CLOSE WINDOW

GT3879: snang ba'i phreng ba zhes bya ba'i rab tu byed pa
Wyliee-texts produced with BDRC’s OCR application

ཕྱ་གར་སྐད་དུ། ཨཱ་ལོ་ཀ་མ་ལ་པྲཱ་ཀ་ར་ཎ་ནཱ་མ། བོད་སྐད་དུ།། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། མི་ཤེས་གསུམ་ནི་སྤང་བའི་ཕྱིར། རང་བཞིན་གསུམ་ནི་བསྐམས་པ་ཡིས།། གང་གིས་སེམས ་ཙམ་དུ་གསུངས་པ། ཐུབ་དབང་དེ་ལ་ཕྱག་འཚལ་ལོ།། སྲིད་གསུམ་མཐའ་རུ་བྱོན་པས་སྤོས་གསུངས་པ། བསྡུས་ནས་སེམས་ཀྱི་རྣམ་པར་རྟོགས་པ་ཙམ།། གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། ཡང་སྲང ་གསུམ་མཐའ་རྒྱུ་བླུན་པས་སྤྲས་གསུངས་པ།། བསྡུས་ནུས་སེམས་ཀྱུ་རྣམ་པར་རྟགས་པ་ཙམ།། གལྟ་ཏང་དགེ་སེམས་ལས་མ་ལུས་སྤུངས།། ཡང་སྲིད་འཆིང་བའི་སྐྱེ་བ་ཡང་མ་ཡིན།། སྲིང་དང་ཐར་པ་ཡོངས་ཤེས་པས ་དེ་སྤངས་ཐོབ་པའི་འབྲས་བུ་འབྱུང་།། བློ་གྲོས་བཟང་པོ་ཐམས་ཅད་ནི།། ནང་སེམས་པ་ལ་བརྩོན་པ་ཡིན།། འདོད་ཆགས་ལ་སོགས་དྲིར་བཅས་སེམས།། འཁོར་ཡིན་དེ་ལས་དབེན་པ་ཉིད། སྒྲིབ་པ་སྤངས་པའི་རྒྱུ ་བ་ཡིས།། བསྡུས་ནས་ཐར་པ་ཡིན་པར་གསུངས།། འདོད་ཆགས་ཞེ་སྡང་གཏི་མུག་ནི།། ལུས་ཅན་རང་སེམས་རྟོག་པ་ཡིན། གང་ཞིག་ཆོས་ནི་གཞན་དག་ཀྱང་།། བྱིས་པས་བརྟགས་པ་རྫུན་བདག་ཉིད།། དམ་པའི་དོན ་གྱི་རྟོགས་པ་ལའང་། མཁས་པ་དེ་ཡིས་གནས་མི་བྱ།། དགེ་བའམ་མི་དགེ་བ་ཡི་ཡང་།། རྟོག་ལ་བྱེ་བྲག་ཅི་ཞིག་ཡོད།། རྟེན་གྱི་དབྱེ་བ་ལ་བརྟེན་པའི།། མེ་སྲེག་ཉིད་དུ་བྱེ་བྲག་མེད།། ཙན་དོན་གྱི་ནི་མེ་འདིས་ཀྱང་།། རེག ་ཙམ་གྱིས་སྲེག་པ་ཉིད།། རྣམ་པར་རྟོག་པ་ཆུང་ངུ་ཡང་།། ཐམས་ཅད་ཉིད་དུ་སྤངས་པར་བྱ།། འཁྲུལ་པའི་ངོ་བོ་རྣམས་རྟོག་གིས།། སེམས་ནི་མངོན་པར་བསླང་བ་ཡིན།། འཁྲུལ་པ་ཡང་ནི་མ་དག་ཕྱིར་མིག ་འཕྲུལ་གྱི་ནི་རྡོ་འཕྲུལ་ཡིན་མིག་འཕྲུལ་ཡང་ནི་ཤེས་བྱ་སྟེ།། སེམས་ཀྱི་ཡང་ནི་རྣམ་འཕྲུལ་ཡིན། དེ་ཕྱིར་སེམས་ཀྱི་དྲི་དང་ངོ་དེ།། འཁྲུལ་པར་གཉིསུ་མེད་པར་བལྟ།། དབུ་མའི་ལམ་ནི་དེ་ཉིད་དེ།། དེ་ཉིད་ཆོས་ཀྱི་བདག་མེད་པ།། ཡང་དག ་མཐའ་ཡང་དེ་ཡིན་ཏེ།། དེ་ཉིད་དེ་བཞིན་ཉིད་སྟོང་ཉིད།། མཉམ་ཉིད་དེ་ཉིད་དེ་གྲོལ་ཉིད།། དེ་ཉིད་རྣམ་པར་རིག་ཙམ་ཉིད།། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར།། རིང་བ་མ་ཡིན་ཉེ་བའང་མིན།། དེ་ཉིད་རྟོགས་པར་དཀའ ་བས་ན།། འདི་ཡི་ངོ་བོ་དཔྱང་མི་ནུས།། རང་རིག་དེ་ཡང་ཕྲ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཕྲ་བ་གཟིགས།། རང་ལ་གནས་ཀྱང་བདག་འདྲ་བས།། རྩིང་བའི་ཕྱིར་ནི་མཐོང་བ་མེད།། ནམ་ཡང་རྣལ་འབྱོར་རིག་པ་ཡིན།། ་ཐར་པ་རིང་སྐྱམ་མི་བསམ་སྟེ།། བརྟགས་པའི་ངོ་བོས་སྟོང་པ་ཉིད་།། རང་དངོས་མཐོང་བས་མྱ་ངན་འདས།། ཉི་ཆུ་རབ་རིབ་རྨི་ལམ་དང་།། དྲི་ཟའི་གྲོང་ཁྱེར་ལ་སོགས་པ།། འཁྲུལ་པ་ཡིས་ཀྱང་དགོས་བྱེད་དོ།། འཁྲུལ་པ་གཞན་དག ་བཟློག་ཕྱིར་རོ།། ཡུལ་དུ་ཀུན་བརྟག་དེ་དང་ངེས།། སང་པ་འཁྲུལ་པའི་བདག་ཉིད་ཀྱི།། རྨི་ལམ་བསྟན་པའང་དེ་ཡི་ཤུགས།། མི་ཟད་པ་ཡི་བག་ཆགས་དུག། ཨེ་མ་རྫུན་པའི་རྣམ་རྟོག་གི། རྒྱུན་ནི་ཤིན་ཏུ་མཐུག་པ་སྟེ། རྨི་ལམ་ལས ་ཐུང་ཟིལལ་གཞན།། ཆུ་ཟུར་སྟེང་དུ་ཆུ་བྱུང་བཞིན།། ཡང་དགུ་མ་ཡིན་དོན་ནུ་སྣང་བས།། ཡང་དག་དོན་ནི་བསྒྲིབས་ནས་གནས།། མ་རྟོགས་པ་ཡིས་བསྐྱང་བ་ཉིད།། མག་སོར་ནང་ཀྱིས་བཏབ་པ་བཞིན།། བ་དང་མིན་པ་ལ་དང་པཱ ་ཕྱི་རོལ་སྨིན་པའང་ཕྱི་རོལ་ཏུ།། ཡུལ་གྱི་རྣམ་པའི་རྙོག་པ་ཡོས།། སེམས་ནི་རྣམ་པ་དུ་མར་སྣང་།། ཉི་མ་ཟླ་བ་ན་མཁའ་དང་། སྐར་མའི་ཚོགས་དང་ས་རྣམས་དང་།། ཆུ་བོའི་རྒྱ་མཚོ་ཕྱོགས་དང་རི།། འདི་དག་སེམས་ཀྱི་སྤྲུལ་པའོ།། ་སྲིད་པའི་རྩེ་མོས་ཡོངས་བཅད་པ།། ཁམས་གསུམ་པོ་ནི་འདི་དག་པར།། ཇི་ལྟར་སྣང་བ་འདི་ཐམས་ཅད།། རྣམ་ཤེས་དུག་གི་ཐིག་ལེ་ཡིན།། གལ་ཏེ་སྣང་ན་ཇི་ལྟར་མེད།། སྣང་བ་ཇི་ལྟར་མེད་དངོས་ཡིན།། སྣང ་ཕྱིར་ཡོད་པ་སྣང་མ་ཡིན།། ཅིག་རྨི་ལམ་མི་སྣང་ངམ།། ལྷག་པའི་དྲི་མ་སྐྱེས་པ་ཡིས།། རང་གི་ངོ་བོ་ངེས་རྟོགས་བསྒྲིབས།། གཞན་གྱི་ངོ་བོ་སྣང་བ་སྟེ།། བློ་རྣམས་ཤེལ་དང་འདྲ་བ་ཡིན།། རང་བཞིན་ཉིད་ནི་མི་སྣང་བ ་འོདྲ་།། དུས་ཀྱིས་བསགས་པ་ཐོབ་པ་ཡིས།། འདུ་བྱེད་བག་ཆགས་ཀྱིས་བསྒོམས་པས།། རྣམ་པར་རྟོགས་པ་སྣང་བར་འགྱུར། སེམས་ནི་རྣམ་པར་བསླང་བའི་ཕྱིར།། གཅིག་ཉིད་གཉིས་སྣང་བ་ཡིན།། གཟུང་དང ་འཛིན་པའི་དབྱེ་བ་ལ།། ཤིན་ཏུ་མཁས་པ་ཅིས་མ་ཡིན།། གཟུང་བའི་རྣམ་པ་མི་གཡོའི་ཕྱིར།། ཕྱི་རོལ་ལྟ་བ་ཉིད་དུ་གནས།། འཛིན་པའང་སྲོག་དང་བཅས་པའི་ཕྱིར།། ནང་ནི་གཡོ་བ་ལྟ་བུ་ཉིད།། འདིར་ནི་ཕྱི ་ནང་ཅུང་ཟད་མེད།། ཕན་ཚུན་དག་ནི་གྲུབ་པའི་ཕྱིར།། བར་ནཱ་མ་ཡིན་མེད་མིན་ཏེ།། སེམས་ཙམ་དུ་ནི་གནས་ཕྱིར་རོ།། དབང་བའི་གྲོང་དུ་འདོད་ཆགས་མེད།། དོན་རྣམས་ལ་མིན་སེམས་ལ་མིན།། བདག ་ལ་གནས་མིན་གཞན་གནས་མིན།། དེ་ནི་ཡོད་མིན་མེད་པའང་མིན།། མ་བརྟགས་འབྲེལ་པའི་རྒྱུ་ཡིས་ནི།། སེམས་ནི་འཁྲུལ་པར་གྱུར་ལས་ཡིན།། ག་ལ་ཡི་ཡང་སྤྲིན་ནང་ནས།། གནམ་ལྕགས་འབབ་པར་འགྱུར་པ་བཞིན།། དེ་བཞིན ་ཞེ་སྡང་གཏི་མུག་དང་།། ཉོན་མོངས་རིགས་གཞན་གང་ཡིན་པའང་།། ཁམས་གསུམ་དུ་ནི་ཁྱབ་བྱེད་པ།། རྟོག་པའི་དུག་ལས་ཀུན་ཏུ་བྱུང་།། རྟོག་པ་ཡང་ནི་གཞི་མེད་པ།། ཡང་དག་ཉིད་དུ་ཡོད་མ་ཡིན།། འགའ་ཡིས་མེ་ལྕེ་འབར་བ་ནི།། ། ་ན་མཁའ་ལ་མཆེད་མཐོང་ངམ་ཅི།། མི་སྡུག་ལ་སོགས་གཉེན་པོའི་ཕྱོགས།། ཐུབ་པའི་དབང་པོའི་གསུངས་པ་ནི།། དུག་ཟིན་དོགས་པ་ཞི་བའི་ཕྱིར།། མཁས་པས་རྫུན་གྱི་སྔགས་བཞིན་ནོ།། ཀུནྡྲ་བྷཱ་བ་པདྨ་སོགས་མེད།། བཤད ་སོགས་མེད་ཅིང་དངོས་ཡོད་མིན།། སད་པའི་སྐབས་ཀྱིས་བུད་མེད་ལུས།། རྨི་ལམ་གྱི་ནི་སྐབས་བཞིན་ནོ།། འདོད་ཆགས་དང་ནི་ཆགས་བྲལ་ཉིང་།། དེ་ལྟར་ཤེས་ན་གཉི་ག་རྫུན།། འགའ་ཞིག་འིཚོང་པ་ཕྱེ་བ་ལ།། ཆགས་པ ་མ་ཡིན་པགས་མེད་མིན།། གང་ཞིག་ཆགས་དང་བྲལ་བ་དེས།། སླར་ཡང་ཆགས་སྐྱེ་ཐེ་ཚོམ་མེད།། དེ་ཕྱིར་འདོད་སྤོང་དོན་གཉེར་བས།། ཆགས་བྲལ་ལ་ཡང་བརྟེན་མི་བྱ།། ཨེ་མའི་འཇིག་རྟེན་ལས་འདས་པའོ།། ལམ་འདི་རྣམ་པར ་དབེན་པ་ཉིད།། གང་ཞིག་གཞན་གྱི་ཚིག་བདེན་ན། དེ་ཉིད་ཁོ་ནས་ཚིག་འདི་བརྫུན།། གནོད་པ་བྱེད་ལ་བདེན་པར་ཡང་།། གླང་ཞིག་སྨྲ་བར་བརྫུན་པ་ཉིད།། བརྙན་དང་བརྫུན་པར་ཅི་ཞིག་དངོས།། གང་ཞིག་གཞན་དོན་བྱེ ་དེ་བདེན།། བདེན་པ་བདེན་པའི་ཡེ་ཤེས་ནི།། མཁས་པས་བདེན་པར་གསུངས་པ་ཡིན།། བྱདེ་ན་པ་བརྫུན་པར་མཐོང་བ་ཡིས།། བདེན་པ་ལ་ནི་གནས་མི་བྷཱ།། བྱིས་པའི་འཇིག་རྟེན་རྣམས་ཀྱིས་ཚིག། བདེན་པ་ལས་ནི ་བརྫུན་པ་མཆོག། ཐོབ་བློ་དེ་ཉིད་མིན་པའི་ཕྱིར།། ཐམས་ཅད་མཐར་ནི་ངོའི་བདག་ཉིད།། དངོས་པོ་གང་གང་རྣམ་བརྟགས་པ།། དེ་དག་ཐམས་ཅད་བརྫུན་པ་ཡིན།། དེ་བདེན་དེ་ནི་ཡང་དག་མཐའ།། གང་ཞིག་མ་བརྟགས་དེ ་ཉིད་ཡིན།། ཨེ་མའོ་སྐྱེས་བུ་མ་དུལ་བ།། དེ་ཉིད་ཕྱིར་ནི་གནས་མེད་པས།། སྒྲུབ་པ་དང་ནི་སུན་འབྱིན་པས།། ཇི་ལྟར་མོས་པའི་དོན་དུ་འཇོག། ཐེག་པ་ཆེན་པོ་མི་ཤེས་པས།། བླུན་པ་ཉིད་ནི་ལེགས་པ་ཡིན།། ལམ་ནོར་བ་ལས ་འཕྱེའོ་ཉིད།། འགྱོགས་པ་མ་ཡིན་རིང་ཕྱིན་བརླག། གང་དག་ཐེག་པ་ཆེ་ལ་གུས།། དེ་ནི་བདེ་བར་གཤེགས་པ།། རང་སྡེ་གཞན་དག་སྨན་ལ་གཞོལ།། ལམ་མིན་གཡང་སར་འཁོར་ཕྱིར་རོ།། སེམས་ནི་ཡང་ངག་འཇུག་པ་ཡི།། རྣམ ་རྣམ་པར་དཔྱོད་ལ་མི་འཇུག་གི། འཁོར་བ་རབ་ཏུ་སྤང་བའི་ཕྱིར།། ཐམས་ཅད་བློ་ནི་མཚུངས་པ་ཡིན།། རྒྱུན་མི་འཆད་པར་འཇུག་པ་དེ།། ཐོག་མཐའ་མེད་བདག་ཉིད་ཅན།། འཁོར་བའི་རང་བཞིན་འདི་ཅི་ཞེས།། ཤེས་རབ་ཅན་ནི་ཡོངསུ་ཚོལ།། སྣ ་ཚོགས་འདི་དག་གང་ལས་འབྱུང་།། གང་དུའང་ནི་འགག་པར་འགྱུར།། རང་གི་བག་ཆགས་ས་བོན་གྱི།། ཀུན་བཞི་རྣམ་པར་ཤེས་པ་ལས།། གཉིད་ལོག་བརྒྱལ་དང་མི་དྲན་དང་།། རྣམ་པར་ཤེས་པ ་འགག་པ་ལས།། སྙོམས་པར་འཇུག་ལས་ལྡང་བས་ན།། ས་བོན་ཐམས་ཅད་པ་ངེས་གྲུབ།། དབང་དོན་ལས་བྱུང་ཐམས་ཅད་ནི།། འཇུག་པའི་རྣམ་པར་ཤེས་ཤེས་བྱ།། ཀུན་རྣམས་ཤེས་དང་ཐ་དད་མིན།། ཕྱིར་ཡང་དེ ་རུ་འགག་པར་འགྱུར།། ཆུ་གཡོས་པ་ལས་དེ་དང་དེར།། རླབས་ནི་ཐ་དད་དངོས་འབྱུང་བཞིན།། སྐད་ཅིག་ལ་ནི་སྣང་བ་ཉིད།། ཕྱིར་ཡང་མི་གཡོ་གཉིད་ལོག་བཞིན།། དེ་ནི་གཉིས་སྣང་གང་ཡིན་པ།། རིགས་པའི་སྤྱོད ་ཡུལ་དེ་མ་ཡིན།། སྐད་ཅིག་ལ་ནི་བརྗོད་པ་ཡིན།། སྒྲ་དང་སྒྲ་བསྙན་ཇི་བཞིན་ནོ།། སྒྱུ་མ་མཁན་གྱི་སྐད་ཅིག་ལ།། རྣམ་པ་སྣ་ཚོགས་སྟོན་པ་ན།། འགའ་ཞིག་གསང་བའི་གནས་ཤེས་ལ།། རང་བཞིན་རྣམ་པར་གནས ་པ་བཞིན།། བྱིས་པ་རྣམས་ལ་གཞན་དུ་སྣང་།། མཁས་པ་དངོས་པོ་གཞན་ཡིན་ཏེ།། སྔོ་དང་དམར་པོར་ངེས་སྣང་བའི།། གཙང་སྦྲ་ཡི་ནི་བདག་ཉིད་བཞིན།། འདི་ཡི་རང་བཞིན་དྲི་མེད་འདོད།། རྣམ་པ་མེད་ཅིང་བརྗོད་དུ་མེད།། ་སངས་རྒྱས་མིན་པས་ནམ་ཡང་ནི།། དེ་ཡི་ངོ་བོ་ཤེས་མི་ནུས།། ཐ་མལ་སྐྱེ་བོ་འདི་དག་བཞི་ནི།། དེ་བཞིན་སངས་རྒྱས་ཀྱིས་མཁྱེན་མིན།། རབ་ཏུ་གྲགས་པ་དེ་ཉིད་དེ།། དེ་ཉིད་ཁོ་ན་དེ་མཁྱེན་ནོ།། ལུང་དང་བསྟན་བཅོས་ལ་དྲིས། ་ནས།། བདག་ཅག་སྨྲ་བ་འགྲའ་ཞིག་ཙམ།། མིག་དང་ལྡན་པའི་སྤྱོད་ཡུལ་གྱི།། གཟུགས་ནི་དམུས་ལོང་རྣམས་ཀྱིས་བཞིན་ཡེ་ཤེས་མིག་སྨན་ཁྱད་པར་གྱིས།། གནས་སྐབས་དེ་རུ་མ་འོང་གྱུར།། གང་ཕྱིར་ཐུབ་པའི་དབང་པོ་བཞིན ་བདག་ཅག་དེ་ཉིད་བདེན་མཐོང་འགྱུར།། བྱིས་པ་རྣམས་ཀྱིས་ཡོང་དང་ཡང་།། འདིར་ནི་གང་དང་གང་བསྒོམས་པ།། དེ་དང་དེ་ལ་མདུན་ན་སྣང་།། བསྒོམས་པའི་སྟོབས་ལས་བྱུང་བ་ཡི།། གོས་རྣམས་བགོས་ཀྱང་མ ་གོམས་པས།། ཡན་ལག་ལ་ནི་གནོད་པ་ཡི།། ཤིན་ཏུ་གྲང་བའི་བ་མོས་ཀྱང་།། མིག་ལ་མ་ཡིན་པོ་ཚར་ཆེ།། གོམས་པའི་སྟོབས་དང་འབྲེལ་བའི་ཕྱིར།། ལག་པས་ཀྱང་ནི་ཉེད་བྱེད་པའི།། མཉེད་མཁན་ལ་ནི་པགས། ་པ་ཡི།། དྲི་ངས་ཤིན་ཏུ་གནོད་པ་མེད།། ལུས་དང་ལྡན་པས་ཐོག་མ་རུ།། དུག་ཟོས་པས་ནི་འཆི་བ་ཉིད།། དེ་ཉིད་གོམས་པའི་སྦྱོར་བ་ཡིས།། མཐར་ནི་བཅུད་ཀྱི་ལེན་དུ་འགྱུར།། འབྱུང་བ་རྣམས་ཀྱང་ག་ལས་བྱུང་།། ལས ་ལས་ཤེ་ན་མི་རིགས་ཏེ། འབྱུང་རྣམས་དེ་དང་འབྲེལ་མེད་དེ།། ལས་ཀྱི་བག་ཆགས་སེམས་གནས་ཕྱིར།། ལེགས་བྱས་རྒྱུ་ཡིས་རྣམ་རིག་ནི།། དེ་ཕྱིར་ཞི་བའི་རྣམ་པ་ཡིན།། སྟག་དང་སེང་གེ་དོམ་དང་སྤྲུལ།། གསོད ་ཅིང་ཤིན་ཏུ་འཇིགས་པ་ཡིན།། གལ་ཏེ་ཤེས་པའི་དངོས་ཉིད་ལ།། འབྱུང་བར་བརྟགས་པ་མ་ཡིན་ན།། རྐང་པ་ལག་པའི་གཡོ་བ་ལ་སོགས།། ཇི་ལྟར་གཞན་ལས་བྱས་པར་འགྱུར།། རླུང་ལས་ཤ་ན་རླུང་གང་ལས།། འབད ་པ་ཡིས་ན་དེ་གང་ལས།། གལ་ཏེ་འདོད་ཡིན་ཏེ་ཉིད་ནི།། ཁྱོད་ནི་ལམ་དུ་ངེས་པར་ཞུགས།། ཕ་མའི་ཁུ་བ་ཁྲགས་དག་ལས།། མགོ་དང་རྐང་སོགས་ངོ་བོ་དང་། ཤིང་རྣམས་དངོས་པོར་ས་བོན་ལས ་ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར།། ཁ་ལས་སྒྲ་ནི་ཅི་ཕྱིར་དང་།། རྫ་རྔ་ལ་ནི་ཡང་འབྱུང་བ།། ཐ་དད་པ་ཡིས་རྒྱུ་འདི་ལས།། དངོས་དང་དང་པོ་མེད་པར་སྣང་།། བྱ་རྣམས་ན་མཁའ་ལ་ལྡིང་ཞིང་།། མུན་པའི་ནང་དུ་དངོས་མཐོང ་དང་།། ཁུང་དུ་བྱི་བ་ལ་སོགས་དང་།། ཉ་རྣམས་ཀྱིས་ནི་ཆུ་ནང་དུ།། སྦྲུལ་རྣམས་ཀྱི་ནི་མིག་གཉིས་ཀྱིས།། ཐོས་པ་ཡིས་དང་ནི་མཐོང་བ་ཡིན།། འགལ་བ་གཞན་དང་གཞན་རྣམས་ནི།། དེ་བཞིན་དུ་མ་འཁོར་བ་བསྟེན ་གནས་དང་གནས་པ་མ་མཐོང་བའི།། གོམས་པས་དགྲ་ལྔ་ཕོག་པ་ཡི། ཤེས་པའི་རྟོགས་པ་མ་རྟོགས་པར་འབེན་ལ་མི་འཆོར་ཇི་ལྟར་འཕོག། ཆུ་ཡི་རྒྱུན་ནི་ཅི་བཞིན་དུ།། གལ་ཏེ་རྣམ་ཤེས་རྒྱུ་མིན་ན། དང་པོ ་གཟུང་བ་གོམས་མེད་ཤོར།། ཕྱི་ནས་གཟུང་འདི་དགོས་མ་ཡིན།། རི་བོ་རྣམས་ནི་མཐོ་གྱུར་དྲང་།། བརྒྱ་མཚོ་ཆེན་པོ་གཏིང་དཔག་དཀའ།། ཕྲ་རབ་རྣམས་ནི་འདུས་པ་ཡིས།། བྱ་བ་མེད་ན་སུ་ཡིས་བྱ།། ནུས་དང ་ལྡན་པས་བྱས་ན་ནི།། དེ་ཉིད་སྨྱོན་པ་བཞིན་དུ་ཡང་།། བདག་གིས་འབད་བ་ཞེས་བྱ་བས།། འཇིག་པའི་དུས་ལ་ཇི་ལྟར་འཇིག། ཁབ་ལོང་གི་ནི་རྡོ་སོགས་ཀྱིས།། ལྕགས་ལ་སོགས་པ་འདྲེན་ཕྱིར་དང་།། སྨན་དང་སྔགས ་ལ་སོགས་པ་ཡི།། ནུས་པ་སུ་ཞིག་གིས་ནི་སྤྲུལ།། དེ་ཕྱིར་སཱ་རིག་སྣ་ཚོགས་པས།། ལྕོག་ཆུང་སྒྲ་སྙན་རྒྱ་ཚོན་བཞིན།། ཇི་ལྟར་སྣང་བ་འདི་ཐམས་ཅད།། དྲོ་དག་སྙོམས་ཀྱིས་ཉེ་བར་སྤྲུལ།། ཟད་པར་བསྒོམས་པའི་རྣལ ་འབྱོར་པས།། ཇི་ལྟ་བུར་ནི་ཡང་དགྲ་འགྲུབ།། བསྟན་པའི་རང་བཞིན་དངོས་པོ་རྣམས།། གཞན་དང་གཞན་དུ་ཇི་ལྟར་བཞགས།། དེས་ན་འཁྲུལ་པར་རིག་པ་ཡིན།། རྣམ་པ་དུ་མིའི་ཤེལ་བཞིན་དུ།། འདི་དག་སེམས ་ཀྱིས་ཁྱབ་པ་སྟེ།། ཕྱག་ཆགས་ཚུལ་ཏིལ་མར་བཞིན།། འཇིག་རྟེན་པ་ཡིས་ངོ་མཚར་རྣམས། འགལ་ལ་འདྲོ་མཚན་རྣམས།། འགལ་ལའང་ངོ་མཚུར་གྱུར་མ་ཡིན། ས་བོན་ཐམས་ཅད་སཱ་ལཱ་ནི།། འདི་དག་མ་ལུས་ཡོད་ཅེས ་བསམ། ཇི་ལྟར་ཕྱི་རོལ་གནས་སྣང་བ།། རེ་ཞིག་དངོས་འདི་ཡོད་ཡིན་ན།། དེ་དག་ཡོད་པ་ཉིད་དུ་ཡང་།། ཁྱེད་ཀྱིས་ཇི་ལྟར་ངེས་པར་གཟུང་།། ཨེ་མ་སེམས་ཡིན་ཞེ་ན་རིགས།། རྒྱུ་མེད་པར་ནི་ཅི་ཕྱིར་སྣང་།། གང་ཡིན་དེ་ནི་རྣམ་པ་ནི།། ། ་བག་ཆགས་འབྲས་བུ་མི་འདོད་དམ།། རྣམ་པར་ཤེས་པ་ཕྱིར་བྱུང་ནས།། ཕྱི་ཡི་ཡུལ་རྣམས་འཛིན་ནམ་ཅི།། ཐོག་ནས་དེ་ཅི་ཡོང་ངམ་མེད།། གལ་ཏེ་ཡོད་ན་ཡུལ་ཅི་དགོས།། ལུང་གི་དོན་ནི་ངོས་ཡིན་ན།། མངོན་སུམ་དོན་ལ ་ལུང་ཅི་དགོས།། མི་སྣང་འཇིག་རྟེན་ཕ་རོལ་སོགས།། ལུང་ལས་གསུངས་པའི་རྗེས་འབྲང་རྟོགས།། དྲང་བའི་དོན་ཡིན་ཕྱིར་ན་ཡང་།། ལུང་གིས་ཡོད་པར་འགྲུབ་མ་ཡིན།། གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱང་།། བསྟན་པ་སེམས ་ཀྱི་སྤྱོད་ཡུལ་ལོ།། རང་གི་ས་བོན་ལ་སྐྱེ་བས།། དབང་པོ་རྣམས་ཀྱང་སེམས་ཉིད་ཡིན།། ཡུལ་གྱི་རྣམ་པ་སྐྱེ་བ་ལའང་།། དེ་ཉིད་ལ་ནི་ཡུལ་དུ་བརྗོད།། འདི་དག་བློ་ཡི་ཆ་ཡིན་པར།། མཁས ་པ་ཡིས་ནི་ཆ་ཡོངས་སུ་རྟོགས།། ཚེ་ཤེས་མེད་པའི་སེམས་འདི་ལ།། འཇིག་རྟེན་ཀུན་རྫོབ་བདེན་པར་ཡོད།། འདི་ལ་མིག་མེད་གཟུགས་ཀྱང་མེད།། སྣང་བ་མེད་ཅིང་ཡིད་བྱེད་མེད།། རྨི་ལམ་ལྟ་བུའི་འཁྲུལ་པའི་སེམས།། ཐམས ་ཅད་ཡོད་མིན་མེད་པའང་མིན།། བཟང་དང་ངན་པའི་གྲོགས་བསྟེན་ལས།། རྒྱུད་ནི་གང་ཡིན་ཁྱད་པར་འགྱུར།། གཞན་གྱི་སེམས་ཀྱི་དབང་གིས་ནི།། དེ་ཡང་འབྱུང་པོས་གཟུང་སོགས་བཞིན།། ཉེ་བའི་རིམ་པས་གཞན་བསང ་ན། སྐད་ཅིག་མར་ཡང་འདོད་མ་ཡིན།། འོན་ཀྱང་ཚུལ་འདིས་གང་དུ་ཡང་། བསདུ་བྱ་མེད་ཅིང་གསོད་བྱེད་མེད།། མི་འདོད་པ་ཡི་ལས་ཀྱིས་མཐུས།། དྲག་ཤུལ་སྤྱོད་པའི་རྣམ་རིག་ནི།། འཇིགས་པའི་དོན་དུ་འདི ་སྐྱེས་ཏེ། དམྱལ་བ་རྣམས་ཀྱི་འབའ་ཞིག་བཞིན། ཇི་ལྟར་སྣང་བ་དེ་བཞིན་དུ།། ཆོས་ཀྱི་རང་བཞིན་གལ་ཏེ་ཡིན།། ཡང་དག་དོན་ནི་མཐོང་བའི་ཕྱིར།། འགྲོ་བ་ཐམས་ཅད་ཅེས་མི་གྲོལ།། དེ་ཉིད་ཀྱི་ཕྱིར་འཁྲུལ་པ ་ཡོན།། འགྲོ་བ་འདི་ལ་རང་བྱུང་རྣམས།། ཐུགས་རྗེས་འཁྲུལ་པ་སྤང་ཕྱིར་ཡ་ནི།། བདག་ཉིད་བདེ་ལ་དོན་མེད་འགྱུར།། གློག་དང་འབྲུག་དང་ཆར་དག་ནི།། སྤྲིན་དང་རླུང་དང་གནམ་ལྕགས་ནི།། སེམས་ཙམ་ཡིན་ལ ་མ་གཏོགས་པར།། ནམ་མཁའི་དཀྱིལ་དུ་འགྲུབ་མ་ཡིན།། གལ་ཏེ་དངོས་པོ་ཡོད་ཡིན་ན།། འགའ་ཡང་བདག་ཉིད་ཀྱིས་གྲུབ་ན། འདོད་པའི་དབྱེ་བས་ངེས་ཕྱེ་བའི།། འདི་དག་དུ་མར་མཐོང་མི་འགྱུར།། འགའ་ཞིག ་གཞོན་ནུ་ལ་ཆགས་ཤིང་།། གཞན་དག་བུད་མེད་བར་མ་ལ།། ཁ་ཅིག་ཆེ་ལ་གཞན་དག་ནི།། སྐེམ་དང་ཁ་གཅིག་སྔོ་བསངས་ལ།། གང་ཚེ་བུད་མེད་རྣམ་པ་ནི།། སེམས་ཉིད་ལས་སྐྱེས་དེ་ཡི་ཚེ།། ངོ་ཚ་དང་བཅས་འདོད ་ཆེན་གྱི།། བདག་ཉིད་བདག་ལ་སུ་ཞིག་ཆགས།། འདི་དག་ཐམས་ཅད་བློ་ལྡན་གྱིས།། ཐམས་ཅད་དུ་ནི་རང་དངོས་ཡིན།། ཡུལ་གྱིས་ཉེ་བར་ལོངས་སྤྱོད་ཕྱིར།། བྱིས་པ་ལྟ་བུ་འཇུག་མི་རིགས།། རང་གི་རྨི་ལམ་གྱིས ་འཁྲུལ་ཕྱིར།། ལག་པ་ཡིས་ནི་ལག་གཟུང་ནས།། བདག་གིས་རྐུན་མ་འདི་ཟིན་ཅེས།། སྨྲ་བ་གཞན་གྱིས་སྤོང་བར་བྱེད་དུད་འགྲོ་རྩ་སྐམ་བཟའ་བར་སེམས།། མི་རྣམས་བཟའ་བར་སེམས་མ་ཡིན།། རྣམ་རྟོག ་འཇུག་པར་ངོ་མཚར་ཆེ།། རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ།། རི་དྭགས་མེ་མངག་མི་ཟ་ཞིང་།། དུག་གིས་བྱི་བ་དུག་གིས་ནི།། སྲོག་ནི་མཐའ་རུ་བྱེད་པས་ཀྱང་།། དེ་ནི་འཆི་བར་འགྱུར་མ་ཡིན།། མ་དྲན་པ་ཡི་རྒྱུད་དང ་ནི།། རིག་དང་གཉིད་དང་རླུང་རྣམས་ཀྱིས།། ཉ་དང་བྱ་དང་ཁྱི་དང་སྤྲུལ།། སེམས་ཅན་གཞན་རྣམས་འཚོ་བ་ཡིན།། སྣ་ཚོགས་ལས་ཀྱིས་དབེན་པ་ཡི།། པླཀྵ་མཐོང་ན་སྤྲིན་མོ་དང་།། གནོད་སྦྱིན་འཁོར་གྱི་སྐྱེ་ཚོགས་ཀྱིས།། ་རང་གི་ཁྱིམ་དང་འདྲ་བར་རོ།། ཡི་དགས་ཀྱིས་ཆུ་རྣག་འབྲུབ་ཅིང་།། བཤང་གཅི་རྙོག་པ་དང་ལྡན་སྣང་།། མི་ཡི་ཆུ་བོ་དྲི་མེད་པར།། མཐོང་བ་དང་ནི་འཐུངས་པའང་ཡིན།། དགེ་མིན་དགེ་བའི་འབྲས ་རྣམས་པ།། ལས་ཀྱིས་བག་ཆགས་ཀྱི་བསྒོས་པས།། རྣམ་རིག་དེ་དང་དེ་ཉིད་ནི།། སྟོང་པ་ཉིད་ཀྱི་དོན་ལ་འཇུག། ཨེ་མའོ་ཡུལ་ནི་སྣ་ཚོགས་པ།། དུས་གཅིག་ལ་ནི་དུ་མ་རུ།། རྟོག་པའི་རྗེ་སུ་འགྲོ་བ་ཡིན།། རོལ་མོ ་ཚོགས་ཀྱི་སྒྲ་བཞིན་ནོ།། གལ་ཏེ་དོན་ཡོད་དོན་བྱེང་མིན།། མང་ནའང་དེ་རུ་མི་འགྱུར་རོ།། གཞན་གྱིས་སྒྱུར་ལྡན་སེའུ་ཟོས་པས།། གཞན་གྱིས་ཁ་ནས་ཆུ་འཛག་འགྱུར།། མཚན་མོ་བྲུས་ནི་ཟ་བ་ལ།། གཞན་འགའ ་ཞིག་གི་དྲིས་པ་ན།། གལ་ཏེ་སེའུ་ཟ་ཞེས་སྨྲས་ན།། ཐོས་པས་འགྱུར་བ་མིན་ནམ་ཅི།། རྨི་ལམ་མཛེས་མ་དང་ཕྲད་པའི།། བདེ་བ་ཐོབ་ལ་རྒྱུ་ཡོད་མིན།། དོན་མེད་པ་ལས་ཁུ་བ་ནི།། ཤོར་ཞིང་འབྱུང་བ་མིན་ནམ་ཅི།། རྨི་ལམ ་མཐོང་བ་འདི་ཡོད་ན།། གལ་ཏེ་གོམས་པའི་སྟོབས་ཀྱིས་འཛིན།། གཞོན་ནུ་མ་སྦྲུམ་བུ་སྐྱེས་པ།། མཐོང་བ་འདི་ནི་རིགས་ལྡན་མིན།། ཁང་པའི་ནང་ན་ཡུན་རིང་དང་།། ལམ་དང་རི་དང་ཡུལ་རྣམས་ནི།། རྣམ་པ་ཐ་དད་མཐོང་བའི ་ཕྱིར།། རྨི་ལམ་མཐོང་ལ་དོན་མེད་།། རྣམ་པར་རིག་པའང་རྣམ་རིག་གིས།། དེན་མིན་གལ་ཏེ་མི་འདོད་ན།། དེ་ཚེ་དེ་ཡི་གྲུབ་པའི་མཐའ།། ངེས་པར་རགས་པའི་གནས་ཐོབ་འགྱུར།། གཞན་གྱི་སེཾས་ལ་སྔོ་བའི་ཡུལ།། རྣལ་འབྱོར་པ་སཱི ་གང་ཤེས་པ་བྲང་།། དེ་ཡང་ཤེས་པ་ཁོ་ན་མིན།། བདག་ཉིད་སེམས་ཀྱིས་མོས་པ་བཞིན།། ཀུན་རྫོབ་ལྡན་ཤེས་ཐམས་ཅད་ལ།། མཁས་པ་དང་ནི་གཞན་དག་གིས།། གཟུང་བ་དང་ནི་སྟོན་པ་ནི།། མཚུངས་པ་ཁོ་ནར་རབ་ཏུ ་འཇུག། སྟོང་པ་ཉིད་མཐོང་བའི་དང་པོ་རུ།། སྣང་བའི་ཁོ་ནར་འབྲས་ཆེན་ཡིན།། གང་ཕྱིར་འཇིགས་མིང་ཐོབ་པ་ནི།། འཇིག་རྟེན་གཞན་བཞིན་འཇིགས་པ་མེད།། འཆི་བ་དང་ནི་སྐྱེ་བ་ཉིད།། སྤྲུལ་པ་འདྲ་བ་ཉིད་དུ་བཞེད།། ། ་བདག་ཉིད་གང་ཡིན་དེ་ཡིས་ནི།། ཇི་ལྟར་འཇིགས་པ་ཞེས་བྱར་འགྱུར།། འདི་དག་ལས་ཀྱིས་སྤྲུལ་ཉིད་དུ།། ས་ནི་གསུམ་པོ་ཤེས་པ་ཡང་།། གལ་ཏེ་ཕྱིར་ཡང་འཇིགས་འགྱུར་ན།། ཀྱེ་མ་བདག་འདྲའི་སྐྱེ་བོ་ཉམས།། ་ཡན་ལག་མཆོག་ནི་གཉིས་པ་དང་།། དེ་བཞིན་མིག་ནི་གསུམ་པ་སྟེ།། བཅད་དང་ཕྱུང་བར་དོགས་པ་ནི།། དེ་གཉིས་མེད་ན་གང་ལས་འགྱུར།། དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས།། ལྷག་པའི་དྲི་མ ་དང་འདྲེས་རྣམ་པར་བསྒོམས་པས་ཀྱང་།། དག་པའི་ཕྱིར་ན་ནམ་ཡང་དྲི་མ་ལྡན་མ་ཡིན།། སྤྲིན་དུ་མ་མ་དག་པ་ཡིས་དྲི་མེད་ན་མཁའི་བཞིན།། འདིར་ནི་མང་སྨྲས་ཅི་ཞིག་བྱ།། གལ་ཏེ་འགའ་ཞིག་གིས་བསྒོམས ་ནཏཉཁྱི་དང་རི་བོང་རྟ་མགོར་སྐྱེས།། རྭ་དང་མཐོང་བར་སྣང་བ་ཡིན།། སྦལ་པ་རེལ་པའི་ཐོད་བཅིངས་ཤིང་།། ཁ་དོག་གསལ་བའི་ཐལ་བས་བྱུགས།། ཚངས་པའི་སྐུད་པ་དཀར་པོས་ཐོགས།། ཕྲག་པ་ལ་ནི་སྤྱི་བླུག ་བཞག། ཁང་པ་མུན་པ་དང་བཅས་ལ།། འཇིགས་པ་དེ་དང་དེར་བཏགས་པས།། རང་སེམས་ངེས་པར་སྣང་བ་ནི།། བྱིས་པས་གདོན་མཐོང་མིན་ནམ་ཅི།། ཤིན་ཏུ་འཇིགས་པའི་གནོད་སྦྱིན ་གཟུགས།། རང་གིས་བྲི་ན་བལྟས་པ་ཡིས། དབེན་པ་རུ་ནི་གཅིག་པུ་ཡང་།། རི་མོ་མཁན་འཇིགས་མིན་ནམ་ཅི།། སྡོམ་བུམ་ལ་ནི་མིན་རྐུན་མ་དང་།། ཐག་པ་ལ་ནི་སྦྲུལ་གཏགས་པས།། སྐྱེ་བོ་དུ་མ་བློ་བུར་དུ།། འཇིགས ་པ་ཐོབ་པ་མ་ཡིན་ནམ།། རང་གི་རྟོག་པས་བཟོ་བྱས་པ།། བདེན་ཉིད་མིན་པའི་ཡུལ་རྣམས་ཀྱིས།། བྱིས་པ་ཐམས་ཅད་རྣམ་བཅོམ་སྟེ།། བདག་ཉིད་ཀྱི་ནི་སྐྱོན་ལས་སོ།། ཉིན་མཚན་མཚུངས་པའི་ལོངས་པ་ལའང་།། ནམ་ལང ་ཤེས་བྱའི་སྒྲ་ཐོས་ན།། སྔོན་གྱི་རྫས་རྣམས་མཐོང་བ་ནི།། སྣང་བར་བཅས་བཞིན་སྐྱེ་བར་འགྱུར།། ཡུལ་དུས་ལ་སོགས་དངོས་པོ་རྣམས།། རྨི་ལམ་འཁྲུལ་པའི་རྣམ་ཤེས་ལ།། ལམ་ནི་ཐུང་ངུ་དག་ལ་ཡང་།། རིང་པོར ་སྣང་བས་དུབ་པར་འགྱུར།། དེ་བཞིན་གང་ཕྱིར་འདོད་ལྡན་གྱིས།། སྐྱེས་བུ་འདོད་མ་དང་བྲལ་ན།། ཆུ་ཚེང་གྲངས་མཚུངས་པ་ཉིན་མོ་ཡང་།། ལོ་བརྒྱ་དག་དང་མཚུངས་པར་འགྱུར།། དེ་ཉིད་གཟིགས་པ་དེ་རྣམས་ཀྱིས ་དེ་ལྟའི་ཚུལ་དུ་དེར་བརྟགས་ནས།། ཐ་སྙད་དུ་ནི་མཛད་ན་ཡང་།། བདེན་ནོ་སྙམ་དུ་མི་སེམས་སོ།། དེ་ལྟར་བསྟན་པས་སྣ་ཚོགས་འདི།། རྟོག་པའི་ཚོན་གྱི་རྒྱུ་ལས་ནི།། ཐམས་ཅད་རི་མོ་འདྲར་མཐོང་སྟེ།། ངོ་བོ་ཉིད་ཀྱིས་མཐོང་མ ་ཡོན།། ཨེ་མ་བདེན་མིན་ཀུན་ཏུ་རྟོག་པས་ཐོག་མ་མེང་བའི་འཁྲུར་བ་རུ།། ས་གསུམ་པོ་འདི་བསྡུས་བྱ་བཞིན་དུ་སེམས་ཀྱིས་ནམཁའ་དག་ཁྱབ་པར།། བྲིས་པའི་མཉམ་དང་མི་མཉམ་མཐ་དམན་འགྲོ་བ་ང་མཚར་ལས་ང། ་མཚར།། བདེན་དོན་ལྟ་བུར་འཁྲུལ་པས་རིག་པར་ཡང་ནི་བློ་ཡིས་གཟུང་བར་བྱ།། གལ་ཏེ་དངོས་པོ་དངོས་གྱུར་ན།། སླར་ཡང་དངོས་མེད་འགྱུར་བ་ཅི།། དེ་བཞིན་ཉིད་བསྟན་བསྟན་རང་བཞིན་ཕྱིར།། རྣམ་གཞན་ཉིད་དུ་མི་འཐང ་མིང་དང་རིགས་སོགས་ཡོན་ཏན་གྱིས།། གང་གིས་ཆོས་རྣམས་མཐོང་གྱུར་པ།། ཕྱིན་ཅི་ལོག་གིས་བཅོམ་པ་ཡི།། མཁའ་ཁོངས་རི་མོ་དེ་བྱེད་དེ།། དེ་ཕྱིར་སེམས་ཀྱི་རང་བཞིན་གྱི།། ཆོས་རྣམས་རང་བཞིན་མེད་པ་ཉིད།། ་གང་ཞིག་རྣམ་པ་གཞན་དུ་རིགས།། དེ་ནི་དོན་དམ་རིགས་པ་མིན།། གལ་ཏེ་རྟོག་པ་ཡོད་མིན་ལ།། གལ་ཏེ་སྟོང་ཉིད་ཡོད་ན་ཡང་།། གསལ་བ་དང་ནི་མི་གསལ་བ།། རང་ཉིད་འབད་པ་མེད་པར་འགྱུར།། མི་ཤེས་ན་ནི་རྟོག་མི& ་རྟོཀློ་པ་ཙཱ་བ་མ་གཏོགས་པར།། སྒྲིབ་བྱེད་བརྟན་པའི་རང་བཞིན་ཅན།། སྟོང་པ་ཉིད་ནི་གསལ་མི་འགྱུར།། འདི་དག་དབྱེ་བ་ཅུང་ཟད་མེང་།། རྟོག་པ་མེད་པར་འགྱུར་ཞེ་ན། གཞན་དབང་ཉིད་ཀྱིས་སྟོང་པ་ཉིད།། ཡང་དག་པར ་ནི་མཐོང་བར་འགྱུར།། ཇི་ལྟར་འདི་ལ་ཡང་དག་ཞུགས།། ངོ་བོ་ཉིད་གསུམ་མཐོང་བའི་ཕྱིར།། དེ་མཐོང་བ་ལ་ཆོས་ཀུན་ལ།། རིལ་པོར་འཛིན་པ་ལྡོག་པར་འགྱུར།། གཅིག་པུ་མཐོང་མིན་ཐ་དད་པ།། གསུམ་གྱི་ཚུལ་དུ ་གསོལ་བར་མཐོང་།། བག་ཆགས་ཀྱིས་བསྒྲིབས་ནུས་པ་ལས།། དེ་ལ་བརྟགས་པ་གསལ་བར་འགྱུར།། བརྟགས་པའི་དོན་གྱིས་དམན་པ་ལས།། གཞན་གྱི་དབང་ནི་རབ་ཏུ་གསལ།། དང ་ལས་ནི་རབ་གཡོས་བཞིན།། རང་བཞིན་མ་མཐོང་ཚུལ་གྱིས་སོ།། རིམ་གྱིས་དེ་ཡི་སྣང་བ་དང་།། བྲལ་ན་སླར་ཡང་སྟོང་པ་ཉིད།། དེ་ཉིད་བརྟན་པོར་བྱེད་པ་བཞིན།། སྙིང་ལ་གསལ་སྣང་སྐྱེས་པར་འགྱུར།། དེ་ཡང་གློག་བཞིན ་མི་བརྟན་པའི།། སྐད་ཅིག་ལ་ནི་འོང་བཞིན་འགྲོ། རྣམ་ཀུན་ཐོག་མ་མེད་དུས་ཀྱིས།། གཉིས་ཀྱིས་དེ་ཉིད་བསླང་ཕྱིརརོ།། སླར་ཡང་ཇི་སྲིད་དེ་དབུས་སུ།། གཡོ་མེད་མ་གྱུར་དེ་སྲིད་དུ།། གཉིས་དང་གཉིས་མིན་གོ་འཕང་དག། ་འཆར་ཞིང་ནུབ་པ་ཉིད་ཡིན།། གཡོ་མེད་གྱུར་ནས་ཕྱིར་ཡང་ནི།། འོད་ཟེར་སྟོང་པ་ཤར་བ་བཞིན།། འགལ་ཕྱིར་མུན་པ་འཇུག་པ་ཡི།། གནས་སྐབས་འཐོབ་པར་མི་འགྱུར་རོ།། གནས་སྐབས་དེ་ཡང་འདི་འདྲ་བར།། ཤེས ་མིན་སྟོང་ཉིད་དུ་བརྗོད་མོང་།། འཇིག་རྟེན་ལ་གྲགས་མེད་པ་པའི།། དོན་གྱི་རྗེསུ་ལྟུང་བ་མིན།། མེད་པ་ཉིད་དང་གཟུགས་ཉིད་དེ།། འདི་ནི་ཐ་སྙད་དོན་དུ་ཡོད།། དངོས་པོ་མེད་པའི་ཆོས་རྣམས་ལ།། ཡོད་དམ་མེད་པ་སུ་ཡི་ཡིན། ་ཁྱོད་ཀྱིས་དྲན་པར་མི་བྱ་ཞེས།། སྨྲས་ན་བཀག་པ་འདི་དྲན་པ།། ཇི་ལྟ་དེ་ལྟར་ཡོད་མིན་པའི།། སྒྲ་ལས་གཞནི་རྟོག་པར་འགྱུར།། རྣམ་པར་རྟོག་ལས་དོན་རྣམ་ཤེས།། དོན་གྱི་བློ་ལས་རྣམ་རྟོག་ཀྱང་།། གཉི་ག་རྣམ ་རྟོག་ཆོས་ཡིན་ཕྱིར།། ཡང་པ་གང་ཡན་ཕྱར།། ཡོད་པ་གང་ཡིན་མེད་གང་ཡིན།། རྟེན་ནི་གང་ཞིག་བསྒོམས་པ་ཡིས།། མེད་པ་ཡང་ནི་ཡོད་པར་འགྱུར།། གལ་ཏེ་དེ་བཞིན་དུ་འདོད་པ།། དེ་བཞིན་ཡོད་པ་ཉིད ་ཀྱང་ཐོབ།། དེ་བཞིན་ཡོད་དང་མེད་པ་དང་།། བདོ་སྡུག་ལ་སོགས་མེད་པར་བཞེད།། ལྟོས་པས་གྲུབ་པ་དེ་ཐམས་ཅད་།། རིང་ཐུང་ལ་སོགས་བྱེ་བྲག་བཞིན།། སྐྱེ་བུའི་སྡུག་བསྔལ་ཞི་བ་ལ།། བདེ་བ་ཞེས་བྱར་རབ་ཏུ་བརྟག།། ་བདེ་བ་ཉམས་པ་སྦྲུལ་བསྔལ་ཡིན།། གཉིས་པོ་འདི་ནི་བལྟོས་པས་ཡིན།། བལྟོས་པ་ཉིས་ལས་ཀུན་འབྱུང་བར།། འདི་དག་ཐམས་ཅད་ཤེས་པར་བྱ།། གཅིག་ཉིད་ལ་ནི་མ་བལྟས་པར།། གཞན་དག་ཁོང་དུ་ཆུད་མ་ཡིན།། ་གཞན་སེལ་བ་ཡི་རྣམ་ཤེས་ནི།། སྤྱོད་ཡུལ་རྣམ་པར་མ་སྤྱད་པར།། བསྟན་པ་ལ་སོགས་སྒྲུབ་པ་ཡིས།། ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད།། ཡི་གེ་ཚིག་དང་ངག་དང་ནི།། རྟགས་རྣམས་དང་ནི་ཚིག་དང་ནི།། བྱ་བ ་བྱེད་པའི་འབྲེལ་པ་དང་།། རྫུན་ཕྱིར་བྱེད་པར་བྱེད་མ་ཡིན།། ཚིགས་བཅད་ཚིགས་རྐང་ལྔ་པ་འམ།། གསུམ་པ་རུ་ནི་ཅིས་མི་འདོད།། བརྗོད་བྱེད་བརྗོད་བྱ་ལ་བརྟོས་ནས།། མཁའ་འགྲོའི་དམ་ཚིག་བཞིན་དུ་འགྱུར།། ཆོས་རྣམས ་གཟུང་བར་བྱ་བ་ཡིན།། སྔོན་གྱིས་མཁས་པར་རང་འདོད་པས།། སྒྲ་རྣམས་སྦྱར་བས་ཉོན་མོངས་ལ།། འཇིག་རྟེན་པ་དག་ཅི་ཕྱིར་བཙུད་།། འདི་ནི་སྣ་ཞེས་བརྗོད་པ་ན།། མགོ་བོ་བསྐོར་བར་གྱུར་པ་ཡི།། ལག་ངར་བཀུག་བྲི ་ལག་པ་ཡིས།། དྲིས་ལ་སུ་ཞིག་སྟོན་པར་བྱེད།། སྒྲ་ཡིས་བདག་ཉིད་འཇིག་རྟེན་པ།། བདག་ཉིད་འཇིག་རྟེན་པ།། བདག་ཉིད་གུས་པར་འགྱུར་མ་ཡིན།། སྒྲ་འདོན་པ་ཡིན་སྦྲུལ་ཚོགས་དང་།། བྲག ་དཀྱིལ་གྱི་བག་ཚེ་བཞིན།། གཞན་གྱིས་གཞན་ནི་རིག་པ་རུ།། འབྲེལ་པ་མེད་ཕྱིར་མི་རིགསོ།། རལ་གྲི་གཞན་ལ་བརྒྱབ་པ་ཡིས།། གཞན་དག་གཅོད་པར་བྱེད་དམ་ཅི།། མ་བྱས་པ་ཡིས་དངོས་པོ་ནི།། འགའ་ཡིས་གང ་ཡང་མཐོང་བ་མེད།། དངོས་པོ་མེད་པའི་ངོ་བོ་ཡིས།། དངོས་པོ་དངོས་པོའི་རང་བཞིན་མིན།། དངོས་པོའི་དུས་ན་དངོས་མེད་ཕྱིར།། དེ་ཉིད་ཕྱིར་ན་འདས་པའི་དངོས།། འབྱུང་བ་ཞེས་ནི་བརྗོད་པ་ཡིན།། དེ་ཉིད་ཕྱིར་ན་སྐྱོབ ་པ་ཡིས།། འབྱུང་བ་ཞེས་ནི་རབ་ཏུ་གསུངས།། འབྱུང་བ་ཀུན་གྱི་འབྱུང་མཆོག་ཕྱིར།། ངེས་པའི་ཚིག་ལ་མཁས་པ་ཡིན།། གཅིག་ལ་བ་རྒྱ་ཡི་བློ་སྐྱེ་མིན།། དེ་བཞིན་བརྒྱ་ཡི་བར་ལའང་མེད།། དེ་བཞིན་དུ་ཡང་བརྒྱ་བརྗོད ་པ།། སེམས་ནི་འཁྲུལ་པར་གྱུར་པ་ཡིན།། མཐོ་རིས་སོགས་སམ་བུམ་པ་འམ།། མཐོང་བ་འམ་ནི་མ་མཐོང་བ།། དེ་ཡི་བདག་ཉིད་རྟོགས་འགྱུར་ན།། ཚིག་ཏུ་སྟོན་པས་ཅི་ཞིག་བྱ།། གླང་པོ་དང་ནི་ས་སྲུང་གླང་།། བུད་མེད ་དང་ནི་ལྷའི་བུད་མེད།། དེ་ལས་སྔ་ན་མེད་བློ་མེད།། མཐོང་བ་ལས་ནི་མཆོག་ཏུ་སྐྱེ།། མཐོང་བ་གཞན་ཡིན་སྨྲ་བའང་གཞན།། ཐོས་པ་གཞན་ཡིན་རྟོགས་པའང་གཞན།། དེ་ལྟར་འཇིག་རྟེན་སྨྱོན་པ་བཞིན།། བདག་ཉིད་ཁོང ་དུ་ཆུད་མ་ཡིན།། བདག་ཉིད་སྤྱོད་པ་ཡིན་ཞེས་པ།། དེ་ནི་ཇི་ལྟར་སྨྱོན་ཡིན་འགྱུར།། ཡང་དག་རང་ཤེས་སྨྱོན་པ་མིན།། རྣམ་པར་འཁྲུལ་པ་སྨྱོན་པར་བརྗོད།། ཡུལ་སོགས་ངེས་པའི་རྣམ་པར་ནི།། འགྲོ་བ་གསུམ་པོ་གང་སྣང་བ།། ་ཕྱིར་དེ་ནི་འཁྲུལ་མ་ཡིན།། ། རྣམ་པར་རིག་ཡིན་དེ་ཡི་ཕྱིར།། གླང་པོའི་དོན་དང་དེའི་རྣམ་པ།། དེ་ཉིད་དངོས་མང་མཁས་པ་ཡིན།། ཀུན་བཏག་ལ་སྔོགས་རང་བཞིན་རྣམས།། རིམ་པ་བཞིན་དུ་ཤེས་པར་བྱ། ་སྒྱུ་མ་མཁན་གྱིས་སྤྲུལ་པ་ཡི།། གླང་པོ་གཅིག་པུ་ཁོ་ན་ལ།། དོན་སྟོང་དོན་དུ་སྣང་བ་དང་། གཟུང་བའི་དངོས་པོ་རྫུན་དོན་ཡིན།། དེ་ལྟར་ཡང་དག་མཐོང་བ་སྟེར།། དོན་དུ་འཛིན་པ་ལྡོག་པར་འགྱུར།། གཞན་དབང་དེ་ཡི་རྣམ་པ་ནི།། ་དེ་ཡི་སེམས་ལས་བྱུང་བ་ཡིན།། རྣམ་པ་དེ་ཡི་རྙོག་པ་ཡང་།། དོན་གྱི་དངོ་བོ་མེད་མཐོང་བས།། བག་ཆགས་སྤངས་པའི་ཕྱི་ནས་ནི།། ས་བརྒྱད་པ་ལ་ལྡོག་པར་འགྱུར།། སེམས་ཀྱི་འཁོར་ལོ་ངེས་ལོག་ན།། ཕྱིར་ཡང་འཁོར ་བས་འཁོར་མི་འགྱུར།། ཡོངས་སུ་གྲུབ་པའི་ཆོས་ཡིན་ཕྱིར།། འོན་ཀྱང་ཡང་དག་སྐྱེ་བ་འབྱུང་།། རི་མོར་བྲིས་བཞིན་གཡོ་བ་མེད།། རྟོག་པ་མེད་ཅིང་འདོད་པ་མིང་།། དེ་ནི་གཉིས་མེད་སྤྱོད་ཡུལ་ཕྱིར།། ལོན་དང་འདོར་བ ་ཅུང་ཟད་མེད།། སྨོན་ལམ་རྣམས་ཀྱི་མཐུ་ཡིས་ནི།། ཐོག་མཐའ་མེད་པའི་སྲིད་གསུམ་དུ།། རྟོག་པ་མེད་པར་འཇིག་རྟེན་གྱི།། མུན་པ་སེལ་བྱེད་ཉི་མ་བཞིན།། དེ་ཕྱིར་བྱེད་པ་པོ་རྣམས་དང་།། སྐྱེས་བུའི་ལས་འབྲས་གང་ཡིན་པ།། ་དེ་ཡི་དགེ་དང་མི་དགེ་བ།། སྐྱོབ་པས་རྟོག་པའི་ངོ་བོར་གསུངས།། ཆོས་དང་ཆོས་མིན་དཀའ་ཐུབ་སྟོང་།། བསྡམས་དང་ངེས་བསྡམས་དུལ་བ་དང་།། དུད་འགྲོ་དམྱལ་བ་ཡི་དགས་དང་།། ལྷ་དང་བཅས ་བའི་མི་རྣམས་དང་།། འབྱུང་དང་འབྱུང་འགྱུར་ཕུང་པོ་དང་།། ཁམས་དང་ཐུབ་པའི་བསྟན་པ་དང་།། སྟོན་པ་དང་ནི་ཉན་ཐོས་ཏེ།། ཐམས་ཅད་ཀུན་རྫོབ་ཡིན་པར་བསྟན།། དང་པོའི་ལས་ཅན་འཇིག་རྟེན་པ།། དམ་པའི་དོན་ལ ་གཞུགས་པའི་ཕྱིར།། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།། སྐབས་ཀྱི་ཐེག་པ་ལྟ་བུར་གསུངས།། དེ་ལྟར་བྱིས་པས་བརྗོད་པ་རྣམས།། མཐར་ནི་ཐམས་ཅད་འཇིགས་པ་ཡིན།། བརྗོད་པར་བྱ་མིན་དཔྱད་དུ་མེད།། ཅུང་ཟད ་གཞན་ཡང་བསལ་བ་ཡིན།། དེ་ལ་ནམ་མཁའ་གསལ་བ་འདིས།། སྟོང་པ་ཉིད་ནི་གསལ་བར་བྱེད།། བདག་ཉིད་དང་ནི་སྟོང་པ་ཉིད།། ཅུང་ཟད་གནས་པའི་གནས་པ་མེད།། ཇི་སྐད་བསྟན་པའི་ལམ་འདི་ནི།། ཅུང་ཟད་ཀྱང་ནི་མཐོང ་བ་མེད།། ཉམས་ཤིང་ཞི་བ་སྤངས་པ་ཡིས།། འཇིག་རྟེན་མ་ལུས་བཞད་གང་བཞིན།། བདག་ཉིད་ཀྱི་ནི་སྲོན་གྱི་རབས།། དེ་གཟུང་བ་ཡི་རོ་གཅིག་དངོས།། གང་ཞིག་སེམས་པར་བྱེད་ན་ཡང་།། གདོན་མི་ཟ་བར་ངོ་མཚར་འགྱུར།། ་གལ་ཏེ་འདི་ཀུན་སྟོང་ཉིད་ཡིན།། དགེ་བའི་རྩོམ་པ་དོན་མེད་འགྱུར།། གང་གིས་སྟོང་ཉིད་དོན་བྱས་པ།། བདེན་ཏེ་དོན་ལ་དོན་མེད་ཡིན།། དེ་ཚེ་སྡིག་པའི་རྩོམ་པ་ཡང་།། དེ་ཡིས་ཤིན་ཏུ་མི་རིགས་སོ།། གང་ཚེ་སྟོང་མཐོང ་རྣལ་འབྱོར་པས།། ཆང་བ་སྟོང་བཞིན་འཆིང་བ་མེད།། རྟོག་པའི་ནང་དུ་ལྷུང་བ་ལ།། དེ་དག་ཐམས་ཅད་གཞན་ཉིད་འགྱུར།། རྒྱུ་དང་འབྲས་བུའི་དངོས་པོ་ཡི།། འཁོར་བའི་འབྲས་དེས་ཐོབ་ཕྱིརརོ།། རྨི་ལམ་ན་བྱས་ལས། ་རྣམས་ལ།། དགེ་དང་མི་དགེ་ཅི་ཞིག་ཡོད།། མ་སད་པར་ཡང་འབྲས་མི་མྱང་།། མ་ལུས་རྨི་ལམ་ཉིད་ན་ཡང་།། སད་ན་མེད་པར་ཤེས་པའི་ཕྱིར།། རྨི་ལམ་འཇུག་པའི་འབྲས་བུ་མེད།། དེ་ཕྱིར་ཡེ་ཤེས་སྐྱེས་པས་ན།། ཐམས ་ཅད་ཀྱི་འབྲས་མཐའ་རུ་རྫུན།། རྨི་ལམ་འགལ་མེ་མིག་འཕྲུལ་ནི།། སྐྱེ་དང་འགག་ལ་ཐ་དད་མེད།། རྒྱུ་དང་འབྲས་བུའི་དངོས་པོ་ནི།། གང་གིས་ཐམས་ཅད་ཡང་དག་མཐོང་།། ཉི་མ་གཞན་ལ་ཡུལ་མྱོང་དང་།། གང་ཞིག་རྨི ་ལམ་ངེས་སང་དང་།། རང་བཞིན་ཉམ་སུ་མྱོང་བ་ན།། དེ་དག་བྱེ་བྲག་གང་ཡིན་སྨོས།། གང་དང་གང་ནི་རྟེན་ཅིང་འབྱུང་།། དེ་དང་དེ་ཡི་རང་བཞིན་ཞི།། སྒྱུ་མའི་ཡན་ལག་ཚོགས་པ་ཡིས།། སྒྱུ་མ་མཁན་གྱི་སྟོན་པ་བཞིན།། ་རྣམ་པ་དུ་མ་ཐ་དད་པ།། གོས་འདྲ་བ་ཡི་དངོས་པོ་རྣམས།། སྟོང་པ་ཉིད་མེ་ཡིས་བསྲེགས་པ་ན།། ཐལ་བར་བྱེ་བྲག་འགའ་ཡང་མེད།། སྣོད་དང་སེམས་ཅན་ཞེས་བྱ་བའི།། འཇིག་རྟེན་གཉིས་ག་བསྲེགས་ནས་ནི།། བདག ་ཉིད་དེ་ཡང་དེ་ཉིད་དུ།། མེ་ལྕེ་བཞིན་དུ་བསྲེགས་པ་ཡིན།། སྟོང་ཉིད་མེ་ཡིས་ངེས་བསྲེགས་པར།། དེ་ལྟར་འགྲོ་བ་གསུམ་མཐོང་བས།། འཁོར་བ་རུ་ནི་གནས་པ་ན།། འགའ་ལའང་ཆགས་མིན་རྣལ་འབྱོར་པ།། གང་ཚེ་སྟོང ་ཉིད་ལ་གནས་པས།། རབ་ཏུ་དཔྱོད་སྨིན་སྤྱོད་པའང་མིན།། དཔྱོད་པ་མ་ཡིན་སྤྱོད་ཡུལ་མིན།། དེ་ཚེ་དེ་ལ་ཕྲ་མོར་འབྱུང་།། སྟེང་ཉིད་ལ་གནས་ཕྱིན་ཆད་ནི།། བུད་ཤིང་བཞིན་དུ་ཐམས་ཅད། ་སྤོང་།། མེ་བཞིན་ཡོངས་སུ་མྱ་ངན་འདས།། དེ་ནི་ལྷག་མ་མེད་པར་འགྱུར།། དེ་ལྟར་གྱུར་པ་ཐོགས་པ་མེད།། གོས་མེད་ཆགས་པ་ཡོད་མ་ཡིན།། ཕྱིར་ཡང་དུ་བ་འབྱུང་བ་མེད།། རྣལ་འབྱོར་རིག་པས་ཡང་འབར ་མེད།། འབར་བ་མེད་པ་ཞི་བ་ཐོབ།། ཞི་བས་ཀྱང་ནི་ཉེར་ཞི་ཉིད།། ཉེ་བར་ཞི་བས་རིབ་ཞི་ཉིད།། ཉེ་བར་ཞི་བས་རབ་ཞི་ཉིད།། རབ་ཏུ་ཞི་བས་ཡང་བསིལ་ཉིད།། བསྲེལ་བར་གྱུར་པས་གདུང་མེད་ཉིད།། གདུང་བ་མེད་པས་རིམ ་མེད་བརྗོད།། རིམ་མེད་པ་ཡིས་རྡུལ་མེད་དག། གཉིས་མེད་གནོད་པ་མེད་པ་ཡིན།། བདག་གིས་མེད་པས་རང་འཛིན་མེད།། སྲིད་པའི་རྒྱ་མཚོ་ཡང་དག་བྱརྒལ།། ཕྱིར་ཡང་སྐྱེ་བ་ལེན་མི་བྱེད།། སྐྱེ་མེད་དེ་ལ་འཆི་བའང ་མེད། ང་སྐྱེ་དང་འཆི་བ་སྤངས་པ་ཡིས།། བདུད་རྩིའི་གོ་འཕང་ཉམསུ་མོངས།། ཚུལ་དེ་ཐོབ་ནས་ཕྱིར་ཡང་ནི།། འཐོབ་པར་བྱ་བ་དམིགས་པ་མེད།། འཁོར་བར་སྐྱོ་བའི་སྡུག་བསྔལ་དང་།། སྡུག་བསྔལ་གྱིས་རྒྱུ་བདེ ་བས་ཡང་།། འདོད་ཆགས་ཞེ་སྡང་འཆང་མ་ཡིན།། ཐམས་ཅད་དུ་ནི་བཏང་སྙོམས་སྤྱོད།། བལྟོས་དང་བཅས་པ་ཐམས་ཅད་འཇིག། བལྟོས་མེད་རྟག་ཏུ་འཇིག་པོ་མེད།། འཇིག་པ་མེད་པས་མི་འགྱུར་ཐོབ།། འིཇིག ་མེད་འགྱུར་བ་མེད་པར་ཞུགས།། འཇིགས་པ་མེད་པའི་གནས་ཐོབ་པ།། གང་ལའང་གནས་པ་མ་ཡིནོ།། མྱ་ངན་འདས་པ་འམ་འཁོར་བ་ལ།། དབང་ཐོབ་ཁྱབ་བདག་དབང་སྒྱུར་ཕྱིར།། དེ་དབང་དེ་ཐུབ་དེ་སྟོན་ཡིན།། བྱ་བ་བྱས་ཏེ་དེ ་བཞིན་གཤེགས་བདེ་བར་གཤེགས་དེའང་གང་ཡིན་པ།། ཡིས་དབང་ཕྱུག་རྣམས་འཕྲུལ་པའོ།། ཡུལ་ལ་ཤིན་ཏུ་ཆགས་པ་ནི།། བྱིས་པའི་སེམས་ནི་མ་སྦྱངས་པས།། སྟོང་ཉིད་བསྟན་པ་ཐོས་པ་ཡིས།། སྙིང་ནི་གཉིསུ་འགས་པ། ་འགྱུར།། རྒྱུ་བ་ཆེ་བ་ཡིས་ཆོས་ཐོས་དང་།། བཤེས་གཉེན་བཟང་པོ་བསྟེན་པ་དང་། རིགས་ལྡན་འབར་བར་བྱེད་པ་ནི།། འདི་ལ་འཇུག་པར་འགྱུར་བ་ཡི་ནི།། རྟག་ཏུ་བརྩོན་དང་སྦྱོར་ལྡན་པ།། ལམ་འདི་ལ་ནི་རྗེས་ཞུགས་པས ་རིང་པོར་མི་ཐོགས་ཆོས་རྣམས་ཀུན།། བདག་མེད་པ་ནི་རྟོགས་པར་འགྱུར།། ཆོས་འདི་ཡོངས་སུ་མ་བསྒོམས་པས།། ཆོས་ཉིད་ཐོབ་པར་མི་འགྱུར་ཏེ།། ཆུ་ནི་ཐོས་དང་མཐོང་བ་ཡིས།། མ་འཐུངས་སྐོམ་པ་ཇི་ལྟར་བཟློག། ཚུལ ་གནས་ཐོས་དང་ཤེས་རབ་ལྡན།། གསོད་ནམས་ཚོགས་ནི་ཡང་དག་བསགས།། ཡུལ་རྣམས་ལ་ནི་དུག་བཞིན་བལྟ།། ལུས་དང་སྲོག་ལ་ཆགས་པ་མེད།། ཁྱིམ་མམ་ཡང་ན་ན་གསུ་ནི།། བྱང་ཆུབ་སེམས་དཔའ་མཉམ་བཞག་སྟེ།། ་དང་པོར་བདག་མེད་ལམ་གྱིས་ནི།། སངས་རྒྱས་གོ་འཕང་ལ་འཇུག་པས།། འཇིག་རྟེན་དོན་ནི་གཙོ་བོར་བྱས། རང་དོན་ཞར་མཛད་ཐུགས་རྗེ་བདག། འཇིག་རྟེན་ཉིད་དང་ཆོས་རྣམས་ནི།། རང་བཞིན་གསུམ་གྱི་ངོ་བོ་ཉིད།། སྐད་ཅིག། ་ཙམ་ཡང་སྐབས་ལྡན་ན།། ཁྱིམ་པར་གྱུར་པ་ཡིན་ཡང་བསྒོམ།། སྐྱིལ་མོ་ཀྲུང་ནི་བཅས་ནས་སུ།། སྣ་རྩེར་གཡོ་བའི་ཡིད་བསྡུས་ལ།། ལོངས་སྤྱོད་ཉིད་ནི་ཉེར་གནས་པ།། རྫུན་དང་སླུ་བར ་བྱེད་པ་ཡིན།། ཇི་ལྟར་སྣང་བའི་རང་གི་སེམས།། དམིགས་པ་མདུན་དུ་བྱས་ནས་ནི།། འདོད་ཆགས་གནས་ལ་ཚེགས་མི་བྱ།། ཉེས་དང་ལྡན་ལ་སྡང་མི་བྱ།། གཽཏི་མུག་བཅས་པས་རྨོངས་མི་བྱ།། མཁས་པས་དམིགས་པར ་མི་བྱའོ།། ཆགས་པའི་གནས་ལ་ཆགས་བྱེད་དང་།། ཞེ་སྡང་ཅན་ལ་སྡང་བས་གནོད།། ཉོན་མོངས་ཤིན་ཏུ་འཕེལ་བའི་ཕྱིར།། རྨོངས་པ་གཏི་མུག་གིས་ནི་ཉམས།། ཏིང་ངེ་འཛིན་ནི་མི་བརྟན་ཕྱིར།། རྣམ་པར་རྟོགས་པས ་ཉམས་བྱས་ནས།། ཉམས་པའི་སྒོ་ནི་དོ་དང་དེས།། གཞན་དག་ཉིད་ནི་རབ་ཏུ་རྟོག། རྨོངས་པའང་འདུ་ཤེས་རྨོངས་པའི་ཕྱིར།། རྨོངས་པའི་དངོས་པོ་སེམས་པ་ཡིན།། ཤིན་ཏུ་མུན་ནག་དམག་ཏུ་ལྷང་།། འཁྲུལ་པ ་ཡིས་ནི་ལོང་བ་བཞིན།། མཁས་པས་དམིགས་པའི་གནས་ལ་ནི།། བཟློག་པ་རུ་ནི་ཡིད་ལ་བྱ།། ཉོན་མོངས་ཅུང་ཟད་གོམས་པ་ཡི།། མེ་ལ་སྣུམ་གྱིས་བཞིན་དུ་འཕེལ།། དེ་ནས་སྦྱོར་བ་བྱས་པ་ཡིས།། གཡུལ་ངོ་རུ ་ནི་དཔའ་བོ་བཞིན།། འདོད་ཆགས་ལ་སོགས་པ་ཡི་གནས།། དཔའ་བའི་དགྲ་ལ་བསྣུན་པར་བྱ།། མ་ལུས་པ་ནི་གཟིགས་པ་ཡིས།། ཉོན་མོངས་དེ་ཉིད་སྒྲིབ་པར་གསུངས།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། དེ་དག ་ཉིད་ནི་སྤངས་པར་བྱ།། རྟགས་སོགས་བདག་ཉིད་མ་ལུས་པ།། དེ་དག་གསུམ་དུ་དམིགས་པར་བྱ།། དོན་འཛིན་དོན་དུ་ངེས་སྣང་དང་།། དོན་རྣམས་སྟོང་པ་ཉིད་བསྟན་པ།། བསམས་པ་ཡིས་ནི་ཤེས་རབ་ཀྱིས་དབྱེ་བ་མེད་པ་ཡང ་བསམ་བྱ།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ།། བསམ་གྱིས་མི་ཁྱབ་བསམ་པར་བྱ།། གང་སྣང་དེ་ནི་དེ་ཉིད་མིན།། གང་ཞིག་མ་མཐོང་དེ་དེ་བཞིན།། དངོས་པོར་རྟོག་པ་ཉིད་ཀྱིས་ལོང་།། རབ་རིབ་ཀྱིས་ནི་འཁྲུལ་པ་བཞིན།། བདག ་གིས་ཅུང་ཟད་མཐོང་བདེན་མིན།། ཀུན་ཏུ་བརྟགས་པ་འཁྲུལ་པ་ཙམ།། རྒྱུ་མཚན་མེད་པའི་མཚན་མ་ཡང་།། ཡུན་རིང་གནས་ནི་མཚན་མས་བཅོམ།། ཀྱེ་མ་འཇིག་རྟེན་པ་ཡི་མིག། བརྫུན་པའི་དབང་གིས་འཁྲུལ་པ་ཡིན།། རི་ཡི། ་རྩེ་མོའི་སྒྲ་མཐོང་ཞིང་།། རགས་པའི་རི་བོ་མཐོང་མ་ཡིན།། སྐྲ་ཉག་མུ་ཏིག་ལ་ཕོག་པ།། འགྲོ་ན་འཕོངས་རྒྱུན་གང་ཡིན་པ།། མཚན་མ་ལ་ཕོག་ཁྱད་འཕགས་པར།། རྐྱེན་ཏེ་གཉིས་པོ་རྒྱན་མ་ཡིན།། དོན་དུ་ལྟ་ལ་ཐམས་ཅད ་ཀུན་བརྟགས་ཁོ་ནའི་དོན་ནི་ཤིན་ཏུ་གསལ་བར་སྣང་།། རླུང་གིས་བསྐྱོད་པས་གར་མཁན་ལྟ་བུའི་ཝ་ཚོགས་འདྲ་བའི་རི་དགས་ཆུ་བཞིན་ནོ།། རྫིང་བུ་ལ་སོགས་ཆུ་ནི་ཉེ་བར་དེ་བཞིན་བདེན་པར་རིགས་མིན་སྙམ།། ཡང་དག ་མ་ཡིན་བརྟགས་པར་ལྷུང་བཞིན་འབད་མེད་ཕལ་ཆེར་ཡང་དག་འཛིན་མ་ཡིན།། སེམས་ཀྱིས་མེད་པ་འདི་སེམས་པ།། རྒྱུ་མཚན་རྨི་ལམ་འཇུག་པ་བཞིན།། ཀུན་བརྟགས་མེད་པས་གཞན་གྱིས་དབང་།། དེ་ན་སེམས ་ཀྱིས་ཐོབ་པ་ཡིན།། ཉོན་མོངས་མེད་པའི་རང་བཞིན་སྣང་།། ཡོངས་སུ་རྫོགས་པ་གང་ཐོབ་པ།། རྣམ་པར་མི་རྟོག་པ་ལ་གནས།། ཡང་དེ་མཐོང་བའི་བློ་ལྡན་གྱིས།། གཞན་གྱི་དངོས་ལ་འཇུག་མ་ཡིན།། ། ་ཀུན་བརྟགས་བདག་ཉིད་མེད་པའི་ཕྱིར།། དེ་ཉིད་ཤིན་ཏུ་བསྒོམས་མ་ཡིན།། རྫུན་པར་བདག་ཉིད་མཐོང་བས་ཡང་།། གལ་ཏེ་འདི་དེ་དེ་དག་ཉིད།། བདག་ཉིད་མྱུར་དུ་མཐོང་ན་ནི།། དེ་ཚེ་རྨི་ལམ་བཞིན་དུ་བསམ།། རྨི་ལམ་ལྟ་བུར ་ངེས་ཤེས་ན།། ཕྱི་ནས་རྫུན་པའི་བདག་ཉིད་ནི།། སྐད་ཅིག་གཅིག་ལ་སྣང་མ་ཡིན།། གཉེན་པོ་ཡིས་ནི་བཀག་ཕྱིར་རོ།། སྙིང་པོ་དེ་ལྟ་བུ་འཛིན་པ།། མེད་པའི་མཐའ་ལ་གལ་ཏེ་རེག། དེ་བཞིན་ཉིད་ལ་ཤིན་ཏུ་དམིགས།། གལ ་ཏེ་དེ་ཉིད་དམིགས་གྱུར་ན།། དེ་ནི་སྤང་བའི་དོན་ཕྱིར་ཡང་།། སྟོང་ཉིད་ཤིན་ཏུ་དམིགས་པར་བྱ།། སྣ་ཚོགས་ལྟ་ཀུན་སྤང་བའི་ཕྱིར།། སྤོང་བའི་སྟོང་ཉིད་བསྟན་པ་ཡིན།། རྡོ་རྗེ་དབྱིན་གྱིས་བྱུགས་པ་ཡི།། ཁང་པའི་སྒོ་ལ་ལྷ་མིན། ་བཞིན།། རྣམ་རིག་ལ་འཇུག་རྣལ་འབྱོར་པས།། ཕྱོགས་གཉིས་ཡང་དག་རེག་མ་ཡིན།། དེ་གཉིས་དབུས་སུ་བག་མེད་པས།། གཞན་འགའ་ཞིག་གིས་རེག་གྱུར་ན།། རྡོ་རྗེ་དབྱིན་གྱི་གཟུངས་ནས་ནི།། དེ་ཡི་ལུས་ནི་བསྲེན་པར་འགྱུར། ་སྣང་བ་ཐོབ་པའི་རྣལ་འབྱོར་པ།། དེ་ཡི་རྟགས་ཀྱང་ཤེས་བྱ་སྟེ།། དངོས་གྲུབ་མེད་ན་མི་འབྱུང་སྟེ།། དུ་བ་སོལ་མ་དངོས་པོ་བཞིན།། ཀུན་ཏུ་བརྟགས་པ་སྤང་བ་ངེས།། མི་གསལ་བ་ཡི་རི་མོ་བཞིན།། བསམ་གཏན་ལས་ནི་ལངས་པ ་ཡིས། འགྲོ་བ་ཐམས་ཅད་མི་གསལ་སྣང་།། ཟད་དང་རྙིངས་པ་ལྟ་བུ་དང་།། ཀུན་ཏུ་ཞིབ་པ་ལྟ་བུ་དང་།། གྲོང་སྟོང་ལྟ་བུར་དབེན་པ་དང་།། དགའ་བ་མེད་ཅིང་རྟེན་མེད་པ། ཤིན་ཏུ་སྒྲོ་སྐྱེ་འགྲོ་བ་ལ།། ཅི་རི་སྒྲ་འདོན་པ་ལ་བཞིན ་བདག་དང་བདག་གི་མེད་པ་དང་།། མིང་ཙམ་འབའ་ཞིག་ཁོ་ནའོ།། གཞན་དབང་ཞེས་བྱ་མཐོང་བས་ཀྱང་།། རང་བཞིན་འདི་ལྟ་བུ་རུ་སྣང་།། རང་སེམས་ཤིང་རྟ་ལ་ཞོན་དང་།། བདག་གི་སྣང་དུ་ཞུགས་ལྟ་བུར།། མིག་འཕྲུལ ་འབྱུང་བ་ལྟ་བུ་སྟེ། དེ་ཉིད་ཁོ་ན་འཁྲུལ་པ་ཙམ།། མ་ལུས་མུན་པས་ཁྱབ་པ་བཞིན།། དེ་ལ་ཀུན་བརྟགས་སྣང་མ་ཡིན།། བག་ཆགས་ལྷག་མའི་རི་མོ་ཡིས།། ཐམས་ཅད་བྲིས་པ་ལྟ་བུ་རུ།། ཉོན་མོངས་ཉིད་ཀྱིས་ཁྱབ་པ་དང་། ་འཁོར་ལོ་ལྟ་བུར་འཁོར་བ་དང་།། རྨི་ལམ་གསལ་སང་ཤེས་པ་དང་།། མཚན་དང་མཚན་ཉིད་མེད་པར་སྣང་།། མཐོང་ནས་མི་སྣང་དང་མཚུངས་པར།། ཅི་ཞིག་ལྟ་བུར་སྣང་བ་ཡིན།། ཡོངསུ་གྲུབ་པ་ཤེས་པ་ན།། ཐམས ་རོ་གཅིག་བདག་ཉིད་དེ།། ཆ་ཤས་མེད་ཅིང་ཐོག་མཐའ་མེད།། རྣམ་པ་མེད་ཅིང་གཟུང་དུ་མེད།། སྐྱོ་མེད་འཆི་བ་ཡོད་མ་ཡིན།། རིང་པོ་མ་ཡིན་ཟླུམ་པར་མིན།། ཉི་མས་མུན་པ་བསལ་བ་ཡི།། ནམ་མཁའ་ལྟ་བུར་དྲི་མ་མེད།། ་མཉམ་ཉིད་ཆེས་ནི་རྟོགས་པའི་ཕྱིར།། ཐམས་ཅད་མི་མཉམ་པ་དང་མཉམ།། ཀུན་རྫོབ་ཏུ་ནི་ཆོས་འདི་སྣང་།། དམ་པའི་དོན་དུ་སྣང་མ་ཡིན།། རྣམ་པར་རྟོག་པ་གཞན་གྱི་རྒྱུའི།། རྣམ་རྟོག་ཀུན་རྫོབ་ཅེས་བྱར་བརྗོད།། རྣམ ་པར་རྟོག་པ་བཟློག་པ་ནི།། དེ་ཉིད་ཁོན་དམ་པའི་དོན།། ཇི་ལྟར་མིང་གེ་བསྟན་དུ་ཡང་།། ཀུན་རྩུ་བ་ཉིད་དུ་གནས་པ་ཡིན།། དམ་པའི་དོན་ནི་དེ་བཞིན་ཏེ། དེ་བཞིན་ཚིག་གིས་དེ་ཝལ་མིན།། རིགྶ ་གནས་པ་མ་ཡིན་པས། དེ་ཕྱིར་དེ་འཇིགས་ཐུབ་པ་ཡིས།། སྟོང་པ་ཉིད་བདག་ཉིད་གསུངས་ཤིང་གསུངས།། ཐཱ་དང་པོ་ཡི་ཆོས་རྣམས་བྱསྟན།། སྤྱན་རིངས་འཕེལ་བའི་རྣམ་རྟོགས་ལ།། བྱིས་པ་རྣམས་ནི་དགའ་བ་ཉིད། ་སེམས་ནི་ཆགས་པསྤུ་ན།། ད་ལྟ་ན་ནི་འདི་འཕེལ་ལོ།། མཚན་མ་འགེང་བའི་དོན་ལ་ནི།། སེམས་འདི་ཡང་ནི་མཁས་པ་ཡིན།། རྣམ་རྟོ་བྷེ་བྲག་ཞི་མ་ཡིན།། མཱི་འགྱུར་བ་ནཱི་གང་དུའང་མེད།། བདག་མེད་པ་ལ་སེམས་དམིགས ་བཏང་སྙོམས་འདྲ་བ་ཐོབ་པ་དང་། གཉིད་ལོག་ལྟ་བུར་འདོད་པ་མེད།། དུབ་བྱ་ལྟས་པཱ་ལྟ་བུ་དང་།། སྟོང་ཉིད་སྟོང་པར་མཐོང་བ་ཡིས།། མིག་ནི་འཛུམ་པར་བྱེད་མ་སྦྱིན།། མགྲོ་ལབངས་མཐོན་སྒྲོམ་ཡིན་དང་།། སེམས་དང་སེམས ་བྱུང་འགག་པ་ཤཱུ་།། རྟགས་ན་འང་དགུས་ང་ནས་བྱུང་།། བདག་གིས་དོན་གྱིས་འ་མ།། དཔའི་བོས་སྙམ་པ་འདངམ་སྟོན།། ཨོཾ་རྦོ་ག་ས་མཚིག་ཡང་བྱེད།། ད་ཡདྨ་འདི་ཞེས་འག་། ་ཛིན་ཐ་ས་མ་ལྡན།། འཛིན་ནམས་ཀྱིས་རྣལ་འབྱོང་བས།། བདག་ཉིད་ཀྱིས་ནི་རྟོགས་པར་འགྱུར།། རྣམ་པར་རིགས་ཙམ་ཉིད་མཆོང་།། དེ་ནི་མཐའ་གཉིས་དབུས་པ་གནས།། འགྲིབ་ས་ལུས་འདི་ས་ལ། ཙི་། ་སུམ་ཚོགས་པ་སྟོན།། དེ་ཉིད་ཕུན་སུམ་ཚོགས་ནུས་ཕྱིར།། སྙིང་རྗེ་ལྡན་པ་བདེ་གཤེགས་སྐྱེས།། སྲོག་གིས་ཀྱང་ནི་སེམས་ཅན་དྲོན།། བྱེད་ལ་བཏང་སྙོམས་འཇོག་མ་ཡིན།། ཡུལ་རྣམས་འགའ་ཡང་སེམས་པ་མེད།། ་རྨི་ལམ་འཇུག་པ་བཞིན་དུ་བརྟེན།། བུ་དང་བུ་མོ་ལ་སོགས་པའི།། གཞན་གྱིས་ཉེ་བར་ལོངས་སྤྱོད་ཀྱང་། བག་མེད་གནས་ནི་རྒྱ་ཆེ་བས།། སེམས་ནི་རྣམ་པར་འགྱུར་མ་ཡིན།། འབྱོར་པ་དང་ནི་རྒུད་པ་ལ།། ཐམས་ཅད ་དུ་ནི་སེམས་མཉམ་ཉིད།། དུས་མ་ཡིན་པའི་སྤྲིན་བཞིན་ཡང་།། ག་ལའི་མཁའ་ལས་སྤྲིན་ལྡང་བ།། བདག་ཉིད་ཀྱིས་ནི་དེ་དང་དེ།། ངོ་མཚར་རྣམ་པར་འཕྲུལ་པ་སྟོན།། དུས་རྣམས་ཤེས་པར་དུས་གཅིག་ལ།། འབར་བ ་དང་ནི་ཆར་འབབ་བྱེད།། ས་ལ་ཡང་ནི་ཆུ་བཞིན་དུ།། བྱི་འཛུལ་དུ་ནི་བྱེད་པའང་ཡིན།། རི་ལ་སོགས་པ་གཡོ་བ་དང་།། འབྱེད་དང་སྡུད་པ་དེ་བཞིན་ནོ།། བདག་ཉིད་ན་མཁའ་ལ་འགྲོ་ཞིང་།། ཆུ་ལ་ངང་པའི་རྒྱལ་པོ་བཞིན།། སྤྲུལ ་པ་ཡིས་ཀྱང་རིང་པོ་ནས།། མཐོང་དང་ཐོས་བྱེད་བཞིན་ནོ།། ཐེག་ཆེན་ཚུལ་ལ་ཐམས་ཅད་དུ།། རིགས་ཀྱི་འདི་ནི་གཞན་ལ་མིན།། དེ་ལས་གཞན་པའི་ཕྱི་རོལ་པ།། གང་ཞིག་བ་ཅུང་ཟད་མཐོང་བ་ནི།། རང་གི་རོ་ལས་འོངས་པ་སྟེ།། ་དེ་ཉིད་ཀྱི་ནི་ལམ་འདི་ལ།། ཅུང་ཟད་ཅིག་ཀྱང་མཐོང་བ་མེད།། ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས།། རྣམ་པ་ཐ་དད་བརྟགས་པའང་།། དེ་ཉིད་ཕྱིར་ན་དངོས་གཅིག་ཉིད།། སྟོང་ཉིད་དོན་གཅིག་མཐོང་བ་ཡིས།། འགྲོ་ཀུན ་དོན་ནི་གཅིག་ཏུ་མཐོང་།། ཕྱོགས་གླཅིག་གིས་ནི་ཆུ་འཐུངསྨྲ་པས།། རྒྱ་མཚོ་ས་ལུས་ཤེས་པར་འགྱུར།། དུས་གཅིག་ལ་ནི་ཐ་དད་པ།། ཡུལ་ལ་སོགས་པ་ཐཱ་དང་ལ།། སྐྱོང་པར་མཐོང་བ་ས་གཏངྒ། ་བར། སྐྱོབ་པའི་ཡེ་ཤེས་འཁྲུག་མ་ཡིན།། རང་སེམས་ཀྱིས་ནི་ཀུན་བརྟགས་བྲིསི།། ཕྱི་རོལ་གསལ་བའི་དབྱིངས་སུ་གནས།། སྐྱེ་བ་དུ་མ་གོམས་པས་གསལ།། སྲིད་གསུམ་རི་མོའི་བྱེ་བྲག་བཞིན།། ཀུན་བརྟགས་དེ་ཡི ་སྤྲོས་མཁྱེན་པའི།། སྐྱོབ་པ་འདི་དག་ཐམས་ཅད་གཟིགས།། དངོས་མེད་མཚན་མེད་ཟད་པ་མེད།། ཀུན་ཏུ་བརྟགས་པ་འབའ་ཞིག་གོ།། འདི་བསྒོམས་ཚུལ་གྱི་འདོད་ཆགས་ཐུལ།། རིམ་གྱིས་བདེ་སྤྱོད་འདོད་པ་མེད།། ་ཐུབ་དབང་འདོད་པ་མ་སྤངས་པས།། གནས་མཆོག་གཞན་གྱིས་དོན་ལྡན་ཐོབ།། བདེ་གཤེགས་ཀྱིས་གསུངས་དབྱེ་བ་རབ་གྲགས་པ།། དོན་ཆེན་པོ་རྣམས་གསལ་ཚིག་གིས་རབ་སྦྱར་བས།། ལོག་པོའི་ལམ་ཞུགས་མི ་ཤེས་མུན་སེལ་བ། སྣང་བའི་ཕྲེང་བ་འདི་ནི་བདག་གིས་སྦྱར།། དངོས་པོར་འཛིན་པ་སྤོང་བྱེད་ཡུལ་གྱིས་ཐོབ་པའི་ཞེན་པ་གཅོད།། སེམས་ལ་སྣང་བ་འཕེལ་བྱེད་སྒྲོན་མ་ཆེན་པོ་གསལ་འབར་བཞིན།། ཡེ་ཤེས་སྣང་བ ་སྐྱེས་པས་དེ་ཉིད་ཡང་མཐོ་རང་གི་ལག་ན་གནས་པ་བཞིན།། ཤེས་རབ་ཕ་རོལ་ཕྱིན་འདི་རྒྱུད་ནས་ཀུན་ཏུ་ཡིད་བཞིན་ནོར།། ཀུན་རྫོབ་སྒྲོ་གཏགས་གསུངས་ལ་ཕྱི་རོལ་པ།། ངེས་པའི་དོན་དུ་ཞེན་ལ་བདེ་གཤེགས་ཉིད།། གང་ཞིག ་ཕྱི་རོལ་དོན་འདོད་དེ་མདུན་དུ།། སློབ་དཔོན་ཆང་བ་བདེ་གཤེགས་ཕྱེད་མི་མཛད།། གང་ཚེ་འཛག་པ་མེད་པའི་བྱང་ཆུབ་མངོན་ཐོབ་པས།། ཁྱོད་ཀྱིས་ཀྱང་ནི་ཡི་གེས་ཡི་གེ་གསུངས་མི་མངའ།། དེ་ཚེ་ཡུན་རིང་ན་ཉམས་ལྕགས་ཀྱུ ་མེད་པ་ཡི།། ཕྱིན་ཅི་ལོག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད།། སངས་རྒྱས་པ་དང་ཕྱི་རོལ་རྣམ་པར་འབྱོད་བྱེད་པ།། གལ་ཏེ་སྟོང་ཉིད་གཅིག་པུ་འདི་ནི་མ་བསྟན་པར།། ཞིབ་མོའི་བློ་ཡིས་རྣམ་པར་དཔྱད་བྱས་ན། གྲུབ་མཐའ ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན།། གལ་ཏེ་སྟོང་མིན་རྟག་ཅིང་མཉམ་ཉིད་མ་ཡིན་ན།། ཐ་དད་བདག་ཉིད་རྒྱུ་མཚན་སྐད་ཅིག་མ་དག་ཏུ།། ཐམས་ཅད་མཁྱེན་པས་དངོས་པོ་ཡོངས་དཔྱད་བས།། གང་གི་རྒྱུ་ཡིས་སྟོན་པར་གྲུབ ་པར་འགྱུར།། གང་ཞིག་རྣལ་འབྱོར་པ་ཡི་དངོས་གྲུབ་ཁྱད་འཕགས་རྒྱུ།། གཞན་སེམས་སྤྱོད་ཡུལ་ཤེས་པའི་ང་རྒྱལ་ཡིན།། དེ་དག་མུན་པའི་དྲི་མ་ལྷག་པ་ཡིན་པར་འདོད།། འཆིང་བའི་བདག་ཉིད་བྱིས་ལ་ཇི་ལྟར ་གནས་པ་བཞིན།། གང་ཞིག་ཀུན་ཏུ་དམུས་ལོང་དང་ནི་རབ་རིབ་ཅན།། གཉིས་པོ་དག་ལ་སོ་སྔ་མ་བཞིན་དུ་མཆོག་ཡིན་ཏེ།། བདག་ནི་ལོང་བ་ཡིན་ཞེས་ང་རྒྱལ་གྱིས་སྟོང་གི། རབ་རིབ་ཀྱིས་མཐོང་འབྲས་བུ་མེད་ལ ་ང་རྒྱལ་མིན།། གང་ཞིག་རང་སྐྱོན་སྐྱོན་གྱིས་ངོ་བོར་མི་ཤེས་པ།། དེ་བཞིན་ཡོན་ཏན་ཀུན་ལས་ཡོན་ཏན་དུ་མ་ཡིན།། དགེ་བའི་གཤེས་གཉེན་རྣམས་ལ་གུས་པར་བྱེད་མ་ཡིན།། དེ་དག་དེ་ཉིད་རོ་ནི་ཇི་ལྟར་འཐུང་བར ་འགྱུར།། ནམ་མཁའི་དཀྱིལ་ལ་རི་མོ་འབྱེད་པ་ལ་མཁས་པ།། དངོས་པའི་བྱེ་བྲག་སྟོན་པའི་བརྩོན་འགྲུས་ཅན།། ཀྱེ་མ་ཐོག་མར་སྤྲོས་པ་ཐོབ་པའི་འཆང་བ་པོས།། སྐྱེ་བོ་གཞན་ལ་སྣ་ཚོགས་བསྡུ ་པས་སྤྲོས་པ་བསྐྱེད།། ཆུ་ནང་སྦྲུལ་ཞུགས་རྗེས་ནི་མཐོང་བ་དང་།། ན་མཁའི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱུན་བྱེད་དང་།། རྒྱུ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི།། འཇིག་རྟེན་རྣམས་ལྔ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར ་སུན་འབྱིན་འདོད་པས་ཀྱང་ནི་ངག་གཅིག་འཛིན་བྱེད་པ།། ཐུབ་པའི་དབང་པོའི་གསུང་ལ་དེ་གུས་མིན་མོད་ཀྱི།། ཤིན་ཏུ་མངར་བ་མྱངས་ནས་ཁ་པའི་རིགས་བཞིན་དུ།། གཞན་གྱིས་སྨྲས་པའི་ཚིག་ལ་རྗེ་སུ ་ཆགས་མུ་ཡིན།། ཁྱད་པར་འཕགས་པའི་བུད་མེད་འདོད་པ་དང་།། གསལ་བའི་རིགས་རྒྱུད་དབང་ཕྱུག་ཁྱིམ་འདོད་པས།། གླང་པོའི་ཁྱུ་ཡི་གཙོ་བོ་སྦྱངས་ནས་ནི།། དམན་པའི་གཞོན་པ་བུང་བུས་སུ་ཞིག་འགྲོ། ་སྣང་བའི་ཕྲེང་བ་ཞེས་བྱ་བ།། སློབ་དཔོན་ཀ་མ་ལའི་ཞལ་སྔ་ནས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལི་ཤ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་པའོ།། ་རྒྱ་གར་སྐད་དུ། སུ་ག་ཏ་མ་ཧོ་བི་བྷཾ་ག་ཀ་རི་ཀཱ། བོད་སྐད་དུ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལ་ལོ།། འདུས་མ་བྱས ་