་དོན་ལ་རབ་ཏུ་ཕོག ་བས་གཉིས་པོ་ཡང་རྐྱེན་མ་ཡིན་ཏེ། ཕམ་པར་བྱས་ཞེས་བྱ་བའི་དོན་ཏོ།། འདི་སྐད་བསྟན་པར་འགྱུར་ཏེ། སྒྲ་དང་མུ་ཏིག་ནི་མངོན་སུམ་གྱི་ཡུལ་ཡིན་ལ། ཕྱིའི་དོན་མངོན་སུམ་ལས་འདས་པ་ལ་ཡང་རབ ་ཏུ་ཕོག་པའི་ཕྱིར། དེ་གཉིས་ལས་དེ་དག་རྐྱེན་ཡིན་ཞེས་བྱ་བའི་དོན་ཏོ།། ཇི་སྐད་དུ་བསྟན་པའི་དོན་དེ་ཉིད་རྒྱུན་དང་བཅས་པ་སྤོང་བྱར་བསྟན་པའི་ཕྱིར། དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་དུ ་ལྟ་བ་ནི་ཕྱིའི་དངོས་པོར་བལྟ་བས་ཐམས་ཅད་ཀུན་བརྟགས་པ་ཁོ་ནའི་དོན་ནི་གསལ་བསལ་བར་སྣང་། སྣང་བ་ནི་རབ་ཏུ་སྣང་བའོ།། རླུང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གིས་བསྐྱོད་པ་ནི་རབ་ཏུ ་བུ་སྐྱོང་པའོ།། དཔའ་ཚོགས་ནི་དཔའ་རླབས་ཀྱི་ཚོགས་གུང་ལ་ཡོད་པའོ།། དེ་ཉིད་ཀྱི་དཔེ་ནི་གར་མཁན་སྟེ་གར་བྱེད་པ་ལ་ཞུགས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། རི་དྭགས་ཆུ་བཞིན ་ནི་རི་དགས་ཆུ་འདོད་པ་བཞིན།། རྫིང་བུ་ལ་སོགས་པ་ནི་གནས་པའི་ཆུའི་དངོས་པོ་ཡོད་པ་ཉེ་བར་གནས་པ་ནི་ཡང་དག་པའི་ཤེས་པས་བརྟགས་པ་མི་སྣང་བ་ཞེས་བྱ་བའི་དོན་དེ་ཉིད་ཀྱི་དོན་གཞན་དགོད་པ ་བསྟན་པ་ནི་ཡང་དག་པ་མ་ཡིན་བརྟགས་པར་ལྷུང་ནི་དེ་ཁོ་ན་ཉིད་མ་མཐོང་བའོ།། འབང་མེད་ནི་འབད་པ་དང་བྲལ་བས་ཕལ་ཆེ་ནི་ཕལ་ཆེར་རོ།། ཡང་དག་ནི་བདེན་པ་མི་བདེན་ཅེས་བྱ་བའི་དོན་ཏོ།། འདི་སྐད་དུ ་བསྟན་པར་འགྱུར་ཏེ། རྣམ་པར་རིག་པ་ཙམ་ཡང་དག་པ་ཡོངསུ་སྤངས་ནས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་ལ་བ་དངོས་པོར་མངོན་པར་ཞེན་ཏོ།། ང་ནི་གཞན་གྱི་དབང་དང་ཡོངསུ་གྲུབ་པ་བསམ་པའི ་ཤེས་རབ་ཀྱིས་རྣམ་པར་དབྱུང་བ་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀུན་བརྟགས་པའི་རྣམ་པར་སྐྱེ་སྟེ། དེ་ལ་བརྟགས་པའི་བདག་ཉིད་ནི་དངོས་པོ་མེད་དོ།། གང་གི་ཚེ། ་རྣལ་འབྱོར་པ་དེ་ལྟར་སེམས་པ་དེའི་ཚེ། འདི་ལྟར་རྨི་ལམ་དུ་དོན་དུ་སྣང་བ་ཡོད་པ་དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ།། དེ་བཞིན་དུ་ཕྱིའི་དོན་གྱི་རྒྱུ་མཚན་གྱི་བག་ཆགས་ཡིན།། ཀུན་བརྟགས་མེད་པས་གཞན། ་གྱི་དབང་། དེ་ནས་སེམས་ཀྱི་ཐོབ་པ་ཡིན་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ། ཉོན་མོངས་མེད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་ཡོངསུ་གྲུབ་པ་ཡོངསུ་རྫོགས་པའི་ས་དང་ཉེ་སྟེ། ས་མ་ཐོབ་པ་དེ་སྲིད ་དུ་ས་བདུན་པའི་བར་དུ་གཞན་གྱི་དབང་གི་རང་བཞིན་དོན་གྱི་རྣམ་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་སྣང་ཞེས་བྱ་བའི་དོན་ཏོ།། གང་གི་ཆུས་བརྒྱུད་པ་ཐུབ་པ་དེའི་ཚེ། ཡོང་སུ་རྫོགས་པ་གང་ཐོབ་པ།། རྣམ་པར ་མི་རྟོགས་པ་ལ་གུ་ནས།། ཞེས་བྱ་བའི་དོན་ཏོ།། དེ་ཡང་ནི་ཡོངསུ་གྲུབ་པའི་ངོ་བོ།། སེམས་བློ་ལྡན་གྱིས་མཐོང་ནས་གཞན་གྱི་དངོས་པོ་ལ་འཇུག་མ་ཡིན་ཏེ། གཞན་གྱི་ངོ་བོ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ།། གང་གི ་ཀུན་བརྟགས་པའི་རང་བཞིན་ཤིན་ཏུ་མེད་པའི་ཕྱི་རེ། དེ་ཉིད་ནི་དེའི་བདག་ཉིད་གླན་བརྟགས་པོའི་རང་བཞིན་མི་འཇུག་ཅེས་བྱ་བའི་དོན་ཏོ།། བརྫུན་པར་ཞེས་བྱ་བ་ལྔ་སོགས་པ་སྨོས་ཏེ། གལ་ཏཽ་བཱརྡྷ་ནུ་པའི་བདུག་ཉི ་མཐོང་བས་ཡང་སྟེ། ཀུནྡ་བརྟགས་པའི་རང་བཞིན་དེ་བཞིན་དུ་སྡུ་ག་ཉིད་དང་ནཱ་པ་དྨོ་ཏིང་བསྟན་པ་དེའི་ཚེ་རྨི་ལམ་བཞིན་དུ་བསམ་མོ།། འདི་ལྟར་རྨི་ལམ་གྱི་གཟུང་བ་དང་འཛིན་པ་ཡོད་མོད་ཀྱི་དེ་ཁོ་ན་ཉིད་མ་ཡིན་ཏེ། དེ་བཞིནོ་། ་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར། རྨི་ལམ་ལྟ་བུར་ངེས་ཞེས་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྨི་ལམ་དང་ཆོས་མཐུན་པར་དོན་མཐོང་བ་དེའི་ཚེ། བརྫུན་པའི་བདག་ཉིད་ནི་ཀུན་བརྟགས་པའི་རང་བཞིན་དེའི། ་སེམས་སྐད་ཅིག་གཅིག་ལ་སྣང་མ་ཡིན་ཏེ། ཡོངསུ་གྲུབ་པའི་རང་བཞིན་གསལ་བར་མི་སྣང་ངོ་།། གང་གི་ཕྱིར། གཉེན་པོ་ཡིས་ནི་དགག་ཕྱིརརོ།། ཞེས་སྨོས་ཏེ། གཉེན་པོ་རྨི་ལམ་གྱིས ་དཔེས་ཀུན་བརྟགས་པའི་ཕྱིར་རོ།། ད་ནི་མཐའ་གཉིས་དང་བྲལ་བའི་ལམ་བསྟན་པའི་ཕྱིར།། སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ནི་སྔར་བསྟན་པའི་རིགས་པའོ།། སྙིང་པོ་འཛིན་པ་ནི་ཡོངསུ་གྲུབ་པའི་རང ་བཞིན་གྱི་སྙིང་པོ་འཛིན་པའི་རྣལ་འབྱོར་པས་གལ་ཏེ་མེད་པའི་མཐའ་ལ་རེག་ན་མེད་པའི་རྣམ་པར་རྟོགས་པའི་གཡེང་བས་སེམས་ཀྱིས་རན་དེའི་ངེས་དེ་བཞིན་ཉིད་ལ་ཤིན་ཏུ་དམིགས་ཏེ། གཉིསུ་མེད་པའི་ཡེ་ཤེས་བྱ ་རང་བཞིན་ལ་དམིགས་པར་བྱ་སྟེ། དེའི་དུས་ཐམས་ཅད་དུ་ཡོད་པའི་ཕྱིརརོ།། གཞན་དུ་ན་སྐུར་པ་འདེབས་པའི་ལྟ་བར་འགྱུར་རོ།། འོན་ཏེ་ཡོད་པའི་མཐའ་ནི་ཡོད་པའི་རྣམ་པར་རྟོག་པའི་གཡེང་བས་གལ་ཏེ་སེམས ་ཀྱིས་རེག་ན་དེའི་ཚེ་དེ་ནི་སྤངས་པའི་དོན་ཕྱིར་ཡང་སྟོང་པ་ཉིད་ཤིན་ཏུ་དམིགས་པར་བྱ། གང་གི་ཕྱིར་སྣ་ཚོགས་ནི་དངོས་པོ་དང་དངོས་པོ་མེད་པའི་ལྟ་བའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟོང ་བ་ཉིད་བསྟན་ཏོ།། འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་གང་ཚད་མེད་ཡོངསུ་མ་བཅད་པ་དེ་དགག་པའི་སྟོང་པ་ཉིད་བསྟན་པ་ཡིན་གྱི་གཉིས་མེད་པའི་སེམས་ནི་མ་ཡིན་ཏེ། དེ་དངོས་པོ་དང་དངོས་པོ་མེད་པར་མཚོན།། ་ཏུ་མེད་པའི་ཕྱིར་རྟག་ཏུ་དབུ་མའི་ལམ་གྱི་རང་བཞིན་དུ་གནས་པའི་ཕྱིར་རོ།། དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། རྡོ་རྗེ་སྦྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འགའ་ཞིག་ལྷ་མ་ཡིན་གྱི་ཁང་པའི་སྒོ་རྡོ་རྗེ་སྦྱིན་གྱིས ་ཉེ་བར་བྱུགས་པ་ནས་ཕྱོགས་གཉིས་མ་རེག་པར་ཞུགས་པ་དེ་བཞིན་དུ་རྣལ་འབྱོར་པ་ཡོད་པ་དང་མེད་པར་མི་རྟོག་པས་རྣམ་རིག་ནི་གཉིསུ་མེད་པ་སྟོང་པ་ཉིད་ལ་འཇུག་གོ།། དེ་བཞིན་དུ་འདི་ལྟར་ལྷ་མ་ཡིན་གྱི ་ཁང་པར་འགའ་ཞིག་ཞུགས་པ་ན་གལ་ཏེ་ཕྱོགས་གཉིས་ལས་གང་ཡང་རུང་བ་ཞིག་རེག་ན། དེའི་ཚེ་རྡོ་རྗེ་སྦྱིན་གྱིས་གཟུང་བས་ནི་དེའི་ལུས་ནི་སྲེགས་པར་འགྱུར་ཏེ། ལུས་སྲེག་ན་དུས་ནམ་ཡང་འཇུག ་པར་མི་འགྱུར་རོ།། དེ་བཞིན་དུ་རྣལ་འབྱོར་པ་ཡོད་པ་རང་མེད་པ་གཉིས་གང་ཡང་རུང་བ་གཅིག་མཐའ་ལ་རིག་ན་རྣམ་པར་རིག་པ་ཙམ་ལ་མ་འཇུག་ཅེས་བྱ་བའི་དོན་ཏོ།། ད་ནི་ཀུན་བརྟགས་པ་དང་གཞན ་གྱི་དབང་མཐོང་བའི་མཚན་མ་བསྟན་པའི་ཕྱིར། སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བ་ཐོབ་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐོབ་པའི་རྣལ་འབྱོར་པས་དེའི་རྟགས་ནི་མཚན་མ་སྟེ། མེད་ན་མི་འབྱུང་བར་ཤེ ་པར་བྱའོ།། གང་དང་མིན་མི་འབྱུང་ཞེ་ན། དངོས་གྲུབ་དང་ངོ་།། ཇི་ལྟར་ཀུན་བརྟགས་པ་དང་གཞིན་གྱི་དབང་གཟུང་བ་ལོག་པས་ཡོངསུ་གྲུབ་པའི་རང་བཞིན་མངོན་སུམ་དུ་བྱེད་དེ། དེ་བཞིན་དུ་གྱུར་པའི་དངོས་གྲུབ ་དང་མེད་བནྡྷ་མི་འབྱུང་བའི་བརྟགས་དེ་དག་ན་རྣལ་འབྱོར་པས་ཤེས་པར་བྱའོ།། ཇི་ལྟ་བུ་ཞེ་ན། དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེས་སྒྲུབ་པར་ཕྱིར་དྲ་བ་མི་འཁྲུལ་པ་ལྟར་འདི་བཞིན ་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་དང་པོའི་ཚིགསུ་བཅད་པ་གསུམ་གྱིས་ཀུན་བརྟགས་ཀྱི་རྟགས་བསྟན་པའི་ཕྱིར་ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཀུན་ཏུ་བརྟགས་པའི་གཟུང་བ་སྤངས་པ་མེད་པར ་ས་པའི་ཕྱིར་རོ།། མི་གསལ་བའི་རི་མོ་བཞིན་ནི་བསམ་གཏན་ལ་གནས་པའི་རྣལ་འབྱོར་པ་འབའ་ཞིག་མ་ཡིན་གྱི་ཇི་སྲིད་བསམ་གཏན་ལས་ནི་ལངས་པ་ཡིས་གང་འགྲོ་བ་ཐམས་ཅད་མི་གསལ་སྣང་ཞེས་བྱ་བའི་དོན་ཏོ། ་གལ་ཏེ་སྣང་བའི་དངོས་པོ་དངོས་པོ་མེད་པ་ཡིན་ན་ཇི་ལྟར་སྣང་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདི་དག་ནི་ཀུན་བརྟགས་པ་རྟག་ཏུ་དངོས་མེད་པ་སྣང་བ་དངོས་པོ་མེད་པ་ཏུ་བཱི་དན་ཏོནན་ཡང་ཇི་ལྟ་བུར་གྱུར་པར་འགྲོ་བ་མཐོང ་ཟད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤིང་ཟད་པ་ལ་སོགས་པ་དོན་བྱ་བ་འགའ་ཡང་མི་བྱེད་ཅིང་མི་དགོས་པ་དེ་བཞིན་དུ་མཐོ་ངོ་མཐོང་བ་ཞེས་བྱ་བ་ཐ་དུ་སྦྱོར་རོ།། རྙིངས་པ་ལྟ་བུ་ནི་འདི་ལྟར་སྣམ་བུ་ལ་སོགས ་བཔ་བགོ་བ་ལ་སོགས་པའི་བྱ་བ་མི་བྱེད་པ་དེ་བཞིན་ནོ།། གཞན་ཡང་ཀུན་ཏུ་ཞིགས་པ་ལྟ་བུ་ཕྱོགས་ཐམས་ཅད་ནས་རྙིངས་པའི་ཁང་པ་ལྟ་བུའོ།། གྲོང་སྟོང་ལྟ་བུར་སྐྱེ་བོས་དབེན་པའོ།། དགའ་བ་མེད་པ་ནི་དགའ་བ་ནི་དགྲ ་བའོ།། དེ་མེད་པའི་ཕྱིར་དགའ་བ་མེད་པའོ།། ཚད་མའི་རྟེན་མེད་པ་ནི་རྟེན་མེ་དོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། འདི་ལྟར་འདི་དག་དངོས་པོ་མྱེད་པར་ཡང་མཐོང་བས་འགྲོ་བ་འདི་དག་ཀྱང་དེ་བཞིན་ཞེས་བྱ་བའི་དོན་ཏེ།། ་སྒྲ་ལས་བྱུང་བའི་འགྲོ་བ་ལ་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། ཇི་ལྟ་བུ་ཞེ་ན། ཅི་རི་བཞིན་ཏེ་འཁོར་ལྀ་ཞེས་བྱ་བའི་སོགས་ཆགས་ཀྱི་བྱེ་བྲགོ། དེ་སྒྲ་འདོན་པ་ལ་ཐོས་པ་རྣམས་སྐྱོ་བ་སྐྱེའོ།། འགྲོ་བ་ཡང་དེ་བཞིན།། བདོག་ཅེས་བྱ་བ། ་སྨོས་ཏེ། གཞན་ཡང་དེ་ལས་ཐ་དད་པོའི་ཀུན་བརྟགས་པའི་ཆོས་མེད་པས་ན་བདག་མེད་དོ།། གང་གིས་ཕྱིར་ཐ་དད་པ་ཡོད་ན་ནི་བདག་ཡོད་ན་འདི་ལྟར་ཐ་དད་པའི་རྒྱུ་སོ་དྲུག་པ་ཡིནོ།། བདག་གི་ངོ་བོ་མེད་ན་བདག་གི་བ ་ཡང་མེད་དོ།། བརྗོད་པར་བྱ་བའི་དོན་མེད་པས་ན་མིང་ཙམ་འབའ་ཞིག་ཁོ་ནའོ།། ད་ནི་གཞན་གྱི་དབང་གི་རྟགས་ཚོགས་བཅུད་པ་གཉིས་ཀྱིས་བསྟན་པའི་ཕྱིར།། གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར ་བཀུན་བརྟགས་པའི་རང་བཞིན་གྱི་བདག་ཉིད་དུ་འགྲོ་བ་མཐོང་བ་ལ་ད་ནི་གཞན་གྱི་དབང་གི་རང་བཞིན་དེ་ཉིད་འགྲོ་བ་མཐོང་ཞེས་བྱ་བར་འབྲེལ་ཏོ།། འགྲོ་བ་ཇི་ལྟ་བུར་གྱུར་པོ་ཞིག་ཅེ་ན།། རང་སེམས་ཞེས ་བྱ་བ་སྨོས་ཏེ། ཤིང་རྟ་ལྟ་བུ་རང་གི་སེམས་གང་ཡིན་པ་དེ་ལ་ཞོན་པ་སྟེ། གང་གི་ཕྱིར་སེམས་ལས་མ་གཏོགས་པར་ཕྱིའི་དོན་མི་དམིགས་པའི་ཕྱིར་བདག་གི་ནང་དུ་ཞུགས་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ།། གན ་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་འཕྲུལ་ལས་བྱུང་བའི་གླང་པོ་ལ་སོགས་པ་དེ་བཞིན་དུ་དེ་དག་སྣང་ངོ་།། དེ་ཉིད་ཁོ་ན་འཁྲུལ་པ་ཙམ་དེ། དངོས ་བོའི་རང་བཞི་ནི་མ་ཡིན་ཏེ། དེ་བཞིན་དུ་མ་ལུས་མུན་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མུན་པས་ཁྱབ་པའི་རི་མ་མི་གསལ་བ་དེ་བཞིན་དུ་ཀུན་བརྟགས་པ་དང་གཞན་གྱི་དབང་མ་ལུས་པར་མཐོང་ཞེས་བྱ་བའི་དོན ་ཏོ། གཞན་ཡང་འགྲོ་བ་དེ་དག་ཇི་ལྟར་མཐོང་བ་ཚིགསུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར།། བགོ་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཆགས་དང་བཅས་པར་ཀུན་ཏུ་བརྟགས་པའི་བགས་ཚོགས་རི ་མོ་དང་འདྲ་བས་ཐད་བྲིས་པ་ལྟ་འུརུ་སྟེ་བྲིས་པ་ལྟ་བུ་རུའོ།། ཉོན་མོངས་པ་ཉིད་ཀྱི་ཁྱབ་པར་ཏེ། ཉོན་མོངས་པའི་བག་ཆགས་ཀྱིས་མངོན་པར་ཁྱབ་པས་མཚོན་པ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཤིང་རྟིའི་འཁོར་ལོ་ལྟ་བུར ་འཁོར་ཞེས་བྱ་བའི་དོན་ཏོ།། རྨི་ལམ་གསལ་སང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་རྨི་ལམ་ཤིན་ཏུ་གསལ་བར་མཚན་ཉིད་དང་མཚོན་ཉིད་ཅན་དུ་ལྡན་པར་སྣང་བ་སད་པའི་དུས་ན་དེ་དག ་ཐམས་ཅད་མེད་པར་འགྱུརརོ།། དེ་དེ་བཞིནོ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཇི་ལྟ་བུར་གྱུར་པ་འགྲོ་བ་སྣང་ཞེ་ན། མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མིག་འཕྲུལ་གྱི་སྤྲུལ་པའི་གླང་པོ་ལགྲོ་ཁྲི་། ་མཐོང་བ་སྐད་ཅིག་དེ་ཉིད་ལ་སླར་མི་སྣང་ངོ་།། འགྲོ་བ་དེ་བཞིནོ་ཞེས་བྱ་བའི་དོན་ཏོ།། ད་ནི་ཡོངསུ་གྲུབ་པའི་རྟགས་བསྟན་པའི་ཕྱིར་འགྲོ་བ་དེ་ཉིད་རྣལ་འབྱོར་པས་ཇི་ལྟ་བ་བཞིན་དུ་མཐོང་བ་བསྟན་པའི་ཕྱིར།། ཡོངས ་གྲུབ་པ་ཤེས་པ་ན། ཞེས་བྱ་བ་སྨོས་ཏེ། ཡོངསུ་གྲུབ་པའི་རང་བཞིན་ཉིད་ཤེས་པའི་རྣལ་འབྱོར་པས་འགྲོ་བ་ཇི་ལྟ་བུར་མཐོང་ཞེ་ན། ཆ་ཤས་མེད་ཅིང་ཞེས་བྱ་བ་སྨོས་ཏེ།། ཀུན་བརྟགས་པའི་དངོས་པོ་མེད་པའི་ཕྱིར་ཆ་ཤས ་མེད་དོ།། ཐོག་མཐའ་མེད་པ་ནི་སྔར་བཤད་པའོ།། རྣམ་པ་དང་བྲལ་བའི་ཕྱིར་རྣམ་པ་མེད་ཅིང་ངོ་།། ཐམས་ཅད་དུ་ཆགས་པ་མེད་པའི་ཕྱིར་གཟུང་དུ་མེད་དོ།། ཉོན་མོངས་པ་སྤངས་པར་གྱུར་ཅིང་སྐྱོ་བ་དང་འཚེ་བ་ལོག་པར ་གྱུར་པས་ན་སྐྱོ་མེད་འཚེ་བ་ཡོད་མི་ནོ།། དབྱིབས་མེད་པའི་ཕྱིར་རིང་པོ་མ་ཡིན་ཟླུམ་པོ་མི་ནོ།། གཞན་ཡང་ཉི་མས་མུན་པ་བསལ་བ་གང་ལ་ཡོད་པ་དེ་ནི་ཉི་མས་མུན་པ་བསལ་བ་གང་ལ་ཡོད་པ་དེ་ནི་ཉི་མས་མུན་པ ་བསལ་བའོ།། ནམ་མཁའ་ལྟ་བུར་དྲི་མ་མེད་དེ་དྲི་མ་སྤངས་པ་ཡིན་ནོ།། གཞན་ཡང་མཉམ་ཉིད་ཆོས་ནི་རྟོགས་པའི་ཕྱིར།། ཐམས་ཅད་མི་མཉམ་པ་དང་མཉམ།། ཞེས་བྱ་བ་སྨོས་ཏེ། མཉམ་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དོ།། དེ ་རྟོགས་པ་ནི་མཉམ་ཉིད་ཆོས་རྟོགས་པའོ།། མཉམ་ཉིད་ཆོས་རྟོགས་པའི་རྒྱུ་དེ་བས་ན་ཡང་འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་ཡིན་གྱི་མི་མཉམ་པར་མཐོང་བ་ནི་མ་ཡིན་ནོ།། བསམ་གཏན་ལས་ལངས་པ ་དེས་ཇི་ལྟར་དྭེ་དགྲ་མཐོང་ཞེ་ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་དེས་ཀུན་རྫོབ་ཏུ་སྟེ། འཇིག་རྟེན་གྱི་ཐ་སྙད་དུ་ཆོས་འདི་སྣང་སྟེ། ཀུན་བརྟགས་པའི་ཆོས་ངེས་མཐོང་བ ་གྱུར་པ་ཡིནོ།། དམ་པའི་དོན་དུ་སྣང་མ་ཡིན་ཏེ་ཡོངསུ་གྲུབ་པའི་རང་བཞིན་དུ་གནས་པས་ཆོས་ཉིད་མཐོང་བ་མ་ཡིན་ཏེ། དེ་དག་ཀུན་བརྟགས་པ་ཉིད་ཀྱིས་ནི་དབེན་པ་མ་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་ན་ཀུན་རྫོབ་ཏུ་ཡོད ་པའི་ཆོས་རྣམས་མཐོང་བ་དེ་ལྟ་ཡིན་ཀུན་བརྟགས་པའི་ཆོས་རྣམས་ཡོད་པར་གྱུར་པར་ཁས་བླང་བར་བྱའོ།། རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཞེས་བྱ་བའི་དངོས་པོ་ནི་ཆུང་ཟད་ཀྱང ་མེད་དེ།། གང་གི་ཕྱིར་ཀུན་བརྟགས་པའི་ཆོས་རྣམས་ཡོད་པ་ཉིད་དུ་གྲུབ་པར་འགྱུར་བའི་ཕྱིར་རོ།། སྒྲ་དང་རྣམ་པར་རྟོག་ལ་ནི་ཀུན་རྫོབ་ཞེས་བྱ་སྟེ། འདི་ལྟར་བློས་བརྗོད་པར་འདོད་པའི་དོན་སྒྲས་བསྟན་པ ་དེ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་དོ།། སྒྲ་དང་རྣམ་པར་རྟོགས་པ་དེས་ཀྱང་བུམ་པ་ལ་སོགས་པ་དོན་གྱིས་རྣམ་པ་བསྐྱེད་པར་འགྱུར་བ་ཡིནོ།། དེ་ཉིད་ཀྱིས་རྣམ་པར་རྟོགས་པ་བློ་དང་སྒྲ་དང་འབྲེལ་པ་དོན་དུམ་པའི ་བདེན་པ་ལ་བརྟེན་པ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་བཟློག་པར་གྱུར་པ་ཡིན།། ཞེས་བྱ་བའི་དོན་ཏོ།། དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིང་གིས་བསྟན་དེའང་ནི་དོན་དམ། ་པ་ཉིད་དོ།། གཞན་རྟོགས་པའི་ཆེད་དུ་སྒྲས་དོན་བ་ཡིན་ནོ།། ཞེས་བསྟན་པ་དེ་ནི་ཀུན་རྫོབ་ཉིད་དུ་གནས་པ་ཡིན་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དོན་དམ་པ་ནི་དེ་བཞིན་ཉིད་དེ་ནི་དོན་དམ་པ་ཉིད།། དེ་བཞིན་ཚི་གི་དེ ་ཡུལ་མིན་ཏེ། ཚིག་གི་སྤྱོད་ཡུལ་མ་ཡིན་པ་ནི་བློའི་ཡང་སྤྱོད་ཡུལ་མ་ཡིན་པ་ཉིད་དོ།། ད་ནི་བཅོམ་ལྡན་འདས་ཀྱི་བཀའ་བསྟན་པ་ཡང་ཀུན་རྫོབ་ཉིད་དུ་བསྟན་པའི་ཕྱིར། རིག་ལ་ཞེས་བྱ་བ་སོགས་པ་སྨོས་ཏེ། ་འདི་ལྟར་སྒྲའི་དོན་དམ་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། རིག་ལ་གནས་པ་མ་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁྱམས་དང་སྐྱེ་མཆེད་བསྟན་པའི་ཆོས་གདུལ་བྱ་རྣམས་ཀྱིས་ཁོང་དུ་མ་ཆུང་བའི་ཕྱིར། ཐུབ་པ་སྟེ་བཅོམ ་ལྡན་འདས་ཀྱིས་བསྟན་ཅིང་གསུངས་ཏེ། དོན་དམ་པའི་བདེན་པ་ལ་བརྟེན་ནས་སྟོང་པ་ཉིད་ཐ་དད་པའི་ཆོས་རྣམས་བསྟན་ཅེས་བྱ་བའི་དོན་ཏོ།། འདི་ལྟར་གང་གི་ཚེ་རྣལ་འབྱོར་པ་ཀུན་རྫོབ་ལ་གནས་པ་དེའི་ཚེ་དེས ་ཆོས་མཐོང་བར་འགྱུར་རོ།། གང་གི་ཚེ་ཡང་དོན་དམ་པ་ལ་གན་པ་དེའི་ཚེ་ཀུན་བརྟགས་པའི་ཆོས་རྣམས་མེད་པའི་ཕྱིར་ཆོས་དེ་རྣམས་དེས་ཇི་ལྟར་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། ཡང་ཅིའི་ཕྱིར་སེམས་ཅན ་རྣམས་ཀུན་རྫོབ་ལ་གནས་པར་འགྱུར་ཞེ་ན། ཡུན་རིང་འཕེལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་འཕེལ་བ་ནི་ཐོག་མ་མེད་པའི་དུས་ནས་ཀུན་རྫོབ་ཀྱི་རྣམ་པར་རྟོག་པོ་ལ་གོམས་པསོ།། བྱིས་པོ་རྣམས་ནི་རྨོངས ་པ་དགའ་བ་ཉིད་དུ་གྱུར་པའོ།། སྤྲོས་ལ་སེམས་ནི་ཆགས་པསྟན་ཏེ། དོན་དམ་པ་མ་ཡིན་པ་ཀུན་རྫོབ་སྒྱུ་དང་རྟོག་པ་སྟེ། ད་ལྟར་ན་ཡང་འདི་འཕེལོ་ཞེས་བྱ་བ་ལ་ནི་འཕེལ་བར་འགྱུརོ་ཞེས་བྱ་བའི་དོན ་ཏོ།། དེ་དག་གིས་ཕྱིའི་དོན་དུ་སྨྲ་བ་རྣམས་རྨོངས་པ་ཡིན་པར་བསྟན་ནས། རྣལ་འབྱོར་སྤྱོད་པ་པ་བྱིས་པ་ཡིན་པར་བསྟན་པའི་ཕྱིར། མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་དགོད་པའི་དོན་ལ་ནི་ཏེ། རྣལ་འབྱོར ་སྤྱོད་པ་པ་ནི་བག་ཆགས་ཀྱི་དབང་གི་སེམས་ཉིད་དོན་གྱི་རྣམ་པར་སྣང་གི་ཕྱིའི་དོན་ནི་མཽད་དེ་དགོད་པའི་དོན་ལ་མཁས་པ་ཉིད་སུ་ཞིག་ཡིན། གང་གིས་དེ་དག་དུས་གང་དུ་ཡང་། རྣམ་རྟོག་བྱེ་བྲག་ཞི་མ་ཡིན།། མི་འགྱུར་བ ་ནོ་གང་དུའང་མེད།། ཞེས་བྱ་བའི་དོན་ཏོ།། ཆོས་ལ་བདག་མེད་པའི་རང་བཞིན་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕན་ཡོ་བསྟན་པའི་ཕྱིར།། བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་བདག་མེད་པ ་སེམས་དམིགས་པས་བཏང་སྙོམས་འདྲ་བ་ཐོབ་པ་ཡིན་ཏེ། བཏང་སྙོམས་དང་བཅས་པར་འགྱུར་རོ།། དེ་བཞིན་དུ་ཀུན་བརྟགས་པའི་ཚེ་སོ་མེད་ན་གཉིས་ལོག་ལྟ་བུར་འདོད་པ་མེད་པ་ནི་གཉིད་ཀྱིས་ལོག་པ་ལྟ་བུའི་མཚན ་ཉིད་དོ།། དུབ་པ་བརྟས་པ་ལྟ་བུ་དང་སྟེ་ཀུན་བརྟགས་པ་ལ་སོགས་པའི་ལམ་ལ་ཡོངསུ་སྐྱོབ་པས་དུབ་པ་བརྟས་པ་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ།། སྟོང་པ་ཉིད་བསྒོམ་པ་དང་སྟོང་པ་ཉིད་མཐོང་བའི་ལུས ་དང་སེམས་ཀྱི་བྱེད་པ་བསྟན་པའི་ཕྱིར། མིག་ཅེས་བྱ་བ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེ་བ་མཐོང་བས་མིག་ནི་འཛུམ་པར་བྱེད་མ་ཡིན་དང་། མགོ་དཔྱངས ་མཐོན་པོར་བྱེད་པ་མ་ཡིན་པ་དང་། དེ་བཞིན་དུ་སེམས་དང་སེམས་བྱུང་འགག་པར་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་གཉིད་ལོགས་པ་དང་འདྲ་བར་བྱེད་ཅེས་བྱ་བའི་དོན ་ཏོ།། དེ་བཞིན་དུ་མཐོང་བའི་ལམ་སྐྱེས་པས་སྒོམ་པའི་ལམ་བསྐྱེད་པའི་དགོས་པ་དང་བཅས་པ་ཚིགསུ་བཅད་པ་གཉིས་ཀྱིས་སྟོན་ཏེ།། རྟགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོད་དྲག་ཅེས་བྱེ་བའི ་སྔར་བསྟན་པའི་རྟགས་མཐོང་ནས། མཐོང་བའི་ལམ་གྱིས་ཆོས་ལ་བདག་མེད་པ་རྟོགས་ནས་བདུག་གིས་དོན་བྱས་དེ་ཉིད་མཐོང་ཞེས་བྱ་བ་ནི་འདི་ཙམ་གྱིས་དཔའ་བོསྔ་ནི་བྱང་ཆུབ་སེམས་དཔསོ།། ་ཕྱིར་ཡང་བསྒོམ་པ་འདོར་མུ་ཡིན་ནི་ཡོངསུ་མི་སྤོང་བའོ།། གང་གི་ཕྱིར་མཆོག་ལས་ཀྱང་ནི་མཆོག་ཡོད་ཕྱིར། མཐོང་བའི་ལཱམ་ལས་སྒོམ་པའི་ལམྦྷ་མཆོག་ཡོད་པའི་ཕྱི་རོ།། ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེ་ཉིད ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ནི་བསྒོམ་པའི་ལམ་དེ་འདི་ཡིནོ།། ཞེས་འགས་ཀྱང་བསྟན་པར་ནུས་མ་ཡིནོ།། དེ་འདི་ཡིནོ་ཞེས་གང་དཔྱད་པར་མི་ནུས་ན་དེ་ཡོད་ཞེས་ཇི་ལྟར་རྟོགས་ཞེ་ན། སྨྲས་པ། རྣམ་པ་རིག། ་པ་ཙམ་མཐོང་བས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་སོ་སོར་རིགས་པའི་ཕྱིརརོ།། དེ་བས་ན་དེ་ཁོ་ན་ཉིད་མཐོང་བ་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་རྣམ་པར་རིག་པ་ཙམ་ནི་སྔར་བསྟན་པའི་རིམ་པས་སོ།། ཡོད་པ་དང་མེང་པའི་མཐའ་གཉིས་ཀྱི་དབུས་རྣལ་འབྱོར་པ་གང་གིས་མཐོང་བ་དེས་འགྲོ་བ་མ་ལུས་པ་འདི་དག་ལ་དེ་དག་ཉིད་ཕུན་སུམ་ཚོགས་པ་སྟོན་ཅེས་བྱ་བའི ་དོན་ཏོ།། ད་ནི་སེམས་ཅན་གྱི་དོན་བྱེད་པ་བསྟན་པའི་ཕྱིར།། དེ་ཉིད་ཕུན་ཚོགས་པ་ཞེས་བྱ་བ་ལ་སོགས་སྦས་པ་སྨོས་ཏེ། དེ་དང་པོར་དེ་ཉིད་ཕུན་སུམ་ཚོགས་གནས་ཏེ། ཕྱི་ནས་སྙིང་རྗེ་དང་ལྡན་ཏེ། སྙིང་རྗེ་བསྔགས་པའོ།། ་བདེ་གཤེགས་སྲས་ནི་བྱང་ཆུབ་སེམས་དཔའ་སྲོག་གིས་ཀྱང་སྟེ། སྲོག་སྦྱིན་པར་བཏིང་བའི་བར་གྱིསོ།། སེམས་ཅན་དོན་བྱེད་པ་ལ་བཏང་སྙོམས་ལ་འཇོག་མ་ཡིན་ཏེ། སེམས་ཅན་གྱི་དོན་བྱེད་ཅེས་བྱ་བུའི་དོན་ཏོ།། ། ་ཡུལ་ལ་ཆགས་པའི་སེམས་ཅན་གྱི་དོན་བྱེད་པ་མ་ཡིན་ནོ།། ཡུལ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་རྣམས་ནི་ནོར་དང་འབྲུ་འབའ་ཞིག་མ་ཡིན་གྱི་བུ་དང་བུ་མོ་ལ་སོགས་པའི་གཞན་གྱི་ཉེ་བར་ལོས ་སྤྱོད་ཀྱང་བྱང་ཆུབ་སེམས་དཔའ་ཡུལ་རྣམས་འགའ་ལ་ཡང་མི་སེམས་ཞེས་བྱ་བའི་དོན་ཏོ།། ཡུལ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རྨི་ལམ་ཞེས་བྱ་བ་སྨོས་ཏེ། དཔེར་ན་རྨི་ལམ་གྱི་ཡུལ་ཉེ་བར་ལོངས་སྤྱད་པ་སད་པ་དང་། ་ཡུལ་ལ་དུ་མི་སེམས་པ་དེ་བཞིནོ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་དཔའ་ལྟུང་བ་ཐམས་ཅད་ལས་ལོག་པར་བསྟན་པའི་ཕྱིར། བག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱ་ཆེ་བའི་སེམས་དང་ལྡན་པའི་མཁས ་པ་གང་ཡིན་པ་དེ་དག་ཀྱང་བག་མེད་པའི་གནས་དང་ལྡན་ན་འགྱུར་བ་ཐོབ་པར་འགྱུ་རོ།། བྱང་ཆུབ་སེམས་དཔའ་ནི་ཡང་འབྱོར་པ་དང་ནི་རྒུད་པས་འགྱུར་བ་ཐོབ་པར་མི་འགྱུར་རོ།། གང་གི་ཕྱིར་ཐམས་ཅད་དུ་ནི་སེམས་མཉམ ་ཉིད་ཅེས་བྱ་བའི་དོན་ཏོ།། ད་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཚིགསུ་བཅད་པ་བཞིས་བསྟན་པའི་ཕྱིར་དུས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། དུས་མ་ཡིན་པའི་སྤྲིན་བཞིན་ཡང ་གཱ་ལའི་འང་ཞེས་བྱ་བ་ནི་གནས་མ་ཡིན་པའི་ཏིང་ངེ་འཛིན་ལས་ལྡང་སྟེ། ནམ་མཁའ་ལ་གནས་པ་ནས་དེའི་དབུསུ་བདག་ཉིད་ཀྱིས་ནི་དེ་དང་དེ་ངོ་མཚར་རྣམ་པར་འཕྲུལ་པ་སྟོན་ཏེ། ངོ་མཚར་ཁྱད་པར་ཅན་སྟོན་ཅེས་བྱ་བའི་དོན ་ཏོ། རྣམ་པར་འཕྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། འབར་བ་ཞེས་བྱ་བ་སྨོས་ཏེ། དུས་ཤེས་པའི་བྱང་ཆུབ་སེམས་དཔའ་དུས་ཅིག་ལ་འབར་བ་དང་ཆར་འབབ་བྱེད་སྟེ། གདུང་བ་དང་འབབ་པ་སྟོན་པར་བྱེད།། འབར་བ་དང་འབབ ་བ་འབའ་ཤིག་མ་ཡིན་གྱི། ས་ལ་ཡང་ནི་ཆུ་བཞིན་དུ་བྱི་ཟུལ་དུ་ནི་བྱེད་པའང་ཡིན་ཏེ། རོབ་ཏུ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏེ།། དེ་བཞིན་དུ་རི་ལ་སོགས་ཞེས་བྱ་བ་མི་འགུལ་བའི་རི་ཡོང་འགུལ་བར་བྱེད་པའོ། ་དེ་དག་ཉིད་ནི་འབྱེད་པ་དང་། དེ་བཞིན་དུ་ལག་བསྡུ་སྡུད་པ་ཡང་སྟོན་པར་བྱེད་དོ།། གཞན་ཡང་བདག་ཉིད་ན་མཁའ་ལ་འགྲོ་སྟེ་ངང་པའི་རྒྱལ་པོ་བཞིན་ན་མཁའ་ལ་སྟོན་པར་བྱེད་པར་བྱེད་ཅེས་བྱ ་བའི་དོན་ཏོ།། དེ་བཞིན་དུསྤྲུལ་པ་ཡིས་ཀྱང་ཞེས་བྱ་བ་སྨོས་ཏེ། སྤྲུལ་པ་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་འདུལ་བའོ།། མཐོང་དང་ཐོས་བྱེད་ནི་ལྷའི་མིག་གིས་ཐག་རིང་པོ ་ནས་དངོས་པོ་མཐོང་བ་དང་། ལྷའི་རྣ་བས་ཐག་རིང་པོ་ནས་སྒྲ་ཐོས་པའོ།། དེ་དག་ཐམས་ཅད་ནི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ། ཐིག་ཆེན་ཚུལ་ལྔ་སྟེ། རྣམ་པར་རིག་པ་ཙམ་ལ་བསྙེན་པ་ལ་རིགས་པ ་ཡིན་གྱི། ཕྱིའི་དོན་ལ་བསྟེན་པ་ལ་ནི་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་རྣམ་པར་རིག་པ་ཙམ་ལ་མི་བསྟེན་པས་མངོན་པར་ཤེས་པ་ལ་སོགས་པ་བྱེད་པ་ཡིན་ཞེས་བསྟན་པའི་ཕྱིར། དེ་ལས་ཞེས་བྱ་བ་ལ་སོག ་པ་སྨོས་ཏེ། དེ་ལས་ནི་སྔར་བསྟན་པའི་རྒྱུ་ལྟས་སོ།། གཞན་པའི་ཕྱི་རོལ་པ་ནི་མུ་སྟེགས་ལ་སོགས་པ་དང་། གཞན་གྱི་སྒྲས་ནི་ཉན་ཐོས་ལ་སོགས་པ་ག་ལྱ་གང་ཞིག་ཅུང་ཟད་མཐོང་བས་ནི་མངོན་པར་ཤེས་པས ་འཕྲུལ་པ་མཐོང་བའོ།། དེ་ཉིད་ནི་དེ་རྣམསོ།། ལམ་འདི་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ལམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ར། རང་གི་རོ་ལས་འོངས་པ་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་དག ་བསྟན་བཅོས་ལ་རྣམ་པར་རིག་པ་ཙམ་གྱི་ལམ་མ་བསྟན་པས་དེ་ལྟ་མོད་ཀྱི་རང་གི་རོ་ནི་བསྒོམ་པའི་སྟོབས་གོམས་པས་ལམ་དེ་ཉིད་ལས་འོངས་པ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་གྱི་དོན་ཁས་ལེན་པར་བྱེད ་ན་མངོན་པར་ཤེས་པ་ལ་སོགས་བུ་མི་འགྲུ་བོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་དངོས་པོ་བརྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཆོས་ལ་བདག་མེད་པའི་ལམ་གྱིས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་བསྟོན ་པའི་ཕྱིར། ཆུང་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐ་དད་པར་བརྟགས་པ་ངོ་བོ་གཅིག་ཏུ་བརྟག་པར་མི་ནུ་སོ།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས།། ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན ་འདས་ཀྱི་སྣ་ཐ་དད་བྱའི་ཀུན་བརྟགས་པ་ཐམས་ཅད་གཟིགས་སོ།། འདི་ལྟར་རྣམ་པ་ཐ་དད་པ་བརྟགས་པ་ནི་ཀུན་བརྟགས་པ་ཐམས་ཅད་དོ།། དེ་ཉིད་ཕྱིར་ན་དངོས་གཅིག་ཉིད། ཆོས་ཐམས་ཅད་བདག་མེད་པའི་ངོ་བོར ་གཅིག་པ་ཡིན་ཏེ། ངོ་བོ་གཅིག་པ་དེ་ཉིད་ཀྱི་རྒྱུས་གཟིགས་ཤེས་བྱ་བའི་དོན་ཏོ།། དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་ཉིད་དོན་གཅིག་ནི་བདག་མེད་པའི་དངོས་པོ་མཐོང་བའོ།། ། ་འགྲོ་ཀུན་དོན་ནི་གཅིག་ཏུ་མཐོང་བ་དེའི་ངོ་བོ་ཉིད་དུ་མཐོང་བར་གྱུར་པ་ཡིནོ།། ཇི་ལྟ་བུ་ཉིད་ཞེ་ན། ཕྱོགས་གཅིག་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཕྱོགས་གཅིག་ནས་ཆུ་འཐུངས་པས་ཆུ་ཐིགས་ཀྱི་ངོ་བོ་ཉིད་ཀྱི་རྒྱ་མཚོ་མ་ལུས ་ཤེས་པར་འགྱུར་ཏེ།། རྒྱ་མཚོའི་ཆུ་ཐམས་ཅད་ངོ་བོ་གཅིག་ཏུ་ཤེས་པར་འགྱུར་རོ།། འདི་དེ་བཞིན་ཞེས་བྱ་བའི་དོན་ཏོ།། གང་ཞིག་སྟོང་པ་ཉིད་ཀྱི་ལམ་ལས་ཕྱི་རོལ་དུ་གྱུར་པས་ནི་ཐད ་མཁྱེན་པ་མ་ཡིནོ་ཞེས་བསྟན་པའི་ཕྱིར། དུས་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་སྔོན་པོ་དང་སེར་པའི་ངོ་བོ་ཉིད་ཀྱིས་སོ།། ཡུལ་ལ་སོགས་པ་ཐ་དད་ལ་སྟེ། ཐ་དད་པའི་ཡུལ་དང་དུས་དང་ནུས ་པ་ལ་སོགས་པའི་ཕྱིའི་དོན་དུ་བརྟགས་པ་རྣམསོ།། སྟོང་པར་མཐོང་བ་མ་གཏོགས་པར།། སྐྱོབ་པའི་ཡེ་ཤེས་འཁྲུངས་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟར ་འཁྲུངས་པར་འགྱུར།། དེ་ཉིད་ཀྱི་ཕྱིར་ཆོས་ལ་བདག་མེད་པར་མཁྱེན་ན་དེ་སྐྱོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཕྱིར།། ཆོས་ཀྱི་སྐུའི་ངོ་བོ་ཐུགསུམ་ཆུད་པའི་སྐྱོབ་པས་འགྲོ་བ་གསུམ་པོ་མ་ལུས་པོ་ཕྱི་རོལ་དུ་གྱུར་པ་ཇི་ལྟ། ་བུར་གཟིགས་ཞེ་ན། རང་ཞེས་བྱ་བ་སྨོས་ཏེ། རང་གི་སེམས་ཀྱིས་ནི་ཀུན་བརྟགས་པ་ཉིད་བྲིས་པ་ན་ཁ་དོག་ཏུ་བྲིས་པའོ།། ཕྱི་རོལ་གསལ་བའི་དབྱིབསུ་གནས་ཏེ། དབྱིབས་སྣ་ཚོགས་བཀོད་པས་མ་ལུས་པར ་གསལ་བའོ།། གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྐྱེ་བ་དུ་མ་གོམས་པས་གསལ། ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དུ་མར་གོམས་པའི་ཕྱིར་གསོལ་ཏེ། གསལ་བའི་ངོ་བོ་རུའོ།། འདི་ལྟར་ལན་ཅིག་མཐོང་བའི ་དངོས་པོ་གང་ཡིན་པ་གསལ་བར་མི་སྣང་སྟེ། ཇི་སྲིད་ཡང་དང་ཡང་མ་བལྟས་ཀྱི་བར་དུའོ།། དེ་བས་ན་དེ་ཉིད་ཀྱི་ཕྱིར། སྲིད་གསུམ་རི་མོའི་བྱེ་བྲག་བཞིན། ཞེས་བྱ་བ་སྨོས་ཏེ། འདི་ལྟར་རི་མོའི་བྱེ་བྲག་ཁ་དོག་ཏུ་བྲིས་པ ་གླང་པོ་དང་རྟ་ལ་སོགས་པའི་དབྱིབས་བཀོད་པ་གསལ་བར་སྣང་བ་དེ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་བྲིས་ཤེས་བྱ་བའི་དོན་ཏོ།། ཐ་དད་པའི་ངོ་བོར་འགྲོ་བ་གསུམ་བྱ ་བཞི་མཐོང་བ་འདིས་ཁྱབ་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་མི་འགྲུབ་བོ།། ཆོས་ཀྱི་སྐུ་ཐུགས་སུ་ཆུད་པའི་སྐྱོབ་པས་འགྲོ་བ་གསུམ་ཇི་ལྟར་གཟིགས་ཞེ་ན། ཀུན་ཞེས་བྱ་བ་ལ་སོག་པ་སྨོས་ཏེ། དེའི་སྤྲོས ་པ་ནི་འགྲོ་བ་གསུམ་པོ་དེ་དྲི་ཟའི་གྲོང་ཁྱེར་ལྟ་བུར་བརྫུན་པའི་ངོ་བོར་མཁྱེན་པས་ཞེས་བྱ་བའི་དོན་ཏོ།། གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་དོ།། མཚན་མ་མི་དམིགས་པས་ན་མཚན་མ ་མེད་དོ།། སྐྱེ་བ་དང་འགག་པ་མེད་པས་ཟོད་པ་མྱེདོ།། ཀུན་ཏུ་བརྟགས་པ་འབའ་ཞིགོ་སྟེ། ཀུན་རྫོབ་ཅེས་བྱ་བུའི་དོན་ཏོ།། དེ་ལྟར་ཆོ་སྦྱི་སྦྱི་ཀྱི་རུ་བཞིན་དུ་འགྲོ་བ་གསུམ་གཟིགས་པའི་ཕྱིར་བཅོམ་ལྡན་འདས་ཐམས ་ཅད་མཁྱེན་པར་འགྲུབ་པོ།། དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་ལམ་གྱིས་ཐམས་ཅད་མཁྱེན་པ་ཡིན།། དེ་ནི་ཉེ་བར་བསྡུ་བའི་ཕྱིར། འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་འདི་ལྟར་གྱི་དོན་ནོ།། ། ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་ཆགས་ཐུལ་བའོ།། རིམ་གྱིས་བདེ་སྤྱོད་འདོད་པ་མེད་ནི་བརྟགས་པ་ལ་སོགས་པ་མེད་པའི་ཕྱིར་འདོད་པ་མེད་ཅེས་བྱ་བའི་དོན་ཏོ།། གཞན ་ཡང་ཐུབ་དབང་འདོད་པ་མ་སྤངས་པས་ནི་གང་ལ་མ་སྤངས་པ་ཡོད་པ་དེ་ནི་ཐུབ་དབང་འདོད་པ་མ་སྤངས་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་གཉིསསུ་མེད་པ་བསྒོམས་པས་གནས་མཆོག་གཞན་གྱི་དོན ་ལྡན་ཐོབ་སྟེ། གཞན་གྱི་དོན་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རིམ་གྱིས་སངས་རྒྱས་ཉིད་ཐོབ་ཅེས་བྱ་བའི་དོན་ཏོ།། དྲ་ནི་སློབ་དཔོན་གྱིས་རབ་ཏུ་བྱེད་པ་འདིའི་དོན་དང་ལྡན་པའི་མཚན་བསྟན་པའི་ཕྱིར་བདེ་ག ་ཀྱིས་གསུངས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བཤེགས་ཀྱིས་གསུངས་དབྱེ་བ་ནི་ཐེག་པ་གསུམ་བསྟན་པའི་རང་བཞི་ནོ།། དེས་གྲགས་པའི་ངང་ཚུལ་ཅན་ནོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། བཅོམ་ལྡན ་འདས་ཀྱིས་ཐེག་པ་གསུམ་གྱི་སྙིང་པོར་གང་ཅུང་ཟད་གསུངས་པ་དེ་ཐམས་ཅད་འདི་ལ་ཡོད་དེ་ལྟར། དོན་ཆེན་རྣམ་གསལ་ཚིག་གིས་རབ་སྦྱར་བ། ཞེས་བྱ་བ་ནི་རྒྱན་དང་བཅས་པའི་ཕྱིར་དོན་ཆེན་ནོ།། དོན་རྟོགས ་པར་བྱེད་པའི་ཕྱིར་ན་རྣམ་གས་ལོ།། ཚིགས་གིས་རབ་སྦྱར་བ་ནི་ཚིག་དགོད་པ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་འགྱུར་རོ།། ལོག་པའི་ལམ་ཞུགས་པ་ནི་ལམ་ངན་པར་ཞུགས་པ་རྣམས་ཀྱི་མི་ཤེས་མུན་པ་སེལ་བ་སྟེ། ་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ།། སྣང་བའི་ཕྲེང་བ་འདི་ནི་བདུག་གིས་སྒྱུར་སྟེ། དེ་བདག་གིས་བྱས་ཞེས་བྱ་བའི་དོན་ཏོ།། ད་ནི་དེའི་ཕུན་ཡོན་བསྟན་པའི་ཕྱིར།། དངོ་པོར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས ་པོར་འཛིན་པ་ནི་གཟུང་བ་དང་འཛིན་པའི་དངོས་པོའོ།། དེ་སྤོང་བ་ནི་ཟློག་པར་བྱེད་པའོ།། དེ་བཞིན་དུ་ཀུན་བརྟགས་པའི་དངོས་པོ་མེད་པའི་ཕྱིར་ཡུལ་གྱི་ཐོབ་པའི་ཞེན་པ་གཅོད་དེ། གཟུགས་ལ་སོགས་པའི་ཞེན་པ་གཅོད་པའོ།། ། ་སེམས་ལ་སྣང་བ་འཕེལ་བྱེད་ནི་བྱང་ཆུབ་སེམས་དཔའི་ཐུགས་ལ་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེར་བསྐྱེད་པའོ།། ཇི་ལྟ་བུ་ཞེ་ན། ཆེན་པོར་སྟེ། དཔེར་ན་སྒྲོན་མ་ཆེན་པོ་སྦར་ན་སྣང་བ་སྐྱེད་པ་དེ་བཞིན་དུ་སྣང་བའི་ཕྲེང་བས་ཡེ་ཞེས། ་ཀྱི་སྣང་བ་སྐྱེད་ཅེས་པའི་དོན་ཏོ།། ཡེ་ཤེས་སྣང་བུ་སྟེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་ལག་ན་གནས་པ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ཡིན།། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱུད་གནས་ནི་སྣང ་བའི་ཕྲེང་པོ་འདིས་དེའི་རང་བཞིན་ཐོབ་པའི་ཕྱིར།། དེ་བཞིན་དུ་མངོན་པར་འདོད་པའི་དངོས་པོ་སྟེར་བའི་ཕྱིར་ཀུན་ཏུ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་དོན་ཏོ།། ཀུན་ཏུ་བརྟགས་པའི་རང་བཞིན་དགག་པ་ཉན་ཐོས་རྣམས་ལ ་བཅོམ་ལྡན་འདས་ཅིའི་ཕྱིར་སྟོན་པར་མིཛད་ཅེ་ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ནི་དགོས་པ་འགའ་ཞིག་བཅོམ་ལྡན་འདས་ཀྱི་གཟུགས་ལ་སོགས་པའི་སྐྱེ་མཆེད་བསྟན་པ་ནི་སྒྲོ་བརྟགས་པ ་སྟེ། དེ་ཙམ་གྱི་གསུངས་ལས་ཕྱི་རོལ་པ་དེ་དག་ལ་དྲོན་དམ་པ་བསྟན་པས་ཅི་ཞིག་བྱ་ཉན་ཐོས་གང་ཡིན་པ་དེ་ཡང་བདེ་བར་གཤེགས་པ་ཉིད་ངེས་པའི་དོན་ཕྱིའི་དོན་ལ་དོན་དེ་པར་ཞེན་པའོ།། དེའི ་མདུན་དུ་བདེ་གཤེགས་ནི་བཅོམ་ལྡན་འདས་ཀྱིས་སློབ་དཔོན་གྱི་ཆུང་པ་འབྱེད་པར་མིཛ་།། འདི་སྐད་བསྟན་པར་འགྱུར་ཏེ། གཉིསུ་མེད་པའི་ཡེ་ཤེས་གསལ་བར་མི་འཛུད་ཅེས་བྱ་བའི་དོན་ཏོ།། ཀོ་ཊ་བའི་ཟས་ཀྱིས་འདྲངས་ན་འབྲས ་ས་ལུ་མཆོག་གིས་དགོས་པ་མེད་དོ།། གྲལ་ཏེ་ཕྱིའི་དོན་མེད་ན་དེ་ཇི་ལྟར་སྟོན་ཅེ་ན། གང་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འཇིག་པ་མེད་པ་གང་གིས་ཆེ་ཁྱོད་ཀྱིས་འཇིག་པ་མེད་པའི་བྱང་ཆུབ་ཐོབ་ནས་ཡི་གེ་ཙམ་ཡང ་གསུངས་པ་མི་མངའ་སྟེ། དེ་ཚེ་ཡུན་རིང་ནས་ཉམས་ལྕགས་སྒྲོ་མེད་པ་ཡིས། ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱིས་ལམ་ཡུན་རིང་ནས་ཉམས་པ་དང་ངེས་པར་འབྱེད་པའི་སློབ་དཔོན་མེད་པའི་ཕྱིར་ལྕགས་ཀྱོ་མེད་པའི ་ཉན་ཐོས་ཀྱིས།། ཕྱིན་ཅི་ལོགས་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད། ཅེ་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕྱིའི་དོན་བསྟན་པར་མཛད་ཅེས་རྫུན་དུ་སྨྲ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བའི་དོན་ཏོ།། ད་ནི་ར ་གི་གྲུབ་པའི་མཐའ་གཞན་ལས་སྟོབས་དང་ལྡན་པར་བསྟན་པའི་ཕྱིར། སངས་རྒྱས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་དང་ནི་སངས་རྒྱས་པའི་གྲུབ་པའི་མཐའོ།། ཕྱི་རོལ་པ་རྣམས་མུ་སྟེགས ་བྱ་རྣམས་ཀྱི་གྲུབ་པའི་མཐའོ།། རྣམ་པར་བྱེད་པ་གང་སྟེ་སྟོང་ཉིད་གཅིག་པུ་འདིར་ནི་མ་བསྟན་པར་ཏེ། རྣམ་པར་འབྱེད་པར་བྱེད་པ་མ་སྨྲས་ན་དེའི་ཚེ། ཞིབ་མོའི་བློ་ནི་དཔྱོད་པར་ནུས་པའི་གློ་གང་ལ་ཡོད་པ་དེ་ཞིབ་མོས ་བློའོ།། ཞིབ་མོའི་བློ་ཡིས་རྣམ་པར་དཔྱད་བྱས་ན། གྲུབ་མཐའ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན་ཏེ་འདྲ་བར་འགྱུར་རོ།། ཐམས་ཅད་མཁྱེན་པ་ཉིད་དམིགས་པ་གཞན་གྱིས་མི་རིགས་ཀྱི་སྟོང་པ་ཉིད་ལ་དམིགས ་བི་ཁོ་ནས་ཡི་ནོ་ཞེས་བསྟན་པའི་ཕྱིརརོ།། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སོགས་པ་སྨོས་ཏེ། གལ་ཏེ་སྟོང་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྟགས་པ་དང་མཉམ་པ་ཉིད་མ་ཡིན་ན་ནཱི་རྟགས་མ་ཡིན་ཏེ། དེའི་ཚེ་ཐ་དད ་བདག་ཉིད་རྒྱུ་མཚན་སྐད་ཅིག་དག་ཏུ་སྟེ། བརྟགས་པའི་དངོས་པོ་ལ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། གང་གི་རྒྱུ་ཡིས་སྟོན་པར་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ཁོ་ན་ཉིད་སྟོང་པ་ཉིད།། ་དམིགས་པས་ཐམས་ཅད་མཁྱེན་པ་ཡིན་ན་རྣལ་འབྱོར་པ་རྣམས་ཀྱི་སྐུ་གཞན་ལྟོ་སེམས་ལྔ་དམིགས་པའི་མངོན་པར་ཤེས་པ་ཇི་ལྟར་སྐྱེ་ཞེ་ན། ག། ག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པའི་ཕ་རོལ ་གྱི་སེམས་ཀྱི་སྤྱོད་ཡུལ་མངོན་པར་ཤེས་པ་གྲུབ་པའི་རྒྱུའི་ཁྱད་པར་ནི་ཤེས་པའི་ང་རྒྱལ་ཡིན་ཏེ། དེ་དག་མུན་པའི་དྲི་མ་ལྷག་པ་ཡིན་པོར་འདོད་ཅེས་བྱ་བ་ནི་བྱས་པའི་སྐྱེ་བོ་རྣམས་ལས་ཤིན་ཏུ་ལྷག་པའི་ཤེས ་བའི་དྲི་མ་ཡིན་ནོ།། འཆིང་བའི་བདག་ཉིད་ནི་འཁོར་བར་འཆིང་བའི་བདག་ཉིད་དུ་བདུག་གིས་ཤེསོ།། གང་གིས་ཤེསོ།། གང་གི་ཕྱིར་བྱིས་ལ་ཇི་ལྟར་གནས་པ་བཞི་ནི་བདག་མེད་པའི་ལམ་མ་ཐོབ ་པས་ཕྱིའི་དོན་དུ་མངོན་པར་ཞེན་པ་ལ་དེ་དག་ཐམས་ཅད་གནས་སོ།། ཇི་སྐད་བསྟན་པའི་དོན་དེ་ཉིད་དཔེས་སྤྲོས་ནས་བསྟན་པའི་ཕྱིར་གང་ཞིག་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཀུན་ནི་རྣམ་པ་ཐམས ་ཅད་དུ་ལོང་བའོ།། དེ་བཞིན་ཏུ་གཞན་རབ་རིབ་ཅན་གཉིས་པོ་དག་ལས་སྔ་མ་མཆོག་ཡིན་ཏེ། ཤིན་ཏུ་མཆོག་ཡིན་ནོ།། གླང་གི་ཕྱིར་བདག་ནི་ལོང་བྱ་ཡིན་ཞེས་བྱ་བ་ནི་བདག་གི་ང་རྒྱལོ་ཞེས་བདག་གི་པའི་ང་རྒྱལ་ལོ།། ། ་ང་རྒྱལ་གྱིས་སྟོང་ནི་བདག་དང་བདུག་གི་ང་རྒྱལ་གྱིས་སྟོང་པའོ།། ཡང་གང་འབྲས་བུ་མེད་པ་སྟེ། སྙིང་པོ་མེད་པའི་མིགོ། རབ་རིབ་ཀྱིས་མཐོང་བ་དེ་ནི་བདག་དང་བདག་གི་ང་རྒྱལ་གྱིས་སྟོང་པ་མ་ཡིན།། དེ་བཞིན་དུ ་ཆོས་ལ་བདག་མྱེད་པའི་རྣལ་འབྱོར་པ་དང་། ཕྱིའི་དོན་དུ་མངོན་པར་ཞེན་པའི་རྣལ་འབྱོར་པ་བལྟ་བར་བྱའོ།། སྐྱོན་དང་ཡོན་ཏན་མི་ཤེས་པར་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར།། གང་ཞིག ་ཅེས་བྱ་བ་ལ་སོ་ཌ་བ་སྨོས་སྟེ། གང་ཞིག་རང་སྐྱོན་གྱི་ངོ་བོར་མི་ཤེས་པ་སྟེ། ཉེས་པའི་རང་བཞིན་ཕྱིའི་དོན་དུ་མངོན་པར་ཞེན་པ་སྐྱོན་དུ་མི་ཤེས་སོ།། དེ་བཞིན་དུ་ཡོན་ཏན་གཉི་སུ་མེད་པའི་ཡེ་ཤེས་མི་ཤེས་པའི་ཕྱིར།། ། ་དགེ་བའི་བཤེས་གཉེན་རྣམས་ལ་གུས་པར་བྱེད་མ་ཡིན། དེ་དག་གིས་དེ་ཁོ་ན་ཉིད་རོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོ་ཇི་ལྟར་འཐུང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། ཡང་རྒྱ་ཆེ་བའི་བདག་མེད་པའི་ལམ་ལ་ཇི་ལྟར ་འཇིག་རྟེན་མ་རྨོངས་པར་གྱུར་ཅེ་ན། ན་མཁའི་དཀྱིལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་དཀྱིལ་དུ་བྲིས་པ་ལྟ་བུའི་བརྟགས་པའི་དངོས་པོ་འབྱེད་པ་ལ་མཁས་པ་སྟེ། དེ་ལྟར་ཕུང་པོ་དང་། ཁམས་དང་སྐྱེ ་མུཆེད་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ།། གཞན་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ནི་དེ་བཞིན་ཉིད་ཀྱི་ངོ་བོ་སྤྱིའི་མཚན་ཉིད་སྤངས་ནས། སྟོན ་པོ་ལ་སོགས་པའི་རྣམ་པ་ཕྱི་རོལ་གྱི་དངོས་པོའི་ཁྱད་པར་བྱེ་བྲག་སྟོན་པའི་བརྩོན་འགྲུས་ཙཱནྱ་ཞེས་བྱ་བའི་དོན་ཏོ།། ཀྱེ་མ་ཐོག་མར་སྤྲོས་པ་ཐོབ་པའི་འཆད་པ་བོས་ཏེ། དེ་ལྟར་འདས་པའི་འཆད་པ་བས་ད་ལྟར་གྱི ་འཆད་པ་པོ་སྤྲོས་པར་བྱེད་དོ།། དེའི་ཚེ་དེ་དག་བདག་མེད་པའི་ལམ་ལ་མི་མྱོསོ་ཞེས་བྱ་བའི་དོན་ཏོ།། གང་ཞིགུ་ཀུན་བརྟགས་པ་དོན་དམ་པར་མེད་པར་མི་འདོད་པ་དེ་དག་གིས་འདི་ཡང་མི་སྲིད་པ་ནི་མ་ཡིན་ཞེ་ན། ཆུ་ནང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུའི་ནང་དུ་སྦྲུལ་ཞུགས་པ་རྗེས་མཐོང་བ་དང་། དེ་བཞིན་དུ་ན་མཁའི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱན་བྱེད་དང་། གཞན་ཡང་རྒྱུ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི་བྱེད་པ་པོའི ་དངོས་པོ་བྱེད་པ་འཇིག་རྟེན་རྣམས་ལ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་སྐད་བསྟན་པར་འགྱུར་ཏེ། འདི་ལྟར་དེ་ལྟར་དེ་དག་མི་ཤེས་བཞིན་དུ་ཀུན་བརྟགས་པའི་དངོས་པོ་མེད ་པར་གྱུར་པ་ཡོད་པའི་དངོས་པོར་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ།། ད་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་མུ་སྟེགས་པའི་གཞུང་ལས་ཡིད་འཕྲོག་པར་བསྟན་པའི་ཕྱིར། སུན་འབྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཡང་གླང་ཞིག་ཐུབ་པའི་དབང་པོའི་གསུང་ལོ་གུས་སྤོངས་ནས་སུན་འབྱིན་འདྲོད་པ་གང་ཞིག་འཛིན་བྱེད་པ་སྟེ། འཛིན་པར་ཞུགས་ཞེས་བྱ་བའི་དོན་ཏོ།། ཤིན་མངར་བ་མྱངས་ནས་ཁ་བའི་རོ་བཞི་ནི། མུ་སྟེགས་ཀྱིས་བསྟན། ་པའི་ཚིགས་རྣམས་ལ་རྗེསུ་ཆགས་མ་ཡིན་ཏེ། རྗེསུ་མི་འབྲང་ཞེས་བྱ་བའི་ཏོ།། ཐེག་པ་ཆེན་པོ་ཐེག་པ་གཞན་ལས་མཆོག་ཏུ་བསྟན་པའི་ཕྱིར། ཁྱད་པར་ཞེས་པ་ལ་སོགས་པ་སྨོས་ཏེ། ཁྱད་པར་འཕགས།། ་པའི་བུད་མེད་ནི་གཟུགས་དང་ལྡན་པའི་གཞོནནུ་མའོ།། འདོད་པ་ནི་དེ་འདོད་པའོ།། གསལ་བའི་རིགས་རྒྱུད་དབང་ཕྱུག་ནི་རིགས་རྒྱུད་དག་པ་ལས་བྱུང་བའི་རྒྱལ་པོ་ཁྱིམ་འདོད་པ་སྟེ། ཡུན་རིང་པོ་ནོས་འདོད་པའོ།། ། ་གླང་པོའི་ཁྱུའི་གཙོ་བོ་ནི་གླང་པོའི་མཆོག་སྤངས་ནས་དམན་པའི་བཞོན་པ་སྟེ། བུང་བུའི་བཞོན་པས་སྐྱེས་བུ་སུ་ཞིག་འགྲོ་ང་བཞིན་དུ་ཁྱད་པར་དུ་འཕགས་པའི་བུད་མོད་ལྟ་བུ་བླ་ན་མེད་པར་ཡང་དག་པར་རྫོགས་པ ་བྱང་ཆུབ་ཐོབ་པར་འདོད་པ་ཐེག་པ་ཆེན་པོ་སྤངས་ནས་ཅི་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པར་བྱ་བ་ཡིན་ནམ། བཱདག་གི་སྔོན་གྱི་སློབ་དཔོན་དགེ་སློང་ནི།། དགའ་བ་སྨྲས་པས་མཛད་པ་ཡི།། རབ་ཏུ་བྱེད་པ ་དཀའ་འགྲེལ་གྱིས།། རྟོགས་དཀའ་ཡང་ནི་དགའ་བྱེད་མིན།། དེ་གཞུང་ཆུང་ཟད་གཟུང་ནས་ནི།། མཁས་པ་ཡིད་ནི་དགའ་བསྐྱེད་པ།། དོན་གསལ་བ་ཡི་དཀའ་འགྲེལ་འདི།། བདག་གིས་ཡང་དག་སྦྱར་བ་ཡིན།། ། ་བདག་གིས་ཆུང་ཟུང་འདི་བྱས་པའི།། བསོད་ནམཱ་བསགས་པ་གང་ཡོད་པ།། ང་ཡིས་མ་རིག་ལྡོངས་པའི་བློ།། ལུས་ཅན་ཡེ་ཤེས་སྣང་ཐོབ་ཤོག། སྣང་བའི་འཕྲེང་བ་ཞེས་བྱ་བའི་དཀའ་འགྲེལ་ཡིད་དགའ་བ་བསྐྱེད་པ ་ཞེས་བྱ་བ།། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀུ་མཱ་རི་ཀཱ་ལ་ཤ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། ་