CLOSE WINDOW

GT3881: bde bar gshegs pa'i gzhung rnam par 'byed pa'i bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སུ་ག་ཏ་མ་ཏོ་བི་བྷཾ་ག་བྷཱ་ལྤཱ་མ། བོད་སྐད། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལ་ལོ།། རྟག ་ཏུ་ཤར་ཞིང་རྒྱུན་འཕེལ་བ་ཡི་ཡོན་ཏན་མངའ།། ཉེས་པ་རྗེས་འབྲེལ་སྤངས་ཤིང་དྲི་མེད་མཛེས་པའི་སྐུ།། རྨོངས་སེལ་གསུང་གི་འོད་མངའ་སྔོན་མེད་ཟླ་བ་སྟེ།། གསུང་གི་དབང་ཕྱུག་ལོ་ན་རྟག་པར་མགོས་ཕྱག ་འཚལ།། ཐུབ་དབང་ཞབས་ཀྱི་པདྨ་ལཱ།། བརྟན་པ་རྣམས་ཀྱི་རྣམ་དབྱེ་ནི།། བློ་དམན་རྣམས་ཀྱི་རབ་རྟོག་པར།། བསྒྲུབ་པར་འདོད་པས་བཤད་པར་བྱ།། འདིར་ཆོས་མངོན་པ་ཉི་འོག་གི་ཡུལ་པ་ལ་སོགས ་པའི་བྱེ་བྲག་སངས་རྒྱས་པའི་དབྱེ་བ་ཤིན་ཏུ་མང་མོད་ཀྱི།། གཙོ་བོ་ཇི་ལྟ་བུར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའི་དབྱེ་བས་སངས་རྒྱས་པ་བཞི་པོ་ཙམ་བུ་ཆོསུ་རྟོག ་པར་འདོད་པའི་སྐྱེ་བོ་རྗེསུ་གཟུང་པོར་བཞེད་པའི་གཞུང་རྩོམ་པ་པོས།། དེ་ཁོ་ན་བཞིན་དུ་རྣམ་པར་འཇོག་པ་གསུངས་པ། ན་མཁའ་དང་ནི་འགོག་པ་གཉིས། འདུས་མ་བྱས་གསུམ་རྟག་པ་སྟེ།། ཁ་ཚ་བུ ་དེ་དག་ནི་འདུས་བྱོས་དང་འདུས་མ་བྱས་ཀྱི་དབྱེ་བས་དངོས་པོ་རྣམས་ཚོགས་གཉིསུ་སྨྲ་བར་གྲ། ག་གོ།། དེ་ལ་འདུས་མ་བྱས་ནི་རྣམ་པ་གསུམ་སྟེ། ནམ་མཁའ་དང་འགོག་པ་གཉིས་སོ།། ནམ་མཁའ་ཞེས་བྱ་བ་འཛི ་ཞེ་ན། གང་འགའ་ལ་ཡང་སྒྲིབ་པར་མི་བྱེད་ཅིང་གང་གིས་ཀྱང་བསྒྲིབ་པར་བྱ་བ་མ་ཡིན་པ་དེ་ནི་གོ་འབྱེད་པས་ན་ན་མཁའ་ཞེས་བྱ་སྟེ། དེ་ལ་ན་མཁའ་མི་སྒྲིབ་པ་ཞེས་གང་གསུངས་པ ་ཡིན་ནོ།། འགོག་པ་གཉིས་ནི་སོ་སོར་བ་རྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ།། དེ་ལ་སོ་སོར་རྟོག་ནི་སོ་སོར་བརྟགས་པ་ཤེས་རབ་ཡིན་ལ། དེས་ཐོབ་པར་བྱ་བའི་འགོག་པ་ནི་ཉིན་མོངས ་པ་དང་བྲལ་བའོ།། དེ་ཡང་སྤང་བར་བྱ་བ་སོ་སོ་ལ་ཐ་དད་པ་ཡིན་ཏེ། ལྡན་པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་ཀྱང་དེ་སྙེད་དོ།། རྒྱུའི་ཚོགས་པས་སྟོང་པའི་དངོས་པོ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་ཆོས་གང་ཡིན་པ་དེ་ནི ་སོ་སོར་བརྟགས་པས་ཐོབ་པར་བྱ་བ་མ་ཡིན་པས་ན། སོ་སོར་བརྟག་པ་མ་ཡིན་པའི་འགོག་པ་ཞེས་བརྗོད་དེ།། སོ་སོར་བརྟགས་པས་འགོག་པ་གང་།། འབྲལ་བའོ་སོ་སོ་སོ་སོ་ཡིན།། སྐྱེ་ལ་གཏན་དུ་གེགས་བྱེད་པ།། ་འགོག་གཞན་སོ་སོར་བརྟགས་མིན་པས།། ཞེས་གང་གསུངས་པ་ཡིན་ནོ།། འདུས་མ་བྱས་གསུམ་པོ་འདི་ནི་འདུས་བྱས་ལས་བཟློག་པ་སྐྱེ་བ་དང་འཇིགས་པ་དང་བྲལ་བས་ན་རྟག་པ་ཡིན་གྱི། གཞན་དག་གི་སྤྱི་ལ་སོགས ་པ་ལྟ་བུ་ནི་མ་ཡིན་ནོ།། གསུམ་པོ་འདི་ལས་གཞན་པ་ཕུང་པོ་ལྔའི་བདག་ཉིད་ཀྱི། འདུས་བྱས་ཐམས་ཅད་སྐད་ཅིག་མ།། རྒྱུ་དང་རྐྱེན་ཚོགས་ཤིང་འདུས་ནས་བྱས་པའི་དངོས་པོའི་རྣམ་པ་མཐའ་དག་ནི་སྐད་ཅིག་མ་ཡིན་ཏེ། ་སྐྱེས་པའི་སྐད་ཅིག་མ་ཙམ་ཁོ་ན་ཡོད་པའི་ཕྱིར་རོ།། གཟུགས་ལ་སོགས་པའི་འདུས་བྱས་ནི་འཇིག་པའི་ཁོམསུ་འཇུག་པར་མཐོང་ལ།། དེ་ངོ་བོ་གང་གི་སྒོ་ནས་མཐར་འཇིག་པར་འགྱུར་བ་དེ་ནི་དེ་སྐྱེས་པ་ཙམ་ཁོ་ན་ཡོད་པས་ན།། ་སྐྱེ་བའི་དེ་མ་ཐག་ཁོ་ནར་འདི་འཇིག་པར་འགྱུར་བའི་ཕྱིར།། འདི་སྐད་ཅིག་མ་ཡིན་པར་གསལ་ལོ།། སྐྱེས་པའི་ངོ་བོ་གཞན་ཡིན་ལ། མཐའ་ཡང་གཞན་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ངོ་བོ་དེ་ལས་ཐ་མི་དད་པ་ན ་དེ་དག་འདྲ་བར་ཐ་མི་དད་པར་ཐལ་བའི་ཕྱི་རི་དང་། དེ་ངོ་བོ་ལས་ཐ་དད་པ་ན་དེ་དང་འདྲ་བར་ཐ་དད་པར་ཐལ་བའི་ཕྱིར་རོ།། ཇི་སྟེ་དུས་རེ་ཞིག་གནས་ནས་ལྡོག་པ་གང་ཡིན་པ་འདི་ཉིད་དེ་དག་གི་རང་གི་རྒྱུས་བསྐྱེད་པའི་རང་བཞིན ་ཡིནོ་ཞེས་ན། དེ་ལྟ་ན་དེ་སྐྱེས་པ་ཙམ་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་ཁོ་ན་ལྟ་བུ་མཐར་ཡང་ཡིན་པས་ན།། ཡང་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་ཞིང་། སླར་ཡང་དེ་ལྟ་བུ་ཡིན་པས་ན་ནམ་ཡང་མི་གནས་པར་མི་འགྱུར་རོ།། ་དེའི་ཕྱིར་སྐད་ཅིག་གཉིསུ་གནས་པར་སྐྱེས་པ་ཡིན་ན་སྐད་ཅིག་དང་པོ་བཞིན་དུ་སྐད་ཅིག་གཉིས་པ་ལ་ཡང་སྐད་ཅིག་གཉིས་སུ་གནས་པ་ཡིན་པས་ན། ཡང་སྐད་ཅིག་གཞན་དུ་གནས་པར་འགྱུར་ཞིང་། དེར་ཡང་དེ་ལྟ་བུ། ་ཡིན་པས་ན་ནམ་ཡང་འཇིག་པར་མི་འགྱུར་རོ།། འདི་སྙམ་དུ་དངོས་པོ་དེ་ནི་བསྟན་པ་ཁོ་ནར་རང་གི་རྒྱུ་ལས་སྐྱེས་པ་ཡིན་ཏེ། དེ་ནི་མཐར་ཡང་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ལ། འོན་ཀྱང་གོག་བྱེད་ཀྱི་ནན་གྱིས་འཇིག ་བར་བྱེད་པ་ཡིན་སྙམ་པ་ན་དེ་ནི་ཡང་དག་པ་མ་ཡིན་ཏེ་འདི་ལྟར་གལ་ཏེ་དེ་འགོག་བྱེད་ཉེ་ཡང་སྔ་མཁོ་བཞིན་དུ་འཇིག་པའི་ངང་ཅན་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་ནི། འོ་ན་ནི་དེའི་ཚེ་ཡང ་འཇིག་པར་མི་འགྱུར་རོ།། དེ་འཇིག་པའི་ངང་ཙན་མཱ་ཡིན་ཡང་དེས་འཇིག་པར་བྱེད་དོ་ཞེ་ན། དེ་ནི་མི་འཇིག། དྲི་ལ་འཇིག་པ་ནི་ཡོད་ཞེས་བྱ་བ་འདི་ཇི་ལྟར་རིགས་པར་འགྱུར་ཏེ། ལྔ་བྱིན་ནི་གསོན་ནོ་འདི་འཆི་བར་ཡང ་འགྱུར་རོ།། ཞེས་བྱ་བ་འདི་ནི་སྲིད་པ་མ་ཡིན་ནོ།། ཇི་སྟེ་འཇིག་པར་འགྱུར་ན་མི་འཇིག་པའི་ངང་ཅན་ཇི་ལྟར་ཡིན་ཏེ། འཆི་བར་ནི་འགྱུར་ལ་མི་འཆི་བའི་ཆོས་ཅན་ཡིན་པ་ནི་མ་ཡིན་ནོ།། འགོག་བྱེད་ཉེ་བ་ན་འཇིག ་པའི་ངང་ཅན་གྱི་ངོ་བོ་ཉིད་དུ་སྐྱེད་དོ།། ཞེ་ན་ཅི་སྔར་གྱི་འཇིག་པའི་ངང་ཚུལ་ཅན་མ་ཡིན་པའི་ངོ་བོ་རྗེསསུ་འཇུག་པ་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་ན་འོ་ན་དེ་འཇིག་པ་ཡང་མ་ཡིན་མི་འཇིག་པ་ཡང་མ་ཡིན་པས་ན། ་རྒལ་བར་དཀའ་བའི་སྡུག་བསྔལ་ཉམ་དྲ་བར་ཆུད་པ་ཡིན་ནོ།། གལ་ཏེ་མེད་ན་ནི་དེ་དང་ཐ་མི་དད་པས་ན་སྔར་གྱི་དངོས་པོ་དེ་ཡང་མེད་པའི་ཕྱིར་གང་ལ་འཇིག་པའི་ངང་ཅན་སྐྱེད་པར་བྱེད། དེས་ན་འཇིག་པའི་ངང ་ཅན་མ་ཡིན་ན་འགའ་ཡང་འཇིག་པར་མི་འཐད་པའི་ཕྱིར་དང་། འཇིག་པ་ཡང་མཐོང་བས་ན། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་འཇིག་པའི་ངང་ཅན་ཁོ་ནར་སྐྱེ་བས་ན། སྐྱེས་པ་ཙམ་ཁོ་ན་འཇིག་པ་ཡིན་ཞིང ་དེ་ལྟ་ན་ཡང་སྐད་ཅིག་མ་འཇིག་པ་འགྲུབ་པ་ཡིན།། སྦྱོར་བ་ནི་གང་ཞིག་གང་གི་ཚེ་འཇིག་པའི་ངང་ཅན་ཡིན་པ་དེ་ནི་དེའི་ཚེ་དེ་མ་ཐག་ཏུ་མི་གནས་པ་ཡིན་ཏེ། དཔེར་ན་མཐའི་སྐད་ཅིག་ལ་གནས་པའི་ངོ་བོ་བཞིན་ནོ།། ་གཟུགས་ལ་སོགས་པ་ཡང་སྐྱེ་བའི་དུས་ན་འཇིག་པའི་ངང་ཅན་ཡིན་ནོ་ཞེས་བྱ་བ་ནི་རླུང་བཞིན་གྱི་གཏན་ཚིགསོ།། གུལ་ཏེ་དངོས་པོ་རྣམས་སྐུད་ཅིག་མས་འཛག་པ་ཡིན་ན། འོ་ན་དེ་ཉིད་འང་ཡིན་ནོ།། སྙམ་པའི་ཐ་ཤེས ་ཇི་ལྟར་ཡིན་ཞེ་ན། རྒྱུན་མི་འཆད་པར་འདྲ་བས་གཞན་དང་གཞན་འབྱུང་བ་དང་། མ་རིག་པ་དང་རྗེ་སུ་འབྲེལ་བའི་ཕྱིརརོ།། སྐད་ཅིག་མ་འཇིག་པའི་དུས་ཁོ་ན་ན་དེ་དང་འདྲ་བའི་སྐད་ཅིག་མ་གཞན་འབྱུང་བར་འགྱུར་ཏེ། ་དེས་ན་རྣམ་པ་མི་འདྲ་བ་མེད་པའི་ཕྱིར་དང་དངོས་པོ་མེད་པས་པར་དུ་མ་ཆོད་པའི་ཕྱིར།། མ་རིག་པས་གཡེར་བག་བཅོས་པ་རྣམས་ལ་ཐ་དད་པ་ཡིན་ཡང་དེ་ཉིད་འདི་ཡིན་སྙམ་དུ་ཐ་དད་པ་མེད་པར་ཞེན་པའི་རྟོག ་པ་འབྱུང་ཏེ། བྲེགས་ནས་སླར་སྐྱེས་པའི་སྒྲ་དང་སེན་མོ་ལྔ་སོགས་པ་ཤིན་ཏུ་ཐ་དད་པ་ལ་ཡང་དེ་ཉིད་འདི་ཡིནོ་སྙམ་པའི་ཤེ་བ་མཐོང་བ་དེ་བཞིན་དུ་འདིར་ཡང་ཇི་སྟེ་མི་སྲིད།། ཅི་འོ་ན་འདུས་བྱས་འདི་ཇི་ལྟར་གཞན ་དག་འདོད་པ་བཞིན་དུ་བདག་གིས་བྱིན་གྱིས་བརླབས་པ་ཡིན་ནམ། དེ་དག་ནི་འདི་སྐད་དུ་ལུས་ལ་སོགས་པ་ལས་ཐ་དད་པ་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱེད་པ་དེའི་འབྲས་བུའི་མྱོང་བ་པོ་རྟག་པ་དང་ཁྱབ ་པའི་ངོ་བོ་བདག་ཅེས་བྱ་བ་རྫས་གཞན་ཡོད་པ་ཡིན་ལ། དེས་སྣ་ཚོགས་ལ་ཁྱབ་པ་ཡིན་མོད་ཀྱི། འོན་ཀྱང་ཉེ་བར་ལོང་སྤྱོད་པའི་གནས་ཉིད་དུ་ཡོངསུ་གཟུང་བའི་གསོན་པོའི་ལུས་གང ་ཡིན་པ་དེ་ཁོ་ན་བདག་དང་བཅས་པ་ཞེས་བརྗོད་དོ་ཞེས་སྨྲའོ་ཞེ་ན། མ་ཡིན་ཏེ། བདག་གིས་སྟོང་ཞིང་ཞེས་སྨོས་ཏེ། བདག་གིས་སྟོང་ཞིང་བྲལ་ཏེ་བྱིན་གྱིས་མ་བརླབས་པའོ།། འདི་ལྟར་རེ་ཞིག་བདག་སྒྲུབ་པར་བྱེད ་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ།། མངོན་སུམ་གྱིས་ནི་བདག་རྟོགས་པ་མ་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་ནི་གཟུགས་ལ་སོགས་པའི་ཡུལ་ལྔར་ངེས་པའི་ཕྱིར་དང་། བདག་ཏུ་རྟོག་པའི་ཡིད་ཀྱི་ཤོས ་པའི་ཡུལ་ཡང་ལུས་ལ་སོགས་པ་ཡིན་པའི་ཕྱིར་རོ།། བདག་དཀར་ཡམ་མོ་བདག་སྦོམ་མོ་བདག་འགྲོའོ་སྙམ་པ་ལ་སོགས་པའི་རྣམ་པས་བདག་ཏུ་ཤེས་པ་འབྱུང་ལ། ལུས་ལས་ཐ་དད་པ་འདི་ལ་ནི་ལུས་དེའི ་ཆོས་དཀར་ཤམ་ཉིད་དང་སྦོམ་པ་ཉིད་ཡོད་པ་མ་ཡིན་ཞིང་། ཁྱབ་བྱེད་ལུས་ཅན་མ་ཡིན་པ་ལ་ལུས་ཅན་གྱི་རྫས་ཀྱི་རྗེསུ་འབྲང་བའི་འགྲོ་བའི་བྱ་བ་འཐད་པ་དང་ལྡན་པ་ཡང་མ་ཡིན་ནོ།། འདི་བྲམ་ཟེའི་ཁྱེའུ་ལ་སེང་གེ་ལྡེ ་པ་བཞིན་དུ་བརྟག་པར་རྟོག་པ་ཡང་མི་རིགས་ཏེ། གཡོ་བ་མེད་པའི་ཕྱིར་རོ།། གཡོ་བ་མེད་པ་ལ་བཏག་པ་པར་རྟོག་པ་ཡང་མ་རིགས་ཏེ། དངོས་ཀྱི་ཐ་སྙད་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ།། རྗེས་སུ་དཔག་པས་རྟོགས་པ་ཡང་མ ་མ་ཡིན་ཏེ། རང་བཞིན་དང་འབྲས་བུའི་རྟགས་མེད་པའི་ཕྱིར་རོ།། རྟག་ཏུ་ལྐོག་ཏུ་གྱུར་ཅིང་ཡུལ་དང་། དུས་སུ་ལྡོག་པ་མེད་པའི་བདག་དང་འགའ་ཡང་རྗེ་སུ་འགྲོ་བ་དག་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲུ་བུའི་ངོམ་གྲུབ ་འདྲ་བུའི་མི་འཐད་པའི་ཕྱིར་དང་། ཆོས་ཅན་ཡོད་པ་ཉིད་མ་གྲུབ་པས་ན་རང་བཞིན་གྱི་རྟགས་མི་འཐད་པའི་ཕྱིརརོ།། གང་གི་རྗེསུ་དཔོག་པར་འགྱུར་བ་ཡོད་པར་སྒྲུབ་པར་དབང་པའི་རྟགས་གཞན་ཡང་ཡོད་པ་མ།། ་ཡོན་ལ། རྟགས་གཞན་ཡོད་ན་ཡང་བསྒྲུབ་བྱས་ཁྱད་པར་འགྱུར་དགོས་ལ། དེ་ནི་འགར་ཡང་མ་གྲུབ་པས་ན་ཁྱད་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར།། གང་དུ་ཡང་གང་གིས་ཀྱང་གང་ཡང་དེས་ཁྱབ་པར་ངེས ་པར་མི་དུགྱུར་པས་ནུ་འདི་ལ་རྟགས་འགའུ་ཡང་མེད་དོ།། འདི་སྙམ་དུ་གལ་ཏེ་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། རྟགས་འདིའི་ཕྱིར་རོ་ཞེས་སྒྲུབ་ན་སྐྱོན་འདིར་འགྱུར་བ་ཞིག་ན། འོན་ཀྱང་འདོད ་པ་ལ་སོགས་པ་ནི་རྟེན་དང་བཅས་པ་ཡིན་ཏེ། དངོས་པོ་ཡིན་ནོ་ཞེ་ན། འབྲས་བུ་ཡིན་པའི་ཕྱིར་ན་གཟུགས་ལ་སོགས་པ་བཞིནནོ་ཞེས་སྒྲུབ་པ་ཡིན་ལ། འདོད་པ་ལ་སོགས་པའི་རྟེན་གང་ཡིན་པ་འདི་ནི་ཁྲོ ་ཅག་བདག་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཡང་གལ་ཏེ་རྒྱུ་ལ་བརྟེན་དུ་འདོད་ན། དེའི་ཚེ་ཁོ་བོ་ཅག་ཀྱང་འདོད་པ་ལ་སོགས་པ་རྒྱུ་མེད་པར་མི་འདོད་པས་ན། ཁོ་བོ་ཅག་ལ་གྲུབ་པ། ཡིན་པས་ན་གཏན་ཚིགས་དོན ་མེད་པ་ཡིན་ནོ།། འོན་ཏེ་རྟེན་གཞི་ཡིན་ན་དེའི་འབྲས་བུ་ཡང་ཡིན་ལ། གཞི་དང་མི་ལྡན་པ་ཡང་ཡིན་པ་ཞེས་བྱ་བའི་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་སྡེ་བས་ན། ལྡོག་པ་ལ་ཐེ་ཚོམ ་ཟ་བ་ཉིད་ཀྱིས་མ་ངེས་པ་ཡིན་ནོ།། འབྲས་བུ་འགའ་ཡང་གཞི་དང་མི་ལྡན་པར་མཐོང་བ་ཡིན་པས་ན་ཐམས་ཅད་དེ་ལྟ་བུར་འགྱུར་ཏེ། ངེས་པའི་རྒྱུ་མེད་པའི་ཕྱིརརོ།། གུང་ཡང་གསོན་པའི་ལུས་ནི་བདག་མེད་པ་མ་ཡིན་ཏེ། ་སྲོག་ལ་སྩོགས་པ་དང་། མི་ལྡན་པར་ཐལ། བའི་ཕྱི་རོ་ཞེས་བརྗོད་པ་དེ་ཡང་བདག་སྒྲུབ་པར་ནུས་པ་ཡིན་ཏེ། བདག་མེད་པའི་བུམ་པ་ལ་སོགས་པས་སྟོང་པར་མཐོང་ཞེས་ཏེ། གསོན་པའི་ལུས་ཀྱང་དེ་ལྟ་བུར་འགྱུར། ་དགོས་སོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ།། འདི་ལྟར་གང་ཞིག་གང་དང་བདག་ཉིད་འགའ་ཞིག་གིས་མཚུངས་པ་ཡང་དེ་དང་དེ་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པར་མཐོང་བ་འམ་འདོད་པ ་ནི་མ་ཡིན་ཏེ། བུམ་པ་དང་སྣམ་བུ་བྱས་པ་ཉིད་དང་བདག་མེད་པ་ཉིད་དུ་མཚུངས་ཀྱང་བུམ་པ་དང་བུམ་པ་མ་ཡིན་པ་ཉིད་དུ་མི་ཚུངས་པའི་ཕྱིརརོ།། བདག་ནི་སྲོག་ལ་སོགས་པའི་རྒྱུ་ཡང་མ་ཡིན་ལ་ཁྱབ་པར་བྱེད ་པའི་རང་བཞིན་ཡང་མ་ཡིན་པའི་ངོ་བོ་ཞིག་ཡིན་གྲངས།། དེ་ལ་ཕྱོགས་དང་པོ་ལ་ནི་མི་ལ་སོགས་པ་འབྲས་བུ་མེད་པར་ཐལ་བ་ཟློག་པར་དཀའ་སྟེ། འདི་ལྟར་གཟུགས་ལ་སོགས་པ་དམིགས་པའི་བདག ་ཉིད་ཅན་གྱི་བདག། རྟག་པ་ཡོད་ན། མིག་ལ་སོགས་པ་ལྔ་ཉེ་བར་མཁོ་བ་ནཱི་ཡང་མེད་ལ།། གང་ལ་འདི་དག་ཉེ་བར་མཁོ་བར་འགྱུར་བ། བདག་ས་པའི་ངོ་བོར་སྨྲ་བ་རྣམས་ལ་དམིགས་པ་མི་རྟག་པ་ནི ་སྲིད་པ་མ་ཡིན་ནོ།། དེ་དམིགས་པ་མི་རྟག་པ་འགའ་ཞིག་སྲིད་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་རྟག་ཏུ་ཡོད་པས་དེ་སྲིད་དུ་ཆུག་ཀྱང་དམིགས་པའི་བདག་ཉིད་ཀྱི་བདག་རྟག་པ་ཡོད་པ་ན་དབང་པོ་རྣམས་ཉེ ་བར་མཁོ་བ་དང་བྲལ་བའི་གནས་སྐབས་དེ་ཉིད་ཡིན་ཏེ། དེའི་ཚེ་དམིགས་པ་མི་རྟག་པར་ཁས་བླངས་པས་ཅི་ཞིག་བྱ། མི་རྟག་པ་མེད་ནས་བཅོས་པའི་རྟག་པ་དེ་དངོས་པོ་འཛིན་པ་མ་ཡིན་པ་ན་དེ་ལྟ་མ་ཡིནོ་ཞེ་ན། མ་ཡིན ་ཏེ། མི་རྟག་པའི་སེམས་པ་དང་བྲལ་ཡང་སེམས་པ་ཅན་གྱི་བདག་དེ་ལ་སྡོད་པར་མི་འཐད་པའི་ཕྱིར་དང་། སྡོད་ན་ཡང་ཐུག་པ་མེད་པར་ཐལ་བའི་ཕྱིརརོ།། གཞན་གྱི་ཚེ་ཡང་དངོས་པོ་མི་འཛིན་པ་ན་བདག་རང་ཉིད་ནི་སེམས ་པ་མེད་པ་ཁོ་ན་ཡིན་ལ། སེམས་པ་དང་ལྡན་པས་ན་སེམས་པར་བྱེད་དེ།། ཞེས་བྱ་བར་འགྱུར་ལ། མོ་ག་ཤི་ལམ་ཉིད་བཞིན་དུ་རང་ཉིད་སེམ་པ་སྡེ་པ་ནི་སེམས་པའི་བདག་ཉིད་དུ་མི་འཐད་པའི་ཕྱིརརོ།། འདི་རྟག་པ་སེམས་ཅན ་དུ་ཡང་འདོད་པ་ཡིན་ཏེ། དེའི་ཕྱིར་ནམ་ཡང་མི་སེམས་པར་མི་འགྱུར་ལ། དེ་ལྟ་ན་ཡང་མིག་ལ་སོགས་པ་དོན་མེད་པ་ཉིད་དུ་འགྱུར་ཞིང་། འདི་དག་དོན་མེད་པར་ནི་མཐོང་བ་འམ་འདོད་པ་ཡང་མ་ཡིན་ནོ།། འདི་དག་དོན ་དང་ལྡན་པ་ཉིད་འདིས་ནི་གཟུགས་ལ་སོགས་པ་དམིགས་པ་རྟག་པ་ཡིན་པ་སེལ་བར་བྱེད་དོ།། སྦྱོར་བ་ནི་གང་ཞིག་གང་མེད་པ་གང་དམིགས་པ་དང་ལྡན་པ་དེ་ནི་དམིགས་པ་ན་དེ་ལ་བལྟོས་པ་མ་ཡིན་ཏེ། ་དཔེར་ན་བྱི་ལ་བྱི་བ་དམིགས་པ་ན་སྣང་བ་བཞིན་ནོ།། གཞན་གྱི་ལུགས་ལྟར་ན་རྟོག་པ་པོ་མིག་ལ་སོགས་པ་མེད་པར་གཟུགས་ལ་སོགས་པ་དམིགས་པ་དང་ལྡན་པ་ཡིན་ནོ།། ཞེས་བྱ་བ་ནི། ཁྱབ་བྱེད་འགལ་བ་དམིགས་པའི་ཐ ་པ་ཡིན་ལ། དེ་ལྟ་ན་ཡང་མ་ཡིན་ཏེ། དེས་ན་བཟློག་པ་ནི། གང་ཞིག་གང་དམིགས་པ་ན་གང་ལ་བལྟོས་པ་དེ་ནི་དེ་མེད་པར་དེ་དམིགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་སྨག་ནང་ན་གནས་པའི་དངོས་པོ་དམིགས་པ་ན་སྒྲོན་མ་ལ་བལྟོས ་པ་དང་བཅས་པ་བཞིན་ནོ།། རྟོག་པ་པོ་ཡང་གཟུགས་ལ་སོགས་པ་དམིགས་པ་ན་མིག་ལ་སོགས་པ་ལ་བལྟོས་པ་ཡིནོ་ཞེས་བྱ་བ་ནི། འགལ་བས་ཁྱབ་པ་དམིགས་པའོ།། འདི་སྙམ་དུ་དབང་པོ་ཉེ་བར་མི་སྦྱོར་ན་གཟུགས་ལ ་སོགས་པ་དམིགས་པ་མི་འདོད་པ་ཉིད་དེ། དམིགས་པ་ཙམ་ནི་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཉིད་འདོད་པའི་ཕྱིར་ཏེ། ཁོ་བོའི་སྐྱེ་བུས་བདེ་བ་དང་། བདེ་སོགས་གནས་སྐབས་འགྲོ་ན་ཡང་།། སེམས་པ་རྫས་དང་སེམས ་ཅན་སོགས།། ངོ་བོ་འདོར་བར་བྱེད་པ་མིན།། ཞེས་གང་སྨྲས་པ་ཡིན་ནོ།། དེས་ན་ཐལ་བ་སྒྲུབ་པ་ལ་གཏན་ཚིགས་མ་གྲུབ་ཅིང་། བཟློག་པ་ནི་གྲུབ་པ་བསྒྲུབ་པ་ཡིནོ་སྙམ་དུ་སེམས་ན།། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དབང་པོ་ཉེ་བར། ་མི་སྦྱོར་བ་ན་གཟུགས་ལ་སོགས་པ་དམིགས་པར་མི་འདོད་ན། འོ་ན་དེ་ཉེ་བར་སྦྱོར་བ་ན་འདོད་པར་འགྱུར་ལ། དེ་ལྟ་ན་ཡང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེ་སུ་བྱེད་པ་རྣམས་དེའི་འབྲས་བུ་ཉིད་ལས་མི་འདའ་ཞིང་། དེ་དག་དེའི ་འབྲས་བུ་ཡིན་ན་ཡང་། གང་ཞིག་གནས་སྐབས་མ་ལུས་པར་རྗེསསུ་འགྲོ་བར་འགྱུར་བ་གཞན་དམིགས་པ་ཙམ་ལྷག་ལུས་པ་ཅི་ཡོད།། དམིགས་པ་ཙམ་དེས་ཀྱང་གལ་ཏེ་ཅི་ཡང་མི་དམིགས་ན་དེ་ཇི་ལྟར་དམིགས་པའི་ངོ་བོ ་ཡིན། གལ་ཏེ་དམིགས་ན་འོ་ན་དེ་ནི་གཟུགས་ལ་སོགས་པ་དམིགས་པ་ཉིད་ཡིན་ཏེ། དེ་བས་ན་དབང་པོ་ཉེ་བར་མི་སྦྱོར་བ་ན་གཟུགས་ལ་སོགས་པ་དམིགས་པར་མི་འདོད་དོ་ཞེས་ཅིའི་ཕྱིར་རྗོད་དེ་ཁས་ལེན་ན་ཐལ་བའི་གཏན་ཚིག ་མ་གྲུབ་ན་བཟློག་པ་ལ་འདོད་པའི་སྐབས་ཅི་ཡོད།། དེ་ལྟར་རྗེསུ་དཔག་པས་དམིགས་པ་རྟག་པ་བཀག་པའི་ཕྱིར། དེའི་རང་བཞིན་ཅན་གྱི་བདག་དགག་པ་བྱས་པར་འགྱུར་ཏེ། དོགས་པ་མི་རྟག་པ་ལ་བདག་ཏུ་འདོགས་ན་རྩོད་པ ་མེད་པའི་ཕྱིར་རོ།། གཟུགས་ལ་སོགས་པའི་དམིགས་པ་རྟག་པ་ཉམ་སུ་མྱོང་བའི་ཕྱིར། སེམས་པ་ཅན་གྱི་བདག་ཉིད་ཀྱི་བདག་རྟག་པ་ནི་མངོན་སུམ་གྱིས་ཀྱང་བཟོད་པ་མ་ཡིན་ཞིང་། རྟོགས་པའི་ངོ་བོ་མ་ཡིན་པའི་བདག ་ཡོད་པར་མི་དམིགས་པས་མི་བཟོད་དེ། གང་ཞིག་གང་དུ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་དེ་ནི་དེར་མེད་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ། དཔེར་ན་རྟའི་མགོ་ལ་ར་བཞི་ནོ།། ལུས་ལ་སོགས་པ་ལ་ཡང་དམིགས ་པའི་མཚན་ཉིད་དུ་གྱུར་པའི་བདག་མ་དམིགས་པ་ཡིནོ།། འོ་ན་ལུས་ལ་སོགས་པ་བདག་གི་རྟེན་དུ་སྨྲ་བ་རྣམས་མི་འདོད་པ་ཉིད་མ་ཡིན་ནམ། གང་གི་ལུས་ལ་བདག་ཡོད་མིན?། ཞེས་གང་སྨྲས་པ་ཡིན་ཏེ། ་དེ་ལྟ་བུ་གྱུར་བ་དེ་བཀག་པ་ན་མི་འདོད་པ་ཅི་ཡང་མེད།། ཞེ་ན། བདེན་ཏེ། ཁོ་བོ་ཅག་གིས་ཀྱང་འདིར་བརྟེན་པ་ཡིན་པ་དགག་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་ལྡན་པ་ཡིན་ནོ།། ཐམས་ཅད་དུ་ཡང་མི་དམིགས་པས་ལྡན་པ་ཁོ་ན་དགག་པ ་ཁོ་ལི། དགག་པར་བྱ་བ་བུམ་པ་ལ་སོགས་པ་ཡང་ལྡན་པ་ཡིན་པའི་ཕྱིར་རོ།། བརྟེན་པ་ཁོ་ན་ནི་ལྡན་པ་ཡིན་པའི་ཕྱིརརོ།། བརྟེན་པ་ཁོ་ན་ནི་ལྡན་པ་མ་ཡིན་ཏེ། བརྟེན་པ་མ་ཡིན་པ་དང་དེ་ལྟ་བུ་ཡོད་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་བརྟེན ་པ་མ་ཡིན་པའི་བདག་དང་ལྡན་པ་མེད་པའི་ཕྱིར་ལུས་ལ་སོགས་པ་བདག་དང་བཅས་པར་ཡང་མི་འགྱུར་རོ།། འདིར་ལུས་ལ་སོགས་པ་དགག་བྱའི་རྟེན་དུ་གཟུང་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་དང་མེད་པའི་ཐ ་སྙད་དག་གི་རྟེན་ཡིན་པས་ན་སྐྱོན་མེད་དོ།། འོ་ན་མི་དམིགས་པ་འདི་རེ་ཞིག་དམིགས་པ་མེད་པ་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ།། ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་གཞན་དམིགས་པའི་རང ་བཞིན་ཡང་མ་ཡིན་ཏེ། བདག་དང་ཤེས་པ་གཅིག་ལ་འདྲེ་བ་གང་ཡང་མེད་པའི་ཕྱིརརོ།། ཤེས་པ་ཐ་དད་པ་དམིགས་པའི་དངོས་པོ་དམིགས་པའི་རང་བཞིན་ཡང་མ་ཡིན་ཏེ། དེ་མེད་པར་སྒྲུབ་པ་ལ་མི་མཁོ་བའི་ཕྱིར་རོ།། ་ཉེ་བར་མཁོ་ན་ནི་སྒྲ་དམིགས་པས་ཀྱང་གཟུགས་མེད་པ་སྒྲུབ་པར་ཐལ་བའི་ཕྱིརརོ།། རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་མི་དམིགས་པ་འདི་ཅིའི་བདག་ཉིད་ཡིན་པ་མི་ཤེསོ་ཞེས་ན། བརྗོད་པ། ཕྱོགས་པར་མ ་ཉིད་ཁོ་བོ་ཅག་གིས་འདོད་པ་ཡིན་ཏེ། བདག་ཏུ་ཤེས་ནི་བདག་གི་ཡུལ་ཅན་དུ་ཕ་རོལ་གྱིས་བཏགས་པ་ཡིན་ལ། དེ་ཡང་ལུསུ་གཏོགས་པ་ཡིན་ལ་དམིགས་བཞིན་པར་ཤིན་ཏུ་གསལ་བར་མྱོང་སྟེ། དེའི་ཕྱིར་ལུས་ལ་སོགས ་པ་ཉིད་བདག་དང་ཤེས་པ་གཅིག་ལ་འདྲེ་བ་ཡིན་ཞིང་། བདག་གི་ཤེས་པའི་ཡུལ་དུ་གྱུར་པ་དེ་ལས་ཐ་དད་པ་ནི་ཉམ་སུ་མྱོང་བ་མེད་པས་ན་ལུས་དེ་དམིགས་པ་ཁོ་ན་དེ་མི་དམིགས་པ་ཡིན།། འོ་ན་གལ་ཏེ་ལུས་ལ་སོགས ་པ་ལས་ཐ་དད་པའི་བདག་གི་དོན་ཅན་གྱི་ཤེས་པའི་ཡུལ་མྱེད་པ་ན། བདག་གི་ལུས་ལ་སོགས་པ་ཞེས་བྱ་བར་མི་འགྱུར་ལ། ཤེས་པ་འདི་ནི་ཡོད་པ་ཡིན་ཏེ། དེ་བསྲ་ནུ་བདག་གི་དོན་རྒྱུན་ནི་ལུས་ལ་སོགས་པ་ལས ་ཐ་དད་པར་རྟོགས་པར་བལྟ་བར་བྱའོ།། དེས་ན་མ་དམིགསོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དེ་ནི་མི་བདེན་ཏེ། ཐ་དད་པ་མེད་ཀྱང་མངོན་པར་ཞེན་པའི་ཤེས་པ་སྐྱེ་བའི་ཕྱིར་ཏེ། དཔེར་ན་མཆི་གུའི་ལུས་ཤེས་བྱ་བ་བཞིནོ།། ་འདིར་དམིགས་པ་ཤེས་པ་ཙམ་ཡང་མ་ཡིན་གྱི། འོན་ཀྱང་མངོན་སུམ་དུ་འདོད་པའི་ཤེས་པ་ཡིན་ལ། འདི་ཉིད་ཀྱང་མངོན་སུམ་གྱི་ཤེས་པ་མ་ཡིན་ཏེ། མཆི་གུའི་ལུས་ལས་གཞན་པའི་ཤེས་པ་མངོན་སུམ་མ་ཡིན ་བ་ད་ང་ཁྱད་པར་མེད་པའི་ཕྱིར་དང་། དེ་དང་ཁྱད་པར་མེད་པའི་མངོན་སུམ་ཡིན་ན་དེ་ཡང་མངོན་སུམ་དུ་ཐལ་བྲལ་བའི་ཕྱིར་རོ།། མངོན་སུམ་ཡིད་ན་ཡང་དངོས་པོ་ཐ་དད་པར་རྣམ་པར་འཇོག་པའི་ཡན་ལག་ཏུ ་ཐལ་བའི་ཕྱིར་རོ།། ཇི་ལྟར་བདག་གི་ལུས་ལ་སོགས་པའོ་སྙམ་དུ་ཤེས་པ་དེ་བཞིན་དུ་ངའི་བདག་གོ་སྙམ་དུ་ཡང་འགྱུར་བ་ཁོ་ན་སྟེ། དེས་ན་འདི་ནི་ལྷ་རྣམས་དགའ་བ་ཡིནོ།། བདག་གི་དོན་ཅན་ལས་ཐ་དདུ་པའི་ཤེས་པ ་གཞན་ཚད་མར་བྱེད་ན་ཁྱད་པར་མེད་པའི་ཕྱིར་འདི་ཡང་ཚད་མར་བྱ་བར་འོས་ལ། ཚད་མར་བྱེད་ན་ཡང་བདག་གཞན་ཡང་རྣམ་པར་གཞག་པར་འགྱུརརོ།། ཇི་སྟེ་ངའི་ལུས་ལ་སོགས་པའོ།། སྙམ་པའི་ཤེས་པ་འདི་མཆི ་གུའི་ལུས་ལས་ཐ་དད་པའི་རྟོགས་པའི་ཕྱོགསུ་འཇོག་ན་ནི། དེ་ལྟ་ན་བདག་ཀྱང་འཇོག་པར་འགྱུར་ཏེ། མངས་པས་གཞག་གོ། དེས་རྟོགས་པའི་བདག་ཉིད་མ་ཡིན་པའི་བདག་མི་དམིགས་པས་མི་ཟོ་ཞེས ་བྱ་བ་ནི་གནས་པ་ཡིན།། གཞན་ཡང་བདག་དེ་ནི་ཤེས་པ་པོར་འདོད་པ་ཡིན་ན། རྟོག་པའི་ངོ་བོ་མ་ཡིན་པ་ནི་ཅི་ལྟར་ཡང་ཤེས་པ་པོ་ཉིད་དུ་རིགས་པར་མ་མཐོང་ངོ་།། ཤེས་པའི་བདག་ཉིད་མ་ཡིན་པ་ཡང་ཤེས་པ་དང ་འབྲེལ་པས་ཤེས་པ་པོ་ཉིད་དུ་མི་འགལ་ལོ་ཞེ་ན། འོ་ན་མིག་ལ་སོགས་པ་ཡང་ཤེས་པ་པོ་ཉིད་དུ་མི་འགལ་བ་ཉིད་དོ།། ཤེས་པ་དང་འདུ་བ་ཤེས་པ་པོ་ཉིད་ཡིན་ཏེ། དེས་ན་ཐལ་བ་འདི་མདོ་ཞེ་ན། དེ་ལྟ་ན་ཡང་ཐལ་བ ་ལྟར་མེད། མིག་ལ་སོགས་པ་ལ་ཤེས་པ་དང་འདུ་བ་མེད་པའི་ཕྱིར་རོ།། འོ་ན་བདག་ཀྱང་ཤེས་པ་པོ་ཉིད་དུ་མི་འགྱུར་ཏེ། དེ་ལ་ཡང་དེ་མི་འཐད་པའི་ཕྱིརརོ།། དེ་ནི་བརྟེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང་། ལུས་ཅན ་མ་ཡིན་པ་ནི་བརྟེན་པ་མ་ཡིན་པའི་ཕྱིར་རོ།། འདུ་བ་གཅིག་ཡིན་པ་ན་འག་ལས་ཤེས་པ་དང་འདུ་བ་མེད་པ་མ་ཡིན་པའི་ཕྱིར་དང་། འདུ་བ་གཅིག་ཡིན་པ་ཉིད་ཀྱིས་འགར་ཡང་ཤེས་པ་དང་འདུ་བ་མི་འཐད་པའི ་ཕྱིར་དང་། གཉིས་པ་ཁས་ལེན་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ།། དེ་མེད་ན་ཡང་འདི་ནའོ་ཞེས་བྱ་བའི་འདུ་བའི་དོན་མེད་པའི་ཕྱིར་དང་། ཤེས་པ་བདག་ལ་འདུས་པ་ཡིན་ལ། དེ་ལ་ཤེས་པ་དང་འདུ་བ་ནི་མེད ་ཤེས་པའི་བྱེད་པ་པོ་ཡིན་པས་ན་བདག་ཁོ་ན་ཤེས་པ་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། འབྲས་བུ་ཚོགས་པ་ལས་སྐྱེ་བ་ན་འདི་འདིའི་བྱེད་པ་པོ་ཡིན་ཞེས་བྱ་བ་འདི་ཅི་ཡིན་མ་རིག་གོ། རྒྱུ་ཡིན་པ་ཙམ་གྱིས ་ནི་བྱེད་པ་པོ་མ་ཡིན་པས་ན་བ་ལང་ལོག་པ་ན་རྟ་ལ་སོགས་པ་བཞིན་དུ། དེ་ལོག་པ་ན་སྲོག་ལ་སོགས་པ་ཇི་ལྟར་ལྡོག་པོར་འགྱུར། དེས་ན། དེ་ལྟ་མིན་ན་གཅིག་ལྡོག་པས། ཇི་ལྟར་གཞན་ནི་ལྡེག་པར་འགྱུར།། ་མི་ལ་རྟ་མི་ལྡན་ཞེས་ཏེ། ཕྱུག་ཀྱང་ལྡན་པ་མིན་ནམ་ཅི། ཞེས་གསུངས་སོ།། འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་གསོན་པོའི་ལུས་འདི་ནི་ནམ་མཁའི་པདྨ་དང་མི་ལྡན་པ་མ་ཡིན་ཏེ། སྲོག་ལ་སོགས ་པ་དང་མི་ལྡན་པར་ཐལ་བའི་ཕྱིར་ན་བུམ་པ་བཞིན་ནོ་ཞེས་ན་མཁའི་པདྨ་ཡང་རྗེས་སུ་དབོག་པར་འགྱུར་རོ།། ན་མཁའ་པདྨ་དང་སྲོག་ལ་སོགས་པ་ལ་འབྲེལ་པ་མེད་པའི་ཕྱིར་མཱ་ཡིན་ཞེ་ན། བདག་དང ་ཡང་འབྲེལ་བ་ཅི་ཡོད།། བདག་ལྡོག་པ་ལེ་སྲོག་ལ་སོགས་པ་ལྡོགས་པར་མཐོང་བའི་ཕྱིར་འབྲེལ་པ་མེད་ཀྱང་སྐྱོན་མེདོ་ཞེས་ན། ནུ་མཁའི་པདྨ་ལྡོག་པ་ལ་ཡང་དེ་མཐོང་བས་ནཱ་དེར་ཡང་འབྲེལ་པ་མེད་པར་ཅིའི་ཕྱིར་བརྗོད་།། གཞན་ཡང ་བདག་ལྡོག་པ་ན་སྲོག་ལ་སོགས་ལྡོག་པར་མཐོང་བ་འདི་གང་དུ་ཡིན།། བུམ་པ་ལ་སོགས་པ་ལའོ་ཞེས་ན། དེ་ལ་ཡང་དག་ལྡོག་པར་ཚང་མི་གང་ལས་རྟོགས།། མི་དམིགས་པ་ལྔསོ་ཞེས་ན་འདི་ནི་ཚིག་ཙམ་ཡིན་ཏེ། གལ་ཏེ།། ་གལ་ཏེ་མི་དམིགས་པ་ལས་བདག་ལྡོག་པ་གྲུབ་པར་འདོད་ན། གསོན་པོའི་ལུས་ལ་ཡང་ཅི་སྟེ་མི་འདོད།། གཞན་གྱི་ལུས་དང་འབྲེལ་བའི་བདག་ནི་དམིགས་པ་མ་ཡིནོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་པ་ཁོ་ནའོ།། གལ་ཏེ་བདག ་གི་ལུས་དང་འབྲེལ་པ་ཡང་དམིགས་པ་ཡིན་ན། ལྡོག་པ་ཅན་གྱི་གཏན་ཚིགས་བཀོད་པས་ཅི་ཞིག་བྱ། དེས་ན་གལ་ཏེ་མི་དམིགས་པ་འདི་འགའ་ཞིག་ཏུ་བདག་དང་འབྲེལ་པ་མེད་པ་སྒྲུབ་པར་བྱེད་པ་ཡིན་ན་གསོན་པོ ་ལུས་ལ་ཡང་སྒྲུབ་པར་འགྱུར་ལ། ཡང་ན་འགར་ཡང་མ་ཡིན་ནོ།། ཞེས་ངེས་པ་ཡིན་ནོ།། མི་དམིགས་པ་ཙམ་གྱིས་དོན་མེད་པར་འགྲུབ་པ་ཡང་མ་ཡིན་ཏེ།། ཡོད་པ་འགའ་ཞིག་ཀྱང་ཅི་ཞིག་ལྟར་མི་དམིགས་པ ་སྲིད་པའི་ཕྱིར་རོ།། དེའི་ཕྱིར་འགར་ཡང་བདག་ལྡོག་པར་མཐོང་བ་མེད་པ་ན། དེ་ལྡོག་པ་སྒྲོག་ལ་སྩོགས་པ་ལྡོག་པ་ཡང་འགར་ཡང་མ་མཐོང་བས་ལོག་པའི་སྒོ་ནས་ཀྱང་སྲོག་ལ་སོགས་པ་བདག་རྗེསུ་དཔོག ་པར་བྱེད་པོ་མ་ཡིནོ།། གལ་ཏ་བདག་མེད་པ་གཞན་ལ་སྲོག་ལ་སོགས་པ་དང་ལྡན་པར་མ་མཐོང་བའི་ཕྱིར་ན། གསོན་པའི་ལུས་ལ་ཡང་བདག་མེད་ན་དེ་མེད་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་དེ་ལ་བདག་དང་བཅས་པ ་ཉིད་རྗེསུ་དཔོག་ན། བུམ་པ་ལ་བུམ་པ་ཡིན་པ་ཉིད་ཀྱི་རྗེསུ་དཔོག་པར་འགྱུར་ཏེ། བདག་མེད་པ་གཞན་ལ་བུམ་པ་ཉིད་མ་མཐོང་བའི་ཕྱིར་རོ།། དེ་ལ་ཡང་དག་མེད་ན་དེ་མེད་པར་ཐལ་བའི་ཕྱིར་རོ།། ཇི་ལྟར་སྲོག་ལ་སོགས་པ ་དང་ལྡན་པའི་ཕྱིར་གསོན་པོའི་ལུས་ལ་བདག་དང་བཅས་པ་རྗེསུ་དཔོག་པ་དེ་བཞིན་དུ་ལག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་ཤི་བའི་ལུས་ལ་ཡང་དེ་རྗེསུ་དཔོག་པར་འགྱུར་ཏེ། དེ་ལ་ཡང་བདག་མེད་ན་བུམ་པ་བཞིན་དུ་ལག ་པ་ལ་སོགས་པ་དང་མི་ལྡན་པར་ཐལ་བའི་ཕྱིར་རོ།། འོན་ཏེ་བདག་མེད་པར་ཁྱད་པར་མེད་ཀྱང་ཆོས་ཅན་འགའ་ཞིག་ཁོ་ན་ལ་པ་ཉི་དང་ལྷག་པ་ལ་སོགས་པ་དང་ལྡན་པ་ཉིད་ཡོད་པ་ལ་འགལ་བ་མེདོ་ཞེས་བརྗོད་ན། སྲོག་ལ ་སོགས་པ་དང་ལྡན་པ་ལ་ཡང་དེ་སྐད་དུ་སྨྲ་བའི་ཁ་ཡོན་པོར་མི་འགྱུར་རོ།། གང་ཡང་ཁ་ཅིག་གིས་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ།། ་ཞེས་བདག་གིས་སྒྲུབ་བྱེད་བརྗོད་པ་དེ་ཡང་སྙིང་པོ་མེད་པ་ཡིན་ཏེ། གཞན་གྱི་དོན་ཙམ་སྒྲུབ་ན་གྲུབ་པ་སྒྲུབ་པའི་ཕྱིར་དང་། འདུས་པ་རྣམས་གཞན་གྱི་དོན་ཉིད་ཡིན་པའི་ངེས་པ་མེད་པས་ན་མི ་མཐུན་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཡང་ཕྱིར་རོ།། གཞན་གྱི་དོན་ཉིད་ཀྱི་ཁྱད་པར་བསྒྲུབ་ན་གཏན་ཚིགས་ལ་རྗེསུ་འགྲོ་བ་མེད་པའི་ཕྱིར་དང་། དཔེའི་ཡང་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་ཡིན་པའི་ཕྱིར།། རྗེ་སུ་འགྲོ ་བའི་སྒོ་འམ། ལྡོག་པའི་སྒོ་ནས་བདག་གིས་སྒྲུབ་བྱེད་རབ་ཏུ་སྦྱར་བ་གཞན་ཡང་བརྗོད་ཟིན་པའི་སུན་འབྱིན་པ་ཐུན་མོང་ཡིན་པས་ན། གུང་དུ་སུན་དབྱུང་བས་བརྟགས་ཟིན་པར་བརྟག་པར་མི་བྱའོ།། དེས་ན་དེས་ལྟར་སྒྲུབ ་པར་བྱེད་པའི་ཚད་མ་མེད་པས་ན་བདག་འདི་ཡོད་པའི་ཐ་སྙད་བྱ་བར་འོས་པ་མ་ཡིན།། གནོད་པར་བྱེད་པའི་ཚོད་མས་ལམ་དུ་བྱས་པ་ན་འདི་མེད་པའི་ཐ་སྙད་ཁོ་ནར་བྱ་བའི་དུས་ལ་བབ་པར་མཐོང་སྟེ། བདག་ཡོད་ན་རྟོགས ་པའི་ངོ་བོའམ།། རྟོགས་པ་མ་ཡིན་ཏེ་གཞན་ཡང་དེར་ཐལ་བའི་ཕྱིར་རོ།། རྒྱུའི་ཚོགས་པའི་རབ་ཏུ་སྦྱོར་བ་པོ་ཉིད་ཀྱིས་རང་དབང་ཅན་གྱི་སྒོ་ནས་ཀྱང་མ་ཡིན་ཏེ། བེམས་པོ་ལ་དེ་མི་འཐད་བའི་ཕྱིརརོ།། མངོན་པར་རློམ་པ ་ཙམ་གྱིས་ནི་ལུས་ལ་སོགས་པ་ཉིད་བྱེད་པ་པོར་རིགས་ཏེ། ངས་ཤེས་སྙམ་དུ་ཤེས་པ་དེ་ཉིད་སྣང་བའི་ཕྱིར་རོ།། རྟག་པ་དང་ཁྱབ་པ་ལ་ནི་ལྡོག་པ་ཞེས་བྱ་བ་ཡོད་པ་མ་ཡིན་ལ། ལྡོག་པ་མེད་པ་ཡང་རྒྱུ་ཞེས་བྱ་བ་མ་ཡིན་ཞིང ་རྒྱུ་མ་ཡིན་པ་ཡང་བྱེད་པ་པོ་ཞེས་བྱ་བ་མ་ཡིན་ཏེ། དེའི་ཕྱིར་བདག་ནི་བེམས་པོ་ཡིན་ལ་ཤེས་པ་དང་ལྡན་པས་ན་ཤེས་པ་པོ་ཡིནོ་ཞེས་བྱ་བ་འདི་ནི་གཡར་པོའི་རྒྱན་ཡོ་ནོ།། འདི་ནི་འདིའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱེད་པ ་ཉིད་དང་དེའི་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་ཀྱང་བསལ་བ་ཡིན་ཏེ། ཤེས་པ་མེད་པ་འོང་བ་ལ་སོགས་པ་དང་ཁྱད་པར་མེད་པ་ལ་དེ་ནི་འཐད་པའི་ཕྱིར་རོ།། ཤེས་པ་དང་འབྲེལ་པ་ཡང་འབྲེལ་པ་གཞན་མེད་པར་མེད་པའི ་ཕྱིར་རོ།། རྟོགས་པའི་བདག་ཉིད་ཅན་གྱི་བདག་ལ་ཡང་དེ་གཉི་ག་མི་སྲིད་དེ། གཅིག་པོ་དེ་དང་ཐ་དད་པ་མེད་པས་ན་བྱ་བ་དང་། ལོངས་སྤྱོད་པ་དག་ཅིག་ཏུ་ཐལ་བའི་ཕྱིར་ལ། རྒྱུ་དང་འབྲས་བུ་ནི་དེ་དང་འགལ་བའི་ཕྱིརརོ།། ཐ་དད་ན་ཡང ་ལོངས་སྤྱོད་པ་པོ་དང་བྱེད་པ་པོ་ཉིད་ཉམས་པར་ཐལ་བའི་ཕྱིར་ཏེ། དམིགས་པའི་ངོ་བོ་བྱ་བ་དང་ལོངས་སྤྱོད་པ་དག་ལས་ནི་ཐ་དད་པ་དག་ནི་མེད་པའི་ཕྱིར་དང་ཐ་དད་པ་མེད་པ་དག་ཡིན་ན་ཡང་བེམས་པོའི་ངོ་བོ་བཞིན་དུ་བདག་ལ ་བྱ་བ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་རོ།། གཞན་ཡང་བདག་ནི་རྟག་པ་དང་ཁྱབ་པར་དེ་སྨྲ་བ་རྣམས་འདོད་ལ། དེ་སྣང་རུང་ཡིན་ན་རྟག་པ་དང་ཁྱབ་པ་ཉིད་དུ་མི་སྲིད་དེ། དེའི་ངོ་བོ་ཡིན་ན་དེ་ཁོ་ན་བཞིན་དུ་མངོན་སུམ་ཡིན་པ་ན་སྔོན་དང་། ་ཕྱི་མའི་འཇིག་རྟེན་གཞན་དང་གཞན་འབྲེལ་བ་ཉིད་ང་ཡུལ་ཐམས་ཅད་ན་གནས་པའི་ལུས་དང་ལྡན་པས་རྫས་མ་ལུས་པ་དང་འབྲེལ་པའི་རང་བཞིན་དུ་འཛིན་པར་ཐལ་བའི་ཕྱིར་ལ། དེ་ལྟར་འཛིན་ན་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང ་འཛིན་པར་འགྱུར་རོ།། བདག་ནི་རང་གི་ངོ་བོ་ཅ་གྱི་སྒོ་ནས་མངོན་སུམ་ཡིན་གྱི། རྟག་པ་དང་ཁྱད་པའི་སྒོ་ནས་མ་ཡིན་ཏེ། དེ་ནས་ཐལ་བ་འདི་མེད་དོ་ཞེ་ན། དེའི་རྟག་པ་དང་ཁྱབ་པ་ཡང་འདིའི་ངོ་བོ་ཉིད ་མ་ཡིན་ནམ།། དེ་དག་ཆོས་གཞན་ཡིན་པས་ནཱ་དེ་ལྟ་བུ་ཡིན་ནོ་ཞེ་ན། དེ་ལྟ་ན་འདི་རྟག་པ་དང་ཁྱབ་པ་མ་ཡིནོ།། དེ་དག་དང་འབྲེལ་པས་དེ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་རང་གི་ངོ་བོ་རྟག་པ་དང་ཁྱབ་པ་མ་ཡིན་པ་བུམ་པ་ལ་སོགས་པ་དང་མཚུངས ་པ་དེ་དག་དང་ཇི་ལྟར་འབྲེལ་ཅི་སྟེ་འབྲེལ་པ་ཉིད་ཀྱིས་ན་བདག་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཁྱབ་པ་ཡང་མ་ཡིན་མ་ཁྱབ་པ་ཡང་མ་ཡིན་པར་འདོད་ན། དེའི་ཚེ་དེ་ལ་ངོ་བོ་ཅི་ཡང་མེད་པས་རང་བཞིན་མེད་པར་འགྱུར ་ཏེ། ངོ་བོ་དང་ལྡན་པ་ལ་ཕན་ཚུན་སྤངས་པར་གནས་པའི་རྣམ་པ་གཉིས་ལས་ཕྱི་རོལ་ཏུ་གྱུར་པ་མེད་པའི་ཕྱིར་རོ།། ནམ་མཁའི་པདྨ་དང་མཚུངས་པའི་ངོ་བོ་མེད་པ་ལ་ནི་རྟག་པ་ཉིད་ལ་སོགས་པ་དང་འབྲེལ་པ་ཡང་མི་འཐད་དོ།། དེའོ ་ངོ་བོ་དང་ལྡན་པ་ཁོ་ན་ཡིན་ལ་རང་གི་བདག་ཉིད་ཀྱིས་ནི་རྟག་པ་ལ་སོག་པ་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། ཐ་སྙད་རྣམས་ནི་དོན་གཞན་དུ་གྱུར་པའི་ཆོས་དང་འབྲེལ་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིརརོ་ཞེ་ན། རྟག་པ་ལ་སོགས་པའི་ཐ་སྙད ་མེད་མོས།། དེའི་རང་གི་ངོ་བོ་ཡུལ་དང་དུས་ཐམས་ཅད་དུ་ཁྱབ་པ་ཡིན་ནམ། འོན་ཏེ་མ་ཡིན། ཕྱོགས་དང་པོ་ལ་ནི་ཐ་དད་པའི་ཆོས་མི་འཛིན་ཀྱང་གཟུང་བཞིན་པའི་ངོ་བོ་ཉིད་དུ་འཛིན་དགོས་པས་ཐལ་བ་མི་ལྡོགོ། ཕྱི་མ་ལ་ནི་བུམ ་བ་ལ་སོགས་པ་བཞིན་དུ་དེའི་ཆོས་ཅན་དུ་མི་འཐད་པ་དེ་ཉིད་ཡིན་ནོ།། དེས་ན་སྣང་རུང་གི་བདག་ལ་ནི་རྟག་པ་དང་ཁྱབ་པ་ཉིད་མི་སྲིད་པ་ཁོ་ནའོ།། སྣང་དུ་མི་རུང་བ་ཉིད་ཡིན་ན་ཡང་དེ་ལ་དེ་གཉིས་མཱི་སྐྱིད་དེ། རྟག་པ་ཡིན་ན་འདྲིའི་བདེ ་བཔ་དང་འབྲེལ་བའི་རང་བཞིན་གང་ཡིན་པ་དེ་ཉིད་སྡུག་བསྔལ་དང་འབྲེལ་པ་ཡིན་པ་ན། ཅིག་ཅར་དུ་བདེ་བ་དང་སྡུག་བསྔལ་དུ་འབྲེལ་པར་འགྱུར་རོ།། དེའི་འཇིག་རྟེན་ཕ་རོལ་གྱི་ལུས་དང་ལྡན་པའི་ངོ་བོ་གང་ཡིན་པ་དེ་ཉིད་འཇིག་རྟེན ་འདིའི་ལུས་དང་ལྡན་པའི་ངོ་བོ་ཡང་ཡིན་པས་ན་དུས་གཅིག་ཏུ་འཇིག་རྟེན་གཉིས་ལ་ཡོད་པའི་ལུས་དང་འབྲེལ་པར་ཐལ་ཏེ། དེ་དང་འབྲེལ་པ་ཅན་གྱི་ངོ་བོ་རྗེསུ་འཇུག་པ་ན་ངེས་པར་དེ་ཡང་རྗེ་སུ་འཇུག་པའི་ཕྱིར་ཏེ། ལྕགས་སུ ་བཅུག་པའི་སྐྱེས་སུ་དྲངས་པས་ལྕགས་ཀྱང་འདྲེན་པ་བཞིན་ནོ།། དེ་ངོ་བོ་གཅིག་པ་ཡིན་པའི་ཕྱིར། ངོ་བོ་ཐ་དད་པ་ལ་བརྟེན་པའི་ཉམ་སུ་མྱོང་བ་དྲན་པ་དང་ངོ་ཤེས་པ་དང་མཐོང་བའི་དོན་ལ་ངོ་མཚར་དང་བྲལ་བ་དང་རང་གིས་གཏམ། ་བ་སླར་ལེན་པ་དང་། རྒྱུ་དང་འབྲས་བུའི་ངོ་བོར་འཛིན་པ་དང་བཅིངས་པ་དང་བགྲོལ་བ་ལ་སོགས་པའི་རྣམ་པར་བཞག་པ་བཤིག་པར་འགྱུརརོ།། ཁྱབ་པ་ཡིན་ན་ཡང་དེའི་ལྷོ་ཕྱོགས་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི ་ངོ་བོ་གང་ཡིན་པ་དེ་ཉིད་བྱང་ཕྱོགས་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཡིན་པས་ན། དེ་དག་ཡུལ་གཅིག་པ་ཉིད་དུ་འགྱུར་རོ།། གལ་ཏེ་བྱང་ཕྱོགས་ན་ལྷོ་ཕྱོགས་ན་གནས་པའི་དངོས་པོ་མེད་ན་དེའི་ཁྱབ་པར་བྱེད་པའི ་ངོ་བོ་ཡང་དེ་ན་གནས་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། ཁྱབ་པར་བྱང་བ་ཉིད་དུ་མ་འགྱུར། ཏེ། ཁྱབ་པར་བྱ་བ་མེད་ན་ཁྱབ་པར་བྱེད་པ་ཡོད་པར་མི་འཐང་བའི་ཕྱིར་རོ།། ཁྱབ་པར ་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡོད་པར་མི་དབང་བ་མ་ཡིན་ནས། ཁྱབ་པར་བྱ་བ་དེ་མེད་པར་ཁྱབ་པར་བྱེད་པ་ཡོད་པ་ལ་འགལ་བ་ཅི་ཡོད་ཅེ་ན། འོ་ན་ཁྱབ་པར་བྱ་བ་མེད་ན་དེས་གང་ལ་ཁྱབ་པར་བྱེད་དེ། ཁྱབ་པར་མི་བྱེད་པ་ནི་ཁྱབ་པ ་བྱེད་པ་ཞེས་བྱ་བ་མ་ཡིནནོ།། དེས་ན་ཁྱབ་པར་བྱེད་པ་ལ་བལྟོས་པའི་ཁྱབ་པར་བྱ་བ་དེ་མེད་པ་སྔོ་པ་དེ་བཞིན་དུ་ཁྱབ་པར་བྱ་བ་ལ་བལྟོས་པའི་ཁྱབ་པར་བྱེད་པ་ཡང་ཡིན།། ཞེས་བྱ་བ་ནི་ངེས་པ་ཡིན།། རྩོལ་བ་ལས་བྱུང་བ་མེང ་པའི་ཡོད་པའི་མི་རྟག་པ་དེའི་ཁྱབ་བྱིང་ཡིན་པ་ཁོ་ན་མ་ཡིན་ནམ་ཞེ་ན། ཀྭའི་རྟག་པ་ཞེས་བྱ་བ་རྩོལ་བ་ལས་བྱུང་བ་དང་ཅིག་ཤོས་ཐུན་མོང་བ་སྤྱི་གཅིག་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་མི་རྟག་པ་རྣམས་ཀྱི་མི ་གནས་པའི་རང་བཞིན་ཁོ་ན་ལ་ཁྱད་པར་གཞན་སྤངས་ནས་དེ་སྐད་དུ་བརྗོད་པ་ཡིན།། དེ་ལྟ་ཡིན་པ་ན་དོན་དམ་པར་ན་རྩོལ་བ་ལས་བྱུང་བ་ཉིད་ཀྱི་ཁྱབ་པར་བྱེད་པ་མི་རྟག་པ་ནི་རྩོལ་བའི་དེ་མ་ཐག་ཏུ་སྐྱེ་བའི་སྐྱེ་བ་ཅན ་རྣམས་ཀྱི་བདག་ཉིད་དུ་འགྱུར་པ་ཁོ་ན་པ་ཁོ་ན་ཡིན་གྱིས།། གཞན་ནི་མ་ཡིན་ནོ།། ངེས་པས་ནི་རྟག་པ་ལས་ལྡོག་པ་ཙམ་ཉེ་བར་གཟུང་ནས་དངོས་པོ་མི་རྟག་པ་ཐམས་ཅད་ཀྱི་ཐུན་མོང་བ་མི་རྟག་པ་གཅིག་ཏུ་སྟོན་པར་བྱེད ་ལ། དེའི་ངོར་ཁྱབ་པར་བྱ་བ་མེད་ཀྱང་དེ་ཡོད་པར་བརྗོད་པ་ཡིནོ།། དེའི་ཕྱིར་ཡུལ་གཞན་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་ངོ་བོ་དེ་ལས་གཞན་པའི་ཡུལ་ན་ཡོད་པའི་དངོས་པོ་ལ་ཁྱབ་པར་བྱེད་པ་ཡིན་ན། དེ་དག་ཡུལ་གས ་པར་ཐལ་བ་བཟློག་པར་མི་ནུས་པ་ཁོ་ནའོ།། ཇི་ལྟར་འབྲས་བུ་གཅིག་ཡུལ་དུ་མ་ན་གནས་པའི་རྒྱུ་དང་འབྲེལ་པ་ཡིན་ལ། དེ་དག་ཡུལ་གཅིག་པ་ཉིད་དུ་ཡང་མི་འགྱུར་བ་དེ་བཞིན་དུ། འདིར་ཡང་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། མི ་མཚུངས་པའི་ཕྱིར་རོ།། གང་གི་ཡུལ་ཐ་དད་པ་ཉིད་ཡིན་ན་འབྲས་བུ་དང་འབྲེལ་པ་ལས་འགལ་བས་ན་ཡུལ་གཅིག་པ་ཉིད་དུ་འགྱུར་བ་འབྲས་བུ་ནི་དེའི་ཡུལ་ན་ཉེ་བའི་རང་བཞིན་ཉིད་ཀྱི་རྒྱུ་དང་འབྲེལ་པ་མ་ཡིན་གྱི། འོན་ཀྱང ་དེ་ཡོད་པ་དང་མེད་པའི་རྗེ་སུ་བྱེད་པ་ཉིད་ཀྱིས་ཡིན་ལ། དེ་ནི་རྒྱུ་རྣ་ཡུལ་ཐ་དད་བ་ཡིན་ཡང་མི་འགལ་བ་ཉིད་དོ།། སྦྱོར་བའི་འབྲེལ་པས་སྦྱོར་བ་ཅན་རྣམས་དང་འབྲེལ་པ་ཡིན་པས་དེ་ཁོ་ན་ལ་ཐལ་བ་འདིར་འགྱུར་བ་ཡིན།། རྟག ་པ་དང་ཁྱབ་པ་མེད་པས་ཀྱང་བདག་མེད་པར་གྲུབ་པར་ཡིན།། བདག་མེད་ན་གཞན་གྱི་མྱོང་པ་གཞན་གྱིས་དྲན་པ་ཞེས་བྱ་བར་འགྱུརརོ་ཞེ་ན། མི་འགྱུར་ཏེ། མྱོང་བ་དང་དྲན་པ་འདི་དག་ནི་འགའ་ཞིག་དང་འབྲེལ་པ་ཅན་དུ་གྲུབ་པ ་མ་ཡིན་ཏེ། བྱེད་པ་པོ་མ་གྲུབ་པའི་ཕྱིར་རོ།། འོན་ཀྱང་གསལ་བར་མྱོང་བ་ལ་དྲན་པའི་ས་བོན་གཞག་པ་སད་པའི་རིམ་པས་དྲན་པ་སྐྱེ་བ་ཡིན་ནོ།། འོན་ཏེ་བྱེད་པ་པོ་བརྟགས་ནས་འདི་དག་གིས་བྱེད་པ་པོ་ཐ་དད་པར་བརྗོད ་xxx ་xxx ་xxx ་xxx ་xxx ་xxx ་བལྟོས་ནས་ཉེ་བ་རྣམས་ཀྱི་ཉེ་བ་དང་བྲལ་བ་ཡང་མ་ཡིན་ནོ།། མི་རྟག་པ་རྣམས་ཡིན་ན་ཡང་སྐྱེ་བ་ལ་སོགས་པ་དེ་ལ་བལྟོས་པ་རྣམས་ལ་མ་ཚངས་པ་ཞེས་བྱ་བ་གཱ་ལ་ཡང་།། ཅི་སྟེ་ཡང་འགྲལ་ཏེ་འདི་རྐྱེན་གཞན་ཡང ་པ་དང་མེད་པ་གང་ལ་བདག་གི་དེ་ཁོ་ན་ཐ་དད་པར་མ་གྱུར་པར་བྱེད་པ་པོ་ཡིན་ན། དེ་དང་བྲལ་བ་ན་ཡང་ཅི་སྟེ་མི་བྱེད། དྲྀ་ནི་ཚོགས་པ་ན་ཡང་གཞན་གྱི་ངོ་བོས་ནི་བྱེད་པ་པོ་མ་ཡིན་ལ། འདིའི་རང་གི་ངོ་བོ་ཡང་གཞན་གྱི ་ཚེ་ཡང་དེ་ཉིད་ཡིན་པས་ན་ཇི་ལྟར་འགའ་ཞིག་གི་ཚེ་བྱེ་བ་རྒྱུན་ཆད་པ་ཡིན། འོ་ན་དབང་ཕྱུག་བློ་དང་ལྡན་པའི་ཕྱིར་སྐྱོན་འདི་མེད་པ་མ་ཡིན་ནམ་བློས་སྟོང་པ་ནི་རང་ཡོད་པ་ཙམ་གྱིས་བསྐྱེད་པར་བྱ་བའི་འབྲས་བུ་རིམ་པ་མེད ་པ་མེད་པ་ཉིད་དུ་བྱེད་པར་འགྱུར་བ་ཞིག་ན། བློ་དང་ལྡན་པ་ནི་བྱ་བར་ནུས་ཀྱང་མི་འདོད་ན་མི་བྱེད་པའི་ཕྱིར་དེ་ལ་སྐྱོན་ཅི་ཡོད་ཅེ་ན། རང་ཡོད་པ་ཙམ་གྱིས་རྒྱུ་ཅན་གྱི་འདོད་པ་དེ་དག་ཀྱང་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་དེ་ཉིད ་དེའི་རྐྱེན་ཡིན་ནོ།། གཞན་ཡང་དེ་དག་ལྷན་ཅིག་བྱེད་པ་མ་ཡིན་དེ་དག་དང་བྲལ་བ་ན་ཡང་ཅིའི་ཕྱིར་མི་བྱེད། ལྷན་ཅིག་བྱེད་པ་མ་ཡིན་པ་མ་ཚང་བས་ཀྱང་འབྲས་བུ་མི་བྱེད་ན་ཐམས་ཅད་ཀྱིས་ཆེ་དེར་འགྱུར་བའི་ཕྱིར་རོ།། ལྷན ་ཅིག་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དེ་དག་མེད་ཀྱང་ནུས་པ་ཅིའི་ཕྱིར་མི་བྱེད། ལྷན་ཅིག་བྱེད་པ་ཚངས་པ་ནུས་པ་ཡིན་པའི་ཕྱིར་འགའ་ཞིག་ནུས་པ་མེད་པ་བྱེད་པ་པོ་མ་ཡིན་ཞེ་ན། དེ་ཅི་འདི་གཞན་གྱི་ངོ་བོ་བྱེད་པ་པོ ་ཡིན་ནམ། དེ་ལྟ་མ་ཡིན་ན་ནི་བྱེད་པ་པོ་མ་ཡིན་པ་ཁོ་ན་སྟེ། རང་གིས་ངོ་བོས་བྱེད་པ་པོ་མ་ཡིན་པ་ནི་བྱེང་པ་པོ་ཞེས་བྱ་བ་མ་ཡིན།། འདིའི་རང་གི་ངོ་བོ་ཡང་རང་གི་ནུས་པའི་སྒྲས་བརྗོད་པར་བྱ ་འབྲས་བུ་ལ་ཉེ་བར་སྦྱོར་བུ་ཡིནནོ་ཞེས་ན། ད་ནི་བློ་བུར་བའི་ནུས་པ་ལ་བལྟོས་ལ་ཞོག་ཅིག། འདི་ནུས་པ་ཡིན་ཡང་རང་བཞིན་ཡང་རང་བཞིན་གྱིས་ལྷན་ཅིག་བྱེད་པ་མི་ཉེ་བ་ན་བྱེད་པ་པོ་མ་ཡིན་པ་ཉིད་ཞེ་ན། འོ་ན་ནི་མཱ་ཡིན་ཡང་རང ་བཞིན་གྱིས་མོ་གཤམ་ཡིནོ་ཞེས་བྱ་བ་འདི་ཡང་ལྷ་རྣམས་དགའ་བས་བརྗོད་པར་བྱ་བ་འམ། ཡང་ན་ནི་ཁྱད་པར་བརྗོད་དགོས་སོ།། འོན་ཏེ་ཇི་ལྟར་ཁྱེད་ཀྱི་ལྟར་ན་རྒྱུ་གཅིག་ལ་ཡང་དུས་གཅིག་ཏུ་ངོ་བོ་ཐ་དད་པའི་འབྲས་བུ་བྱེད ་པ་མི་འགལ་བ་དེ་བཞིན་དུ་ཁོ་བོ་ཅག་གིས་ཡང་དུས་ཐ་དད་པའི་བསྐྱེད་པར་བྱ་བ་དུ་མ་སྐྱེས་པ་པོ་ཉིད་ཡིན་སྙམ་དུ་སེམས་པ་མ་ཡིན་ཏེ། གང་གི་ཕྱིར་དུས་ཐ་དད་པ་དུ་མ་ཞིག་གིས་སྐྱེད་པར་བྱེད་ཞེས་སྨྲ་བ་ལ། ཅི་ལན་ཅིག་གི ་ཚེ་བྱེད་པའི་ནུས་པ་ཡོད་ཀྱང་དུས་ཐ་དད་པའི་འབྲས་བུ་རྣམས་སྐྱེས་པ་ཡིན་ནམ། འོན་ཏེ་རིམ་གྱིས་ནུས་པ་ཐོབ་པ་ཡིན་ཞེ་ན། བརྒལ་ཞིང་བརྟག་པར་འོས་པ་ཡིན་ནོ།། ཕྱོགས་དང་པོ་ལ་ནི་དེ་ཉིད་ཀྱི་ཚེ་འབྲས་བུ་གཞན་བྱེད་པར ་ཐལ་བ་བཟློག་པར་དཀའོ།། དུས་ཐ་དད་པའི་འབྲས་བུ་བྱེད་པའི་རང་བཞིན་ཡིན་པས་ནམ་ཡིན་ཞེ་ན། ཀྱེ་མ་དངོས་པོ་ཉོན་མོངས་འདི་དོན་མ་ཡིན་པའི་ཉམས་པ་ཆེན་པོར་ལྟུང་སྟེ། གང་ཞིག་ནུས་པས་ནི་འབྲས་བུ་ལ་བྱ་བ་བྱེད ་ལ། རིམ་གྱིས་བྱེད་པ་མ་ཡིན་པས་ན་ཟློག་པར་ཡང་བྱེད་པ་སྟེ། འདི་གཉིས་ཀ་ཕན་ཚུན་འགལ་བ་ཡང་བསྒྲུབ་པར་མི་ནུས་ལ། གཉིས་ལ་རག་ལུས་པ་ན་གཅིག་གི་ཡང་མ་ཡིན་ཞིང་འགལ་བ་རྣམ་པ་གཞན་མེད ་ན་གཟུང་བར་ཡང་མ་ཡིན་ཏེ། དེ་བས་ན་འདི་ཅི་ཞིག་བསྒྲུབས་པར་བྱེད་ཅེས་བྱ་བར་མི་ཤེས་སོ།། ཕྱོགས་གཉིས་ཀ་ལ་ཡང་ནུས་པ་དང་ལྡན་པ་དག་ཐ་དད་པ་མེད་པའི་ཕྱིར་དང་། དེ་ཡང་ཐམས་ཅད་ཀྱི་ཚེ་རང་བཞིན་གཅིག ་ཡིན་པའི་ཕྱིར། ཇི་ལྟར་རིམ་གྱིས་དེས་དེ་ཐོབ་པ་ཡིན་ཞེས་བརྗོད་དགོས་སོ།། ཐ་དད་ན་ཡང་འགལ་བའི་ཆོས་དང་ལྡན་པས་ན་ཇི་ལྟར་གཅིག་ཉིད་ཡིན། གཞན་ཡང་དུས་ཐ་དད་པའི་འབྲས་བུ་མེད་པ་ནི་གང་གི་ཚེ ་འབྲས་བུ་གཅིག་སྐྱེད་པར་བྱེད་པ་དེའི་ཚེ་དེ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་ཞིང་གཞན་སྐྱེད་པར་བྱེད་པ་མ་ཡིན་ལ། གཉི་ག་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་གདོན་མི་ཟ་བར་འདོད་པར་བྱ་དགོས་སོ།། ་གཞན་བསྐྱེད་པ་ཡིན་ན་དེ་མ་སྐྱེད་པར་ཐལ་བའི་ཕྱིར་རོ།། གཉི་ག་སྐྱེས་ན་དུས་གཅིག་ཏུས་བསྐྱེད་པ་ནི་དུས་གཞན་དུ་ཡང་རང་བཞིན་དེ་ཉིད་ཀྱི་བྱ་བ་བྱེད་པ་ནི་དེ་ཉིད་ཀྱི་ཚེ་སྐྱེད་པར་འགྱུརརོ།། རང་བཞིན་གཞན་གྱི་བྱ་བ ་བྱེད་ན་ཇི་ལྟར་གཅིག་དུས་ལ་དུས་ཐ་དད་པ་བྱ་བ་བྱས་པར་འགྱུར། དུས་མཚུངས་དུ་མ་སྐྱེད་པར་བྱེད་པ་ལ་ནི་འགལ་བ་ཅི་ཡང་མེད་པས་ན། དེ་འདི་ཉིད་དུ་འགྱུར་བར་རིགསོ།། གང་གིས་དེ་གཅིག་ལ་དུ་མ་འགལ་བར ་པར་འགྱུར་རོ།། ཁོ་བོ་ཅག་གི་ལྟར་ན་འབྲས་བུར་འགྱུར་པ་རྒྱུའི་རྒྱུ་ཉིད་མ་ཡིན་གྱི། འོན་ཀྱང་འབྲས་བུ་བས་སྔར་ཡོད་པ་ཡིན་ལ། དེ་ནི་ཇི་ལྟར་གཅིག་གཅིག་ལས་ཡིན་པ་དེ་བཞིན་དུ ་དུ་མ་ལས་ཀྱང་ཡིན་པ་རིགས་པ་ཉིད་དོ།། འདི་སྙམ་དུ་གང་ཞིག་དུ་མ་སྐྱེད་པ་དེ་ནི་ངེས་པ་དེའི་ཁོངསུ་གཏོགས་པའི་གཅིག་བསྐྱེད་པར་བྱེད་དེ། དུ་མ་ནི་གཅིག་བསགས་པའི་ངོ་བོ་ཡིན་པའི་ཕྱིརརོ།། དེ་ལྟ་ན་ཡང་དེ་སྐྱེ་བར ་བྱེད་པ་དེ་དག་ལས་གཞན་པ་སྐྱེད་པར་བྱེད་པར་མི་རིགས་དེ། གང་གིས་འབྲས་བུ་གཞན་བྱེད་པ། དེ་ལ་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ནོ།། ངོ་བོ་གཅིག་པ་འབྲས་བུ་གཅིག་པ་ཉེ་བར་སྦྱོར་བ་ན་དེ་ཉིད་གཞན་ལ་ཇི་ལྟ ་ཉེ་བར་སྦྱོར་སྙམ་ན་འདིར་ཁྱེད་ཀྱིས་ཉེ་བར་སྦྱོར་བ་ཅི་ཡིན་པར་མཐོང་། ཅི་བྱ་བ་ཡིན་ནམ། འོན་ཏེ་ཡོད་པའི་ཁྱད་པར་ཡིན་དེ་ལ་ཕྱོགས་དང་པོ་ནི་ལེགས་པ་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགག་པའི་དངོས་པོ ་རྣམས་ལ་བྱེད་པ་མེད་པའི་ཕྱིར་དང་། སྐད་ཅིག་མ་མ་ཡིན་པ་རྣམས་ལ། ཡང་ཐུག་པ་མེད་པ་དང་དོན་མེད་པའི་ཕྱིརརོ།། ཇི་ལྟར་བྱེད་པ་མེད་ན་འབྲས་བུ་མི་སྐྱེད་པ་དེ་བཞིན་དུ་འདི་ཡང་འབྲས་བུ་ཡིན་པའི་ཕྱིར་བྱེད ་པ་མེད་པར་མི་སྐྱེ་ལ། དེ་ལ་ཡང་ཚུལ་དེ་ཉིད་ཡིན་པས་ན་ཐུགས་པ་མེད་པ་ཇི་ལྟར་མེད་པ་འགྲུབ་པར་འགྱུར།། རྒྱུ་ནི་འབྲས་བུ་ལ་བྱ་བ་བྱེད་པ་ཡིན་ལ། དེ་ཡང་ཡོད་པའི་དུས་སོ་སོར་ངེས་པ་ཡིན་པས་ན་བྱ་བ ་རྣམས་ཐོག་མ་མེད་པར་རྟོག་པ་ཡང་ལེགས་པ་མ་ཡིན་ཏེ། ཇི་ལྟར་རྒྱུ་འབྲས་བུ་ལ་བྱ་བ་བྱེད་པ་ན་རྒྱུ་ཉིད་ཡིན་པ་དེ་བཞིན་དུ་བྱེད་པ་ཡང་ཡིན་པས་ན། བྱ་བ་གཞན་དང་གཞན་ཡོད་པ་ན་ཡང་ཐུག་པ་མེད་པ་ཡིན་ནོ།། དེ་ལྟ ་ན་ཡང་འབྲས་བུ་སྐྱེ་བའི་གཏམ་ཡང་མེད་པར་འགྱུར་རོ།། ཇི་སྟེ་བྱེད་པ་མེད་པར་བྱུང་པོར་སྐྱེ་ཞིང་། འབྲས་བུ་གཞན་གྱི་རྒྱུར་ཡང་འགྱུར་ན། འོ་ན་བརྗོད་པར་འདོད་པའི་རྒྱུ་དང་འབྲས་བུ་དག་གི་ཡང་གནས་སྐབས་དེ ་ཉིད་ཡིན་པས་བྱེད་པ་དོན་མེད་དོ།། ཇི་སྟེ་ཕྱོགས་ཕྱི་མ་ལ་བརྟེན་ན། དེའི་ཚེ་དུ་མ་ལ་སྦྱོར་པོ་ཞེས་བྱ་བ་གཅིག་དུ་མ་ལ་བལྟོས་ནས་ངེས་པ་དང་ལྡན་པའི་ཡོད་པ་ཉིད་བརྗོད་པར་འགྱུར་ལ། འདི་ལ་ནི་གནོད་པ་བྱེད་པ ་ཅི་ཡང་མེད་དོ།། འདི་སྙམ་དུ་གལ་ཏེ་ངོ་བོ་གང་གིས་གཟུགས་བསྐྱེད་པ་དེ་ཉིད་ཀྱིས་རོ་ལ་སོགས་པ་ཡང་ཡིན་ན། དེ་ལ་སྐྱེ་ན་དེ་ཡང་གཟུགས་ཀྱི་ངོ་བོ་ཉིད་དུ་འགྱུར་ཏེ། སྦྱོར་བ་ནི་གང་ཞིག་གཟུགས་ཀྱི་རྒྱུ་ལས ་སྐྱེས་པ་དེ་ནི་གཟུགས་ཡིན་ཏེ། དཔེར་ན་ཁ་དོག་སྔོན་པ་བཞིན་ནོ།། རོ་ལ་སོགས་པ་ཡང་གཟུགས་མེད་པར་བྱེད་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ།། ཞེས་བྱ་བ་ནི་རང་བཞིན་གྱིས་གཏན་ཚིགས་ཀྱིས་ཐལ་བའོ།། ང་ལྟ་ཡང ་མ་ཡིན་པ་དེའི་ཕྱིར་ན་བཟློག་པ། གང་ཞིག་གཟུགས་མ་ཡིན་པ་དེ་ནི་གཟུགས་མ་ཡིན་པ་དེ་ནི་གཟུགས་སྐྱེད་པར་བྱེད་པའི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། དཔེར་ན་རླུང་གི་རེག་པ་བཞིན་ནོ།། རོ་ལ་སོགས་པ་འདི་ཡང་གཟུགས ་མ་ཡིན་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པ་ཡིན་སྙམ་ན་འདི་ནི་མ་བསླབས་པའི་བརྗོད་པ་ཡིན་ཏེ། འདི་ལྟར་གཟུགས་ཙམ་སྐྱེད་པའི་རྒྱུ་ལས་སྐྱེ་བ་ཐལ་བའི་གཏན་ཚིགས་ཉིད་དུ་འདོད་དམ། ་དེ་སྐྱེད་པ་ར་བྱེད་པ་མ་ཡིན་པ་ལས་ལྡོག་པའི་རྒྱུ་ལས་སྐྱེས་པ་ཡིན་གླང་ཕྱོགས་དང་པོ་ལ་ནི།། སྒྲུབ་བྱེད་མ་གྲུབ་པ་ཡིན་ཏེ། ཁོ་བོ་ཅག་ནི་གཟུགས་ཙམ་སྐྱེད་པར་བྱེད་པའི་རྒྱུ་ལས་རོ་ལ་སོགས་པ་སྐྱེས་པར་མི་འདོད་ཀྱི།། ་འོན་ཀྱང་དེ་དང་དྲི་མ་ཡིན་པ་སྐྱེད་བ་མེཔའི་རབ་བཞིན་ལས་ཡིན་ཏེ། དེ་ནི་རྣམ་པ་དུ་མས་བསྐྱེད་པར་བྱ་བ་བསྒྲུབ་པ་ལ་བཟོ་བའི་ཁྱད་པར་དང་ལྡན་པའི་རང་གི་རྒྱུ་ལས་སྐྱེ་བའི་ཕྱིརརོ།། གཉིས་པ་ལ་ནི་ལྡོག་པ་ལ་ཐེ་ཚོམ་ཟ ་ཉིད་ཀྱིས་གཏན་ཚིགས་མ་ངེས་པ་ཡིན་ཏེ། བཟློག་པ་ལ་གནོད་པ་བྱེད་པའི་ཚད་མ་མེད་པའི་ཕྱིར།། བཟློག་པ་ལ་སྒྱུ་མ་བཞིན་དུ་དགགེ་པར་བྱ་བ་བརྟགས་པ་ན་ཕྱོགས་དང་པོ་ཡོངས་འཛིན་ནི་གྲུབ་པ་ཡིནྡ་ལ། བྷྱོཿ ་གཉི་སཾ་པ་ལ་བརྟེན་ན་སྔ་མ་བཞིན་དུ་མ་ངེས་པ་ཡིན་ནོ།། གཞན་ཡང་ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་ཉིད་ནི་ཚན་མས་གྲུབ་པར་སྐྲོད་ཅིག་མར་སྨྲ་བ་ཡོང་འདོད་པ་ཡིན་ཏེ། རྩོད་པའི་གཞི་མི་རིགསོ།། ་དུས་ཐ་དད་པའི་འབྲས་བུ་བྱེང་པ་ཉིད་ནི་ནུས་པ་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་འགལ་བའི་ཆོས་ཀྱིས་ཁྱད་པ་ཡིན་པས་ན། བདག་ཅག་གིས་བློ་མི་མཐུན་པའི་གཞི་ཡིན་པས་ན་དེ་དག་གིས་དེ་ཉིད་སྒྲུབ་པར་འོས ་བ་ཡིན་ན། དེ་མ་ཁྱབ་པས་རང་གི་འདོད་པ་ཡང་འགོག་པར་བྱེད་པ་འདི་ནི་དེ་དག་གི་རང་གི་ཕྱོགས་བསྲུང་བའི་རྣམ་པ་སྔོན་མ་བྱུང་བ་ཡིན་ནོ།། ངོ་བོ་ཐ་དད་པའི་འབྲས་བུ་བྱེད་པ་བཞིན་དུ་དུས་ཐ་དད་པའི་འབྲས་བུ་བྱེད་པ་ཡང ་མཐོང་བས་ན་འགལ་བ་མེད་དོ་ཞེས་བྱ་བ་འདི་ཙམ་ཡིན་པས་ན་འདོད་པའི་དོན་དང་འགལ་བ་མང་དོ་ཞེ་ན། འོ་ན་གལ་ཏེ་ཁྱད་པར་མེད་པར་དུས་ཐ་དད་པའི་འབྲས་བུ་བྱེད་པ་འགལ་བར་བྱེད་ན། དེའི་ཚེ་འདི་ལྔ་བརྗོད་པ་ཞིག་ན་གཅིས ་དེརྣོ་པ་ན་བརྗོད་པ་དེས་ཅི་ཞིག་བྱ་སྟེ། གང་གིས་ཕྱིར་དུས་ཐ་དད་པའི་འབྲས་བུ་རྣམས་དུས་ཅིག་པོ་དང་། འབྲེལ་པར་མཐོང་བ་མ་ཡིན་ཏེ། མཐོང་བ་ནི་རྒྱུ་ཐ་དད་པ་དང་ཐ་དད་པ་མེད་པ་དག་ལ་རྟག་ཏུ་གཟུ་བོ་ཡིན་པའི་ཕྱིར ་ཏེ། གནས་མ་ཡིན་པ་ལ་བརྣག་པས་ཆོག་གོ། དེའི་ཕྱིར་བྱེད་པ་པོ་རྟག་པ་ཡིན་ན་འབྲས་བུ་རྣམས་ཅིག་ཅར་བ་ཡིན་པས་བཟློག་ཏུ་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ།། སྦྱོར་བ་ནི་གང་དག་ལན་ཅིག་གི ་ཚེ་རྒྱུ་མ་ཚང་བ་མེད་པར་ཉེ་བ་དེ་དག་ནི་ལན་ཅིག་གི་ཚེ་ཁོ་ན་འབྱུང་སྟེ། དཔེར་ན་སྒྲོན་མ་ཡོད་པ་སྣང་བ་དང་སྡོང་བུའི་རྣམ་འགྱུར་དང་འབྲུ་མར་ཟད་པ་དང་རང་གི་ཡུལ་ཅན་གྱི་རྟོག་པ་རྣམས་བཞིན་ནོ།། བྱེད ་པ་པོ་རྟོག་པ་ཅན་དུ་འདོད་པའི་འབྱུང་བ་དང་གནས་པ་དང་འཇིག་པ་ཡང་ལན་ཅིག་གི་ཚེ་རྒྱུ་མ་ཚང་བ་མེད་པར་ཉེ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་ཐལ་བའི་གཏན་ཚིགསོ།། དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར ་བཟློག་པ་ནཱ། གང་དག་རིམ་གྱིས་འབྱུང་བ་དེ་དག་ནི་ཅིག་ཅཪྵ་རྒྱུ་མ་ཚང་བ་མེད་པར་ཉེ་བ་མ་ཡིན་ཏེ། དཔེར་ན་མྱུ་གུ་དང་སྡོང་དུ་དང་། ཡལ་ག་ལ་སོགས་པ་བཞིན་ནོ།། འབྱུང་བ་དང་གན ་པ་དང་འཇིག་པ་ཡང་རིམ་གྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ།། ལྷན་ཅིག་བྱེད་པ་མ་ཚང་བ་ལ་བསམས་ན་ས་སྒྲུབ་བྱེད་མ་གྲུབ་པར་ཡང་བརྗོད་པར་མི་བྱ་སྟེ། མཐ ་པ་ཡིན་པ་ན་མ་ཚང་བ་མི་འཐད་པའི་ཕྱིར་དང་། རྟག་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པའི་ཕྱིར་རོ།། དེ་སྐད་དུ་རིགས་པའི་དབང་ཕྱུག་མཆོག་གིས། བྱེད་པ་དང་ནི་མི་བྱེད་པའི་དུས་སུ་འདྲ་བའི་བདག ་རྟག་ལ་བལྟོས་པ་མེད་པའི་ཕྱིར། རིམ་གྱི་སྐྱེ་བ་འགལ་བ་ཡིན། ཞེས་གསུངསོ།། འདི་ནི་བདག་ལ་སོགས་པ་རྟག་པ་རྣམས་དང་སྐད་ཅིག་མ་ཡིན་པ་བུམ་པ་ལ་སོགས་པ་རིམས་གྱིས་འབྲས་བུ་སྐྱེད་པ་ལ་བསལ ་ཡིན་ནོ།། འདི་ལ་མངོན་སུམ་དང་འགལ་པོ་ཡང་མེད་དེ། མངོན་སུམ་གྱི་སྐད་ཅིག་མ་མ་ཡིན་པ་འཛིན་པ་མི་འཐད་པའི་ཕྱིར་རོ།། མངོན་སུམ་སྐད་ཅིག་མས་སྐད་ཅིག་མ་མ་ཡིན་པ་འཛིན་པར་ནུས་པ་མ་ཡིན་ཏེ ་སྐད་མ་ཅོག་མ་མ་ཡིན་པ་ནི་སྐད་ཅིག་མ་དུ་མ་ལ་ཁྱབ་པར་བྱེད་པ་ཡིན་ན། སྐད་ཅིག་གཅིག་ཡིན་པའི་མངོན་སུམ་གྱིས་དེའི་ངོ་བོར་ཇི་ལྟར་གཟུང་བར་ནུས།། སྔར་རང་ཕྱིས་གནས་པ་ནི་ང་ལྟ་གསལ་བ་མ་ཡིན་ཏེ། ་ཡང་ང་ལྟ་ཡོད་པར་ཐལ་བའི་ཕྱིར་དང་། སྐྱེ་བ་དང་འཇིག་པའི་བར་དུ་སྣང་བར་ཐལ་བའི་ཕྱིར་རོ།། དུས་གཞན་ན་ཡོད་པའི་མངོན་སུམ་གཞན་ལ་ཡང་ཚུལ་འདི་ཉིད་ཡིན་པས། མངོན་སུམ་གྱིས་ནི་སྔོན་དང་ཕྱི་མའི་དུས་ལ ་ཁྱབ་པའི་དོན་འགའ་ཡང་གཟང་བར་ནུས་པ་མ་ཡིནོ།། འདིས་ནི་ངོ་ཤེས་པ་མངོན་སུམ་མ་ཡིན་བཤད་པ་ཡིན་ཏེ། མངོན་དུ་བྱེད་པའི་ཤེས་པ་ནི་མངོན་སུམ་ཡིན་ན། སྦྱར་གྱི་གནས་སྐབས་ནི་ང་ལྟ་མངོན་སུམ་དུ་བྱ་བ ་མ་ཡིན་གྱི། འོན་ཀྱང་དྲན་པར་བྱ་བ་ཡིན་ན། མངོན་སུམ་ནི་དྲན་པའི་ངོ་བོ་མ་ཡིན།། འོན་ཏེ་གལ་ཏེ་དེ་ལྟ་ཡོད་པའི་གནས་སྐབས་མངོན་སུམ་དུ་མི་བྱེད་ན་འདི་དྲན་པ་ཡིན་དུ་ཆུག་མོད། དེ་མངོན་སུམ་དུ་བྱེད་པ་ལ་གཞོལ ་འདི་ཇི་ལྟར་དྲན་པ་ཞེས་བྱ་སྟེ། གཞོན་ནུ་མ་ལེན་གྱིས། སྔོན་དུ་གཞལ་བ་ཙམ་ལ་ནི། དེའོ་སྙམ་པའི་དྲན་པ་འབྱུང་།། དེ་ཉིད་འདི་ཞེས་བྱ་བ་འདི།། ངོ་ཤེས་ཡིན་ཏེ་ལྷག་པ་ཅན།། ཞེས་ས་གང་སྨྲས་པའོ་སྙམ་ན། འོ་ན་ངོ་ཤེས ་པ་དྲན་པ་དང་འཛིན་པའི་ངོ་བོ་ཅན་དུ་འགྱུར་གྱི་འཛིན་པ་ཉིད་ནི་མ་ཡིན་ཏེ། དྲན་བཞིན་པ་ལ་འཛིན་པ་དང་། འཛིན་བཞིན་པ་ལ་དྲན་པ་མི་འཐད་པའི་ཕྱིརརོ།། གཅིག་པ་ནི་དྲན་པ་འཛིན་པ་མི་སྲིད་དེ། ཕན་ཚུན་འགལ་བའི ་ཕྱིར།། ངོ་བོ་གང་གིས་དྲན་པ་ཡིན་པ་དེའི་སྒོ་ནས་འཛིན་པ་ཡིན་པ་ཡིན་པར་སྨོན་པ་མ་ཡིན་པས་བརྗོད་པར་མི་ནུས་པ་ལ། ངོ་བོ་གཞན་གྱི་སྒོ་ནས་འཛིན་ནི་གཅིག་ལ་དྲན་པ་དང་འཛིན་པར་མི་འགྱུར་རོ།། འགྱུར་ན་ཡང ་མངོན་སུམ་དང་མངོན་སུམ་མ་ཡིན་པར་འགྱུར་གྱི། མངོན་སུམ་ཉིད་ནི་མ་ཡིན་ཏེ། དྲན་བཞིན་པ་ལ་མངོན་སུམ་ཉིད་དུ་མི་རིགས་པའི་ཕྱིརརོ།། འདི་སྙམ་དུ་མངོན་སུམ་ནི་དྲན་པ་ལས་ཕྱིས་ཀྱི་དུས་ན ་ཡོད་པ་ཡིན་གྱི། དྲན་པའི་བདག་ཉིད་ལ་མ་ཡིན་ལ། འདི་ཙམ་གྱི་མངོན་སུམ་མ་ཡིན་པར་མི་འགྱུར་ཏེ། འགལ་བ་མེད་པའི་ཕྱིར་རོ།། དེ་སྲུད་དུ་དྲན་ལས་སྔར་ཡོད་གང་ཡིན་པ།། དེ་ནི་མངོན་སུམ་ཞེས་བྱ་བ།། འདི་འདྲའི་ཚིག་ནི ་རྒྱལ་པོ་འམ། རིག་བྱེད་ལ་ཡང་ཡོད་མ་ཡིན། ཞེས་གང་སྨྲ་བའོ་སྙམ་ན། འོ་ན་འདི་ཉིད་སྙམ་པ་ཁོ་ནར་རྟོགས་མོད། དེ་ཉིད་འདི་ཡིན་ཞེས་བྱ་བར་ག་ལས། དེ་དང་ཐ་དད་པ་མེད་པར་རྟོག་པའི་ཕྱིར་སྐྱོན་མདོ་ཞེ་ན། དེ་ནི་མི ་རྟོག་སོ་འདི་དེ་དང་ཐ་དད་པ་མེད་པར་རྟོག་སོ།། ཞེས་བྱ་བ་འདི་ཡང་ཇི་ལྟར་རིགས་པར་འགྱུར། དེ་ཡང་རྟོག་པ་ཉིད་ཞེ་ན། ཅི་རྟོག་པ་དེ་ཉིད་ཀྱི་ས་སམ། འོན་ཏེ་རྟོགས་པ་གཞན་གྱིས་ཡིན།། དེ་ཉིད་ཀྱིས་ཞེ་ན། ལྷ་རྣམས་དགའ ་བྱ་བརྗེད་ངས་ཅན་གྱིས་སྐབས་མ་གཏོགས་ཏེ། རྟོགས་པ་དེ་དྲན་པ་དང་འཛིན་པའི་ངོ་བོ་ཡིན་པ་ཉིད་ཀྱིས་མངོན་སུམ་དང་དེར་སྣང་བ་མ་གྱུར་གཅིག་སྙམ་ཏེ། ཁྱེད་ཀྱིས་འཛིན་པ་ཙམ་གྱིས་ངོ་བོ་ཉིད་དུ་བརྗོད་པ་ཡིན་ལ། དེལ ་བོ་ཅག་ནི་རྟོགས་པ་མ་རྟོགས་པ་དང་ཐ་དད་བ་མེད་པར་ཇི་ལྟར་རྟོགས་ཤེས་སྨྲ་བ་ཡིན་ན། དེ་ཅི་གཞན་ཟོས་པ་སྐྱུག་གམ།། རྟོགས་པ་གཞན་གྱིས་ཞན།། རྟོགས་པ་གཞན་གྱིས་རྟོག་སུ་ཆུག་མོང་།། རྟོགས་པ་མ་ཡིན་པ ་འདིས་རྟོགས་པ་གཞན་གྱི་ཡུལ་ལ་དེ་དང་ཐ་དད་པ་མེད་པར་རང་གིས་ཇི་ལྟར་རྟོགས།། དོན་དམ་པར་གཅིག་ཡིན་པས་ན་འགལ་བ་མི་བྱེད་དོ་ཞེ་ན་མ་ཡིན་ཏེ། གཅིག་ཉིད་ལ་རྟོགས་པ་དང་མི་རྟོགས་པ་མི་འཐད་པའི་ཕྱིར ་དང་། སྔར་མ་མཐོང་བ་ལ་ཡང་དེ་ལྟར་རྟོགས་པ་ཡོད་པར་ཐལ་བའི་ཕྱིར་རོ།། མ་ཡིན་ཏེ། སྔར་མ་མཐོང་བ་ལ་དྲན་པའི་འདུ་བྱེད་མེད་པའི་ཕྱིར་རོ།། ཞེ་ན། འོ་ན་དྲན་ནས་རྟོགས་པ་ཡིན་པས་ན་གཅིག་དོན་དམ་པ་མ་ཡིན་ལ། ་བརྟགས་པ་འདིའི་རྒྱུ་བརྗོད་དགོས་ན། བརྗོད་ཟིན་པའི་རིག་པ་དེ་ཡང་འཐད་པ་མ་ཡིན་པས་ན། ཅི་སྤངས་ཤིང་སྤངས་ཤིང་ཁྭ་ལེན་པས་བྱིས་པའི་གཡོ་བག་ལ་བརྟེན་ནམ།། དེ་སྐད་དུ། རྟོག་གེ་བའི་ཚོགས་ཀྱི་གཙུག་གི་ནོར ་བུས་སྔོན་མྱོང་བ་ནི་དྲན་པ་ལས། དེ་ཆོས་སྒྲོ་འདོགས་མེད་པར་ནི།། དེ་ཉིད་འདི་སྙམ་ཤེས་པ་མེད། དབང་སྐྱེས་ལ་ནི་དེ་ག་ལས། ཞེས་གསུངས་པ་ཡིན་ནོ།། དེས་ན་ངོ་ཤེས་པ ་མངོན་སུམ་ཉིད་དུ་མི་འཐད་པས་ན་དེ་སྒྲུབ་པའི་སྐད་ཅིག་མ་མ་ཡིན་པ་ན། མངོན་སུམ་གྱིས་གྲུབ་པ་མ་ཡིན་པའི་ཕྱིར།། སྐད་ཅིག་མ་མ་ཡིན་པ་རིམ་གྱིས་བྱ་བ་མི་བྱེད་པ་ནུ་མ ་མངོན་སུམ་དང་འགལ་བ་མ་ཡིན་ཏེ། ཞར་ལ་བྱུང་བའི་དོན་ལ་བརྣག་པས་ཆོག་སྟེ། བྱེད་པ་པོ་རྟག་པ་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིནོ།། མི་རྟག་པ་ནི་དེ་སྨྲ་བ་རྣམས་མི་འདོད་པ་ཁོ་ན་ཏེ། རྟག་པ་བློ་རྟག་པའི་བྱེད ་བྱེད་པ་ཟོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ།། ཇི་སྐུ་འགའ་ཞིག་འདི་སྐད་དུ། དེའི་འདི་ཡང་མི་རྟག་པ་ཉིད་ཀྱི་འབྲས་བླ་ཡིན་པའི་ཕྱིར། འབྲས་བུ་གཞན་བཞིན་དུ་བྱེད་པ་པོ་གཞན་སྔོན་དུ་སོང་བ་མན།། ་ཞེས་སྨྲ་ན། དེ་ལྟ་ན་ཡང་བྱེད་པ་པོའི་གཞན་དབང་ཅན་འདི་ལ་དེ་ལས་གཞན་པའི་སྐྱེ་བོ་བཞིན་དུ་བྱེད་པ་པོ་ཉིད་དང་དབང་ཕྱུག་ཉིད་ག་ལ་ཡོད། གཉིད་པ་ལ་སོགས་པ་ཡང་མི་རྟག་པ་ཡིན་པ་ན་ཚུལ་འདི་ཉིད་ཡིན་པས་ན། འགའ ་ལ་ཡང་དབང་ཕྱུག་ཉིད་དང་བྱེད་པ་པོ་ཉིད་མདོ།། དེའི་ཕྱིར་འདི་འབྲས་བུ་ཡིན་ཡང་བྱེད་པ་པོ་མེད་པ་ཉིད་དུ་བརྟག་དཀྲིས་ལ། དེ་ལྟ་ཡིན་ན་ཡང་དེ་བཞིན་དུ་གཞན་ཡང་དེ་ལྟ་བུའི་ངོ་བོར་ཁས་ལེན་པ་ལེགསོ།། སྦྱོར་བ་ནི་གང་འབྲས ་བུ་ཡིན་པ་དེ་བྱེད་པ་པོ་དང་བཅས་པ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ།། དབང་ཕྱུག་ཀྱང་གཞན་གྱི་ལུགས་ཀྱིས་འབྲས་བུ་ཡིནོ་ཞེས་བྱ་བ་ནི་རང་བཞིན་གྱི་ཐལ་བའི་གཏན་ཚིག་སོ།། གང་ཞིག་བྱེད་པ་པོ་དང་བཅས་པ་མ ་ཡིན་པ་དེ་ནི།། འབྲས་བུ་མ་ཡིན་ཏེ། དཔེར་ན་ན་མཁའ་བཞི་ནོ།། དབང་ཕྱུག་ཀྱང་བྱེད་པ་པོ།། དང་བཅས་པ་མ་ཡིནོ།། ཞེས་བྱ་བ་ནི་བཟློག་པ་སྟེ། ཁྱབ་པར་བྱེད་པ་མི་དམིགས་པའོ།། སྦྱོར་བ་གཉིས་པོ་འདི་ནི་གཞན་ལ ་གྲུབ་པའི་ཁྱབ་པ་ཁས་བླངས་པའི་སྒོ་ནས་ཡིན་པས་ན་འདི་ལ་མ་ངེས་པར་དོགས་པར་མི་བྱའོ།། དེ་ལྟར་ན་བྱེད་པ་པོ་མི་རྟག་པ་ཡང་མེད་པས་ན་སྣ་ཚོགས་བྱེད་པ་པོ་མེད་པར་གྲུབ་པ་ཡིནོ།། འདི་ལས་ཀྱང་ཐམས་ཅད་བྱེད ་པ་པོ་མེད་པ་ཡིན་ཏེ། གང་ཞིག་ནད་ལ་སོགས་པ་རྣམས་པ་དུ་མས་སྡུག་བསྔལ་བར་འགྱུར་པའི་དུད་འགྲོ་ལ་སོགས་པའི་བྱེ་བྲག་གིས་འདི་ཐ་དད་པར་དམིགས་པ་གང་ཡིན་ན་འདི་བྱིད་པ་པོ་ཡོད་ན་ནི་ཇི་ལྟར་ཡང་མི་འཐད་དེ། ་འདི་ལྟར་གལ་ཏེ་འདི་སྙིང་རྗེས་སྙིང་བརླན་པ་ཞིག་ཡིན་ན་ཅིའི་ཕྱིར་ཅི་ལྟར་འཇིག་རྟེན་ངལ་བར་བྱེད། སྙིང་རྗེ་ནི་སྡུག་བསྔལ་སེལ་བར་བྱེད་འདོད་པ་ཉིད་ཡིན་ན། དེ་དང་ལྡན་པ་སྡུག་བསྔལ་བར་བྱེད་དོ་ཞེས་བྱ་བ་འདི་ལ་སུ་ཞིག ་ཡིད་ཚས་པར་འགྱུར། འདི་སྙམ་དུ་གང་གིས་སྡུག་བསྔལ་མྱོང་བ་གང་ཡིན་པ་ནི་འཇིག་རྟེན་ཉིད་ཀྱི་དེ་ལྟ་བུར་གྱུར་པའི་མི་དགེ་བའི་ལས་བྱས་པ་ཡིན་ན།། ཆེ་བའི་བདག་ཉིད་ཅན་དེ་དག་ལ་ཉེས་པ་ཅུང་ཟད་ཀྱང་ག་ལ ་ཡོད་སྙམ་ན། ཉེས་པ་ཇི་ལྟར་མེད་དེ། གང་གི་ཕྱིར་དེ་ཉིད་སྡུག་བསྔལ་བསྐྱེད་པར་བྱེད་པའི་ཕྱིར་རོ།། གཞན་དུ་ན་དེ་བཞིན་དུ་གཞན་ཡང་དེའི་བསྐྱེད་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིརརོ།། ཇི་སྟེ་འཇིག་རྟེན་ཉིད་ཀྱི ་རང་གི་ལས་ཀྱི་འབྲས་བུ་ངས་ངེས་པར་མྱོང་དགོས་ཏེ། བྱས་པ་ཆུད་ཟོས་པ་མྱི་འཐད་པའི་ཕྱིར་རོ།། དེས་ན་འདི་བརྩེ་བ་ཅན་ཡིན་ཡང་དེ་ལ་གྲོགས་སུ་འགྱུར་བ་ན་ཉེས་པ་མེདོ།། དེ་ཙོ་ད་ན་དེ་བྱ་བ་མི་བྱེད་པ་ན་ཡང ་འཇིག་རྟེན་ལ་སྡུག་བསྔལ་འབྱུང་ངམ། དེ་ལྟར་ནི་མ་ཡིན་ཏེ། བྱེད་པ་པོས་བྱ་བ་མ་བྱས་ན་འབྲས་བུ་མི་འབྱུང་བའི་ཕྱིརརོ་ཞེ་ན། འོ་ན་དེ་ལྟ་ན་བརྩེ་བ་ཅན་འདི་དེ་ལ་བཏང་སྙོམ་སུ་བྱ་བ་ཉིད་རིགས་པ་དང་ལྡན་པ ་མ་ཡིན་ནོ།། སེམས་ཅན་རྣམས་ཀྱི་མི་དགེ་བའི་མཐུས་བཏང་སྙོམསུ་བྱ་བ་ཡང་མི་མཐོབ་བོ་ཞེ་ན། འདི་རང་གི་བདག་ཉིད་ལ་ཡང་དབང་མེད་པས་ནུ་གསལ་བར་དབང་ཕྱུག་ཡིན ་ནོ།། རང་གིས་ལས་ཀྱིས་རིགས་པར་སྤྱོད་པ་ཅན་གྱི་འཇིག་རྟེན་ཅི་སྟེ་དབང་ཕྱུག་མ་ཡིན། གང་གི་ཚེ་འདི་འཇིག་རྟེན་གྱི་ཆོས་མ་ཡིན་པས་དེ་ཚར་བཅས་པའི་ཕྱིར་བྱ་བ་བྱེད་པ་དེ་ཉིད་ཀྱི་ཚེ་སྙིང་རྗེས་ལྡོག་པར་ཡང་བྱེད ་པས་ན། འཇུག་པར་ཡང་མི་བྱ་ལྡོག་པར་ཡང་མི་བྱ་བས་ཉམ་ང་བ་ཆེན་པོར་ཆུད་དོ།། འདིའི་སྙིང་རྗེ་ནི་ཤིན་ཏུ་གཅེས་པ་ཡིན་ཞིང་དེ་ཡང་ནང་གི་ཡན་ལག་ཡིན་པས་ན་འདི་དེ་དང་མཐུན་པར་འཇུག་པ་ཁོ་ནི་ལེགསོ།། གཞན ་ཡང་སྐྱེ་བ་དང་ལྡན་པ་ཐམས་ཅོད་ཀྱི་རྒྱུ་མཚན་གྱི་རྒྱུ་ཡིན་པའི་ཕྱིར་འདི་ཉིད་ཆོས་མ་ཡིན་པ་ཡང་སྤྲུལ་པ་ཡིན་ནོ།། དེས་ན་གལ་ཏེ་འདི་བརྩེ་བ་ཅན་ཡིན་ན་དེའི་ཚེ་རི་ཞིག་འཇིག་རྟེན་ལ་གནོད་པར་བྱེད་པའི་ལས་ཅིའི་ཕྱིར ་བྱེད་པ་ཅེས་བྱ་བའི་བརྒལ་ཞིང་བརྟག་པ་འདི་ལས་མཐ་རོ་ཅི་སྟེ་འདི་ལ་སྙིང་རྗེ་མེད་པ་དེ་ལྟ་ན་ཡང་འདི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཡིན་ནམ་མ་ཡིན།། གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཤིན་ཏུ ་ཡིན་ན། བརྩེ་བ་དང་བྲལ་བས་ན་ཕན་མི་འདོགསུ་ཆུག། ཅིའི་ཕྱིར་ཆར་གཅོད་པར་བྱེད་འའདོད་ཆགས་ལ་སོགས་པའི་དབང་གིས་འགའ་ཞིག་ཚར་གཅོད་པ་ཡིན་ན། དེ་དག་ཀྱང་འདི་ལ་མེད་པས་ནི་ཇི་ལྟར ་ཚར་གཅོད་པར་བྱེད། རྩེད་མོའི་ཆེད་དུ་ཇི་ལྟར་བྱེད་དོ།། ཞེ་ན། འདོད་ཆགས་དང་བྲལ་བ་རྩེད་མོ་ལ་སོགས་པའི་ཆེད་དུ་འཇུག་ཞེས་བྱ་བ་འདི་ལ་འཆལ་བ་ལས་གཞན་སུ་ཞིག་ཡིད་ཆེས་པར་འགྱུར།། རེ ་ཞིག་འདོད་ཆགས་ལ་སོགས་པ་དང་ལྡན་ཡང་ཚུལ་དང་ལྡན་པ་རྣམས་ལ་རྩེད་མོའི་དོན་དུ་འཇུག་པ་འདི་འདྲ་བ་མི་སྣང་ན། དེའི་འདོད་ཆགས་དང་བྲལ་བ་ལ་འདི་ཡོད་དམ། ཇི་སྟེ་འདི་འདོད་ཆགས་ལ་སོགས་པ ་དང་ལྡན་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་གྱི་དབང་ཕྱུག་བཞིན་དུ་འགའ་ཞིག་ཚར་གཅོད་པ་ལ་འགའ་ཞིག་ལ་ཕན་འདིགསོ་ཞེ་ན། དོན་གཉེར་ཉེས་པ་མཐོང་མ་ཡིན། ཞེས་བྱ་བ་འདི་ལེགས་པར་བརྗོད་པ་ཡིན་ཏེ། ་འདི་ལྟར་ཉོན་མོངས་པ་འདི་དབང་ཕྱུག་བྱེད་པ་པོ་ཉིད་དུ་གཞུང་གཟུགས་པའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པར་སྨྲ་བ་ཡིན་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བྲན་པོ་འཁོར་བའི་བཙོན་རར ་བཅིངས་པ་ལ་ནི་དེ་ལས་གཞན་པདྨོ་སྐྱེ་བོ་བཞིན་དུ་དབང་ཕྱུག་ཉིད་མེད་ཅིང་། འགྲོ་བ་མཐའ་དག་འགོད་པ་ལ་བཟོ་བའི་མཚན་ཉིད་ཅན་གྱི་བྱེད་པ་པོ་ཉིད་ཀྱང་མི་སྲིད་དོ།། དབང་ཕྱུག་འདོད་ཆགས ་ལ་སོགས་པ་དང་ལྡན་པ་ཡིན་བཞིན་དུ་དབང་ཕྱུག་དང་བྱེད་པ་པོ། ཉིད་ཡིན་དུ་ཆུག་མོད་ཅི་རྣལ་འབྱོར་དུ་གནས་པ་ཡིན་ནམ། རྣལ་འབྱོར་དུ་མི་གནས་པ་ཡིན་གལ་ཏེ་རྣལ་འབྱོར་དུ་གནས་པ་ཡིན། ་ན་ཅིའི་ཕྱིར་བློ་བུར་དུ་ཉེས་པ་མེད་པའི་སྐྱེ་བོ་ལ་གནོད་པ་བྱེད། ལམ་ལོག་པར་འགྲོ་བའི་ཉེས་པ་ཅན་ལ་གནོད་པ་བྱེད་ཞེ་ན། འདི་ལམ་གོལ་བར་འགྲོ་བ་ཡང་རང་ཉིད་བྱེད་པ་ནི་མ་ཡིན་གྱི ་དེ་ཉིད་བྱེད་དུ་འཇུག་པ་ཡིན་ནོ།། འཇིག་རྟེན་པའི་ཕྱུག་པོ་ནི་རང་གིས་འདོད་པས་ཉེས་པ་བྱས་པ་ལ་ཉེས་པ་དང་མཐུན་པར་ཚར་གཙང་བ་ཡིན་ན། རང་ཉིད་ཀྱི་སྐྱེ་བོ་ཉེས་པ་བྱེད་དུ་བཅུག་ནས་ཚར་གཅོད་པ་ན ་ཀྱེ་མ་དབང་ཕྱུག་དམ་པའི་ཚར་གཅོད་པའི་ཚུལ་འདི་ནི་སྔར་མ་བྱུང་བ་ཡིནོ།། ཆེ་བའི་བདག་ཉིད་ཅན་གྱི་སྤྱོད་པ་འདི་འཇིག་རྟེན་ལས་འདས་པ་ཡང་ཡིན་ཏེ། གཏི་མུག་གི་དབང་གིས་ཤེས་པས་སྟོང་པའི་ཕྱིར ་སྨྱོན་པའི་སྤྱོད་པ་བཞིན་དུ་རྟོགས་སོ།། གང་གི་ཕྱིར་རྣལ་འབྱོར་དུ་གནས་པའི་བདག་ཉིད་ཅན་འཇིག་རྟེན་ལམ་ལོག་པར་འཇུག་པར་བྱེད་དོ།། ཞེས་བྱ་བ་འདི་ལ་ཁོ་བོ་ཅག་མཐོང་རྒྱ་ཆུང་བས་རྒྱུ་ཅུང་ཟད་ཀྱང་། ་མམི་མཐོང་ངོ་།། ཇི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་མངོན་པར་མ་ཐོ་བ་དང་ངེས་པར་ལེགས་པ་དོན་དུ་གཉེརུ་བ་རྣམས་ཀྱིས་ད་མགུ་བོར་བྱ་བ་ལ་སོགས་པའི་ཆོ་ག་དོན་མེད་པ་ཡིན་ཏེ། གང་གི་ཕྱིར་དེ་ལས ་འདོད་པའི་འབྲས་བུ་མི་སྲིད་པའི་ཕྱིར་ཏེ། རྣམ་པ་གཞན་དུ་ཡང་སྲིད་པའི་ཕྱིར་རོ།། མངོན་པར་འབྱུང་བ་ལ་བརྟེན་པ་སླར་ལྟུང་བ་བཞིན་དུ་གྲོལ་བ་ཡང་སླར་སྲིད་པར་འཆིང་བ་སྲིད་པའི་ཕྱིརརོ།། རྣམ་པ་ཐམས ་ཅད་དུ་དེ་ལ་རག་ལུས་པ་འདི་དག་དེ་མི་བྱེད་པར་ཡང་མི་དབང་བས་ན་ཉོན་མོངས་པ་རྣམས་ཀྱིས་བཅོམ་པ་མ་ཡིན་ནམ།། ཐལ་བྱའི་སྦྱོར་བ་རྣམས་ནི། གང་ཞིག་གང་རྗེསུ་གཟུང་བར་འདོད་པ་དེ་ནི་དེ་ལ་ཕན ་འདོགས་པ་ཁོ་ན་བྱེད་དོ།། དཔེར་ན་རྗེ་སུ་མཐུན་པའི་བུ་ལ་མེ་བཞིན་ནོ།། དབང་ཕྱུག་ཀྱང་འཇིག་རྟེན་རྗེས་སུ་གཟུང་བར་འདོད་པ་ཡིན།། གང་ཞིག་གང་ལ་ཡིད་དུ་འོང་བ་དང་ཕན་པ་འདོད་པ་དེ་ནི་ཤེས་པ་དེ་ཡོད་ན་དེ ་ཡང་དག་པའི་ལམ་ཁོ་ནར་འཇུག་པར་བྱེད་དེ། དཔེར་ན་དབུས་ལ་བྱམས་པའི་ཕ་བུ་ལ་ཡིན་པ་བཞིན་ནོ།། དབང་ཕྱུག་ཀྱང་འཇིག་རྟེན་ལ་ཡིད་དུ་འོང་བ་དང་ཕན་པ་འདོད་པ་ཡིན།། གང་ཞིག་གང་ལ་སྡང་བ ་མ་ཡིན་པ་དེ་ནི་དེ་ལ་གནོད་པ་བྱེད་པ་ལ་རྒྱབ་ཀྱི་ཕྱོགས་པ་ཡིན་ཏེ། དཔེར་ན་འདོད་པ་ཅན་གྱིས་ཤིན་ཏུ་སྡུག་པ་ལ་བཞིན་ནོ།། དབང་ཕྱུག་ཀྱང་སྲོགས་ཆགས་རྣམས་ལ་སྡང་བ་མ་ཡིན་ནོ།། གང་ཞིག ་རྣལ་དུ་གནས་པ་དེ་ནི་ཉེས་པ་བྱེད་པ་ཚར་གཙད་པ་འམ་གནོད་པ་ལས་ལོག་པ་ཡིན་ཏེ། དབྱེར་ན་སྨྱོན་པ་འགའ་ཞིག་བཞིན་ནོ།། དབང་ཕྱུག་ཀྱང་རྣལ་དུ་གནས་པ་ཡིན་ནོ།། ཞེས་བྱ་བ་ནི་རང་བཞིན་གྱི་གཏན ་ཚིགས་རྣམས་ཡིན་ནོ།། བཟློག་པ་རྣམས་ནི་ཁྱབ་བྱེད་མི་དམིགས་པར་གོ་བར་བྱའོ།། ཐལ་བའི་གཏན་ཚིགས་རྣམས་གཞི་མ་གྲུབ་པར་ནི་བརྗོད་པར་མི་བྱ་སྟེ། རྩ་བའི་གཏན་ཚིགས་ཀྱི་ཁྱད་པར་བྱ་བ ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་རྣམ་པ་ཡིན་པའི་ཕྱིར་རོ།། རྩ་བའི་གཏན་ཚིགས་ཀྱིས་ཁྱབ་པར་བྱེད་པ་མེད་པའི་ཡང་མ་ཡིན་ཏེ། མེད་ཀྱང་འགལ་བ་མེད་པའི་ཕྱིར་ཏེ། ་དཔེར་ན་མོ་གཤམ་གྱི་བུ་ནི་སྨྲ་བ་པོ་མ་ཡིན་ཏེ། སེམས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཡིན་པ་བཞིན་ནོ།། དེའི་ཕྱིར་དེ་ལྟར་སྙིང་རྗེ་ཅན་དང་དེ་ལྔས་བཟློག་པའམ་འདོད་ཆགས་དང་བྲལ་བ་དང་ཆགས ་ཅན་རྣལ་དུ་གནས་པ་འམ་རྟོགས་པ་འམ་རྟགས་པ་དང་རྟག་པ་ལས་གཞན་པའི་བྱེད་པ་པོ་མེད་དོ་ཞེས་བྱ་བ་གྲུབ་པ་ཡིན་ནོ།། སྨྱོན་པ་ལྷག་ལུས་པ་ཡིན་ན་འདི་ནི་བྱེ་བྲག་ཏུ་དགག་པར་མི་ནུས།། དེ་ལ་བརྟེན་པ ་ལྷུར་བྱེད་པ་རྣམས་དེ་སྤྲོ་བ་ཡིན་པར་སྨྲ་ན་བདག་ཉིད་ཁོ་ན་སྨོན་པར་སྨྲ་བ་ཡིནོ།། གང་གི་ཕྱིར་སྨྱོན་པ་མ་ཡིན་པ་རྣམས་ཀྱིས་ནི་སྨོན་པ་དགུ་པར་བྱ་བ་མི་འཐད་ལ།། སྨྱོན་པ་མགུ ་བར་བྱེད་ན་ཡང་གང་གིས་དེ་མགུ་བར་མི་བྱེད་པ་ཐ་མལ་པའི་སྨྱོན་པས་ཉེས་པ་ཅི་བྱས།། དེ་དག་ལ་མཐུ་ཕུལ་དུ་བྱུང་བ་མེད་པས་མགུ་བར་མི་བྱེད་དོ་ཞེ་ན། འདི་མཐུ་དང་ལྡན་པ་ཡིན་ཞེས་ཏེ།། འགའ་ཡང་མགུ་བར ་བྱ་བ་མ་ཡིན་གྱིས།། འོན་ཀྱང་མགུ་བར་བྱས་ན་འབྲས་བུ་སྟེར་བར་བྱེད་དོ་སྙམ་པ་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ཞེས་བརྗོད་ཟིན་ཏོ།། སྨྱོན་པ་ཡིན་ཡང་འགྲོ་བ་མཐའ་དག་ལས་ཕུལ་དུ་བྱུང་བའི་ནུས་པ་ཡང ་ཞེས་བྱ་བ་འདི་སྨྱོན་པ་མ་ཡིན་པ་སུ་ཞིག་སྨྲ་བར་སྤྲོ། འདི་སྙམ་དུ་ཚད་མས་གྲུབ་པའི་དབང་ཕྱུག་ལ་ཉེ་བར་འཚེ་བ་ཕྲ་མོ་འདི་དག་གིས་ཟིལ་གྱིས་མི་གནོན་ཏེ། འདི་ལྟར་འབྲས་བུ་ཡིན་པའི་ཕྱིར་དང་སེམས་པ ་མེད་པའི་ཉེ་བར་ལེན་པ་ཅན་ཡིན་པའི་ཕྱིར་དང་སྐྱེ་བ་དང་ལྡན་པ་ཡིན་པའི་ཕྱིར་ན། བུམ་པ་ལ་སོགས་པ་བཞིན་དུ་ལུས་དང་ས་དང་བྱེད་པ་ལ་སོགས་པ་བློ་དང་ལྡན་པའི་རྒྱུ་ཅན་དུ་གྲུབ་པ་ན་བྱེད་པ་པོ་དབང་ཕྱུག་གི་མིང་གཞན ་ཉེབར་འཇོག་སྙན་ཉེ་བར་མི་འཇོག་རྟག་པ་ལ་སོགས་པའི་ངོ་བོའི་དབང་ཕྱུག་གནོད་པར་བྱེད་པས་བཀག་པའི་ཕྱིར་དང་། དེ་ལྟ་བུར་གྱུར་པ་ལ་ཡང་སྒྲུབ་པར་བྱེད་པའི་མཚད་མ་མི་འཐད་པའི་ཕྱིར་ཏེ། གཏན་ཚིགས་ཐེ་ཚོམ་ལ ་རྙེད་ཕྱིར། བསལ་བ་གཏན་ཚིགས་རྟེན་མ་ཡིན།། ཞེས་གང་གསུངས་པ་ཡིན་ནོ།། འོ་ན་ད་མེད་པར་སྨྲ་བར་ཡང་མི་རིགས་ཏེ། འདི་སྒྲུབ་བྱེད་ཀྱིས་སྒྲུབ་པའི་ཕྱིར་དང་། གྲུབ་པ་ཡང་གནོད་བྱེད་ཀྱིས་ཚད་མ་མི་འཐད་པའི ་ཕྱིར་རོ་ཞེ་ན། དེ་ཅིང་ནི་འདི་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ནམ། སྤུ་བྱེད་ཀྱིས་ནུས་པས་ཡོད་པ་ཉིད་ཡིན་ཞེ་ན། གནོད་བྱེད་ཀྱིས་ནུས་པས་མེད་པ་ཉིད་ཅིའི་ཕྱིར་མ་ཡིན། དེ་ལྟར་ནི་མ་ཡིན་ཏེ། གནོད་བྱེད་ཚད ་མ་མ་ཡིན་པའི་ཕྱིར་རོ།། ཞེ་ན། འདི་ཚད་མ་མ་ཡིན་པ་ཇི་ལྟར་ཡིན་སྒྲུབ་བྱེད་ཀྱི་གནོད་པའི་ཕྱི་རོ་ཞེ་ན། འོ་ན་སྒྲུབ་བྱེད་ཀྱང་ཚད་མ་མ་ཡིན་ཏེ། གནོད་བྱེད་ཀྱིས་གནོད་པའི་ཕྱིར།། སྔར་བསྒྲུབས་པའི་གནོད་བྱེད ་ཀྱིས་གནོད་པའི་ཡུལ་ཅན་གྱི་སྒྲུབ་བྱེད་འཇུགས་པར་ཡང་མི་རིག་ན། གནོད་བྱེད་སེལ་བ་ལྟ་ཅི་སྨོས།། མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར ་འགྱུར་བས་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ།། འོ་ན་གང་གིས་ཚེ་དང་པོར་དབང་ཕྱུག་སྨྲ་བས་སྒྲུབ་བྱེད་བརྗོད་པ་དེའི་སུན་འབྱིན་པས་ཀྱང་གནོན་བྱེད་ཀྱི་ཚད་མ་བརྗོད་པར་མི་བྱ་བར་འགྱུརརོ་ཞེ་ན། བདེན་ཏེ ་དེའི་ཚེ་ངེས་གནོད་བྱེད་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཀྱང་སྒྲུབ་བྱེད་སུན་འབྱིན་པ་ཉིད་ཡིན་ནོ།། སྒྲུབ་བྱེད་འདི་དག་ནི་སྒྲུབ་བྱེད་ཀྱི་མཚན་ཉིད་རྒྱས་པར་བྱེད་པ་མ་ཡིན་ཏེ། ཁྱབ་པ་དང་བྲལ་བའི་ཕྱིརརོ།། ་འདི་ལྟར་རེ་ཞིག་སྒྲུབ་བྱེད་དང་པོ་ལ་འབྲས་བུ་ཙམ་ལ་རྒྱུ་ཙམ་གྱིས་ཁྱབ་པ་གྲུབ་པ་ནི་འདོད་དེ་འདྲི་བསྒྲུབས་ཤིག། བློ་དང་ལྡན་པས་ནི་ཁྱབ་པ་མ་གྲུབ་པས་ཇི་ལྟར་དེ་སྒྲུབ་པར་ནུས། ཁྱབ་པར་བྱ་བ་ནི ་མི་འཁྲུལ་པ་ཡིན་ལ། ཁྱབ་པར་བྱེད་པ་ནི་མ་འཁྲུལ་པོའི་ཡུལ་ཡིན་ནོ།། ཁྱབ་པར་རམ་སྤྱི་ནི་སྤྱི་ལ་མི་འཁྲུལ་པ་ཡིན་ལ། ཁྱད་པར་ལ་ཁྱོད་པར་མི་འཁྲུལ་པ་ཡིན་གྱི་སྤྲིན་མ་ཡིན་ཏེ། དེ་མེད་པས་ཀྱང་མི ་འགལ་བའི་ཕྱིར་རོ།། འདི་ལྟར་དུ་བཙོམ་དང་དུ་བའི་ཁྱད་པར་ལས་མེ་ཙམ་རྟོགས་ལ། ཁྱད་པར་ལས་ཁྱད་པར་ཡིན་ནོ།། དེའི་ཕྱིར་འབྲས་བུ་ཙམ་བློ་དང་ལྡན་པའི་མཚན་ཉིད་ཅན་གྱིས་རྒྱུའི་ཁྱད་པར་ལ་མི་འཁྲུལ ་བར་སེམས་པ་དང་ལྡན་པས་ཇི་ལྟར་སྨྲ་བར་བྱེད། གལ་ཏེ་འབྲས་བུ་ཙམ་བློ་དང་ལྡན་པའི་རྒྱུ་ལས་འཁྲུལ་པ་མ་མཐོང་མོང་།། འོན་ཀྱང་ཁྱད་པར་གཞན་ལ། འཁྲུལ་པ་དམིགས་པ་དེ་ཁོ་ན་འདི་ལ་འཁྲུལ་པར་དོགས ་པར་བྱེད་པ་ཡིན་ནོ།། མ་མཐོང་བ་ཙམ་གྱིས་ནི་འཁྲུལ་པ་དང་བྲལ་བར་རྟོགས་པར་ནུས་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་བསྒྲུབ་བྱ་མེད་པ་ཡང་རྟོགས་པར་ཐལ་བའི་ཕྱིར་དང་ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུ ་པའི་ཕྱིར་དང་། འཁྲུལ་པ་དང་བཅས་པའི་གཏན་ཚིགས་ཀྱང་འཁྲུལ་པ་མ་མཐོང་བའི་སྐྱེས་བུ་ལ་བལྟོས་ནས་འཁྲུལ་པ་མེད་པར་ཐལ་བའི་ཕྱིར་དང་། སྐྱེས་བུ་ལ་བལྟོས་ནས་གཏན་ཚིགས་དང་གཏན་ཚིགས ་ལྟར་སྣང་བ་ཡིན་ན། དེའི་དངོས་པོའི་རྣམ་པར་གཞག་པ་འཇིག་པར་ཐལ་བའི་ཕྱིར་རོ།། འོ་ན་དུ་བ་ལ་སོགས་པ་ཡང་མེ་ལ་སོགས་པ་ལ་ཡང་འཁྲུལ་པ་མ་མཐོང་ཡང་དེ་ལ་མི་འཁྲུལ་པ་མི་འགྲུབ་པ་ཁོ་ནའོ།། ་ཞེ་ན། མི་འགྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་འདི་དག་མི་མཐུན་ཕྱོགས་ལ་འཇུག་པ་མ་མཐོང་བ་ཙམ་གྱིས་མི་འཁྲུལ་པ་མ་ཡིན་གྱི། འོན་ཀྱང་རང་གི་བསྒྲུབ་པར་བྱ་བ་དང་འབྲེལ་པའི་ཕྱིར་ཡིན་ལ། དེ་ཡང ་བསྒྲུབ་པར་བྱ་བའི་དོན་ལས་སྐྱེས་པའི་རྒྱུ་མཚན་ཅན་ཡིན་གྱི། མ་མཐོང་བའི་རྒྱུ་མཚན་ཅན་ནི་མ་ཡིན་ནོ།། འོ་ན་མ་མཐོང་བ་ཚད་མར་མི་བྱེད་ན་དེ་པས་བྱུང་བ་ཡང་མི་འགྲུབ་སྟེ། རྒྱུ་འབྲས་བུའི་ངོ་བོ་ནི་མཐོང ་དང་མཐོང་བའི་བསྒྲུབ་བྱེད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་དང་མ་འབྲེལ་པ་ནི་དེ་ལ་མི་འཁྲུལ་པའི་ངེས་པ་མེད་པའི་ཕྱིར་དང་། དེ་ལས་བྱུང་བ་མ་ཡིན་ན་ཡང་དོན་དངོས་པོ་གཞན ་ལ་འབྲེལ་པ་མི་འཐད་པའི་ཕྱིར་རོ།། གལ་ཏེ་དེ་དང་འབྲེལ་པར་འདོད་པ་གཞན་གྱི་རྒྱུ་ཅན་ཡིན་ནམ་རྒྱུ་མེད་པ་ཡིན་ན་ནི་དེའི་ཚེ་མེད་ཀྱང་རྒྱུ་གཞན་ལས་སམ་བློ་བུར་དུ་བྱུང་བ་ན། འདོད་པའི་འབྲེལ་པའི་ཡུལ་ལ ་འབྲེལ་པ་ཞེས་བྱ་བར་ཇི་ལྟར་འགྱུར། ཅི་སྟེ་དེ་མེད་པར་མི་འབྱུང་བ་དེ་ཡོད་ན། འབྱུང་ན་ནི་དེ་ལས་བྱུང་ངོ་ཞེས་བྱ་བར་ནན་གྱི་སྒྲུབ་པ་ཡིན་ན། དེ་ཇི་ལྟར་གཞན་གྱི་རྒྱུ་ཅན་ནམ་རྒྱུ་མེད་པ་ཡིན་ཞིང་དེ་ལས་བྱུང་བ་མེད ་པར་འབྲེལ་པཱ་ཡང་ཇི་ལྟར་ཡིན། གཞན་ཡང་རེ་ཞིག་ཡུལ་གཅིག་ཏུ་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མ་མཐོང་ཞེས་ཏེ། དེ་ཙམ་གྱིས་དེ་ལ་མི་འཁྲུལ་པ་མ་ཡིན་ཏེ། མི་མཐུན་ཕྱོགས་ཀྱི་ཕྱོགས་ཅིག ་ལ་འཇུག་པའི་ཐུན་མོང་ཡང་རང་གི་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པར་ཐལ་བའི་ཕྱིར་རོ།། དེའི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ཐམས་ཅད་དུ་མ་དམིགས་པ་དེ་ལ་འཁྲུལ་པའི་རྒྱུར་བརྗོད་པར་བྱ་བ་མ་ཡིན ་ལ། དེ་ཡང་མི་དམིགས་པ་ཙམ་ཡིན་པས་ན། དེ་ལས་བྱུང་བ་ལ་སྡང་བ་རྣམས་ལ་མི་འཁྲུལ་པ་སྒྲུབ་པ་མི་དམིགས་པའི་ཁྱད་པར་སྲིད་པ་མ་ཡིན་ནོ།། གཞན་ཡང་ཅི་མཐོང་བ་དང་མ་མཐོང་བ་དག་གིས་མི་འཁྲུལ ་པ་བྱེད་པ་ཡིན་ནམ། འོན་ཏེ་ཤེས་པར་བྱེད་པ་ཡིན། བྱེད་པ་ཡིནོ་ཞེ་ན། ཅི་རང་གི་ངོ་བོས་མི་འཁྲུལ་པ་ཞིག་གི་འམ་འོན་ཏེ་འཁྲུལ་པ་ཞིག་གིས་ཡིན་གྲང་དེ་ལས་གལ་ཏེ་དེ་རང་གི་ངོ་བོས་མི་འཁྲུལ་པ་ཡིན་ན་དེ ་ལ་བྱ་བ་གཞན་ཅི་ཞིག་ཡོད། འཁྲུལ་པོ་ཞིག་མ་འཁྲུལ་པར་བྱེད་པ་ཡིན་ན་ནི་མ་ངེས་པ་རྒྱུན་ཆད་པར་འགྱུར་རོ།། འོན་ཏེ་ཤེས་པར་བྱེད་པར་ཡིན་ན་ཇི་ལྟར་འདི་མི་འཁྲུལ་པ་ཡིན་ཞེས་བརྗོད་དགོས་སོ།། འདི ་རྒྱུ་མཚན་མེད་པ་ཉིད་དུ་ཡིན་པར་ནི་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་ཡིན་པར་ཐལ་བའི་ཕྱིརརོ།། དེ་ལས་བྱུང་བ་ལས་གཞན་པའི་རྒྱུ་མཚན་ནི་བཙལ་ཡང་མ་མཐོང་ངོ་།། རྒྱུ་མཚན་ངེས་པ་ཡིན་ཞེ་ན། འདི་ནི ་གཏམ་རྒྱུད་ཡིན་ཏེ། མི་འཁྲུལ་པའི་མིང་གཞན་ཅན་མེད་ན་མི་འབྱུང་བ་དེ་ཉིད་ཀྱི་རྒྱུ་མཚན་འདིར་སྤྱོད་པ་ཡིན་ན། དེ་ཉིད་ནི་དེ་ཉིད་ཀྱི་རྒྱུ་མཚན་དུ་རིགས་པ་མ་ཡིན།། དེའི་ཕྱིར་དེ་ལས་བྱུང་བའི་རྒྱུ་མཚན་གྱི ་མི་འཁྲུལ་པ་དང་ལྡན་པའི་དུ་བུ་ལ་སོགས་པ་སྨད་པར་འོས་པ་མ་ཡིན་ནོ།། འབྲས་བུ་ཉིད་ནི་མཐོང་བ་ཙམ་གྱིས་མི་འཁྲུལ་པར་ཇི་ལྟར་བརྗོད་པར་ནུས།། འོ་ན་འབྲས་བུ་ཉིད་ཀྱང་དེ་ལས་བྱུང་བའི་འབྲེལ ་པ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་མོང་ཅེ་ན་མ་ཡིན་ཏོ།། འབྲས་བུ་ཙམ་སྐྱེས་བུ་དང་རྒྱུ་དང་འབྲས་བུའི་ངོ་བོས་མ་གྲུབ་པའི་ཕྱིར་རོ།། བུམ་པ་ལ་སོགས་པ་འབྲས་བུའི་ཁྱད་པར་རྣམས་ཁ་ན་སྐྱེས་བུའི་རྗེསུ་འགྲོ་བ་དང་ལྡག ་པའི་རྗེས་སུ་བྱེད་པར་མཐོང་གི་འབྲས་བུ་ཙམ་ནི་མ་ཡིན་ལ་བུམ་པ་ལ་སོགས་པ་ལ་འབྲས་བུ་ཉིད་ཀྱང་མཐོང་ཞེས་ཏེ། དེ་ཡང་སྐྱེས་བུ་སྔོན་དུ་འགྲོ་བར་ནི་མ་གྲུབ་པ་སྟེ། དུ། ་ཡིན་ན་དེ་ལ་དངོས་པོ་ཙམ་ཡང་མཐོང་བས་ན། དངོས་པོ་ཙམ་ཡང་དེ་ལྟ་བུ་ཉིད་དུ་འགྱུར་རོ།། དེ་ལྟར་ནི་མ་ཡིན་ཏེ། དངོས་པོ་ཉིད་ནི་ན་མཁའ་ལ་སོགས་པ་རྟག་པ་ལོ་ཡང་ཡོད་པའི་ཕྱིརའོ།། ཞེ་ན། སྐྱེས་དྲུས་བ་ཤཱ་ཙྪ་ན་ཀྱི ་སྐྱེ་བུས་བྱས་པ་ཉིད་མྱོང་བ་ན། དེ་ལ་རྟག་པ་ཞེས་བྱ་བ་ཅི་ལྟར་ཡོད་གལ་ཏེ་དངོས་པོ་ཉིད་རྟག་པ་ལ་ཡང་མཐོང་བས་ན་དངོས་པོ་ཙམ་སྐྱེས་བུ་སྔོན་དུ་འགྲོ་བར་མི་འདོད་ན། འོ་ན་འབྲས་བུ་ཉིད་ཀྱང་ས་གཞི་ལ་སོགས་པ ་སྐྱེས་བུས་མ་བྱས་པ་ལ་ཡང་ཡོད་པས་ན་འབྲས་བུ་ཙམ་ཡང་མ་ཡིན་ནོ།། ས་བཞི་ལ་སོགས་པ་ཕྱོགས་བྱས་པས་ན་དེས་མ་ངེས་པ་མ་ཡིན་ཞེས་ན། ན་མཁའ་ལ་སོགས་པ་ཡང་ཕྱོགས་སུ་བྱེད་པ་ལ་འགོག་པར ་བྱེད་པ་སུ་ཡོད།། དངོས་པོའི་སྟོབས་ཀྱི་ཞུགས་པའི་རྗེས་སུ་དཔག་པ་ནི་ལུང་དྲང་འགལ་བ་ལ་མི་འཇིགས་སོ།། ལུང་དང་འགལ་བསལ་བར་བྱ་བ་ཡིན་ནས་ལ་སོགས་པ་ཕྱོགསུ་བྱེད་པ་ཡང་ལུང་གཞན་དང་འགལ་བས་ན ་སྤང་བར་བྱ་བར་འགྱུར།། རང་གི་ལུང་དང་འགལ་བ་ཁོ་ན་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེ་ན། རང་གི་ལུང་དང་འགལ་བ་ཁོ་ན་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེ་ན། རང་གི་ལུང་གང་ཡིན་འདི་ལྟར་སྐྱེ་བོ་རེང་བུར་སྐྱེས་གྱུར་ཅིང་། ཡོན ་ཏན་ཉེས་པ་མ་མཐོང་ལ། ཀྱེ་མ་གྲུབ་མཐའ་མི་ཟད་པའི་གདོན་འདི་སུ་ཡིས་བསྒོས་པ་ཡིན། འོ་ན་འབྲས་བུ་ཉིད་ན་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཅན་མ་ཡིན་ནམ། དེ་ནི་བུམ་པ་ལ་སོགས་པ་དང་སྲ་བན ་ལ་སོགས་པ་ལ་ཡང་ཁྱད་པར་ཅུང་ཟད་མེདདོ།། དེས་ན་གྲལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུས་བྱས་པ་ཡིན་ན་ཐམས་ཅད་དེ་ལྟ་བུ་ཁོ་ནར་འགྱུར་ལ་ཡང་ན་འགའ་ཡང་མ་ཡིནོ་ཞེ་ན། ད་ནི་མ་བདེན་ཏེ། འདི་དངོས ་པོ་ཉིད་ལ་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་འདི་འདི་སྐད་དུ།། གལ་ཏེ་དངོས་པོ་འགའ་ཞིག་སྐྱེས་བུས་བྱས་པ་ཡིན་ན་ཐམས་ཅད་ཀྱང་དེ་ལྟ་བུ་ཁོ་ནར་འགྱུར་ལ་ཡང་ན་འགའ་ཡང་མ་ཡིནོ་ཞེས་བརྗོད་པར་ནུས ་བུམ་པ་ལ་སོགས་པ་ལ་དངོས་པོ་ཉིད་གཞན་ཡིན་ལ། ན་མཁའ་ལ་སོགས་པ་ལ་གཞན་ཡིན་པ་ནི་མ་ཡིན་ནོ།། འདིས་ནི་མཁས་པར་རློམ་པ་འགའ་ཞིག། གང་ལ་འབྲས་བུའི་ཁྱད་པར་ལ་ཁྱབ་ཅིང་འབྲས་བུ་ཙམ་ལ་མ་ཁྱབ ་པོ་ཞེས་བརྗོད་པ་འདིར་འབྲས་བུ་གཉིས་ཡོད་དམ་ཞེས་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ཏེ། དེ་ལ་ཁོ་བོ་ཅག་ཀྱང་སྨྲས་ཏེ། གང་གིས་དངོས་པོའི་ཁྱད་པར་ལ་ཁྱའོ།། དྲངོས་པོ་ཙམ་ལ་མ་ཁྱབ་པ་ཞེས་བརྗོད་པ་འདིར ་དངོས་པོ་གཉིས་ཡོད་དམ། ཁོ་བོ་ཅག་ནི་འབྲས་བུ་གཉིས་ལ་ཁྱབ་པར་ཡང་བར་ཡོད་པར་མི་སྨྲའི་འོན་ཀྱང་འབྲས་བུ་རྣམས་ལ་ཡིན།། མ་བྱུང་བ་ལས་བྱུང་བ་ཙམ་གྱིས་ནི་འབྲས་བུའི་བདག་ཉིད་ཐམས་ཅད་ཆོས་མཚུང ་པར་མི་གྲུབ་སྟེ།། དེ་ལྟ་བུ་ཉིད་དུ་ཡང་གཟུགས་ལ་སོགས་པ་ཐ་དད་དང་རྒྱུ་ཐ་དད་པ་ཡང་མངོན་སུམ་དུ་གྲུབ་པའི་ཕྱིར་རོ།། འདིས་ནི་འབྲས་བུ་འགའ་ཞིག་སྐྱེས་བུ་སྔོན་དུ་འགྲོ་བར་མཐོང་ནས་དེ། ་དག་དང་རིགས་མི་མཐུན་པ་རྣམས་ཀྱང་འབྲས་བུ་ཙམ་དུ་མཚུངས་པས་དེ་ལྟར་རྣམ་པར་འཇོག་པ་ནི། རིག་པ་ངལ་བའི་འབྲས་བུ་ཤིན་ཏུ་ཐོབ་པ་ཡིན་ཏེ། གང་ཞིག་བུད་མེད་དང་དམངས་རིགས་དང་ཐུན་མོངས་པའི་ཁྱད་པར ་ཡང་མི་རྟོགས་པའོ།། འོ་ན་སྐྱེས་བུས་བྱས་པ་ཉིད་དུ་རྩོད་པའི་གཞི་མ་ཡིན་པའི་བུམ་པ་ལ་སོགས་པ་ཕན་ཚུན་དུ་རིགས་མི་མཐུན་པ་ཁོ་ན་མ་ཡིན་ནམ། དེས་ན་གལ་ཏེ་ལུས་ལ་སོགས་པ་བུམ་པ་ལ་སོགས་པ་དང ་རིགས་མི་མཐུན་པ་ཉིད་ཀྱི་སྐྱེས་བུ་སྔོན་དུ་འགྲོ་བར་རྣམ་པར་མི་འཇོག་ན། དེ་དག་ལ་ཡང་ཕན་ཚུན་བལྟོས་ནས་དེ་ཡོད་པས་ན་དེ་དག་ཀྱང་དེ་ལྟར་རྣམ་པར་མི་འཇོག་པར་འགྱུརརོ།། གང་གིས་དེ་དག་སྡེ་མཚན་གཅིག་ཏུ།། ་བྱེད་པ་བུམ་པ་ལ་སོགས་པ་རྩོད་པ་མེད་པ་རྣམས་ལ་ནི་ལུས་ལ་སོགས་པ་དང་ཐུན་མོངས་ཡིན་པ་ཐུན་མོངས་གི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ། དེ་དག་སྔ་མཚན་གཅིག་ཏུ་བྱས་པ་མེད་པར་ལུས་ལ་སོགས་པ ་ཤིན་ཏུ་རིགས་མི་མཐུན་པར་རྣམ་པར་བཞག་པར་མི་འོས་སོ།། འདི་སྙམ་དུ་གང་ཞིག་མཐོང་བས་བྱེད་པ་མ་མཐོང་ཡང་བྱས་པའི་བློར་འགྱུར་བའི་འབྲས་བུ་དེ་ནི་བློ་དང་ལྡན་པའི་རྒྱུ་ཅན་ཡིན་གྱི་གཞན་ནི་མ་ཡིན་ནོ།། ། ་ལུས་ལ་སོགས་པ་འདི་དག་ནི་འཇིག་རྟེན་ལ་བྱས་པའི་བློ་མི་སྐྱེད་དེ།། དེས་ན་བློ་དང་ལྡན་པའི་རྒྱུ་ཅན་ཉིད་དུ་རྣམ་པར་མི་འཇིག་གོ།། སྙམ་ན། དེ་ནི་བདེན་ཏེ། བྱས་པའི་བློ་ནི་རྗེ་སུ་དཔག་པའི་བདག་ཉིད་ཅན་ཡིན་ལ། རྗེསུ་དཔག ་པ་ཡང་ཁྱབ་པ་གྲུབ་པ་ལ་བལྟོས་ཤིང་། དེ་ཡང་རྗེ་སུ་དཔག་པ་ལ་བལྟོས་པ་ན་ཤིན་ཏུ་གསལ་བར་ཕན་ཚུན་རྟེན་པ་ཉིད་དོ།། དེས་ན་ཁྱད་པར་དང་འབྲེལ་པ་གཟུང་བར་མི་ནུས་པའི་ཕྱིར་འབྲས་བུ་ཙམ་ཁོ་ན་སྐྱེས་བུ་སྔོན་དུ ་འགྲོ་བར་རྟོགས་པར་བྱའོ་ཞེ་ན། འོ་ན་གལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུ་སྔོན་དུ་འགྲོ་བར་མཐོང་བས་ཐམས་ཅད་དེ་ལྟར་རྟོག་ན། འགའ་ཞིག་མེའི་རྒྱུ་ཅན་དུ་མཐོང་བས་ན། དེ་ལྟ་བུ་ཉི་དུ་ཡང་རྟོགས་པར་འགྱུར་རོ།། དེ་ནི་དེ ་ལྟ་མ་ཡིན་ཏེ། མེའི་འབྲས་བུ་ནི་རིགས་གཅིག་པ་ཡིན་ཏེ། དེས་ན་དེར་གཞན་སྤངས་ནས་རྒྱུ་དང་འབྲས་བུའི་ངོ་བོར་རྟོགས་པར་ནུས།། སྐྱེས་བུའི་འབྲས་བུ་རྣམས་ནི་རིགས་སྣ་ཚོགས་ཡིན་ཏེ། དེ་དག་ལ་ཁྱབ་པར ་དུ་དེ་ལས་བྱུང་བའི་འབྲེལ་པ་རྟོགས་པར་མི་ནུསོ།། འདི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པའི་སྐྱེས་བུའི་འབྲས་བུ་རྣམས་ནི་ནུས་པ་སྣ་ཚོགས་པ་དང་གཟུགས་སྣ་ཚོགས་པས་ན་ཕུན་ཚུན་རིགས་མི་མཐུན་པ ་ཡིན་ལ། འབྲས་བུ་ཙམ་དུ་ཆོས་མཐུན་པར་དམིགས་པ་ཡིན་ནོ་ཞེ་ན། ཐལ་བ་དང་སོལ་བ་དང་དུ་བ་དང་ཆོས་པ་ལ་སོགས་པ་མའི་འབྲས་བུ་རྣམས་ཀྱང་ཕན་ཚུན་རིགས་མི་མཐུན་པ་ཁོ་ན་མ་ཡིན་ནམ་དེས་ན་དེར ་ཡང་འབྲས་བུ་ཙམ་ཡངས་དང་རྒྱུ་དདུ་བྲས་སུ་འབྲལ་བུརྱ་གཏུགས་པར་གྱུར།། བརྗོད་པ་གའ་འབྲས་པ་རྣམས་ནི་ཐལ་བ་ལས་གསྡུ་པའི་རང་བཞིན་པ་དང་ཀྱང་དྲུང་གང་གི་རྣབ་གྱུ ་བའི་བདག་ཉིད་དུ་རིགས་གཅིག་པ་ཁོ་ན་ཡིན་ཏེ། དེས་ན་དེའི་སྒོ་ནས་དེར་འབྲེལ་བའི་བློ་འབྱུང་བས་ན་ཧེ་ཅང་ཐལ་བ་ཡང་མང་སྟེ། ཚུན་ཆེད་དུ་ལྡོག་པ་ཡང་མ་ཡིན་ནོ།། ཡང་དུ་དག་ལ་ནི་ཅིད་ཡོད་པས་ན་སྡེ་ཆེན ་ཏུ་བྱས་པ་མྱེད་ཀྱང་ང་ལཱས་གཞན་སྤངས་ན་མེད་དང་འབྲེལ་པ་རྟོགས་པ་མི་འགུལ་པ་ཁོནའོ།། ཡངྐ་ནཱ་མེ་དང་འབྲས་བཙམ་ལྡ་ན་ལཱ་དྷཱ་བྱ་དམིགས་པས་རྒྱུ་རྒྱུད་དུ་འབྲུསྡུ་བུའི་དྲི་བྱེར་རྟོག་བྷར་སཱི་འགྱུར་ལ།། སྐྱེས ་སྦྱིན་ཅིག་དམ་དམིགས་པས་ན་འགྱུར་ཏེ། རྒྱུ་ད་འགྲུས་བུའི་ཐ་སྲུད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་མཚན་ཅན་ཡིན་པའི་སྦྱོར་རོ།། འབྲས་མ་ལ་ནི་ས་ཛིས་འགྲོ་བ་དང་ལྡོག་པའི་རྗེས་བྱེད་པ་ཡོད ་ང་ཟུ་སློབ་སྟེ་ས་ང་བའི་གྱུ་། ན་སྐྱེས་བུའི་བྱུང་བས་ང་། དུས་བྱུང་རྒྱ་གས་བཱ་མྦྷ་སྤྱི་སྣ་སུ་གས་པའི་ཕྱི་སྦྱིན། མི་ཡིན ་ཐོང་མི་འརྒྱན་ཟེའི་བྱར།། འོདན་གྱིམ་མི་སོགས་པ་ཡང་མ་མེང་གྱི་མོའི་དྲུབ་ཟིཞི་ན། མོ་འགྲིབ་པ་མ་ཡོན་ཏེ། རྫ་རུག་བདག་ད་དཔ་མེད་དམིགས་པན་གྱི་ཚོང།། དེ་ཉིན་ཀྱི་བྱ་གྲོས་མིགས་པ་ལ་ཡང་སྐྱེས་། ་མེད་པ་དེ་ཅིའི་ཕྱིར་མི་འགྲུབ། དེ་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་ལ། དབང་པོ་ལས་འདས་པའི་དོན་རྣམས་ནི་མ་མཐོང་བ་ཙམ་གྱིས་མེད་པར་མི་འགྲུབ་པོ། དབང་པོ་ལས་འདས་པ་མ་ཡིན་པའི་མེ་ནི་མཐོང་བ་མེད་པའི ་ཕྱིར་མེད་པ་ཉིད་དོ།། འོ་ན་བུམ་པ་ལ་སོགས་པ་ལ་ཡང་སྐྱེས་བུ་དབང་པོ་ལས་འདས་པ་མ་ཡིན་པ་ཁོ་ན་བྱ་བ་བྱེད་པར་མཐོང་བ་མ་ཡིན་ནམ། གལ་ཏེ་དེ་ལྟ་བུར་གྱུར་པ་ཁོ་ན་རྩཝ་ལ་སོགས་པ་ལ་བསྒྲུབ་ན། དེ་མ་དམིགས་པ ་ན་མེད་པ་ཇི་ལྟར་མ་ཡིན། སྣང་དུ་རུང་བ་དང་སྣང་དུ་མི་རུང་བར་རྣམ་པར་རྟོགས་པ་བསལ་ཏེ་སྐྱེས་བུ་ཙམ་རྒྱུ་ཉིད་ཀྱིས་ཁྱབ་བྱེད་དུ་རྟོགས་ཏེ། དེས་ན་དེ་མ་མཐོང་བ་ལ་སྔ་མེད་པར་གྲུབ་པ་མ་ཡིན་ནོ་ཞེ་ན། མེ་ལ་ཡང་ཚུལ ་འདི་ཉིད་དུ་ཇི་ལྟར་མི་འགྱུར་མ་ཡིན་ཏེ། བཙོ་པ་དང་སྲེག་པ་ལ་སོགས་པ་བྱེད་པའི་སྣང་རུང་གི་ཁྱད་པར་ཁོ་ན་མི་ཡིན་པའི་ཕྱིར་རོ།། སྐྱེས་བུ་ནི་སྣང་རུང་ཉིད་དུ་ངེས་པ་མ་ཡིན་པས་ན། འདི་སྔ་མ་དང་མཚུངས་པ་མ་ཡིནོ།། དེའི ་ཕྱིར་གང་འབྲས་བུ་ཡིན་པ་དེ་ཐམས་ཅད་ནི་སྐྱེས་བུ་སྔོན་དུ་འགྲོ་བ་ཡིན་པས་ན། ལུས་ལ་སོགས་པ་ཡང་འབྲས་བུ་ཡིན་པ་ཉིད་ཀྱིས་དེ་ལྟ་བུར་གྱུར་པར་འགྲུབ་པོ།། འདི་ནི་དམ་པ་མ་ཡིན་པའི་ལྟ་བའི་ཆང་གིས་མྱོས་པས་རྨོངས ་པའི་ཉེས་པར་བསླབས་པ་རྣམས་ཀྱི་བླ་བཙལ་ཡིན་ཏེ། དེ་ལྟར་རེ་ཞིག་སྐྱེས་བུའི་འབྲས་བུ་རབ་ཏུ་གྲུབ་པ་རྣམས་རིགས་དུ་མ་ཡིན་པའི་ཕྱིར་སྡེ་ཚན་གཅིག་ཏུ་བྱ་བར་མི་ནུས་པས་ན། ཁྱད་པར་དྲ་འབྲེལ་བ་འཛིན་པ་མི་འཐད་པའི ་ཕྱིར། འབྲས་བུ་ཙམ་ལ་སྐྱེས་བུ་ཁྱབ་པར་རྟོག་པ་ཡིནོ།། ཞེས་གང་བརྗོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ད་ལྟ་ཡིན་ན་ལུས་ཅན་གྱི་སྐྱེས་བུས་ཀྱང་འབྲས་བུ་ཙམ་ལ་ཁྱབ་པར་རྟོགས་པར ་འགྱུར་རོ།། དེ་ལྟར་ནི་མ་ཡིན་ཏེ། ལུས་ཉེ་བར་མི་སྦྱོར་ཡང་འབྲས་བུ་སྐྱེ་བ་མ་མཐོང་བའི་ཕྱིརརོ་ཞེ་ན། དེ་ཅི་ད་ནི་འབྲས་བུ་ལ་ལུས་ཀྱིས་མ་ཁྱབ་པ་ཁོ་ན་ཡིན་ནམ། དེ་ལྟའོ་ཞེ་ན་ཁ་གཅིག་ལུས་ཀྱི་བྱེད་པ་རྗེས་སུ་དཔོག་པ་གང ་ཡིན་པ་དེར་མི་འགྱུར་རོ།། འབྲས་བུ་ཙམ་ལ་མ་ཁྱབ་པ་ཡིན་གྱི་འབྲས་བུའི་ཁྱད་པར་ལ་ཁྱབ་པ་ཁོ་ནའོ་ཞེ་ན། གང་གིས་སྡེ་ཚན་གཅིག་ཏུ་བྱས་ནས་ལུས་ཀྱིས་ཁྱབ་པར་འགྱུར་བ་ལུས་ཀྱིས་ཉེ་བར་སྦྱོར་བ་མེད་པས་བསྐྱེད ་པར་བྱ་བའི་འབྲས་བུའི་ཚོགས་དང་ཐུན་མྱོང་མ་ཡིན་པ་དེ་དག་ལ། ཐུན་མོང་གི་ཆོས་སོ་ཞིག་ཡོད་དེ། སྡེ་མཚན་གཅིག་ཏུ་བྱས་པ་མེད་པ་ཡང་ཁྱད་པར་དུ་ཁྱབ་པ་མི་འཐད་པའི་ཕྱིར། ཁྱད་པར་མེད་པ་ཁོ་ནར་འགྱུར་ལ།། ་འཁྲུལ་པ་ཡིན་ན་ཡང་མི་འགྱུར་བ་ཁོ་ནའོ།། ཇི་སྟེ་ལུས་ཀྱིས་འབྲས་བུ་ཉིད་དུ་གྲུབ་པ་འགའ་ཁོ་ན་ལ། གཅིག་ཏུ་ལུས་ཀྱི་ཉེ་བར་སྦྱོར་བ་མཐོང་བས་ན་དེ་ཐམས་ཅད་དུ་རྣམ་པར་འཇོག་པ་ནི་མ་ཡིན་ནོ།། འོན་ཀྱང ་གང་གི་རིགས་ཅན་ལ་ལུས་ཀྱིས་བྱེད་པ་མཐོང་བ་དེའི་རིགས་ཁོ་ན་ལ་ཡིན་ལ། དེས་ན་ཧ་ཅང་ཁྱབ་པ་མ་ཡིན་སྙམ་ན། འོ་ན་དེ་ལྟ་ན་གོང་གི་རིགས་ཅན་ལ་བློ་དང་ལྡན་པའི་བྱེད་པ་མཐོང་བ་དེའི་རིགས་ཁོ་ན་ལ་དེ་རྣམ ་བར་བཞག་པར་བྱའི།། ཁྱད་པར་མེད་པར་ནི་མ་ཡིན་ནོ།། འཁྲུལ་པ་ཡོད་པས་ན་ལུས་ཀྱིས་ཁྱབ་པ་ནི་ཁད་པར་མེད་པར་མ་ཡིན་གྱི།། འདིར་ནི་དེ་ལྟ་མ་ཡིན་ཏེ། འཁྲུལ་པ་མ་མཐོང་བའི་ཕྱིར་ཞེ་ན། འཁྲུལ་པ་མཐོང་ཞེས ་བྱ་བ་འདི་ཙམ་གྱིས་ནི་ཁྱབ་པ་མ་ཡིན་གྱི། འོན་ཀྱང་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མའི་དབང་གིས་ཡིན་ལ། འགའ་ཞིག་ཏུ་ནི་སྐྱེས་བུ་ནི་གཅིག་ལ་འབྲེལ་པ་སྒྲུབ་པས་ཅད་དུ་དེ་གྲུབ་པ་ནི་མ་ཡིན་ཏེ། འཇི་བའི་རྣམ་འགྱུར ་གྱི་ཁྱད་པར་ཙམ་ལ་བློ་དང་ལྡན་པའི་ཉེ་བར་སྦྱོར་བ་མཐོང་བའི་མཁས་པ་སུ་ཡང་སྣམ་བུ་ལ་སོགས་པ་ལ་དེའི་ཐ་སྙད་བྱེད་པ་མ་ཡིན་ཏེ། གཞན་དུ་ན་རྫ་མཁན་གྱི་ཉེ་བར་སྦྱོར་བ་ཁོ་ན་རྣམ་པར་བཞག་པར་འགྱུར་རོ།། འཁྲུལ་པ ་མཐོང་བའི་ཕྱིར་མ་ཡིན་ནོ་ཞེ་ན། འོ་ན་འཇོ་བའི་རྣམ་འགྱུར་གྱི་ཁྱད་པར་གཅིག་ལ་རྫ་མཁན་གྱི་ཉེ་བར་སྦྱོར་བ་མཐོང་བས་ཀྱང་། ཇི་བའི་རྣམ་འགྱུར་གྱི་ཁྱད་པར་གཞན་ལ་ཡང་རྣམ་པར་མི་འཇིག་པར་འགྱུར་རོ།། འཁྲུལ ་པ་མཐོང་བའི་ཕྱིར་མ་ཡིནོ་ཞེ་ན། འཁྲུལ་པར་མཐོང་བ་དང་རིགས་མཐུན་པ་ལ་འཁྲུལ་པ་མ་དམིགས་ཀྱང་དོགས་པ་མི་ལྡོག་པ་ཁོ་ནའོ།། བུམ་པ་ལ་སོགས་པ་ལ་ཕན་ཚུན་དུ་རིགས་མི་མཐུན་པས་ན་དེ་ལྟ་མ་ཡིན་ཞེ་ན། འོ་ན་བློ ་དང་ལྡན་པ་ཙམ་གྱིས་ཉེ་བར་སྦྱོར་བ་ཡང་ཁྱད་པར་མེད་པར་མི་འགྲུབ་པོ།། འབྲས་བུ་ཉིད་དུ་རིག་གཅིག་པས་ན་འགྲུབ་པ་ཞེ་ན། དེ་ཁོ་ན་བཞིན་དུ་རྩ་མཁན་གྱི་ཉེ་བར་སྦྱོར་བ་ཡང་གྲུབ་པར་འགྱུར་རོ།། དེའི་ཕྱིར་གང་དང་གང་རིག ་མཐུན་པ་ལ་སྐྱེས་བུའི་བྱེད་པ་སྣང་བ་དེ་དང་དེ་ལྔ་སྐྱེས་བུས་བྱས་པ་ཉིད་དུ་རྣམ་པར་བཞག་པར་བྱའོ་ཞེས་རིགས་པ་ཡིན་ནོ།། གང་ཞིག་མཐོང་བས་བྱེད་པ་མ་མཐོང་བ་ལ་ཡང་བྱས་པའི་བློ་འགྱུར་བ ་དེ་སྐྱེས་བུས་བྱས་ཞེས་བྱ་བ་ཡང་རིགས་མ་མཐུན་པ་ལ་འབྲེལ་པ་འཛིན་པའི་ཚད་མའི་འཇུག་པ་སྟོན་པ་ཡིན་པས་ན་ཕན་ཚུན་བརྟེན་པའི་སྐྱོན་ག་ལ་ཡོད། འདི་ལྟར་འདིར་དོན་ནི་གང་ཞིག་མཐོང་བས་བྱེད་པ་ལ་མ་མཐོང ་བའི་རྟོག་པ་པོ་ལ་ཡང་དུས་གཞན་ན་རྗེསུ་དཔག་པའི་བདྲག་ཉིད་ཀྱི་བྱས་པའི་བློ་འབྱུང་བ་དེ་ནི་ཁྱབ་པའི་དུས་སུ་དེ་ལྟ་བུས་བྱས་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ།། ཞེས་བྱ་བ་འདི་ཡིན་ནོ།། གང་མཐོང་བས་བྱས་པའི་བློར ་འགྱུར་ཞེ་ན། གང་གི་རིགས་ཅན་ལ་སྐྱེས་བུ་དང་ལྷན་ཅིག་འབྲེལ་པ་གྲུབ་པར་བྱེད་པའི་ཚད་མ་བྱུང་བར་གྱུར་པའོ།། ལུས་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་ན་ཁྱབ་པ་ལས་ཕྱི་རོལ་ཁོ་ནར་གནས།། འདིས་ནི་ཁ་ཅིག་གིས ་ལུས་ལ་སོགས་པ་ལ་བྱས་པའི་བློར་མི་འགྱུར་རོ་ཞེས་སྨྲ་བ་ལ།། ཅི་ཁྱབ་པ་གཟུང་བ་ལ་འམ། འོན་ཏེ་ཁྱབ་པ་མ་གཟུང་བ་ལ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱ་སྟེ། གལ་ཏེ་ཕྱོགས་དང་པོ་ཡིན་ན། དེ་ནི་མི་རིགས་ཏེ། ་ཁྱབ་པ་རྟོགས་པ་ཅན་གྱིས་ཁྱབ་བྱ་མཐོང་བས་ན་ཁྱབ་བྱེད་མི་རྟོགས་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་མི་རྟི་པར་ཐལ་གྱི་ཕྱིར་རོ།། གལ་ཏེ་ཕྱི་མ་ལྟར་ཡིན་ན་ལུས་ལ་སོགས་པ་ལ་ཞེས་བྱ་བ་འདི་ཤིན་ཏུ་ཉུངས་པ་སྨྲས་པ་ཡིན ་ཏེ། བུམ་པ་ལ་སོགས་པ་ལ་ཡང་ཁྱབ་པ་མ་གཏོགས་པ་ལ་བྱས་པའི་བློར་མི་འགྱུར་བ་ཁོ་ནའོ།། ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། རིགས་མཐུན་པ་པ་ལ་ཚད་མ་མ་ཞུགས་པར་ཁྱབ་པ་འཛིན་མི་འཐད་པའི ་ཕྱིརརོ།། འོ་ན་འདིར་ཡང་རིགས་མཐུན་པ་ལ་ཚད་མ་འཇུག་པ་ཡོད་པ་ཁོ་ན་མ་ཡིན་ནམ། རྩེད་མོའི་རི་ནི་རི་རྣམས་ཀྱི་རིགས་མཐུན་པ་ཡིན་ལ། འདྲ་གཟུགས་ཀྱི་ལུས་ནི་ལུས་ཀྱི་ཡིན་ཞིང་། བྲུས་པའི་ཆུ་རླུང་ནི་ཆུ ་ཀླུང་གི། འདིར་སོངལ་བ་ལ་སོགས་པའི་རང་བཞིན་གྱི་ཤིང་ནཱི་ཤིང་རྣམས་ཀྱི་ཡིན་ཞིང་། དེ་དག་ཀྱང་སྐྱེས་བུའི་བྱེད་པའི་རྗེསུ་འགྲོ་བ་དང་ལྡོག་པའི་རྗེ་སུ་བྱེད་པར་ཚད་མས་རྟོགས་པ་ཁོ་ནའོ།། འདིར་དེ་དག་དེ་ལྟ་བུ་ཡིན་ཡང ་ཁྱབ་པ་མི་རྟོགས་ན། འོ་ན་འགར་ཡང་མི་རྟོགས་པར་འགྱུརརོ་ཞེ་ན། འདི་ནི་མ་བསླབས་པའི་རྗོད་པ་ཡིན་ཏེ། འདི་ལྟར་གལ་ཏེ་སྐྱེས་བུ་དང་བྲལ་བའི་རི་ལ་སོགས་པ་དེ་ལས་གཞན་པའི་རིགས་མཐུན་པ་ཡིན་ན།། དེ་དག ་ཁོ་ན་བཞིན་དུ་དེ་དག་ཀྱང་བདག་ཅག་ལ་སོགས་པ་དང་ཁྱད་པར་མེད་པའི་བློ་དང་ལྡན་པའི་སྐྱེས་བུ་སྔོན་དུ་འགྲོ་བར་འགྱུར་རོ།། དེ་ལྟ་ནི་མ་ཡིན་ཏེ། དེ་དག་ནི་བདག་ཅག་ལ་སོགས་པས་བྱ་བར་མི་ནུས་པ་ཡིན་པའི་ཕྱིར ་ཞེ་ན། འོ་ན་རིགས་མཐུན་པ་ཡིན་ན་དེ་ཉིད་གལ་ཏེ། གཞན་དུ་ན་ཡང་ཐལ་བའི་ཕྱིརརོ།། བྱ་བར་མི་ནུས་པ་ཡིན་ན་རིག་གཅིག་ཉིད་མི་འགྲུབ་པོ།། རྣམ་པ་མཚུངས་པ་ཉིད་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ཡིན་པའི ་རྒྱུ་མཚན་མ་ཡིན་གྱི། འོན་ཀྱང་རང་བཞིན་གཞན་ཡང་ཡིན་ཏེ། ཁ་ཅིག་རྣམ་པ་ཁྱད་པར་མེད་ཀྱང་ཁྱད་པར་གཞན་ལས་རིགས་ཐ་དད་བར་མཐོང་བའི་ཕྱིར།། འདི་ལྟར་ཨུཏྤ་ལའི་རྩ་བ་ལས་དང་རྨྱི ་བ་ལས་དང་ལྕི་བ་ལས་ཀྱང་ཨུཏྤ་ལའི་རྩ་བ་དང་། འདམ་བུ་དང་ར་ལས་ཀྱང་འདམ་བུ་དང་རྩ་བ་དང་ས་བོན་ལས་ཀྱང་ཆུ་ཤིང་འབྱུང་ན། ལྕི་བ་དང་གཞན་པ་ལ་སོགས་པ་ལས་སྐྱེས་པའི་ཨུཏྤ་ལའི་རྩ་བ་ལ་སོགས་པ་རྣམས ་མཚུངས་པ་ཙམ་གྱི་རིགས་མཐུན་པ་མ་ཡིན་ཏེ། རང་བཞིན་ཐ་དད་པར་ཉམས་མྱོང་བས་གྲུབ་པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་ངོ་བོར་རྣམ་པར་བཞག་པ་འཇིག་པར་ཐལ་བའི་ཕྱིར་རོ།། དེའི་ཕྱིར་གལ་ཏེ་བྱས་པའི་རི་ལ་སོགས ་བ་རྣམ་པ་མཚུངས་པ་ཉིད་ཀྱི་རྒྱུ་མཚུངས་པ་ཡིན་ན་ཨུཏྤ་ལའི་རྩ་བ་ལ་སོགས་པ་ཡང་འགྱུར་རོ།། སྲོགས་ཆགས་ཀྱི་ལུས་ལ་སོགས་པ་དང་འདྲ་གཟུགས་ཀྱི་ལུས་ལ་སོགས་པ་རྣམ་པ་མཚུངས་ཀྱང་དེ་ལྟ་བུ་ཡིན་པ ་ཉིད་ཀྱི་རྒྱུ་མཚན་ནི་ཡོད་པ་མ་ཡིན་ཏེ། ཤིན་ཏུ་གསལ་བར་ཐ་དད་པར་ཉམ་སུ་མྱོང་བའི་ཕྱིར་རོ།། འདི་ལྟར་བྱིས་པའི་བར་གྱི་འཇིག་རྟེན་འདིས་བརྟགས་མེད་ཅིང་ཉེ་བར་བསྟན་པ་མེད་པར་དེ་དག་ཐ་དད་པར་རྟོགས ་བ་ཡིན་ནོ།། བྲུས་པའི་ཆུ་ཀླུང་ལ་དུས་ཀྱི་དབང་གིས་བྲུས་པའི་མཚན་མ་ཡུལ་བ་ན། ཆུ་ཀླུང་གཞན་ལས་ཐ་དད་པར་མ་རྫོགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། དེ་ལས་ཅིར་འགྱུར་རོ་དག་རྒྱ་མཚུངས་པར་རྟོག་པ ་ཞེ་ན། བྲུས་པ་ཡང་རྟོགས་པར་འགྱུར་རོ།། བྲུས་པ་ཁ་ཅིག་ཏུ་མངོན་སུམ་དང་འགལ་བུ་ཡིནོ་ཞེ་ན། དེ་ཉིད་ནི་འབྲས་བུ་རྒྱུ་ལ་འཁྲུལ་པ་མངོན་སུམ་གྱིས་སྒྲུབ་བམ། དེ་ལྟ་ཡིན་ནི་ན་འབྲས་བུའི་རྟགས་ལས་བྱས་པའི ་རྗེས་སུ་དཔག་མ་ལུས་པ་རྒྱུན་ཆད་པར་ཐལ་ལོ།། ཡུན་རིང་པོ་ནས་ཡོད་པའི་ཆུ་ཀླུང་དང་མཚོན་རྣམས་ལ་ཡང་རྗེས་སུ་དཔག་པ་བཟློག་ཏུ་མེད་པར་འགྱུར་རོ།། ཁྱད་པར་མ་རྟོག་པ་ན་བྲུས་པ་ལ་ཡང་འབྲུ་བ་རྗེས་སུ་དཔག་པ ་མི་འཐད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ས་བོན་ལས་བྱུང་བའི་ཆུ་ཤིང་སྡོང་བུ་ལས་བྱུང་བ་ཐ་དད་ཀྱང་། དེ་ཉེ་བར་མ་མཚོན་པས་ན་ས་དོན་རྗེས་སུ་མི་དཔག་པ་ཁོ་ན་ཏོ། རིགས་པའི་དེ་ཁོ་ན་གཟིགས་པས། རྒྱུ་བརྒྱུད་པ་རིང་བ ་རྣམས་ནི་རྗེས་སུ་མི་དཔོག་བྱ་ཉིད་ཡིན་པས་ནཱ་འཁྲུལ་པ་མེད་དོ།། ཞེས་གང་གསུངས་པ་ཡིནོ།། འབྲས་བུའི་གཏན་ཚིག་ལ་ནི་རྟོག་པ་པོ་བྱ་བར་འགྱུར་དགོས་ཏེ། དེ་སྐད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུལ ་འཁྲུལ་པ་མེདོ་ཞེས་བཤད་དོ།། འདི་སྙམ་དུ་ཁྱིམ་གྱི་ལྡུམ་རའི་ཤིང་དེ་ལས་གཞན་པའི་ཤིང་དང་རིགས་མཚུངས་པ་རྣམས་བྱེད་པ་པོ་ཅན་དུ་ངེས་པ་ཡིན་ལ། དེའི་རྗེས་སུ་འབྲངས་ནས་དེ་དག་ཀྱང་སྐྱེས་བུ་སྔོན་དུ་འགྲོ་བ ་གྲུབ་པ་ཡིན་ནོ་སྙམ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། དེ་དག་ཀྱང་སྔོན་མཐོང་བ་དང་ཁྱད་པར་མེད་པའི་བྱེད་པ་པོ་སྔོན་དུ་འགྲོ་བར་ཐལ་བའི་ཕྱིར་རོ།། གང་གིས་དེ་བཞིན་དུ་གཞན་ཡང་འགྱུར་བ་ལྡུམ་རའི་ཤིང་ཡང་བྱེད ་པ་པོ་ཅན་ནི་མ་ཡིན་ཏེ། རླུང་ལ་སོགས་པ་མཚུངས་པའི་སྐྱེས་བུ་དེར་ཉེ་བར་འཚོག་བྱེད་ཀྱི་རྐྱེན་ཙམ་ཡིན་པའི་ཕྱིར་རོ།། ངེས་བསྐྱེད་པར་བྱ་བ་ཡིན་ན་དེའི་འདོད་པའི་རྗེསུ་བྱེད་པས་ན་འཇིམ་པ་ལ ་སོགས་པའི་དབྱིབས་བཞིན་དུ་ངེས་པ་མི་འཐད་པའི་ཕྱིར་རོ།། གལ་ཏེ་རིགས་མཐུན་པ་ལས་འབྲེལ་པ་སྒྲུབ་པའི་ཚད་མ་འཇུག་པ་རྒྱུ་དང་འབྲས་བུའི་དངོས་པོའི་འབྲེལ་པ་གྲུབ་པའི་ཐབས་ཡིན་ན། འོ་ན་སྔོན་དུ་ལུས་ཅན་གྱི ་འབྲས་བུར་མ་མཐོང་བ་ལས་རྗེས་སུ་དཔག་པར་མི་འགྱུར་ཏེ། འབྲེལ་པ་མ་གཟུངས་པའི་ཕྱིར་རོ།། འདོད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ།། འབྲེལ་པ་རྟོགས་པའི་དུ་བ་ལས་ཀྱང་མེའི་རྟོགས་པ་སྐྱེ་བ་མ་ཡིན།། དེའི ་ཕྱིར་ལུས་ལ་སོགས་པ་དང་རིགས་མི་མཐུན་པ་ལས་འབྲེལ་པ་གྲུབ་པར་བྱེད་པའི་ཚད་མ་འཇུག་པ་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་དེ་དག་ལ་སྐྱེས་བུ་དང་འབྲེལ་པ་སྒྲུབ་དཀའ་བ་ཡིན་ལ་གཞན་ལ་ནི་ཕན་ཚུན་རིགས་མི་མཐུན ་བས་སྡེ་ཚན་གཅིག་ཏུ་བྱ་བ་མེད་པར་ཡུང་འབྲེལ་བའི་བློ་མི་འགལ་ཏེ། སོ་སོར་དེ་སྒྲུབ་པར་བྱེད་པའི་ཚད་མ་འཇུག་པའི་ཕྱིར་རོ།། དེསོ་ནི་གང་གིས་ལུས་ལ་སོགས་པ་ཡང་དེ་ལྟར་རྟོགས་པར་འགྱུར་བ། ཁོ་བོ ་ཅགས་གི་ནི་འབྲས་བུ་ཙམ་སྐྱེས་བུ་སྔོན་དུ་འགྲོ་བ་ཅན་དུ་མ་རྟོ།། རིགས་གཞན་ལ་སྒྲུབ་པར་བྱེད་པའི་ཚད་མ་ཞུགས་པ་ན་གཞན་ལ་འབྲེལ་པ་མི་རྟོགས་པ་ཡིན་དུ་ཆུག་མོང། ལུས་ལ་སོགས་པ་བུམ་པ་ལ་སོགས་པ ་ལས་རིགས་གཞན་ཡིན་པ་དེ་ཉིད་ག་ལས་སྤྱོད་པའི་ཤེས་པ་མི་འདྲ་བའི་ཡུལ་ཡིན་པའི་ཕྱིར་ཏེ། བུམ་པ་ལ་སོགས་པ་རྣམ་པ་གཞན་ཁོ་ནར་རྟོགས་ལ། ལུས་ལ་སོགས་པ་ཡང་རྣམ་པ་གཞན་ཁོ་ནར་རོ།། ་ཕ་རོལ་པོས་ཀྱང་འདི་དག་ཐ་དད་པར་གདོན་མི་ཟ་བར་ཁས་བླང་དགོས་ཏེ། གང་གི་འདི་བྱེད་པ་པོ་མེད་པ་དང་། བྱེད་པ་པོ་ཅན་དུ་ངེས་པ་དང་བྱེད་པ་པོ་ཅན་དུ་ཐེ་ཚོམ་ཟ་བའི་བྲེ་བྲག་གིས་དངོས་པོ་རྣམས་ཕུང་པོ་གསུམ ་དུ་སྨྲ་བའི་ཕྱིར་རོ།། བྱེད་པ་ཅན་དུ་ངེས་པའི་མཚན་ཉིད་མ་ཚང་བ་མེད་པ་ནི་བྱེད་པ་ཅན་དུ་ཐེ་ཚོམ་ཟ་བར་འགྱུར་བ་མི་འོས་ཏེ། བྱེད་པ་ཅན་དུ་ངེས་པ་རྣམས་ཀྱང་དེ་ལྟ་བུའི་ངོ་བོར་ཐལ་བའི་ཕྱི་རོ།། བྱེད་པ་པ་མཐོང ་བས་ན་ལུས་ལ་སོགས་པ་བྱེད་པ་པོ་ཅན་དུ་ཐེ་ཚོམ་ཟ་བ་ཡིནོ་ཞེ་ན། བུམ་པ་ལ་སོགས་པ་གྲུབ་ཟིན་པ་མཐོང་བ་རྣམས་ལ་ཡང་འགྱུར་རོ།། མ་ཡིན་ཏེ་བྱེད་པ་པོ་ཅན་དུ་མཐོང་བ་དང་རིགས་མཐུན་པའི་ཕྱིར་རོ་ཞེ་ན ་བུམ་པ་ལ་སོགས་པ་གྲུབ་ཟིན་པ་མཐོང་བ་རྣམས་ལ་ཡང་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་ལུས་ལ་སོགས་པ་ལ་ཡང་མི་འགྱུརརོ།། དེ་དག་དེའི་རིགས་ཅན་མ་ཡིན་ཞེས་ན། ཁོ་བོ་ཅག་ཀྱང་དེ་ཉིད་སྨྲ་ཏེ། དེ་ཉིད་ཀྱི་ཕྱིར་ལུས་ལ ་སོགས་པ་ཤིན་ཏུ་རིགས་མི་མཐུན་པར་གྲུབ་པའོ།། གལ་ཏེ་བུམ་པ་སོགས་པ་ཕན་ཚུན་རིགས་མི་མཐུན་མོང་ཀྱི། འོན་ཀྱང་བྱེད་པ་པོ་ཅན་དུ་ངེས་པ་ཉིད་ཀྱི་སྡེ་ཚན་གཅིག་ཏུ་བྱས་པ་རྣམས་རིགས་མཐུན་པ་ཁོ་ན་ཡིན ་ལུས་ལ་སོགས་པ་ནི་བྱེད་པ་པོ་ཅན་དུ་ངེས་པའི་འབྲས་བུའི་ཚོགས་ཐམས་ཅད་ལས་ཕྱི་རོལ་ཏུ་འགྱུར་བ་ཤིན་ཏུ་རིགས་མི་མཐུན་པ་གྲུབ་པ་ཡིན་ནོ།། འདི་ལས་ཀྱང་ཤིན་ཏུ་རིགས་མི ་མཐུན་པ་ཡིན་ཏེ། གང་མི་འདྲ་བའི་རྒྱུ་ཅན་དུ་འདོད་པའོ།། འདི་ལྟར་བུམ་པ་ལ་སོགས་པ་ཕན་ཚུན་ཐ་དད་ལུས་ཀྱི་བྱེད་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ལ། ལུས་ལ་སོགས་པ་ནི་ལུས་ཅན་མ་ཡིན་པ་དང་ལྡན་པའི་བྱིན ་གྱིས་བརླབས་པ་ཙམ་གྱིས་ཡིན་ནོ།། དེའི་ཕྱིར་དེ་དག་ལས་ཤིན་ཏུ་ཐ་དད་པ་ཅི་སྟེ་མ་ཡིན་གལ་ཏེ་བུམ་པ་ལ་སོགས་པའི་གཟུགས་ལུས་ཀྱིས་བྱེད་པས་བསྒྲུབས་པར་བྱ་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ལུས་ལ་སོགས ་བའི་ལུང་འགྱུར་ན། དེ་ལྟ་བུ་མ་ཡིན་པ་ན་གཟུགས་དེ་ལུས་ཀྱི་བསྒྲུབ་པར་བྱ་བ་མ་ཡིན་པས་ན་གཞན་གྱིས་ཡང་མ་ཡིན་ཏེ། རྒྱུ་ཟླ་དང་ཀྱང་ངོ་བོ་ཐ་དོད་པས་ན་མཐའ་དག་གི་ངོ་བ་སྣ་ཚོགས་ཉིད་རྒྱུ་མེད་པར་འགྱུར།། ་དེའི་ཕྱིར་ལུས་ཀྱིས་བྱེད་པས་བསྐྱེད་པར་བྱ་བའི་བུམ་པ་ལ་སོགས་པ་ལས་ལུས་ལ་སོགས་པ་དེས་བསྐྱེད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ན་ཤིན་ཏུ་རིགས་མི་མཐུན་པ་ཡིན།། གཽཏན་ཚིགས་འདི་དག་ནི་བཅོས་མ་ད ་བཅོས་མ་མ་ཡིན་པའི་རི་ལ་སོགས་པ་ཕན་ཚུན་རིགས་མི་མཐུན་པ་ཉིད་ཀྱི་སྒྲུབ་བྱེད་ལ་ཡང་སྦྱར་བར་བྱའོ།། བཅོས་པ་རྣམས་ལས་ལུས་ལ་སོགས་པ་ཐ་དད་པ་སྒྲུབ་པར་བྱེད་པ་ནི་བུམ་པ་ལ་སོགས་པ་ཤིན ་ཏུ་རིགས་མི་མཐུན་པ་ཉིད་ཀྱི་སྒྲུབ་བྱེད་དུ་ལྟ་བར་བྱའོ།། གང་དག་ཅི་ཞིག་ལྟར་རྟོགས་པ་གཅིག་གི་ཡུལ་ལས་ཀྱང་ཐ་དད་པ་དེ་དག་དེ་ལྟ་བུར་གྱུར་པ་མ་ཡིན་པ་དག་ལས་ཤིན་ཏུ་ཐ་དད་པ་མ་ཡིན་པར་ཇི་ལྟར་འགྱུར།། ་འདི་སྙམ་དུ་རེ་ཤིགུ་བུམྦྷ་པཱ་དང་ཤིང་རྟག་ལ་སོགས་པ་སྐྱེས་བུས་བྱས་པའི་འབྲས་བུ་རྣམས་ཀྱང་ཕུན་ཚུན་རིགས་མི་མཐུན་པར་མཐོང་སྟེ། དེའི་ཕྱིར་ལུས་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པ་ལ་འགལ་བ ་ཅི་ཡོད་སྙམ་ན་དེའི་ཅི་འདི་སྲིད་པ་ཡིན་ནམ། འོན་ཏེ་ངེས་པ་ཡིན་དེ་ལ་གལ་ཏེ་སྲིད་པ་ཡིན་ན། དེའི་ཚེ་ངེས་པ་མེད་པའི་ཕྱིར་ཁྱབ་པ་མེད་པ་ཡིན་ཏེ། ཁྱབ་པ་ནི་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར།། ཇི་སྟེ་ངེས་པ ་ཡིན་ན་ངོ་མི་འཐད་དེ། རིགས་གཞན་ལ་མཐོང་བའི་ཆོས་ནི་གཞན་ལ་ངས་པ་ཡན་ལ་ངེས་པ་ཡན་ལག་མ་ཡིན་ཏེ། རིགས་གཞན་ལ་ནི་རབ་སྒྲུབ་པ། སྒྲ་ཡི་སྤྱི་ནི་མཐོང་བ་ལས།། སྒྲུབ་བྱེད་མི་རིག་དག་ལ ་སོགས།། གོ་ཉིད་ཕྱིར་ན་རཱུ་ཅན་བཞིན་ཞེས་གང་གསུངས་པ་ཡིན་ནོ།། རེ་ཞིག་འདི་ཡོད་པར་སྲིད་པའི་རྒྱུ་མཚན་ཉིད་བསྒྲུབ་པར་དཀའ་ན། དེ་ངེས་པ་ལྟ་ཅི་སྨོས། འདི་སྙམ་དུ་བུམ་པ་ལ་སོགས་པ་ལ་སྐྱེས ་བུ་དང་འབྲེལ་པ་ཁོང་ཅུང་པ་ཡིན་ལ་དེ་དང་རིགས་མི་མཐུན་པའི་ཕྱིར་ལུས་ལ་སོགས་པ་ལ་མི་རྟོགས་ནི། འོ་ན་རྩའི་དུ་བོ་ལ་མེ་དང་འབྲེལ་པ་རྟོགས་པས། དེ་དང་རིགས་མི་མཐུན་པའི་ཕྱིར་ལོ་མ་ལས་བྱུང ་བཱ་ལ་མི་རྟོགས་པར་འགྱུར་རོ།། སོ་སོར་རྟོགས་པར་བྱེད་དོ་ཞེ་ན། ཟུང་ཤང་མཧཱའ་ཡས་པའི་ཕྱིར་དེའི་བྱ་གིས་ངུ་བའི་རིགས་ཀྱང་མཐའ་ཡས་པས་ན། མུ་ཚེ་རིལ་པོས་ཀྱང་མེ་དང་། ་དུ་བའི་འབྲེལ་པ་རྟོགས་པར་མི་འགྱུར་རོ།། ཇི་སྟེ་དུ་བ་མ་ཡིན་པ་ལས་ལོག་པའི་བདག་ཉིད་དུ་བ་རྣམས་ཅད་རིགས་གཅིག་པ་ཡིན་ན། འབྲས་བུ་ཐམས་ཅད་ཀྱང་འབྲས་བུ་མ་ཡིན་པ་ལས་ལོག་པར་ཅི་སྟེ་མི་འདོད། ་དེའི་ཕྱིར་དུ་བཱ་ཙམཱ་ལ་མེས་ཁྱབ་པ་ཡིན་པ་བཞིན་དུ་འབྲས་བུ་ཙམ་ལ་སྐྱེས་བུས་ཁྱབ་པ་གྲུབ་བོ་སྙམ་ན། འདི་ལྟར་ཇི་ལྟ་བུར་བུད་ཤིང་གི་བྱེ་བྲག་གི་རྗེ་སུ་བྱེད་པའི་དུ་བའི་བྱེ་བྲག་རྣམས་མེས་ཁྱབ་པ་རྟོགས་པ་ན་འ ་དེ་བཞིན་དུ་འཇི་བའི་བྱེ་བྲག་གི་རྗེས་སུ་བྱེད་པའི་བུམ་པ་ཡང་སྐྱེས་བུས་ཁྱབ་པ་རྟོགས་པ་ནི་སྤངས་པར་བྱ་བ་ལ་ནི་ཡན་ལ། བུམ་པ་ཉིད་ནི་བ་བཞིན་དུ་དོར་བར་མི་རིགསོ།། དེ་ལ་གལ་ཏེ་ཁོ་བོ་ཅག་དུ་པ་ཉིད་ཀྱང་སྤ ་ནས་དེ་དང་ལྷན་ཅིག་རྒྱུ་བའི་འབྲས་བུ་ཉིད་མེས་ཁྱབ་པར་རྟོགས་པར་བྱེད་ན། བུམ་པ་ཉིད་ཀྱང་སྤངས་ནས་སྐྱེས་བུས་ཁྱབ་པར་རྟོགས་པར་ཞིག་ན། དེ་ལྕེ་མ་ཡིན་པས་མི་མཚུངས་སོ།། གལ་ཏེ་འབྲས་བུ་ཙམ་ལ་མེ་ལ ་སོགས་པས་ཁྱབ་པར་མི་རྟོག་སུ་ཆུག་མང་།། སྐྱེས་བུས་ཁྱབ་པར་ཅིའི་ཕྱིར་མི་རྟོགས་པ་ཡིན་ནམ་ཞེ་ན། འབྲེལ་པ་འཛིན་པར་བྱེད་པའི་ཚད་མེད་པའི་ཕྱིར་ཏེ། ཐ་དད་པ་ལ་ནི་དེ་ལས་བྱུང་བའི་རྒྱུ་ཅན་གྱི་འབྲེལ་པ་ཡོད་པ ་ཡིན་ལ། དེ་ཡང་ཚད་མ་འགའ་ཞིག་གིས་རྟོགས་པར་བྱ་བ་ཡིན་ཞིང་དེ་ཡང་གཞི་མེད་པར་མི་འཇུག་པ་ན། འབྲས་བུ་ཙམ་དང་སྐྱེས་བུ་རྒྱུ་དང་འབྲས་བུའི་ངོ་བོར་སྒྲུབ་པར་བྱེད་པའི་ཚད་མ་ནི་འགྱུར་ཡང་ཡོད་པ་མ་ཡིན་ནོ།། བུམ ་པ་ལ་སོགས་པ་ལ་འཇུག་པའི་ཚད་མ་ནི་འབྲས་བུ་ཙོམ་སྐྱེས་བུའི་རྒྱུ་ཅན་ཡིན་ནོ།། བུམ་པ་ལ་སོགས་པ་ལ་འཛག་པའི་ཚོང་མ་ནི་འབྲས་བུ་ཙམ་སྐས་བུའི་རྒྱུ་ཅན་ཡིན་ན་ཞེས་ཞེན་པར་མི་བྱེད་ཀྱི། འོན་ཀྱང་འདི་འདྲ་བ ་འབྲས་བུ་གང་ཡིན་པ་དེ་སྐྱེས་བུའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བར་ཡིན་ལ། ཐམས་ཅད་རིགས་གཅིག་པ་ཡང་མ་ཡིན་པས་ན་འགའ་ཞིག་ལ་སྐྱེས་བུ་སྔོན་དུ་འགྲོ་བ་ཉིད་ལ་སྒྲུབ་པར་བྱེད་པས་ནི་ཐམས་ཅད་དུ་གྲུབ་པ་མ་ཡིན།། ། ་འབྲས་བུ་ཙམ་ཉིད་དུ་རིགས་གཅིག་པ་ནི་རྒྱུའི་ཁྱད་པར་གྱི་ཁྱབ་པ་རྟོགས་པར་དབང་བ་མ་ཡིན་ཏེ། རྒྱུ་ཙམ་གྱི་ཁྱབ་པ་ཁོ་ན་ལྔ་དེ་ཉེ་བར་མཁོ་བོའི་ཕྱིར་རོ།། གལ་ཏེ་འབྲས་བུ་སྐྱེས་བུ་སྐྱེས་བུ་མེད་པར་ཡང་འབྱུང་ན། དེའི་རྒྱུ ་སྐྱེས་བུ་མ་ཡིན་པས་ན་ལན་ཅིག་ཀྱང་དེ་ལས་མི་འབྱུང་བར་འགྱུར་ན། འབྱུང་བ་ཡང་ཡིན་ཏེ། དེས་ན་དེ་བསྐྱེད་པར་བྱ་བ་ཡིན་ཞེས་རྟོགས་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་ལ་སོ་སོར་ངེས་པ་དེ་དེ་མེད་པར་ཇི་ལྟར་འབྱུང་འབྱུང ་ནོ་ཡང་རྒྱུ་མེད་པར་འགྱུར་ཏེ། དེ་མེད་པར་ནི་དེ་ཡོད་ན། རྒྱུ་དང་ལྡན་པ་ལས་འདས་འགྱུར་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པའང་མེད་པར་འགྱུར། དངོས་པོ་རྣམས་ནི་རས་འགའ ་ཞིག། འབྱུང་བ་ལྟོས་པ་ལས་ཡིན་ནོ།། ཞེས་གང་གསུངས་པ་ཡིནནོ།། དེའི་ཕྱིར་འབྲས་བུ་དང་སྐྱེས་བུ་དག་རྒྱུ་དང་འབྲས་བུའི་ངོ་བོར་གྲུབ་ན། འབྲས་བུ་སྐྱེས་བུ་ལ་མི་འཁྲུལ་པ་ན་དུ་བ་དང་མེ ་བཞིན་དུ་དེས་ཁྱབ་པ་གྲུབ་པར་འགྱུར་ན། ཚུལ་འདིས་དེ་མི་རིགས་པ་ཡིན་ཏེ། ཐམས་ཅད་ལ་རྒྱུའི་ཁྱད་པར་གྱིས་ཁྱབ་པ་གྲུབ་པར་ཐལ་བའི་ཕྱིར་རོ།། འདི་ལྟར་འདི་སྐད་དུ། མེ་མེད་པར་འབྱུང་བའི་འབྲས་བུ་རྒྱུ་མ་ཡིན་པའི ་མེ་ལས་མེ་མི་འབྱུང་ལ། དེ་ལ་འབྱུང་བས་ན་དེས་བསྐྱེད་པར་བྱ་བའི་རང་བཞིན་ཉིད་ཀྱིས་དེ་ལ་ངེས་པའི་ཕྱིར་དེ་མེད་པར་མི་འབྱུང་ལ། འབྱུང་ན་ཡང་རྒྱུ་མེད་པའི་ཕྱིར་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་ཞེས ་བརྗོད་པར་ནུསོ།། འབྲས་བུ་དང་མེ་འབྲེལ་པ་གྲུབ་ན་འབྲས་བུ་མེ་ལ་མི་འཁྲུལ་པ་ན་དེས་ཁྱབ་པར་གྲུབ་པ་ཡིན་ནོ།། འཁྲུལ་པ་ན་ངས་ཁྱབ་པར་གྲུབ་པ་ཡན་ན།། འཁྲུལ་པ་མཐོང་བས་ན་དེ་ལྟ་མ་ཡིནོ་ཞེན ་འབྲེལ་པ་གྲུབ་ཀྱང་འཁྲུལ་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ།། ལྡོག་པ་མེད་པས་ནཱ་འབྲེལ་པ་ཡང་གྲུབ་པ་མ་ཡིན་ནོ་ཞེ་ན། འོ་ནོ་མེ་ལས་དྲི་བ་ཞེས་བྱ་བའི་འབྲས་བུར་ཡང་འགྱུར་རོ།། ཇི་སྟེ་དུ་བ ་འབྲས་བུ་ལ་ནི་མེའི་ལྡོག་པའི་རྗེ་སུ་བྱེད་པ་ཁོ་ནའོ་ཞེ་ན། དེའི་ཚེ་དེ་ཉིད་དུ་བ་གཞན་བཞིན་དུ་འབྲས་བུ་གཞན་གྱིས་ཡང་ལྡོག་པ་ཇི་ལྟར་མ་ཡིན། འབྲས་བུ་གཞན་ལ་ལྡོག་པ་མ་གྲུབོ་ཞེ་ན། དེ་ཅིང་ནི་འབྲེལ ་པ་རྟོག་པར་འདོད་པས་གསལ་བ་སོ་སོ་ལ་ལྡོག་པ་གཟུང་དགོས་སམ། དེ་ལྟར་ཡིན་ན་དུ་བའི་གསལ་བ་མཐའ་ཡས་པས་ན་གསལ་བ་མཐའ་ཡས་པས་ན་གསལ་བ་སོ་སོ་ལ་ལྡོག་པ་རྟོགས་པར་མི་ནུས་པའི་ཕྱིར།། ་དུ་བ་ཙམ་ཡང་མེ་དང་འབྲེལ་པ་མི་འགྲུབ་པར་འགྱུར་ལ། འབྲས་བུ་ཙམ་ཡང་སྐྱེས་བུ་དང་འབྲེལ་པ་སྒྲུབ་པར་དཀའ་བར་འགྱུར་ཏེ། འབྲས་བུའི་ཁྱད་པར་ཐམས་ཅད་སྐྱེས་བུ་ལྡོག་པས་ལྡོག་པར་རྟོགས་པར་མི་ནུས་ཏེ། ་ལ་སོགས་པ་ལ་མི་འཐད་པའི་ཕྱིརརོ།། སྣང་དུ་མི་རུང་བའི་སྐྱེས་བུ་མེད་པར་ནི་དེ་དག་མེད་པར་མི་རྟོགས་ཏེ། དམིགས་པའི་མཚན་ཉིད་དུ་མི་འགྱུར་པ་དེ་འགར་ཡང་མེད་པར་མི་འགྲུབ་པའི་ཕྱིརརོ།། སྣང་དུ་རུང་བའི་སྐྱེས ་བུ་མེད་ན་ཡང་མེད་པ་ཡིན་ཏེ། ཡོད་པ་ཁྲོ་ནི་དམིགས་པའི་ཕྱིར།། དེའི་ཕྱིར་དུ་བའི་འབྲས་བུ་གཅིག་ལ་མི་ལྡོག་པའི་རྗེསུ་བྱེད་པར་གྲུབ་པ་གླང་ཡིན་པ་དེ་ཉིད་འབྲས་བུ་ཐམས་ཅད་ལ་མ་ཡིན་པོས་ན་ལྡོག་པ་མེད་པས ་འབྲས་བུ་ཙམ་མེ་དང་འབྲེལ་པ་གྲུབ་པ་ཇི་ལྟར་དགག། མངོན་སུམ་དང་འོགལ་བའི་ཕྱིར་རོ་ཞེ་ན། འབྲེལ་པ་འཛིན་པའི་མངོན་སུམ་ཚད་མ་ཡིན་ན་མངོན་སུམ་ཆང་མ་ཡན་མངོན་སུམ་གཞན་དང་ཇི་ལྟར་འགལ་ཏེ། སྐད་དུ ་ཚད་མ་ཡིས་ནི་ཚད་མ་ལ། གནོད་པ་མ་ཡིན་ཕན་འདོགས་མིན།། གནོད་ན་ཚད་མ་ཡིན་ཞིང་།། ཕན་འདོགས་པ་ནི་དོན་མེད་ཉིད་ཞེསོ།། ཚང་མ་མ་ཡིན་ན་ཡང་དེ་ལས་དུ་བ་བཞེས་བྱ་བའི་འབྲས་བུ་ཡང་མེད་དང་འབྲེལ་བ་མི་འགྲུབ ་པོཿའབྲས་བུ་ཙམ་མེ་དྲང་འབྲེལ་པ་གྲུབ་པ་ནི་མ་ཡིན་གྱི་འབྲས་བུའི་ཁྱད་པར་ཡིན་ནོ་ཞེ་ན། འདོད་པ་བསྒྲུབ་སྟེ། གལ་ཏེ་འདི་ཉིད་དང་པོར་བརྗོད་ན། སྣ་རྣམས་དགའ་བ་ཉོན་མོངས་པར་མི་འགྱུར་བ ་ཡིན་ན། དེ་ལྟ་ན་ཡང་གང་དུ་རུང་དུ་ཡང་ཁྱད་པར་མེད་པར་སྐྱེས་བུ་དང་འབྲེལ་པ་ཤེས་པར་བྱེད་པ་དཔྱོད་པ་དང་ལྡན་པ་ཁྱོད་ཀྱིས་གནས་མ་ཡིན་ཤིན་ཏུ་འཁྲུས་པ་འདི་ཅི་ཡི་ནི། ཇི་ལྟར་འབྲས་བུ་ཙམ་མེ་སྔོན་དུ་འགྲོ་བ་མ ་ཡིན་པ་དེ་ཁོ་ན་བཞིན་དུ་སྐྱེས་བུ་སྔོན་དུ་འགྲོ་བར་ལ་ཡང་ཡིན་ནོ།། འབྲས་བུ་ཁྱད་ཅན་ཁོ་ན་སྐྱེས་བུ་སྔོན་དུ་འགྲོ་བ་ཅན་དུ་རྗེ་སུ་འགྲོ་བ་དང་ལྡོག་པ་ལས་ངེས་པར་གཟུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གྲུབ་ཟིན་པའི་ཁང ་པ་ལ་སོགས་པ་མཐོང་བ་ལས་ཡིན་པ་བཞིན་དུ། མཐོང་བས་འདུ་བྱེད་བཞག་པའི་འཇིག་རྟེན་ལ། ལུས་དང་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པ་མཐོང་བ་ལས་སྐྱེས་བུས་བྱས་པའི་བློ་སྐྱེ་བར་ཐལ་བ་བཟློག་པར་དཀའོ། ་རྨོངས་པས་ན་དེ་ལྟ་མ་ཡིནོ་ཞེ་ན། རྨོངས་པ་ཅེས་བྱས་པ་ཡིན། བྱེད་པ་མ་དམིགས་པའི་རྒྱུ་མཚན་ཅན་ཡིནོ་ཞེ་ན། བྱེད་པ་མ་མཐོང་བ་ཐམས་ཅད་ལ་འགྱུར་བས་ན། འདི་ནི་གྱི་ནའོ།། གང་ཡང་གལ་ཏེ་འབྲས་བུ ་སྐྱེས་བུ་མེད་པར་འབྱུང་ན་རྒྱུ་མ་ཡིན་པའི་སྐྱེས་བུ་ལས་ལན་ཅིག་ཀྱང་མི་འབྱུང་བར་འགྱུར་རོ།། ཞེས་བརྗོད་པ་དེ་ཡང་སྙིང་པོ་མེད་པ་ཡིན་ཏེ། གལ་ཏེ་འབྲས་བུ་ཇི་འདྲ་བ་ཞིག་སྐྱེས་བུ་ལས་སྐྱེས་པར་མཐོང་བ ་དེ་ཁོ་ན་ལྟ་བུ་ཞིག་དེ་མེད་པར་འབྱུང་ན། འདིར་འགྱུར་བ་ཞིག་ན། དེ་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ལས་གཞན་ལས་འབྲས་བུ་འབྱུང་བར་མཐོང་བ་ན་མེ་ལ་སོགས་པ་ལས་ཀྱང་འདི་མི་འགྱུར་རོ།། ་སྐྱེས་བུའི་འབྲས་བུ་འགའ་ཞིག་ཇི་ལྟ་བུར་མཐོང་བ་འབྲས་བུ་ཐམས་ཅད་འབྲས་བུ་ཉིད་ཀྱིས་དེ་ལྟ་བུ་ཡིན་པས། སྐྱེས་བུས་བྱས་པ་ཉིད་ཁྱད་པར་དུ་རྣམ་པར་བཞུག་པར་མི་འོསོ་ཞེ་ན། འོ་ན་མེ་ལ་སོགས་པས ་བྱས་པ་ཡང་ཁྱད་པར་དུ་རྣམ་པར་བཞག་པར་མི་བྱའོ།། འཁྲུལ་པས་རྣམ་པར་མི་འཇོག་ན་གཞན་ལ་ཡང་འཁྲུལ་པ་མེ་དོ་ཞེས་བྱ་བ་གང་ལས། རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུ་མཚན ་མ་ཡིན་པ་ཉིད་མ་ཡིན་ནམ་སྟེ། དེ་ཡོད་ཀྱང་མོ་ལ་སོགས་པ་ལ་འཁྲུལ་པ་མཐོང་བའི་ཕྱིརརོ།། ལྡོག་པ་མེད་པས་ན་དེ་དག་རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་ཟོན་ཏོ།། གཞན་ཡང་གལ་ཏེ་མེ ་ལ་སོགས་པ་མེད་པར་ཡང་འབྲས་བུ་མཐོང་བས་ན་འབྲས་བུ་ཙམ་མེས་བྱས་པར་མི་འདོད་ན། འགའ་ཞིག་སྐྱེས་བུ་མེད་པར་ཡང་འབྱུང་བ་མཐོང་བས་ན། དེས་བྱས་པར་ཡང་ཅིའི་ཕྱིར་འདོད། འགར་ཡང་སྐྱེས ་བུ་མེད་པར་མི་འགྲུབ་པོ་ཞེ་ན། མ་མཐོང་བ་ཙམ་ཚང་མ་མ་ཡིནོ་ཞེ་ན། འོ་ན་དེ་ལས་བསྒྲུབ་པར་བྱ་བ་མེད་ལ་ཐམས་ཅད་དུ་ལྡོག་པ་ཡང་མི་འགྲུབ་པོ།། དེ་ལས་མེ་ལ་སོགས་པ་མེད་པ་ཡང་ཇི་ལྟར་ཡིན་ཞེས་བརྗོད ་དགས།། སྣང་རུང་མ་མཐོང་བ་དེ་ལ་ཚད་མ་ཁྲོ་ནའོ་ཞེ་ན། སྐྱེས་བྱ་ཡང་སྣང་རུང་ཡིན་པའི་ཕྱིར་དེ་མེད་པ་ནཱ་ཅིའི་ཕྱིར་མི་འདོད། སྣང་རུང་གི་སྐྱེས་དུ། མེད་པ་ལ་འགྱུར་གྱི། སྐྱེས་བུ་ཙམ ་མེད་པ་ལ་མ་ཡིནོ་ཞེ་ན། འོ་ན་སྣང་རུ་གི་མི་མེད་པ་ལ་དེ་ལྟར་འགྱུར་གྱི། མེ་ཙམ་མེད་པ་ལ་ནི་མ་ཡིན་ཞེས་བྱ་བར་ཡང་འགྱུརརོ།། མེ་ནི་སྣང་རུང་ཁོ་ན་ཡིནོ་ཞེ་ན། སྐྱེས་བུ་ཡང་སྣང་དུ་རུང་བ་ཅིའི་ཕྱིར་མུ་ཡིན། འདི་སྣང་དུ ་མི་རུང་བ་ཡོད་དོ།། ཞེ་ན། རེ་ཞིག་འབྲས་བུ་དང་འབྲེལ་པར་རྟོགས་པ་གང་ཡིན་པ་དེ་ནི་སྣང་དུ་རུང་བ་ཡིན་ནོ།། དེ་ལས་གཞན་པ་འབྲས་བུ་ལ་ཉེ་བར་སྦྱོར་བ་མ་གཏོགས་པ་གང་ཡིན་པ་དེ་ནི་ཡོད་དམ་མེད་ཀྱང་རུང ་སྟེ། དེ་ཅི་བྱ། སྣང་དུ་རུང་བ་དང་སྣང་དུ་མི་རུང་བའི་རྣམ་པ་རྟོགས་པ་ལ་མི་ལྟོས་པར་སྐྱེས་བུ་ཙམ་ཁོ་ན་རྒྱུ་ཉིད་ཀྱིས་ཁྱབ་བྱེད་དུ་རྟོགསོ་ཞེ་ན། མེ་ཙམ་ཡང་རྟོགས་པར་འགྱུར་རོ།། མེ་སྣང་དུ་མི་རུང་བ་མདོ་ཞེ་ན། སྐྱེས་བུ ་ཡང་སྣང་དུ་མི་རུང་བ་མེདོ་ཞེས་སྨྲ་བ་གང་གིས་ཡང་ཁ་ཡོན་པོར་མི་འགྱུར་རོ།། དཔྱོད་པར་བྱེད་པ་ལ་གྲུབ་མཐའ་དང་འགལ་བ་སྐྱོན་མ་ཡིན་ཏེ། ཐོག་དུ་ཕོབས་པ་ནི་རིགས་པ་ལས་འོང་བ་ཉིད་ཀྱིས་དོར་བར་མི་རིགས་པའི ་ཕྱིར། མེ་སྣང་དུ་མི་རུང་བ་ཡོད་དུ་ཆུག་མོང་།། འབྲས་བུ་དང་འབྲེལ་པ་གྲུབ་པ་དེ་ནི་སྣང་རུང་ཁོ་ན་ཡིན་པས་འགའ་ཞིག་ཏུ་མ་མཐོང་བ་ལས་མེད་པར་རྟོག་སོ་ཞེ་ན། སྐྱེས་བུ་ལ་ཡང་ཚུལ་དེ་ཁོ་ནའོ།། འབྲས་བུ་རྒྱུ་ལས་མི ་འཁྲུལ་པས་ན་རྗེསུ་དཔག་པས་གྲུབ་པའི་སྐྱེས་བུ་མ་མཐོང་བས་མེད་པར་མི་འགྲུབ་པོ་ཞེ་ན། མེ་ལ་ཡང་ཚུལ་འདི་ཁོ་ནའོ།། ཇི་སྟེ་མི་སྣང་དུ་མི་རུང་བ་མེད་ཅིང་སྐྱེས་བུ་ཁོ་ན་དེ་ལྟ་བུར་འགྱུར་པ་ཡིན་དུ་ཆུག་མོད། འོན ་ཀྱང་སྐྱེས་བུ་ཙམ་གྱིས་ཁྱབ་པ་སྒྲུབ་པར་མི་ནུས་ཏེ། གང་གི་ཕྱིར་ཡོད་པ་ཡིན་ཞེས་པ་ཙམ་གྱིས་ནི་ཁྱབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འབྲས་བུ་དང་འབྲེལ་པ་གྲུབ་པ་ཁོ་ན་ཡིན་ན། སྐྱེས་བུ་ཙམ་ནི་འབྲས་བུ་དང ་འབྲེལ་པར་མི་རྟོགས་ཏེ། དེ་ནི་སྣང་རུང་ཁོ་ན་ལ་རྟོགས་པའི་ཕྱིར་རོ།། སྣང་རུང་གི་ཁྱད་པར་མ་ལུས་པ་སྤངས་ནས། སྤྱི་དང་འབྲེལ་པ་རྟོགས་པར་འགྱུར་བཱ་ཡང་རིགས་པ་མ་ཡིན་ཏེ་སྣང་རུང་ཉིད་ལས་མ ་འདས་པའི་ཁྱད་པར་གྱི་ཚོགས་སྤྱོད་ཡུལ་ཉིད་དེའི་འབྲེལ་བ་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ།། དུ་བ་ལས་མེ་ཁྱད་བར་མེད་པས་ཁྱད་པར་རྟོགས་པ་ནི་མ་ཡིན་ཏེ། ཐོག་དང་གློག་ལས་བྱུང་བ་མེ་ཡིན་ཡང ་ཁྱབ་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ།། གལ་ཏེ་སྣང་དུ་རུང་བ་སྤངས་ནས་སྐྱེས་བུ་ཙམ་ཁྱབ་བྱེད་དུ་རྟོགས་ན། སྐྱེས་བུ་སྤངས་ནས་རྒྱུ་ཙམ་ཅིའི་ཕྱིར་མི་རྟོགས། འོན་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་འབྲས་བུ ་དང་འབྲེལ་པ་གྲུབ་པ་བློ་དང་ལྡན་པ་དེ་ལྟ་བུ་ཁོ་ན་ཁྱབ་བྱེད་དུ་རྟོགས་དགོས་ལ། དེ་ལ་ཡང་འཁྲུལ་པ་བཟློག་པར་དཀའ་སྟེ། དེ་མེད་ཀྱང་རྩ་ལ་སོགས་པ་སྐྱེ་བ་མཐོང་བའི་ཕྱིར་རོ།། འཁྲུལ་པ་དམིགས ་པ་མེད་ཀྱང་མི་འཁྲུལ་པར་མི་འགྲུབ་ཏེ། འབྲས་བུའི་སྤྱི་རྒྱུའི་ཁྱད་པར་ལ་ངེས་པ་མེད་པའི་ཕྱིར་རོ།། གང་གི་ཕྱིར་གལ་ཏེ་འབྲས་བུ་ཙམ་རྒྱུའི་ཁྱད་པ་རཱ་ལ་ངེས་པ་ཡིན་ན་མ་ལས། ་བར་མེད་པར་མི་འབྱུང་བར་འགྱུར་ལ།། འགྱུར་བས་ན་བདག་ཉིད་རྒྱུའི་ཁྱད་པར་ལ་མ་ངེས་པར་གསལ་བར་བྱེད་ལ། དེ་ལྟ་ན་ཡང་འཁྲུལ་པོ་མ་མཐོང་ན་ཡང་སྐྱེས་བུ་ཞེས་བྱ་བ་རྒྱུའི་ཁྱད་པར་ལ་མ་ངེས་པར ་གྲུབ་བོ།། རྒྱུའི་ཁྱད་པར་མཐའ་དག་ལ་འཁྲུལ་པའི་འབྲས་བུ་རྒྱུ་མེད་པར་འགྱུར་ཞེ་ན། མ་ཡིན་ཏེ། རྒྱུ་ཙམ་ལ་མི་འཁྲུལ་པའི་ཕྱིར་རོ།། རྒྱུ་ཙམ་ཁོ་ན་འབྲས་བུ་ཙམ་པོའི་བསྐྱེད་བྱེད་དུ་རྟོགས་ཀྱི་ཁྱད་པར་ནི། ་མ་ཡིན་ནོ།། འབྲས་བུ་རྣམ་པར་གཞག་པ་ནི་རྒྱུ་ཙམ་པོ་ལ་བལྟོས་པའི་ཕྱིར་རོ།། གང་གི་ཚེ་རྟོགས་པ་པོ་ཁྱད་པར་དང་ཡང་འབྲེལ་པ་རྟོགས་པར་འདོད་པ་དེའི་ཚེ་འབྲས་བུའི་ཡང་ཁྱད་པར་གྱི་རྗེ་སུ་འབྲང་བ ་ཁོ་ན་སྟེ། དུ་བ་མེད་པ་དང་འབྲེལ་པ་གྲུབ་པ་ན་མོའི་ཁྱད་པར་དང་འབྲེལ་པ་རྟོགས་པར་འདོད་པ་བཞིན་ཏེ། གཏན་ཚིགས་ཀྱི་ཁྱད་པར་མ་གཟུངས་ན་བསྒྲུབ་བྱའི་ཁྱབ་པར་དང་འབྲེལ་པོ་འཛིན་པ་མི་འཐད་པའི་ཕྱིར། ་འབྲས་བུ་ཙམ་ན་སེམས་པ་དང་བཅས་པ་དང་། སེམས་པ་མེད་པའི་ཚོགས་པ་ཐུན་མོང་པ་ཡིན་པས་ན་སེམས་དང་བཅས་པ་ཞེས་བྱ་བའི་ཁྱད་པ་ལ་ཤིན་ཏུ་གསལ་བར་འཁྲུལ་པ་སྲིད་པའི་ཕྱིར་ཏེ། དེ་སྐད་དུ།། ་དེ་ལ་ཁྱད་པར་མ་བསྟན་པར།། འབྲས་བུའི་སྤྱི་ནི་མཐོང་བ་ལས། གཏན་ཚིགས་གང་དག་སྤྲོས་བྱེད་པ། དེ་དག་ཐམས་ཅད་འཁྲུལ་པ་ཡིན་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་འབྲས་བུ་ཉིད་དུ་མཚུངས་ཀྱང་འབྲས་བུ ་འགའ་ཞིག་མཐོང་བ་ལས་ལུས་ཀྱིས་བྱེད་པ་རྗེས་སུ་དཔག་པ་ཡིན་ཏེ། འབྲས་བུ་ཙམ་སྐྱེས་བུ་ཙོམ་དང་འབྲེལ་པ་རྟོགས་པ་ན་བྱེད་པ་མ་མཐོང་བའི་ལྷ་ཁང་ལ་སོགས་པ་མཐོང་བ་ལས་ལག་པ་ལ་སོགས་པའི་བྱེད ་པ་བཞིན་དུ་སྐྱེས་བུ་རྗེས་སུ་དཔོག་པ་གང་ཡིན་པ་དེར་མི་འགྱུར་རོ།། དེའི་ཕྱིར་ཇི་ལྟར་འབྲས་བུ་རྣམས་འབྲས་བུ་ཉིད་ཀྱི་དེ་དང་འདྲ་བ་ཡིན་ཡང་ལུས་ཀྱི་བྱེད་པས་ཁྱབ་པ་རྣམ་པར་ཕྱེ་བ་ཅན་ཡིན་པ་དེ་བཞིན་དུ་སྐྱེས་བུ ་ཙམ་དང་ཡིན་པ་ལ་འགལ་བ་མེ་།། འཇིག་རྟེན་ཡང་རྣམ་པར་ཕྱེད་ནས་ཁྱབ་པ་རྟོགས་པར་བྱེད་དེ། རྣམ་པར་མ་ཕྱེ་བར་རྟོགས་ན་ལུས་ལ་སོགས་པ་ལ་ཡང་ལུས་ཀྱི་བྱེད་པ་རྗེསུ་དཔོག་པར་ཐལ་བའི་ཕྱིར། དེའི ་ཕྱིར་དངོས་པོ་ཉིད་ཙམ་བཞིན་དུ་འབྲས་བུ་ཙམ་དུ་རིགས་གཅིག་པོ་ཉིད་ནི་འདིར་ཁྱབ་པ་རྟོགས་པ་ལ་ཉེ་བར་འཁོ་བ་མ་ཡིན་ནོ།། འོ་ན་དེ་ལས་མི་རྟགས་པ་ཉིད་རྗེ་སུ་དཔག་པར་ཡང་མི་འགྱུར་བ་ཞིག་ན། འདོད་པ ་ཡིན་ཏེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། ཞེས་བཤད་པའི་ཕྱིར་རོ།། འདི་ལྟར་བུམ་པ་ལ་སོགས་པ་ལ་འབྲས་བུ་ཉིད་ལ་མི་རྟག་པས་ཁྱབ་པར་མཐོང་བས་ན་ས་ལ་སོགས་པ་ལ་ཡང་དེ་རྗེ་སུ་དཔོག་པར ་པར་བྱེད་པ་ཡིན་ནོ།། གལ་ཏེ་དེ་ལྟར་རིགས་གཅིག་པ་ཉིད་སྐྱེས་བུ་རྟོགས་པ་ལ་ཉེ་བར་མི་མཁོ་ན་ངེས་པར་འདི་མི་རྟག་པ་ཉིད་ཤེས་པ་ལ་ཉེ་བར་མི་མཁོ་སྟེ་འགར་ནི་ཉེ་བར་ནི་ཉེ་མཁའ ་འགར་ནི་མ་ཡིནོ་ཞེས་བྱ་བའོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ཅི་བྱས་པ་ཡིན། འདིར་བརྗོད་པ་མི་རྟག་པ་ཉིང་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། དེ་ལ་ངེས་ཁྱབ་པ་ཡང་འག ་ཡང་ལྷན་ཅིག་མཐོང་པོ་ཙམ་ལ་རེག་ལས་མ་ཡིན་ནོ།། གསལ་བ་མཐའ་དག་ལ་ཁྱབ་པ་མ་ཡིན་པ་ས་ལས་བྱུང་བ་དང་ལྕགས་ཀྱིས་གཞོག་པར་བྱ་བ་ལ་སོགས་པའི་ཆོས་རྣམས་དེའི་རིགས་ཅན་ལྔ ་འཇུག་པ་མཐོང་བའི་ཕྱིར་རོ།། འོན་ཀྱང་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མའི་རྒྱུ་ཅན་གྱི་དེའི་བདག་ཉིད་དུ་གྲུབ་པའི་གཞན་དབང་ཅན་ཡིན་ལ། དེ་ཡོད་ནང་གི་ཁྱད་པར་ལ་བལྟས་པ་མེད་པར་ཐམས་ཅད ་བསྡུས་པའི་ཆེ་བ་མ་ཚོང་བ་མེད་པར་བུམ་པ་ལ་སོགས་པ་ལ་འཇུག་པས་ན་འགལ་བ་མེད་དོ།། སྐྱེས་བུ་བསྒྲུབ་པར་བྱ་བ་ལ་ནི་འགལ་བའི་གཏན་ཚིགས་ཡིན་ཞིང་རྒྱུ་དང་འབྲས་བུའི་ངོ་བོ་ཡང་མི་དམིགས ་པའི་སྒྲུབ་བྱེད་ཅན་ཡིན་ལ། དེ་དག་ཀྱང་ཁྱད་པར་མེད་པར་མི་འཇུག་པས་ན་མི་མཚུངས་སོ།། དེའི་ཕྱིར་འབྲས་བུ་ཞེས་བྱ་འདི་ནི་ཁྱབ་པ་མེད་པས་ན་མ་དེ་བཱི་གཏན་ཚིགས་ལྟར་སྣང་བ་ཁོ་ནའོ།། འོ་ན་འཁྲུལ་པ་དང ་ལྡན་ནི་མ་ངེས་པ་ཞེས་བྱ་བ་མ་ཡིན་ནམ། འདི་ནི་དེ་ལྟ་བུ་མ་ཡིན་པས་ན་ཇི་ལྟར་མ་ངེས་པར་འགྱུར་ཞེ་ན། ཅི་འདི་ལ་འཁྲུལ་པ་མེད་པར་ངེས་པ་ཡིན་ནམ། འོན་ཏེ་སྲིད་པ་ཡིན། ཕྱོགས་དང་པོ་ལ་གལ་ཏེ་ངེས་པ ་མེད་མོད། རེ་ཤིག་དོགས་པ་བཟློག་པ་མེད་ན། དེ་ཇི་ལྟར་འཁྲུལ་པ་མེད་པ་ཡིན། གལ་ཏེ་འཁྲུལ་པ་མི་དམིགས་པ་ཙམ་གྱི་གཏན་ཚིགས་གོ་བར་བྱེད་པ་ཡིན་ན། གང་གིས་འཁྲུལ་པ་ཁྱད་དུ་བསང་ནས་དེ་མི་དམིགས ་བ་གོ་བར་བྱེད་པར་འདོད་བྱ།། དེ་ཅི་འཁྲུལ་པ་དམིགས་པ་ལ་འཇིག་པའི་འཁྲུལ་པ་ལ་མ་ཡིན་ནམ། དེའི་ཚེ་དེ་དོན་དམ་པར་འཁྲུལ་པ་ཡོད་པ་དང་མེ་པ་ལ་བལྟོས་པ་མེད་པར་བསྒྲུབ་བྱའི་གོ་བར་བྱེད་པ་ཡིན་ནོ།། ། ་གང་གི་འཁྲུལ་པར་ཐེ་ཚོམ་ཟ་བར་བྱེད་པར་འདོད་ན། ཅི་དེ་ལ་འགའ་ཞིག་ཏུ་འཁྲུལ་པ་ཡོད་ཀྱང་གོ་བར་བྱེད་པ་ཡིན་ནམ། དེ་ལྟ་ན་འཁྲུལ་པ་མེད་པ་གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་ཏེ། འཁྲུལ་པ་ཡོད་ཀྱང ་ནུས་པའི་ཕྱིར་རོ།། དེ་ལྟ་ན་ཡང་ཇི་ལྟར་འཁྲུལ་པཱ་ཡོད་པར་དོཌཱ་ཀྱང་ཐེ་ཚོཟ་བ་ཁས་བླང་ནས་གོ་བར་བྱེད་པར་འདོད་།། ཐེ་ཚོ་ཟ་བ་ཁྭ་བླངས་བིན་འཇུག་པ་རི་རི་ཁཱི་ཕྱིར།། དེ་བཞིན་དུ་འཁྲུལ་པ་དམིགས་པ་ན་གོ་བར་བྱེད་པ་མ་ཡིན་པར་འདོད་པར ་གྱིས་ཤིག། འཁྲུལ་ན་ནུས་པ་མེད་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་འཁྲུལ་པ་དང་བྲལ་བར་གཏན་ལ་མ་ཕབ་ནི་བསྒྲུབ་པར་བྱ་བ་གོ་བར་བྱེད་པར་མི་འོས་སོ།། གཞན་ཡང་གལ་ཏེ་གཏན་ཚིགས་ལྡོག་པ ་ལ་ཐེ་ཚོམ་ཟ་ཡང་གློ་བར་བྱེད་པ་ཡིན་ན། ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་ཅིའི་ཕྱིར་མ་ཡིན། དྭེ་སྠཱ་ན་ཡང་ལྡོགས་པ་ས་ཐེ་ཚོམ་ཟླ་བྱ་བཞིན་དུ་ཆོས་སྟནཱ་དང་འབྲེལ་པར་ཐེ་ཚོམ ་ཟླ་བ་ཡང་གོ་བར་བྱེད་པ་ཁོ་ནར་འགྱུར་རོ།། ཇི་ལྟ་ཆོས་ཅན་དང་འབྲེལ་པར་ངེས་པ་རྟགས་ཀྱི་ཤེས་བྱེད་ཀྱི་ཡན་ལོག་ཏུ་འདོང་ན། ལྡོག་པ་ཡང་ཅིའི་ཕྱིར་མི་འདོད།། ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་ནི་སྐྱོན་ཡིན ་ལྡོག་པ་ལ་ཐེ་ཚོམ་ཟོ་སྐྱོན་མ་ཡིན་ནོ།། ཞེས་བྱ་བ་འདི་ནི་གསལ་བར་རྒྱལ་པོའི་དཀའ་ཡིན་ནོ།། གལ་ཏེ་ཕྱོགས་གཉིས་པ་ལ་བརྟེན་ན། དེ་ཡང་མི་རིགས་ཏེ། ཇི་སྲིད་དུ་བསྒྲུབ་བྱ་ལ་འབྲེལ་པ་མ་གྲུབ་པ་དེ་སྲིད ་དུ་ལྡོག་པ་གཏན་ཚིགས་འཇུག་པར་དོགས་པ་ཁོ་ནར་འགྱུར་ལ། འདི་ལ་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་ཡང་མེད་པས་ན་མི་མཐུན་ཕྱོགས་ལ་འཇུག་པའི་དོགས་པ་བཟློག་པའི་རྒྱུ་མེད་དོ།། མ་མཐོང་བ ་ཁོ་ནི་དེ་བཟློག་པ་ལྷུར་བྱེད་དོ།། ཞེ་ན། མ་ཡིན་ཏེ། རང་གིས་མ་མཐོང་བ་ན་འཁྲུལ་པའི་ཕྱིར་དང་། ཐམས་ཅད་ཀྱིས་མ་མཐོང་བ་ནི་ཐེ་ཚོམ་ཟ་བའི་ཕྱིར། གཞན་ཡང་དེ་སྐད་དུ་སྨྲ་བའི་ལྷ་རྣམས་དགའ་བ་ལ ་རྗེསུ་དཔག་པ་ཐམས་ཅད་རྒྱུན་ཆད་པར་ཐལ་ཏེ། ཇི་ལྟར་མ་མཐོང་བ་འཁྲུལ་པ་མེད་པར་སྒྲུབ་པ་དེ་བཞིན་དུ་བསྒྲུབ་པར་བྱ་བ་ཡང་སྒྲུབ་པར་འགྱུར་རོ།། དེ་ལ་དེ་ཚད་མ་མོ་ཡིན་ཞེས་ན། གཞན་དུ་ཚང ་མ་མ་ཡིན་པ་དེར་ཚད་མ་ཡིན་པ་ག་ལས། མངོན་སུམ་གྱིས་གནོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཇུག་པའི་སྔོན་དུ་མེད་པའི་ཕྱིར་དང་། ཕྱིས་འབྱུང་བར་དོགས་པ་ཡང་ས་བོན་མེད་པར་མི་འཐད་པའི་ཕྱིར་རོ།། ཞུགས ་པ་ལ་རེས་འགའ་དམིགས་པ་ས་བོན་ཡིནོ་ཞེ་ན། འོ་ན་དེ་ལ་ཇི་ལྟར་དེ་ལ་སྔར་མ་ཞུགས་ཀྱང་། མངོན་སུམ་གྱིས་གནོད་པ་འབྱུང་བར་མཐོང་བ་དེ་བཞིན་དུ་གཞན་དུ་ཡང་ད་ལྟ་མ་ཞུགས་པའི་ཅིའི་ཕྱིར་མི་དོགས། དེ ་ལྟ་ན་ཡང་མངོན་སུམ་གྱིས་གནོད་པར་དོགས་པའི་མ་མཐོང་བས་གཏན་ཚིགས་ཀྱི་ལྡོག་པ་ཇི་ལྟར་ངེས་པར་བྱེད་དེས་ན་ཡང་བསྒྲུབ་བྱ་ལྡོག་པ་ཡང་ངེས་པར་འགྱུརརོ་ཞེས་བྱ་བར་ངེས་པ་ཡིན་ནོ།། གཞན་ཡང་མེ ་ལ་སོགས་པའི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་མ་མཐོང་བ་མངོན་སུམ་གྱིས་གནོད་པས་ན་ཚད་མ་ལ་ཡིན་དུ་ཆུག་མོ་ང། མིག་ལ་སོགས་པ་རྟག་ཏུ་ལྐོག་ཏུ་གྱུར་བའི་ཡུལ་ཅན་ལ་ནི་མངོན་སུམ་གྱི ་གནོད་པ་མི་སྲིད་པས་ན་ཚད་མ་ཁོ་ན་ཡིན་པས་ན་དེ་མེད་པྲར་ཐལ་བ་བཟློག་པར་དཀའ་བར་འགྱུརརོ།། དེ་ཡང་རྗེ་སུ་དཔག་པས་གནོད་བས་ན་ཚང་མ་མ་ཡིནོ་ཞེ་ན། འོ་ན་མ་མཐོང་བ་ལྡོག་པ་གྲུབ་པའི་རྟགས་ལ་རག ་ལས་ནས་སྐྱེས་པའི་རྗེསུ་དཔག་པས་འདི་ཚད་མ་མ་ཡིན་པར་རྟོན་ན་བདག་ཉིད་ཀྱང་སྟོན་པ་ཡིན་ཏེ། དེ་ཚད་མ་མ་ཡིན་ན་དེའི་རྒྱུ་ཅན་གྱི་རྟགས་ཀྱི་ལྡོག་པ་མ་གྲུབ་པར་ཐལ་བའི་ཕྱིར་དང་། ལྡོག་པ་མ་གྲུབ་པ་ཡང ་ཡང་དགུ་པའི་ཤེས་པ་བསྐྱེད་པར་མི་འཐད་པའི་ཕྱིར་རོ།། ལྡོག་པ་སྒྲུབ་པ་ལ་མ་མཐོང་བ་ཚད་མ་ཁོ་ན་ཡིན་ལ། བསྒྲུབ་པར་བྱ་བ་མེད་པ་ལ་ནི་མ་ཡིན་ནོ་ཞེ་ན། མཚན་ཉིད་མཚུངས་པ ་པ་ལ་འདོད་དགུར་སྤྱོད་པ་འདི་ག་ལས་ཐོབ། མཚན་ཉིད་ཀྱི་མཚུངས་པ་ལ་ཡང་དེ་ཉིད་བརྗོད་པར་བྱའི། གནོད་པ་དཔེར་བརྗོད་པས་ཅི་བྱ། ཚད་མིའི་མཚོན་ཉིད་དང་ལྡན་པའི་མ་མཐོང་བ་ལ་སུ་དཔག་པས་གནོད ་པར་མི་ནུས་ཏེ། ཚང་མ་ལ་ཚང་མས་གནོད་པ་མི་མཐད་པའི་ཕྱིར་རོ།། སྲིད་པ་ཡིན་ན་ནི་རྗེས་སུ་དཔག་པ་ཡང་དེའི་གནོད་བྱ་ཉིད་དུ་ཐལ་བའི་ཕྱིར་རོ།། དེའི་ཕྱིར་མ་མཐོང་བ་གཏན་ཚིགས་མི་མཐུན་ཕྱོགས་ལ་འཇུག ་པར་དོགས་པ་སེལ་བར་ནུས་པ་མ་ཡིན་ནོ།། འདི་སྙམ་དུ་འདིར་དོགས་པ་འདི་དྲུངས་ནས་འབྱིན་པའི་བཟློག་པ་ལ་གནོད་པར་འང་པའི་ཚད་མ་ཡོད་པ་ཡིན་ཏེ། འདི་ལྟར་འབྲས་བུ་ཉིད་ལ་ནི་བུམ་པ་ལ་སོགས་པ་ལ་རོ ་འགའ་བའི་རྒྱུ་ཉེ་བས་ཁྱབ་པ་གྲུབ་ལ། དེས་ན་ལུས་ལ་སོགས་པ་ལ་ཡང་དེ་དམིགས་པ་ནི་རང་གི་ཁྱབ་བྱེད་འདྲེན་པར་བྱེད་དེ།། རེས་འགའ་བའི་རྒྱུ་ནི་ཉེ་བ་འདྲི་བྱེད་པ་མེད་པར་ནི་མི་འཐད་དེ། རྗེསུ་འགྲོ་བ་དང་ལྡོག་པ ་ངག་ལས་དེ་བྱེད་པ་པོའི་བྱ་བ་གོ་ལུས་པར་ངེས་པའི་ཕྱིར།། བྱེད་པ་པོ་ཡོད་ཀྱང་དེ་རྟག་པ་ཡིན་པའི་ཕྱིར་རས་འགའ་བའི་རྒྱུ་ཉེ་བར་ཅི་ལྟར་ཞེ་ན། མ་ཡིན་ཏེ། དེ་ནི་མ་མཐོང་བ་ཡོངསསུ་སྨིན་པ་ལ་བལྟོས་པའི་ཕྱིར ་ན་ཉིད་ཉེ་བའི་རྒྱུ་ཡིན་མོང་ཅེ་ན། མ་ཡིན་ཏེ། དེ་ནི་སེམས་པ་མེད་པའི་ཕྱིར་ལ། སེམས་པ་མེད་པས་ཀྱང་རྒྱུ་ཉེ་བར་བྱ་བར་མི་ནུས་ཏེ། ནུས་ན་ཡང་བུམ་པ་ལ་སོགས་པ་ལ་ཡང་བྱེད་པ་པོ་ལྡོག་པར་ཐལ་བའི ་ཕྱིར་རོ།། དེས་ན་འབྲས་བུ་འདི་ཁྱབ་བྱེད་མི་དམིགས་པས་བསྒྲུབ་བྱ་ལས་བཟློག་པར་བྱེད་པར་ན། དེ་ལ་ཇི་ལྟར་དོགས་པར་འགྱུར་སྙམ་ན། འདི་ཡང་མ་བརྟགས་པའི་སྒྱུ་མ་ཡིན་ཏེ། གལ་ཏེ་རྒྱུ་ཉེ་བ་ཐམས་ཅད་བྱེད ་པ་པོའི་བྱ་བ་སྔོན་དུ་འགྲོ་བ་ཉིད་དུ་གྲུབ་ན། འདིར་འགྱུར་བ་ཞིག་ནི། འོན་ཀྱང་རྒྱུ་ཉེ་བ་ཅི་འདྲ་བ། ཞིག་བྱེད་པ་པོའི་བྱ་བ་ཡོད་པ་དང་མེད་པའི་རྗེ་སུ་བྱེད་པར་མཐོང་བ་དེ་འདྲ་བ་ཁོ་ན་དེ་ལྟར་འགྱུར་བ་འགྲུབ་པ་ཞིག་ན། རྒྱུ ་ཉེ་བ་ཐམས་ཅད་རིགས་གཅིག་པ་ཉིད་དུ་ནི་མཐོང་བ་འམ་འདོད་པ་ཡང་མ་ཡིན་ཏེ། རིགས་གཅིག་པ་ཡིན་ན་ལག་པ་ལ་སོགས་པའི་བྱ་བ་ཡང་ངེས་པར་ཐལ་བའི་ཕྱིར་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དེ་རྒྱུ་ཉེ་བ ་ལ་ཉེ་བར་སྦྱོར་བར་མཐོང་བའི་ཕྱིརརོ།། རིགས་སྣ་ཚོགས་པ་ཡིན་པ་ན་ཡང་འགའ་ཞིག་ཏུ་སེམས་པ་ཅན་ཉེ་བའི་རྒྱུ་ཡིན་ལ་གཞན་དུ་སེམས་པ་མེད་པར་ཡིནོ་ཞེས་བྱ་བ་ལ་མི་འཐད་པ་ཅི་ཡང་མེད་དོ།། རླུང་ཡང་ས་བོན་ལ་སོགས ་པ་ཉེ་བའི་རྒྱུ་དམིགས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་སེམས་པ་མེད་པ་དེ་ལྟ་བུ་ཡིན་པ་ཇི་ལྟར་དགག་པར་ནུས། དེ་ཡང་རླུང་ཉེ་བའི་རྒྱུ་མ་ཡིན་གྱི་འོན་ཀྱང་སྐྱེས་བུ་ཡིན་ནོ་ཞེ་ན། འདི་ནི་ཨ་རུ་ར་ལ་བརྟེན་ནས་ལྷས་འཁྲུ་བར་བྱེད་དོ། ་ཞེས་བྱ་བའི་ཚུལ་ཡིན་ནོ།། གལ་ཏེ་དེ་ལྟར་རྟོགས་ན། མཚོན་དང་སྨན་གྱི་འབྲེལ་པ་ལས། ནག་པའི་རྨ་དང་འདྲུ་བས་ཡིན་ན།། འབྲེལ་མེད་སྡོང་དུམ་ཅིའི་ཕྱིར། རྒྱུ་ཉིད་དུ་ནི་རྟོག་མི་བྱེད།། ་དེས་ན་མི་མཐུན་ཕྱོགས་ལ་མ་གྲུབ་པའི་ཁྱབ་བྱེད་མི་དམིགས་པ་འདི། དེ་ལ་བསྟན་ཚིགས་ཡོད་པར་དོགས་པ་ཇི་ལྟར་སེལ། ཁྱབ་བྱེད་མི་དམིགས་པ་འདིས་ནི་བྱེད་པ་པོ་རྟོགས་པའི་བྱེད་པའི་རྗེ་སུ་བྱེད་པ་ཁོ་ན་དགོག་པར ་རིགས་ཏེ་བྱེད་པ་པོ་རྟག་པ་ལ་རག་ལུས་པ་ནི་རེས་འགའ་བར་མི་འཐད་པའི་ཕྱིར་རོ།། དེ་འགྲུབ་པ་མ་མཐོང་བ་ཡོངསུ་སྨིན་པར་ལ་རེག་ལུས་པར་སྨྲ་བ་ནི། བསྔགས་པར་འོས་པའི་ཤེས་རབ་ཅན་ལྷ་རྣམས་དགའ་བ་ཡིན་ཏེ། ་དེ་ལ་རག་ལུས་པ་དེ་ཡང་རེས་འགའ་ཞིག་མེད་པ་མི་སྲིད་པའི་ཕྱིར་རོ།། ཁོ་བོ་ཅག་ལ་དོགས་པ་ལྡོག་པའི་རྒྱུ་མེད་དུ་ཆུག་མང། ཁྱོད་ལ་ཡང་འཇུག་པའི་རྒྱུ་ཅི་ཡོད་ཅེ་ན། འབྲེལ་པ་མ་གྲུབ་པ་དང་འགལ་བ་མ་མཐོང་བ་དང་མ་ངེས ་པའི་རྒྱུ་ཅན་དུ་དམིགས་པའོ།། འབྲས་བུ་ཙམ་ནི་རྒྱུའི་ཁྱད་པར་སྐྱེས་བུ་ལ་འབྲེལ་པ་མ་གྲུབ་པོ།། གལ་ཏེ་འབྲས་བུ་འགའ་ཞིག་སྐྱེས་བུའི་རྒྱུ་ཅན་དུ་མཐོང་བ་དེ་ལྟ་ན་ཡང་དེ་ལས་གཞན་པ་འབྲས་བུ་ཡང་ཡིན་ལ། སྐྱེས་བུས་བྱས ་པ་མ་ཡིན་ནོ་ཞེས་བྱ་བ་ལ་འགའ་བ་མི་སྣང་ངོ་།། འབྲས་བུ་རྣམས་ནི་མ་ངེས་པའི་རྒྱུ་ཅན་དུ་སྣང་སྟེ། འདི་ལྟར་ཁ་ཅིག་ནི་མེའི་རྒྱུ་ཅན་ཡིན་ལ། ཁ་ཅིག་ཆུའི་གི་རྒྱུ་ཅན་ཡིན་ཞིང་། ཁ་ཅིག་རླུང་གི་རྒྱུ་ཅན་ཡིན་ཏེ། དེས་ན་ཁ་ཅིག་སྐྱེས ་བུས་བྱས་པ་ལ་དེ་བཞིན་དུ་ཐམས་ཅད་ཡིནོ།། ཞེས་ས་ལྟར་རྟོགས་པར་མི་ནུས།། དེས་ན་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པའི་འབྲས་བུ་ཉིད་འདི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཞེས་བྱ་བའི་མ་ངེས་པ་ཡིན་ནོ།། མ་ངེས་པ ་ལས་ནི་འདོད་པ་གྲུབ་པར་མི་རིགས་ཏེ། འཇིམ་པའི་རྣམ་འགྱུར་ལས་ཀྱང་རྫ་མཁན་གྲུབ་པར་ཐལ་བའི་ཕྱིར་ཏེ། དེ་སྐད་དུ་དབྱིབ་སོགས་ཅི་འདྲ་བྱིན་རློབ་བོ།། ཡོད་མེད་རྗེས་འཇུག་ཅན་གྲུབ་པ།། དེ་ལས་རྗེསུ་དཔོག་གང་ཡིན ་དེ་ནི་རིགས་པ་ཉིད་ཡིན་ནོ།། ཐ་དད་དངོས་ལ་རབ་གྲུབ་པ།། སྒྲ་མཚུངས་པས་ཐ་དད་མེད་པས།། རྗེས་དཔོག་རིགས་པ་མ་ཡིན་ཏེ།། སྐྱེ་བོའི་རྫས་ལ་མེ་བཞིན་ནོ།། དེ་ལྟ་མིན་ན་རྫ་མཁན་གྱིས་བུམ་པ་ལ་སོགས་འཇིམ་པ་ཡི།། ། ་རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར།། ཞེས་གསུངས་སོ།། འདི་སྐད་དུ། རྫ་མཁན་གྱི་འབྲས་བུ་མ་ཡིན་པའི་སོ་ཕགས་ལ་སོགས་པ་ལ་ཡང་འཇི་བའི་རྣམ་འགྱུར་མཐོང་བའི་ཕྱིར། འཁྲུལ ་པ་ཅན་གྱི་འདྲི་བའི་རྣམ་འགྱུར་ལས།། གྲོག་མཁར་ལ་རྫ་མཁན་རྗེསུ་དཔོག་པ་མ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། རྫ་མཁན་དང་གྲོག་མཁར་ལ་མི་དང་མི་མ་ཡིན་པས་བྱས་པའི་འཇི་བའི་རྣམ་འགྱུར་མཚོན་པ ་ལྷུར་བྱེད་པ་ཡིན་པའི་ཕྱིརརོ།། གང་ཡང་ཁ་ཅིག་གིས་མངོན་སུམ་དང་འགལ་བའི་ཕྱིར།། གྲོགས་མཁར་ལ་འཇི་བའི་རྣམ་འགྱུར་རྗེས་སུ་དཔོག་པ་མ་ཡིནོ་ཞེས་སྨྲས་པ་དེ་ཡང་། ཆུ་ཀླུང་འབྲུ་བ་རྗེསུ་དཔོག ་པ་མངོན་སུམ་དང་འགལ་བའི་སྒོ་ནས་བཤད་ཟིན་པ་ཡིན་ནོ།། གཞན་ཡང་ཅི་ཁྱད་པ་གྲུབ་པ་ལ་གནོད་པ་སིན་ནམ། འོན་ཏེ་མ་གྲུབ་པ་ལ་ཡིན། དེ་ལ་ཕྱོགས་དང་པོ་ནི་མ་ཡིན་ཏེ། གནོད་པ་དང་མེད ་ན་མི་འབྱུང་བ་འགལ་བའི་ཕྱིར་རོ།། མེད་ན་མི་འབྱུང་བ་ནི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ན་ན་ཡོད་པ་མ་ཡིན་ན། དེའི་མཚན་ཉིད་ཅན་དེ་ཆོས་ཅན་ལ་གཏན་ཚིགས་ཡོད་ཅིང་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་ཇི་ལྟར་འགྱུར ་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པར་ཞུགས་པའི་མངོན་སུམ་ནི་ཆོས་ཅན་དེ་ལས་ལྡོག་པར་བྱེད་ལ། དེ་ཡོད་པ་ཁོ་ན་ཡོད་པའི་གཏན་ཚིགས་དེ་ཆོས་ཅན་དེ་ལ་འཇུག་པ་ན། ཀྱེ་མི་དངོས་པོ་ཤིན་ཏུ་མི་བདེ་བར་གནས་པར ་གྱུར་ཏོ།། གཞན་དུ་བསྒྲུབ་པར་བྱ་བའི་ཆོས་མེད་ན་གཏན་ཚིགས་མི་འབྱུང་བ་ཡིན་གྱི་ཆོས་ཅན་ལ་ནི་མ་ཡིན་ནོ་ཞེ་ན། དེ་ཅི་ཉོན་མོངས་འདི་མ་ནི་ང་ལ་སྤྱད་པས་བུ་ཚོལ་ལཱམ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཐིག ་བ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གཉིས་པ་ལ་ཡང་ཁྱབ་མ་མ་གྲུབ་པ་ཉིད་བརྗོད་པར་བྱའི།། གནོད་པར་བསྒྲགས་པས་ཅི་ཞིག་བྱ།། ཁྱབ་པ་ཡང་མངོན་སུམ་གྱིས་གྲུབ་པོ་ན། དེ་མ་གྲུབ་པར་སུ་ཞིག་བརྗོད་པ ་སྤྲོ། ཁྱབ་པ་སྒྲུབ་པར་བྱེད་ནི་མངོན་སུམ་དེ་ཉིད་ལ་གནོད་ངོ་ཞེ་ན། དེ་ལྟ་ན་བུམ་པ་ལ་སོགས་པ་ལ་ཡང་རྫ་མཁན་རྗེ་སུ་མི་དཔོག་པར་འགྱུར་ཏེ། སྒྲུབ་པར་བྱེད་པ་ཚད་མ་མ་ཡིན་ན་བསྒྲུབ་བྱ་མ་གྲུབ་པའི་ཕྱིར་རོ།། ཚད་མ ་ལ་ནི་གཞན་གྱིས་གནོད་པ་མ་ཡིན་ཏེ། ཐམས་ཅད་དུ་ཡིད་བརྟན་དུ་མེད་པའི་ཕྱིར་རོ།། འཇིམ་པའི་རྣམ་པར་འགྱུར་བ་ཅི་འདྲ་བ་ཞིག་རྫ་མཁན་གྱི་འབྲས་བུར་མཐོང་བ་དེ་འདྲ་བ་ཁོ་ན་གལ་ཏེ་མེད་པར་འབྱུང་ན། དེ་རྒྱུ་རྫ་མཁན་མ་ཡིན། ་པས་ན་དེ་དེ་ལས་ལན་ཅིག་ཀྱང་མི་འབྱུང་བར་འགྱུར་རོ།། འོན་ཏེ་གཞན་འདྲ་བ་ཡིན་ན་དེ་ཚེ་འཇི་བའི་རྣམ་འགྱུར་ཙམ་ལ་མ་ཁྱབ་པ་ཡིན་ལ་ཁྱབ་པའི་ཁྱད་པར་ནི་གྲོག་མཁར་ལ་མ་གྲུབ་པོ་ཞེས་བྱ་བ་འདི་ཉིད་བརྗོད་པར་རིགས ་ཀྱི། རིགས་པ་ཅན་རྣམས་ཀྱི་དོན་མེད་པར་འབྲེལ་པ་མེད་པ་བརྗོད་པས་ཅི་ཞིག་བྱ། སྒྲུབ་པར་བྱེད་པ་ལྷག་མ་གཉིས་མ་ངེས་པ་ལ་ཡང་ཚུལ་འདི་ཉིད་ཇི་ལྟར་འབྱོར་པ་སྦྱོར་བར་བྱའོ།། ཇི་སྟེ་སྐྱེ་བ་དང་ལྡན་པ་ལ་སོགས ་པ་ལ་ནི་ཡུལ་དང་དུས་དང་། རང་བཞིན་ངེས་པས་ཁྱབ་པ་ཡིན་ལ།། གལ་ཏེ་བློ་དང་ལྡན་པ་མེད་པོ་ཡཱ་ཡོད་ན་ཡུལ་ལ་སོགས་པ་སོ་སོར་ངེས་པར་མི་འགྱུར་རོ།། དེས་ནི་ཁྱབ་བྱེད་མི་དམིགས་པས་མོ་མཐུན་ཕྱོགས་ལས་ལྡོག ་པ་ནི་འདི་བློ་དང་ལྡན་པའི་རྒྱུ་ཅན་ཉིད་ལ་གནས་པོ་ན་ངེས་ཁྱབ་པ་དྲུག་པས་ན་མ་ངེས་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན། དེ་ཡང་མི་བདེན་ཏེ། བློ་དང་ལྡན་པའི་བྱེད་པ་མེད་ཀྱང་ཡུལ་ལ་སོགས་པ་ངེས་པ་ཐོད་པའི་ཕྱིར་ཏེ། ་ཡུལ་ལ་སོགས་པ་སོ་སོར་ངེས་པ་ནི་རྒྱུ་མཚམ་ལ་རག་ལས་པ་ཡིན་གྱི། རྒྱུའི་ཁྱད་པར་ལ་རག་ལས་པ་ནི་མ་ཡིན་ནོ།། དེའི་ཕྱིར་བློ་དང་ལྡན་པ་མེད་ཀྱང་ཡུལ་ལ་སོགས་པ་གང་དུ་རྒྱུ་ཡོད་པ་དང་མེད་པ་དེ་ཁོ་ནར་འབྲས ་བུ་ཡང་ཡིན་ལ། རྒྱུས་ངོ་བོ་གྲང་བསྐྱེད་པར་ནུས་པ་འབྲས་བུ་ཡང་དེའི་ངོ་བོ་ཁོ་ན་ཡིན་པ་ནཱ་མ་ངེས་པ་ཞེས་བྱ་བ་ཇི་ལྟར་ཡིན་རྒྱུ་མེད་པ་ཡིན་ན་འདིར་འགྱུར་ཏེ། དེ་སྐད་དུ། རྒྱུ་མེད་པ་ཉིད་ཡིན་ན ་ནི་ཡུལ་དང་དུས་དང་རང་བཞིན་སོ་སོར་ངེས་པ་མི་འཐད་པའི་ཕྱིར་རོ།། ཞེས་གསུངས་སོ།། བློ་དང་ལྡན་པའི་བྱིན་གྱིས་རློམ་པ་པོ་མེད་ན་རྒྱུའི་ཡུལ་ལ་སོགས་པ་སོ་སོར་ངེས་པ་ཅི་ལྟར་ཡིན་ཞེ་ན། ཡུལ་ལ་སོགས་པ་ཁྱད་པར ་ཅན། ཁོ་ནར་རང་བཞིན་ཁྱད་པར་ཅན་ཉིད་དུ་དེའི་རང་གི་རྒྱུ་ལོས་སྐྱེས་པའི་ཕྱིར་ལ། དེའི་སོ་སོར་ངེས་པ་དེ་ཡང་རང་གི་རྒྱུ་ལས་ཡིན་པས་ན། རྒྱུ་བརྒྱུད་པ་ལ་ཐོག་མ་མེད་པའི་ཕྱིར་གཞན་གྱི་སུན་འབྱིན་པའི་སྐབས ་མེད་དོ།། འོ་ན་ཡུལ་གཞོན་དུ་སྐྱེས་པའི་རྒྱུ་ལས་ཡུལ་གཞན་དུ་འབྲས་བུར་མི་འགྱུརརོ།། འགྱུར་ཏེ་རྒྱུ་ཉེ་བའི་དབང་གིས་ཉེ་བའི་ཕྱིར་རོ།། བློ་དང་ལྡན་པ་མ་གཏོགས་པ་འགའ་ཡང་སེམས་པ་མེད་པ་རྣམས་ཀྱི་ཉེ་བའི ་རྒྱུམྱུར་མི་འཐད་པ་མ་ཡིན་ནམ། གོང་གི་ཕྱིར་འདི་དག་སྐྱེ་བའི་ཡུལ་ལས་གཞན་དུ་འགྲོ་བ་ནི་བློ་དང་ལྡན་པའི་བྱེད་པ་མེད་པར་མི་སྲད་དོ་ཞེ་ན། མི་སྲིད་པ་མ་ཡིན་ཏེ། རླུང་གི་ཁྱེར་པ་རྣམས་དང་། སྨིན་ནས་ཡུབ་ལྷོང་པའི ་འབྲས་བུ་ལྟུང་བ་དང་ཆུ་ཀླུང་དང་ཉེ་བ་ན་གནས་པ་རྣམས་ཆུ་རྒྱུན་གྱིས་ཁྱེར་པ་རྣམས་ཡུལ་གཞན་དུ་ཕྱིན་པོ་མཐོང་བའི་ཕྱིར་རོ།། བློ་སྔོན་དུ་བཏང་བ་མ་ཡིན་ཡང་རྒྱུ་ཉེ་བར་བྱེད་པ་བློ་དང་ལྡན་པ་རྣམས་ལ་སྣང ་སྟེ། ཇི་ལྟར་བྱ་རྣམས་ཀྱིས་ཟོས་པའི་འབྲས་བུའི་ས་བོན་སྒྱུར་བ་བཞིན་ནོ།། དེས་ན་དེ་ལྟ་བུའི་ཉེ་བར་བྱེད་པ་ཡང་སེམས་པ་མེད་པའི་ཉེ་བར་བྱེད་པ་ལས་ཁྱད་པར་མེད་དོ།། ཁོ་བོ་ཅག་གིས་ཡུལ་གཞན་དུ་འགྲོ ་བའི་རྒྱུ་ཇི་ཙམ་ཞིག་འགྲོ་བར་ནུས་ཏེ། རེ་ཞིག་སྐྱེས་བུའི་བྱེད་པ་མེད་ཀྱང་སེམས་པ་མེད་པ་རྣམས་ཡུལ་གཞན་དུ་ཕྱིན་པ་དམིགས་ལ། དེས་ན་འདིས་རྗེསུ་དཔོག་པ་མི་འཐུང་པ་ཁོ་ནའོ།། གཞན་ཡང ་ཡུལ་དང་དུས་སོ་སོར་ངེས་པ་སྐྱེས་བུ་ལ་རག་ལས་པ་ཡིན་དུ་ཆུག་མོང་།། རྒྱུ་རྣམས་འགུའི་ཞིག་ཁོ་ནར་རེས་འགྲོའི་ཚེ་ཁོ་ན་ཉེ་བས་ན་སྐྱེས་བུ་ལ་བརྟེན་ནས་ཡོད་པའི་ཕྱིར་རོ།། རང་བཞིན་སོ་སོར་ངེས ་པ་དེ་ལ་རག་ལུས་པ་ཇི་ལྟར་ཡིན་ཏེ། འབྲས་བུ་ངོ་བོ་ཁྱད་པར་ཅན་དུ་བྱེད་པའོ་ནུས་པས་སྟོང་པ་ན། སྐྱེས་བུའི་བྱིན་གྱིས་བརླབས་ཡོད་ཀྱང་སེམས་པ་མེད་པ་རྣམས་འབྲས་བུའི་ཁྱད་པར་བྱེད་པ་མ་ཡིན ་ཏེ། དེ་མེད་ཀྱང་དེ་དང་ལྡན་པ་ན་དེ་དག་དེའི་རང་བཞིན་སྒྲུབ་པར་བྱེད་པ་མི་འགལ་བ་ཁོ་ནའོ།། རི་ལ་སོགས་པའི་ཡུལ་དང་དུས་དང་རང་བཞིནི་ངེས་པ་འདི་ཡང་གཞན་གྱིས་འདི་ཡང་གཞན་གྱིས་འདོད་པའི ་སྐྱེས་བུའི་གཞན་དབང་དུ་མི་འཐད་དེ། འདི་ལྟར་སྐྱེས་བུ་ནི་ལུས་མེད་པ་དང་རྟག་པར་གཞན་འདོད་ལ། ལུས་མེད་པས་ནི་ཡུལ་གཞན་ན་གནས་པའི་རྒྱུ་རྣམས་བསོག་པར་མི་ནུས་ཏེ། སྐྱེ་བུའི་འདོད་པ་ན་ཡང ་ལག་གལ་སོགས་པའི་རྒྱུ་མེང་པ་དུན་ཏུ་ཏུ་མ་ལང་བན་གྱུར་རོ།། རྩཝ་སྨྲན་གས་པ་ང་མ་རྒྱས་ན་འ་། བུ་དང་ལུང་སྨྲ ་མགོ་སྐྱེ་པར་སྩོགས་པར་མི་སྣད་། སོགས་པར་མི་བྱུང་ན་སྤྱད་ཡུལ་གྱི་ཁྱང་བར་དུ་འབྲས་བུ་སྐྱེད་པར་མ་ནུས་སྷོ།། རྟག་པས་ངས་ཀྱི་ཁྱད་པར་དུ་འབྲས་བུ་སྤྱད་པར་མ་མཛང་དུ། ས་སྤྱི་བ ་རྒྱས་སྣང་བྱེད་པ་པོའི་རང་བཞིན་དུ་གཅིག་པའི་ཕྱིར་རོ།། འདི་ལྡན་ཅིག་བྱེད་པ་མཆོང་བས་རྀསྨཻ་འགའ་མོ་བྱེད་པ་ཡང་མེ་ཡིན།། དེ་ལ་རག་སྐྱེས་ནས་སྐྱེ་བ་དེ་དག་སྤེལ་དང་དུས་སུ་ཡང་མཚང་བ། མི་འཐད་པའི་བྱོར། ་སྐྱོནས་ལེན་ལ་ཞེན་རྗེས་རྒྱག་ར་ལྕེ་འཕྲུལ་བྱིས་གྲུབ་བྱ་སྟན་བཟླུགཔ་ལྔ་ནི་ར་བྱུང་བའི་རྙེངས་མེད་པ་བྱུང།། འདུས་སྐྱེ་པ་སྐྱེ་ནི་རྒྱུ་ད་པ་། ་རླུང་ཅོམ་པར་བྱེད་པའི་ཡན་ལག་བཀོད་པའི་ལྡང་པར་ལ་སོགས་པ་ཡང་བཤད་པ་ཡིན་ནོ།། དྲི་སྐྱེ་འདི་དག་འི་ཁྱབ་པོ་མེང་བས་སྤངས་པ་མིནྡྲ་དྲུག། ང་ཤེགལ་པ་ནི་བཙུན་པོ་དུས་ཧཱུ~ཾ། ་ཏིང་ལ་སོགས་པ་འདི་དག་ནི་རིས་འགའ་བ་ཉིད་ཀྱིས་ཁྱབ་པར་བྱ་བ་ཡིན་ལ། བྱེད་པ་པོ་རྟག་པ་མ་སྲིད་པ་རས་འགའོ་བ་དེ་ནི་དེ་ལས་ལྡོག་པ་ན་རང་གི་ཁྱེ་བྱིན་མོས་ཀྱང་ལྡོག་པར་བྱེད།། ངས་ན་རྟག་པའི་མཚན་ཉིད་ཀྱི་བྱེད་པ ་ཁྱད་པར་མེད་པར་བྱེད་པ་འདི་དག། ཁྱད་པར་མི་འགལ་བར་ཇི་ལྟར་འགྱུར། འདི་ལས་ཀྱང་ཁྱད་པར་དང་འགལ་བ་ཡིན་ཏེ། བྱེད་པ་པོའི་ཁྱད་པར་ལུས་ཅན་མ་ཡིན་པའི་ངོ་བོ་ཡང་འགོག་པར་བྱེད་པ་གང་ཡིན་པའོ།། ་གལ་ཏེ་དེ་དག་ལ་ལུས་ཀྱིས་མ་ཁྱབ་པ་དེ་ལྟ་ན་ཡང་རི་ལ་སོགས་པ་ལ་དེ་སྤྲུལ་པར་ནུས་པའི་བྱེད་པ་པོ་ཉེ་བར་འཇོག་པ་རྣམས་ཀྱིས་ལུས་དང་འབྲེལ་པ་རྗེསུ་སྒྲུབ་པར་བྱེད་དེ། ལུས་དང་བྲལ་བ་ལ་དེ་སྤྲུལ་པའི་ནུས ་པ་མི་འཐད་པའི་ཕྱིརརོ།། འོ་ན་རྩོལ་བ་དང་ལུས་ལ་འདུ་བའི་བྱ་བ་རྣམས་སུ་མི་འགྱུར་རོ།། འགྱུར་བ་ཁོ་ན་སྟེ། དེ་ལ་འདོད་པ་ཙམ་གྱིས་ནུས་པ་མཐོང་བའི་ཕྱིར་རོ།། འོ་ན་རི་ལ་སོགས་པ་ལ་ཡང་དེ་ཁོ་ན་བཞིན་དུ ་ལུས་ཀྱིས་བྱེད་པ་མེད་ཀྱང་ཡོད་པར་ཅིའི་ཕྱིར་མི་འགྱུར། དེའི་འབྲས་བུ་སྐྱེད་པ་ལ་ལུས་ཕན་མི་འདོགས་པ་ཁོ་ན་ཡིན་ནམ། དེ་ལྟ་ཡིན་ན་བུམ་པ་ལ་སོགས་པ་ཡང་དེ་ལ་མི་ལྟོས་པར་མི་འགྱུར་རོ།། རྒྱུ་རྣམས་ཀྱིས་ཉེ ་བ་དང་ཚོགས་པ་རྣམས་འབྲས་བུ་སྐྱེད་པ་དེ་ཡང་སྐྱེས་བུ་ཀུན་ཏུ་རྟོག་པ་ཙམ་གྱིས་འབྱུང་བ་ནི་མ་ཡིན་ནོ།། དེས་ན་ཕྱི་རོལ་གྱིས་འབྲས་བུའི་བདག་ཉིད་རི་ལ་སོགས་པ་འདི་དག་ཀྱང་བུམ་པ་ལ་སོགས་པ་བཞིན་དུ་ལུས་ཀྱི ་བྱེད་པ་མེད་པར་སྐྱེ་བ་མི་ཐོབ་པས་ན་ལུས་ལ་དེ་སྤྲུལ་པའི་ནུ་བ་སྒྲུབ་པ་ཡིན་ནོ།། དེ་ལྟ་ན་ཡང་ཁྱབ་བྱེད་མ་ཡིན་པའི་ཁྱད་པར་ཇི་ལྟར་འགྲུབ་པར་འགྱུར།། འདི་ཁྱབ་བྱེད་ཡིན་པས་གྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་གཞི ་གྲུབ་མཐའི་ཚུལ་གྱིས་ཡིན་ན། ངེས་ན་བརྒལ་ཞིང་བརྟག་པ་ཅི་ཡོད་ཅེ་ན། འདི་སྙམ་དུ་ལུས་ཀྱི་བྱེད་པ་མེད་པར་ཡང་རྩཝ་ལ་སོགས་པ་སྐྱེ་བར་སྣང་ལ། དེ་ལ་ལུས་རྗེསུ་དཔོག་པ་མངོན་སུ ་གྱིས་གནོད་པས་ན། དུས་ལཱ་ས་ཐལ་བ་བརྗོད་པ་ཡིན་ལ།། གཞན་དུ་ནི་དེ་ཉིད་ཀྱིས་འཁྲུལ་པ་དང་བཅས་པ་ཡིན་སྒྱུམ་ན། དེ་ནི་མི་བདེན་ཏེ། གང་གིས་མ་མཐོང་བས་མེད་པར་འགྱུར་བ་ལུས་གདོན་མི་ཟ་བར་སྣང་དུ་རུང ་བ་ནི་མ་ཡིན་ནོ།། ལུས་ཡིན་པ་ཉིད་ཀྱིས་སྣང་དུ་རུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤ་ཟ་ལ་སོགས་པའི་ལུས་ཀྱིས་མ་ངེས་པའི་ཕྱིར་རོ།། དེ་མི་འདོད་ཀྱང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ།། སྣང་དུ་མི་རུང་བ ་ལ་ནི་མངོན་སུམ་གྱིས་གནོད་པ་མི་སྲིད་དེ། དེས་ནི་དེ་ལྟར་སྤྱིའི་སྒོ་ནས་ནི་ཁྱབ་པ་མེད་ལ། ཁྱབ་ན་ཡང་འགལ་བ་ཡིན་ནོ་ཞེས་གནས་སོ།། ཇི་སྟེ་འབྲས་བུ་ལ་སོགས་པའི་ངོ་བོ་ཇི་འདྲ་བ་ཞིག་ལ་སྐྱེས་བུས་ཁྱབ ་པ་དེ་འདྲ་བ་གཏན་ཚོགས་ཉིད་དུ་འགོད་དོ་ཞེ་ན། དེའི་ཚེ་ཤིན་ཏུ་གསལ་བར་མ་གྲུབ་པ་ཡིན་ཏེ། ཕྱོགསུ་བྱས་པ་རྣམས་ལ་དེ་མི་དམིགས་ཕྱིར་དང་། དམིགས་པའི་ཁྱད་པར་ལ་འགལ་བ་སྤང་བར་མི་ནུས་པའི ་ཕྱིར་དང་། བྱེད་པ་པོ་ཅན་དུ་ངེས་པ་དང་རིགས་མི་མཐུན་པར་སྔར་ཉིད་དུ་བསྒྲུབ་ཟིན་པའི་ཕྱིར་རོ།། གཞན་ཡང་འབྲས་བུ་ཉིད་ལ་སོགས་པ་འདི་དག་གིས་བློ་དང་ལྡན་པ་ཙམ་སྒྲུབ་བམ། རྟག་པ་ལ་སོགས་པ་ཡོན ་ཏན་གྱི་རྟེན་བློ་དང་ལྡན་པའི་ཁྱད་པར་སྒྲུབ་གྲང་། དེ་ལ་ཕྱོགས་དང་པོ་ལ་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། སེམས་པའི་མཚན་ཉིད་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་བློ་དང་ལྡན་པས་ལུས ་སོ་ཁ་སྤྲུལ་པའི་ཕྱིར་ཏེ། ལ་ལས་འཇིག་རྟེན་སྣ་ཚོགས་སྐྱེས། དེས་ནི་སེམས་པ་དང་དེས་བྱས། སེམས་པ་ཡང་ཀྱི་ལས་ཡིན་ནོ།། དེས་བསྐྱེད་ལུས་དང་ངག་གི་ལས། ཞེས་གང་གསུངས་པ་ཡིན་ནོ།། གཉིས ་པ་ལ་ནི་དེ་ལྟ་བུ་དང་རྗེ་སུ་འགྲོ་བ་མ་གྲུབ་པས་ནི་དེ་ལ་བསྒྲུབ་བྱ་མ་ཚང་ཞིང་གཏན་ཚིགས་ཀྱི་ཁྱབ་པ་མ་གྲུབ་པས་མ་ངེས་པ་ཉིད་དོ།། འོ་ན་བྱེད་པ་པོ་ཅན་དུ་ངེས་པ་རྣམས་ལ་བློ་དང་ལྡན་པ་ཉེ་བར་ལེན་པ་ལ་སོགས ་བུ་སྤྱོད་པར་བྱེད་པའི་བྱེད་པ་པོ་ཇི་ལྟ་བུར་གྱུར་པ་ཞིག་གྲུ་དེ་ལྟ་བུར་གྱུར་པ་ཁོ་ན་ལུས་ལ་སོགས་པ་ལ་སྒྲུབ་པ་ཡིན་ལ། དེ་ན་གྲུབ་པ་བསྒྲུབ་པ་མ་ཡིན་ཞིང་རྗེ་སུ་འགྲོ་མ་མེད་པ་ཡང་མ་ཡིན་ཞེ་ན། འོ་ན་ཉེ་བར་ལེན་པ་ལ ་སོགས་པ་རྟོགས་པར་བྱེད་པ་དཔེ་ལ་མཐོང་བ་ན། ཕྱོགས་ལ་ཡང་དེ་ལྟ་བུར་གྱུར་པ་ཁོ་ན་སྒྲུབ་ན། དེས་ལུས་དང་ལྡན་པ་ཡང་ཡིན་པས་ན་དེ་ལྟ་བུར་གྱུར་པ་ཡང་འགྲུབ་པར་འགྱུར་རོ།། དེ་ལ་འདོད་རྒྱལ་ལ ་རག་ལས་པའི་ལུས་ནི་མ་ཡིན་ཏེ། འབྲས་བུ་དེའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེསུ་འཇུག་པར་མཐོང་བའི་ཕྱིར་དང་། ལུས་ཀྱིས་ཉེ་བར་སྦྱོར་བ་མེད་པར་ཡང་འགའ་ཞིག་མཐོང་བས ་ན་དེ་བསྒྲུབ་པར་མི་བྱའོ་ཞེ་ན། གཉིད་ལོག་པ་བླ་བ་ལ་སོགས་པ་དཔྱོད་པར་བྱེད་པ་ཡང་མཐོང་བས་ན། དཔྱད་པར་བྱེད་པ་ཡང་བསྒྲུབ་བྱར་མི་འགྱུར་རོ།། དེ་ནི་རིག་མི་མཐུན་པ་ཁོ་ན་ཡིན་ནོ་ཞེ་ན། ལུས་ཀྱིས་བྱེད་པ ་མེད་པར་ཡང་འབྱུང་བ་ན་ཅིའི་ཕྱིར་རིགས་མི་མཐུན་པ་ཡིན། རིགས་གཅིག་པ་ཡིན་ན་ལུས་ཀྱིས་ཉེ་བར་སྦྱོར་བ་རྣམ་པར་ཕྱེ་ནས་རྣམ་པར་གཞག་པར་མི་འཐུང་བའི་ཕྱིར་རོ།། ཇི་སྟེ་གལ་ཏེ་ལུས་ཉེ་བར་སྦྱོར་བ་དང ་ལྡན་པར་སྣང་བ་དེ་ལྟ་ན་ཡང་དོ་ཁྱབ་པར་བྱེད་པ་ཉིད་དུ་མི་འགྲུབ་སྟེ། མཐུ་ཕུལ་དུ་བྱུང་བ་དང་ལྡན་པ་ལུས་མེད་པ་ཡང་ཀུན་ཏུ་རྟོག་པ་ཙམ་གྱིས་བྱ་བ་བྱེད་པ་སྲིད་པའི་ཕྱིར་རོ།། འོ་ནི་དེའི་ཚེ་གལ་ཏེ་དཔྱོད་པ་ཉེ་བར ་སྦྱོར་བར་སྣང་བ་དེ་ལྟ་ན་ཡང་དེ་ཁྱབ་པར་བྱེད་པ་ཉིད་དུ་མི་འགྲུབ་སྟེ། མཐུ་ཕུལ་དུ་བྱུང་བ་དང་ལྡན་པ་དཔྱོད་པར་མི་བྱེད་པ་ཡང་ཡོད་པ་ཙམ་གྱིས་བྱ་བ་བྱེད་པར་སྲིད་པའི་ཕྱིརརོ།། མང་པོ་ནི་དུས་གཅིག་གི་ཚེ་དཔྱང ་པར་ནུས་པ་མ་ཡིན་ཏེ། དཔྱོད་པ་ནི་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་དང་དེ་ལྔ་ནར་བརྟག་པར་བྱ་བ་གཅིག་ལ་ངེས་པའི་ཕྱིར་རོ།། དེ་སྐད་དུ། རྣམ་རྟོག་གཉིས་ནི་ཅོག་ཅར་དུ། མཐོང་མིན་ཞེས་གསུངས་སོ།། ་དེའི་ཕྱིར་ན་འབྲས་བུ་གཅིག་གིས་ཡང་ཉེ་བར་ལེགས་པ་ལ་སོགས་པ་ལན་ཅིག་གི་ཚེ་དཔྱད་པར་མི་ནུས་ན། དེ་ཅི་འདི་དུ་མ་ལ་ཡིན་ནམ། དེ་ལྟ་ན་ཡང་ཅིག་ཅར་དུ་འབྲས་བུ་རིགས་དུ་མར་མི་འགྱུར་ལ། འགྱུར་ན ་ཡང་བྱེད་པ་པོ་མ་ཅན་ཁོ་ནར་འགྱུར་རོ།། དེའི་ལྷག་མ་ནི་བློ་དང་ལྡན་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་ཡང་གྲུབ་པ་སྒྲུབ་པ་ལ་ལན་གདབ་ཏུ་མེད་པ་ཡིན་ནོ།། འོན་ཏེ་གལ་ཏེ། དེ་ལས་གཞན་ལ་དོན་དུ་མའི་ཡུལ་ཅན་གྱི ་རྣམ་པར་རྟོག་པ་མེད་པ་དེ་ལྟ་ནཱ་ཡང་འཇུག་རྟེན་ཐམས་ཅད་ལས་ཕུལ་དུ་བྱུང་པོའི་ནུས་པ་ཅན་གྱི་དབང་ཕྱུག་ལ་དེ་མོ་སྲིད་པ་མ་ཡིནོ་ཞེ་ན། རེ་ཞིག་དེ་ལྟར་དམིགས་པ་ནི་མེད་དོ།། དེ་ལྟ་ན་ཡང་དེ་ལ་རྟོག་པར་བྱེད་ན། ་དཔྱོད་པ་མེད་པར་ཡང་ཅིའི་ཕྱིར་མི་རྟོག། དེ་ལྟ་ན་ཡང་དེ་ཁོ་ན་བཞིན་དུ་དཔྱོད་པར་མི་བྱེད་པའི་ལས་ཀྱི་སེམས་པས་འབྲས་བུ་རྣམས་སྐྱེད་དོ་ཞེས་བྱ་བ་ལ་མི་འཐད་པ་མ་མཐོང་ངོ་།། གཞན་ཡང་བྱེད་པ ་པོ་བློ་དང་ལྡན་པ་གྲུབ་ཏུ་ཆུག་མྱོང་། དེ་ཐམས་ཅད་དུ་གཅིག་ཡིན་ནོ་ཞེས་བྱེ་བོ་འདི་ལ་ཚད་མ་ཅི་ཡང་མེད་དོ།། འདི་ལྟར་འབྲས་བུ་རིགས་གཅིག་པ་ཐམས་ཅད་ཀྱང་བྱེད་པ་པོ་གཅིག་པ་ཅན་དུ་མི་སྣང་སྟེ། བུམ ་པ་ལ་སོགས་པར་རིགས་གཅིག་པ་རྣམས་ཀྱང་རྫ་མཁན་དུ་མ་མངོན་དུ་འགྲོ་བར་མཐོང་བའི་ཕྱིར་དང་། ཁང་བཟང་ལ་སོགས་པ་འབྲས་བུ་གཅིག་ཀྱང་བྱེད་པ་པོ་དུ་མོ་ཅན་དུ་དམིགས་ཏེ། དེ་ལ་སྐྱེས་བུ་དུ་མའི ་ཉེ་བའི་སྦྱོར་བ་མངོན་སུམ་དུ་གྲུབ་པའི་ཕྱིར་རོ།། དེ་ནས་ལུས་དང་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པ་རིགས་ཀྱི་བྱེ་བྲག་དང་བསལ་བའི་བྱེ་བྲག་གིས་ཐ་དད་པ་འདི་དག་བློ་དང་ལྡན ་པའི་རྒྱུ་ཅན་དུ་སེམས་པ་དང་བཅས་པ་སུ་བརྗོད་པར་སྤྲོ།། དེའི་ཕྱིར་བྱེད་པ་པོ་གཅིག་ཏུ་བསྒྲུབ་པ་ན་གཏན་ཚིགས་འཁྲུལ་པ་དང་བཅས་པ་ཡིན་ཏེ། ཇི་སྐད་བཤད་པའི་ཉེས་པ་ཡིས།། སྒྲུབ་བྱེད་སྐྱོན་ཅན་མ་ཡིན ་མོང་།། འོན་ཀྱང་འཁྲུལ་པ་དམིགས་པའི་ཕྱིར།། བྱེད་པ་པོ་ནི་གཅིག་ཉིད་མིན།། ཞེས་གང་བཤད་པ་ཡིན་ནོ།། བྱེད་པ་པོ་སྒྲུབ་པ་ནི་འདོད་པའི་བསྒྲུབ་བྱ་ལ་བལྟོས་ནས་ལྡོག་པ་ལྔ་ཐེ་ཚོམ་ཟ་བ་ཡིན་ཏེ། བྱེད་པ་པོ ་ནི་ཐམས་ཅད་ཤེས་པར་འདོད་པར་གྲུབ་པར་འདོད་པ་ཡིན་ལ། འདིའི་ཐམས་ཅད་ཤེས་པ་ཉིད་ནི་ཚང་མ་གཞན་གྱི་བསྒྲུབ་པར་བྱ་བ་མ་ཡིན་གྱི།། འོན་ཀྱང་གང་ཁོ་ན་ལས་བྱེད་པ་པོ་ཉིད་དུ་གྲུབ་པ་ཁོ་ན་ལས་དེ་ཡང ་ཡིན་ལ། དེ་ལྟ་ན་ཡང་བྱེད་པ་པོ་ཐམས་ཅད་ཤེས་པ་ཉིད་གྲུབ་པ་གཅིག་པ་མ་ཡིན་ནོ།། གལ་ཏེ་དེ་འབྲས་བུ་མ་ལུས་པའི་ཡུལ་ཅན་ཡིན་ཞིང་འབྲས་བུ་མ་ལུས་པའི་བྱེད་པ་པོ་ཡིན་ན། དེའི་ཉེ་བར་ལེན་པ་ལ་སོགས ་པ་རྟོགས་པའི་ཐམས་ཅད་ཤེས་པ་གཅིག་ངེས་པར་གྲུབ་པ་མ་ཡིན་ཏེ། བྱེད་པ་པོ་དུ་མ་ཡིན་ཡང་གང་ཞིག་ཇི་སྙེད་ལ་བྱེད་པ་པོ་ཡིན་པ་དེ་དེ་སྙེད་ལ་ཐམས་ཅད་ཤེས་པ་ཡིན་པ་ན། བྱེད་པ་པོའི་སྒྲུབ་པར་བྱེད ་པ་ལས་ཐམས་ཅད་ཤེས་པ་ཉིད་དུ་མི་འགྲུབ་པོ།། རང་གི་འབྲས་བུ་ཙམ་གྱི་ཉེ་བར་ལེན་པ་ལ་སོགས་པ་ཤེས་པ་ནི་ཐམས་ཅད་ཤེས་པ་ཞེས་བྱ་བ་མ་ཡིན་ཏེ། རྫ་མཁན་ལ་སོགས་པ་ཡང་དེ་ཡིན་པར ་ཐལ་བའི་ཕྱིར་རོ།། རྡུལ་གཉིས་ལ་སོགས་པ་དབང་པོ་ལས་འདས་པ་བྱེད་པས་ན་ཐམས་ཅད་བྱེད་པ་མ་ཡིན་ཡང་གཟུགས་ལ་སོགས་པ་རིགས་པ་ཐམས་ཅད་ཤེས་པ་མ་ཡིན་ཏེ། ཁོ་བོ་ཅག་ལ་བལྟོས་ནས་མ་གྲུབ ་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཕྱོགསུ་བྱེད་ན་གྲུབ་མཐའ་དང་འགལ་བར་འགྱུར་བའི་ཕྱིརརོ།། དབང་པོ་ལས་འདས་པ་ཅུང་ཟད་ཅིག་མཐོང་བས་ངེས་པར་ཐམས་ཅད་མཐོང་བ་ནི་མ་ཡིན་ཏེ། རྣལ་འབྱོར་པ་རྣམས་ལ་ཡང་ཕན ་ཚུན་བལྟོས་པས་ཁྱད་པར་དུ་འཕགས་པ་དང་དམན་པ་དང་ལྡན་པ་སྲིད་པ་ན་མ་ངེས་པ་བཟློག་ཏུ་མེད་པའི་ཕྱིར་རོ།། གལ་ཏེ་བྱེད་པ་པོ་མང་པོ་ཡོད་ན་རང་དབང་ཡང་ན་རང་དབང་ཡོད་པ་ཉིད་ཀྱིས་ཕན་ཚུན་འགལ་བར་འཇུག ་གྱུར་པ་མ་ཡིན་ནམ། དེ་ལྟ་ན་ཡང་གཅིག་གིས་བྱ་བ་གཞན་གྱིས་འཇོམས་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་པས་ན་བྱེད་པ་པོ་གཅིག་ཡིན་ཞིང་དེ་དང་མཉམ་དུ་གྲུབ་པ་ཐམས་ཅད་ཤེས་པ་ཡིན་ཞེས་བྱ་བར་ངེས་ཞེ་ན། དེ་ནི ་མི་རིགས་ཏེ། གལ་ཏེ་འདོད་ཆགས་དང་བྲལ་བ་དེ་དག་མང་པོ་ཡོད་ཀྱང་ཕན་ཚུན་འགལ་བར་ཇི་ལྟར་འགྱུར། འདོད་ཆགས་དང་བྲལ་བ་ཙམ་གྱིས་ཐམས་ཅད་ཤེས་པར་ཡང་མི་འགྱུར་ཏེ། དེ་དེར་འབྲེལ་པ་མེད་པའི་ཕྱིར་རོ།། དེ་ལ ་གཞན་པའི་སྐྱེ་བོ་དམ་པ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡང་རྣམ་པར་དཔྱོད་པ་ཕུལ་དུ་བྱུང་བ་དང་ལྡན་པ་རང་བཞིན་གྱི་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་རྗེ་སུ་མཐུན་པའི་སེམས་ཅན་རྣམ ་བཞིན་དུ་ཕན་ཚུན་འགལ་བར་ཇི་ལྟར་འགྱུར། འདོད་ཆགས་ལ་སོགས་པ་དང་ལྡན་པའི་རྒྱལ་པོ་རྣམས་སྐྱེ་དགུ་སྦྱོང་བ་བཞིན་ཏེ། རང་གི་བག་སྐལ་དང་མཐུན་པར་གནས་ཤིང་ཕན་ཚུན་འཇོམས་པར་མི་བྱེད་དོ།། དེ་ལ་གནོད ་པ་བྱེད་པ་ཡང་དམིགསོ་ཞེ་ན། འདིར་ཡང་ཅིའི་ཕྱིར་མི་དམིགས་ཏེ། དེ་ལྟར་མངོན་པར་མཐོ་བ་ལ་བརྟེན་པ་ཡང་སླར་ངན་སོང་དང་མངོན་པར་མཐོ་བ་དང་མི་ལྡན་པ་ཡང་སླར་མངོན་པར་མཐོ་བ་དང་ལྡན་པར་སྣང་ངོ་།། དེ་ལ ་འདི་སྐད་དུ་གཅིག་གིས་དེ་དག་ལ་ཕུན་སུམ་ཚོགས་པ་དང་རྒུད་པར་སྐྱེད་པ་ཡིན་ལ། གཞན་གྱིས་ཆུང་པ་དང་ཕུན་སུམ་ཚོགས་པར་དྲངས་པ་ཡིནོ་ཞེས་བརྟག་པར་ནུསོ།། རྟོག་པ་འདི་ནི་རིགས་པ་དང་ལྡན་པ་ཡང་ཡིན་ཏེ།། ་ཕན་བཏགས་པ་ལ་བློ་བུར་དུ་ཚར་གཙང་པ་ལ་ཕན་འདོགས་པ་ནི་སེམས་རྣལ་དུ་གནས་པས་བྱེད་པར་མི་མཐང་ངོ་།། ཕན་གདགས་པར་བྱ་བ་དང་ཚར་གཙད་པར་བྱ་བ་དག་ཆོས་དང་ཆོས་མ་ཡིན་པ་བྱེད་དུ་བཅུག་པ་ཡང ་སླར་ཆོས་མ་ཡིན་པ་དང་ཆོས་གཞན་ལ་འཇུག་པ་ཡང་མ་ཡིནོ།། གལ་ཏེ་བྱེད་པ་པོ་གཅིག་ཏུ་རྟོགས་ན་རྟོག་པར་སླ་བའི་ཕྱིར་དང་། དུས་མ་བཟློག་པ་ཡིན་པའི་ཕྱིར་བྱེད་པ་པོ་གཅིག་ཏུ་རྟོགས་པ་ཁོ་ནར་རིགས་པ་མ་ཡིན ་ནམ། ཞེ་ནུ། འདི་ལ་ཚད་མའི་བྱེད་པ་ནི་མེདོ།། སླའོ་ཞེས་བྱ་བ་ཁོ་ནས་ནི་རྟོག་པ་ཚད་མ་དང་ལྡན་པ་མ་ཡིན་ཞིང་དཀའོ་ཞེས་བྱ་བས་ཀྱང་བྲལ་བ་མ་ཡིན་ཏེ། བྱེད་པ་མ་མཐོང་བའི་བུམ་པ་ལ་སོགས་པ་ལ་གཞན་དུ་མཐོང ་བས་ན། རྟོགས་པ་སླ་བ་ལ་ཆགས་པ་ཁྱོད་ཀྱིས་བྱེད་པ་པོ་གཅིག་ཏུ་བརྟགས་པར་བྱ་བར་འགྱུར་རོ།། བརྡ་སྤྲོད་པའི་མདོར་བྱས་པ་ཁོ་ན་དཀའ་བ་དང་། ཟོར་ཡང་བའི་བསམ་པ་འཐད་པ་ཡིན་ན་ཁྱེད་ནི་སྔར་མ་བྱུང་བའི་ཚད་མ ་པ་ཡིན།། འདིར་ཡང་དེ་ལ་གཅེསུ་བྱེད་པས་ན་ཅི་ཞིག་སྨྲར་ཡོད། ཐ་དད་པ་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་ཡང་བརྟག་པར་སླ་བས་བཤད་ཟིན་ཏེ།། དེའི་ཕྱིར་བྱེད་པ་པོ་གཅིག་ཏུ་ངེས་པ་ལ་ཐབས་ཅི་ཡང་མེད་ཅིང་དེ ་མ་ངེས་པར་ཡང་འདོད་པས་ཡུལ་དུ་བྱས་པའི་ཐམས་ཅད་ཤེས་པ་ཉིད་མི་མི་ངེས་པས་ན། བྱེད་པ་པོའི་སྒྲུབ་བྱེད་ཐམས་ཅད་ནི་འདོད་པའི་བསྒྲུབ་བྱ་ལ་བལྟས་ནས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ།། དེའི་ཕྱིར་དེ་ལྟར ་གཞན་གྱིས་རབ་ཏུ་སྒྱུར་བའི་དབང་ཕྱུག་གི་སྒྲུབ་བྱེད་རྣམས་ལ་ཁོ་བོ་ཅག་འགལ་བ་མི་འཁྲུལ་པ་འགོང་པ་མ་ཡིན་གྱི། འོན་ཀྱང་སྒྲུབ་བྱེད་སུན་འབྱིན་པ་ཁོ་ན་སྟེ། མང་དུ་སྨྲ་བས་ཆོ་གོ། དེའི་ཕྱིར་འདི་སྒྲུབ་པར་བྱེད་པའི་ཚད ་མ་མེད་ཅིང་གནོད་པར་བྱེད་པ་ནི་ཁ་ན་མ་ཐོ་བ་མེད་པར་ཡོད་པས་ན་འདུས་བྱས་བྱེད་པ་པོ་མེད་པར་གྲུབ་པ་ཡིན་ཏེ། དེ་སྐད་དུ་ཡང་།། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ཞེས་གསུངས་སོ།། འོ་ན་ཏེ་ཅི་ཇི་ལྟར་མདོ ་སྡེ་པ་རྣམས་ཀྱི་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་དོན་གྱི་ཡུལ་ཅན་ཡིན་པ་དེ་བཞིན་དུ་འདི་དག་གིས་ལྷུར་ན་ཡང་ཡིན་ནམ། དེ་ལྟ་ནི་མ་ཡིན་གྱི་འོན་ཀྱང་། རྣམ་པ་མེད་པའི་དབང་སྐྱེ་བློས ་རྡུལ་ཕྲན་བསགས་པ་དངོས་སུ་རིགས། དབང་པོ་སྟེ་དབང་བྱེད་པ་རྣམས་ལས་སྐྱེས་པའི་བློ་མངོན་སུ་མ་ཞེས་བྱ་བའི་བློ་གྲོས་ཡུལ་གྱི་རྣམ་པ་མེད་པས། དེ་དག་གི་བཞིན་དུ་རྣམ་པས་པར་དུ་ཆོས་པ་བརྟགས་པ་ལྟར་མ ་ཡིན་པར་དངོས་སུ་རྡུལ་ཕྲན་ཏེ། རྡུལ་ཕྲ་རབ་བསགས་པ་ཕུང་པོ་རིག་སྟེ་ཤེས་པ་ཡིན་གྱི་བཞིན་དུ་ཡན་ལག་ཅན་ནི་མ་ཡིན་ནོ།། རྡུལ་ཕྲ་རབ་རྣམས་ནི་དབང་པོ་ལས་འདས་པ་ཡིན་ན་ཇི་ལྟར་དེ་དག་སྣང་དུ་རུང་ཞེ་ན། ་དེ་དག་རེ་རེ་བ་ནི་དབང་པོ་ལས་འདས་པ་ཡིན་ལ་རིགས་མཐུན་པ་གཞན་དང་ལྷན་ཅིག་པ་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཁེ་ནའོ།། སོ་སོར་སྣང་དུ་མི་རུང་བ་གང་ཡིན་པ་དེ་དག་འདུས་ཀྱང་སྣང་དུ་མི་རུང་བའི ་ངེས་པ་ནི་མེད་དེ།། སྐྲ་ལ་སོགས་པ་གྲམ་པ་རྣམས་ཐག་རིང་པོ་ནས་མི་མཐོང་བ་ཡང་།། སྐམས་པ་དམིགས་པའི་ཕྱིར་རོ།། ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང་། དེ་ལྟར་བློ་དང་ལྡན་རྣམས་བཞེད། ཁ་ཆེ་བ ་རྣམས་ཀྱི་གཞུང་སྟེ། མངོན་པར་དེ་ལྟ་དེ་ལྟ་བུའི་ངོ་བོར་བློ་དང་ལྡན་པ་མཁས་པ་རྣམས་བཞེད་དེ། འདོད་པ་ཡིན་ནོ།། འོ་ན་མདོ་སྡེ་པ་རྣམས་ཀྱི་གྲུབ་མཐའ་གང་ཡིན་ཞེ་ན། རང་གི་རྣམ་ཅན་ཤེས་སྐྱེད་པའི།། ་དབང་པོའི་སྤྱོད་ཡུལ་སྣང་རུང་མིན། མིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྤྱོད་ཡུལ་ཏག་རྒྱ་ལ་སོ་མྦི་ར་ཥཱ་\ུ0f7fསྟེ་རང་བཞིན་ངོ་བོས་མཐོང་དུ་རུང་བ་མ་ཡིནོ།། གང་གི་ཕྱིར་དེ་དག་ནི་རང་དང་འདྲ་བའི་རྣམ་པ་གང་ལ་ཡོད་པ ་པ་དེའི་ཕྱིར།། དེ་དག་ལ་དབང་པོའི་སྤྱོད་ཡུལ་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུར་གྱུར་པ་ཁོ་ན་ཡིན་པ་ན་དབང་པོའི་སྤྱོད་ཡུལ་ཉིད་དུ་ཐ་སྙད་འདོགས་སོ།། མདོ་སྡེ་པ་ལྟར་བྱེ་བྲག་ཏུ་སྨྲ་བའི་རང་བཞིན་དུ་ཤེས་པ་རྣམ་པ་མེད ་པ་ལྟ་གཟུགས་ལ་སོགས་པ་གསལ་བ་མ་ཡིན་ཏེ། དེ་དག་རང་ཉིད་གསལ་བའི་ངོ་བོ་མ་ཡིན་པའི་ཕྱིར་རོ།། དེའི་ངོ་བོ་ཡིན་ན་ནི་སྟོན་པ་ཉིད་ལ་སོགས་པ་བཞིན་དུ་ཤེས་པ་ལ་མི་ལྟོས་པར་ཐལ་བའི་ཕྱིརརོ།། སྐད་ཅིག་མ། ་མ་སྨིན་དེའི་བདག་ཉིད་རྙི་དག་ཉིད་བཞིན་དུ་ཤེས་པས་བྱེད་པ་མི་འཐད་པའི་ཕྱིར་དང་དོན་གཞན་བྱེད་ན་ཡང་དེ་དག་གི་གནས་སྐབས་དེ་ཡིན་པས་སྔ་མཁོ་བཞིན་དུ་གསལ་བ་མི་མཐད་པའི་ཕྱིར་རོ།། སྐད་ཅིག་མ་ཡིན་པ ་ན་ཡང་རྟོགས་པ་པོ་ཐམས་ཅད་ཐུན་མོང་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་མི་གསལ་བ་ཁོ་ནའོ།། ཕྱི་རོལ་གྱི་སྔོན་པོ་ལ་སོགས་པའི་རྣམ་པར་གསལ་བ་ཡིན་ནོ།། གལ་ཏེ་གསལ་བ་ཤེས་པ་ཁོ་ན་ཡིན་ན་དེའི ་ཚེ་ཕྱི་རོལ་གྱི་དོན་ཡོདོ་ཞེས་བྱ་བ་ག་ལས་ཤེ་ན། ཕྱི་རོལ་ལྡོག་པ་ལས་གྲུབ་འགྱུར། གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་སྣང་བ་མ་ཡིན་ལ། རང་གི་ཉེ་བར་ལེན་པ་ཙམ་གྱི་སྟོབས ་ཀྱིས་འབྱུང་བ་ཡིན་ན་འདི་མི་འཐད་དོ།། དེའི་ཕྱིར་གང་གི་སྟོབས་ཀྱིས་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་འགྱུར་བ་འདི་དག་ལ་མཚུངས་པའི་དེ་མ་ཐག་པའི་རྐྱེན་ལས་ཐ་དད་པ་ཅུང་ཟད་ཅིག ་ཡོད་པ་ཡིན་ནོ་ཞེས་ངེས་པར་ནུས་པ་ཡིན།། ཅི་སྟེ་ཅི་འདི་དག་གི་ལྟར་ན་སྔ་མ་རྣམས་ཀྱི་བཞིན་དུ་འདུས་མ་བྱས་ཡོད་པ་ཡིན་ནམ། མེ་དེ་འདི་ལྟར་འདི་དག་གི་ལྷུར་ན། ན་མཁའ་མོ་བཤམ་བུ་བཞིན་ཏེ། འགོག་པ་གཉིས ་ནི་ནམ་མཁའ་འདྲ། ནམ་མཁའ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་མ་ཡིན་པ་ཉིད་ཀྱི་མོ་གཤམ་གྱི་བུ་དང་མཚུངས་ཤིང་། འགོག་པ་གཉིས་ཀྱང་དེ་ལྟ་བུའི་ནམ་མཁའ་དང་འདྲ་ཞིང་བསྒྲེས་པ་ཡིན་ཏེ། དེ་དག་ཀྱང་མེད་པ་ཡིན་པ་ཡིནོ་ཞེས ་བྱ་བའི་དོན་ཏོ།། ཐོག་པ་དང་བཅས་པའི་རྫས་མེད་པ་ཙམ་ན་མཁའ་ཡིན་གྱི་ནམ་མཁའ་ཞེས་བྱ་བ་ཅི་ཡང་མེད་དོ།། གང་ན་ཐོགས་པ་དང་བཅས་པའི་རྫས་ཡོད་པ་དེ་ནེ་ན་མཁའ་གོ་མི་འབྱེད་ལ། གང་ན་མེད་པར་ནི ་དེ་མེད་པ་ཉིད་ཀྱིས་འབྱེད་པ་གྲུབ་པས་ན། ན་མཁས་གང་དུ་གོ་འབྱེད་པར་བྱེད། དེས་ན་དེ་ཡོད་ན། ཐམས་ཅད་ལ་ཐམས་ཅད་དུ་གོ་སྐབས་ཡོད་པར་འགྱུར། དེ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་ན་མཁའ ་མེད་པ་ཉིད་དོ་ཞེས་བྱ་བར་ཁོང་དུ་ཆུད་དོ།། སོ་སོར་བརྟགས་པའི་འགོག་པ་ཡང་དཔྱད་ན་མི་འཐད་དེ། དེ་ནི་ཉོན་མོངས་པ་འགོག་པར་འདོད་ལ། སྐྱེས་རྣམས་ཀྱི་གཞན་གྱིས་འཇིག་པ་མ་ཡིན་ཏེ། ་དེའི་རྒྱུ་མེད་པ་ཡིན་པའི་ཕྱིར་རོ།། རྒྱུ་དང་ལྡན་པ་ཡིན་ཡང་ལམ་ཁོ་ན་རྒྱུ་ཡིན་ལ། དེ་ཁོ་ནུ་ཉོན་མོངས་པ་འགོག་པ་ཡིན་པས་ན་དེ་ཞོག་ཅིག། མུ་སྐྱེས་པ་རྣམས་ཀྱི་ཡང་རྒྱུ་ཚང་བ་ཡིན་ན་སྐྱེ་བའི་གེགས ་ག་ལ་ཡོད། དེ་ལྟ་ཡིན་ཡང་གེགས་བྱེད་པ་ནི་སོ་སོར་བརྟག་པའི་འགོག་པ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར། ནམ་ཡང་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་འཁོར་བ་མེད་པར་འགྱུར་རོ།། རྒྱུ་མ་ཆུང་ན་ཡང་ཉེས ་པ་རྣམས་རང་ཉིད་མི་འབྱུང་བས་ན་དེ་ལ་འགོག་པས་ཅི་བྱེད། དེ་ཉིད་ཀྱི་རྒྱུ་མ་ཚང་བ་ཡིན་ན་འདས་མ་ཐག་པའི་ཐལ་བ་ཡི། འདི་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཤད་པ་ཡིན་ནོ།། ཅི་འདི་དག་གི ་ལྟར་ན་སྔ་མ་རྣམས་ཀྱིས་བཞིན་དུ་མཚུངས་པར་མི་ལྡན་པའི་འདུ་བྱེད་ཡོ་དངམུ། རིགས་མིན་འདུ་བྱེད་ཡོད་མ་ཡིན། རིགས་མིན་ཏེ་རྟོགས་པའི་ངོ་བོ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བ་ལས ་མ་གཏོགས་པ། ཐོབ་པ་དང་མ་ཐོ་བ་དང་སྐལ་པ་དང་མཉམ་པ་ཉིད་དང་མིང་གི་ཚོགས་ལ་སོགས་པ་ཡོད་པ་མ་ཡིན་ནོ།། རིགས་མིན་ཞེས་བཤད་པས་ན་ཚོར་བ་ལ་སོགས་པར་མཚུངས་པར་ལྡན་པ་རྣམས ་མི་དགག་སྟེ། ཚོར་བ་དང་སེམས་པ་འདུ་ཤེས་དང་། འདུན་དང་རིག་དང་བློ་གྲོས་དྲན།། ཡིད་ལ་བྱེད་པ་དང་མོས་པ་དང་།། ཏིང་འཛིན་སེམས་ཅན་ཐམས་ཅད་ལ། ཞེས་པ་ལ་སོགས་པ་གང་གསུངས་པ་ཡིན།། ་ཐོབ་པ་ལ་སོགས་པའི་སུན་འབྱིན་པ་ནི་བསྟན་བཅོས་གཞན་ལས་འཁོར་དུ་ཆུད་པར་བྱ་སྟེ། གཞུང་སངས་པས་འཇིགས་པས་འདིར་ནི་མི་བྲིའོ།། ཅི་འདི་དག་གི་ལྟར་ན་ཐམས་ཅད ་ཡོད་པར་སྨྲ་བ་རྣམས་ཀྱི་ཆོས་མ་འོངས་པའི་དུས་ནས་འཕོས་ནས་དུ་ལྟར་གྱི་དུས་སུ་འོང་ལ་ད་ལྟར་ནས་འདས་པར་རོ་ཞེས་རྣམ་པར་འཇོག་པ་ལྟ་བུ་ཡིན་ནམ། མ་ཡིན་ཏེ། དུས་གསུམ་རྗེ་སུ་འཇུག ་པ་མེད།། མ་འོངས་པ་ལ་སོགས་པ་ནི་དུས་གསུམ་ཡིན་ལ། དེའི་རྗེསུ་འཇུག་པ་སྟེ། དངོས་པོ་རྣམས་རྗེསུ་འགྲོ་བ་དེ་དག་གི་ལྟར་ན་ཡོད་པ་མ་ཡིན་ཏེ། སྐད་ཅིག་མར་འཇིག་པས་དངོས་པོ ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་། དུས་སུ་འཕོ་བ་མེད་པའི་ཕྱིརརོ།། གང་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་གཟུགས་བཅུ་གཅིག་པ་འདོད་དེ་གཡེངས ་དང་སེམས་མེད་པོ་ལ་ཡང་།། དགེ་དང་མི་དགེ་རྗེས་འབྲེལ་གང་། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ།། དེ་ནི་རྣམ་རིག་བྱེད་མིན་རྗོད།། ཅེས་བྱ་བ་དེ་ཡང་འདི་དག་གི་ལྟར་ན་ཡོད་པ་མ་ཡིན་ཏེ།། ་ཐོགས་པ་མེད་པའི་གཟུགས་ཡོད་མིན།། ཞེས་གསུངས་སོ།། ཐོགས་པ་སྟེ་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་གཟུགས་གང་ལ་མེད་པ་དེ་ཡང་ཡོད ་པ་མ་ཡིན་ཏེ། མེད་པ་ཡིན་ལ། འདིའི་ཡང་སུན་འབྱིན་པ་གཞན་དུ་བཙལ་བར་བྱའོ།། སྐུད་ཅིག་མ་ཉིད་དང་བདག་མེད་པ་ཉིད་དང་བྱེད་པ་པོ་མེད་པ་དང་རྡུལ་ཕྲན་བསགས་པའི་གཟུགས་ཏེ་མ་བཀག་པ། ་གླགང་ཡིན་པ་དེ་ནི་འདི་དག་ཀྱང་འདོད་པ་ཁོ་ན་ཡིན་ཏེ། གཞན་གྱི་ཚིག་མ་བཀག་པ་ནི་འདོད་པ་ཡིན་ཞེས་བྱ་བ་མི་རིགས་པ་ཡིན་ནོ།། དེ་ལྟར་མདོ་སྡེའི་སྒོ་ནས་སྤྱོང་བའི་མདོ་སྡེ་པ་རྣམས་ཀྱིས་རྟོགས་ཏེ་ཤེས་པ་ཡིན།། ་ཇི་སྟེ་རྣལ་འབྱོར་སྤྱོད་པ་རྣཾས་ཅི་ལྟར་བརྗོད་ཅེ་ན། བརྗོད་པ་ཡན་ལག་ཅན་ཞེས་བྱ་བ་ནི།། ཡོང་མིན་རྡུལ་པ་ནི་རྣམས་ཀྱང་མེད།། རྣལ་འབྱོར་སྤྱོད་པ་རྣམས་ནི་ཁམས་གསུམ་པ་འདི་རྣམ་པར་རིགས་པ་ཙམ་ཡིན་ལ་ཕྱི ་རོལ་གྱི་དོན་ནི་ན་མཁའི་པདྨའི་རང་བཞིན་ཅན་ཡིན་ཞེས་སྨྲའོ།། ཕྱི་རོལ་གྱི་དོན་ཡང་གཞན་གྱིས་ཡོན་ཏན་དང་རྫས་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་པོར་བརྟགས་པ་ཡིན་ལ། དེ་ལ་ཡོན་ཏན་ལ་སོགས་པ་ཆོས ་རྣམས་ཀྱི་བརྟེན་རྫས་ཡིན་ཏེ། དེ་བཀག་པ་ཉིད་ཀྱིས་དེ་དག་དྲུངས་ཕྱུང་བར་འགྱུར་བྱས་ན་གུད་དུ་སུན་དབྱུང་བས་བཏགས་བརྟག་པར་མི་བྱའོ།། འདུ་བ་ཅན་མེད་ན་འདུ་བ་ཡོད་པ་མ་ཡིན་པས་ན་དེའི་སུན་འབྱུང་བ་ཡང ་རྗེ་སུ་མི་བྱའོ།། རྫས་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ཅེས་བྱ་བ་རྣམ་པ་དགུ་ཡིན་ནོ།། དེ་ལ་བདག་ནི་སྔར་ཉིད་དུ་བཀག་ཟིན་ཏོ།། ནམ་མཁའ་ནི་སྒྲའི་ཡོན་ཏན ་ཅན་དུ་འདོད་ལ།། དེ་ཡང་གཅིག་ཡིན་པས་ན་ཡུལ་མཚུངས་པའི་ཕྱིར་སྒྱུ་ཐམས་ཅད་བྱེ་བྲག་ཏུ་ཐོས་པར་མི་འགྱུར་རོ།། དེའི་ཕྱིར་ཡུལ་ཐག་ཉེ་བ་བཞིན་དུ་ཡུལ་ཐག་རིང་བར ་འདོད་པ་ནས་ཀྱང་ཐོས་པ་འམ། ཡང་ན་གཞན་ནས་ཀྱང་མ་ཡིན་ནོ།། ཕྱོགས་དང་དུས་ཀྱང་གཅིག་ཡིན་པའི་ཕྱིར་སྔ་མ་དང་ཕྱི་མ་ལ་སོགས་པའི་བརྟོགས་པ་མི་འཐད་དོ།། ཁྱད་པར་དུ་བྱེད་པའི་བྱེ་བྲག་གིས ་རྟོགས་པའི་བྱེད་པ་འདི་ཡིན་ནོ་ཞེ་ན། ཅི་ཁྱད་པར་དུ་བྱེད་པ་རྣམས་ཀྱིས་སྔ་མ་དང་ཕྱི་མ་རང་ལས་ཡིན་ནམ། འོན་ཏེ་གཞན་ལས་ཡིན། ཕྱོགས་དང་པོ་ལ་དེ་ཉིད་ལས་རྟོགས་པ་དེ་གྲུབ་པའི་ཕྱིར་དེ་དག་དོན་མེད་དོ།། གཉིས ་པ་ལ་ནི་གལ་ཏེ་དེ་དེ་དག་ཉིད་ལས་ཡིན་ན་དེ་གཅིག་ཡིན་པའི་ཕྱིར་དེ་དག་མི་སྲིད་དོ།། གཞན་ལས་ཡིནནོ་ཞེ་ན། དེ་དག་དོན་མེད་པ་གནས་སྐབས་དེ་ཉིད་ཡིནོ།། བདག་ཁྱབ་པ་བཞིན་དུ་འདི་དགྲ་ཁྱབ་པ་ཉིད་དགག ་པར་བྱའོ།། ན་མཁའ་དང་ཕྱོགས་འདི་དག་གཅིག་ཡིན་ཞིང་། ལྷན་ཅིག་བྱེད་པ་ཚང་བ་དང་མ་ཚང་བ་དག་གི་ཚེ་ཡང་རང་བཞིན་ཁྱད་པར་མེད་པ་ཡིན་ན། འགའ་ཞིག་ཁོ་ནའི་ཚེ་འབྲས་བུ་སྐྱེད་པར་ཅི་ལྟོར་འགྱུར། དེ ་ལྟར་ཡང་། དེ་དག་ནུས་དང་ནུས་མེད་པ།། ངོ་བོ་ཉིད་ཀྱི་གནས་པ་གང་།། རྟག་ཕྱིར་བསྒྱུར་དུ་མེད་པ་ལ།། གང་གིས་དེ་ནི་དགག་པར་ནུས་ཞེས་སོ།། ཡིད་སྨྲ་བ་རྣམས་ཀྱི་ཡིད་ནི་གཅིག་ཤེས་པ་མི་སྐྱེ་བས་རྗེསུ ་དཔག་པར་བྱ་བ་ཡིན་ན། གར་མཁན་ལ་ལྟ་བ་ལ་སོགས་པའི་ཅིག་ཅར་བའི་ཤེས་པའི་ནི་ཉམས་སུ་མྱོང་བ་ཁོ་ན་ཡིན་ལ། དེ་ཡོད་ན་ནི་འདི་ནམ་ཡང་མི་འཐད་དོ།། དེས་ན་ནམ་མཁའ་ལ་སོགས་པ་ནི་མེད་པ་ཁོ་ནའོ།། ས་ལ ་སོགས་པ་ལྷག་ལུས་པ་ཡིན་ལ། དེ་དག་ཀྱང་ཡན་ལག་ཅན་དང་རྡུལ་ཕྲ་རབ་ཀྱི་བྱེ་བྲག་རྣམ་པ་གཉིས་སུ་འདོད་དོ།། དེ་ལ་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་རྡུལ་ཕྲ་རབ་རྣམས་ཀྱིས་བརྩམ་པའི་བུམ་པ ་ལ་སོགས་པའི་ཡན་ལག་ཅན་གང་ཡིན་པ་དེ་ནི་ཡོང་མིན་ཏེ། མེད་པ་ཉིད་དེ་དེ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པའི་ཕྱིར་རོ།། དེ་ལྟ་དེ་ལྟར་བཀོད་པ་ཡིན།། ཆ་རྣམས་ཉིད་ནི་སྣང་བ་ཡིན།། དེ་དང ་ལྡན་པ་ཆ་མེད་པ།། གཞན་ནི་སྣང་བ་མ་ཡིན་ཉིད།། ཡན་ལག་གཅིག་ཁ་བསྒྱུར་བ་འམ་གཡོ་བ་ན།། དེ་ལ་འདུས་པ་དེ་དག་མེད་པས་ན་དེ་ལ་ཡང་ཁ་མ་བསྒྱུར་བ་དང་གཡོ་བ་མེད་པར་དམིགས་པར་འགྱུར་ཞིང ་སིད་ན་གཞན་ལ་ཡང་ཁ་སྒྱུར་བ་དང་གཡོ་བ་དང་བཅས་པར་དམིགས་པར་ཐ་ལ་བའི་ཕྱིར་རོ།། ཡན་ལག་གཅིག་བསྒྲིབས་པ་ན་དེ་ལ་ཡང་མ་སྒྲིབས་པར་དམིགས་པར་ཐལ་ཞིང་། བསྒྲུབས་ན་གཞན་ལ ་ཡང་མི་དམིགས་པར་ཐལ་བའི་ཕྱིར་རོ།། བྱེ་བྲག་པ་རྣམས་ཀྱི་ལྟར་ན་དེ་དག་རྩོམ་པར་བྱེད་པ་དང་། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ལྟར་ན་དངོས་སུ་དབང་པོ་སྤྱོད་ཡུལ་ཡིན་པ་དང་། མདོ་སྡེ་པ་རྣམས་ཀྱིས་ལྟར ་ན་རང་གི་རྣམ་པ་འཇོག་པར་བྱེད་པའི་རྡུལ་ཕྲན་གང་ཡིན་པ་དེ་དག་ཀྱང་མེད་དོ་རྡུལ་ཕྲ་རབ་ནི་གཅིག་ཏུ་གྲུབ་པ་ཡོད་པ་མ་ཡིན་ཏེ། སྟེང་འོག་དང་ཕྱོགས་བཞི་དབུས་ན་གནས་པའི་རྡུལ་ཕྲན ་དེ་ངེས་པར་ཆ་དྲུག་ཏུ་འགྱུར་བའི་ཕྱིར་རོ།། འདིའི་ཤར་གྱི་རྡུལ་ཕྲན་ལ་ཉེ་བའི་རང་བཞིན་གང་ཡིན་པ་དེ་ཉིད་རྡུལ་ཕྲན་གཞན་ལ་ཉེ་བ་མི་འཐད་དེ། དེ་དག་ཡུལ་གཅིག་ཏུ་འགྱུར་བའི་ཕྱིར་རོ།། དེ་ལྟར་ན་ཤར་གྱི་རྡུལ ་ཕྲན་ལ་ཉེ་བའི་རང་བཞིན་གྱིས་གལ་ཏེ་རྡུལ་ཕྲན་གཞན་ལ་ཉན་དེ་ཡང་དེ་ན་ཡོད་པར་འགྱུར་རོ།། འབྱར་བ་མིད་ཀྱང་མངོན་དུ་ཕྱོགས་པ་ཙམ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ།། དེས་ན་གྲོང་བུ་རྡུལ་ཕྲ་རབ་ཙམ་དུ ་འགྱུར་བ་ཡིན་ཏེ། འབྱར་བ་དང་། ཡུལ་གཞན་གནས་པ་དང་།། བར་མེད་རྣམ་པར་གནས་ཀྱང་རུང་།། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ།། ལྟ་བའི་རང་བཞིན་གང་ཡིན་པ།། རང་བཞིན་གཞན་ལ ་ལྟ་བ་ཡང་།། གལ་ཏེ་དེ་ཉིད་ཡིན་རྟོག་ན།། དེ་ལྟ་ཡིན་ན་རི་ལ་སོགས་བསགས་པ་རིགས་པ་མ་ཡིན་ནོ།། ཞེས་གང་བཤད་པ་ཡིན་ནོ།། དེའི་ཕྱིར་གདོན་མི་ཟ་བར་དེ་དག་རང་བཞིན་ཐ་དད་པར་ཁས ་བླང་དགོས་སོ།། དེ་དག་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་བྱང་དང་ལྷོ་དང་སྟེང་དང་འོག་གི་རྡུལ་ཕྲ་རབ་ཉེ་བའི་རང་བཞིན་རྣམས་ཐ་དད་པས་ན། རྡུལ་ཕྲ་རབ་ཆ་དྲུག་ཉིད་ནན་གྱིས་འཐོབ་བོ།། དེ་སྐད་དུ། དྲུག་གིས ་ཅིག་ཅར་སྦྱར་བ་ན།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་གོ་གཅིག་ཡིན་པའི་ཕྱིར།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར་ཞེས་གསུངསོ།། གཅིག་མ་གྲུབ་པ་ན་དུ་མ་འགྲུབ་པ་མ་ཡིན་པས་ན། རྡུལ་ཕྲ་རབ ་རྣམས་མེད་པ་ཡིན་ནོ།། སྤྱོད་པ་པ་རྣམས་རྡུལ་ཕྲ་རབ་ངེས་པར་འདོད་པ་མ་ཡིན་པས་ན། རྡུལ་རབ་སུན་ཕྱུང་བ་ཙམ་གྱིས་ཡན་ལག་ཅན་བཀག་པ་ཡིན་པས་ན་གུང་དུ་དེ་སུན་འབྱིན་པ་དོན་མེད་པ་ཡིན་ནོ།། ་གལ་ཏེ་ཕྱི་རོལ་གྱི་དོན་མེད་ན། འོ་ན་སྣང་བ་འདི་ཅིའི་ཡུལ་ཅན་ཡིན་ཞེ་ན། སྣང་བ་དམིགས་པ་མེད་པ་ཡིན།། སྣང་བ་འདི་ནི་ཡུལ་དང་བྲལ་བ་ཡིན་ཏེ། འདིའི་ཡུལ་ལ་བརྒལ་ཞིང་བརྟག་པ་ཅི་ཡོད།། ཡུལ ་མེད་ན་བློ་སྐྱེ་བར་མི་འདོད་པ་མ་ཡིན་ནམ། དེས་ན་སྣང་བ་འདི་དམིགས་པ་མེད་པར་མི་རིགསོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། ཡུལ་ཡོད་ན་དམིགས་པ་དང་བཅས་པར་འགྱུར་ཞིང་། དེ་ཡང་ཡན་ལག ་ཅན་ནམ་རྡུལ་ཕྲན་བསགས་པ་ཡིན་དགོས་ནཱ། དེ་གཉི་ག་ཡང་བཤད་མ་ཐག་པའི་གནོང་བྱེད་ཀྱི་ཚད་མས་གཟུངས་པའི་ལུས་ཙཱན་ཡིན་པས་ན་མཁའི་པདྨ་དང་ཁྱད་པར་མེད་དོ།། དེས་ན་རྣམ་པར་ཤེས་པ ་ཡུལ་མེད་པ་ཉིད་འདི་ནན་གྱིས་འོས་པས་ན་མི་འདོད་པས་བཟློག་པར་མི་ནུས་སོ།། འདིའི་ཕྱིར་ཡང་སྣང་བ་འདི་། དམིགས་པ་ཡིན་ཏེ། རྨི་ལམ་ཉམ་སུ་མྱོང་དང་མཚུངས།། ཞེས་གསུངས་སོ།། རྨི་ལམ་ནི ་གཉིད་ཡིན་ལ།། དེར་སྔོན་པོ་ལ་སོགས་པའི་རྟོག་པ་ཉམས་མྱོང་བ་གང་ཡིན་པ་དེ་དང་སྣང་བ་འདི་མཚུངས་ཤིང་འདྲ་བ་ཡིན་ན། དོན་མེད་པ་ཅི་ལྟར་མ་ཡིན། རྣམ་པར་ཤེས་པ ་བྱེ་བྲག་མེད་པར་དམིགས་པ་ལ་ངེས་པ་ནི་མ་ཡིན་ཏེ། རྨི་ལམ་གྱི་ཤེས་པས་འཁྲུལ་པའི་ཕྱིར་རོ།། རྨི་ལམ་གྱི་ཤེས་པ་དམིགས་པ་མེད་པར་རིགས་པ་ཁོ་ན་ཡིན་ལ། རྨི་ལམ་དང་སད་པའི་མྱོང་བ་ལ་ཁྱད་པར ་འགའ་ཡང་མེད་དེ། རྣམ་པ་ཐམས་ཅད་དུ་ཆེས་མཐུན་པར་མཐོང་བའི་ཕྱིར་རོ།། དམིགས་པ་མེད་པ་ལས་ཁྱད་པར་མ་ཐོབ་པའི་རྣམ་པར་ཤེས་པ་ནི་དམིགས་པ་དང་འབྲེལ་པར་མི་རིགས་སོ།། སྦྱོར་བ་ནི། ་གང་ཞིག་དམིགས་པ་མེད་པའི་རྣམ་པར་ཤེས་པ་ལས་ཁྱད་པར་མེད་པ་དེ་ནི་དམིགས་པ་མེད་པ་ཡིན་ཏེ། དཔེར་ན་ནས་ཁྱུའི་སྐྲ་ཤད་མཐོང་བ་གཅིག་ལས་གཉིས་པ་བཞིན།། རྩོད་པའི་གཞི་སད་པའི་རྣམ་པར ་ཤེས་པ་ཡང་དམིགས་པ་མེད་པའི་རྨི་ལམ་གྱི་ཤེས་པ་དང་ཁྱད་པར་མེད་པ་ཡིནོ།། ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། ཇི་སྟེ་རྨི་ལམ་ལ་སོགས་པའི་ཤེས་པའི་ཡང་དམིགས་པ་དང་བཅས་པ ་ན་སྟེ། ཡུལ་གཞན་ལ་སོགས་པར་མཐོང་བ་དེས་ཤེས་པའི་ཕྱིར་རོ།། དེ་སྐད་དུ། རྨི་ལམ་ལ་སོགས་ཤེས་པ་ལ།། ཕྱི་རོལ་མེད་པར་ཡང་མི་འདོང་།། ཀུན་ཏུ་དམིགས་པ་ཕྱི་རོལ་ཏེ།། ཡུལ་དུས་གཞན་གྱི ་བདག་ཉིད་ཅན།། ཞེས་གང་སྨྲས་པ་ཡིན་ནོ།། དེས་ན་ཁྱད་པར་མ་གྲུབ་པའི་ཕྱིར་འདི་མ་གྲུབ་པའི་གཏན་ཚིགས་ཡིན་ཞིང་། དཔེ་ཡང་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཆོས་མ་ཚུང་བ་ཡིནོ་སྙམ་ན། དེ་ནི་མི་བདེན ་ཏེ། རྨི་ལམ་ལ་སོ་ཁ་ནྡེ་བཱི་མི་འཐུད་པའི་ཕྱིར་རོ།། འདི་ལྟར་དེ་འཛིན་པའི་ངོ་བོ་འམ། དྲན་པའི་ངོ་བོ་ཡིན་གྲང་ན།། དེ་ལ་རི་ཞིག་འཛིན་པ་ནི་མ་ཡིན་ཏེ།། འཛིན་པ་ནི་སྔོན་གཟུང་བ་ལ་མི་ལྟོས་པའི་ཕྱིར།། ་སྔོན་མཐོང་བའི་ཡུལ་འཛིན་པའི་ངེས་པ་མེད་པར་འགྱུར་ཏེ། མཐོང་བ་གཞན་བཞིན་ནོ།། རྣམ་པར་རྟོག་པ་མེད་པའི་ཕྱིར་དང་།། ད་ལྟར་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་དང་། གསལ་བར་སྣང ་བའི་ཕྱིར། འདི་དྲན་པའི་ངོ་བོར་ཡང་བརྟག་པ་རིགས་པ་མ་ཡིནོ།། དེའི་ཕྱིར་འདི་ཇི་ལྟར་ཡུལ་གཞན་ལ་སོགས་པར་མཐོང་བའི་དངོས་པོའི་ཡུལ་ཅན་ཡིན་ཞེས་བྱ་བ་མི་ཤེས་སོ།། གཞན་ཡང་རྣམ་པར ་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ནུ་འགྲུའ་ཡང་ཚད་མ་མ་ཡིན་པར་མི་འགྱུར་རོ།། རྣམ་པ་གཞན་དུ་འཛིན་པས་ནཱ་ཚད་མ་མ་ཡིན་པ་ཡིན་ཞེ་ན། གལ་ཏེ་རང་གི་ངོ་བོར ་གཟུང་ན་ཇི་ལྟར་རྣམ་པ་གཞན་དུ་ཡིན། འོན་ཏེ་གཞན་གྱི་ངོ་བོར་འཛིན་ན་གཞན་གྱི་ངོ་བོ་སྣང་བ་ནི་གཞན་ཁོ་ན་འཛིན་པ་ཡིན་གྱི། དེ་ནི་མ་ཡིན་ནོ།། གཞན་གྱི་ངོ་བོ་འཛིན་པ་ནི་མ་ཡིན་གྱི། གཞན་གྱི་ཚུལ་དུ ་ཞེ་ན། གལ་ཏེ་དེ་རང་གི་ངོ་བོ་སྣང་བ་ཡིན་ན། དེ་འོ་ན་གཞན་གྱི་ཚུལ་དུ་ཅི་ལྟར་ཡིན། ཅི་སྟེ་མ་ཡིན་ན་འདི་དེའི་ཡིན་པར་ཇི་ལྟར་འགྱུར།། ཡུལ་དང་དུས་གཞན་དུ་རང་གི་ངོ་བོ་འཛིན་པ་ཉིད ་རྣམ་པ་གཞན་དུ་འཛིན་པ་ཡིན་གྱི། གཞན་གྱི་ངོ་བོ་ནི་མ་ཡིན་ནོ་ཞེ་ན། དེ་མི་རིགས་ཏེ། དངོས་པོ་འདི་ཡུལ་དང་དུས་གང་དང་འབྲེལ་པའི་ངོ་བོ་ཡིན་པ་ཡུལ་དང་དུས་དེ་དང་འབྲེལ་པ་ཁོ་ནར་གཟུང་བར་བྱ་བར ་འགྱུར་ལ་དེ་ལྟ་ནི་ཡང་དེ་ཡུལ་དང་དུས་གཞན་དུ་ཡོངས་སུ་གཅོད་པར་ག་ལ་འགྱུར། དེ་མེད་ན་ཡང་རྣམ་པར་ཤེས་པ་ཐམས་ཅད་ཇི་ལྟར་གནས་པའི་དངོས་པོའི་འཛིན་པ་ཡིན་པས་ན་ཚད་མ་དང་ཚོང་མ ་མ་ཡིན་པའི་རྣམ་པར་དབྱེ་བ་ཞིག་པར་འགྱུར་རོ།། གཞན་ཡང་ཡུལ་དང་དུས་གང་དུ་རྨི་ལམ་ལ་སོགས་པའི་ཤེས་པས་དོན་རྟོགས་པའི་ཡུལ་དང་དུས་དེ་ན་ནི་མེད་ལ་གང་ན་ཡོད་པ་དེར་ནི་མ་རྟོགས་པས་ན་འདི ་དམྱིགས་པ་དང་འབྲེལ་པོར་ཇི་ལྟར་འགྱུར། སྣང་བ་ཁོ་ན་ཡུལ་ཡིན་པར་རིགས། མི་སྣང་བ་ནི་མ་ཡིན་ཏེ། དེ་ཡང་དམིགས་པ་ཡིན་ན་དམིགས་པ་ངེས་པ་མི་འཐད་པའི་ཕྱིར།། སྣང་བ་ཁོ་ན་ཡུལ་ཡིན་མོད་ཀྱི་གཞན་དུ ་ཡིན་ཞེ་ན། ཅི་གང་དུ་སྣང་བ་དེ་གཞན་དུ་ཡིན་ནིམ། འོན་ཏེ་མི་སྣང་བ་ཞིག་ཡིན།། དེ་ལ་རེ་ཞིག་དེ་ནི་གཞན་ན་ཡོད་པ་མ་ཡིན་ལ། དེ་ལྟར་ཡིན་ན་རྣམ་པ་གཞན་དུ་སྣང་བ་མི་འཐད་པའི་ཕྱིར་རོ།། སྣང་བ་ལུས ་མེད་པ་ནི་གང་ལ་ཡང་བརྟེན་པ་མ་ཡིན་ཏེ། ལུས་ཅན་འགྲོ་བའི་གེགས་ནི་རྟེན་ཡིན་པའི་ཕྱིར།། ནམ་ཡང་རྟེན་གཞན་དང་འབྲེལ་པ་མ་ཡིན་ཏེ། ཐམས་ཅད་དུ་བདག་ཉིད་རྟེན་ཡིན་པའི་ཕྱིར་རོ།། ་ཡུལ་དང་དུས་གཞན་རྟེན་ཡིན་ཡང་ཡུལ་དེའི་ཅིར་ཡང་མ་ཡིན་པས་ན། རང་གི་ཡུལ་དང་དུས་ན་གནས་པ་ཁོ་ན་སྣང་བར་འགྱུར་ལ། དེ་ལྟ་ན་ཡང་རྣམ་པ་གཞན་དུ་སྣང་བ་ཅི་ལྟར་ཡིན། དེ་ལྟར་མ་ཡིན་ན་མེད ་པ་སྣང་བ་ཁོ་ན་ཡིན་གྱི་རྣམ་པ་གཞན་དུ་སྣང་བ་མ་ཡིན་ནོ།། རྣམ་པ་གཞན་དུ་སྣང་བ་འདོད་པས་ཀྱང་ངེས་པར་མེད་པ་སྣང་བ་ཁས་བླང་བར་བྱ་སྟེ། རྣམ་པ་ཐམས་ཅད་དུ་ཡོད་པ་སྣང་ན་རྣམ་པ་གཞན་དུ་སྣང་མི་འཐད་པའི ་ཕྱིར་རོ།། ཡུལ་དང་དུས་གཞན་དང་འབྲེལ་པ་མེད་ཀྱང་སྣང་ངོ་ཞེ་ན། གལཱ་ཏེ་འདི་སྲིད་པ་ཡིན་ན་འབྲེལ་པ་ཅན་ཡང་མེད་པ་སྣང་བ་ཡིན་མེང་། དེ་ལྟ་ན་འཇིག་རྟེན་གྱི་རྟོགས་པ་དང་ཡང་མཐུན་པ་ཡིན་ཏེ། འཇིག་རྟེན་ནི་འབྲེལ་པ ་ཅན་མེད་པ་ཁོ་ན་རྟོགས་པ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་མེད་པའི་ཆུ་བཞིན་ནོ།། མེད་པ་ནི་གསལ་བ་མ་ཡིན་ཏེ། གང་གི་ཕྱིར་ན་མཁའི་མེ་ཏོག་མཐོང་བའི་ཕྱིར་རོ་ཞེ་ན། འབྲེལ་པ་ཡང་མེད་པ་སྣང་བར་མི་འགྱུར་ལ། དེ་ལྟ་ན་རྣམ ་བ་གཞན་དུ་སྣང་བར་ཡང་མི་འགྱུར་ལ། དེ་ལ་ཡང་ན་མཁའི་མེ་ཏོག་སྣང་བར་ཐལ་བ་བཟློག་པར་དཀའ་བའི་ཕྱིར་ཏེ། རྣམ་པ་གཞན་དུ་སྣང་བ་མ་ཡིན་ཏེ། གང་གི་ཕྱིར་ནམ་ཁའི་མེ་ཏོག་མི་སྣང་བའི་ཕྱིར།། ཞེས་དེ་སྐད་བརྗོད་པར་ནུས་པ་ཡིན།། ་གཞན་ཡང་དེ་ཉིད་མེད་པ་སྣང་བར་འགྱུར་བ་འབྲེལ་པ་ན་བཟློག་པ་དང་ལྡན་པར་སྣང་བ་མ་ཡིན་གྱི། འབྲེལ་པ་ཅན་དེ་ཉིད་ཡུལ་དང་དུས་གཞན་ལ་བརྟེན་པར་སྣང་བ་ཡིན་ལ། དེ་ཡང་དེ་ལྟ་བུར ་མེད་པས་ན་དེ་མེད་པས་ན་དམང་བ་ཁོ་ན་སྣང་བར་རིགས་པ་ཡིན་ན། སུ་ཞིག་གིས་དེ་བཟློག་པར་ནུས། འདི་ལས་ཀྱང་མྱེད་པར་སྣང་བ་བཟློག་པར་བྱ་བ་མ་ཡིན་ཏེ། གང་སྨིག་རྒྱུ་ལ་སོགས་པ་ལ་ཤེས་པས་ཞུགས་པ་ན་ཆུ་ལ ་སོགས་པའི་ཤེས་པས་ཞུགས་པ་ན་ཚུ་ལ་སོགས་པ་མི་ཐོབ་པའི་ཕྱིར་རོ།། ཡོད་པ་སྣང་བ་ཡིན་ན་འདི་ཆུའི་ཤེས་པ་ཁོ་ན་ཡིན་པས་ན་དེ་ལས་ཞུགས་པ་བསླུ་བར་མི་འགྱུར་རོ།། ཡུལ་དང་དུས་དེར་ཉེ་བ་མི་ཐོབ་པ་ཡིན ་ཞེ་ན། འོ་ན་མཐོང་བར་མི་འགྱུར་རོ།། དེ་ཡུལ་དང་དུས་གཞན་ནུ་ཡོད་པའི་ཕྱིར་རོ།། ཞེ་ནཐེབ་པར་ཡང་ཙྭིའི་ཕྱིར་མི་འགྱུར། ཡུལ་དང་དུས་གཞན་དུ་ཐོབ་པར་མི་ནུས་པའི་ཕྱིར་ཞེ་ན། མཐོང་བར་ཡང་ཇི ་ལྟར་ནུས། འོན་ཏེ་མཐོང་བར་ནུས་ན་ཐོབ་པར་ཇི་ལྟར་མི་ནུས། ཇི་ལྟར་ཐོབ་པ་དངོས་པོ་ཡོད་པའི་རྒྱུ་མཚུན་ཅན་ཡིན་པོ་དེ་བཞིན་དུ་མཐོང་བ་ཡང་ཡིན་ནོ།། དེའི་ཕྱིར་མཐོང་བ་བལྟོས་ནས་ཡོད་ན་ཐོབ་པ་ལ་བལྟོས་ནས ་ཡིད་ན་ཐབ་པ་ལ་བལྟས་ནས་ཅིའི་ཕྱིར་མེད། ཇི་སྟེ་ཡང་ན་ཅིའི་ཕྱིར་མི་འཐོབ། འོན་ཏེ་མེད་ན་ཅིའི་ཕྱིར་སྣང་། གཞན་དུ་ཡོད་པ་ཐོབ་པ་མ་མཐོང་ངོ་ཞེ་ན། མཐོང་བ་ཡང་མ་མཐོང་ངོ་།། དེ་ལྟར་ཁོ་ན་སྣང་ངོ་ཞེ་ན། འཐོབ ་པ་ཡང་ཅིའི་ཕྱིར་མི་སྨྱུང་། ཐོབ་པ་མེད་པའི་ཕྱིར་རོ།། ཞེ་ན། བལྟ་བུ་ཡང་མཐོང་བའི་དོན་ལས་བྱུཀན་མ་ཡིན་པས་ན་དེ་ཡོད་པ་ན་དེ་མེད་པ་མོ་འཐད་པར་ཕྱིར། འོ་ན་མཐོང་བ་ཡང་མི་སྣང་བ་སྟེ། གླང་གཱན ་ལུམས་ཀྱི་འདོད་པ་ལ་ཞེན་པས་ཆོག་གོ། དེའི་ཕྱིར་འདི་ན་མེད་པ་སྣང་བ་ཁོ་ན་ཡིན་ལ། མེད་པ་སྤང་བ་ནི་དམིགས་པ་དང་བཅས་པར་མི་འཐད་ལ། དེ་ལྟ་ན་ཡང་གཏན་ཚོགས་ལ་སོགས་པ་མ་གྲུབ་པ་ལ་སོགས་པའི ་སྐྱོན་ག་ལ་ཡོད། འོན་ཏེ་གལ་ཏེ་སྣང་བ་དམིགས་པ་མེད་པ་ཡིན་ན་དེ་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་ལ། རྒྱུ་དུ་མ་ཐུན་མོང་བར་མི་འགྱུར་ཞིང་། བྱ་བ་བྱེད་པ་ཡང་མ་ཡིན་ཏེ། དེ་སྐད་དུ། གལ་ཏེ་རྣམ ་རིག་དོན་མིན་ན།། ཡུལ་དང་དུས་ལ་ངེས་མེད་ཅིང་།། སེམས་ཀྱང་ངེས་མེད་མ་ཡིན་ལ།། བྱ་བ་བྱེད་པ་འང་མི་རིགས་འགྱུར།། ཞེས་གང་བཤད་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་གི་ཕྱིར། རྨི་ལམ ་ཉམས་སུ་མྱོང་དང་མཚུངས།། སྣང་བ་ཞེས་བྱ་བར་སྙེགསོ།། དོན་ནི་འདི་ཡིན་ཏེ། སྣོད་པོ་འདི་ནི་རྨི་ལམ་གྱི་ཉམསུ་མྱོང་བ་དང་མཚུངས་པར་དེན་མེད་པ་ཡིན་ལ། དེས་ན་དེ་དང་མཚུངས་པར་ཡུལ་དང ་དུས་ངེས་པ་ལ་སོགས་པ་མི་འཐད་པ་མེད་པ་ཁོ་ནའོ།། འདི་ལྟར་ཡུལ་ལ་སོགས་པ་ངེས་པའི་ཕྱིར་དངོས་པོ་མེད་ཀྱང་རྨི་ལམ་གྱི་ཉམས་སུ་མིང་བས་ཡུལ་ལ་སོགས་པ་ངེས་པར་མྱོང་བ་ཡིན་དེ་ཡང་བརྒྱུད་ནས་ཕྱི་རོལ ་ཁོ་ན་རྒྱུ་མཚན་ཡིན་ནོ་ཞེ་ན། དེ་རྒྱུ་མཚན་ཡིན་དུ་ཆུག་མེད། ཡུལ་ལ་སོགས་པ་ངེས་པ་ནི་དེའི་རྒྱུ་མཚན་ཅན་དུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། གལ་ཏེ་ཕྱི་རོལ་ཡུལ་ལ་སོགས་པ་གང་དུ ་བ་དེ་ཉིད་དུ་རྨི་ལམ་ན་དེ་སྣང་བ་འདི་ངེས་པའི་རྒྱུ་མཚན་ཡིན་པ་ཞིག་ན། དེ་ལྟ་ནི་མ་ཡིན་ཏེ། མ་འཁྲུལ་པ་ཉིད་དུ་ཐལ་བའི་ཕྱིར་རོ།། དེ་སྟོང་ཡང་འགའ་ཞིག་ཁོ་ནར་དེ་སྣང་བ་ན་དེས་ངེས་པའི་རྒྱུ་མཚན་ཅན་དུ་རིགས་པ་དང་ལྡན ་པ་མ་ཡིན་ནོ།། གལ་ཏེ་དེ་བདག་ཉིད་ཀྱིས་སྟོང་པར་སྣང་བ་བསྐྱེད་ན་ཁྱད་པར་མེད་པའི་ཕྱིར་གར་རུང་རུང་དུ་བསེད་པར་འགྱུར་རོ།། དངོས་པོ་ཐུན་མོང་བ་མེད་ཀྱང་སེམས་ཐུན་མོང་དམིགས་ཏེ། གང་གི་ཚེ་གཉིས་མཚུངས་པར ་རྨི་ལུམ་རྨེ་བ་ནའོ།། རྨི་ལམ་སྨོས་པ་ནི་ཤེས་པ་འཁྲུལ་པ་མཚོན་པ་ཡིན་ཏེ། ཟླ་བུ་གཉིས་སུ་སྣང་བ་ལ་སོགས་པ་འཁྲུལ་པའི་ཤེས་པ་གཞན་ལ་སེམས་ངེས་པ་མེད་པ་མཐོང་བ་ཉིད་དོ།། ངར་ཟླ་བ་གཅིག་ལ་སོགས ་པའི་ངོ་བོའི་དོན་ཁོ་ན་ཐུན་མོང་བ་ཡོད་པ་མ་ཡིན་ནོ་ཞེ་ན། ཟླ་བ་ལ་སོགས་པ་ཡོད་མེང་།། རེ་ཞིག་གཉིས་ལ་སོགས་པའི་ངོ་བོ་ནི་མེད་ལ། དེ་ཡང་འདིར་དབང་པོའི་ཉེས་པ་མཚུངས་པའི་རྒྱུད་ཅན་གྱི་ངེས་པ་མེད་པར ་མྱོང་ན།། ཟླ་བ་གཅིག་ལ་སོགས་པ་ཡོད་པར་བརྗོད་པ་དེས་ཅི་ཞིག་བྱ། གང་ལ་དོན་དང་འབྲེལ་པའི་རི་ཡང་མེད་པར་སྐྲ་ཤང་ལ་སོགས་པ་སྣང་བ་དེར་ཐབས་ཅི་ཞིག་ཡོད། དེ་བཞིན་དུ་ཕྱི་རོལ་མང་ཀྱང་རྨི་ལམ ་ནྱཱ་བྲུ་བ་པྱོད་པ་སྣང་བ་ཉིད་དོ།། ཇི་ལྟ་རུ་སང་པའི་གནས་སྐབས་ནཱ་ཆུའི་རྒྱུ་མཚན་ཅན་གྱི་བཏུང་བ་དང་། རྒྱས་པ་ལ་སོགས་པ་དང་དེ་དང་འབྲེལ་པའི་སྒོམ་པ་ཞི་བ་ལ་སོགས་པའི་དོན་བྱ་བ་དངོས་སུ་བྱེད་པ་དེ་ཁོ་ན་བཞིན་དུ ་རྨི་ལམ་གྱི་གནས་སྐབས་ན་ཡང་ཡིན་ནོ།། དེས་ན་ཇི་ལྟར་ན་རྨི་ལམ་ན་ཕྱི་རོལ་མེད་པར་ཡུལ་ངེས་པ་ལ་སོགས་པར་འགྱུར་བ་དེ་བཞིན་དུ་སད་པའི་གནས་སྐབས་ན་ཡང་ཡིན་པ་ལ་འགལ་བ་མེད་དོ།། རྨི་ལམ་གྱི ་གནས་སྐབས་ན་ཆུའི་འབྱུང་བ་དེ་དག་མེད་པ་ཡིནོ་ཞེ་ན། དེ་ལས་ཅིར་འགྱུར། བདེན་པ་རྣམས་དེ་དང་ཆོས་མཐུན་པར་མི་འགྲུབ་པ་ཞེ་ན། མི་བདེན་པ་དང་ཁྱད་པར་མེད་པ་ཇི་ལྟར་བདེན་པ་ཡིན། རྨི་ལམ་ན་སྣང་བ་རྣམས ་མི་བདེན་པ་ཉིད་ཀྱང་ག་ལས། སད་པའི་ཤེས་པས་གནོད་པའི་ཕྱིར་རོ་ཞེ་ན། གནོད་པ་ཞེས་བྱ་བ་འདི་ཅི་ཡིན། མི་བདེན་པར་ཤེས་པར་བྱེད་པ་ཡིནོ་ཞེ་ན། རང་གི་ཡུལ་སྒྲུབ་པ་ནི་ཤེས་པའི་ཆོས་ཡིན་ལ། གཞན་གྱི་ཡུལ ་འཕྲོག་པར་ནི་མིའི་བདག་པོ་རྣམས་ཀྱི་ཆོས་ཡིན་ནོ།། དེས་ན་སད་པའི་ཤེས་པ་འདིས་རྨི་ལམ་གྱི་གནས་སྐབས་ཀྱི་ཡུལ་མེད་པ་ཇི་ལྟར་སྒྲུབ་པར་བྱེད། དེ་སྐད་དུ། གལ་ཏེ་གཞན་གྱིས་ཡུལ་མེད་པར། ཤེས་པར ་བྱེད་པ་ཡིན་འདོད་ན།། རང་དོན་འཇུག་ལྡན་ཤེས་པ་ཡིས།། མེད་པར་ཇི་ལྟར་ཤེས་པར་བྱེད།། ཅེས་བཤད་དོ།། དེས་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱི་རོ་ཞེ་ན། འོ་ན་རྨི་ལམ་གྱི་ཤེས་པས་ཀྱང་སད་པའི་མཐོང་བ་ལ ་སྣང་བ་རྣམས་མེད་པར་སྒྲུབ་པར་འགྱུར་ཏེ། དེ་དག་ཀྱང་ངེས་མ་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ།། ཇི་ལྟར་སྡུད་པའི་ཤེས་པ་རང་གི་ཡུལ་ལ་དམིགས་པ་འབའ་ཞིག་ཏུ་ཟད་པ་དེ་ཁོ་ན་བཞིན་དུ་རྨི་ལམ་གྱི ་ཤེས་པ་རྣམས་ཀྱང་ཡིན་ནོ།། ཇི་སྟེ་རྨི་ལམ་དུ་རྨིས་པ་རྣམས་སད་ནས་དམིགས་པ་རྣམས་ལ་མེད་པས་མི་ཤེས་པ་ཡིན་ནོ་ཞེ་ན། འདི་ནི་བླུན་པ་ཉིད་ཡིན་ནོ།། འགྲོ་བ་ལ་སོགས་པ་ལ་གེགས་མི་བྱེད་པ་ཡིན་པས་ན། བྱ་བ ་ཉིད་ཀྱིས་མེད་པར་བསྒྲུབས་པ་གཙོ་བོ་ཡིན་ན། རྣམ་པར་རྟོག་པས་བསྒྲུབ་པར་བྱ་བ་གཞན་གྱིས་ཅི་བྱ་སྟེ། བཤད་པ་མཛད་པས། དེས་ན་འདི་དག་མེད་ཉིད་དུ།། བྱ་བ་ཉིད་ཀྱིས་བསྟན་པ་ཡིན། དེ་དག་འགྲོ་སོགས་གེགས། ་མེད་པ།། དེ་དག་ལ་ནི་ཡོད་པ་ཡིན། ཞེས་གང་གསུངས་པ་ཡིན་ནོ།། སད་པ་ན་སྣང་བ་དང་རུང་བ་ཉིད་དུ་མཚུངས་པ་མ་ཡིན་པའི་གཉིད་ལོག་པ་ན་བའི་དམིགས་པས་དེ་དག་མེད་པར་སྒྲུབ་པར་མི་ནུསོ་ཞེ་ན། སད་པ་ལ་སྣང ་དུ་རུང་བའི་མཐོང་བས་ཀྱང་མི་རྨི་ལམ་ན་སྣང་བ་རྣམས་མེད་པར་མི་སྒྲུབ་པོ།། འཁྲུལ་པའི་ཤེས་པས་མ་གཟུང་ཡང་སད་པ་ལ་སྣང་བ་རྣམས་མེད་པ་མ་ཡིནོ་ཞེ་ན། གཉིད་ལོག་པ་རྣམས་ཀྱང་དེ་ལྟར་མི་འགྱུར་རོ།། སང ་པའི་ཤེས་པ་མ་འཁྲུལ་པ་ཡིན་ནོ་ཞེ་ན། འདིར་མནའ་ཆུ་བཏུང་བར་བྱ་དགས་སོ།། འོ་ན་སད་པའི་ཤེས་པས་གཟུང་བར་བྱ་བ་རྨི་ལམ་གྱི་གནས་སྐབས་ན་རྗེས་སུ་འཇུག་པར་མི་འགྱུར་ལ། དེའི་ཕྱིར་ན་གཉིད ་ལྡོག་པ་ཡུན་མི་རིང་བྱུར་སང་བ་ན་ལུས་དང་གོས་བངས་པའི་གནས་སྐབས་དུས་ཀྱིས་ཆ་ཤས་རེ་ཞིག་ལ་བརྟེན་པའི་འབྱུང་བ་འཐོབ་པ་ག་ལས་ཡིན། དེས་ན་འདི་རྣམ་པར་མ་ཕྱེད་ཀྱང་རྨི་ལམ་གྱི་དུས་ན་མེད་པར་བརྟག་པ ་མི་ནུས་སོ་ཞེ་ན། དེ་ནི་མི་བདེན་ཏེ། རྨི་ལམ་ན་སྣང་བ་རྣམས་ལ་ཡང་མཚུངས་པའི་ཕྱིར་རོ།། དེ་དག་ཀྱང་རྨི་ལམ་གཞན་ལ་རྗེསུ་འཇུག་པར་སྣང་ལ། ངེས་ན་དེ་དག་ཀྱང་སད་པ་ན་རྗེ་སུ་མི་འཇུག་ན་རྨི་ལམ་གཞན་ལ་རྗེསུ་འཇུག་པ ་མི་འགྱུར་རོ།། དེས་ནུ་འདི་དག་མ་དམིགས་ཀྱང་དུས་གཞན་ནུ་མེད་པར་ཇི་ལྟར་འགྱུར། འདི་ཐམས་ཅད་རྨི་ལམ་གཞན་ལ་རྗེ་སུ་འཇུག་པ་མ་ཡིན་ནོ་ཞེ་ན། སད་པ་ན་སྣང་བ་ཐམས་ཅད་ཀྱང་སད་པ་གཞན་གྱི་རྗེས ་འཇུག་པ་རྣམས་མ་ཡིན་ཞེས་བྱ་བ་མཚུངས་སོ།། གཉིད་གཅིག་ལ་ཡང་གཉིད་ལོག་པའི་སྣང་བས་ཁྱབ་པར་མི་བྱེད་ན་འདི་དག་གཉིད་གཞན་ལ་ངེས་པར་རྗེ་སུ་འཇུག་པ་དེ་དག་ལས་ཞེ་ན། འོ་ན་སད་བྱའི་སྣང ་བུ་ཡང་སྨད་པ་གཅིག་ལ་ཡང་ངེས་པར་ཁྱབ་པར་མི་བྱེད་དེ། དེས་ན་འདི་དག་ཀྱང་གཞན་ལ་རྗེསུ་འཇུ་ག་པར་མི་འགྱུར་རོ།། འགའ་ཞིག་རྗེ་སུ་མི་འཇུག་ཀྱང་དེ་ལས་གཞན་རྗེ་སུ་འཇུག་པར་དམིགསོ་ཞེ་ནི།། ་རྨི་ལམ་གྱི་སྣང་བ་ལ་ཡང་མཚུངསོ།། རྨི་ལམ་གྱི་སྣང་བ་རྨི་ལམ་གཞན་གྱི་རྗེསུ་འཇུག་པ་མེད་པ་ཁོ་ན་ཡིན་ནམ། དེ་ལྟ་བུར་གྱུར་པའི་སྣང་བའི་བག་ཆགས་སད་པར་མཚུངས་པས་ནི་སྔ་མ་དང་འདྲ་བའི་སྣང་བ་འབྱུང ་བར་ཟད་དོ་ཞེ་ན། སད་པའི་སྣང་བ་ཡང་ཡིན་ནོ།། གལ་ཏེ་དེ་ལྟར་རྟོག་ན་མཛའ་བོས་འདོད་པ་བསྒྲུབས་པ་ཡིན་ནོ།། རྨི་ལམ་ན་སྣང་བ་རྣམས་ཡུན་རིང་དུ་མི་གནས་པས་ན་མ་བདེན་པ་ཉེ ་དོ་ཞེ་ན། འོ་ན་སད་པ་ན་དམིགས་པའི་གློག་ལ་སོགས་པ་ཡུན་རིང་དུ་མི་གནས་པར་འདོད་པ་རྣམས་དང་བརྟན་པ་དང་མི་ལྡན་པ་གཞིན་ཡང་མི་བདེན་པར་འགྱུར་རོ།། སྐད་ཅིག་སོ་སོ་ལ་གཞན་དང་གཞན་འབྱུང་བའི ་ཀུན་ཏུ་རྟོག་པའི་ཁྱད་པར་གང་ཡིན་པ་དེ་དག་ཀྱང་དེ་སྐད་སྨྲ་བའི་ལྷ་དགའ་བ་ལྟར་ན་ཤིན་ཏུ་གསལ་བར་མེད་པར་འགྱུར་རོ།། རྨི་ལམ་ན་མཐོང་བ་རྣམས་ཡུན་རིང་དུ་རྗེ་སུ་མི་འཇུག་པ་ན་མི་བདུན་པར་སྨྲ་བ་གང་ཡིན།། ་པ་དེ་ནཱ་སད་པ་ནི་མཐོང་བ་རྣམས་བཟློག་པ་ཡིན་པས་བཟློག་པར་བརྗེད་པར་བྱའོ།། དེ་ལྟ་ན་ཡང་འདིས་ཡུན་རིང་དུ་རྗེས་སུ་འཇུག་པའི་རྨི་ལམ་ན་སྣང་བ་ཡང་སྨེ་དགོས་ཏེ། འདི་ལྟར་རྨི་ལམ་ཁ་ཅིག་ནི་ཡུང ་ཙམ་གྱིས་འཇིག་ལ། དེ་ལས་གཞན་ནི་སད་པའི་དུས་ཀྱི་བར་དུ་རྗེས་སུ་འཇུག་པ་ཡིན་ནོ།། དེ་ལྟ་བུར་གྱུར་པ་མི་བདེན་པ་ཡིན་ཡང་དུས་གཞན་དུ་རྗེསུ་འཇུག་པར་འཐད་དོ་ཞེ་ན། བདེན་པ་ཡིན་ཡང ་དུས་གཞན་དུ་རྗེ་སུ་འཇུག་པ་འགའ་ཞིག་ཡུད་ཙམ་གྱིས་འཇིག་པ་མི་འཐད་པ་མ་ཡིན་ནམ། བག་ཆགས་ཀྱི་ཁྱད་པར་གྱི་སྟོབས་ཀྱིས་འབྱུང་བ་མི་བདེན་པ་རྣམས་ཀྱང་འགའ་ཁ་ན་དུས་གཞན ་དུ་རྗེསུ་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་འདི་དག་སྐྱིད་པ་ཡིན་ནུ། སད་པའི་སྣང་བ་ཡང་དེ་ལྟ་བུ་ཡིན་མོད། དེའི་ཕྱིར་གཉིད་ལོག་པའི་སྣང་བ་སད་པའི་སྣང་བ་དང་ཐུན་མོང་མ་ཡིན་པར་མི་བདེན་པར ་སྒྲུབ་པར་མི་ནུས་སོ།། གཞན་ཡང་འདི་དག་ཕྱི་རོལ་གྱི་ངོ་བོར་མི་བདེན་པ་ཡིན་ནེམ?། འོ་ནྡྲ་ཏཱཾ་ཤེས་པའི་ངོ་བོ་ཡིན་གྲངས་དེ་ལ་གལ་ཏེ་ཕྱི་རོལ་གྱི་ངོ་བོར་ཡིན་ན། ཁོ་བོ་ཅག་ལ་སད་པའི་སྣང་བ་དེ་ལས ་ཟློག་པར་མ་གྲུབ་པས་ན་ཆོས་མི་མཐུན་པར་བརྗོད་པར་མི་བྱའོ།། འོན་ཏེ་ཤེས་པའི་ངོ་བོར་ཡིན་ན། འདི་ནི་རྨི་ལམ་གྱི་སྣང་བ་ལ་གནོད་བྱེད་དམ་དུས་གཞན་དུ་རྗེ་སུ་མི་འཇུག་པས་ཀྱང་རུང་སྟེ། ཚངས ་པས་ཀྱང་སྒྲུབ་པར་མི་ནུས་སོ།། འདི་ལྟར་གནོད་པར་བྱེད་པས་ནི་ཕྱི་རོལ་གྱི་ངོ་བོ་ཙམ་སེལ་གྱི་ཤེས་པའི་ངོ་བོ་ནི་མ་ཡིན་ནོ།། རབ་རིབ་ཅན་གྱིས་མཐོང་བའི་སྐྱེ་བཤད་ལ་སོགས་པ་ནི་གནོད་བྱེད་ཀྱིས་རྟོགས་པའི ་ངོ་བོ་ལས་ཉི་མས་པ་ནི་མི་བྱེད་དེ། དེ་སྐད་དུ། ཤེས་པའི་ངོ་བོ་ཉིད་ཀྱི་དོན།། ཡིན་ཕྱིར་གསལ་བར་སྣང་བ་ཉིད།། ཅེས་པ་དང་། དེ་བཞིན་དུ། ཤེས་པའི་ངོ་བོ་ཉིད་ཀྱི་དོན།། ཡིན་ན་སྤྱི་ལའང་ཐལ་བར་འགྱུར།། ་དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན།། ཞེས་གང་གསུངས་པའོ།། རྨི་ལམ་གྱི་སྣང་བ་འདི་དག་ནི་དོན་བྱེ་བ་བྱེད་པར་སྣང་ན་ཇི་ལྟར་མེད་པ་ཉིད་དུ་འགྱུར། དེ་དག་ནི་དོན་བྱ་བ་འགའ་ཡང་བྱེད་པ་མ་ཡིན་ཏེ།། ་དེ་དག་གི་དོན་བྱ་བ་ནི་མེད་པ་ཡིན་པའི་ཕྱིར་རོ།། འོན་ཀྱང་སྣང་བ་དེ་དང་དེ་ལས་འཁྲུལ་པ་འབྱུང་བ་ཡིན་ནོ།། དེ་ཙའང་དག་རྒྱུ་མང་བ་ཡིན་ན།། དེ་ཅི་འདི་དག་རྒྱུ་མེད་པ་ཡིན་ནམ། འོན་ཏེ་རྒྱུད ་ལྡན་པ་ཡིན་རྒྱུ་མེད་པ་ཡིན་ན་ནི་དུས་ངེས་པར་མི་འགྱུར་ལ། རྒྱུ་དང་ལྡན་པ་ཡིན་ན་དེ་དག་གི་རྒྱུ་གང་ཡིན་པ་བརྗོད་དགོས་སོ།། རང་གི་བག་ཆགས་ཡོངསུ་སྨིན་པ་ཡིན་ནོ་ཞེ་ན། མེ་ལ་སོགས་པའི་ཁྲུལ་པ་མེད་པར ་ཡང་སྲེག་པ་ལ་སེཾ་ཌ་པའི་ཁྲུལ་བ་འབྱུང་བར་འགྱུར་རོ།། མེ་ལ་སོགས་པའི་འཁྲུལ་པ་ཁོ་ན་སྲེག་པ་ལ་སོགས་པའི་ཁྲུལ་པའི་རྒྱུ་ཡིན་ནོ་ཞེ་ན། འོ་ན་སང་པའི་རྒྱུ་ཡིན་ཞེ་ན། འོ་ན་སད་པའི་སྣང་བ་ཡང་དོན་བྱ་བ ་མེད་ཀྱང་བདེན་པར་གྲུབ་པར་འགྱུར་ཏེ། འཁྲུལ་པ་ཙམ་ཡང་རྒྱུ་དང་འབྲས་བུའི་ངེས་པ་གྲུབ་པའི་ཕྱིར་རོ།། སད་པའི་སྣང་བ་བདེན་པ་ཉིད་དུ་སྨྲ་བ་རྨི་ལམ་གྱི་གནས་སྐབས་ཀྱི་སྣང་བ་མི་བདེན་པར་སྨྲ་བ་གང་ཡིན། ་བ་དེའི་ལྟར་ན་རྨི་ལམ་དུ་བུད་མེད་དང་ཕྲད་པའི་བདེ་བ་སྤང་པར་རྗེསུ་འགྲོ་བ་དང་ཁ་བ་འབྱུང་བའི་འབྲས་བུར་མི་འགྱུར་རོ།། བདེ་བ་དེ་ནི་བུད་མེད་དང་ཕྲད་པ་ལས་སྐྱེས་པ་མ་ཡིན་གྱི། འོན་ཀྱང་སེམས་ཀྱི་གནས ་སྐབས་ཀྱི་ཁྱད་པར་ལས་ཡིན་ནོ།། འོ་ན་སད་པ་ན་བུད་མེད་དང་ཕྲད་པས་བསྐྱེད་པའི་བདེ་བ་ཅི་འདྲ་བར་དམིགས་པ་དེ་འདྲར་མེད་པ་ན་འབྱུང་བར་ཇི་ལྟར་འཐད། འབྱུང་ན་ནི་རྒྱུ་དང་ལྡན་པ་ལས་འདས་པར་ཐལ་བའི ་ཕྱིརརོ།། དེའི་ཕྱིར་སྲེད་པ་དང་གཉིད་ལོག་པ་ལ་ཁྱད་པར་འགའ་ཡང་མེད་དེ། མྱངས་པས་ཆོ་ག། གཞན་ཡང་རྣམ་པར་ཤེས་པའི་སྣང་བ་དོན་མེད་པ་ལ་ཁྱེད་ཀྱིས་ཡུལ་ལ་སོགས་པ་ངེས་པ་མི་འཐད་པར་ཐལ་བ་བྱས ་པ་ཡིན་ལ་དེ་ལ་ཁོ་བོ་ཅག་འདི་སྐད་དུ། ཇི་ལྟ་རོ་ག་ཉིད་ལོག་པའི་སྣང་བ་དོན་མེད་ཀྱང་ཡུལ་ངེས་པ་ལ་སོགས་པ་དང་ལྡན་པ་དེ་བཞིན་དུ་སདཔལ་ལ་ཡིནོ་ཞེས་སྨྲ་བ་ཡིན་ན། དེ་ལ་འདིར་སད་པ་ན་དམིགས་པ་རྣམས་བདེན ་པས་ཕྱིར་འཇིལ་བའི་སྐབས་ཅི་ཡོད། གལ་ཏེ་ཕྱི་རོལ་གྱི་དོན་མེད་ནི། འོ་ན་ཅི་ཞིག་ཡོད་ཅེ་ན། གཟུང་དང་འཛིན་པ་དང་བྲལ་བའི།། རྣམ་ཤེས་དམ་པའི་དོན་དུ་ཡོད།། གཟུང་བ་དང་འཛིན་པ་ལས་གྲོལ་བའི་རྣམ ་པར་ཤེས་པ་དམ་པའི་དོན་སྒོ་མ་བཏགས་པའི་ངོ་བོར་ཡོད་ཅིང་བདག་པ་ཡིན་ནོ།། དེ་སྐད་དུ། གཟུང་དང་འཛིན་པ་མེད་པའི་ཕྱིར།། བློ་ཡིས་ཉམས་མྱོང་བྱ་གཞན་མེད། དེ་ཡི་མྱོང་བ་གཞན་ཡོད་མིན། དེ་ནི ་དེ་ལྟར་རང་ཉིད་གསལ།། འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང་། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར།། ཕྱི་རོལ་དོན་ནི་ཡོད་མ་ཡིན།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་དུ་སྣང་བར་རབ་ཏུ་འགྱུ ་ཞེས་གསུངས་སོ།། དེ་ལ་ཁ་ཅིག་ནི། འདི་སྐད་དུ། ལུས་དང་ཡུལ་གྱིས་ངོ་བོར་གྲགས་པ་འདི་ཐམས་ནི་རྣམ་པར་ཤེས་པ་ཉིད་ཡིན་ལ།། དེ་ཡང་རང་རིགས་པ་ཡིན་པས་ན། གང་གིས་ཀྱང་གཟུང་བ་དང་འཛིན་པ ་ས་ཡལ།། ག་རྒྱུ་བ་འཛིན་པ་མརྫུན་ནཱ་དྷོག་པས་སྒྲ་བཏགས་པ་ནན།། དསྨན་ཀུན་ཏུ་གགས་པ་འོ་གཟུང་བ་དང་འཛིན་པ་བྷུ་དྷཱ་ཐཱམྦྷ་བའི་རྣས་པར་ཤེས་པ་ནི་བདེན་པ་ན། ་ཞེས་ཟེར་རོ།། གཞན་ནི་དོན་དམ་པར་རྣམ་པར་ཤེས་པ་ནི་རྟོག་པའི་དྲི་མ་མཐའ་དག་གིས་མ་སྔགས་པར་ཤེལ་དག་པ་དང་འདྲ་བ་ཡིན་ལ། རྣམ་པ་འདི་དག་ནི་ཕྱིན་ཅི་ལོག་ཁོ་ནར་མ་རིག་པས་བསྟན་པས་སྣང་བ ་ཡིན་ཏེ། དེས་གཟུང་བ་ཞེས་བྱ་བ་ནི་མེད་པ་ཁོ་ནའོ།། དེ་རྣམ་པ་ཐམས་ཅད་དུ་མེད་པས་ན་རྣམ་པར་ཤེས་པའི་འཛིན་པ་པོ་གང་ཡིན་པ་དེ་ཡང་མདོ་ཞེའོ།། རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས།། ཕ་རོལ་སོནི་རྣམས ་དེ་སྐད་སྒྲོགས། རྣལ་འབྱོར་སྤྱོད་པ་རྣམ་པར་ཤེས་པར་སྨྲ་བའི་གཞུང་ཁོ་ན་ཟབ་ཅིང་གཏིང་དཔག་དཀའ་བ་རིན་ཐང་མེད་པ་དེ་ཁོ་ན་རིན་པོ་ཆེའི་གཞི་རྒྱ་མཚོ་སྟེ་ཆུ་གཏེར་ཡིན་ལ་དེའི་ཕྱི་རོལ་ཕྲ་ཐར་སེན་པ་རྣམས་དེ ་སྐད་དུ་སྒྲོག་གོ། འོན་དབུ་མ་པ་རྣམས་ཀྱི་ལྟ་བུ་ཇི་ལྟ་བུ་ཡིན་ཞེ་ན། མཁས་རྣམས་རྣམ་ཤེས་དེ་ཉིད་ཀྱང་།། དམ་པའི་དོན་ནི་ཡོད་མི་འདོད།། རྣལ་འབྱོར་སྤྱོད་པ་རྣམས་ཀྱི་དོན་དམ་པར་ཡོད་པ་འདོད་པའི་རྣམ ་པར་ཤེས་པ་གང་ཡིན་པ་དེ་ཡང་མཁས་པ་རིགས་པའི་དེ་ཁོ་ན་རིག་པ་རྣམས་དོན་དམ་པས་སྤྱོད་པར་མི་འདོད་དོ།། ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་རང་བཞིན་དང་། བྲལ་ཕྱིར་ན་མཁའི་པདྨ་བཞིན། 5 ་དུ་འཐུང་བ་ནི་དོན་དུམ་པ་བདྨ་འདོད་པ་ཡིན་ལ། དེ་ཡང་གཅིག་དང་དུ་མར་འགྱུར་བ་ཡིན།། རྣ་ཤེས་པ་འདི་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་ལ། དེས་ན་འདི་ན་མཁའི་རྒྱུ་སྐྱེས་བཞིན་དུ་དོན་དམ་པ་པ་ཡིན་པར་མ་རི་ཏོ།། སྦྱོར་བ་ནི་གང་གཅིག་དང་དུ་མྱའི་རང་བཞིན་དང་བྲལ་བ། ་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ། དཔེར་ན་ནམཁའི་པདྨ་བཞིན།། རྣར་ཤེས་པ་འདི་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་ཞྭ་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིཌ་པའོ།། གཏན་ཚིཿ་འདི་མ་གྲུབ་པ་ནི་མ་ཡིན་ཏེ། རྣར་ཤེས་པོ་རྣོ་བ་དང་བཅས་པ་ཡིན་ན་ཕྱོ་རོབ་གྱི་དོན་བཞིན་དུ་དང་སྙི ་དང་མི་ལྡན་པརྭ་གསལ་བའི་ཕྱིར་ཏེ། གང་ལ་འཇིག་རྟེན་གྱིས་ཕྱི་རོལ་གྱི་དོན་དུ་ཐ་སྙད་འདོ་པ་དེ་ཁོ་ན་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཤེས་པ་ཡིན་ནོ།། དེའི་ཕྱིར་དེ་ཕྱི་རོལ་ཡིན་ན་གནོད་བྱེད་ཡོད་པ་གང་ཡིན ་པ་དེ་ཁོ་ན་ནང་ཡིན་ན་ཡང་ཡོད་དོ།། གནོད་བྱེད་ཀྱིས་ནི་རགས་པ་གཅིག་ཡིན་པ་འམ། རྡུལ་ཕྲ་རབ་ཀྱི་རང་གཞིན་དུ་མ་ཡིན་པ་སེལ་ལ། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་འདི་ཡང་གལ་ཏེ་རིགས་པ ་གཅིག་ཡིན་པ་འམ། གལ་ཏེ་རྡུལ་ཕྲན་དུ་ཐ་དད་པའི་དུ་མ་ཡིན་གྲང་ན། རྣམ་པ་གཉི་ག་ལྟར་ཡང་ཕྱི་རོལ་གྱི་ཕྱོགས་ལ་ཡོད་པའི་སུན་འབྱིན་པ་བསལ་བར་མི་ནུས་སོ།། གང་གིས་དྲི་མ་ཡིན་ན་མི་འབྱུང་བ་སུན་འབྱིན ་པ་ནི་རྣམ་པར་ཤེས་པ་དེའི་ཕ་རོལ་ཡིན་པའི་རྒྱུ་མཚན་ཅན་མ་ཡིན་ནོ།། ལུས་ཀྱི་རྒྱུ་མཚན་མ་ཡན།། ལུས་ཀྱི་རྒྱུ་མཚན་ཅན་མ་གྱི་གནོད་བྱེད་ལུས་མེད་པ་རྣམ་པར་ཤེས་པའི་བདག་ཉིད་ལ་མེད་དེ་ཞེས་བྱ་བ་ལ ་སྙིང་པོ་མེད་པ་ཡིན་ཏེ། རྣམ་པ་དང་བཅས་པ་ཡིན་ན་རྣམ་པར་ཤེས་པ་ཡང་ལུས་ཅན་ཡིན་པའི་ཕྱིར་རོ།། ཡུལ་རྒྱུས་པ་དང་བཅས་པའི་རྣམ་པ་འདི་ཉིད་ལུས་ཡིན་ན། འདི་ཕྱི་རོལ ་ཡིན་ལུས་ཤེས་བྱའོ།། ཤེས་པ་ཡིན་ན་ནི་མ་ཡིན་ནོ་ཞེས་བྱ་བའི་མིང་དང་མིང་ཅན་གྱི་འབྲེལ་པ་འདི་ཁོ་བོ་ཅག་གིས་དུས་འདི་ཙམ་གྱི་བར་དུ་མ་རིག། དངོས་པོའི་ངོ་བོ་ལ་མ་རེག་པའི་སུན་འབྱིན་པ་ནི་མིང ་ཙམ་གྱིས་འཇུག་པར་རིགས་པ་མ་ཡིན་ལ། རང་བཞིན་གྱིས་ཡོད་པ་ནི་མིང་ཙམ་གྱིས་ལྡོག་པ་མ་ཡིན་ནོ།། འདི་སྙམ་དུ་གང་དག་གི་ལྟར་ན་རྣམ་པར་ཤེས་པ་རྣམ་པ་དང་ལྡན་པ་དེ་དག་ལ་སྐྱོན་འདི་ཡོད་ཀྱི ་གང་དག་གིས་ཕྱོགས་རྣམ་པ་དང་བྲལ་བའི་རྟོག་པ་ཙམ་དེ་ཁོ་ན་ཡིན་པ་དེ་དག་ལ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་འདི་མ་གྲུབ་པའི་ལམ་ལ་གནས་པར་ཇི་ལྟར་མི་འགྱུར་ཞེ་ན། བརྗོད་པ་འདི་རྣམ་པར ་ཤེས་པ་ནི་གསལ་བའི་བདག་ཉིད་ཡིན་ལྔ། དེ་དག་གིསལ་བའི་སྔོན་པོ་ལ་སོགས་པ་ལས་མ་གཏོགས་པའི་གསལ་པ་ནི་རྨི་ལམ་ན་ཡང་མྱོང་བ་མེད་དོ།། སྔོན་པོ་ལ་སོགས་པྲ་མི་བདེན་ནུ་བདེན་པ་ཡིན་པ ་གཞན་རྣམ་པར་ཤེས་པ་དེ་ལྷག་ལུས་པ་ཅི་ཡོད། ཇི་སྟེ་འདིར་སྔོན་པོ་ལ་སོགས་པ་སྣང་བ་ན་དུས་མཉམ་དུ་ནང་གི་བདེ་བ་ལ་སོགས་པ་མྱོང་བ་ཡིན་ལ། དེ་ལ་བསྙོན་ན་ནི་མི་བསྙོན་པ་ཞེས་བྱ་བ་ཅུང ་ཟད་ཀྱང་མེད་དོ།། སྣང་བའི་སྔོན་པོ་ཉིད་བདེ་བ་ལ་སོགས་པའི་བདག་ཉིད་ཡིན་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྣང་བ་ནི་བདེ་བ་ཉིད་མི་སྣང་བའི་ཕྱིར་རོ།། རྣམ་པར་ཆད་པའི་སྔོན་པོ་འདི་བདེ་བ་ཡིན་ཞེས་བྱ་བ ་འམ། བདེ་བར་གྱུར་པ་ཡིནོ་ཞེས་ནི་འགས་ཀྱང་རིག་པ་མེད་ཀྱི། འཇིག་རྟེན་ནི་ང་བདེའོ་ཞེས་བདེ་བྲ་ན་བདག་ཏུ་འཛིན་པའི་གཞིར་ཞེན་པར་བྱེད་ལ། གང་ཞིག་མངོན་སུམ་སྔོན་དུ་སྣང་བའི་ཞེན་པས་ཇི་ལྟར་ཡུལ། ་དུ་བྱེད་པ་དེ་ནི་གནོད་པ་བྱེད་པ་མེད་ན་དེ་ལྟར་རྣམ་པར་བཞག་པར་བྱ་བ་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་ཀུན་རྫོབ་པའི་ཐ་སྙད་ཀྱང་མི་འཐད་པའི་ཕྱིར་དང་། རྣམ་པར་ཤེས་པ་དེ་ཉིད་ཀྱང་སྔོན་པོ་ལ་སོགས་པའི ་འཛིན་པར་བྱེད་པ་ཡིན་པོའི་ཕྱིར་རོ།། དེ་ལྟ་ན་ཡང་གཟུང་བར་བྱ་བ་འམ་འཛིན་པར་བྱེད་པ་ཞིག་གསལ་གྲང་ན་དེ་གཟུང་བ་མ་ཡིན་ཏེ། དེསོ་ན་འཛིན་པ་ཁོ་ན་ཡིན་ནོ།། འདི་ལས་ཀྱང་འཛིན་པ་ཡིན་ཏེ། ་གང་དུ་སྔོན་པོ་ལ་སྩོགས་པ་འཛི་ནོ་ཞེས་འཛིན་པ་བདག་ཏུ་འཛིན་པའི་གཞི་ཉིད་དུ་ཞེན་པོར་བྱེད་ལ། བཀོད་པས་དབེན་པར་སྣང་བ་དེ་ལ་གཟུང་བའི་རྣམ་པ་དང་ཐུན་མོང་དུ་གཅིག་དང་དུ་མའི་རང་བཞིན་གྱིས ་སྟོང་པ་ཚད་མའི་ཡུལ་མ་ཡིན་ནོ།། དེས་ན་གནོད་བྱེད་ཀྱི་མ་བཀག་པ་ཉམསུ་མྱོང་བས་གྲུབ་པ་བདེ་བའི་བདག་ཉིད་སྔོན་པོ་ལ་སོགས་པའི་ཤེས་པ་རྫུན་པ་མ་ཡིན་པ་འདི་ལ་བློ་དང་ལྡན་པས་བརྩད་པར ་ཚྭ་འསོ།། སྔོན་པོ་ལ་སོགས་པ་ནི་སྣོད་དུ་ཟིན་ཀྱང་གནོད་བྱེད་ཀྱིས་བསལ་བས་ན་རྫུན་པ་ཁོ་ནའོ།། འཛིན་པ་ཉིད་ན་གཟུང་བ་ལ་བལྟོས་པའི་ཕྱིར་དེ་མེད་ན་དེ་ཡང་མདོ་ཞེ་ན། ཅི་འཛིན ་པ་བདེ་བ་ལ་སོགས་པའི་རང་གི་ངོ་བོ་འདི་གཟུང་བ་ལ་བལྟོས་པ་ཡིན་ནམ། འོ་ན་དེ་འཛིན་པ་ཉིད་ཡིན། དེ་ལ་རང་གི་ངོ་བོ་གཟུང་བ་ལ་བལྟོས་པ་ནི་མི་འཐད་ངོ་།། རང་གི་ངོ་བོ་ནི་གཟུང་བ་ལ་བལྟོས་ནས་ཐོབ་པ་མ ་ཡིན་ནོ།། འཛིན་པ་ཉིད་ནི་གཟུང་བ་ལ་བལྟོས་པ་དེ་མེད་ན་མེད་བ་ཡིན་ནོ།། དེ་ཙམ་གྱིས་དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པ་ལ་ཉམས་པ་ཅི་ཡང་མེད་དོ།། སྙམ་དུ་སེམས་ན། འདི་ཐམས་ཅད ་ནི་སྙིང་པོ་མེད་པ་ཉིད་ཀྱིས་ན་ཆུ་ཤིང་གི་སྡོང་བུ་ལ་ཅོ་འདྲི་བ་ཡིན་ཏེ། འདི་ལྟར་སྔོན་པོ་ལ་སོགས་པའི་ཤེས་པ་ནི་དེ་དག་དང་ཐ་མི་དད་པས་ན་དེ་དང་འདྲ་བར་རྫུན་པ་ཡིན་ནོ་ཞེས་ཁོ་བོ་ཅག་གིས་བརྗོད་པ ་ཡིན་ནོ།། དེ་མི་བཟོད་པས་ནི་དེ་ཉིད་ཐ་དད་པར་བརྗོད་པར་བྱ་བ་ཡིན་ཏེ། བདེ་བ་ལ་སོགས་པ་ཐ་དད་པ་ལ་ནི་ཁོ་བོ་ཅག་མི་མཐུན་པ་མ་ཡིན་ནོ།། དེས་ན་འབད་པས་སྒྲུབ་པ་འདི་ཅི་དགོས།། དེ་ཉིད་སྔོན ་པོ་ལ་སོགས་པའི་ཤེས་པ་ཡིན་ནོ་ཞེ་ན། འདི་ནི་གཏམ་རྒྱུད་ཡིན་ཏེ། གང་གིས་དེ་དེའི་ཤེས་པར་འགྱུར་བ་སྔོན་པོ་ལ་སོགས་པ་ནི་བདེ་བ་ལ་སོགས་པར་གསེལ་བ་མ་ཡིན།། གལ་ཏེ་ངེས་བསལ ་བའི་བདག་ཉིད་སྒྲུབ་ན་འདི་དེས་བསལ་བར་འགྱུར་བ་ཞིག་ནཱ། དེ་ནི་མི་སྲིད་དེ། གཟུགས་མེད་པ་ལ་གཟུགས་གཞག་པར་མི་འཐད་པའི་ཕྱིར་དང་། དུས་མཚུངས་པ་དྲུག་ལ་རྒྱུ་དང་འབྲས་བུའི་ངོ་བོ་མང ་པའི་ཕྱིར་དང་། འབྲས་བུ་ཡིན་ན་དངོས་པོར་འགྱུར་བའི་ཕྱིར་རོ།། དེ་ནི་བསྒྱུར་བར་བྱ་བ་མ་ཡིན་ཏེ། དེ་བསལྔ་པ་ན་བསལ་བས་ན་དེས་བསལ་བར་བྱ་བ་ཡིན་ནོ་ཞེས་པ་རྗོད་པ་ཡིན།། དེ་གསལ་བས ་ན་གསོལོ་ཞེས་བྱ་བའི་དོན་ཅི་ཡིན། འདི་གསལ་བ་དེ་གསོལ་པའི་རྒྱུ་མཚན་པོ་ཅན་ན་མོ། འོན་ཏེ་དེའི་དུས་སུ་ཡིན།། ཕྱོགས་དང་པོ་ནི་སྔ་མ་དང་ཁྱད་པར་མེད་པས་ནཱ་དེའི་སུན་འབྱིན་པ་ཉིད་ཀྱིས་སུན ་ཕྱུང་བ་ཡིན་ནོ།། གཉིས་པ་ཡང་མི་རིགས་ཏེ། དུས་མཉམ་དུ་བྱ་བ་ཙམ་གྱིས་གསལ་བར་བྱ་བ་ཡིན་ན། བདེ་བ་ལ་སོགས་པ་ཡང་དེ་འགྱུར་བའི་ཕྱིར་རོ།། དེ་ལྟར་ནི་མ་ཡིན་ཏེ་སྔོན་པོ་ལ་སོགས་པ་མེད། ་པ་ནི་གསལ་བར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེ་ན། གལ་ཏེ་མེད་པ་གསལ་བར་བྱེད་པ་མ་ཡིན་ན། གསལ་བར་བྱེད་པ་ཡང་ཇི་ལྟར་ཡིན། གསལ་བར་བྱེད་པ་ནི་གསལ་བར་ནུས་པ་ཡིན་ལ། མེད་པ་ལ་ནུས་པ ་མི་འཐད་པ་ཡིན་གྱི་བསལ་བར་བྱ་བ་ནི་མི་འཐད་པ་མ་ཡིནོ་ཞེ་ན། འོ་ན་ཇི་ལྟར་མེད་པ་ལ་ནུས་པ་མེད་པ་དེ་བཞིན་དུ་ཡོད་པ་ཡང་མེད་པ་ཡིན་པས་ན་བདེ་བ་ལ་སོགས་པ་ཡང་གསལ་བར་བྱེད་པར་མི་འགྱུར་ལ། དེ་ལྟ་ན ་ཡང་སྔོན་པོ་ལ་སོགས་པ་ཡང་བསལ་བར་བྱ་བ་ག་ལ་ཡིན། གཞན་ཡང་འབྲས་བུ་ལ་ནུས་པ་ཉེ་བར་མཁོ་བ་ཡིན་ན། གསལ་བར་བྱ་བ་མེད་པ་ནི་འབྲས་བུ་མ་ཡིན་པས་ནུས་པ་ཉེ་བར ་འཇོག་པ་ལེགས་པ་མ་ཡིནོ།། གཞན་ཡང་ཤེས་པའི་དུས་སུ་སྔོན་པོ་ལ་སོགས་པ་གསལ་ལོ།། དེས་འདི་ལ་ཅུང་ཟད་ཀྱང་བྱེད་པ་ཡིན་ནོ།། འོ་ན་རང་ཉིད་གསལོ་ཞེས་བྱ་བར་འགྱུར་ལ། ཇི་སྟེ་མེད་པ་ལ་རང་གསལ ་བ་མེད་ན། ང་ནི་ཇི་ལྟར་གསལ་བར་འགྱུར། གང་ཡང་རང་བཞིན་མི་གསལ་ཞིང་གཞན་ལས་ཀྱང་མ་ཡིན་པ་དེ་ཇི་ལྟར་གསལ་བར་འགྱུར། མེད་པ་ནི་མི་གསལ་བ་ཁོ་ན་ཡིན་ལ། མ་རིག་པའི་བདག་ཉིད་ཀྱི་རྣམ ་པར་ཤེས་པས་དེ་གསལ་བར་བྱེད་དོ་ཞེ་ན། རྣམ་པར་ཤེས་པས་ནི་དེ་གསལ་བར་བྱེད་དེ། དེ་ནི་གསལ་བ་མ་ཡིནོ་ཞེས་བྱ་བ་ནི་དེ་ཁོ་ནའི་ལྟ་བ་ཆེན་པོ་ཡིན་ཏེ། རྣམ་པར་ཤེས་པས་དེ་གསལ་བར་བྱེད་པ་མ ་ཡིན་ལ། གསལ་བར་བྱེད་དོ་ཞེས་བྱ་བའི་ངོ་ཚར་འདི་ཅི་ཡིན། དེས་ན་ཕྲད་པར་བྱ་བའི་ལས་ཡིན་པ་ན་སྔོན་པོ་ལ་སོགས་པ་རང་གསལ་བུ་ཡིན་ལ། རང་གསལ་བ་ལ་ནི་གསལ་བར་བྱེད་པ་ཞེས་བྱ་བ་ཅི ་ཡང་མེད་དོ།། གསལ་པོར་མི་བྱེད་པོ་ནི་འཛིན་པ་ཞེས་བྱ་བ་མ་ཡིན་ལ། གཟུང་བར་བྱ་བ་མ་ཡིན་པ་ཙམ་གྱིས་ནི་འཛིན་པར་བྱེད་པ་ཉིད་མི་འཐོབ་སྟེ། སྔོན་ལ་སོགས་པ་གཟུང་བ་མ་ཡིན་ཡང་འཛིན་པར་བྱེད་པ་མ ་ཡིན་པའི་ཕྱིར་རོ།། ང་འདི་འཛིན་ཞེས་བྱ་བའི་ཞེན་པ་ལས་ཀྱང་འཛིན་པར་བྱེད་བླ་མ་ཡིན་ཏེ། གནོད་པ་བྱས་པའི་ཡུལ་ཅན་རྣམ་པ་གཞན་དུ་རྣམ་པར་རྟོག་པའི་ཕྱིར་རོ།། འཛིན་པ་མ་ཡིན་པའི་ལུས་ཀྱང་འདས་འཛིན ་པར་བྱེད་པར་ཞེ་ན་ཏེ། དེས་ན་དེ་ལས་བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་ཉིད་དུ་ག་ལ་འགྲུབ། བདེ་བ་ལ་སོགས་པ་ཙམ་བདག་ཏུ་འཛིན་པས་ཡུལ་དུ་བྱེད་པ་ཡང་མ་ཡིན་ཏེ། ང་བདེ་བ་ཡིནོ་ཞེས་བྱ་བར་མྱོང་བ་མེད་པའི ་ཕྱིརརོ།། ཕུང་པོ་ལྔ་པོ་མཐའ་དག་ལ་རྟོགས་པ་ཡིན་ཏེ། བདག་དཀར་ཤམ་མོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ངར་འཛིན་པ་མཐོང་བའི་ཕྱིར་རོ།། ལྔ་ཀཽ་ཡུལ་ཡིན་པ་ན་ལུས་ཀྱང་དེའི་ཁོངསུ་གཏོགས་པས་ཡུལ་མ་ཡིན། ་པ་མ་ཡིན་ནོ།། དེ་ཡང་བེམས་པོ་འམ་མེད་པ་ཡིན་ཡང་རུང་སྟེ། འཛིན་པ་མ་ཡིན་མོད་ཀྱང་ཞེན་པར་བྱེད་པས་ན། ཞེན་པ་ལས་ཀྱང་འཛིན་པར་མི་འགྲུབ་བོ།། གང་ཞིག་གསལ་བ་གཞན་ལ་མི་ལྟོས་པར་གསལ་བ་དེ ་ཤེས་པ་ཡིན་པས་ན་སྔོན་པོ་ལ་སོགས་པ་ཁོ་ནར་ཤེས་པ་ཡིན་ནོ།། དེ་སྐད་དུ་ཚད་མ་བའི་གཙུག་ནོར་བུས། དེ་ཡི་སྔོ་སོགས་ངོ་བོ་ནི། རང་བཞིན་དེ་ནི་མྱོང་བའང་ཡིན།། རང་གི་ངོ་བོར་མྱོང་ཡིན་ཡང་།། སྔོན་པོ་ལ ་སོགས་མྱོང་བར་བརྗོད།། ཅེས་གསུངས་སོ།། སྔོན་པོ་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ལོ་ནས་ཤེས་པ་ཡང་དེ་ཡིན་པས་ན་གཏན་ཚིགས་མ་གྲུབ་པ་ག་ལ་ཡིན། དེ་ལྟ་ན་ཡང་གཏན་ཚིགས ་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་མ་ཡིན་ནམ?། འདི་ལྟར་སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པའི་ཤེས་པ་ཡང་ཆོས་ཅན་ཡིན།། དེ་ལ་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ ་ནིསྔོན་པོ་ལ་སོགས་པ་ལ་གྲུབ་མ། བདེ་བ་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་ནི་ལུས་ཁེ་མེད་པ་ཡིན་པའི་ཕྱིར་རོ།། འདི་ནི་ཡོད་པ་མ་ཡིན་ཏེ། དེ་ཡང་ཡུལ་ལ་ཁྱབ་པར་སྣང་བ་བསྟོན་པར་མི་ནུས་པའི་ཕྱིར་ཏེ། ་ངལ་བའི་ཡན་ལྡག་ཇི་སྙེད་ཅིག་ཆུར་ཆུ་པ་དེ་སྐྱེད་དུ་ཁྱབ་པའི་བབསྐྱེ་བར་མྱོང་ལ། དེ་སྐར་མྱོང་བ་སང་ཡུལ་ལ་སྣ་ཁྱབ་པ་ཞེས་བྱ་བ་མྱ་ཡིན་ཏེ། ལུས་ཀྱང་དེ་ལྟ་བུར་ཐལ་བའི་ཕྱིར་རོ།། ཡུལ་ལོ་ཁྱབ་པ་མོ་ཆུང ་བྷ་ན་ལུས་བཞིན་དུ་འདི་ཡང་ལུས་ཅན་ཡིན་པའི་ཕྱིར་རོ།། ཛྙཱན་དང་ཚར་མོ་འབྱུག་པ་དང་། འདྲུང་པའི་བཀོད་པའི་རྗེ་སུ་བྱེད་པར་གཞོལ་བའི་བདེ་བ་ལ་སོགས་པ་ཉམས་སུ་མྱོ་པས་གྲུབ་པས་ན་ལུས་ཅན་མ་ཡིན་པ ་ཇི་ལྟར་འགྱུར། གཞན་ཡང་བདག་ཏུ་འཛིན་པོའི་གཞི་ཡིན་པ་རྣམས་བདག་ཏུ་འཛིན་པའི་གཞི་མ་གཟུགས་ལ་སོགོས་པ་ལ་ས་ཐ་དད་ཡིན་དུ་ཆུག། བདག་ཏུ་འཛིན་པའི་སྤྱོད་ཡུལ་གྱི་ལུས་ལས་ཐ་དད་པ་ནི ་ཡིད་ལ་རེ་བ་ཙམ་གྱི་ཡུལ་ཡིན་ཏེ། བདེ་བ་ལ་སོགས་པ་ནི་ལུས་ལས་ཐ་དད་བར་སྣང་བ་མ་ཡིན་ཏེ། འོ་ན་ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་རྟོགས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེས་བརྗོད་པར ་མྱི་བྱའོ།། འབྱུང་བ་སེམས་པ་ཅན་ཡིན་པ་བདགག་པའི་ཕྱིར་བརྗོད་པར་བྱ་སྟེ། གལ་ཏེ་རང་གི་ལུས་སུ་མྱོང་བའི་འབྱུང་བ་དག་ལས་བློ་ཐ་མི་དད་ན། དེ་མངོན་སུམ་དུ་བྱེད་པ་ན་ཡང་དེ་ཡང་མངོན་སུམ་དུ་འགྱུར་བས་ན ་བློའི་ཡུལ་ལ་ཐེ་ཚོམ་ཟ་བར་མི་འགྱུར་བ་ཉིད་དོ།། འདིར་ན་བདེ་བ་ལ་སོགས་པ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་ལུས་ལས་ཐ་མི་དད་པར་རྟོགས་ལ། དེ་ལ་ཡང་གནོད་པར་བྱེད་པ་འདི་མི་འཐུང་དེ། རྣམ་པར་ཤེས ་པར་སྨྲ་བ་ལྟར་ན་གཞན་གྱི་ལུས་པ་མོ་འཛིན་པས་ན་གཏན་ཚོགས་ཁྱད་པར་དང་བཅས་པ་མ་གྲུབ་པའི་ཕྱིར་རོ།། ལུས་དང་ལྡན་པའི་ལུས་པོ་ལས་ཐ་མི་དད་པ་ནི་ལུས་མེད་པ་ཡིན་པས་མི་འོས་སོ།། དེས་ན་ཕྱོགས།། ་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཡང་སྐབས་མེད་པ་ཁོ་ནའོ།། ཡང་ན་ཤེས་པ་རྣམ་པ་དང་བཅས་པ་ཁོ་ན་ཕྱོགས་སུ་བྱས་ནས་ཁྱབ་བྱེད་མི་དམིགས་པ་དགོད་པར་བྱའོ།། དེ་ལྟ་ན་ཡང་ཆ་ལ་མ་གྲུབ་པ་ག་ལ ་ཡིན། འོ་ན་བདེ་བ་ལ་སོགས་པའི་ཤེས་པ་རྣམ་པ་མེད་པ་མི་བདེན་པར་ཇི་ལྟར་བརྗོད་པར་བྱ། གང་མི་བདེན་པའི་རྒྱུ་ཅན་ཡིན་པོ་དེ་ནི་མི་བདེན་པ་ཡིན་ཏེ། དཔེར་ན་མྱུ་གུ་བཞིན་ནོ།། བདེ་བ་ལ་སོགས་པ ་ཡང་མི་བདེན་པའི་རྒྱུ་ཅན་ཡིནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས།། ལུས་མི་བདེན་པའི་ཕྱིར་དང་། བདེ་བ་ལ་སོགས་པ་དེའི་རྒྱུ་ཅན་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་ས་ཡིན།། བདེ་བ་ལ ་སོགས་པ་ནི་ཤེས་པ་སྔ་མའི་རྒྱུ་ཅན་ཡིན་གྱི་ལུས་ཀྱི་རྒྱུ་ཅནཱ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལུས་ཀྱི་ཡང་ལྡོག་པ་དང་རྗེསུ་བྱེད་པ་མཐོང་བའི་ཕྱིར་རོ།། མིག་ལ་སོགས་པའི་ཕན་འདོག ་བ་ཡོད་ན་མིག་ལས་བྱུང་བར་འདོད་པ་ལ་སོགས་པའི་བདེ་བ་སྐྱེ་བར་སྣང་ལ། དེའི་ཕན་འདོགས་པ་མེད་ན་མི་སྣ་།། མིག་ལ་སོགས་པ་ནི་དེ་ལ་ཕན་འདགོས་པ་མ་ཡིན་གྱི།། འོན་ཀྱང་དེར་སྣང་བའི་རྣམ་པར་རིགས ་པ་རྣམས་ཡིན་ནོ་ཞེ་ན། གལ་ཏེ་དེར་སྣང་བའི་རྣམ་པར་རིག་པ་རྣམས་ཕན་འདོགས་ན་དེ་དག་ཀྱང་གདོན་མི་ཟ་བར་ཕན་འདོགས་པར་འགྱུར་རོ།། དེ་དག་གིས་ཕན་འདོགས་པ་ནི་དེ་སྐྱེ་བོ་ན་ཡོད་པར་ངེས་པའི ་མཚན་ཉིད་ཅན་ཁོ་ན་ཡིན་ལ། དེ་ནི་དེ་དག་ལ་ཡང་མཚུངས་སོ།། ཇི་ལྟར་བདེ་བ་ལ་སོགས་པ་དེ་དགྲ་ཡོད་པ་ཁོ་ན་ཡོད་པ་དེ་བཞིན་དུ་དེ་དགྲ་ཀྱང་ཡིན།། དེ་དག་ཏུ་སྣང་བ་ན་འབྱུང་བ་ཡིན་གྱི། ཡོད་པ་ཁོ་ན ་ན་ནི་མ་ཡིན་ནོ་ཞེ་ན། དེར་སྣང་བའི་རྣམ་པར་རིག་པུ་རྣམས་ཀྱང་སྣང་བ་ན་ཡིན་གྱི་ཡོད་པ་ན་མ་ཡིནོ་ཞེས་བྱ་བར་འགྱུར་རོ།། སྣང་བའི་བདག་ཉིད་ཅན་འདི་དྲུག་སྣང་བ་ཁོ་ན་ཡོད་པ་ཡིན་ཞེ་ན། དེའི་བདག ་ཉིད་ཅན་གྱི་ལུས་ཀྱི་ཡོད་པ་ཡང་དེ་ཁོ་ན་ཡིན་པར་ཅིའི་ཕྱིར་མི་འགྱུར་། རྗེསུ་འགྲོ་བ་དང་ལྡན་ཡང་ལུས་ནི་རྒྱུ་མ་ཡིན་ཏེ། མི་བདེན་པའི་ཕྱིར་རོ།། ཞེ་ན། ཚིག་གི་ཚུལ་ནི་ཉམས་པ་ཡིན་ཏེ། གང་གིས ་དེ་ཡོད་ཀྱང་མ་ཡིན་པ་རྒྱུ་དང་འབྲས་བུ་དག་གི་དེའི་ངོ་བོ་ནི་རྗེ་སུ་འགྲོ་བ་དང་ལྡོག་པ་ལས་གཞན་མ་ཡིན་ནོ།། གཞན་ཡང་ལུགསུ་སྣང་བའི་ཤེས་པ་རྒྱུ་ཡིན་ཡང་བདེ་བ་ལ་སོགས་པའི་རྒྱུ་མི་བདེན་པར་འགྲུབ་པ་ཁོ ་ནཱན་སྟེ། ལུས་མི་བདེན་པ་ཡིན་ནུ་དེར་སྣང་བའི་ཤེས་པ་ཡང་ལྷན་ཅིག་དམིགས་ངེས་པས་ཐ་དད་པ་མེད་པར་གྲུབ་པ་ན་མི་བདེན་པའི་ཕྱིརརོ།། འདི་ལྟར་གང་དག་ལྷན་ཅིག་དམིགསྲ་པ་ངེ་ས་པ་དེ་དག་ནི་གཅིག ་ཡིན་ཏེ། དཔེར་ན་ཤེས་པ་དང་དེའི་རང་གི་ངོ་བོ་བཞིན་ནོ།། ལུས་དང་དེར་སྣང་བའི་རྣམ་པར་ཤེས་པ་ཡང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ།། ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་འདི་དག་ཐ་དད་མེད ་པར་གྲུབ་པར་བྱེད་དོ།། དེ་སྐད་དུ་ཡང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར།། སྡེ་དང་དེ་བློ་གཞན་མ་ཡིན།། ཞེས་གསུངསོ།། གྲང་ཞིག་ལྷན་ཅིག་དམིགས་པས་ངེས་པར་གཅིག་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི།། ། ་འོན་ཀྱང་ཐ་དད་མེད་པ་ཡིན་ཏེ། གང་ཞིག་གང་དང་ངེས་པར་ལྷན་ཅིག་དམིགས་པ་དེ་ནི་དེ་ལས་གཞན་པ་མ་ཡིན་ཏེ། དཔེར་ན་ཟླ་བ་གཅིག་ལས་གཉིས་པ་བཞི་ནོ།། དོན་ཡང་རང་གི་ཤེས་པ་དང་ངེས་པར་ལྷན་ཅིག ་དམིགས་པ་ཡིན་ནོ།། ཞེས་བྱ་བ་འདི་ནི་ཁྱབ་བྱེད་འགལ་བ་དམིགས་པར་སློབ་དཔོན་བཞེད་པ་ཡིན་ནོ།། ཐ་དད་པ་ནི་ལྷན་ཅིག་དམིགས་པ་ངེས་པ་མེད་པས་ཁྱབ་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིརརོ།། དེ་དང ་འགལ་བ་ནི་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་ནི་ལེགས་པར་སེམས་པ་མ་ཡིན་ཏེ། གལ་ཏེ་ལྷན་ཅིག་དམིགས་པ་ངེས་པ་འབྲེལ་བའི་རྒྱུ་མཚན་ཅན་ཡིན ་ནུ།། དེའི་ཚེ་དེ་མེད་ན་ངེས་པ་མེད་པར་འགྱུར་བ་ཞིག་ན། མི་བདེན་པ་དང་དེའི་ཤེས་པ་བདག་ལ་འབྲེལ་པ་མེད་པ་ཁོ་ནར་དེ་ཡོད་ན་འབྲེལ་པའི་རྒྱུ་མཚན་ཅན་དུ་འགྱུར་བར་འོས་པ་མ་ཡིན་ལ། དེས་ན་འབྲེལ་པ ་དམ་མེད་ཀྱང་རུང་སྟེ། ལྡན་ཅིག་དམགས་པ་ངེས་པ་འདི་སྲིད་པ་ན། རང་གི་འགལ་བླ་མི་འགོག་པ་དང་། ཐ་དད་པ་ཡང་སྲིད་པས་ན་འདི་ལྡོག་པོ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཇི་ལྟར་མ་ཡིན། ཁྱ་བ་བྱེད ་འགལ་བྱ་དམིགས་པ་ཡང་ཇི་ལྟར་ཡིན་ཞེས་མ་རིག་གོ། རིགས་པ་ཤེས་པ་ཤེས་པ་རྣམས་པ་དང་། བཅས་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱ་ཆེར་འགྲེལ་པ་མཛད་པའི་དགོངས་པ་རིགས་པ་ཆེན་པོ་ཡིན།། ། ་དངོས་པོ་ཡིན་ན་འབྲེལ་པ་ལས་བལྟོས་པ་ཡིན་གྱི་དངོས་པོ་མེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་རྒྱལ་པོའི་བཀའ་ཡིན་ཏེ། དངོས་པོ་མེད་པ་ལ་འབྲེལ་པ་མེད་ཀྱང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ན།། ་དེ་འདིའི་རྒྱུ་མཚན་མ་ཡིན་པས་ན། དངོས་པོ་ལ་ཡང་དེ་མེད་པར་ཅིའི་ཕྱིར་མི་འགྱུར།། ལྷན་ཅིག་དམིགས་པ་ངེས་པ་འདི་རྒྱུ་མཚན་དང་ལྡན་པ་ཡིན་ལ། རྒྱུ་མཚན་མེད་པར་མི་འགྱུར་རོ།། འབྲེལ་པ་ཁོ ་ན་ནི་རྒྱུ་མཚན་མ་ཡིན་གྱི། མ་རིག་པའི་ནུས་པས་ཡོངས་སུ་ཟིན་པས་ན་བདེན་པའི་བདག་ཉིད་སྟོན་པ་ན་ཤིན་ཏུ་མེད་པའི་དོན་ཡང་སྟོན་པ་ཡིན་ལ། དངོས་པོ་ཉེ་བར་སྟོན་པ་ལ་ནི་མ་རིག་པའི་བྱེད་པ་མྱེད ་དེ། དེ་ནི་མེད་པ་སྟོན་པར་ནུས་པའི་མཚན་ཉིད་ཅན་ཡིན་པའི་དྲི་རོ།། དེས་ན་དེར་དངོས་པོར་འགྱུར་བའི་འབྲེལ་པ་ཙལ་བར་བྱ་བ་ཡིན་ཞེ་ན། དེ་ནི་མི་བདེན་ཏེ། དེར་ཡང་རིག་པ་བྱེད་རྟོག་པ་ལ་འགལ་བ་མེད་པའི་ཕྱིར ་དྷཱི་ལྟར་མ་རིག་པའི་དབང་གིས་ཤེས་པས་མི་བདེན་པ་ཉེ་བར་སྟོན་པ་དེ་ཁོ་ན་བཞིན་ཏུ་རིག་པའི་དབང་གིས་མི་བདེན་པ་མ་ཡིན་པ་ཡང་ཉེ་བར་སྟོན་པར་འགྱུར་བས་ན། འདི་ནི་གྱི་ནའོ།། དེས་ནི་གཏན ་ཚིགས་མྱ་གྲུབ་པ་མ་ཡིན་ནོ།། མི་བདེན་པ་འབྲས་བུ་མ་ཡིན་པའི་ཕྱིར་དཔེ་སྒྲུབ་བྱེད་ཀྱིས་སྟོད་པ་ཡིན་ནོ་ཞེ་ནུ། འོ་ན་མྱུ་གུ་རེས་འགའ་དམྱིགས་པར་ཇི་ལྟར་འགྱུར། དམིགས་པར་རེས་འགའ་བ་ཡིན་གྱི་དེ ་ན་མ་ཡིན་ཞེ་ན། བདེ་བ་ལ་སོགས་པ་ལ་ཡང་དེ་ལྟར་འགྱུར་རོ།། དམིག་ས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་ཁོ་ན་རེས་འགའ་ཡིན་ཞེ་ན། མྱུ་གུ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་མོང་ཁྱེད་དམིགས་པ ་ཡང་གང་ལ་འདོད། གལ་ཏེ་དངོས་པོའི་རང་བཞིན་ངོ་བོ་ཡིན་ན། དེ་རེས་འགའ་བ་ཡིན་པ་ན་འདི་རེས་འགའ་བ་མ་ཡིན་པར་ཇི་ལྟར་འགྱུར། བདེ་བ་ལ་སོགས་པ་ཡིནོ་ཞེ་ན། ཇི་ལྟར་དེའི་དམིགས་པ་ཡིན་ཏེ། འབྲེལ ་པ་མེད་པའི་ཕྱིར་རོ།། དེ་ནི་མྱུ་གུའི་རང་བཞིན་ཡང་མ་ཡིན་ལ། རྒྱུ་ཡང་མ་ཡིན་འབྲས་བུ་ཡང་མ་ཡིན་ནོ།། རྒྱུ་གཅིག་པ་ཡང་མ་ཡིན་རྣམ་པ་གཞན་གྱི་འབྲེལ་པ་ཡང་མ་ཡིན ་འབྲེལ་པ་མེད་པ་ཡང་དེའི་དམིགས་པ་མ་ཡིན་ནོ།། དེས་ན་དེ་རང་ཉིད་ཀྱང་རས་འགའ་བ་མ་ཡིན་ཞིང་དེའི་དམིགས་པ་ཡང་མ་ཡིན་ན། ཇི་ལྟར་རེས་འགའ་དམིགས་པར་འགྱུར། དེས་ན་དེ་ཉིད་རེས་འགའ་བ་ཡིན་ནོ།། ། ་ཞེས་མི་འདོད་ཀྱང་ཁས་བླང་དགོས་སོ།། རེས་འགའ་བ་ཡིན་ཡང་གལ་ཏེ་མི་བདེན་པ་འབྲས་བུ་མ་ཡིན་ན་འོ་ན་བདེ་བ་ལ་སོགས་པ་ཡང་མ་ཡིན་པར་འགྱུར་རོ།། རྫུན་པ་ཡང་རྫུན་པའི་རྒྱུར་གྲུབ་པ་ན་ཆོས་མཐུ ་པའི་དཔེ་གྲུབ་པའི་ཕྱིར་གཏན་ཚིགས་འདི་འགུལ་བ་ཡང་མ་ཡིན་ནོ།། དོན་དམ་པ་ཉིད་ལ་ནི་དོན་དམ་པའི་རྒྱུ་ཅན་ཉིད་ཀྱིས་ཁྱབ་པ་ལ། དེ་ཡང་གཏན་ཚོགས་འདི་དང་འགལ་བས་ན། འགལ་བ་དམིགས་པ ་མི་མཐུན་ཕྱོགས་ལས་ལྡོག་པ་ན་མ་ངེས་པ་ཉིད་ཀྱང་ག་ལ་ཡིན། འདིས་ན་མི་བདེན་པའི་འཇུག་པའི་རྣམ་པར་ཤེས་པའི་རྒྱུད་ཅན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་གཤད་པ་ཡིན་ནོ།། དེ་ལྟར་ན་ཤེས་པ་རྣམས ་པ་མེད་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་རང་བཞིན་མེད་པར་སྒྲུབ་ལ། རྣམ་པ་དང་བཅས་པ་ནི་ཁྱབ་བྱེད་མི་དམིགས་པ་ཡིན་པས་ན་ཆ་ལ་མ་གྲུབ་པ་མ་ཡིན་ནོ།། གཞི་ཡོད་ན་གཏན་ཚིགས་འགྲུབ་པ་མ་ཡིན ་ནམ། གཏན་ཚིགས་འདི་ལ་ནི་རྣམ་པར་ཤེས་པ་གཞི་ཡིན་ལ། དེ་ཡང་མེད་པས་ན་གཞི་མ་གྲུབ་པས་ན། མ་གྲུབ་པ་ཡིནོ་ཞེ་ན། མ་ཡིན་ཏེ། དངོས་པོའི་ཆོས་ནི་གཞི་དངོས་པོར་གྱུར་པ་མེད་ན་མི་འགྲུབ ་པ་ཡིན་གྱི་དངོས་པོའི་ཆོས་ཀྱིས་དབེན་པ་དེ་ནི་མ་ཡིན་ནོ།། འདིར་ནི་དངོས་པོའི་ཆོས་གཅིག་དང་དུ་མ་མེད་པ་གཏན་ཚིགས་ཉིད་དུ་འདོད་ལ། དངོས་པོ་མེད་པ་ལ་གཅིག་དང་དུ་མའི་ངོ་བོ་མི་འཐད་པས་ན་ཇི་ལྟར་མ ་གྲུབ་པ་ཡིན། དངོས་པོའི་ཆོས་དང་བྲལ་བའི་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པ་མ་རིགས་ཏེ། མེད་པ་ནི་གཞི་ལ་སོགས་པར་མི་འཐད་པའི་ཕྱིར་རོ།། མེད་པ་ལ་གཅིག་དང་དུ་མའི་རང་བཞིན་མ་གྲུབ་པ ་རབ་ཏུ་མྱི་གྲུབ་པོ་ཞེ་ན། དེ་ཅིང་ནི་རང་བཞིན་གྲུབ་པ་རབ་ཏུ་འགྲུ་བན། མ་ཡིན་ཞེན་འོ་ན་དེ་དག་མ་གྲུབ་པ་གྲུབ་པ་ཡིན་ཏེ། གལ་ཏེ་དེ་ལས་ལྡོག་མེད་ན། གཏན་ཚིགས་འཇུག་པར་འདོད་དམ་ཅི།། དེ་ཡང་མིན་ན་འདི་ཉིད་ནི ་དགག་ཡིན་ལྡོག་པ་ཅི་སྟེ་འགོག། ལྡོག་པ་མེད་པ་སྒྲུབ་པ་ཡིན།། དངོས་མེད་ལ་ཡང་ཡོད་ཡིན་ལ།། དངོས་པོ་ཡོད་པ་ཡོད་མིན་ཞེས།། བླུན་པོ་ཡི་ནི་སྤྱོད་ལ་བལྟོས།། ཤེས་གསུངས།། གཞན་ཡང་ཁྱབ ་བྱེད་མི་དམིགས་པའི་རྟགས་ལས་སྐྱེས་པའི་རྗེསུ་དཔག་པས་ཤེས་པ་མེད་པར་ངེས་པ་ཡིན་ལ། དེ་ངེས་པ་ན་གཞི་མ་གྲུབ་པ་ཞེས་བྱ་བ་སྒྲུབ་བྱེད་ཀྱི་སུན་འབྱིན་པ་མ་ཡིན་ཏེ། གལ་ཏེ་དེའི་འདོད་པ་གྲུབ་པའི ་རྒྱུ་ཡིན་པ་འགོག་པ་དེ་སུན་འབྱིན་པ་ཡིན་ནོ།། དེ་འགྲུབ་ན་སྒྲུབ་བྱེད་དམ་པ་ཡིན་པས་ན། དེ་ལ་སུན་འབྱིན་པ་མེ་།། རྗེས་སུ་དཔལ་པ་སྐྱེ་བའི་སྔོན་ཏུ་ནི་མེད་པར་གྲུབ་པ་མི་སྲིད་དེ་ཚད ་མ་མེད་པའི་ཕྱིར་རོ།། ཡོད་ན་ཡང་ཁྱབ་བྱེད་མི་དམིགས་པ་དོན་དམ་པར་ཐལ་བའི་ཕྱིར་རོ།། མངོན་སུམ་ནི་འདིར་སྐབས་མ་ཡིན་པའི་ཕྱིར་དང་། རྗེསུ་དཔག་པའི་ཡང་རྟགས་མེད་པའི་ཕྱིར་དང་། རྟགས་ལ ་ཡང་སྐབས་ཀྱི་ཉེས་པ་མཚུངས་པོའི་ཕྱིར་རོ།། འོ་ན་ཡོད་པ་དང་མེད་པའི་ཐེ་ཚོམ་ཟ་བའི་ཆོས་ཅན་ལ་ཁྱབ་བྱེད་མི་དམིགས་པ་འཇུག་གོ་ཞེས་ཁས་བླང་དགོས་ལ། དེ་ལྟ་ན་ཡང་གོཞི་ལ་ཐེ་ཚོམ་ཟ་བ ་ཉིད་ལ་ཀྱི་སྒྲུབ་བྱེད་མ་གྲུབ་པར་འགྱུར་རོ།། མི་འགྱུར་ཏེ། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་མེད་པའི་ཕྱིར།། ཤེས་པ་མ་ཡིན་པ་ལ་སོགས་པ་ལས་ལོག་པའི་ངོ་བོའི་སྔོན་པོ་ལ་སོགས་པའི་ཤེས་པ་ཆོས་ཅན ་ཡིན་ན་དེ་ལ་ཐེ་ཚོམ་མི་ཟ་ཞིང་། རྩོད་པའི་གཞིའི་ཆོས་ལ་ཐེ་ཚོམ་ཟ་བྱས་ནི་ཆོས་ཅན་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། དེ་ཐམས་ཅད་དུ་མཚུངས་པས་ན་རྟགས་ཐམས་ཅད་རྟགས་མ་ཡིན་པར་ཐལ་བའི་ཕྱིར ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་ན་ཤེས་པ་ཉིད་ལ་སོགས་པ་ལ་ཡང་ཐེ་ཚོམ་ཟ་བ་ནི་རིགས་པ་མ་ཡིན་ཏེ། དེ་ལྡོག་པ་གཞན་ཡིན་པའི་ཕྱིར་རོ།། དམིགས་པ་དང་བྲལ་བ་རྩམ་སྒྲུབ་བྱེད་ཡིན་པའི་ཕྱིར་དང་། དེ ་ཡང་དམིགས་པའི་ཕྱིར། གཏན་ཚོགས་རང་གི་ངོ་བོ་མ་གྲུབ་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། གཅིག་དང་དུ་མཱི་རང་བཞིན་གྱིས་སྟོང་པའི་སྒྲུབ་བྱེད་ཀྱི་ཚད་མ་ནི་མྱི་དམིགས་པ་ཡིན་པའི་ཕྱིར་རོ།། འདིས་ནི་སྐད་ཅིག ་མ་མ་ཡིན་པ་ལ་རི་དོང་རིམ་མ་ཡིན་པ་མི་དམིགས་པ་བཤད་པ་ཡིན་ནོ།། དེར་ཡང་རྟོག་པའི་བཟོ་བོས་སྒྱུར་བ་དོན་དམ་པར་མེད་པའི་སྐད་ཙོག་མོ་མ་ཡིན་པ་ཁོ་ན་ཆོས་ཅན་ཡིན་པའི་ཕྱིར་རོ།། སྒྲོ་བཏག་པ་ཡོད་པ་འགོག ་ན་དངོས་པོ་ཡོད་པ་མ་བཀག་པར་འགྱུརརོ་ཞེ་ན། འོ་ན་ཇི་ལྟར་དགྷྲ་སྟེ། ཡོད་པ་ལ་ནི་དགག་པ་ཞེས་བྱ་བ་ཡོད་པ་མ་ཡིན་ལ། ཡོད་པ་མ་ཡིན་པ་ཡང་དངོས་པོ་མ་ཡིན་ནོ།། ཡོད་པ་ཉིད་འགའ་ཞིག་ཏུ ་འགོག་པ་ཡིན་ནོ་ཞེ་ན། ཅི་གང་ན་གུང་ཡོད་པ་དེ་ཉིད་དུ་དེ་འགོག་གམ་འོན་ཏེ། གཞན་དུ་ཡིན།། དེ་ལ་དེར་ནི་མ་ཡིན་ཏེ། འགལ་བའི་ཕྱིར་རོ།། གཞན་དུ་ཡང་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ།། དེ་ལྟ་ན་གང་དུ་འདོག་སྟེ། ་ཡོད་པ་རྣམ་ལྔ་དགུག་པ་མེད།། དེ་ནི་མེད་པའང་ཡོད་མ་ཡིན།། རིགས་པ་འདི་ཡི་འགྲོ་བ་ཡི།། དགག་པའི་དོན་ནི་མེད་པར་འགྱུར།། གལ་ཏེ་ཡུལ་དུས་འགོག་ཅེ་ན།། ཇི་ལྟར་དེ་ཡོད་དེ་ལྟར་ནི།། མི་འགོག་ཇི་ལྟར་དེ་མེད་པ།། ་དེ་ལྟར་ཡང་ནི་འགོག་མི་འགྱུར།། ཞེས་གང་གསུངས་པ་ཡིན་ནོ།། ཇི་སྟེ་གཞན་ཁོ་ནར་སྒྲོ་བཏགས་ནས་འགོག་ན་འོ་ན་སྒྲོ་བཏགས་པ་འགེག་པ་ཡིན་གྱི་དངོས་པོ་ནི་མ་ཡིན།། དེ་ལྟ་ན་ཡང་འདི་ན་སྤྲུལ་མེད་དོ།། ་ཞེས་བྱ་བས་སྒྲོ་བཏགས་པའི་སྦྲུལ་འགོག་པ་ན་མི་འཇིགས་པར་མི་འགྱུར་ཏེ། གང་གི་ཕྱིར་སྒྲོ་བཏགས་པའི་སྦྲུལ་ལ་ནི་འཇིགས་པ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་ལས་ཡིན་ནོ།། ་སྟེ་ཕྱི་རོལ་གྱི་སྦྲུལ་མཐོང་བ་མ་ཡིན་མོད་ཀྱི། འོན་ཀྱང་སྒྲོ་གཏོགས་པ་ཡིན་ཏེ། དེས་ན་དེ་བཀག་པ་ཁོ་ན་ཕྱི་རོལ་གྱི་བཀག་པ་ཡིན་ནོ།། སྐད་ཅིག་མ་མ་ཡིན་པ་འགོག་པ་ལ་ཡང་ཚུལ་འདི་ཡིན་ཏེ། མི་བདེན་པ་ལ ་བརྣབ་པས་ཆོག་གོ། དེའི་ཕྱིར་ཇི་ལྟར་ཁྱབ་བྱེད་མི་དམིགས་པ་མ་གྲུབ་པ་མ་ཡིན་ཞེ་གནས་པ་ཡིན་ནོ།། འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ།། བསྒྲུབ་བྱ་ལས་བཟློག་པས་ཁྱབ ་པ་ནི་འགལ་བ་ཡིན་ལ། དེ་ནི་དེས་ཁྱབ་པ་ཡིན་ནོ།། གང་ཞིག་འགར་ཡང་གང་མེད་ན་མེད་པ་ནི་བཟློག་པ་ལ་མེད་པ་ན་འདི་མཐུན་པའི་ཕྱོགས་ལ་སྣང་བས་ན་འདི་འོགལ་བྱར་ཇི་ལྟར་འགྱུར། འོ་ན་ཆོས་ལ ་གནོད་པའི་འགལ་བ་མ་ཡིན་ནམ། བསྒྲུབ་བྱའི་ཆོས་ནི་ཇི་ལྟར་རང་དང་འགལ་བས་འགོག་པ་དེ་བན་དུ་ཆོས་ཅན་ལ་གནོད་པས་ཀྱང་ཡིན་ནོ།། གཏན་ཚོགས་འདི་ཡང་ཆོས་ཅན་འགོག་པ་ཡིན་པས་ན་ཇི ་ལྟར་འགལ་བ་མ་ཡིན། བརྗོད་པ་འདི་ནི་ཆོས་ཅན་ལ་གནོད་པ་མི་བྱེད་དེ། མ་བརྟགས་ན་ཉམས་དགའ་བའི་ཆོས་ཅན་གྱི་ངོ་བོ་མི་སྤོང་བའི་ཕྱིར་རོ།། འདི་ལྟར་སྣང་བ་འདི་ཉིད་ལ་ནི་བསྒོམ་པ་མ་ཡིན་གྱི།། ་འོན་ཀྱང་སྒྲ་བཏགས་པ་ལ་ཡིན་ལ། དོན་དམ་པའི་ཆོས་ཅན་བཀག་པ་ན་སྐབས་ཀྱིས་བསྒྲུབ་བྱའི་ཆོས་ལ་གནོད་པ་ཅི་ཡང་མེད་དེ། ཁ་ཅིག་ནི་ཆོས་ཅན་ལ་འབའ་ཞིག་ལ་གནོད་པའང་།། སྐྱོན་དང་ལྡན་པ ་ཁས་ལེན་ཏེ། དཔེར་ན་མཁའ་སོགས་གཞན་དག་གིས།། སྔོན་མེད་རང་བཞིན་སྐྱེད་མེད་མིན།། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། ཞེས་བཤད་པ་ལ་སུན་འབྱིན་པས།། དེ་བཞིན་མཁའ་སོགས་ཆོས་ཅན ་གྱི། དངོས་པོའི་ངོ་བོའང་མེད་བརྗོད་བཞིན།། དེ་ལྟར་འདོད་པའི་བསྒྲུབ་བྱ་ལ།། གནོད་པ་ཅི་ཡང་མེད་པ་ཉིད།། ཅེས་གང་གསུངས་པ་ཡིནོ།། འདིས་ནི་སྒྲུབ་བྱེད་ཀྱི་ཆོས་ལ་གནོད་པ་ཡང་བཤད་པ་ཡིན།། ་གཏན་ཚིགས་འདྲི་མ་ངེས་པ་ཡང་མ་ཡིན་ཏེ། རྣམ་པ་གཞན་མེད་པས་ན་དོན་དམ་པ་པ་ལ་གཅིག་དང་དུ་མ་དགྲ་གིས་ཁྱབ་པའི་ཕྱིར་དང་། ཁྱབ་བྱེད་མེད་ནི་ཡང་ཁྱབ་བྱ་མི་འཐད་པའི་ཕྱིར་རོ།། གལ་ཏེ ་དོན་པ་པ་ལ་གཅིག་དང་དུ་མས་ཁྱབ་པ་འགའ་ཞིག་ཏུ་དམིགས་ན་དེ་སྐད་དུ་སྨྲ་བར་ནུས་པ་མ་ཡིན་ནམ། སྟོང་པ་ཉིད་དུ་སྨྲ་བ་ལྟར་ན་དེ་འགར་ཡང་དམིགས་ཏེ། དམིགས་ན་དེ་ཁོ་ན་སྟོང་པ་ཉིད་མ་ཡིན་པར་ཐལ་བའི ་ཕྱིར་རོ།། ཁྱབ་པ་མ་གྲུབ་ན་ཡང་མ་གྲུབ་པ་བཟློག་པར་དཀའོ།། བཟློག་པར་དཀའོ།། བཟློག་པར་བླ་སྟེ། གང་འདིར་དགག་པར་བྱ་བ་དོན་དམ་པ་ཞེས་བྱ་བ་ནི་འགར་ཡང་དམིགས་པ་སྔོན་དུ་འགྲོ་བ་མ་ཡིན ་གྱི་ཏ་འོན་ཀྱང་རྟག་པར་སྒྲོ་བཏགས་པའི་རྟག་པ་ཉིད་ལྔ་སོགས་པ་ལྟ་བུ་ཡིན་ལ། སྒྲོ་བཏགས་པ་དེ་ལ་ཡང་གཅིག་དང་དུ་མ་དག་གིས་ཁྱབ་པས་ན། སྒྲོ་བཏགས་པའི ་ཁྱབ་པར་བྱེད་པ་བཀག་པས་སྒྲོ་བཏུགས་པའི་ཁྱབ་པར་བྱ་བ་འགོག་པར་བྱེད་པ་ཁོ་བོ་ཅག་ཅི་ཁྱབ་པ་མ་གྲུབ་པའི་གནོད་པས་ཉམས་པར་འགྱུར་རམ། དེས་ན་མཁས་པ་རྣམས་ཀྱིས་མ་གྲུབ་པ་ལ་སོགས ་པཔོའི་སྐྱོན་གསུམ་གྱིས་སྟོང་པའི་སྟོང་པ་ཉིད་ཀྱིས་སྒྲུབ་བྱེད་འདི་བླང་བར་བྱའོ།། གཞན་ཡང་སྟོང་པ་ཉིད་ལ་སྡང་བའི་རྣམ་པར་ཤེས་པ་སྨྲ་བ་ཁ་ཅིག་ནི་རེ་ཤིག་འདི་ལྟར་རྣམ་པར་ཤེས་པ་ལ་མ་གཏོགས ་པའི་དོན་ནི་ཅི་ཡང་མེད་ལ། དེ་ནི་གཅིག་ཡིན་དུ་ཟིན་ཡང་ཕྱི་དྲུང་ནང་དུ་ཡོངས་གྱུར་པ་ན།། མ་རིག་པའི་དབང་གིས་གཟུང་བ་དང་འཛིན་པའི་ངོ་བོར་སྣང་ངོ་།། དེ་ལ་གཉིས་ཀྱིས་ངོ་བོ་ཙམ་མེད་པ་ཡིན ་ལ། དེས་སྟོང་པའི་རྣམ་པར་རིག་པ་ནི་བདེན་པ་དམ་པ་ཡ་ནཱི་ནོ་ཞེས་འདོད་དོ། དེ་སྐད་དུ། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། གནས་པ་འདི་ནི་ཆ་གཞན་ཏེ། ཐ་དད་མེད་པའི་ཤེས་པ་ལ།། ཐ་དད་། ་སྣང་བ་བསླང་བ་ཡིན།། ཞེས་བཤད་པའོ།། ནང་དུ་སྣང་བའི་ཤེས་པ་འང་གཞན་ཡིན་ལ་ཕྱི་རོལ་དུ་སྣང་བ་ཡང་གཞན་ཁོ་ནའོ།། གཉིས་པོ་དེ་ལ་ཡང་གཉིས་མེད་པ་ཡིན་ཏེ། རང་རིག་པ་ཙམ་ཡིན་བྲི ་ཕྱིར་རོ།། དེའི་སྟོབས་ཀྱིས་བྱུང་བའི་རྣམ་པར་རྟོག་པས་ནི་དེ་དག་ལ་གཟུང་བ་དུང་འཛིན་པའི་ངོ་བོར་སྒྲོ་འདོགས་པ་དེ་ལ་དེས་སྒྲོ་བཏགས་པའི་གཉིས་ཀྱིས་ངོ་བོ་རྫུན་པ་ཡིན་ལ། གཉིས་མེད་པ་ནི་རྫུན་པ ་མོ་ཡིན་ཏེ། དེ་སྐད་དུ། རྟོགས་པ་གཅིག་ནི་ནཱང་དུ་སླང་།། གཞན་ནི་ཕྱི་རོལ་སྣང་བ་སྟེ། དེ་དག་མཨཱརྱ་མེ་གཉིས་བཞིན་དུ། གསལ་བྱ་གསལ་བྱེད་ཉིད་མ་ཡིན།། དཀར་དྭང་བདེ་སོགས་རིག་པ་ཡི།། ་རིག་བྱ་རིག་བྱེད་ངོ་བོ་ནི། དེ་ཡི་ནུས་པ་ལས་བྱུང་བའི།། རྟོག་པ་ཙམ་གྱིས་སྤྲུལ་པ་ཡིན། ཞེས་བཤད་པ་ཡིན།། ཡང་གཞན་དག་ནི་ཕྱི་དང་ནང་དང་སྔ་མ་དང་ཕྱི་མ་དང་སྔོན་པོ་དང་སྔོན་པོ་མ་ཡིན་པའི་རྣམ་པར་དབྱེ་བས ་སྟོང་པའི་སྣ་ཚོགས་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་གཅིག་དོན་དམ་པར་ཁས་ལེན་ཏོ།། འོ་ན་ཕྱི་རོལ་དང་ནང་གི་རྣམ་པར་དབྱེ་བ་ཇི་ལྟར་ཞེ་ན། བརྗོད་པ། ཕྱི་དང་ནང་ཞེས་བྱ་བ་ནི།། ཡུལ་དང་དུས་ལ་བལྟོས་པས་ཡིན།། ་རང་གི་ངོ་བོ་མུ་གཏོགས་པ།། ཡུལ་དང་དུས་ནི་འཐང་མ་ཡིན།། འདིར་སྔ་མ་དང་ཕྱི་མ་ལ་སོགས་པ་ཐ་དད་པ་ཡང་བརྟགས་པ་ཁོ་ན་ཡིན་ལ། རྟོགས་པ་ཡང་རང་གི་ངོ་བོར་མྱོང་བཱ་ཡན་པས་ན་ཤེས་པའི་བདག ་ཉིད་ཡིན་པའི་ཕྱིར། དེ་ལ་ཡང་དོན་དམ་པར་ན་ཐ་དད་པར་སྣང་བ་མ་ཡིན།། རྟོག་པ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་འགས་ཀྱང་རྟོགས་པ་མ་ཡིན་ནོ།། གང་གི་ཕྱིར་རང་རིག་པའི་ཁོངསུ་མ་འདུས་ན་ནི་ཐ་དད ་ན་ནི་ཐ་དད་པ་རྟོགས་པ་མ་ཡིན་ཏེ། རྟོགས་པ་ནི་རང་རིག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ།། དེའི་ཁོངས་སུ་འདུས་ན་ཡང་མ་ཡིན་ནམ་སྟེ། རང་ལས་ཐ་དད་པ་འགལ་བའི་ཕྱིར་རོ།། ་ཤེས་དང་དོན་གྱི་ཐ་དད་མིན། སྔོན་ལ་སོགས་པས་བྱས་པས་བྱས་པའང་མིན།། སྔོན་དང་ཕྱི་མའི་ངོ་བོར་ནི།། མངོན་སུམ་གྱིས་ནི་འགྲུབ་མི་འགྱུར།། ཞེས་གང་བཤད་པའོ།། གཞན་དག་ནི་བདག་ནི་བདག་ཏུ་འཛིན ་པའི་གཞི་འཛིན་པར་བྱེད་པ་ཉིད་དུ་ནང་དུ་ཡོངསུ་གསལ་བའི་བདེ་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་ནི་དོན་དམ་པའི་རྣམ་པར་ཤེས་པ་ཡིན་ལ། གཟུང་བའི་རྣམ་པ་ནི་མ་རིག་པས་ཉེ་བར་བསྟན་པ་གཅིག་དང་དུ ་མས་སྟོང་པས་སྟོང་པ་ཁོ་ནའོ།། དེ་མེད་པའི་ཕྱིར་དེ་ལ་ལྟོས་པའི་འཛིན་པ་བདེ་བ་ལ་སོགས་པ་ཡང་མེད་པ་ཡིན་ཏེ། བདག་ཏུ་འཛིན་པའི་གཞི་ཙམ་ཏེ། བློ་ཡི་ངོ་བོ་རྣམ་མེད་ཡིན།། འཁྲུལ་པ་ཡི་ནི་རྣམ་པ་རྣམས ་སྒྱུ་མ་བྱས་པ་བཞིན་དུ་སྣང་།། ཞེས་གང་བཤད་པ་སྙམ་དུ་ལྟའོ།། ཁ་ཅིག་ནི་དོན་པ་པའི་ཤེས་པ་ནི་རྣམ་པ་མེད་པ་ཉིད་ཡིན་ལ།། དེ་ཡང་ཚུར་རོལ་མཐོང་བ་རྣམས་ཀྱིས་མྱོང་བས་གྲུབ་པ་མ་ཡིན་གྱི། འོན་ཀྱང ་ལྷ་ནི་ཀུན་རྫོབ་གཞི་མེད་པར་འབྱུང་བ་མེད་པ་ལས་རྗེསུ་དཔག་པར་བྱ་བ་ཡིན་ནོ་ཞེས་རྟོག་སྟེ། འདི་ཡི་ངོ་བོ་རྣམ་མེད་ཅིང་།། གོས་མེད་ལྡང་བ་ཡིན་པར་འདོད།། དེ་ནི་མཁས་པ་མ་ཡིན་པས།། ནམ་ཡང་ཤེས ་པར་ནུས་མ་ཡིན།། ཞེས་གང་བཤད་པ་ཡིནོ།། ཕྱོགས་དེ་རྣམས་ལས་གཅིག་ཀྱང་སྟོང་པ་ཉིད་ལས་ལོག་པ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། སྟོང་པ་ཉིད་ཀྱིས་སེངྒེའི་སྒྲས།། སྐྲག་པའི་རྒོལ་བ ་ཐམས་ཅད་ནི།། གང་དང་གང་དུ་འཇུག་འགྱུར་བ།། དེ་དང་དེར་ནི་སྟོང་པ་ཉིད།། ཅེས་གང་གསུངས་པའོ།། འདི་ལྟར་ཕྱོ། ས་དང་པོ་ནི་ཐ་དད་པར་སྣང་བའི་མངོན་སུམ་ཉིད་ཀྱིས་མི་བཟོད་དོ།། འདི་སྐད་དུ། རིགས་པ་སྨྲ་བས ་དཀར་སྡུག་ལ་སོགས་ཐ་དད་སྣང་། ཐ་དད་མ་ཡིན་བློ་མྱོང་ནི། ཐ་དད་མེད་སྣང་ཐ་དད་ན།། ཐ་དདང་ཐ་དད་མེད་རྟོན་ཅི།། ཞེས་བྱ་བ་དང་། དེ་བཞིན་དུ། གཞན་གྱི་གཞན་ཉིད་ཉམས་ཕྱི་རོ།། དངོས་མཐོང་མེད་ཕྱིར་གཅིག ་མ་ཡིན།། བློ་དངོས་ཐ་དད་མེད་མཐོང་བས།། ཐ་དང་མེད་པར་ངེས་པར་འགྱུར།། ཞེས་པ་དང་། གཞན་ཡང་། བདེ་སོགས་ཐ་དད་མེད་དངོས་ཕྱིར།། དངོས་སོགས་ཅིག་ཅར་འཛིན་ཡིན་ན།། ཐ་དང་སྣང་བའི ་གཟུང་བ་དང་།། སེམས་དེ་ཅི་ཕྱིར་ཐཱ་མི་དང་།། ཅེས་གསུངས་པ་ཡིནོ།། འདིར་སྦྱོར་བ་ནི་གང་ཞིག་གང་ལས་ཐ་དད་བར་སྣང་བ་དེ་ནི་དེ་ལསྲ་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་ལས་བདེ་བ་བཞིན་ནོ།། ་གཟུང་བའི་རྣམ་པ་ཡང་འཛིན་པའི་རྣམ་པ་ལས་ཐ་དད་པར་སྣང་བ་ཡིནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ།། སྐད་ཅིག་ཉིད་ལ་སོགས་པས་མ་ངེས་པ་ནི་མ་ཡིན་ཏེ། དེ་ནི་མངོན་སུམ་ལ་རང་གི། ་ངོ་བོ་ལས་ཐ་མི་དད་པ་ཉིད་དུ་སྣང་བའི་ཕྱིར་དང་། དངོས་པོའི་ངོ་བོ་མི་འཛིན་པའི་རྣམ་པར་རྟོག་པ་ལ་སྣང་བ་མེད་པའི་ཕྱིརརོ།། གལ་ཏེ་འཁྲུལ་པར་མི་དམིགས་མྱོང་།། སྐྱིད་པ་ནི་བཟློག ་ཏུ་མེད་པ་མ་ཡིན་ནམ། མ་རིག་པའི་དབང་གིས་ཐ་དང་མེད་པ་ཡང་ཐ་དད་པར་སྣང་ངོ་།། འདི་ནི་མ་རིགས་པའི་མ་རིགས་པ་ཉིད་ཡིན་ཏེ། གང་ཕྱིན་ཅི་ལོག་གི་ངོ་བོར་ཉེ་བར་སྟོན་པ་ཞེས་བྱ་བའོ།། འདི་ནི་མི་རིགས་ཏོ། ་ཕྱི་ནི་ཅི་ལོག་ཏུ་གསལ་བ་དང་པོ་ཉིད་དུ་བཀག་པའི་ཕྱིར་དང་། ཤེས་པ་ལ་ཁྱད་པར་དུ་མི་འཐད་པའི་ཕྱིར་རོ།། དངོས་པོ་གཞན་ལ་ཤེས་པ་ཉིད་ཕྱིན་ཅི་ལོག་ཏུ་གསལ་བ་ཡིན་གྱི་ཤེས་པ་ལ་ནི་གཞན་ཉིད་དུ་སྲིད་པ་མ་ཡིན ་ནི། དེ་རང་ལ་ཕྱིན་ཅི་ལོག་ཡིན་ནོ་ཞེས་སྨྲ་བ་ནི་ཅི་ལྟར་སྨྱོན་པ་མ་ཡིན། གཞན་ཡང་གལ་ཏེ་ཤེས་པ་གཞན་དུ་གསལ་ན་འོ་ན་རང་གི་ངོ་བྱོར་མ་ཡིན་ལ། དེ་ལྟ་ན་ཡང་གཅིག་ཏུ་གསལ་བའི་ངོ་བོ་ཅན་ལ་མི་གསལ་བ་ནི ་གསལལ་ཏུ་ཕྱིན་ཅི་ལོག་ཡོར་གྱི་ཕྱིར་ཤེས་པ་ལ་ངོ་བོ་ཅི་ཡང་མེད་པས་ན། རང་བཞིན་མེད་པ་ཉིད་འབད་པས་སྒྲུབ་པར་བྱ་བ་ཚེགས་མེད་པར་གྲབ་ར་ར་འགྱུར་རོ།། གཞན་ཡང་ངོ་བོ་ཐ་མི་དད་པ་ཡང་མ་རིག་པས་ཐ་དད་པར་རིགོ་ཞེས་སྨྲ་བ ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པ་རང་གི་ངོ་བོ་ལ་འཁྲུལ་པར་འགྱུར་ལ་དེ་ལྟ་ན་ཡང་རང་རིག་པ་མེད་པའི་ཕྱིར་དང་། གཞན་རིགས་པ་མི་འཐད་པའི་ཕྱིར་ན། རྣམ་པ་ཐམས་ཅད་དུ་གསལ་བ་རྒྱུན་ཆད་པས་ན་སྣ ་ཚོགས་ནུབ་པར་འགྱུར་རོ།། སྐྱེ་བ་ལས་གཞན་པའི་བྱ་བ་ཡང་མི་སྲིད་དེ། འདུས་བྱས་ཐམས་ཅད་སྐད་ཅིག་མ།། མི་བརྟན་རྣམས་ལ་བྱུ་ག་ལས།། འདི་དག་འབྱུང་བ་གང་ཡིན་དེ། བྱ་བ་དེ་ཉིད་བྱེད་པར་བརྗོད།། ་དེ་ལྟ་ཡང་ཐ་དད་པར་སྣང་བ་ཡང་ཤེས་པ་དེ་ལྟར་སྐྱེས་པ་ཉིད་ཡིན་ལ། དེ་ལྟ་ན་ཡང་འདིའི་རང་གི་ངོ་བོ་ཁོ་ན་ཐ་དད་པར་འགྱུར་པ་ཡིན་ཏེ། འདི་ནི་རྣམ་པ་གཞན་དུ་གསལ་བ་སྨྲ་བ་འདིའི་སྐམ་ལ་ལྟུང་བར་འདོད་པ ་འདམ་དུ་ལྷུང་བར་འགྱུར་བ་ཡིན་ཏེ། བྱིས་པའི་ཀྱལ་པ་སྨྲ་བ་ལ་གུས་པས་ཆོག་གོ།། དེས་ན་དེ་ལྟར་རེ་ཞིག་ཕྱོགས་དང་པོ་ནི་རིགས་པ་མ་ཡིནོ།། གཉིས་པ་ཡང་མི་འཐད་དེ། གལ་ཏེ་གཟུང་བ་དང་འཛིན་པར་འདོད་པའི ་ཤེས་རབྱེ་དག་ཐ་དད་པ་ཡིན་ན་དེའི་ཚེ་རྒྱུད་གཞན་ལ་ཡོད་པ་དག་བཞིན་དུ་ངེས་པར་ཕན་ཚུན་ལྐུག་ཏུ་གྱུར་པ་འགྱུར་ཞིང་། དེ་གཱཉྩི་ག་རང་རིག་པའི་མཐར་ཐུག་པས་ན་གཅིག་ལ་གཅིག་གཏམ་ཡང་མི་ཤེས་པར ་འགྱུར་རོ།། ཕན་ཚུན་ལྐོག་ཏུ་གྱུར་པ་ཡིན་མོང།། སྐྱོན་ཅི་ཡོད་པ་ཡིན་ནམ། ངས་འདི་མཐོང་ངོ་ཞེས་བྱ་བའི་ཞེན་པ་མི་འཐང་ཞེ་ན། དེ་གཉི་གའི་ནུས་པ་ལས་བྱུང་བ་དེ་ལྟ་བུའི་ཞེན་པ་ལ་འགལ་བཙུ་ཡོད། ་རྒྱུད་གཞན་ལ་ཡང་ཐལ་ལོ་ཞེ་ན། མ་ཡིན་ཏེ་དེ་དེ་ལ་ནུས་པ་མེད་པའི་ཕྱིར་དང་། ནུས་པ་ཡོད་ན་འབྲས་བུ་སྐྱོ་བ་བཟློག་ཏུ་མེད་པའི་ཕྱིར།། འདི་ཡང་རྒྱུ་གཅིག་ལ་ཡོད་པ་ཇི་ལྟར་ཡིན་ཞེ་ན། ཀུན་གཞིའི་རྣམ་པར ་ཤེས་པ་གཅིག་ལ་སྐྱེ་བའི་ཕྱིར་རོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕན་ཚུན་ལྐོག་ཏུ་གྱུར་པ་ཡིན་ན་རྟོགས་པ་པོ་གཅིག་གིས་མངོན་སུམ་དུ་མི་འགྱུར་རོ།། བདག་མེད་པར་སྨྲ་བ་རྣམས ་དང་། ཁྱད་པར་དུ་རྣལ་འབྱོར་སྤྱོད་པ་པ་ལྟར་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་ལྟ་བ་པོ་གཅིག་ནི་ཡོད་པ་མ་ཡིནོ།། རྣམ་པར་ཤེས་པའི་བདག་ཉིད་ཀྱི་ལྟ་བ་པོ་བདེ་བ་ལ་སོགས་པ་གཞན་ཁོ་ན་ཡིན་པ་ལ། ་སྔོན་པོ་ལ་སོགས་པ་གཞན་ཁོ་ན་ཡིན་པས་ན་དེ་གཉི་ག་ལ་ལྐོག་ཏུ་གྱུར་པ་མ་ཡིན་པར་འགྱུར། ཇི་སྟེ་འདིར་རྟོགས་པ་པོ་གཅིག་གིས་མངོན་སུམ་མ་ཡིན་པ་ཁོ་ནའོ།། འོན་ཀྱང་རྟོག་པས་དེ་ལྟ་བུ་ཉིད་དུ་རློམ་པ་ཡིནོ་ཞེས ་འདོད་ན། འོ་ན་དེ་ལྟ་ན། རྒྱུ་གཞན་ལ་ཡོད་པའི་སྔོན་པོ་ལ་སྩོགས་པའི་སྣང་བ་ལས་མངོན་པར་འདོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པར་ཁྱད་པར་དུ་མི་འགྱུར་རོ།། འདི་དག་ནི་རྟོག་པ་སྐྱེ་བ་དང་མི་སྐྱེ་བ་ཙམ་གྱི་ཐ་དད་པར ་བྱས་པ་མ་ཡིན་གྱི་འོན་ཀྱང་སྣང་བ་དང་མི་སྣང་བས་བྱས་པ་ཡིན་ལ། དེས་ན་རྟོག་པ་པོ་ཐ་དད་པ་ལ་ཞིག་པར་འགྱུར་རོ།། འདིས་ནི་ཅིག་ཅར་དུ་སྐྱེས་པའི་གཟུགས་ལ་སོགས་པའི་ཤེས་པ་ཡང་ཐོ་དད་པ་ཡིན་ན་ཕན་ཚུན ་ལྐོག་དུ་གྱུར་པར་བཤད་པ་ཡིན་ལ། དེས་ཀྱང་རྣལ་འབྱོར་སྤྱོད་པ་ལ་རྣམ་པར་ཤེས་པའི་རྡུལ་ཕྲ་རབ་ཡོང་སུ་རྟོགས་པ་ན་ཕན་ཚུན་ལྐོག་ཏུ་གྱུར་པ་ན་ཕྱི་རོལ་གྱི་དོན་སྨྲ་བ་ལ་རགས་པར་སྣང་བ་འགལ་བར་བརྗོད ་པ་བསལ་བ་ཡིན་ཏེ། ཇི་ལྟར་རྣམ་པར་ཤེས་པའི་རྡུལ་ཕྲ་རབ་རྣམས་རང་རིག་པ་ཙམ་གྱིས་མཐར་ཐུག་པས་ཕན་ཚུན་མི་རིག་པ་དེ་ཁོ་ན་བཞིན་དུ་གཟུགས་ལ་སོགས་པའི་ཤེས་པ་ཡང་ཡིན་པས་ན་ཡུལ་དྲུག་པོ ་རགས་པའི་རྣམ་པར་མྱོང་བ་མི་འཐད་དོ།། དེས་ན་འདི་རང་གི་ཕྱོགས་ཀྱི་སྐྱོ་ནུ་མ་བལྟས་པར་གཞན་ལ་སྨོས་པས་ན་ཟླ་བའི་ར་རི་ལ་རྟོག་པར་གཞོལ་བའི་མིག་ཡོན་ལྟ་བུ་ཡིནོ།། ཉེས་པ་མཚུངས་པའི་ཕྱིར་བདག་མེད ་སྨྲས་པས་རྣལ་འབྱོར་སྤྱོད་པ་སྨད་པར་མི་ནུས་སུ་ཆུག་མོང་། བདག་ཏུ་སྨྲ་བ་སྨོད་པ་གྲང་གིས་བཟློག་སྟེ། བདགུ་ཡོད་ནི་ཤེས་པ་རྣམས་ཕན་ཚུན་ལྐོག་ཏུ་གྱུར་པ་ན་དེའི་ཡུལ་རྣམས་རྟོགས་པ་པོ་གཅིག་གིས་མངོན་སུམ ་དུ་མི་འགལ་ལོ་ཞེ་ན། མ་ཡིན་ཏེ། དེར་ཡང་འགལ་བ་མཚུངས་པའི་ཕྱི་རེ་ཏེ། འདི་ལྟར་དེ་བེམས་པ་ཞིག་པ་ཡིན་ནམ། བེམས་པོ་མ་ཡིན་པ་ཡིན་གྲང་། ཕྱོགས་དང་པོ་ལྟར་ན་འདི་རང་ཉིད་ཀྱིས་ཅི་ཡང་མི་རྟོགས ་ཤིང་། རྟོག་པ་དང་ལྡན་པ་ན་རྟོགས་པ་པོ་ཞེས་ཐ་སྙད་འདོགས་ལ། དེ་ལྟ་ན་ཡང་ཤེས་པ་གང་གྲིས་གཟུགས་ཤེས་པ་དྲིས་སྒྲ་ཡོངསུ་མི་གཅོད་པ་ན། དོན་དམ་པར་ན་དེ་གཉིས་རྟོགས་པ་པོ་གཅིག་པ་ཅན ་དུ་མི་འགྲུབ་བོ།། རྟོགས་པ་གཉིས་དེ་རྟེན་གཅིག་པའི་ཕྱིར་སྐྱོན་མེད་ན། དེ་དག་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་གི་རྒྱུ་ཅན་ཡིན་པའི་ཕྱིར་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་གི་རྒྱུ ་རྟོགས་པ་པོ་ཉིད་ཡིན་ན་ནི་དེ་གཟུགས་ལ་སོགས་པ་དང་ཡང་ལྡན་པར་འགྱུར་ཏེ། བདག་དཀར་ཤམ་མོ་བདག་འགྲོའོ་ཞེས་ཤེས་པའི་ཕྱིར་རོ།། ཇི་སྟེ་འདི་ལོག་པའི་ཤེས་པ་ཡིན་ན་བདག ་རྟགས་པ་པོ་ཡིན་ནོ་ཞེས་བྱ་བ་ཙའི་ཕྱིར་མ་ཡིན། གནོད་བྱེད་མེད་པའི་ཕྱི་རོ་ཞེ་ན། འདིར་ཡང་གནོད་པར་བྱེད་པ་ཅི་ཡོད། དཀར་ཤ་མ་མ་ཡི་ནོ་སྙམ་པ་འམ། འགྲོ་བ་པོ་ལ་བདག་འགྲོ་བ་པོ་མ་ཡིནོ་སྙམ་པའི་ཤེས་པ་སྟེ། ་པ་མ་ཡིན་ནོ།། དེ་མ་ཐག་ཏུ་བང་བན་གནོད་བྱེད་གནོད་བྱེད་མ་ཡིན་པས་བདག་ཏོ་ཁ་བོ་ད། པས་མི་འགྲུབ་པོ།། དེའི་ཕྱིར་བདག་བེམས་པོར་ནི་རྟོགས་པ་པོར་མི་འཐང་བ་ཁོ་ནའོ།། དེ་ལྟ་ཡིན་ཡང་དེ་སྨྲ་བ་རྣམས་ཀྱི ་ལྟར་ན་ཡང་གཟུགས་དང་སྒྲ་ལ་སོགས་པ་རྟོག་པ་པོ་གཅིག་གིས་མངོན་སུམ་དུ་མི་འགྲུབ་པོ།། འདི་ལས་ཀྱང་མི་འགྲུབ་སྟེ། གཟུགས་དང་སྐུ་དྲུག་གིས་རྟོགས་པ་པོ་གཅིག་ཁོ་ནའོ།། ཞེས་བྱ་བ་གང་ཡིན་པ་འདི་ལ་ཚད ་མ་ཅི་ཡང་མེད་དོ།། འདི་ལྟར་དོན་འདི་མངོན་སུམ་གྱི་མི་འགྲུབ་སྟེ། ཡིད་ལས་སྐྱེས་པ་དང་ཕྱི་རོལ་གྱི་དབང་པོ་ཡང་དེ་ལ་མི་འཇུག་པའི་ཕྱིར་རོ།། ཡིད་ལས་བྱུང་བ་ནི་གཟུགས་སམ་སྒྲ་རྟོགས་པ་མ་ཡིན་ལ་ཕྱི། ་རོལ་གྱི་དབང་པོས་ནི་བདག་མ་ཡིན།། འདིས་ནི་གཟུགས་དང་སྒྲའི་ཤེས་པ་དག་རྟེན་ཅིག་པ་ཉིད་དུ་མངོན་སུམ་གྱིས་ཤེས་པ་ཡི་ནོ་ཞེས་བྱ་བ་བསལ་བ་ཡིན་ཏེ། གཟུགས་དང་སྒྲ་དག་མ་གཟུང་བ་ན་བློ་དེ་དག་དང་།། ་འབྲེལ་པར་རྟོགས་པར་མི་ནུས་པའི་ཕྱིར་རོ།། རྗེསུ་དཔག་པས་ཀྱང་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ།། ཕྱོགས་གཉིས་པ་ལ་ཡང་དེ་མི་འགྲུབ་སྟེ། འདི་ལྟར་བེམས་པོ་མ་ཡིན་པའི་ངོ་བོ་ཡིན་ན་དེ ་གཟུགས་ལ་སོགས་པ་དེ་རིགས་པའི་ངོ་བོ་ཁོ་ནར་འདོད་དགོས་ལ། དེ་དག་ཐ་དད་པ་ན་དེའི་བདག་ཉིད་ཅན་གྱི་བདག་དེ་ཡང་ངེས་པར་ཐ་དད་པར་འགྱུར་རོ།། དེའི་ཕྱིར་གཟུགས་ལ་སོགས་པ་རྟོགས་པ་པོ་གཅིག་གིས ་མངོན་སུམ་ཇི་ལྟར་ཡིན་ཞེས་མི་ཤེས་སོ།། ཇི་ལྟར་དེ་དག་བདག་གཅིག་ལས་ཐ་དད་མེད་ན། ཕན་ཚུན་ཐ་དད་པ་ཡང་བཏང་བ་ཡིན་ནོ།། ཅི་ཞིག་ལྟར་ཐ་དད་པོས་ན་འགལ་བ་མེདོ་ཞེ་ན། འོ་ན་བདག་ངོ་བོ་གང་གིས ་རིག་པ་ལས་ཐ་དད་པ་དེའི་སྒོ་ནས་ནི་བེམས་པོ་ཁོ་ན་ཡིན་ལ། གང་གིས་སྒོ་ནས་ཐ་མི་དད་པ་དེའི་སྒོ་ནས་རིགས་པ་ཡིན་པས་ན་བེམས་པོ་མ་ཡིན་པ་ལ་ཡུལ་དུ་མ་མངོན་སུམ་དུ་བྱེད་པ་མི་འགྲུབ་པོ།། དེའི་ཕྱིར ་བདག་ཡོད་དམ་མེད་ཀྱང་རུང་སྟེ། ཅིག་ཅར་དུ་སྣང་བའི་གཟུགས་ལ་སོགས་པ་རྟོག་པ་པོ་གཅིག་གིས་མངོན་སུམ་དུ་མི་རིགས་སོ།། འདིས་ནི་ཅིག་ཅར་མ་ཡིན་པར་སྣང་བ་རྣམས་ལ་ཡང་དེ་བསལ་བ་ཡིན ་ཏེ། འཐད་པ་ཐུར་ལོང་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་བདག་ཏུ་སྨྲ་བ་རྣམས་ཀྱི་དེ་རྟོགས་པའི་ས་བོན་དྲུངས་ཕྱུང་བར་རྟོགས་པར་བྱ་སྟེ། བདག་ནི་དེ་སྨྲ་བ་རྣམས་ཀྱི་ལྟར་ན་དུས་མཚུངས་པར་སྣང་བ ་ཅན་ཡིན་པའི་ཕྱིར། དེ་དག་རྟེན་གཅིག་པར་འདོད་པ་ཁོ་ནའོ།། རྟེན་གཅིག་པ་ཡིན་ཡང་གཉི་ག་ཕན་ཚུན་གྱིང་བ་སྤྱང་ཡུལ་མི་འཛིན་པའི་ཕྱིར་དང་། དེ་གཉི་གའི་བདག་ཉིད་འཛིན་པ། ་ཤེས་པ་གཞན་ཡང་མེད་པའི་ཕྱིར་ཉེས་པ་ཡོད་པ་ཁོ་ནའོ་ཞེ་ན། དེ་ཅི་གང་གིས་དེ་ཡོང་ན་མི་འབྱུང་བ་འདི་བདག་ལ་འཇིགས་སམ། གལ་ཏེ་བོང་བ་དང་མཚུངས་པའི་བདག་ཡོད་མོང་།། འོན་ཀྱང་ཤེས་པ་དེ་དག་ཕན་ཚུན ་གྱི་ངོ་བོ་འམ་ཡུལ་རིག་པ་མ་ཡིན་ལ། དེ་དག་གིས་དེ་གཉིས་གཞན་གྱིས་ཀྱང་རིག་པ་མ་རག་པ་མ་ཡིན་པས་ན་ཉེས་པ་དེའི་གནས་སྐབས་ཏེ། དེའི་རྟོགས་པ་རྟོགས་པ་པོ་ལའང་ཐ་དད་པར་ཡང་ཧ་ཅང་ཐུལ་བའི་ཕྱིར་རོ།། ་མ་ཡིན་ཏེ། འདུས་པ་ངེས་པར་བྱེད་པ་ཡིན་པའི་ཕྱིརརོ་ཞེ་ན། ཐམས་ཅད་དུ་གཅིག་ངེས་པར་བྱེད་པ་ག་ལས། ཁྱད་པར་དུ་བྱེད་པའི་བྱེ་བྲག་གིས་ཐ་དད་བྱས་འགལ་བ་མེད་དོ་ཞེ་ན། དེ་ནི་གཅིག་ཉིད་ཉམས་པ་ཡིན། ་གྲངས་དང་ལྡན་པ་དང་རྣམ་པར་དབྱེ་བ་དང་ཕྱི་དང་འདུ་བ་དང་འབྲས་བུའི་རྫས་རྣམས་ཀྱི་ཐ་དད་པའི་ཐ་སྙད་ཙམ་ཁྱོད་པར་དུ་བྱེད་པའི་བྱེ་བྲག་གིས་ཡིན་ནོ་ཞེ་ན། འོ་ན་དངོས་སུ་ན་ཆོས་འགའ་ཞིག་ཆོས་ཅན་གཅིག ་ལ་འདུ་བ་གང་ཡིན་པ་དེ་ཁོ་ན་རྟོག་པ་ཡང་ཡིན་པས་ན། ཐམས་ཅད་རྟོགས་པ་དང་འདུ་བའི་ཕྱིར་རྟོགས་པ་པོ་ཉིད་དུ་ཐལ་བ་ཁོ་ནའོ།། ཡང་ན་གལ་ཏེ་གཞན་ལ་རྟོགས་པ་དང་འདུ་བ་མེད་པས་ན་རྟོགས་པ་པོ་ཉིད ་མི་འདོད་ན། བདག་ཀྱང་ཇི་ལྟར་འདོད། དེ་ལྟ་དེ་ཡོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་དག་ལ་འབྲེལ་པ་མེད་པའི་ཕྱིར་རོ།། འབྲེལ་པ་ཁས་ལེན་ན་ཡང་ཐུག་པ་མེད་པར་ཐལ་བ་མི་སྤོང་བའི་ཕྱིར་རོ།། རྟོགས་པ་དང་འདུ ་བ་ཞེས་བྱ་བ་ཡང་མི་འགྲུབ་སྟེ། དེ་དང་དེ་ལ་འབྲེལ་པ་མེད་པའི་ཕྱིརརོ།། རྟོགས་པ་ཡོད་དོ།། འདུ་བ་ཡང་ཡོད་དོ་ཞེས་བྱ་བ་དེ་ཙམ་གྱིས་རྟོགས་པ་པོ་ཉིད་ཡིན་ན་ང་དག་བཞིན་དུ་དེ་ལས་གཞན་ཡང་འགྱུར་རོ།། ལུས ་ཅན་མ་ཡིན་པའི་རྟོག་པ་ལ་ནི་རྟེན་མེད་ལ། རྟེན་མེད་པར་ཡང་འདུ་བ་ཞེས་བྱ་བ་ཡོད་པ་མ་ཡིན།། སྐྱེད་པར་བྱེད་པ་ཙམ་གྱིས་རྟེན་ཡིན་ན་ན་མཁའ་ལ་སོགས་པ་ཡང་དེར་ཐལ་ལོ།། མ་ཡིན་ཏེ། དེ་སྐྱེད་པ་པོ ་མ་ཡིན་པའི་ཕྱིརརོ་ཞེ་ན། བདག་ཀྱང་སྐྱེད་པ་པོ་ཇི་ལྟར་ཡིན། དེ་ཡོད་པ་ན་མོད་པའི་ཕྱིར་རོ་ཞེ་ནུ། དེ་ཉིད་ཀྱི་ཕྱིར་ན་མཁའ་ལ་སོགས་པ་ཡང་ཡིན་མོང་།། རྗེ་སུ་འགྲོ་བ་ཙམ་གྱིས་ནི་སྐྱེད་པ་པོ་མ་ཡིན་ལ་ན་མཁའ་ལ ་སོགས་པ་ལ་ལྡོག་པ་ནི་མེད་དེ། རྟག་པ་ཡིན་པའི་ཕྱིརརོ་ཞེ་ན། བདག་ལ་ཡང་མཚུངས་སོ།། སྐྱེད་བྱེད་ཏུ་གྲགས་པའི་དབང་པོ་རྣམས་ཀྱི་ཇི་ལྟར་རྟེན་མ་ཡིན། རྟག་པ་ཡང་སྐྱེད་བྱེད་མ་ཡིན་པས་ན་བདག་རྟོག་པའི ་སྐྱེད་པ་པོ་མ་ཡིན་པ་ཁོ་ནའོ།། སྐྱེད་པ་པོ་མ་ཡིན་ན་ཡཱནོ་ཁ་པོ་མ་ཡིན།། བདག་རྟོག་པ་པོ་མ་ཡིན་ནོ།། སྙམ་དུ་ཤེས་པས་ན་དེ་ལྟར་ཡིནོ་ཞེ་ན། ཐམས་ཅད་དུ་ཐལ་བའི་ཕྱིར་འབྲེལ་པ་མེད་ན་འདི་ཉིད་སྲིད་པ་མ་ཡིན་ནམ། དེ་ལྟ་བུས ་དབང་པོ་ཐ་དད་པས་གཟུང་བར་བྱ་བ་རྣམས་དང་། དུས་མཚུངས་པར་མ་ཡིན་པར་སྣང་བ་དེ་དག་གཞན་གྱི་ལྟ་པ་པོ་གཅིག་ཡིན་པར་གྲག་ལ། འདིའི་གཅིག་ཉིད་ཚད་མས་མ ་བསླུ་བ་མ་ཡིན་ཞིང་བེམས་པོ་ལྟ་བ་པོ་ཉིད་མ་ཡིན་པས་ན། བདག་ཏུ་རྟོགས་པ་ལ་རྩ་བ་ཅི་ཡང་མེད་དོ།། འདིས་ནི་ཁ་ཅིག་ན་རེ་བདག་གིས་སྔར་ཤེས་པར་གྱུར་ཏེ།། ད་ལྟ་བདག་ཉིད་ཀྱིས་རིག་གོ་སྙམ་པའི་མངོན ་སུམ་གྱིས་ཤེས་པས་ཤེས་པ་ལྡེ་མ་དང་ཕྱི་མ་དྲང་འབྲེལ་པའི་ཤེས་པ་པོ་གཅིག་རྟོགས་པ་ཡིན་ལ། དེ་ཉིད་བདག་ཡིན་ཞིང་འདིས་བདག་མེད་པར་སྨྲ་པ་ལ་གནོད་དེ། དེ་སྐད་དུ་བཤད་པ། རྣམ་པ་དེ་འདྲའི་སྐྱེས ་བུ་དེ། ངོ་ཤེས་པ་ཡི་ངོ་བོ་ཡི།། རྟོགས་པ་ཡིན་ཏེ་བདག་མེད་པ།། འདི་ཉིད་ཀྱིས་ནི་གནོད་པ་ཡིན།། ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། བམ་པོ་ཤེས་པ་པོར་མི་འཐད་པའི་ཕྱིར་དང་། བེམས་པོ་མ ་ཡིན་པ་ཤེས་པ་ཐ་དད་པ་ན་ཐ་དད་པ་མ་ཡིན་པ་མེད་པའི་ཕྱིར་དང་། ངོ་ཤེས་པ་འཁྲུལ་པ་ཡིན་པས་ན་མངོན་སུམ་མ་ཡིན་པའི་ཕྱིར་རོ།། གཞན་ཡང་བདག་གིས་སྔར་ཤེས་པར་གྱུར་ཏོ་ཞེས་བྱ་བ་འདི་ནི ་སྔར་གྱི་ཤེས་པ་པོ་དྲན་པ་ཡིན་ལ། ང་ལྟངས་ཤེས་སོ་སྙམ་པ་ནི་ད་ལྟར་བའི་འཛིན་པ་ཡིན་ན། དུས་སྔ་མ་དང་ཕྱི་མ་དང་འབྲེལ་པའི་ཤེས་པ་པོ་གཅིག་གང་གིས་འཛིན། ཇི་སྟེ་ཤེས་པ་འདི་གཅིག ་ཡིན་དུ་བཅུག་ཀྱང་མངོན་སུམ་མ་ཡིན་ཏེ། ཡུལ་ཉེ་བ་མ་ཡིན་པའི་ཕྱིར་རོ།། མངོན་སུམ་ནི་རང་གི་དུས་སུ་ཆད་པའི་ཡུལ་ཡོད་པ་འཛིན་གྱི། དུས་གཞན་གྱིས་ཡོངསུ་བཅད་བ་ནི་མ་ཡིན་ནོ།། དུས་གཞན ་དུ་ཡོངས་སུ་བཅུད་པའི་ཡོད་པ་ནི་དུས་གཞན་གྱིས་ཚེ་ལྟ་བར་ནུས་པ་མ་ཡིན་ཏེ་གཞན་དུ་ན་སྔོན་གྱི་ཤེས་པས་ཀྱང་ད་ལྟར་བའི་ཡོད་པ་འཛིན་པར་འགྱུར་རོ།། དེ་ལྟ་ན་ཡང་ངོ་ཤེས་པ་ཚད་མར་མི་འགྱུར་ཏེ། ་གཟུང་ཟིན་པ་འཛིན་པའི་ཕྱིར་རོ།། ཡུལ་དུས་ལ་སོགས་བྱེ་བྲག་གིས། དེ་ཡང་ཚད་མའི་སྐབས་ཡོད་དེ། ད་ལྟར་བའི་ཡོད་པ་ཉིད།། སྔོན་གྱི་བློ་ཡིས་རྟོགས་མ་ཡིན། སྙམ་ན། དེ་ཅི་དེ་ལྟར་བའི་ཡོད་པ་ཡང ་གཞན་སྔར་ཡོད་པ་ཡང་གཞན་ཡིན་ནམ། དེ་ལྟའོ་ཞེ་ན། འོ་ན་ཁྱོད་ཀྱི་རང་གི་ཚིག་གིས་ཡུལ་ཐུ་དད་པར་ཁས་བླངས་པས་ན། ངོ་ཤེས་པ་ཚང་མར་ལེགས་པར་བསྒྲུབས་པ་ཡིན་ནོ།། མ་ཡིན་ནོ་ཞེ་ན། འོ་ན ་གཟུང་ཡིན་པ་མ་འདོགས།། ད་ལྟ་ན་ཡང་འདི་ལ་སྔར་མེད་པའི་དོན་ཤེས་པ་མེད་པས་ན། རེ་ཞིག་ཚད་མ་ཉིད་ཀྱང་མ་ཡིན་ནམ། མངོན་སུམ་ལྟ་ཅི་སྨོས་ཐ་དད་མེད་པར་གྲུབ་ཀྱང་དུས་ལ་སོགས་པ་འབྲལ ་ཅན་གྱི་བྱ་བྲག་གིས་ཐ་དད་པ་རྣམ་པར་བཞག་གོ་ཞེ་ན། དེ་ལྟར་ན་ཡང་སྔོན་གྱི་དུས་ལ་སོགས་པ་དང་འབྲེལ་པའི་ཡོད་པ་མངོན་སུམ་དུ་གྱུར་པར་མི་འོས་ལ། དྲན་པ་མེད་ན་ཡང་དེ་ཉིད་འདི་ཡིན་ནོ་སྙམ་པར་མི་འགྱུར ་ཞིང་ཏ་མངོན་སུམ་མེད་ན་ངན་པའི་དྲི་ཡང་མེད་པས་ན། བདག་སྔ་མ་དང་ཕྱི་མའི་དུས་ལ་ཁྱབ་པར་མངོན་སུམ་ལས་མི་འགྲུབ་པོ།། གཞན་ཡང་བདག་གིས་ཤེས་པར་གྱུར་ཏོ།། ད་ལྟ་བདག་གིས་ཤེས ་སོ་སྙམ་པ་འདི་ལ་ནི་ཤེས་པ་ཡང་བསལ་ལ། དེ་ཡང་དཔྱོད་པ་པའི་གྲུབ་མཐའ་ལྟར་ན་མངོན་སུམ་མ་ཡིན་ན། སྔོན་དང་ཕྱི་མའི་ཤེས་པ་དང་འབྲེལ་པ་ཅན་གྱི་ཤེས་པ་པོ་མངོན་སུམ་གྱིས་ཇི་ལྟར་གྲུབ་ཅེས་པ་མ་རིགས ་གོ།། དེས་ན་དེ་ལྟར་ངོ་ཤེས་པ་མངོན་སུམ་མ་ཡིན་ནོ།། རྟགས་ལས་མ་སྐྱེས་པས་ན་རྗེསུ་དཔག་པ་ཡང་མ་ཡིན་པའི་ཕྱིརརོ་ལོག་པའི་ཤེས་པ་ཁོ་ནའོ།། ལོག་པའི་ཤེས་པ་ནི་བདག་མེད་པའི་གནོད་བྱེད་དུ་མི་རིགས ་ཤིང་། འདི་ལ་བརྒལ་ཞིང་བརྟག་པ་ལེགས་པ་མ་ཡིན་ནོ།། འདི་ལ་དོན་དམ་པར་ན་ཡུལ་འགའ་ཡང་མེད་ལ། མངོན་པར་རློམ་པའི་དབང་གིས་ནི་ཕུང་པོ་ལྷའི་ཡུལ་ཅན་ཁོ་ན་ཏེ། དེའི་ཕྱིར་འདིའི་ཡུལ་ཅི་ཡིན། ་ཤེས་པ་སྔ་མའི་སྐད་ཅིག་ཡིན་ནམ། འོན་ཏེ་ད་ལྟ་ཡོད་པ་ཡིན་ནམ། འོན་ཏེ་གཉིས་ཡིན་ནམ། འོན་ཏེ་རྒྱུད་ཡིན་ཞེས་རྣམ་པར་བརྟགས་ནས་སུན་འབྱིན་པ་བརྗོད་པ་ནི་འབྲེལ་པ་མིང་པ་ཡིན་ནོ།། གལ་ཏེ་འདི་ལྡོག ་པའི་ཤེས་པ་ཡུལ་མེད་པ་ཡིན་ན་ཐམས་ཅད་དུ་ཅིའི་ཕྱིར་མི་འཇུག་ཅེ་ན་མ་ཡིན་ཏེ། འདུ་བྱེད་ཁ་ཅིག་ཁོ་ན་ལ་དེ་ལྟ་བུར་གྱུར་པའི་ཤེས་པ་བསྐྱེད་པོའི་ནུས་པ་ཡོད་པའི་ཕྱིར་རོ།། དེ་སྐད་དུ་སློབ་དཔོན་ཞི་བ་འཚོའི ་ཞལ་སྔ་ནས། འདུ་བྱེད་འགའ་ཞིག་ཁོ་ན་ནི། དེ་ཡི་ངོ་བོའི་ཞེན་པ་ལ། བདག་པོ་ཉིད་དུ་འགྱུར་བ་ཡིན། དེས་ན་ཀུན་འཇུག་མ་ཡིན་ན་ཞེས་གསུངས་པའོ།། གང་ཡང་བདག་རྗེསུ་དཔོག་པ།། གཟུགས་ལ་སོགས་པའི ་ཤེས་པ་ནི་རྒྱུ་མཚན་གཅིག་པ་ཅན་ཡིན་ཏེ། བདག་གིས་བྱེད་ཅེས་བྱ་བའི་ཤེས་པས་མཚམས་སྦྱོར་བའི་ཕྱིར་ན། དུས་མཚུངས་པའི་སྐྱེས་བུ་དུ་མའི་གར་མཁན་མོའི་སྨོན་མ་བསྐྱེད་པ་ཤེས་པ་བཞིན་ནོ།། ཞེས ་བྱ་བ་ལ་དེ་ཡང་རྟགས་མ་ངེས་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ།། འདི་ལྟར་མཚམ་སྦྱོར་བ་ཡང་ཡིན་ལ་རྒྱུ་མཚན་གཅིག་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ལ་འགལ་བ་མ་མཐོང་ངོ་།། གལ་ཏེ་མཚམས་སྦྱོར་བ་རྒྱུ ་མཚན་གཅིག་པ་ཅན་དུ་ངེས་པར་གྲུབ་པ་ཡིན་ན་དེ་ལས་ཤེས་པ་རྣམས་རྒྱུ་མཚན་གཅིག་པ་ཅན་ཡིན་པ་ཞིག་ན། དེ་ནི་འགར་ཡང་གྲུབ་པ་མེད་དོ།། སྨིན་མ་བསྐྱོད་པ་གཅིག་གི་ཡུལ་ཅན་རྣམས་ལ་གྲུབ་པོ ་ཞེ་ན། གྲུབ་པ་མ་ཡིན་ཏེ། གལ་ཏེ་མཚམས་སྦྱོར་བའི་ཤེས་པ་ཁ་ཅིག་རྒྱུ་མཚན་གཅིག་པ་ཅན་དུ་མཐོང་མེད་ཀྱི། འོན་ཀྱང་དེ་ལྟར་གྱུར་པ་ཐམས་ཅད་དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་གང་ལས་ཏེ། བཟློག ་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ།། འདི་ལྟར་བདག་གིས་མི་ཐོང་ངོ་བདག་གི་ཐོས་སོ་སྙམ་དུ་ལྟ་བ་དང་ཉན་པ་དག་གིས་བྱེད་པ་པོ་གཅིག་ཉི་དུ་ངེས་པའི་ཤེས་པོ་སྐྱེ་ལ། དེ་ནི་དུས་ཐ་དད་པ ་སུ་མེད་པ་ཁོ་ན་ཏེ། དེ་སྐད་དུ་ཡང་ན་སྣ་ཚོགས་པ་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིར་ཞེས་བཤད་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ཡང་དེ་གཉིས་མེད་པ་མ་ཡིན་ཏེ། གཉིས་ལས་ཐ་དད་པར་མི་སྣང ་བའི་ཕྱིར་རོ་ཞེས་བྱ་བ་དང་། ཡང་ན་དེ་ཤེས་པ་མ་ཡིན་ཏེ། ཤེས་པ་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིརརོ།། ཡང་ན་དེ་རིགས་པ་མ་ཡིན་ཏེ། རིགས་པ་མ་ཡིན་པ་ལས་ཐ་དད་པར་མི་སྣང་བའི་ཕྱིརརོ།། ཞེས་བྱ་བར་ཡིད ་བརྗོད་དགོས་སོ།། དྲོན་དམ་པར་དེ་ལྟ་བུ་ཁོ་ན་ཡིན་ནོ་ཞེ་ན། འོ་ན་ཅུང་ཟད་ཀྱང་བརྗོད་དུ་མེད་པས་ན་ལྐུགས་པ་ཉིད་དུ་འགྱུར་རོ།། རང་གིས་ཀྱང་ཅུང་ཟད་ཀྱང་རྣམ་པར་བཞག་པར་མི་བྱ་སྟེ། དེར་ཡང་རིག་པ་འདི་མཚུངས་པའི ་ཕྱིར་རོ།། བརྗོད་པའི་ཀུན་རྫོབ་ཀྱི་འདི་ཐམས་ཅད་བརྗོད་པར་བྱ་བ་ཡིན་ཞིང་རྣམ་པར་བཞག་པར་བྱ་བ་ཡང་ཡིན་ཞེ་ན། འོ་ན་སྣ་ཚོགས་པ་ཉིད་དུ་ཡང་བརྗོད་ཅིང་རྣམ་པར་བཞག་པར་ཡང་གྱིས་ཤིག། དེ་བརྗོད་པ་དང་རྣམ་པར ་བཞག་པ་དག་དང་ཐ་དད་པའི་བརྗོད་པ་དང་རྣམ་པར་བཞག་པ་དག་ཀྱང་དགག་པར་མི་འོསོ།། སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། ཐ་དད་པ་མ་ཡིན་ཞེ་ན། དེ་ལྟ་ན་སྣ་ཚོགས་པར་མི་འགྱུར་ཞིང་། ཐ་མི་དད་པར་ཡང ་མི་འགྱུར་ཏེ། དེ་ལ་ཡང་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ།། ངོ་བོ་ཐ་མི་དད་པར་འཛིན་པའི་བློ་ནི་ཡོད་པ་མ་ཡིན་ཏེ། དེ་སྐད་དུ། དངོས་མཐོང་མེད་ཕྱིར་གཅིག་མ་ཡིན།། བློ་དངོས་ཐ་དད་མེད་མཐོང་བས། ཐ་དད་མེད་པ ་ངེས་པར་འགྱུར། ཞེས་གསུངས་སོ།། ཐ་དད་མེད་པར་མི་འཛིན་པའི་ཕྱིར་ཐ་དད་པ་གྲུབ་པོ་ཞེ་ན། ཐ་དད་པ་མེད་པར་མི་འཛིན་པའི་ཕྱིར་ཐ་དད་པར་ཅིའི་ཕྱིར་མི་འགྲུབ།། ཐ་དད་པ་ཡིན་ཕན་ཚུན་ལྐོག་ཏུ་གྱུར་པར་འགྱུར་རོ་ཞེ་ན། ཐ་དད་། ་ན་ཡང་སྣ་ཚོགས་དང་འགལ་བ་རྣམ་པ་གཅིག་ཏུ་འགྱུར་རོ།། ཐ་དད་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་ཡང་མ་གྲུབ་པ་ཡིན་ཏེ། མངོན་སུམ་ཉིད་ཀྱིས་ཐ་དད་པར་གྲུབ་པའི་ཕྱིར།། འདི་འདི་ལས་ཐ་དད་དོ་ཞེས་མ་རྟོགས་པའི་ཕྱིར་དེ ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་རང་གི་ངོ་བོ་ཡིན་ཞེས་མི་རྟོགས་པས་ན་དེ་ཡང་མིངོན་སུམ་གྱིས་མི་འགྲུབ་པོ།། རྣམ་པར་མི་རྟོག་ཀྱང་རང་གི་ངོ་བོ་སྣང་ངོ་ཞེ་ན། འདི་ནི་ཐ་དད་པ་ལ་ཡང་མཚུངས་སོ།། དུ་མ་དམིགས་པ་ཡིན་པ ་ཡོན་ཐ་དད་པར་སྣང་བ་ཡིན་ཏེ། དེས་ན་དེ་མེད་ནུ་མི་འབྱུང་ཞེ་ན། དེ་ཅི་ཁྱེད་རྟུ་ལ་ཞོན་ནས་རྟ་བརྗེད་དམ། རྣམ་པ་སྣ་ཚོགས་ཅན་གྱི་ཤེས་པ་གཅིག་ཡིན་པར་སྨྲ་བ་ཡིན་ལ།། ཁོ་བོ་ཅག་ཀྱང་དེ་ཉིད་ཐ་དད་པར་སྒྲུབ་པ་ཡིནོ།། ། ་དེས་ན་དུ་མ་མ་གཟུང་བའི་ཕྱིར་ཐ་དད་པ་མི་འཛིན་ཞེས་བྱ་བའི་ལན་འདི་གང་དུ་འབྲེལ་བར་འགྱུར། དེ་ལྟ་བུར་གྱུར་པའི་རང་གི་ངོ་བོ་བཞིན་དུ་རིག་པའི་ཁོངསུ་འདུས་པ་དེའི་བདག་ཉིད་དུ་གྱུར་པ་དད་པར་འགལ་ལོ་ཞེ་ན། དེ ་ལས་བཟློག་པའི་ངོ་བོ་ཅན་ཡང་དེས་པ་མི་དད་པ་འགལ་བ་ཁོ་ན་མ་ཡིན་ནམ། དངོས་པོ་ལ་རྣམ་པ་གཞན་མདོ་ཞེ་ན། འོ་ན་དེ་ལྟར་ན་དངོས་པོ་མེད་པ་ཉིད་དུ་འགྱུར་རོ།། གཞན་དམིགས་ཀྱང་དང་པོ་གཞན་གྱིས་ངོ། ་འམ་ཐ་མི་དད་པ་དེ་དག་གིས་བྱེད་པ་པོ་གཅིག་ཉིད་དུ་མཐོང་བ་འམ་རྗེ་སུ་དཔག་པའི་རྗེ་སུ་འབྲང་བ་ཡང་མ་ཡིན་ལ། རང་གིས་མཐོང་བ་འམ་རྗེསུ་དཔོག་པ་ཡང་མ་ཡིན་ན། ཚད་མ་ཅན་མ ་ཡིན་ཞིང་ཚད་མ་ཡང་མ་ཡིན་པའི་ཞེན་པས་ངེས་པའི་དངོས་པོ་ལས་འདའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཡིན། རྒྱུ་མཚན་སྣ་ཚོགས་ལ་མཚམས་སྦྱོར་བ་མི་མཐོང་ངོ་ཞེ་ན། གལ་ཏེ་མ་མཐོང་བ་དེ་ལྟ ་ན་ཡང་ཐེ་ཚོམ་མི་བཟློག་སྟེ། མི་དམིགས་པ་ཙམ་ཚད་མ་ཡིན་པའི་ཕྱིར་རོ།། རྒྱུ་མཚན་ཐ་དད་པ་ལ་ཡང་མཚམས་སྦྱོར་བ་དམིགས་པ་ཁོ་ན་ཏེ། འདི་ལྟར་བདག་གིས་སྒྲོན་མ་གང་ཞིག་སྲོང་ལ་མཐོང་བ་དེ་ཁོ་ན་དུ ་ལྟ་ནམ་ཕྱེད་ན་ཡང་སྣང་ངོ་།། ཞེས་སྔ་མ་དང་ཕྱི་མའི་མཐོང་བ་དག་མཚམས་སྦྱོར་བ་ཡོད་ཀྱང་རྒྱུ་མཚན་ཅིག་པ་ཅནྡ་ནི་མ་ཡིནོ།། བྱེད་པ་པོ་གཅིག་ཡིན་པས་ན་འཁྲུལ་པ་མེདདོ་ཞེ་ན། མ་ཡིན་ཏེ། ཡུལ་ཐ་དད། ་པ་ལ་བསམས་ནས་འཁྲུལྔ་པ་བརྗོད་པའི་ཕྱིར་རོ།། མཚམས་སྦྱོར་བ་འདིས་ནི་བྱེད་པ་པོ་བཞིན་དུ་ལས་ཀྱང་གཅིག་ཉིད་དུ་མཚམས་སྦྱོར་ལ། དེ་ལ་ལས་ལ་བལྟོས་ནས་འཁྲུལ་པ་བཟློག་པར་དཀའོ།། ་འདིར་རེ་ཞིག་རྒྱུ་མཚན་གཅིག་པ་ཅན་ཉིད་ཡོད་དེ། དེས་ན་བཟློག་པར་སླའོ་ཞེ་ན། བྱེད་པ་པོ་གཅིག་པ་ཙམ་གྱིས་ཤེས་པ་རྣམས་ཀྱི་ཡུལ་ཐ་དད་པར་ཞེན་པའི་མཚམས་སྦྱོར་བ་ཁས་ལེན་ནི། ཡུལ་ཐ་དད་བྲི ་ཐ་སྙད་དང་བྲལ་བར་ཐལ་བའི་ཕྱིར་རོ།། དེས་ན་འདི་ནི་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ཐུན་མོངས་པ་ཉིད་ཀྱི་སྒོ་ནས་ཀྱང་མ་ངེས་པའི་གཏན་ཚིགས་ཡིན་ཞིང་། རྣལ་འབྱོར་སྤྱོད་པའི་ལུགས་ལྟར་ན། དཔེ་མ་གྲུབ་པ ་ནཐུན་མོང་མ་ཡིན་པའི་སྒོ་ནས་ཀྱང་ཡིནོ།། མ་ངེས་པའི་བརྟགས་ནི་རྗེསུ་དཔག་པའི་ཡན་ལག་མ་ཡིན་ཞིང་། ཚུལ་གསུམ་ངེས་པ་ཅན་གྱི་བདག་གི་སྒྲུབ་བྱེད་གཞན་ཡང་མེད་པ་ན། ཐོག་མ་མེད་པ་ནས་ལོག་པར ་རྟོགས་པའི་བག་ཆགས་ཀྱི་དབང་དུ་བྱས་པའི་ཡིད་ཅན་རྣམས་ཀྱི་བདག་ཏུ་རྟོག་པ་འདི་ནི་རྒྱུ་མཚན་མེད་པ་ཡིནོ།། འདི་ལས་ཀྱང་རྒྱུ་མཚན་མེད་པ་ཡིནྡ་ཏེ། འདིའི་ཡུལ་བཀག་པ་གང་ཡིན་པའོ།། བེམས་པོ་དང་བ ་པོ་མ་ཡིན་པའི་ཤེས་པ་པོ་གཅིག་སུམ་འབྱིན་པས་ཡུལ་འགྲོག་པ་བལྟ་བར་བྱ་སྟེ། ཧ་ཅང་ཐུལ་བས་ཆོག་གོ། དེ་ལྟ་ན་རེ་ཞིག་ཕྱོགས་གཉིས་པ་མི་རིགས་པ་ཡིནོ།། གསུམ་པ་ཡང་མི་རིགས་ཏེ། གཅིག་ཡིན་ན་སྣ ་ཚོགས་ཉིད་འགལ་བའི་ཕྱིར་རོ།། རྣམ་པར་ཤེས་པ་གཅིག་ལས་ཐ་མི་དད་པའི་རྣམ་པ་སྣ་ཚོགས་པ་ག་ལ་ཡིན་ཞིང་། རྣམ་པ་སྣ་ཚོགས་དང་ཐ་དད་མེད་པའི་ཤེས་པ་གཅིག་ག་ལ་ཡིན་ཏེ། ཤེས་ལས་ཐ་དད་མ་ཡིན། ་ཕྱིར། རྣམ་པ་མང་པོར་མི་འགྱུར་ཞིང་།། རྣམ་པ་ལས་ནི་གཞན་མིན་ཕྱིར།། ཡང་ན་ཤེས་པ་དུ་མར་འགྱུར།། ཞེས་གང་བཤད་བ་ཡིན་ནོ།། ཇི་སྟེ་ཀུན་རྫོབ་ཏུ་རྣམ་པ་སྣ་ཚོགསུ་བརྗོད་པ་ཡིན་ལ། དོན་དམ་པར་དེ་གཉིས ་བོས་ཐ་དད་པ་མ་ཡིན་ཏེ། ཐ་དད་པ་འདི་ཐ་དད་པ་ལས་ཐ་མི་དད་པའི་ཕྱིར་རོ།། ཐ་དད་པ་ཡིན་ན་དངོས་པོའི་ཆེལ་པས་ན་དེ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ།། དེ་ཡང་ཐ་དད་པ་ལས་ཐ་མི་དད་པའི ་ཕྱིར་ཐ་དད་པར་གཞན་ཁས་ལེན་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། རང་གི་ངོ་བོས་ཐ་དད་ན་དངོས་པོ་གཞན་དམིགས་པས་ཅི་ཞིག་བྱ།། དེ་ནི་འདི་འདི་ལ་ཐ་དད་དོ་སྙམ་པའི་རྣམ་པར་རྟོག་པ་སྐྱེ་བ་ཙམ་ལ་ཉེ་བར ་མཁོ་བ་ཡིན་གྱི། དེའི་ངོ་བོ་མངོན་སུམ་དུ་བྱེད་པ་ལ་ནི་མ་ཡིན།། དེ་ཉིད་ཀྱི་ཕྱིར་སྔ་མ་དང་ཕྱི་མ་དག་ལྷན་ཅིག་དམིགས་པ་མེད་ཀྱང་། ཐ་དད་པར་འགྱུར་བ་ཉིད་དོ་དམིགས་པ་མི་དམིགས་པ་ལས་ཐ་དད་པར་ཇི་ལྟར་འགྲུབ་ཅེ་ན། ་དེ་ཉིད་ཀྱི་ཕྱིར་ན་རྣམ་པ་གཞན་དང་ནི་ས་མི་དམིགས་པ་ཉིད་མི་འགྲུབ་པོ།། དེ་ལྟ་བྱས་ནི་དམིགས་པར་འགྲུབ་ལ། སྔ་མ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཐ་དད་པ་གྲུབ་པ་མི་འགལ ་ལོ། དེ་ནི་མི་རྟོགས་པ་དེ་ལས་ཐ་དད་པར་ནི་རྟོགསོ་ཞེས་བྱ་བ་འདི་འགལོ་ཞེ་ན། འདི་ལ་ཉམས་པ་ཅུང་ཟད་ཀྱང་མེད་དེ། འགལ་ཟླས་ལྕོགས་པ་ལ་དེ་ལས་གཞན་པ་དེའི་བདག་ཉིད་དུ་མ་རྟོགས་པ་ཉིད་དེ་ལུས་ཐ་དད ་པ་ཡིན་ལ། དེ་ནི་དེ་མ་རྟོགས་ཀྱང་ཉམས་མེད་པས་ན་ཐ་དད་པ་རྟོགས་པ་ལ་དགོས་པ་མེད་དོ།། དེ་ནི་མི་རྟོགས་པ་དེ་ལས་ཐ་དད་པར་རྟོགས་སོ་ཞེས་བྱ་བ་འདི་ཉིད་འགལ་བ་ཡིན་ཏེ། གཅིག་ཡིན་ན་མི་རྟོགས་པ ་མི་འཐད་པའི་ཕྱིར་རོ།། གཉིས་སུ་མེད་པར་སྨྲ་བ་འདི་ནི་ཐ་སྙད་འདོགས་པ་རྣམས་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། ཐ་སྙད་ཐམས་ཅད་ནི་བླང་བྱ་དང་དོར་བྱ་ཉིད་ཀྱི་སྒོ་ནས་ཐ་དད་པའི་རྟེན་ཅན་ཡིན་པའི་ཕྱིར་རོ།། གཉིས ་སུ་མེད་པར་སྨྲ་བ་ནི་གྲོལ་བར་འདོད་པ་རྣམས་ལ་ཡང་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཀྱང་དབྱེར་མེད་པའི་ཕྱིར་རོ།། སྲིད་པ་དང་ནི་མྱ་ངན་འདས། གཉིས་པ་འདི་ནི་ཡང་མིན་ཏེ། སྲིད་པ་ཡོངསུ ་ས་པ་ཉིད། མྱ་ངན་འདས་པ་ཞེས་བྱར་བརྗོད་ཞེས་པ་ལྟར་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། དེ་ཁོ་ན་ཤེས་པ་ཡང་། ཅིག་ཤོས་ཡང་ཐ་མི་ད་པའི་ཕྱིར་རོ།། དེས་ན་འདི་ཉེ་བར་མཁེ་བ་དང་ལྡན་པ་ཡང་མ་ཡིན ་པས་ན་ན་མཁས་པ་རྣམས་འདི་ལ་ཇི་ལྟར་མངོན་པར་ཞེན་ཞེས་མི་རིག་གོ། བཤད་པ་མཛད་པས་ནི་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་རློམས་ཏེ་གསུངས་པས་རྣལ་འབྱོར་སྤྱོད་པའི་ཚུལ་སྒྲུབ་པ་ན་དེ་སྐད་གསུངས་པ ་ཡིནོ།། སྣ་ཚོགས་གཉིསུ་མེད་པ་ཁོ་ན་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་སྐྱབས་ཡིན་ནོ།། འདི་ལྟར་རྣམ་པར་ཤེས་པ་རྣམ་པ་མེད་པར་སྨྲ་བ་ནི་ཐེ་ཆང་ཡིན་ལ། རྣམ་པ་དང་བཅས་པ་ཡིན་པ་ནི་ཡང་གལ་ཏེ་སྣ་ཚོགས་གཉིས་མེད ་པ་ལ་སྡང་ན། གང་དུ་ཡང་གཅིག་ཉིད་རྣམ་པར་མི་གནས་ཏེ། དེ་ལྟར་དཀར་པོ་ལ་སོགས་པ།། རིག་པ་རྣམས་པ་གཅིག་ལ་ནི། ཐོག་མ་པར་མཐའི་བྱེ་བྲག་གིས།། སྣ་ཚོགས་ཉིད་དུ་དམིགས་པ་ཡིན། ཞེས་གང་བཤད ་པ་ཡིན་ནོ།། རྣམ་པར་ཤེས་པའི་རྡུལ་ཕྲ་རབ་ཡོངས་རྟོགས་པ་ཡང་ཡང་དག་པར་རིགས་པ་མེད་པའི་ཕྱིར་སྡིག་པ་ལས་ཀྱང་སྡིག་པ་ཡིན་ཏེ། སྤྲོས་པས་ཆོག་གོ།། ཕྱོགས་བཞི་པ་ལ་བརྟེན ་པ་ཡང་རིགས་པ་མ་ཡིན་ཏེ། གཟུང་བའི་རྣམ་པ་རྫུན་པ་ཡིན་ན་གསལ་བ་མི་འཐད་པའི་ཕྱིརརོ།། དེ་ལྟར་ན་ཤེས་པ་གསལ་བ་ཁོ་ན་གསལ་བ་ཡིན་ནམ། དེའི་བདག་ཉིད་མ་ཡིན་པ་ཡིན་གྲངས་ན། ཕྱོགས་དང་པོ་ལྟར ་ཤེས་པའི་རང་བཞིན་ཉིད་དུ་འགྱུར་རོ།། ཤེས་པའི་གསལ་བ་མིག་གསལ་བ་ལས་ལོག་པའི་ངོ་བོ་གང་ཡིན་པ་སྟེ། གལ་ཏེ་གཟུང་བའི་རྣམ་པ་ལ་ཡོད་ན། སུ་ཞིག་དེའི་བདག་ཉིད་ཡིན་པ་འགོག་པར་བྱེང་། གཉི། ་བ་ལྟར་ན་གུང་དུ་གསལ་བས་ན་ཤེས་པ་བཞིན་གཞན་ཉིད་དུ་འགྱུར་ཏེ། གསལ་བ་ནི་ཤེས་པའི་ཆོས་ཡིན་པའི་ཕྱིར་རོ།། གང་ཡང་གཟུང་བའི་རྣམ་པ་མེད་པའི་ཕྱིར་དེ་ལ་བལྟོས་པས་འཛིན་པ་ཡང་མེདདོ་ཞེས ་བརྗོད་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། གཟུང་བ་བརྫུན་པ་ཡིན་ཡང་འཛིན་པ་དོན་དམ་པ་ཉིད་ཡིན་ཏེ། མེད་པ་གསལ་བའི་ནུས་པ་མ་རིག་པའི་བདག་ཉིད་ནི་ཤེས་པའི་ངོ་བོ་ཡིན་པས་ན། དེ་མེད་ན་དེ་ཡང་མེད ་པར་ཐལ་བའི་ཕྱིརརོ།། ཕྱོགས་ལྔ་པ་ལ་བརྟེན་པ་ཡང་བཟང་པོ་མ་ཡིན་ཏེ། ཤེས་པ་ནི་གསལ་བའི་ངོ་བོ་ཡིན་པའི་ཕྱིར་དེ་མེད་ན་ཡོད་པ་འགལ་བའི་ཕྱིར་རོ།། ཇི་སྟེ་དེ་ནི་གསལ་བ་ཁོ་ན་སྟེ་མི་ངེས་པར་ཟདོ་ཞེ་ན། ་མཱ་ངེས་ན་གསལ་ལོ་ཞེས་བྱ་བྲག་ལས།། གཞན་དུ་ན་ཀུན་ཏུ་བརྟགས་པ་གསལ་བ་མི་འཐད་པའི་ཕྱིརརོ་ཞེ་ན། གལ་ཏེ་དེ་གསལ་བ་ན་ཀུན་ཏུ་བརྟགས་པ་གསལ་བར་མཐོང་ན་རྗེསུ་དཔག་པ་འདིར་འགྱུར་བ་མ ་ཡིན་ནམ། དེ་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་དེ་གསལ་བར་ངེས་པ་མེད་པའི་ཕྱིར་རོ།། གསལ་བའི་ཆོས་ཅན་ནི་ནམ་ཡང་ཇི་ལྟར་ཡང་མ་ངེས་པ་མི་རིགས་ཏེ། འདི་ལྟར་སེམས་དོན་གཞན་ལ་ཞུགས་པ ་འགྲོ་བ་ན་རྩཝ་ལ་སོགས་པ་ལ་རིག་ཀྱང་མི་ངེས་པ་དེ་ལྟ་ཡང་མཐོང་བ་གཞན་ལ་ངེས་པར་བྱེད་པ་ཁོ་ན་ཡིན་ལ། སྔོན་པོ་ལ་སོགས་པ་དམིགས་པ་གྱུར་པ་སྐད་ཅིག་མ་ཉིད་དུ་མ་ངེས་ཀྱང་སྔོན་པོའི་བདག་ཉིད་དུ ་ཞེན་པ་ཁོ་ནའོ།། གལ་ཏེ་གང་ཞིག་ངོ་བོ་གང་དུ་ཡང་ནམ་ཡང་རྗེསུ་དཔག་པར་བྱ་བ་མ་ཡིན་པ་དེ་ཡང་གསལ་ནུ་ཐམས་ཅད་ལ་ཐམས་ཅད་གསལ་བར་འགྱུར་རོ།། གལ་ཏེ་དེར་དེ་ལྟ་བུ་གང་ཡང་གསལ་བ་མི ་བཟོད་ན།། དེ་ལ་ཡང་བཟོད་པར་མི་བྱའོ་ཞེས་ངེས་སོ།། རྣལ་འབྱོར་པ་རྣམས་ལ་ངེས་པ་ཡོད་དོ་ཞེ་ན། རེ་ཞིག་ཚེ་འདི་ལ་ནི་གང་ལ་ཡང་མ་དམིགས་ལ་གནས་སྐབས་དེར་སོན་པ་རྣམས་ཀྱིས་ནི་མ་གཏོགསོ།། ་གཞན་ཡང་འབྱུང་བར་འགྱུར་བའི་རྣལ་འབྱོར་པའི་ངེས་པ་བརྟགས་ནས་ཡང་ཡོད་པའི་ཐ་སྙད་འདོགས་ན་ནམ་ཡང་སྣང་བ་གང་ཡང་མེད་པའི་ཐ་སྙད་དུ་མི་བྱ་བར་འགྱུར་བས་ན། འདི་ནི་གྱི་ནའོ།། གང་ཡང ་ཀུན་རྫོབ་གཞི་མེད་པ་མི་འཐད་དོ་ཞེས་བརྗོད་པ་དེ་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་མ་ཡིན་པ་དག་ཉེ་བར་བླང་བྱ་དང་ཉེ་བར་ལེན་པའི་ངོ་བོར་མ་རྟོགས་ཤིང་། འབྲས་བུ ་ཡིན་ན་ཡང་ཀུན་རྫོབ་དུ་མ་རྟོགས་སོ།། ཀུན་རྫོབ་ཀྱི་གཞི་ཀུན་རྫོབ་ཁོ་ན་ཡིན་པས་ན་དབུ་མ་པ་ཁོ་ན་ལ་དེ་གཞི་དང་བཅས་པར་མཐོང་སྟེ། མང་དུ་སྨྲ་བས་ཚིག་གོ། དེ་ལྟར་ཤེས་པ་རྣམ་པ་དང་བཅས་པ་དང་རྣམ ་པ་མེད་པ་དཔྱད་མི་བཟོད་ཅིང་རྣམ་པ་གཞན་ཡང་མེད་པས་འདི་ཀུན་རྫོབ་དུ་ཡོད་པ་ཉིད་རིགས་པའི་སྟོབས་ལས་འོངས་པ་ཡིནོ།། སྦྱོར་བ་ནི་དེ་ཁོ་ནར་མེད་པའི་ཁྱབ་བྱེད་ཅན་གྱི་ཆོས་གང་ཡིན་པ་དེ་ནི་ཁོ་ནར་མེད་པ་ཡིན ་ཏེ། དཔེར་ན་རྟག་པ་དེ་ཁོ་ནར་མེད་པའི་ནུས་པའི་ངོ་བོ་གཅིག་པུའི་རང་བཞི་ནི་ཁྱབ་པར་བྱེད་པ་ཅན་གྱི་ཆོས་ཡིན་པ་བཞིན་ནོ།། རྣམ་པར་ཤེས་པ་ཡང་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་བདག་ཉིད་དེ་ཁོ་ནར ་མེད་པའི་ཁྱབ་པར་བྱེད་པ་ཅན་གྱི་ཆོས་ཡིནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ།། འདི་མ་གྲུབ་པ་ཡིན་པ་ནི་སྤངས་ཟིན་པ་ཉིད་ཡིན་ཞིང་། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ།། ་རྣམ་པ་གཞན་མེད་པའི་ཕྱིར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཡིན་པ་ན། ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡོད་པ་མི་འཐད་པས་ན་མ་ངེས་པ་ཉིད་ཀྱང་རྒྱང་བསྲིངས་པ་ཡིན་ནོ།། དེས་ན ་སྒྲུབ་པར་བྱེད་པ་འདིས་གྲུབ་པ་གང་ཡིན་པ་དེ་ནི་མཁས་པ་རྣམས་ཀྱི་མཁས་བླང་བར་འོས་སོ།། ཇི་སྟེ་ཕྱི་རོལ་གྱི་མངོན་སྲན་ཕྱུང་སྟེ་རྣལ་འབྱོར་སྤྱོད་པས་རྣམ་པར་བཞག་པའི་རྣམ་པར་ཤེས་པ་ཡང་དེ ་ཁོ་ན་ཡིན་པ་སྤོང་བའི་དབུ་མ་པ་རྣམས་དེ་ཁོ་ན་ཇི་ལྟ་བུ་ཞིག་ཏུ་ལྟ་ཞེ་ན། ཡོད་མིན་མེད་མིན་ཡོད་མེད་མིན། གཉི་ག་མིན་པའི་བདག་ཉིད་མིནྟེ། དེ་ཉིད་མཐའ་བཞི་ལས་གྲོལ་བ།། དབུ་མ་པ་ཡིས་རྟོགས་པ་ཡིན ་མཐའ་བཞི་སྟེ། རྣམ་པ་བཞི་ལས་གྲོལ་བའི་དེ་ཁོ་ན་དབུ་མའི་སྒྲུབ་པས་སྤྱོད་པ་རྣམས་ཀྱི་རིགས་པ་ཡིན་ནོ།། འདི་ལྟར་ཡོད་མིན་ཏེ། ཡོད་པའི་བདག་ཉིད་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་ཡོད་པ ་མི་འཐད་པའི་ཕྱིརརོ།། མེད་མིན་ཀུན་རྫོབ་ཏུ་ཡང་མེད་པ་མ་ཡིན་ཏེ། ཀུན་རྫོབ་ལ་བརློན་གདབ་པར་མི་ནུས་པའི་ཕྱིར་རོ།། ཡོད་པ་དང་མེད་པའི་བདག་ཉིད་ཀྱིས་གཉི་གའི་ངོ་བོ་ཡང་མ་ཡིན་ཏོ། ཡོད་པ་དང ་མེད་པ་འགལ་བའི་ཕྱིར་རོ།། ཡོད་པ་དང་མེད་པ་ལས་གཞན་པ་གཞན་པ་གཉི་ག་མ་ཡིན་པའི་རང་བཞིན་ཡང་མ་ཡིན་ཏེ། གཉིས་ལས་ཕྱི་རོལ་ཏུ་གྱུར་པ་མ་བསལ་བའི་རང་བཞིན་མི་འཐད་པའི་ཕྱིར་རོ།། ། ་འོ་ན་དེ་ཁོ་ན་ཅི་ཡང་མ་ཡིནོ་ཞེས་བྱ་བར་འགྱུར་ཞེ་ན། འདི་ལྟ་སྟེ་ཡོད་པ་དང་མེད་པ་ལ་སོགས་པས་སྟོང་པ་ཞེས་བྱ་བ་འདི་ཁོ་ན་མ་ཡིན་ནམ། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས།། ཡོད་དང་མེད་ཅེས་གཉི་ག་མཐའ ་དག་དང་མ་དག་འདི་ཡང་མཐའ། དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས།། མཁས་པས་དབུས་ལའང་གཞན་མི་བྱེད།། ཅེས་གསུངསོ།། འདིས་ནི་གཞོན་ནུ་མ་ལེན ་གྱིས། དེ་ལ་རྣལ་འབྱོར་སྤྱོད་པ་རྣམས།། དོན་མཐོང་རྣམ་པར་ཤེས་ལ་རྟེན།། གང་དག་དབུ་མ་པར་སྨྲ་རྣམས།། དེ་ཡང་མེད་པར་འདོད་པ་ཡིན།། ཞེས་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ།། ་གང་གིས་འདི་བརྗོད་པ་མཛེས་པར་གྱུར་པ་དབུ་མ་པའི་དེ་ཁོ་ན་ནི་ཐམས་ཅད་མེད་པ་མ་ཡིན་ཏེ། དེ་དག་མེད་པ་ཉིད་དུ་ཡང་མི་འདོད་པའི་ཕྱིར་ཏེ། རེ་ཞིག་ཉེས་པ་ཐམས་ཅད་ཀྱིས།། འབྱུང་གན ་མེད་པ་བསལ་བ་ཡིན།། ཞེས་གསུངསོ།། ཡོད་པ་བཀག་པ་ཉིད་ཀྱིས་མེད་པར་འདོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མེད་པ་ནི་ཡོད་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། དེ་མ་གྲུབ་ན་དེ་ཡང་མི ་འགྲུབ་པའི་ཕྱིར་རོ།། མེད་པ་ཡོད་པའི་ཟླས་དྲང་ཏེ། ཡོད་པ་མེད་པའི་བླས་དྲང་ཡི།། དེ་ཕྱི་མེད་པ་མི་བརྗིད་ཅིང་།། ཡོད་པར་ཡང་ནི་མི་བརྟག་གོ།། ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པའོ།། གཞན་ཡང་གལ་ཏེ། ་དངོས་པོ་མེད་པ་ཁོ་ན་ཡིན་ན་དེ་ཡོད་པར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་གང་བརྗོད་པ། དེ་ལ་ཁོ་བོ་ཅག་ཀྱང་སྨྲ་སྟེ། གལ་ཏེ་དངོས་པོ་ཡོད་པ་ཁོ་ན་ཡིན་ན་ཇི་ལྟར་བཅོམ་ལྡན་འདས ་ཀྱིས་དེ་རང་བཞིན་མེད་པར་གསུངས།། འོ་ན་འདིར་དེ་ཁོ་ན་གང་ཡིན་ཞེ་ན། རང་བཞིན་མེད་པ་ཁོ་ན་དོན་དམ་པ་པ་ཡིན་ཞིང་། ཁྱད་པར་དུ་སྟོང་པ་ཁོ་ན་མོང་གཞན་དུ་དེ་ཁོ་ནར་མགོན་པོས་བསྟན་པ་ཡིན། ་ལ། དེ་ཀུན་རྫོབ་པ་ཡིན་ཡང་མི་འགལ་བ་ཉིད་དོ།། སྟོང་པ་ཉིད་དུ་སླུ་བ་ནི་དངོས་པོ་རྣམས་ཀུན་རྫོབ་ཏུ་ཡོད་པ་ཡང་མི་སྤོ་མ་ཡི།། དེས་ནི་ཡོད་པར་བསྟན་པ་འདི་སྟོང་པ་ཉིད་དོན་དམ་པ་པར་འཐད་པ་བསྔལ་བའི ་ཕྱིར་བསྟན་པར་མི་རིགསོ།། ཐམས་ཅད་དོན་དམ་པ་པ་ཡིན་ནི་སྟོང་པ་ཉིད་བསྟན་པ་མི་འཐད་པས་ན་ངེས་པར་དེ་ལ་གནོད་པ་ཡིན་ནོ།། དེས་ན་སྟོང་པ་ཉིད་དུ་བསྟན་པ་བསྟན་པ་གཞན་གྱིས་མི་གནོད ་པས་ན་ངེས་པའི་དོན་ཡིན་པས་ཚད་མ་ཡིན་ལ། བསྟན་པ་གཞན་ནི་བཟློག་པ་ཡིན་པས་ཚད་མ་མ་ཡིན་ནོ།། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་ཚད་མས་མི་བསླུ་བ་དང་ལྡན ་པ་ཡིན་ན་དེ་ལ་དེ་ལས་བཟློག་པའི་ངོ་བོ་ཅན་གཞན་གྱིས་སེལ་བ་འམ་གེགས་བྱེད་པར་ཇི་ལྟར་འགྱུར། སེལ་བ་དང་གེགས་བྱེད་པ་མེད་པ་ལ་ནི་དྲངས་པའི་དོན་ཉིད་དུ་རྟོག་པ་རིགས་པ་དང་ལྡན་པ ་མ་ཡིན་ནོ།། སྟོང་པ་ཉིད་ལི་ཚད་མས་མི་བསླུ་བ་མི་སྲིད་པ་ཁོ་ན་མ་ཡིན་ནམ། སྒྲུབ་བྱེད་གང་གིས་སྟོང་པ་ཉིད་ཡིན་པ་དེ་ཡང་སྟོང་པ་འམ་མི་སྟོང་པ་ཞིག་ཡིན་གྲང་ན། སྟོང་པ་ཡིན་ན་དེ་ནི་མེད་པ ་ཁོ་ན་ཡིན་པས་ན། ཇི་ལྟར་དེས་སྟོང་པ་ཉིད་དུ་འགྲུབ། ཇི་ལྟ་སྟེང་པ་མ་ཡིན་ན་ནི་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་བྱ་བ་དམ་བཅའ་བའི་དོན་ལ་གནོད་ཅིང་། དེ་ཉིད་ཀྱི་གཏན་ཚིགས་ཀྱང ་མ་ངེས་པ་ཉིད།། དེ་སྐད་དུ། ཐམས་ཅད་མེད་ཅེས་སྨྲ་བ་གཏན་ཚིགས་བཅས་པ་འམ། འོན་ཏེ་དམ་བཅའ་རང་ཉིད་སྒྲུབ་པར་བྱེད་དམ་ཅི། ཇི་ལྟ་གཏན་ཚིགས་འགོད་པ་གཡེལ་བར་གྱུར་ན་ནི།། དམ་བཅའ ་འགའ་ཞིག་གིས་ནི་འདི་ལ་ཅི་ཞིག་འགྱུར།། ཞེས་གསུངས་སོ་ཞེ་ནུ། དེ་ནི་མི་བདེན་ཏེ། སྟོང་པའི་སྒྲུབ་བྱེད་ཁོ་ནས་སྟོང་པ་ཉིད་བསྒྲུབ་པ་ཡིན་ལ། དེ་ལྟ་ཡིན་ཡང་སྒྲུབ་པར་བྱེད་པ་མེད་པར་བསྒྲུབ་བྱ་གྲུབ་པར ་མི་འགྱུར་རོ།། འདི་ལྟར་སྟོང་པ་ཡིན་ནོ་ཞེས་བྱ་བ་ཁོ་ནས་དེ་ཀུན་རྫོབ་ཏུ་ཡང་མེད་པ་མ་ཡིནོ།། སྟོང་པ་ལས་བསྒྲུབ་བྱ་གྲུབ་པ་ཇི་ལྟར་འབྱུང་ཞེ་ན། གནོད་སྦྱིན་ཇི་འདྲ་བ་གཏོར་མ་དེ་འདྲའོ་ཞེས་འཇིག་རྟེན་ན ་གྲགས་པ་ཡིན་ཏེ། དེ་སྐད་དུ། སྟོང་པ་ཁོ་ནའི་ཆོས་རྣམས་ལས།། སྟེང་པའི་ཆོས་རྣམས་བྱུང་བ་ཡིན།། ཞེས་གསུངསོ།། འོ་ན་དོན་དམ་པར་ན་སྒྲུབ་བྱེད་ཅིང་བསྒྲུབ་པ་ཡང་མེད་པས། དོན་དམ་པ ་རང་བཞིན་མེད་པ་གྲུབ་པར་མི་འགྱུར་ཞེ་ན། སྐྱོན་འདི་ནི་མེད།། གང་གིས་དེ་དོན་དམ་པ་མ་ཡིན་པ་དེ་ཡང་དེ་ལྟ་བུར་འགྱུར་བ་སྒྲུབ་པར་བྱ་བའི་བྱེད་པ་བསྒྲུབའི་བྱེ་ཁྱོ་ལ་ན། ག་ལ་ཏེ་ཤེས་པར་བྱེད་པ་དོན་དམ་པ ་བཱ་མ་ཡིན་པ་དེ་ལྟ་ན་ཡང་ཤེས་པར་བྱ་བ་ཡང་དེ་ལྟ་བུའི་ངོ་བར་གླུ་ལ་འགྱུར།། ཡང་དག་བུ་མ་ཡིན་པ་ལས་ཡང་དག་པའི་ངེས་པ་ཇི་ལྟར་ན་ན། ངེས་པ་ནི་ཡང་དག་པ་མ་ཡིན་གྱི་འོན་ཀྱང་ཡང་དག་པ་ལ ་ཡིན་ནོ།། ངེས་པ་ཡང་དགུ་པ་ལ་ནོ་དགོས་པ་ཅི་ཡང་མེད་ཀྱི་འོན་ཀྱང་ངེས་པར་བྱ་བ་ལ་ཡོད་དོ།། ངེས་པ་ཡང་དག་པ་མ་ཡིན་པས་ཡང་དག་པ་ངེས་པ་ཇི་ཝཱར་ཞེ་ན། འོ་ན་ལོག་པའི་སྣང་བ་ཅན་གྱི་རྗེས་དཔག ་པས་ཀྱང་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ངེས་པར་མི་འགྱུར་རོ།། ཡང་དག་པ་མ་ཡིན་པ་ལས་ཡང་དག་པ་དེས་ན་སྒྲུབ་བྱེད་ལྟར་སྣང་བ་ལས་དེར་ཐལ་བར་འགྱུརརོ་ཞེ་ན། འདིའི་ཡང་དག་པ་མ་ཡིན་པ་ཉིད་ནི་སྒྲུབ་བྱེད ་ལྟར་སྣང་བ་བཞིན་དུ་མ་ངེས་ཕྱིར་རམ། འགལ་བའི་ཕྱིར་རམ། མ་ངེས་པའི་ཕྱིར་ནི་མ་ཡིན་གྱི། འོན་ཀྱང་དོན་དམ་པརའི་རང་བཞིན་མེད་པའི་ཕྱིར་རོ།། དེས་ན་འདི་ལས་ཡིན་པ་བཞིན་དུ་སྒྲུབ་བྱེད་ལྔར་སྣང ་བ་ལས་ཀྱང་ངེས་པ་འབྱུང་བར་ཇི་ལྟར་འོས།། སྒྲ་མཚུངས་པ་ཙམ་གྱིས་ནི་དོན་མཚུངས་པ་འཐོབ་པ་མ་ཡིན།། འདིས་ནི་ཁ་ཅིག་ན་རེ་གལ་ཏེ་ཡང་དག་པ་མ་ཡིན་པའི་ངེས་པའི་ཡུལ་ཡང་དག་པ་ཡིན་ནི ་ཚད་མ་ལྟར་སྣང་བའི་ཡུལ་ཡང་ཅིའི་ཕྱིར་ཡང་དག་པ་མ་ཡིན་ཞེས་ཟེར་བ་དེ་ཡང་བསལ་བ་ཡིན་ཏེ། འདིར་ཡང་ཡང་དག་པ་མ་ཡིན་པའི་སྒྲ་མཚུངས་པ་ཡིན་གྱི། དོན་ནི་མ་ཡིན་ནོ།། འདི་ལྟར་ཚད་མ་ལྟར་སྣང་བ ་ཞེན་པར་བྱས་པའི་ཡུལ་ལ་བསླབས་པ་ཡང་དག་པ་མ་ཡིན་པ་ཡིན་ལ། སྐབས་བབ་པ་ནི་ངེས་པ་ཞེན་པའི་ཡུལ་ལ་མི་བསླུར་ཟིན་ཀྱང་དོན་དམ་པའི་རང་བཞིན་དང་འབྲལ་བའི་ཕྱིར་ཡིན་ནོ།། དེསན ་གལ་ཏེ་དབུ་མ་པ་ཚད་མ་ཁས་ལེན་ཀྱང་རུང་གལ་ཏེ་ཁྲུས་མི་ལེནྡ་ཀྱང་རུང་སྟེ། གཉི་ག་ལྟར་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་གཞག་པར་མི་ནུ་སོ་ཞེས་བྱ་བ་འདི་བརྗོད་པར་མི་བྱ་སྟེ། ཀུན་རྫོབ་ཀྱི་ཚར ་མ་ལྟར་སྣང་བ་ལས་ལོག་པའི་ཀུན་རྫོབ་ཞེན་པའི་ཡུལ་ལ་མི་བསླུ་བའི་ཤེས་པ་དེ་དག་གིས་ཚད་མཱར་ཁས་བླངས་པའི་ཕྱིར་རོ།། དེ་ན་སྟན་པ་འདི་ལ་ལྟ་བའི་ཆུ་བུར་བང་བ་ནི་འདི་ཡིན་ཏེ། ཁ་ཅིག་ཐམས་ཅད ་ཡོད་པར་སྨྲ་བ་དང་། ཁ་ཅིག་ཐམས་ཅད་མེད་པར་སྨྲ་བའི་ཞེས་གང་བརྗོད་པ་འདི་ཡང་མི་རིགས་པ་ཡིན་ཏེ། དབུ་མ་པ་ལ་བསམས་ནས་དེ་སྐད་བརྗོད་པའི་ཕྱིར་དང་ད་དག་གིས་གྲུབ་མཐའ་ཡང་དེ་ལྟ་བུ་མ་ཡིན ་བའི་ཕྱིར།། ཡང་ན་སྡང་བས་སྨྲ་བ་ལ་སུ་ཞིག་ནུས་ཏེ། དེ་ལ་བརྟག་པས་ཚིག་གོ།། རིགས་པ་དང་ལུང་གིས་རྟོགས་པའི་གྲུབ་མཐའ་ཅན་བློ་དང་ལྡན་པའི་དབུ་མོ་པ་ལ་འཇིག་རྟེན་ཇི་ལྟར་སྡང་བ་ཞེས་མི་རིག་གོ། ་འདི་སྙམ་དུ་རེ་ཞིག་གང་དག་གཞན་དུ་ཡོད་པ་ཉིད་རྟོགས་ཀྱང་ངན་སོང་མེད་དོ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ།། ཞེས་ལྟ་བ་དེ་དག་ཀྱང་མེད་པ་པ་ཡིནོ་ཞེས ་ཏེ་ཡོད་པ་པའི་འཇིག་རྟེན་སྡུང་བ་ཡིན་ན། གང་དག་ཐམས་ཅད་མེད་པར་ལྟ་བའི་དེ་དག་ནི་མེད་པའི་ཚོགས་ཀྱི་གཙུག་གི་ནོར་བུ་ཡིན་ནུ་ཇི་ལྟར་མི་སྡང་བར་འགྱུར་སྙམ་ན། དེ་ནི་མ་ཡིན་ཏེ། མེད་པར་ལྟ་བ་མེད་པས ་ན་དབུ་མ་པ་མེད་པ་པ་ཉིད་དུ་མི་འཐད་པའི་ཕྱིར།། ཡོད་པ་བཀག་པ་ཉིད་ཀྱིས་མེད་པ་ཡིན་ནོ།། ཞེས་ན་མེད་པ་བཀག་པ་ཉིད་ཀྱིས་མེད་པ་ཡིནོ།། ཞེས་ན་མེད་པ་བཀག་པ་ཉིད་ཀྱིས་ཡོད་པ་པར་ཅིའི་ཕྱིར་མི་འདོད་དེ། ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། གལ་ཏེ་ཡོད་པ་སུན་ཕྱུང་བ།། ཉིད་ཀྱིས་མེད་པ་འཕེན་ཡིན་ན། མེད་པ་སུན་ནི་ཕྱུང་ཉིད་ཀྱིས།། ཡོད་པ་ཅི་ཡི་ཕྱིར་མི་འཐོབ།། ཅེས་གང་གསུངས་པའོ།། གལ་ཏེ་དོན། ་དམ་པ་པའི་ཡོད་པ་བཀག་པས་མེད་པ་པར་འདོད་ན་གོད་པ་ཅི་ཡང་མེད་དོ།། ཇི་སྟེ་ཀུན་རྫོབ་པའི་ཡོད་པ་ཡང་བཀག་པའི་ཕྱིར་ཡིན་ན། དེ་ནི་བཀག་པོ་མ་ཡིན་ཏེ།། རྒྱུ་དང་འབྲས་བུའི་ངོ་བོ་ཡི།། ཀུན་རྫོབ ་བཀག་པ་མཱ་ཡིན་ཕྱིར།། ཀུན་ནས་ཉོན་མོངས་རྣམས་བྱང་སྩོགས།། རྣམ་པར་བཞགས་པ་འཇིག་མ་ཡིན། ཅེས་གང་གསུངས་པའོ།། དངོས་པོ་རྣམས་ཀྱིས་མཆོག་ཏུ་གསིང་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་རྣམས་སུ་ཕྱེ་བ་ཡིན་ན། གང་གིས་དེ་དག་ལ་སྡང་བ་དེ་ལ་མ་གུས་པ་རྣམས་ལ་དེ་ལ་མོས་པས་ཉེས་པ་ཅི་ཞིག་ཡིན། གང་ཞིག་དབུ་མའི ་དེ་ཁོ་ན་མངོན་དུ་གྱུར་པ་དབུ་མ་པའི་མཆོག་བཅོམ་ལྡན་འདས་ལ་ནི་གུས་ལ་མོས་པ་ཙམ་གྱི་སྒོ་ནས་དབུ་མ་པ་ཡིན་པའི་སྐྱེ་བོ་ལ་སྐྱེ་བོ་སྡང་བ་འདི་ནི་ཤིན་ཏུ་ངོ་མཚུར་རོ།། དེ་བས་ན་དབུ་མ་པ ་ལ་སྡང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྡང་བ་ཡིན་ཏེ། དབུ་མའི་སྒྲུབ་པ་ཁོ་ན་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། དེ་སྤོང་བ་ན་དེ་ཡང་སྤངས་པ་ཡིན་ནོ།། རྒྱལ་བའི་ཡུལ་ནི ་དམིགས་པའི་ངོ་བོ་ཅན་ཡིན་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེའི་ལྟ་བ་ཅན་དུ་སྨྲ་བ་ནི་ཤིན་ཏུ་སྐུར་པ་འདེབས་པ་ཡིན་ནོ།། དེས་ན་ཡོད་པའི་ལྕེ་རྟེན་ཅན་མཆོག་ཏུ་མེད་པ་དམྱལ་བ་ལ་གཞོལ ་བ་འདི་ནི་རང་རླག་ཅིང་གཞན་ཡང་རླག་པར་བྱེད་པ་ཡིན་ཏཱཾ། དད་པ་བླུན་པས་འཇིག་རྟེན་བསླུས་པ་ཡིན་ནོ།། གང་དགེ་རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གཱར་རུས་སྦྲུལ་གྱི་མགྲིན་པ་ཆུང་པ་ལྟ་བུའི་མི་ཉིད ་དང་ཤིན་ཏུ་ཐོབ་པར་དཀའ་བའི་བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་ཡང་ཐོབ་ནས། ཐེག་པ་ཆེན་པོ་ལ་སྐུར་པས་ངལ་འབྱོར་ཆུང་གཟོན་པའི་ཉོན་མོངས་པ་འདི་དག་ནི་མཆོག་ཏུ་མྱ་ངན་བྱ་བའི་འོས་ཡིན།། ་ཚུལ་ཆེན་པོ་ལ་བརྙས་པ་འདི་ནི་བསླུ་བ་ཆེན་པོ་ཡིན་ཞིང་། རྣམ་པར་སྤྱོད་པ་དང་བྲལ་བ་ཆེན་པོ་ཡང་ཡིན་ཏེ། དེས་ན་འདི་ནི་སྐོལ་པ་དམན་པའི་ཉེས་པར་སྤྱོད་པའོ།། འདི་ནི་བདེ་འགྲོའི་སྙིང་ཅན་མཆོག་ཏུ ་དྲན་སོང་ཏུ་ལྟུང་བ་ཡིན་ཞིང་། འདི་ནི་དེ་དག་གིས་བདེ་བ་དང་ཕན་པ་ཕུན་སུམ་ཚོགས་པ་མི་བཟོད་པ་མ་ཡིན་ཏེ། གང་གི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ ་ཡིན་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བ་ཡང་བྱང་ཆུབ་སེམས་དཔའི་ལམ་བླ་ན་མེད་པ་ཡིན་ཏེ། དེས་ན་དེ་སྤངས་པ་ན་ཐེག་པ་ཆེན་པོ་མོ་སྤངས་པོ་ཞེས་བྱ་བ་ཇི་ལྟར་ཡིན། གཉིས་ཀྱིས་སྟོང་པར་ལྟ ་པ་ལ་མ་ཡིན་པས་ནཱན་སྐྱོན་འདི་མེདོ་ཞེས་ནུ་མ་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་དེ་དང་དྲིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཏེ། ཆོས་འདི་ཐམས་ཅད་རང་བཞིན་སྟོང་པ་སྟེ། བརྒྱལ་བའི ་སྲས་རྣམས་དངོས་པོ་རྣམ་པར་འཇིག། སྲིད་པ་ཐམས་ཅད་ཡོད་ཡེ་སྟོང་པ་སྟེ།། ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅནྡ་རྣམས་ཀྱི།། ཐམས་ཅད་ན་མཁོའི་མཚན་ཉིད་དེ།། ན་མཁའ་ལ་ནི་མཚན་ཉིད་མེད། འཇིག ་རྟེན་གསུམ་པོ་མ་ལུས་པ།། ཐམས་ཅད་སྒྱུ་མ་ལྟ་བུ་ཡིན།། མཐོང་བ་དང་ནི་རེག་པ་ཉིད།། ཀུནྡ་ཏུ་སྱཱཾ་མ་ཇི་བཞིན་ཏེ།། འགྲོ་བའི་གནས་པ་ཐམས་ཅད་ནི།། དེ་ལྟར་དམིགས་པ་མ་ཡིན་ནོ།། ཞེས་གང་གསུངས ་པ་ཡིན་ནོ།། གལ་ཏེ་དངོས་པོ་དོན་དམ་པར་མེད་ནི་བཅོམ་ལྡན་འདས་དེ་སྟོན་པར་མཛད་པས་དེ་ཁོ་ནི་གཟིགས་པ་ཇི་ལྟར་ཡིན་ཞེས་དེ་སྙམ་དུ་བསམ་པར་མི་བྱ་སྟེ། འདི་ལྟར་ཐུགས་བརྩེ་བ་དང་ལྡན་པའི་བསྟན་པ ་ལ་འཇུག་པ་ནི་གདུལ་བྱའི་སྐྱེ་བོའི་ངོར་ཡིན་ལ། དེ་ལ་ཁ་ཅིག་དྲང་བའི་དོན་ཡིན་ཁ་ཅིག་ངེས་པའི་དོན་ཡིན་ནོ།། དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེའི་རྣམ་པར་དབྱེ་བ་ཡང་མདོ་གཞན་དུ་བཅོམ ་ལྡན་འདས་ཀྱིས་བསྟན་པ་ཁོ་ནའོ།། དེས་ན་སྐྱོབ་པ་དེས་བསྟན་པ་ཡིནོ་ཞེས་བྱ་བ་ཁོ་ནས་ནི་དེ་ཁོ་ནར་གཟུང་བར་མི་བྱ་སྟེ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས།། དེས་དེ་ཉིད་དོན་བཏང་སྙོམས་ཅན།། ཀུ ་ཆེན་གཟིགས་སྟངས་མཛད་ནས་ནི། འཇིག་རྟེན་ཐུགས་ནི་འབའ་ཞིག་གིས།། ཕྱི་རོལ་སྤྱོད་པ་སྤྲོས་པ་ཡིན།། ཞེས་གང་གསུངས་པའོ།། འཕཌ་པ་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། ཕུ ་པོ་ཁམས་ལ་སོགས་པ་བསྟན།། སེམས་ཙམ་དུ་ནི་རྣམ་གཞག་པུས།། སྐུལ་ཆེན་རྣམས་ཀྱིས་དེ་ཡང་བསལ།། འདི་དག་ཐམས་ཅད་སེམས་ཙ་མ་ཞེས།། ཐུབ་པ་ཆེན་པོས་གང་བསྟན་དེ།། བྱིས་པ་རྣམས་ཀྱི་སྐྲག ་པ་ནི།། བསྲིལ་ཕྱིར་ཡིན་གྱི་དེ་ཉིད་མིན།། ཞེས།། སློབ་དཔོན་དབྱིགས་གཉེན་གྱི་ཞལ་སྔ་ནས་ཀྱིས་ཀྱང་།། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི།། ངེས་འདུལ་བ་ཡི་སྐྱེ་བོ་ལ།། དགོངས་པའི་དབང་གིས་གསུངས་པ ་སྟེ། རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན།། ལྟ་བའི་མཆེ་བས་རྨོས་པ་དང་། ལས་རྣམས་འཇིགས་པ་ལ་བལྟས་ནས།། སྟག་མོ་ཁྲུ་གུ་ཁྱེར་བ་ལྟར།། རྒྱལ་བ་ཆོས་འདི་སྟོན་པར་མཛད་ཅེས།། འོ་ན་བཅོམ་ལྡན་འདས་མི ་བདེན་པ་གསུང་བས་ན་ཁྱེད་ཅག་ཉིད་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དགོངས་པའི་ཁྱད་པར་གྱིས་རྫུས་ཏེ་འབྱུང་བའི་སེམས་ཅན་ཡོད་པར་བསྟན་པ་བཞིན་དུ་བསྟན ་པ་གཞན་ཡང་ཡང་དག་པ་ཡིན་པའི་ཕྱིར་རོ།། འོ་ན་སྟོན་པ་ཉིད་བསྟན་པ་ལ་ཡིད་བརྟན་དུ་མེད་དེ། དེ་ལ་ཡང་དགོས་པ་ཅན་ཡིན་པཱི་དོ་ལ་དགག་པར་མི་ནུས་བཱི་ཕྱིར་ཞེན་མ་ཡིན། འདི་ལྟར་རེ་ཞིག་སྟོང་པ་ཉིད་དུ་བསྟན་པ་འདུས ་བར་བྱ་བའི་བསམ་པའི་ངོར་ཡིན་པར་སེམས་དང་ལྡན་པས་དོགས་པར་མི་འོས་ཏེ། སེང་གེ་དྲུང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་ཡང་སྟོང་པ་ཉིད་རྟོགས་པའི་སྐལ་པ་ཅན་མ་ཡིན་པའི་ཕྱིར་རོ།། དེ་སྟོན ་པར་མཛད་པ་ཉིད་ཀྱིས་བཅོམ་ལྡན་འདས་སྟོན་པ་པོའི་ཚོགས་ཀྱིས་སྤྱི་གཙུག་གི་ནོར་བུ་ཡིན་ཏེ། གལ་ཏེ་འདིར་ནི་སངས་རྒྱས་པ་དང་ཕྱི་རོལ་ལ།། རྣམ་པར་འབྱེད་བྱེད་སྟོང་པ་ཉིད་བསྟན་པ་གཅིག་མེད་ནི།། དཔྱོད ་པ་ཞིབ་མོས་བློ་སྦྱངས་རྣམས་ཀྱིས་གྲུབ་པའི་མཐའ།། ཐམས་ཅད་རིག་ཏུ་རྣམ་པར་ཕྱེ་ན་མཚུངས་པ་ཡིན།། ཞེས་གང་བཤད་པའོ།། མཁས་པ་སུ་ཡང་འདི་རྒྱུ་མཚོན་གཞན་གྱིས་ཡིན་པར་ཡང་རྟོགས་པར་མི ་བྱེད་དེ། རྒྱུ་མཚན་གཞན་མེད་པའི་ཕྱིར་རོ།། འདི་སྙམ་དུ་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་ནི་རྣམ་པར་རིག་པ་ཙམོ་ཞེས་གསུངས་པ་ན། གདུལ་བར་བྱ་བ་རྣམས་དེ་ཉིད་ལ་འཛིན་པར་མ་གྱུར་ཅིག ་སྙམ་སྟེ། བཅོམ་ལྡན་འདས་ཀྱིས་དེ་ཡང་སྟོང་པ་ཉིད་དུ་གསུངས་པ་ཡིནོ་ཞེ་ན། འདི་ལྔ་བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་དོན་དམ་པ་ཁོ་ན་ཡིན་ན། དེའི་ཚེ་དང་མངོན་པར་ཞེན་པ ་ལ་ཉེས་པ་ཅི་ཡང་མེད་པས་ན་ཅིའི་ཕྱིར་འགོགས་པར་བྱེད།། ཇི་ལྟ། འདི་དག་རྣམ་རིག་ཙམ་ཉིད་ཅེས།། དེ་སྙམ་དུ་ནི་དམིགས་ནསུ།། ཅི་ཡང་རུང་སྟེ་མདུན་འཇོག་ན།། དེ་ཙམ་ལ་ནི་གནས་མ་ཡིན།། སྙམ་དུ་སེམས ་ན། དེ་ལྟ་ན་འོ་ན་དེ་ཙམ་དུ་བསྟན་པ་ཁོ་ནས་དེར་མངོན་པོར་ཞེན་པ་བསལ་བས་ནང་སྟོང་པ་ཉིད་བསྟན་པས་མི་དགོས་སོ།། གལ་ཏེ་འདི་མངོན་པར་ཞེན་པ་བཀག་པ་ཙམ་དགོས་པ་ཡིན་ན། འདི་ལ་ཡང་མངོན་པར་ཞེན། ་པར་མི་བྱའོ་ཞེ་ན་ཚུལ་དྲང་པོ་ཁོ་ནར་གསུངས་པར་རིགས་ན་རྣམ་པ་གཞན་དུ་གསུངས་པས་ཅི་བྱ། རྣམ་པ་གཞན་དུ་གསུངས་ན་ནི་ཇི་ལྟར་བརྗོད་པ་བཞིན་དུ་འཛིན་པ་མི་བདེན་པ་ཉིད་དུ་འཛིན་པར་འགྱུར་ལ། དེ་ལྟ་ན ་ཡང་དོན་མ་ཡིན་པ་ཆུང་ངུ་ལས་བཟློག་པའི་གདུལ་བྱ་དོན་མ་ཡིན་པ་ཆེན་པོ་ཉམས་པར་བསྒྱུར་པོ་ཡིན།། དེས་ན་ཤེས་པ་དང་ཤེས་བྱ་ཡིན་པར་བསྟན་པ་ནི་དྲང་བའི་དོན་གྱི་མདོ་སྡེ་བསྟན་པ་ཡིན་གྱི། དེ་ལྟར་ཡང་དག་པ ་ནི་མ་ཡིནོ་ཞེས་རྟོགས་སོ།། འདི་ལས་ཀྱང་དྲང་བའི་དོན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགག་པ་བསྟན་པ་ནི་ཐམས་ཅད་དུ་ངེས་པའི་དོན་ཉིད་དུ་སྣང་སྟེ། དཔེར་ན་འདི་ནི་བདག་གམ་སེམས་ཅན་མེད།། ཆོས ་འདི་རྒྱུ་དང་བཅས་ལས་འབྱུང་ཞེས་བྱ་བ་བཞིན་ནོ།། དེ་བཞིན་དུ་མྱུ་གུ་འདི་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་གཉི་གས་མ་བྱས་དབང་ཕྱུག་གིས་སྤྲུལ་པ་མ་ཡིན་དུས་ཡོངས་སུ་འགྱུར་བ་མ་ཡིན། རང་བཞིན་ལས ་བྱུང་བ་མ་ཡིན་རྒྱུ་ཅིག་ལ་རགས་ལས་པ་མ་ཡིན་རྒྱུ་མེད་པར་བྱུང་བ་མ་ཡིནོ་ཞེས་བྱ་བ་དང་། དེ་བཞིན་དུ་མིང་ནི་གང་དང་གང་ཞིག་གིས།། ཆོས་ནི་གང་དང་གང་བརྗོད་པ།། དེ་ནི་དེ་ལ་ཡོད་མ་ཡིན།། དེ་ནི་ཆོས་རྣམས་ཆོས ་ཉིད་དོ།། ཞེས་བྱ་བ་དང་། དེ་བཞིན་དུ་ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར།། ཕྱི་རོལ་དོན་ནི་ཡོད་མ་ཡིན།། བག་ཆགས་ཀྱིས་ནི་བཀྲུགས་པའི་སེམས།། དོན་དུ་སྣང་བར་རབ་ཏུ་འབྱུང་།། ཞེས་བྱ་བ་བཞོན་ནོ།། ་སྒྲུབ་པ་བསྟན་པ་ནི་རྣམ་པ་གཉིསུ་སྣང་བས་ན་དེ་ཉིད་ལ་རླུང་བའི་དོན་སྲིད་པ་རིགས་པ་དང་ལྡན་པ་ཡིན་ནོ།། ཇི་སྟེ་དེ་ལྟ་ཡིན་ཡང་དྲང་བའི་དོན་དུ་རྟོག་ན། གང་ཟག་གི་བདུག་མེད་པར་བསྟན་པ་ཡང་དེ་ལྟར་བརྟག་པར ་གྱིས་ཤིག། གཞན་ཡང་འོ་ན་གལ་ཏེ་དབུ་མྱ་པ་རྣམས་ཀྱི་བསྒྲུབ་བྱ་གྲུབ་པ་སྒྲུབ་བྱེད་ལ་རེག་ལུས་ན་འོ་ན་བསྒྲུབ་བྱ་གྲུབ་པར་བྱེད་པས་དོན་བྱེད་ནུས་པ་ཇི་ལྟར་སྟོང་པ་ཡིན་ཏེ། དོན་བྱེད་ནུས་པ་གང་ཡིན་བྱ།། དེ་འདིར ་དོན་དམ་ཡོད་པ་ཡིན་ཞེས་གང་གསུངས་པའོ་ཞེ་ན། བརྗོད་པ། གལ་ཏེ་དོན་བྱེད་པ་དོན་དོན་དམ་པ་པ་ཡིན་ནའི་དོར་འགྱུར་བ་ཞིག་ན་བྱེད་པ་པོ་དང་ལས་དག་ཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པས་ན་འདི་དོན་དམ་པ་པ ་ཞེས་བྱ་བ་ཇི་ལྟར་ཡིན། རྒྱུ་དང་འབྲས་བུའི་ངོ་བོར་སྒྲུབ་པར་བྱེད་པའི་ཚད་མ་ནི་ཅི་ཡང་མེད་ལ། གནོད་པར་བྱེད་པ་ནི་ཁ་ན་མ་ཐོ་བ་མེད་པར་ཡོད་པས་ནང་དོན་བྱེད་ནུས་པ་དོན་དམ་པར་ཡོད། ་བའི་མཚན་ཉིད་དུ་མི་རིགས་སོ།། འདི་ནི་བརྗོད་པར་བྱ་བ་མང་བས་རེ་ཞིག་གཞག་སྟེ། འདིར་རྣམ་འགྲེལ་མཛད་པས་ནི་ཐ་སྙད་ལ་བརྟེན་པའི་དོན་དམ་པར་ཡོད་པའི་མཚན་ཉིད་གསུངས་པ་ཡིན་པས་དེའི་དགོངས་པ་དང་མི ་འགལ་ལོ།། རིགས་པའི་དབང་ཕྱུག་མཆོག་དེ་ནི་དོན་དམ་པར་ན་དབུ་མ་པ་ཁོ་ན་སྟེ། གལ་ཏེ་ཐམས་ཅད་ནུས་མེད་ན། ས་བོན་སོགས་ནི་མྱགས་སོགས་ལ།། ནུས་མཐོང་གལ་ཏེ། ཀུན་རྫོབ།། འདོད་ན་ཇི་ལྟ་དེ་ལྟ་ཡིན། ་ཞེས་གསུངས་པའི་ཕྱིར་རོ།། འདི་ལས་ཀྱང་དབུ་མ་པ་ཡིན་ཏེ། སྣ་ཚོགས་སྣང་ཅན་དོན་རྣམས་ལ།། གལ་ཏེ་གཅིག་ཉིད་མི་རིགས་ན།། ར་ཞག་གཅག་ཉད་མ་རགས་ན།། རེ་ཞིག་གཅིག་པུའི་བློ་དེ་ཉིད།། སྣ་ཆོག། ་སུ་ནི་ཇི་ལྟར་སྣང་།། ཞེས་ཕྱོགས་སྔ་མ་བསླང་བ་སྔོན་དུ་འགྲོ་བྱས། ཇི་ལྟ་ཇི་ལྟར་དོན་བསམས་ལ།། དེ་ལྟ་དེ་ལྟར་རྣམ་དབེན་ཞེས།། མཁས་པ་རྣམས་ནི་གང་གསུངས་པ།། དེ་ནི་དངོས་སྟོབས་འོངས་པ་ཡིན།། སྣ ་ཚོགས་གཅིག་ན་ཅི་ཞིག་འགྱུར།། །། བློ་དེ་ལ་ནི་མི་འགྱུར་རོ།། གལ་ཏེ་དོན་དག་འདི་འདོད་ན། དེ་ལ་ཁོ་བོ་ཅི་ཞིག་ཡིན།། ཞེས་གསུངས་པའོ།། རྣམ་པར་ཤེས་པའི་སྐབས་ཉིད་ནས།། གང་གིས ་དངོས་པོ་རྣམས་དཔྱད་ནས།། དེ་ཉིད་དུ་ན་དེ་དངོས་མེད།། གང་གི་ཕྱིར་ན་དེ་དག་ལ།། གཅིག་དང་དུ་མའི་རང་བཞིན་མེད།། ཅེས་བྱ་བ་འདི་ལས་ཀྱང་ཡིན་ཏེ།། ཕྱི་རོལ་དང་ནུང་ཐུན་མོང་དུ་སུན་འབྱིན་པ་ཡིནོ།། དབུ་མ་པར ་ལུགས་ཀྱི་བདུད་རྩི་ལ་དགྱེས་པ་མི་མངའ་ན་ནི། དེ་སྐད་གསུངས་པ་རིག་པར་མ་མཐོང་ངོ་།། གང་ལ་རིགས་ལམ་སྲང་ཞུགས་འགྲོ་བ་ནི།། གཅིག་ཏུ་བྱས་དང་བདག་གི་བློ།། འོན་ཀྱང་ཡོངས་སུ་རྟོགས་པ་ནི།། སྐལ་ལྡན ་ཡོད་ན་དེ་རྣམས་རྒྱལ།། ཞེས་བྱ་བའི་སེང་གེའི་སྒྲ་ཡོད་ཅིང་། གང་ཞིག་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་ལྷའི་བླ་མ་རྒྱང་རིང་དུ་སྨད་ཅིང་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དང་མཚུངས་པ། གང་ལ ་བསྔགས་པ་འཐོབ་པ་རྣམས་ལྟ་བ་ངན་པའི་གཡང་ས་ཆེན་པོར་ལྷུང་བའི་སེམས་ཅན་ལ་ཐུགས་བརྩེ་བ་རྗེ་བཙུན་ཀུན་ཏུ་བཟང་པོ་གཤེགས་པར་བསྔགས་པ་བརྗོད་པ། ཁ་ན་མ་ཐོ་བ་མེད་པའི་གསང་སྔགས་ཀྱིས་མུ་སྟེ། ་པའི་ཤ་ཟ་སྐྲག་པར་མཛད་པ་ཚད་མུ་པའི་ཚོགས་ཀྱི་གཅིག་གི་ནོར་བུ་སྟེ། དབུ་མ་པའི་གྲུབ་མཐའ་ལ་རྒྱབ་ཀྱི་ཕྱོགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་བློ་དང་ལྡན་པ་སུ་ཞིག་ཡིད་ཆེས་པས་པར་འགྱུར།། དེ་ལྟ་ན་བཅོམ་ལྡན ་འདས་ཀྱིས་ལུང་ལས་ཁོང་དུ་ཆུད་ཅིང་ཚད་མས་ཡོངས་སུ་དག་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསོལ་བར་མཛད་པ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བཞེད་པའི་དབུ་མ་དེ་ཁོ་ན་འདི་བློ་དང་ལྡན་པ ་རྣམས་ཀྱིས་ཁས་བླངས་པ་དང་། གོམས་པར་བྱ་བར་འོས་པ་ཡིན་ཏེ། རེ་ཞིག་མོས་པ་ཙམ་ཡང་བསོད་ནམས་དགུ་པ་སོགས་པའི་རྒྱུ་ཡིན་ན་གོམས་པ་ལྟ་སྨོས་ཅི་དགོས་ཇི་སྐད་དུ། ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ན།། ནམ་མཁའི་ཁམས་ནི་ཀུན་གང་སྟེ། དེ་ནི་དེ་ལས་ལྷག་པར་འགྱུར།། སེམས་ཅན་ཀུན་གྱིས་བསོད་ནམས ་ཀྱི།། ཕུང་པོ་ཡོངས་འཛིན་ཇི་སྙེད་པ།། དེ་སྙེད་བྱང་ཆུབ་སེ་འི་ཡི།། བྱང་ཆུབ་སེམས་ལས་རབ་ཏུ་འབྱུང་།། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱིས།། ཕུང་པོ་འབྱུང་བ་ཇི་སྙེད་པ།། དམ་ཆོས་ཡོངསུ་འཛིན་པ་ཡི།། བསོད ་ནམས་དྲི་བྲས་ཤིན་ཏུ་མང་།། སངས་རྒྱས་ཀུན་གྱིས་འབ་བ་ཡིས།། བསྐལ་པ་བྱི་བར་བཀའ་སྩལ་ཡང་།། དམ་ཆོས་འཛིན་པའི་བསོད་ནམས་ཀྱི།། མཐར་ནི་ཕྱིན་པར་མི་འགྱུརརོ།། བྱང་ཆུབ་སེམས་དང ་དམ་པའི་ཆོས།། ཡང་དག་སྡུད་ལས་བསོད་ནམས་གང་།། སྟོང་པ་ཉིད་ལ་མོས་པ་ཡི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། འདིར་ནི་སྟོང་པ་ཉིད་ལ་མོས་ཤིང་།། བྱང་ཆུབ་སེམས་ནི་འདོར་མི་བྱེད།། དམ་པའི ་ཆེས་ཉིད་འཛིན་བྱེད་པ།། འདི་ནི་བསོད་ནམས་མདོར་བསྡུས་ཡིན།། ཞེས་གསུངས་པའོ།། དེ་ཁོ་ན་འདི་ལས་གོམས་པར་བྱེད་པ་རྣམས་ལ་ནི་ཚེགས་མེད་པར་མངོན་པོར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པ་འབྱུང ་ན་དུ་སུ་ན་ཀུན་ཏུན་ཏུ་ས་སུ་ན་དུ། ་སྟོབས་ཆུང་ངོ་།། དངོས་པོར་མི་དམིགས་པ་ཡིས་ནི། ཞུགས་པ་འབྲས་བུ་ཆེན་པོ་སྟེ།། རྒྱས་པའི་རྒྱུ་ལས་འབྱུང་བའི་ཕྱིར།། ས་བོན་གྲུང་པོའི་མྱུག་སོགས་བཞིན།། ཞེས་གང་བཤད་པ་ཡིན་ནོ།། ངེས་པར་ལགས ་བ་ཕུལ་དུ་བྱུང་བ་ཐོབ་པ་ནི་ཕྱིན་ཅི་ལོག་གིས་དབང་དུ་བྱས་པའི་ཡིད་ཅན་རྣམས་ལ་མི་སྲིད་པ་ཁོ་ན་སྟེ། གང་ཟག་གི་བདག་མེད་པར་བལྟ་བ་རྣམས་ལ་འགའ་ཞིག་ཏུ་ཉོན་མོངས་པའི་སྒྲིབ་པ་སྤོང་བ་ཙམ་ཡོད་ཀྱི། ་ཤེས་བྱ་བའི་སྒྲིབ་པ་སྤོང་བ་ནི་མི་ཡིན་ནོ།། ཆོས་ཀྱི་བདག་མེད་པ་ཅུང་ཟད་མཐོང་བ་རྣམས་ཀྱང་དེ་ལས་གཞན་པའི་ཡུལ་ལ་ཕྱིན་ཅི་ལོག་དང་བྲལ་བ་མ་ཚངས་པས་དེ་མཐའ་དག་ཡོད་པ་མ་ཡིན་ནོ།། དེས་ན་མངོན ་པབཔར་མཐོ་བ་དང་ངེས་པར་ལེགས་པ་འདོད་པ་རྣམས་ལ་དེ་ལས་མ་གཏོགས་པ་གོམས་པར་བྱ་བ་ཅི་ཡང་མེད་པས་ན།། དེ་ཁོ་ན་འདི་ཁོ་ན་ལ་གོམས་པར་བྱ་བར་འོས་པ་ཡིན་ནོ།། གང་དག་འདི་སྐད་དུ་གལ་ཏེ ་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དེའི་འབྲས་བུ་ཡང་རྫུན་པ་ཁོ་ན་ཡིན་ན། དེ་ཅིའི་ཕྱིར་དབུ་མ་པ་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པ་བསྒྲུབ་པ་ལེན་པ་དང་འདོར་བ་དག་གིས ་བདག་དུབ་པར་བྱེད་དེ།། དེ་དག་ནི་ཇི་ལྟར་འདོད་པ་ཁོ་ནར་སྤྱོད་པ་མཛེས་སོ།། ཞེས་ཟེར་བ་ནི་མི་རིགས་པ་སྨྲ་བ་ཡིན་ཏེ། འདི་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་མ་སྤངས་པ་རི་གས་ཀྱི་ཁྱད་པར་ལས་སྐྱེས་པའི ་རྗེསུ་དཔག་པས་ངེས་པའི་སྟོང་པའི་དེ་ཁོ་ན་ལ་མོས་པའི་སྐྱེས་བུའི་དབང་དུ་བྱས་ནས་འདི་བརྗོད་དམ། དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སྤངས་པ་ལ་ཡིན་གྲངས།། དེ་ལ་དང་པོའི་དབང་དུ་བྱས་ནས་བརྗོད་ན་ནི།། ་ཡང་དག་པར་བརྗོད་པ་མ་ཡིན་ཏེ་གང་དག་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་མ་སྤངས་པ་དེ་དག་ནི། རིགས་པ་དང་ལུང་གི་དེ་ཁོ་ན་དེས་ཀྱང་དེ་ལས་བཞན་པའི་སྐྱེ་བོ་དང་ཐུན་མོང་དུ་ཐ་སྙད་འཇུག་པ་ཡིན་ཏེ། དེ་དང ་དེ་ལས་གཞན་པ་དག་ལ་ཐ་སྙད་ལ་ནི་ཁྱད་པར་འགའ་ཡང་མེད་དོ།། དེས་ན་འདི་དག་བསོད་ནམས་སྒྲུབ་པ་ལ་འཇུག་པ་དང་། སྡིག་པའི་སྒྲུབ་པ་ལས་ལྡོག་པ་ལ་སྤྱོད་པར་མི་འོས་སོ།། རྣམ་པར་ཕྱེད་པ་རྣམས་རྣམ་པར་མ་ཕྱེད། ་པའི་འཇིག་རྟེན་དང་ཐ་སྙད་ཐུན་མོངས་པ་མི་རིགས་པ་ཁོ་ནའོ་ཞེ་ན། འོ་ན་དེ་དག་གིས་གང་ལ་ཡང་འཇུག་པར་མི་བྱ་ཞིང་གང་ལས་ཀྱང་ལྡོག་པར་མི་བྱ་བས་ནས། བཟའ་བ་དང་། བཏུང་བ་དང་། སྡུག་པ་ལ་འཁྱུད་པ་ལ ་སོགས་པ་ལ་ཡང་མི་འཇུག་པར་འགྱུར་ལ། སྦྲུལ་དང་དུག་དང་ཚེར་མ་ལ་སོགས་པ་ལས་ཀྱང་མི་ལྡོག་པར་འགྱུར་རོ།། ཡང་བསོད་ནམས་དང་བསོད་ནམས་མྱམ་ཡིན་པ་དང་། དེའི་འབྲས་བུ་འགའ་ཞིག་རྫུན་པར་ནི་མ་ཟད་ཀྱི།། འོན ་ཀྱང་ཆོས་ཐམས་ཅད་ཡིན།། དེ་ལ་གལ་ཏེ་འགའ་ཞིག་རྫུན་ན་ནི།། རྫུན་པའི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པ་ལེན་པ་དང་། སྤོང་བའི་ཡུལ་ཅན་གྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་སྒྲུབ་པ་ཞེས་བྱ་བ་ཡང་དེ་ལྟ ་བུ་ཁོ་ན་ཡིན་ལ། མ་ཡིན་ན་ནི་འགའ་ཡང་མ་ཡིནྡོ་ཞེས་བྱ་བར་ངེས་སོ།། དེའི་ཕྱིར་ཇི་སྲིད་དུ་ལེན་པ་དང་། སྤོང་བའི་ཐ་སྙད་འདི་འཇུག་པ་དེ་སྲིད་དུ་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ཡུལ་རྗེ་སུ་ཞུགས་པར་བྱའོ།། དབུ་མ་པར ་རློམ་པ་གང་དག་བསོད་ནམས་ལ་ནི་མི་གུས་ཤིང་བསོད་ནམས་མ་ཡིན་པོ་མི་སྤོང་བ་དེ་དག་ནི་བདེ་འགྲོ་དང་། ཐར་པའི་སྣོད་དུ་མ་གྱུར་པ་ངན་འགྲོར་འགྲོ་བའི་ཉོན་མོངས་དེ་དག་ནི་བཅོམ་པ་ཡིན་ཏེ། དེ་སྐད་དུ་ཡང་རྣམ ་པར་དབེན་དོན་མི་ཤེས་ཤིང་།། ཐོས་པ་ཙམ་ལ་བརྟེན་བྱེད་པ།། གང་དག་བསོད་ནམས་མི་བྱེད་པ།། སྐྱེས་བུ་ཐ་ཤལ་དེ་དགེ་བརླག། ཅེས་གསུངས།། ཇི་སྟེ་གཉིས་པའི་དབང་དུ་བྱས་ནུས་བརྗོད་ན། དེ་ལྟ་ན་ཡང་ཡང ་དག་པར་བརྗོད་པ་མ་ཡིན་ཏེ། དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སྤངས་པ་གང་ཡིན་པ་དེ་དག་ནི། འཇུག་པར་བྱེད་པའི་བདག་དང་། འཇུག་པ་དང་འཇུག་པའི་ཡུལ་ཡང་མི་དམིགས་པས་འགའ་ལ་ཡང་འཇུག ་པ་མ་ཡིན་ནོ།། གང་ཡང་དབུ་མ་པ་རྣམས་ནི་ཇི་ལྟར་འདོད་པར་སྤྱོད་པ་ཉིད་མཛེས་སོ་ཞེས་བརྗོད་པ་དེ་ནི་ཤིན་ཏུ་མ་འབྲེལ་པ་ཡིན་ཏེ། ཐམས་ཅད་རྫུན་པ་ཡིན་ན་ནི་སྤྱོད་པ་མེད་པ་ཉིད་རིགས་པ ་ཡིན་གྱི། ཇི་ལྟར་འདོད་པར་སྤྱོད་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བས་ཆོག་གོ། འདི་ན་མུ་སྩོགས་ངན་གཞུང་མུན་པ་མ་ལུས་པའི།། ཉི་མ་ཐུབ་ཆེན་རྒྱལ་པོ་ལ་བརྟེན་རྣམས་འབྱེད་པ།། བྱིས་པའི་སྐྱེ་བོའི་ཆེད་དུ་སླ་བའི ་རིམ་པ་ཡིས།། བསྟན་པ་དེ་ནི་སྙིང་རྗེས་བདག་གིས་རྣམ་པར་ཕྱེ།། དེ་ལྟས་ན་མཁའ་ལ་ནི་འགྲན་པར་བྱེད་འདྲ་ཞིང་།། ཟླ་བའི་འོད་ཀྱི་ཚོགས་ལ་བརྡ་བ་ལྟ་བུ་ཡི།། ཡངས་ཤིངས་དྲི་མ་མེད་པའི་དགེ་བ་གང་ཐོབ་དེས།། ་འཇིག་རྟེན་བྱང་ཆུབ་བདུད་རྩིའི་རྒྱ་མཚོར་ནུབ་གྱུར་ཅིག། མ་ལུས་མུ་སྟེགས་ངན་པའི་ཚོགས་མི་ཚུགས་པའི།། བདེ་གཤེགས་བསྟན་པ་རིན་པོ་ཆེན་སྒྲོན་མེ་མ་ལུས་པ།། ལྟ་བར་གྱུར་པའི་མུན་པ་དྲུངས་འབྱིན་མ་ལུས ་པའི། དངོས་པོའི་གནས་ལུགས་རང་བཞི་ནི་གསལ་ཞིང་འབར་གྱུར་ཅིག། བདག་ནི་ཐམས་ཅད་རབ་སྟོང་བཞིན་འཛུམ་འཇམ་པར་སྨྲ།། སྙང་མེད་མཛེས་ཤིང་རྒ་དང་ན་ལས་འགྲོལ་བའི་ལུས།། སྐྱེ་དྲན་རློམཱ་སེམས ་མེད་ཡིད་བཟོད་ལྡན་སྨྲ་མཁས་ཤིང་།། སྙན་ངགས་མཁས་དང་ངག་དངོས་རྒྱ་མཚོའི་ཕ་མཐར་ཕྱིན།། ལྷག་པའི་ཡོན་ཏན་ཐོས་པ་འཛིན་ཞིང་བསྟན་ལ་རྒྱུ་རྩལ་རྣམས་ལ་མཁས།། ཞི་བའི་བདག་ཅན་ཡུལ་གྱི་ལོངས ་སྤྱོད་རྒྱབ་ཕྱོགས་ཚུལ་ཁྲིམས་རྒྱ་ཆེན་ལ་གནས་པ།། གཅིག་ཏུ་སེམས་ཅན་དོན་ལ་དགའ་ཞིང་བྱང་ཆུབ་འདོད་མེད་འཁོར་བའི་མཐར་ཐུག་པར།། སྐྱེ་བ་སྤངས་ཤིང་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ ་སྤྱོད་པ་གོམས་བྱེད་ཤོག། མངོན་ཤེས་དྲུག་རྟེན་རྣམས་དབྱེ་བཤད་ལ་བདག་སུ་ཞིག། གང་བརྗོད་དྲ་ཡང་འདི་ནི་གཡོ་བག་སྒྱུ་ཅན་ཡིན།། རྒྱུ་རྩོལ་ལ་མཁས་རེག་བཅས་རིག་འཛིན་བཞིན་པད་མ།། ་ཀ་མ་ལ་མིང་ཀུ་ཤ་ལེ་ནི་ཤིན་ཏུ་བཙུགས།། བདེ་བར་གཤེགས་པའི་གཞུངས་རྣམ་པར་འབྱེད་པའི་བཤད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཅིག་ཏུ་གཞོལ་བའི་སློབ་དཔོན་དགྲ་ལས་རྒྱལ་བས ་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་ན་ཀ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙྪ་བ་བ་ན་དེ་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། ་