| Wylie | e-texts produced with BDRC’s OCR application |
འདུས་བྱ་ད་དུས་མ་བྱས་རྣམ་པར་འལ་ཞེས་བྱ་བའི་བསྟན་ས་འཞུགས། @#། རྒྱ་གར་སྐད་དུ། སྐྲྀ་ཏ་ཨ་ས་སྠཱ་ཏ་བི་ནཻཥྚ་ཡ་ནཱ་མ། བོད་སྐད་དུ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངས་པ་ཞེས་བྱ་། སངས་རྒྱས་ལ་ཕྱག ་འཚལ་ལོ།། ཆོས་རྣམས་སྤྲོས་དང་བཅས་པ་ནི།། དཔལ་ལྡན་རང་ཉིད་ཀུན་མཁྱེན་ནས།། དེ་ལྟར་སེམས་ཅན་ལ་གསུང་གང་།། ཐམས་ཅད་རིག་པ་དེ་ལ་འདུད།། ཆོས་ནི་འདུས་བྱས་འདུས་མ་བྱས།། མདོར་བསྡུས་ནས་ནི་ཐུབ་པས་གསུངས།། ་དེ་དག་རྣམ་པར་ངེས་པ་ནི།། བདག་ཉིད་འབའ་ཞིག་དྲུན་ཕྱིར་བཤད།། ཆོས་མདོར་བསྡུས་ན་རྣམ་པ་གཉིས་ཉིད་ཏེ། འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་སོ།། དེ་ལ་འདུས་བྱས་ནི་མི་རྟག་པ་ཉིད་དོ།། འདུས ་མ་བྱས་ནི་རྟག་པ་ཉིད་དོ།། ཡང་འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ།། འདུས་མ་བྱས་ནི་དོན་དམ་པའི་བདེན་པའོ།། ཡང་འདུས་བྱས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། འདུས་མ་བྱས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའོ།། ། ་ཡང་འདུས་བྱས་ནི་བླ་ན་ཡོད་པའོ།། འདུས་མ་བྱས་ནི་བླ་ན་མེད་པའོ།། ཡང་འདུས་བྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། འདུས་མ་བྱས་ནི་འཇིག་རྟེན་ལས་འདས་པ་ཁོ་ནའོ།། ཡང་འདུས་བྱས་ནི་གཟུགས་ཅན ་དང་གཟུགས་ཅན་མ་ཡིན་པའོ།། འདུས་མི་བྱས་ནི་གཟུགས་ཅན་མ་ཡིན་པ་ཁོ་ནའོ།། ཡང་འདུས་བྱས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ།། འདུས་མ་བྱས་ནི་ཟག་པ་མེད་པ་ཁོ་ནའོ།། ཡང་འདུས་བྱས་ནི་ཉོན་མོངས་པ ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ།། འདུས་མ་བྱས་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའོ།། ཡང་འདུས་བྱས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའོ།། འདུས་མ་བྱས་ནི་རྣམ་པར་བྱང་བ་པ་ཁོ་ནའོ།། ་ཡང་འདུས་བྱས་ནི་སྤང་བྱ་དང་བླང་བྱའོ།། འདུས་མ་བྱས་ནི་བླང་བྱ་ཁོ་ནའོ།། ཡང་འདུས་བྱས་ནི་བསྟན་པར་བྱ་བ་དང་བསྟེན་པར་བྱ་བ་མ་ཡིན་པའོ།། འདུས་མ་བྱས་ནི་བསྟན་པར་བྱ་བ་ཁོ་ནའོ།། ཡང་འདུས་བྱས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན ་པའོ།། འདུས་མ་བྱས་ནི་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ནའོ།། དེ་ལ་དགེ་བ་ནི་གཅིག་སྟེ། འདི་ལྟར་སོ་སོར་བརྟགས་པའི་འགོག་པའོ།། ལུང་དུ་མ་བསྟན་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའོ།། ཡང ་འདུས་བྱས་ནི་འདོད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པའོ།། འདུས་མ་བྱས་ནི་ཟག་པ་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ ་ཁོ་ནའོ།། ཡང་འདུས་བྱས་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་བདེན་པའོ།། འདུས་མ་བྱས་ནི་འགོག་པའི་བདེན་པ་ཁོ་ནའོ།། ཡང་འདུས་བྱས་ནི་སྡུག་བསྔལ་གྱིས་ཐོབ་པ་དང་ཀུན་འབྱུང་གིས་ཐོབ་པ་དང་འགོག་པས་ཐོབ་པ་དང ་ལམ་གྱིས་ཐོབ་པ་དང་། བསྒོམ་པས་སྤང་བར་བྱ་བའོ།། འདུས་མ་བྱས་ནི་སྤང་བྱ་མ་ཡིན་པ་ཁོ་ནའོ།། ཡང་འདུས་བྱས་ནི་གཟུགས་ཀྱི་ཕུང་པོས་ཀུན་ཏུ་བསྡུས་པ་དང་ཚོར་བའི་ཕུང་པོས་ཀུན་ཏུ་བསྡུས་པ་དང་འདུ་ཤེས་ཀྱི་ཕུང་པོས་ཀུན་ཏུ་བསྡུས་པ་དང་འདུ་བྱེད་ཀྱི ་ཕུང་པོས་ཀུན་ཏུ་བསྡུས་པ་དང་རྣམ་པར་ཤེས་པའི་ཕུང་པོས་ཀུན་ཏུ་བསྡུས་པའོ།། འདུས་མ་བྱས་ནི་ཕུང་པོས་བསྡུས་པ་མ་ཡིན་པ་ཁོ་ནའོ།། ཡང་འདུས་བྱས་ནི་མིག་གི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་རྣ་བའི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ ་དང་སྣའི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་ལྕེའི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་ལུས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་ཡིད་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་གཟུགས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་སྒྲ་ཡི་སྐྱེ ་མཆོད་ཀྱིས་ཀུན་ཏུ་བསྡུས་པ་དང་དྲི་ཡི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་རི་ཡི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་རེག་པའི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པའོ།། འདུས་མ་བྱིས་ནི་ཆོས་ཀྱི་སྐྱེ་མཆེད ་ཀྱིས་ཀུན་ཏུ་བསྡུས་པ་ཁོ་ནའོ།། ཡང་འདུས་བྱས་ནི་མི་མིག་གི་ཁམས་ཀྱིས་ཀུན་ཏུ་བསྡུས་པ་ནས་ཡིད་ཀྱི་ཁམས་ཀྱི་བར་དུ་ཀུན་ཏུ་བསྡུས་པ་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི ་བར་དུ་ཀུན་ཏུ་བསྡུས་པ་དང་གཟུགས་ཀྱི་ཁམས་ཁམས་ཀྱིས་བསྡུས་པ་ནས་ཆོས་ཀྱི་ཁམས་ཀྱི་བར་གྱིས་བསྡུས་པའོ།། འདུས་མ་བྱས་ནི་ཆོས་ཀྱི་ཁམས་ཀྱིས་ཀུན་ཏུ་བསྡུས་པ་ཁོ་ནའོ།། དེ་ལ་གཞུང་དུ་འཆད་པར་འགྱུར་བ་གང་འགོག་པའི ་བདེན་པས་ཀུན་ཏུ་བསྡུས་པའི་ཆོས་རྣམས་དང་ནམ་མཁཱ་ནི་འདུས་མ་བྱས་ཀྱི་ཆོས་སོ།། ཆོས་གཞན་ཐམས་ཅད་ནི་འདུས་བྱས་སོ།། དེ་སྐད་དུ་ཡང་། ནམ་མཁའ་དང་ནི་འགོག་པ་གཉིས།། འདི་གསུམ་རྟག་ཅིང་འདུས་མ་བྱས།། འདུས་བྱས ་ཐམས་ཅད་སྐད་ཅིག་མ།། བདག་གིས་སྟོང་ཞིང་བྱེད་པོ་མེད།། །། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་འདུས་མ་བྱས་རྣམ་པར་ངེས་པ་ལས་འདུས་བྱས་དང་འདུས ་འདུས་མ་བྱས་རྣམ་པར་དབྱེ་བ་ངེས་པ་ཞེས་བྱ་བ་ལེའུ་དང་པོའོ།། ། དེ་ལ་འདི་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་འདུས་བྱས་ཏེ། སྐྱེ་བ་དང་། གནས་པ་དང་། མི་རྟག་པའོ།། འདི་རྣམས་སུ་རྒས་པ་བསྡུས་པསོ་བཞི་ནི ་འདུས་བྱས་ཀྱི་མཚན་ཉིད་ཅེས་ཁ་ཅིག་གོ།། འདུས་བྱས་འདི་སྐྱེད་པར་བྱ་བའི་ཕྱིར་རྒྱུ་ནི་དྲུག་སྟེ། བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཐམས་ཅད་དུ ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ།། རྒྱུད་རྣམས་ཀྱི་ཁྱོད་པར་མི་ཡིན་པོའི་འབྲས་བུ་ནི་གཅིག་སྟེ། འདི་ལྟ་སྟེ། འདུས་བྱས་ཐམས་ཅད་།། ཁྱད་པར་དུ་ནི་འབྲས་བུ་བཞི་སྟེ། འདི་ལྟ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི ་རྣམ་པརི་སྨན་པའི་རྒྱུ་ཡིའོ།། བྱེད་པའི་རྒྱུའི་ནི་བདག་པོའི་འབྲས་བུའོ།། སྐལ་པ་མཉམ་པ་དང་ཐམས་ཅད་དུ་འགྲོ་བའི་རྒྱུ་དག་གི་ནི་རྒྱུ་མཐུན་གྱི་འབྲས་བུའོ།། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ནི་སྐྱེས་བུ་བྱེད་པའི་འབྲས ་བུའོ།། རྐྱེན་ཐོ་ནིའོ།། འདི་ལྟ་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་རྣམས་སོ།། དེ་ལ་ཆོས་འདུས་བྱས་ཀྱི་བདག་ཉིད་རང་གི་ངོ་བོ་ལས་གཞན་ཆོས་ཐམས་ཅད་དེ་ནི་བྱེད་པའི་རྒྱུའོ།། སྐྱེ ་བ་རྣམས་ལ་གླེགས་མེད་པའི་ངོ་བོས་རྣམ་པར་གནས་པས་སོ།། གང་ཆོས་ཕན་ཚུན་འབྲས་བུར་གྱུར་པ་དེ་ནི་ཕན་ཚུན་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་སྟེ། འདི་ལྟ་སྟེ་འབྱུང་བ་ཆེན་པོ་བཞིའོ།། སྔོན་གོམས་པར་བྱས་པ་འདྲ་བའི་ཆོས་ཕྱི་མ་ཕྱི་མ་འདྲ་བ་རྒྱས ་པའི་རྒྱུ་མཚན་ཉིད་ཡིན་པས་སྐལ་པ་མཉམ་པའི་རྒྱུ་སྟེ། འདི་ལྟ་སྟེ་དགེ་བའི་ཕུང་པོ་ལྔ་ལས་དགེ་བ་དང་། ཉོན་མོངས་པ་ཅན་ལས་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་ལས་ལུང་དུ་མ་བསྟན་པའོ།། གང་ཆོས་ངོ་བོ་ལྷན་ཅིག་ཏུ་དམིགས ་པ་ཀུན་ཏུ་གྲུབ་པ་སྟེ། ཡང་གང་རུང་མ་ཚང་བས་ནི་མ་ཡིན་པ་དེ་ནི་མཚུངས་པར་ལྡན་པའི་རྒྱུ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའོ།། རང་གིས་པ་སྔོན་ཉེ་བར་སྐྱེས་པ་ཉིད་ཀུན་ཏུ་འགྲོ་བའི་ཆོས་རྣམས་ནི་ཉོན་མོངས་པ་ཅན་ཕྱི་མ་རྣམས ་ཀུན་ཏུ་འགྲོ་བའི་རྒྱུ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་སྤྱིའི་རྒྱུ་ཉིད་ཡིན་པས་འདི་ནི་སྐལ་པ་མཉམ་པའི་རྒྱུ་ལ་ཐ་དད་དུ་རྣམ་པར་བཞག་གོ། འདོད་ཆགས་ལ་སོགས་པ་གང་འགའ་ཞིག་གི་ཉོན་མོངས་པ་གོམས་པས་ཞེ་སྡང་ལ་སོགས་པ་ཐམས ་ཅད་ཀྱི་རྒྱུན་རྒྱས་པར་བྱེད་པས་སོ།། བདག་ཉིད་དངོས་པོ་ཡོངས་སུ་བཟུང་བའི་ཕྱིར་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་གང་དེ་ནི་རྣམ་པར་སྨིན་པའི་རྒྱུའོ།། ལུང་དུ་མ་བསྟན་པ་ཡང་ནི་མ་ཡིན་ཏེ། ས་བོན་རུལ་པ་བཞིན་དུ་སྟོབས་ཞན་པས་སོ།། ་ཟག་པ་མེད་པ་ཡང་མ་ཡིན་ཏེ། སྲེད་པས་མངོན་པར་བརླན་པ་ཉིད་ཡིན་པས་མངོན་པར་བརླན་པ་མེད་པའི་སྙིང་པོ་ས་བོན་བཞིན་དུ་བདག་གི་ངོ་བོ་མངོན་པར་འགྲུབ་པའི་ནུས་པ་མེད་པའོ།། དེ་ལ་ལུང་དུ་མ་བསྟན་པ་དང་བཅས་པའི་དགེ་བ་དང་མི ་དགེ་བས་མངོན་པར་གྲུབ་པ་སེམས་ཅན་དུ་བསྟན་པའི་ཆོས་ནི་རྣམ་པར་སྨིན་པའི་འབྲས་བུའོ།། སྔོན་སྐྱེས་པ་ལས་གཞན་འདུས་བྱས་ཆོས་ནི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་འབྲས་བུའོ།། ཆོས་གང་རང་གི་རྒྱུ་དང་འདྲ་བ་དེ་ནི ་རྒྱུ་མཐུན་པའི་འབྲས་བུའོ།། སྟོབས་གང་གིས་གང་ཉེ་བར་སྐྱེ་བ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། འདི་ལྟར་ས་འོག་མའི་སྦྱོར་བའི་སེམས་ནི་ས་གོང་མའི་ཏིང་ངེ་འཛིན་དང་། ཟག་པ་དང་བཅས་པས་ཟག་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ།། ་དེ་ལ་བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་ནི་རྒྱུའི་རྐྱེན་ནོ།། དགྲ་བཅོམ་པའི་ཐ་མའི་སེམས་དང་སེམས་ལས་བྱུང་བ་སྤངས་ཏེ་སེམས་དཔང་སེམས་ལས་བྱུང་བ་ཉེ་བར་སྐྱེ་བ་ཐམས་ཅད་ནི་དེ་མ་ཐག་པའི་རྐྱེན་ནོ།། མིག་གི་རྣམ་ཤེས་ལ་སོགས་པའི ་གཟུགས་ལ་སོགས་པ་ཡིད་ཀྱི་རྣམ་ཤེས་ཀྱི་ཆོས་ཐམས་ཅད་ཞེས་པ་ལ་སོགས་པ་ནི་དམིགས་པའི་རྐྱེན་ནོ།། གང་བྱེད་པའི་རྒྱུ་དེ་ནི་བདག་པོའི་རྐྱེན་ནི།། དེ་ལ་འགེག་པ་ལ་མངོན་པར་ཕྱོགས་ཏེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱ ་གཉིས་བྱ་བ་བྱེད་དེ། ལྷན་ཅིག་ཉེ་བར་སྐྱེ་བའི་འབྲས་བུ་ལ་དེ་གཉིས་རྩོམ་པ་བྱེད་པས་སོ།། སྐལ་པ་མཉམ་པ་ཐམས་ཅད་དུ་འགྲོ་བ་རྣམ་པར་སྨིན་པའི་རྒྱུ་རྣམས་ནི་སྐྱེ་བ་ལ་མ་ཨཱ་ཏེ་མ་འོངས་པ་ལ་བྱེད་དོ།། དེ་མ་ཐག་པའི་རྐྱེན་ནི་སྒྲ ་བཞིན་པ་ལ་བྱ་བ་བྱེད་དེ། གོ་སྐབས་སྟོར་བས་སོ།། དམིགས་པའི་རྐྱེན་ནི་འགག་བཞིན་པ་ལ་བྱ་བ་བྱེད་དེ།། ད་ལྟར་བའི་སེམས་དང་སེམས་ལས་བྱུང་བས་འཛིན་པ་སོ་སོ།། ས་པའི་ཚོན་ནིའང་གནས་སྐབས་ཐམས་ཅད་དུ་སྒྲིབ་པ་མེད་པ ་བོས་རྣམ་པར་གནས་པའོ།། མཁས་པ་ཆེན་པོ་སྟོབས་བཅུའི་དཔལ་བ་ཤེས་གཉེན་གྱིས་བསྡུས་པའི་འདུས་བྱས་འདུས་མ་བྱས་རྣམ་པར་ངེས་པ་ལས་རྒྱུ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །། ཆོས་འདུས་བྱས་ནི ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་ནོ།། དེ་ལ་སྣོད་ཀྱི་འཇིག་རྟེན་རྣམ་པ་མང་དུ་གྱུར་པ་ཡིན་ཡང་། འདི་ལྟ་སྟེ། ནམ་མཁའི་མཐར་ཐུག་པ་རླུང་གི་དཀྱིལ་འཁོར་རོ།། དེའི་སྟེང་ན་ཆུའི་དཀྱིལ ་འཁོར་རོ།། དེའི་སྟེང་ན་དབང་ཆེནི་གསེར་གྱི་དཀྱིལ་འཁོར་རོ།། དེ་སྐད་དུ་ཡང་། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི།། གནས་དབྱིབས་བཤད་དེ་འོག་དག་ན།། རླུང་གི་དཀྱིལ་འཁོར་རྔམས་སུ་ནི།། འབུམ་ཕྲག་བཅུ་དྲུག་གྲངས་མེད་དོ།། ཆུ་རྔམས་འབུམ ་ཕྲག་བཅུ་གཅིག་དང་།། སྟོང་ཕྲག་དག་ནི་ཉི་ཤུའོ།། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱ།། ལྷག་མ་དག་ནི་གསེར་དུ་འགྱུར།། ཞེས་སོ།། དེ་ལ་ལྷག་མ་ཞེས་པ་ནི་དབང་ཆེན་གསེར་གྱི་དཀྱིལ་འཁོར་རྔམས་སུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྷག ་པའི་འབུམ་ཕྲག་གསུམ་གྱི་ཚད་དོ།། རྒྱར་ཡངས་པའི་ཚད་ཀྱང་། ཆུ་དང་གསེར་གྱི་དཀྱིལ་འཁོར་ལ།། ཐད་ཁར་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི།། ཕྱེད་དང་ལྔ་རྣམས་ཁོ་ནའོ།། ཁོར་ཡུག་དུ་ནི་སུམ ་འགྱུར་རོ་ཞེས་སོ།། དབང་ཆེན་གསེར་གྱི་དཀྱིལ་འཁོར་གྱི་སྟེང་དབུས་ན་རི་རབ་རིན་པོ་ཆེ་བཞིའི་རང་བཞིན་ནོ།། དེ་ལ་རིན་པོ་ཆེ་བཞི་ནི། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལོ།། རི་བོ་རྒྱུད་བདུན་ནི་གསེར་རོ།། འདི་ལྟ་སྟེ། ་གཉལ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྗང་ཅན་དང་། བལྟ་ན་སྡུག་དང་། རྟནཱ་རི་དང་། རྣམ་པར་འདུད་དང་། མུ་ཁྱུད་འཛིན་ནོ།། དེ་ལས་ཕྱི་རོལ་ཁོར་ཡུག་རི་ནི་ལྕགས་སོ་དགུ་པའོ།། གས ་གྱི་ས་གཞི་དཀྱིལ་འཁོར་སྟེང་ན་ཆུའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་དང་རི་རབ་ལ་སོགས་པ་རི་དགུ་པོ་རྣམས་བྱིང་བའོ།། ད་སྐད་དུ་ཡང་། ལྷུན་པོ་རིན་ཆེན་བཞིའི་རང་བཞིན།། ཆུ་རུ་སྟོང་ཕྲག་བརྒྱད་ཅུ་ནུབ། ་ཆུ་ལས་སྟེང་ངུ་རི་བོ་ཡང་།། སྟོང་ཕྲག་དག་ནི་བརྒྱད་ཅུའོ།། བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི།། དེ་དག་རྔམས་སུ་འཕང་དང་མཉ་མ་སོ།། རི་བོ་མཆོག་ལ་སོགས་པ་ནས་མུ་ཁྱུད་འཛིན་གྱི་མཐར་ཐུག་པ། རི་རྣམས་ཀྱི་བར་དང་བར་དུ ་བསོལ་བ་ཞེས་པ་རྒྱ་མཚོ་བདུན་ཏེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་པོའོ།། དེ་ལ་ཚུལ་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། བསིལ་བ་དང་། མྱང་བདེ་བ་དང་། ཡང་བ་དང་། འཇམ་པ་དང་། དངས་པ་དང་། དྲི་མ་ངན་པ་མེད་པ་དང་། ་འཐུང་བ་ན་མགྲིན་པ་མི་འགག་པ་དང་། འཐུངས་ན་ཡང་ལྟོ་བ་ལ་མི་གནོད་པའོ།། ཡང་གསུངས་ཏེ། དེ་དག་པར་བདུན་རོལ་མཚོ་ཡིན།། དབང་པོ་སྟོང་ཕྲག་བརྒྱད་ཅུའོ།། དེ་ནི་ནང་གི་རྒྱ་མཚོ་ཡིན།། དེ་ཡི་ངོས་ལྔ་སུམ་འགྱུར་ཏེ།། རོལ་མཚོ ་གཞན་རྣམས་ཕྱེད་ཕྱེད་དོ།། ཞེས་སོ།། མུ་ཁྱུད་འཛིན་དང་འཁོར་ཡུག་དག་གི་བར་དུ་ནི་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོའོ།། ཡང་གསུངས་ཏེ། ལྷག་མ་ཕྱི་ཡི་མཚོ་ཆེན་ལ།། འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི།། ཉི་ཤུ་གཉིས་སོ་དེ་ལ་ནི། ་ཞེས་སོ།། མུ་ཁྱུད་འཛིན་གྱི་ཕྱི་རོལ་ཕྱོགས་བཞི་རུ་གླིང་བཞིའོ།། འདི་ལྟ་སྟེ། ལྷོ་རུ་འཛམ་བུ་གླིང་དང་། ནུབ་ཏུ་བ་གླང་སྦྱིན་དང་། བྱང་དུ་སྒྲ་མི་སྙན་དང་། ཤར་དུ་ལུས་འཕགས་པོའོ།། ཡང་གསུངས་ཏེ། དེར་ཡང་། འཛམ་བུ་གླིང་ནི་ངོས ་གསུམ་ལ། སྟོང་ཕྲག་གཉིས་ཏཽ་ཤིང་རྟའི་དབྱིབས།། གཅིག་ལ་དཔག་ཚད་ཕྱེད་དང་བཞི།། ཤར་གྱི་ལུས་འཕགས་ཟླ་གམ་འདྲ།། ངོས་གསུམ་འདི་དང་འདྲ་གཅིག་ལ།། དཔག་ཚད་སུམ་བརྒྱ་ལྔ་བཅུའོ།། བ་གླང་སྤྱོད་ནི་ཟླུམ་པོ་ལ།། ་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ།། དབུས་ལ་སྟོང་ཕྲག་ཕྱེད་དང་གསུམ།། སྒྲོ་མི་སྙན་བརྒྱད་གྲུ་བཞིར་མཉམ། ནུས་སོ།། བར་བར་དུ་གླིང་བརྒྱད་དོ།། འདི་ལྟ་སྟེ། འཛམ་བུ་གླིང་གི་ལོགས་གཉིས་སུ་རྔ་ཡབ་དང་། རྔ་ཡབ་གཞན ་ནོ།། བ་ལང་སྦྱིན་གྱི་ནི།། གཡོ་ལྡན་དང་། ལམ་མཆོག་འགྲོའོ།། སྒྲ་མི་སྙན་གྱི་ནི། སྒྲ་མོ་སྙན་དང་། སྒྲ་མི་སྙན་གྱི་ཟླའོ།། ཤར་གྱི་ལུས་འཕགས་ཀྱི་ནརྀ། ལུས་དང་། ལུས་འཕགས་པོའོ།། འདིར་འཛམ་བུའི་གླིང་ལ་འཛམ་བུའི་གླིང་གི ་བྱང་དུ་རི་ནག་པོ་གསུམ་སྟེ། དེ་ལས་འདས་པ་ན་ཡང་གསུམ་མོ།། ཡང་གསུམ་སྟེ་དགུའོ།། དེའི་ཕ་རོལ་ནཱ་རི་ཁ་བ་ཅན་ཉིད་དོ།། དེའི་ཕ་རོལ་ན་ཆུར་དང་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་པ་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན ་པོའི་ཆུས་གང་བའོ།། གང་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ཉིད་དོ།། འདི་ལྟ་སྟེ། གངྒ་དང་། སིནྡྷུ་དང་། ཤཱི་ཏ་དང་། པཀྵའོ།། མཚོ་འདིའི་འགྲམ་བྱང་ཕྱོགས་ནི་འཛམ་བུའི་ཤིང་ཡོད་དེ། མཐོ་བ་དང་རྒྱར་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པའོ།། ་གཞི་གང་ཞིག་གིས་འཛམ་གླིང་ཞེས་གྲགས་པ། གང་གི་འབྲས་བུ་མངར་དངར་མཆོག་གོ།། དེའི་ཕ་རོལ་ནུར་སྤོས་ཀྱི་དང་ལྡང་བན།། འཛམ་བུ་གླིང་འདིའི་དབུས། རྡོ་རྗེའི་གདན་གསེར་གྱི་རང་བཞིན་གྱིས་གཞི་ལས ་མངོན་པར་གྲུབ་པ། མཐོ་རུ་འཛམ་བུའི་གླིང་གི་མཐའ་དང་། ཞེང་དུ་ཤིང་རྟ་འཁོར་ལོའི་ཚད་དང་ལྡན་པ།། གང་དུ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་གང་ཡིན་པའོ།། ་འཛམ་བུ་གླིང་འདི་ཉིད་ཀྱི་འོག། དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བ་ཆེན་པོ་ཡོད་དེ་རྔམས་དང་ཞིང་དག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུའི་ཚད་དང་ལྡན་པའོ།། དེ་ལྟར་འདི་ནས་མནར་མེད་པ་འདིའི་འོག་གིས ་གཞི་ནི་དཔག་ཚད་སྟོང་ཕྲག་བཞི་བཅུར་འགྱུར་རོ།། མནར་མེད་པའི་སྟེ། གོང་ནས་གོང་དུ་དམྱལ་བ་བདུན་རྣམ་པར་གནས་སོ།། འདི་ལྟ་སྟེ། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས ་དང་། ཐིག་ནག་དང་། ཡང་སོས་སོ་ཅེས། མནར་མེད་པའི་ཕྱོགས་བཞི་རུ་ཕྱི་རོལ་འཁོར་ནས་གནས་སོ་ཞེས་གཞན་དག་གོ།། མནར་མེད་ལ་སོགས་པ་དེ་རྣམས་ན་དམྱལ་བ་ཆེན་པོ་བརྒྱད་དོ།། དམྱལ་བ་ཆེན་པོ་བརྒྱད་པོ་རྣམ་སོ་སོ་ལ་ཉེ ་འཁོར་གྱི་དམྱལ་བ་བཅུ་དྲུག་སྟེ། འདི་ལྟ་སྟེ། ཀུ་ཀཱུ་ཁ་དང་། ཀུ་ཎ་པ་དང་། སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་དང་། ཆུའོ་རབ་མེད་དོ།། ཕྱོགས་གཅིག་ལའང་ཉེ་བའི་དམྱལ་བ་བཞི་སྟེ། འདི་ལྟར་ཕྱོགས་གཞན་གསུམ་ལ་སོ་སོར ་ཆན་ཅ་ཉིད་ས་གྱུ།། གཞན་གྶ་དུམྱལ་བ་བརྒྱད་དུ་མྱས་ན་མས་བྱུ་དུ་གནས་པ་ཉི་དང་།། ད་མྦྷ་སྨྱ་ནྱ་བྱུ་ཕན་དང་། རྨུ་ལྡན་པ་དང་། སྣམ་མ་ཐམ་དང་། ཨ་དང་། སྨྲམྦྷ་དང་། སྱཱ་དྷཱལ་སྨྲ་བུ་དང་། ་ལྟ་བུ་དང་། པདྨ་ཆེན་པོ་ལྟ་བུན།། ཆེ་བའི་དམྱལ་པ་རྣམས་ནི་སྦྱིན་ནོ།། ངེས་པ་མེད་དེ། ཆུ་བོ་འགྲམ་དང་། སྐྱེ་མཚོའི་འགྲོམ་དང་རོ་དང་མྱེ་མ་ཐ~ཾ་དང་ཡུལ་ངན་ལ་སོགས་པ་རྣམས་སུ་གནས་པའོ།། རང་འགྲོ་རྣམས་ཀྱི ་གནས་ནི་རྒྱ་མཚོ་ཆེ།། སྐམ་དང་ཆུ་དང་ནམ་མཁའ་ལའང་།། ཅེས་སོ།། ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེའོ།། དེ་ཡང་འདི་ནས་དཔག་ཚད་ལྔ་བརྒྱའི་འོག་གི་ཆ་ལ། དཔག་ཚད་ལྔ་བརྒྱས་མཚམས་ཡོངས་སུ་བཅད་པ་ནི་རྒྱལ་པོའི ་གནས་སའོ།། དེ་ལས་གཞན་དུ་རྣམ་པར་རྟེན་པ་ཉིད་དོ།། ལྷ་མ་ཡིན་ནཱཾ་རི་རབ་ལ་སྟེ། བང་རིམ་འོག་མ་ལས་འོག་གི་ནང་ཆེན་པོའི་ཕུག་ན་ཀུན་ཏུ་གནས་སོ།། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ནི་དྲུག་སྟེ། འདི་ལྟ་སྟེ། རྒྱལ་པོ ་ཆེན་པོ་བཞིའི་རིས་ཀྱི་ལྷའི་གནས་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་དང་། འཐབ་བྲལ་གྱི་གཞལ་ཡས་དང་། དགའ་ལྡན་གྱི་གཞལ་ཡས་དང་། འཕྲུལ་དགའི་གནས་དང་། གཞན་འཕྲུལ་དབང་བྱེད་ཀྱི་གཞལ ་ཡས་སོ།། དེ་ལ་རྒྱལ་ཆེན་བཞིའི་གནས་ནི་རྣམ་པ་གསུམ་ཏེ། འདི་ལྟ་སྟེ། རི་རབ་ཀྱི་བང་རིམ་བཞི་དང་། རི་བོ་རྒྱུད་བདུན་དང་། ཉི་མ་དང་ཟླ་བ་དང་སྐར་མའི་གཞལ་ཡས་རྣམས་སོ།། དེ་ལ་འདི་ནས་སྟེང་དུ་བོར་སྣང་དཔག་ཚད ་སྟོང་ཕྲག་བཞི་བཅུ་ན། རླུང་ནི་ཆུའི་དཀྱིལ་འཁོར་ལྟར། རི་རབ་ལ་ཡོངས་སུ་བསྐོར་ཏེ་ཟླ་བ་དང་ཉི་མ་དང་སྐར་མ་རྣམས་ཀྱི་གཞལ་ཡས་ཁང་རྣམས་རྒྱུ་བར་བྱེད་དོ།། དེ་ལ་ཟླ་བ་དང་ཉི་མ་དག་ལྷུན་པོའི་ཕྱེད་ནས ་མུ་ཁྱུད་འཛིན་གྱི་རིའི་རྩེ་མོ་དང་མཉམ་པར་རྒྱུ་བར་བྱེད་དོ།། ཚད་ནི་ཟླ་བའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུའོ།། ཉི་མའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུ་གཅིག་གོ། དེ་སྐད་དུ་ཡང་། ལྷུན་པོའི་ཕྱེད་ན་ཉི་ཟླ་སྟེ།། དཔགོ་ཚད་ལྔ ་བཅུ་གཅིག་དང་བཅས།། ཅེས་སོ།། སྐར་མ་རྣམས་ཀྱི་གཞལ་ཡས་ཀྱི་ཆང་ནི། གང་དག་ཆུང་བ་དེ་ནི་རྒྱང་གྲགས་ཙམ་མོ།། ཉི་མའི་གཞལ་ཡས་ཀྱི་འོག་ཕྱི་རོལ་ནི་མ་ཤེལ་གྱི་རང་བཞིན་ཟླུམ་པོ་སྟེ་འོད་ཟེར་ནི་ཆེ་བ་དང་རབ་ཏུ་གསལ་བར་བྱེད་དོ།། ་ཟླ་བའི་གཞལ་ཡས་ཁང་གི་འོག་ཀྱང་ཆུ་ཤེལ་ཟླུམ་པོ་བསིལ་བ་དང་གསལ་བར་སྣང་བར་བྱེད་དོ།། ཟླ་བ་གཅིག་གིས་གླིང་བཞི་རུ་བྱ་བ་བྱེད་དོ།། ཉི་མ་གཅིག་གིས་ཀྱང་ངོ་།། འདི་ལྟ་སྟེ། གང་གི་ཚེ་བྱང་སྒྲ་མི་སྙན་དུ་མཚན་ཕྱེད་ཡིན་པ་དེའི་ཚེ། ་ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་པའོ།། འཛམ་བུ་གླིང་དུ་ཉི་མ་ཕྱེད་དོ།། བ་ལང་སྤྱོད་དུ་ཤར་བའོ།། དེ་བཞིན་དུ་གླིང་གཞན་ལ་ཙཽ་རིགས་སུ་སྦྱར་རོ།། འདིར་ཉི་མའི་འགྲོ་བའི་བྱེ་བྲག་གིས་མཚན་མོ་ཉིན་མོ་དག་འཕེལ་བ་དང་འགྲིབ་པའོ།། ་འདི་ལྟ་སྟེ། བྷཱ་དྲ་པ་དེའི་ནག་པོའི་ཕྱོགས་ཀྱི་དགུ་ནས་མཚན་མོ་འཕེལ་ལོ།། ཕལ་གུ་ནའི་ནག་པོའི་ཕྱོགས་ཀྱི་དགུ་ནས་མཚན་མོ་འགྲིབ་པོ།། གང་གི་ཚེ་མཚན་མོ་འཕེལ་བ་དེའི་ཚེ་ཉིན་མོ་འགྲིབ་པོ།། གང་གི་ཚེ་ཉིན་མོ་འགྲིབ་པ་དེའི་ཚེ ་མཚན་མོ་འཕེལ་ལོ་ཞེས་སོ།། དཀར་པོ་ཕྱོགས་ཀྱི་དང་པོར་ཟླ་བའི་དཀྱིལ་འཁོར་ཉམས་པར་མཐོང་བ་ཅི་ཡིན་ཞེ་ན། ཉི་མའི་འོད་ཟེར་གྱི་ཟླ་བའི་དཀྱིལ་འཁོར་གྱི་ངོས་གཞན་ལ་གྲིབ་མ་བབས་ཏེ་དཀྱིལ་འཁོར་མ་རྫོགས་པར་མཐོང་བ ་ཡིན་ནོ་ལོ།། ཡང་ན་རྒྱུ་བའི་འཚོགས་པ་གང་ལས་དེ་དེ་འདྲ་བ་སྟེ། རེས་འགའ་ནི་ཉམས་པ་དང་ཕྱེད་དང་རྫོགས་པར་མཐོང་བ་ཡིན་ནོ།། ཞེས་སྔོན་གྱི་སློབ་དཔོན་རྣམས་སོ།། ཉི་མ་ལ་སོགས་པའི་གཞལ་ཡས་འདི་རྣམས་ལ་ནི། རྒྱལ ་ཆེན་རིས་བཞིའི་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་གནས་སོ།། བང་རིམ་བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་གནས་པ་ཉིད་དོ།། འདི་ལྟ་སྟེ། ཤར་དུ་ཡུལ་འཁོར་སྐྱོང་དང་། ལྷོ་རུ་འཕགས་སྐྱེས་པོ་དང་། ནུབ་ཏུ་མིག་མི་བཟང་དང་། ་བྱང་དུ་ལུས་ངན་པོའོ།། ཡང་གསུངས་ཏེ། འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ།། སྟོང་ཕྲག་དག་ནི་བཅུ་དྲུག་དང་།། བརྒྱད་དང་བཞི་དང་གཉིས་ཐོད་འཕགས།། དེ་ལ་ལགོ་ན་གཞོང་ཐོགས་དང་།། འཕྲེང་ཐོགས ་དང་ནི་རྟག་མྱོས་དང་།། རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས།། རི་བོ་བདུན་པོ་རྣམས་ལ་ཡང་།། དེས་ན་དེ་ཡི་ལྷུན་པོ་ཡཾ།། ཕྱེད་ཀྱིས་འོག་མཱ་བསྒྲིབས་པའོ།། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆུ་དང་ཞེང་དུ་སྟོང་ཕྲག ་བརྒྱད་ཅུའོ།། རི་མཆོག་གི་ལོགས་རེ་རེ་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་སྟེ་ཀུན་ཏུ་ཡོངས་སུ་འཁོར་བར་བརྒྱད་ཅུའོ།། ཞེས་གཞན་དག་གོ། དེའི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཞེས་བྱ་བ་བརྒྱ་བྱིན་ལྷའི་དབང་པོའི་རྒྱལ་བའི་གནས་སོ།། ་ཡང་གསུངས་ཏེ། དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། འོག་གཞི་གསེར་རང་བཞིན་བཀྲ་ཞིང་མཉེན་ལོགས་ལ་སྟོང་ཕྲག་ཕྱེད་དང་གསུམ། འཕང་དུ་དཔག་ཚད་གཅིག་དང་ཕྱེང་། ཞེས་སོ།། གྲོང་ཁྱེར་ང ་དབུས་ན་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཁང་བཟང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཡོད་དོ།། ཡང་གསུངས་ཏེ། དེ་ན་རྣམ་པར་རྒྱལ་བྱེད་དེ། ལོགས་ལ་ཉིས་བརྒྱ་ལྔ་བཅུའོ།། ཞེས་སོ།། གྲོང་ཁྱེར་དེའི་ཕྱོགས་བཞི་རུ་སྐྱེད་མོས ་ཚལ་བཞི་རྣམས་སོ།། འདི་ལྟ་སྟེ། ཤིང་རྟ་སྣ་ཚོགས་དང་། ཙུབ་འགྱུར་དང་། འདྲེས་པའི་ནགས་དང་། དགའ་བའི་ཚལ་ལོ།། སྐྱེད་མོས་ཚལ་བཞི་པོ་དེ་རྣམས་ཀྱི་བར་དུ་ནི་ས་གཞི་བཟང་པོ། དཔག་ཚད་ཉི་ཤུ་ནི་ལྷ་རྣམས་ཀྱི ་རོལ་མོའི་གནས་ཕན་ཚུན་འགྲན་པ་ལྟར་མཛེས་པ་འཛིན་པའོ།། གྲོང་ཁྱེར་དེའི་བྱང་ཤར་གྱི་མཚམས་ན་ཤིང་ཡོངས་འདུས་རྡོལ་ཞེས་པ་ཡོད་དོ།། དེ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པ་དགའ་བ་རབ་ཏུ་གྱུར་པའི ་རྟེན་ནོ།། དེའི་རྩ་བ་སྦོམས་སུ་ཐང་ཀར་དཔག་ཚད་ལྔ་དང་འཕང་དུ་དཔག་ཚང་གཅིག་གོ། ཡལ་ག་དང་ལྷོ་མ་དང་འདབ་མ་རྒྱས་པར་གནས་པ་ལ་ནི་དཔག་ཚད་ལྔ་བཅུའོ།། དེ་ལ་ཡང་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པ་ནི་དྲི་ནི་རྫི ་ཕྱོགས་སུ་དཔག་ཚད་བརྒྱ་རུ་ངད་ལྡང་ཞིང་། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུ་དང་ལྡང་ངོ་།། ཤིང་འདི་དག་གི་རྩ་བ་ན་ཤིན་ཏུ་ཆེས་འཇམ་པ་པཱ་ཎ་རུ་ཀམ་པ་ལ་ཞེས་པའི་བརྒྱ་བྱིན་ལྷའི་དབང་པོའི་བཞུགས་པའི་ཕྱིར ་མངོན་པར་གྲུབ་པ་སྲིད་དུ་དཔག་ཚད་དྲུག་ཅུའོ།། ཞེང་དུ་དཔག་ཚད་ལྔ་བཅུ་རྩམ་མོ།། རྔམས་སུ་ཚང་ནི་དཔག་ཚད་བཅོ་ལྔའོ།། ལྟ་ན་སྡུག་གི་ལྷོ་ནུབ་ཀྱི་མཚམས་ན་ཆོས་བཟང་ལྷའི་མདུན་ས་སྟེ། གང་དུ་སྡུད་ནས་སུམ་ཅུ་རྩ་གསུམ ་པའི་ལྷ་རྣམས་བྱ་བ་དང་། བྱ་བ་མ་ཡིན་པ་བཀའ་བགྲོ་བར་མཛད་པའོ།། རི་རབ་ཀྱི་སྟེང་གྲུ་བཞི་ལ་ཅོག་བཞི་སྟེ། འཕང་དུ་དཔག་ཚད་སྟོང་ཕྲག་བཅུའོ།། ཁ་ཅིག་གྲུའི་ཅོག་ནི་དཔག་ཚད་ལྔ་བརྒྱའི་ཚད་དང་ལྡན་པ་གང་ན་ལྷ་ཕྱག་ན ་རྡོ་རྗེ་གནས་པ་གང་ཡིན་པའོ་ཞེས་སོ།། གཟུགས་ཀྱི་ཁམས་ལ་ས་གཞི་དང་། ཀུན་འཁོར་བཞིའོ།། འདི་ལྟ་སྟེ། བསམ་གཏན་དང་པོའི་ས་དང་། བསམ་གཏན་གཉིས་པའི་ས་དང་། བསམ་གཏན་གསུམ་པའི་ས་དང་། བསམ་གཏན ་བཞི་པའི་སའོ།། བསམ་གཏན་དང་པོའི་ཀུན་འཁོར་དང་། མིང་གཞན་ནི་མི་ལྕོགས་པ་མེད་པའོ།། བསམ་གཏན་གཉིས་པའི་ཀུན་འཁོར་དང་། མིང་གཞན་ནི་བསམ་གཏན་ཁྱད་པར་ཅན་ནོ།། བསམ་གཏན་གསུམ་པའི་ཀུན་འཁོར་དང་། ་བསམ་གཏན་བཞི་པའི་ཀུན་འཁོར་རོ།། དེ་ལ་བསམ་གཏན་དང་པོའི་ས་ལ་གནས་གསུམ་མོ།། ཚངས་རིས་ཀྱི་གཞལ་ཡས་ཁང་དང་། ཚངས་པ་མདུན་ན་གདོན་གྱི་གཞལ་ཡས་ཁང་དང་། ཚངས་པ་ཆེན་པོའི་གཞལ་ཡས་ཁང ་ངོངོ།། བསམ་གཏན་གཉིས་པའི་ས་ལ་གནས་གསུམ་མོ།། འདི་ལྟ་སྟེ། འོད་ཆུང་གི་གཞལ་ཡས་ཁང་དང་། ཚད་མེད་འོད་ཀྱི་གཞལ་ཡས་ཁང་དང་། འོད་གསལ་གྱི་གཞལ་ཡས་ཁང་ངོ་།། བསམ་གཏན་གསུམ་པའི་གནས་ལ་གསུམ་སྟེ། ་འ་སྭཱ།། དག་ཆུང་གི་གཞལ་ཡས་ཁང་དདུ། ཆད་མེད་དགའ་གནས་ཡས་ཁང་དང་། དག་རྒྱུས་རྒྱན་ནལ་ཡས་ཁང་ང།། བསམ་གཏན་བན་པའོ་ས་ལ་གནས་བརྒྱད།། འོདི་ལྟ་སྟེ། སྒྲོན་མེད་ཀྱི་གནན ་ས་ཁང་དང་། བསོད་ནམས་འཕེལ་གྱི་གཞལ་ཡས་ཁང་དང་། འབྲས་བུ་ཆེ་བའི་གཞལ་ཡས་ཁང་དང་། མི་ཆེ་བའི་གཞལ་ཡས་ཁང་དང་། མི་གདུང་བའི་གཞལ་ཡས་ཁང་དང་། གྱ་ནོམ་སྣང་གི་གནལ་ཡས་ཁང་དང་། ཤིན་ཏུ་མཐོང ་གི་གཞལ་ཡས་ཁང་དང་འོག་མིན་གྱི་གཞལ་ཡས་ཁང་ངོ་།། འཐབ་བྲལ་ལ་སོགས་པ་བཞི་རྣམས་ཀྱི་གཞལ་ཡས་ཁང་གི་ཚད་ནི་ལྷུན་པོའི་སྟེང་དང་མཉམ་མོ་ཞེས་ཁ་གཅིག་གོ། གོང་མོ་ཉེས་འགྱུར་རོ་ཞེས་གཞན་དག་གོ། བསྡམ ་གཏན་དང་པོའི་གཞལ་ཡས་ཁང་ནི་གླིང་བཞིའི་ཚད་ཙམ་མོ།། བསམ་གཏན་གཉིས་པའི་གཞལ་ཡས་ཁང་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དོ།། བསམ་གཏན་གསུམ་པའི་གཞལ་ཡས་ཁང་ནི་སྟོང་གཉིས་ཀྱིས་འཇིག ་རྟེན་གྱི་ཁམས་ཀྱི་ཆད་དོ།། བསམ་གཏན་བཞི་པའི་གཞལ་ཡས་ཁང་གི་ཚད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ།། ཞེས་གཞན་དག་གོ།། བསམ་གཏན་དང་པོ་ལ་སོགས་པ་གཞལ་ཡས་ཁང་གསུམ་གྱི ་ཚད་ནི་སྟོང་ཆུང་ངུ་ལ་སོགས་པའི་ཚད་དོ།། བསམ་གཏན་བཞི་པའི་གཞལ་ཡས་ཁང་ནི་དཔག་ཏུ་མེད་པའོ་ཞེས་ཁ་ཅིག་གོ།། དེ་ལ་གནས་འོག་མར་སྐྱེས་པའི་ལྷ་རྣམས་ཀྱིས་གོང་མའི་གཞལ་ཡས་ཁང་མཐོང་བ་ནི་མ ་ན་རྣམ་གང་མར་སྐྱེས་པའི་ལྷ་རྣམས་ཅས་ཀ་མྦའོ་གནལ་ཡས་ཁང་མཛང་བ་ད་པ།། རྫུ་འཕྲུལ་ལཱམ། རྫུ་འཕྲུལ་པ་སན་ནས་ཀང་བུ་འགྲོ་བར་འགྱུར།། གང་དུ་སྐྱེས་པ་འངས་ན་མཐོང་བར་འརྒྱུར་ནང་། ཁམས་དང ་མ་ནི་མ་ཡིན་ནོ།། ས་གོང་མ་ཞེས་པ་ཡང་མཐོང་བ་མ་ཡིན་ནོ།། ཞེས་སོ།། གཟུགས་མེད་པའི་ཁམས་ནི་ས་གཞི་དང་། ཀུན་འཁོར་བཞིའོ།། འདི་ལྟར་ན་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་། ཅི ་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཀུན་འཁོར་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཀུན་འཁོར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཀུན་འཁོར ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཀུན་འཁོར་རོ།། དེ་ལྟར་གྱུར་པའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་ནི་ཡོད་པ་མ་ཡིན་ཏེ། ནམ་མཁའི་ཁམས་ཅི་སྙེད་པ་དེ་སྙེད་འཇིག་རྟེན་གྱི་ཁམས་སོ།། རྣམ་པར་བཞག་པ་འདི་རྣམས་ནི ་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཕྱོགས་བཅུ་དང་སྟེང་དང་འོག་ཏུ་གོ་སྐབས་སམ་པར་ཆོང་ནས་ཡོད་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་རྣམས་ནི་འཇིག་བཞིན་པ་དང་འཆགས་བཞིན་པ་དང་ཡིན་པ་དང་། འོག་མན་ལས་སྙིང་ན ་ཡང་འདོད་པའི་ཁམས། འདོད་པའི་ཁམས་ལས་འོག་ཏུ་ཡང་འོག་མིན་ནོ་ཞེས་སོ།། ། གང་ཞིག་རྒྱལ་ཆེན་བཞིའི་ལྷའི་གནས་ལ་སོགས་པ་འོག་མིན་གྱི་མཐར་ཐུག་པ་ཉི་ཤུ་ཉེར་གསུམ་གྱི་གནས་རྣམས་ཀྱི་འོག་དང་སྟེང་དུ་ཆད ་བརྗོད་པར་བྱ།། འདི་ལྟསྟེ། བབདམ་དྲན་པ་ན་རྒྱལ་བ་ཅན་ཐ་མན་དྲུ་བའི་གནས།། འདི་ནས་དདུག་ཆང་སྟོང་བླག་བཞི་བཅུའོ།། དེ་ནས་བགག་འཇམ་བུའི་གླིང་དུ་ཇི་སྲིད་ཡོད་པ་དེ་སྐྱེད་ནས་སྟེང་དུ་སུམ་ཅུཿ ་གསུམ་གྱི་གནས་སོ།། དེ་ལས་ཡང་འོག་ཏུ་འཛམ་བུའི་གླིང་དུ་ཇི་སྲིད་པ་དེ་སྲིད་སྐྱེང་དུ་འཐབ་བྲལ་གྱི་གནས་སོ།། དེ་ལས་ཡང་འོག་འཛམ་བུའི་བྷྲཱུཾ་དུ་ཇི་སྲིད་པ་དེ་སྲིད་དུ་དགའ་ལྡན་གྱི་གཞལ་ཡས་ནས། དེ་བཞིན་དུ་རྒྱས་པར་ཐམས་ཅད ་ལ་རྗེས་སུ་གཞལ་ལོ།། ཤིན་ཏུ་མཐོང་ནས་འོག་ཏུ་འཛམ་བུ་གླིང་དུ་ཅི་སྲིད་པ་དེ་སྲོང་སྟོང་དུ་འོག་མན་གྱི་གནས་སོ།། དེ་སྐད་དུ་ཡང་། འོག་ཏུ་ཇི་སྲིད་གནས་ལས་གནས།། གོང་དུ་དེ་སྲིད་དེ་ལས་དེ་ཅེས་སོ།། དེ་ལས་སྟེང་དུ་ཡང་གནས ་ནི་ཡོད་པ་མ་ཡིན་ནོ།། དེས་ན་འདི་ནི་ཐུ་བོར་གྱུར་པ་ཉིད་པས་འོག་མིན་ཞེས་བརྗོད་དོ་ཞེས་སོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས ་སྣོད་ཀྱི་འཇིག་རྟེན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་གསུམ་པའོ།། ། སེམས་ཅན་གྱི་འཇིག་རྟེན་ནི་རྣམ་པ་གཉིས་སོ།། འདི་ལྟ་སྟེ། སོ་སོ་སྐྱེ་བོའི་འཇིག་རྟེན་དང་། འཕགས་པའི་འཇིག་རྟེན་ནོ།། དེ་ལ་དང་པོ་ནི་རྣམ་པ ་གཉིས་སོ།། འདི་ལྟ་སྟེ། ངན་འགྲོའི་སྐྱེ་བ་དང་། བདེ་འགྲོའི་སྐྱེ་བའོ།། དེ་ལ་ངན་འགྲོའི་སྐྱེ་བ་རྣམ་པ་གསུམ་མོ།། འདི་ལྟ་སྟེ། དམྱལ་བའི་འགྲོ་བ་པ་དང་། དུད་འགྲོའི་འགྲོ་བ་པ་དང་། ཡི་དྭགས་ཀྱི་འགྲོ་བ་པའོ།། བདེ་འགྲོའི་སྐྱེ་བ་ལ་ཡང ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མིའི་འགྲོ་བ་པ་དང་། ལྷའི་འགྲོ་བ་པའོ།། ཡང་རྣམ་པ་ལ་སྟེ། དམྱལ་བའི་འགྲོ་བ་པ་དང་། དུད་འགྲོའི་འགྲོ་བ་པ་དང་། ཡི་དྭགས་ཀྱི་འགྲོ་བ་པ་དང་། མིའི་འགྲོ་བ་པ་དང་། ལྷའི་འགྲོ་བ་པའོ།། འདི་རྣམས་སུ ་ལྷ་མིན་གྱི་འགྲོ་བ་པ་བཅུག་སྟེ་རྣམ་པ་དྲུག་ཏུ་འགྱུར་རོ།། དེ་ལ་དམྱལ་བའི་འགྲོ་བ་པ་གསུམ་སྟེ། ཚ་བའི་དམྱལ་བ་བརྒྱད་གནས་པ་དང་། གྲང་བའི་དམྱལ་བ་བརྒྱད་གནས་པ་དང་། ཉི་ཚེ་བའི་དམྱལ་བ་གནས་པའོ།། ཡི་དྭགས་ཀྱི་འགྲོ ་བ་ལ་རྣམ་པ་གཉིས། འདི་ལྟ་སྟེ།། གཟི་བརྗིད་ཆུང་བ་དང་། གཽཟི་བརྗིད་ཆེན་པོའོ།། དུད་འགྲོའི་འགྲོ་བ་རྣམ་པ་གསུམ་མོ།། འདི་ལྟ་སྟེ། ཆུ་ལ་སྤྱོད་པ་དང་། སྐམ་ལ་སྤྱོད་པ་དང་། མཁའ་ལ་སྤྱོད་པའོ།། མིའི་འགྲོ་བ་པ་ལ་རྣམ ་བཞིའོ།། འདི་ལྟ་སྟེ། འཛམ་བུ་གླིང་དུ་སྐྱེས་པ་དང་། བ་ལང་སྤྱོད་ཀྱི་གླིང་དུ་སྐྱེས་པ་དང་། སྒྲ་མི་སྙན་གྱི་གླིང་དུ་སྐྱེས་པ་དང་། ལུས་འཕགས་པོའི་གླིང་དུ་སྐྱེས་པའོ།། ལྷའི་འགྲོ་བ་པ་ནི་རྣམ་པ་གསུམ། འདི་ལྟ་སྟེ། འདོད་པ་ན་སྤྱོད ་པ་དང་། གཟུགས་ནི་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པ་དང་། དེ་ལ་འདོད་པ་ན་སྤྱོད་པ་ལ་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། རྒྱལ་ཆེན་གྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། འཐབ་བྲལ་གི་ལྷ་དང་། འཕྲུལ་དགའ་བ་རྣམས ་ཀྱིའོ།། བལྟས་པས་ནི་འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ།། ལྷ་འདི་རྣམས་ཀྱི་འཁྲིག་པ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གཉིས་གཉིས་དང་། འཁྱུད་པ་དང་། ལག་པས་འཆང་བ་པ་གཞད་པ་དང་།། བལྟ་བའོ།། ་དེ་ལ་གཉིས་སྤྱོད་ཀྱི་འཁྲིག་པ་ནི་ས་ལ་གནས་པའི་རྒྱལ་པོ་ཆེན་པོ་བ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཏེ། དཔེར་ན་མི་རྣམས་བཞིན་ནོ།། དེ་རྣམས་ནི་རླུང་གྲོལ་བ་ལས་ཡོངས་སུ་གདུང་བ་རྣམ་པར ་འབྲལ་བའོ།། འཁྱུད་པས་འཁྲིག་པ་ནི་འཐབ་བྲལ་རྣམས་འཁྱུད་པ་ཙམ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའོ།། དེ་ལྟར་ལག་པས་བཅངས་པ་ནི་དགའ་ལྡན་པ་རྣམས་ཀྱིའོ།། བཞད་པས་ནི་དགའ་ལྡན་གྱི་ལྷ་དང་གཞན་འཕྲུལ་དབང ་བྱེད་རྣམས་ཀྱིའོ།། ། འདོད་པའི་ལྷ་དྲུག་པོ་འདི་རྣམས་ནི་གྲངས་བཞིན་དུ་ལོ་ལྔ་པ་ལྟ་བུ་ནས་ཅི་སྲིད་དུ་ལོ་བཅུ་པའི་བྱིས་པ་ལྟ་བུ་སྐྱེ་བའོ།། ། དེ་ལ་གཟུགས་ནི་སྤྱོད་པ་རྣམས་ནི་ནམ་བཟའ་དང ་བཅས་པ་ཡོངས་སུ་རྫོགས་པ་སྐྱེ་བར་འགྱུར་རོ།། གཟུགས་ན་སྤྱོད་པ་རྣམ་པ་བནི་སྟེ། འདི་ལྟ་སྟེ། བསམ་གཏན་དང་པོའི་གནས་སུ་སྐྱེས་པ་དང་། བསམ་གཏན་གཉིས་པའི་ས་རུ་སྐྱེས་པ་དང་། བསམ་གཏན་གསུམ་པའི་གན་སུ ་སྐྱེས་པ་དང་། བསམ་གཏན་ཐོན་པའི་ས་ལཾ་སྐྱེས་པའོ།། དེ་ལྟ་བསམ་གཏན་དང་པོའི་གནས་སུ་སྐྱེས་པ་ལ་རྣམ་པ་གསུམ་སྟེ། དི་ལྟ་སྟེ། ཚངས་རིས་ཀྱི་ལྷ་དང་། ཆེས་པ་མདུན་མ་མཛིན་གྱི་ལྔ་དང་། མ་མཚན་ཟ་སྐྱེག་པམམ་གཏན་ནཉིམ་པ ་སོ་ལ་སྐྱེས་པ་ལ་རྣམ་པ་གསུམ། འདི་ལྟ་སྟེ། འོད་ཆུང་གི་ལྷ་དང་། ཚད་མེད་འོད་ཀྱི་ལྷ་དང་། འོད་གསལ་གྱི་ལྔའོ།། བསམ་གཏན་གསུམ་པའི་ས་ལཾ་སྐྱེས་པ་ལ་རྣམ་པ་གསུམ། འདི་ལྟ་སྟེ། དགེ་ཆུང་གི་ལྷ་དང་། ཚད་མེད ་དགེའི་ལྷ་དང་། དགེ་རྒྱས་ཀྱི་ལྷའོ།། བསམ་གཏན་བཞི་པའི་ས་ལ་སྐྱེས་པ་ལ་རྣམ་པ་བརྒྱད། འདི་ལྟ་སྟེ། སྤྲིན་མེད་ཀྱི་ལྷ་དང་། བསོད་ནམས་འཕེལ་གྱི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་བུ་ཆེ་བའི ་ཕྱོགས་ཅིག་ཁོ་ནའོ།། བཅུ་གཉིས་པོ་འདི་རྣམས་ནི་ཉེ་བར་སྐྱེ་བའི་གནས་སོ།། གཞན་ལྔ་ནི་གནས་གཙང་མའི་ལྷ་སྟེ། འོག་ནས་བཤད་པའི་འཕགས་པའི་འཇིག་རྟེན། ཕྱིར་མི་འོང་བའི་ནང་དུ་བསྡུ་བར་བྱའོ།། དེ་ཡང་ཇི་ལྟར། མི་ཆེ་བའི་ལྷ་དང་།། ་མི་གདུང་བའི་ལྷ་དང་། གྱ་ནོམ་སྣང་གི་ལྷ་དང་། ཤིན་ཏུ་མཐོང་གི་ལྷ་དང་། འོག་མིན་གྱི་ལྷའོ།། གཟུགས་མེད་ལ་སྤྱོད་པ་ནི་བཞི་སྟེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷ་དང་། རྣམ་ཤེས་མཐའ་ཡས་སྐྱེ ་མཆེད་དུ་ཉེ་བར་སོང་བའི་ལྷ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷའོ།། དམྱལོ་བ་ཡི་དྭགས་དུད་འགྲོ་དང་། མི་རྣམས་དང་ནི་ལྷ་དྲུག་དང་། གླིང ་བཅས་དམྱལ་བའི་དབྱེ་བ་ཡིས།། འདོད་པའི་ཁམས་ལོ་ཉི་ཤུའོ།། སྟེང་དུ་གཟུགས་ཁམས་བཅུ་བདུན་ནི།། གནས་ནི་སོ་སོར་ཐ་དད་དོ།། འདིར་ནི་བསམ་གཏནས་གསུམ་པ།། བཞི་པའང་ནི་ས་བརྒྱད་པའོ།། གཟུགས་མེད་ཁམས ་ལ་གནས་མེད་དེ། ཉེ་བར་སྐྱེ་བས་རྣམ་བཞིའོ།། ལྷ་རྣམས་ནི་རྣམ་པར་སྨིན་པ་གསུམ་ལས་སྐྱེས་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་སྨིན་པ་དང་ལྡན་པས་འདོད་པ་ན་སྤྱོད་པའི་ལྷ་རྣམས་སོ།། ཏིང་ངེ་འཛིན་རྣམ་པར་སྨིན་པ་དང ་ལྡན་པས་ཚངས་རིས་ལ་སོགས་པ་གཟུགས་ན་སྤྱོད་པའི་ལྷ་བཅུ་གཉིས་སོ།། ཤེས་རབ་རྣམ་པར་སྨིན་པ་དང་ལྡན་པས་གནས་གཙང་མའི་ལྷ་ལྔའོ།། འདོད་པ་ན་སྐྱེ་བ་གསུམ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་ས་སུ ་སྡེབར་གནས་པའི་སེམས་ཅན་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་འགའ་ཞིག་གོ།། དེ་ཡང་ལྷ་གཞན་ནི། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་པ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་པའོ།། འདོད་པ་རྣམས་སྤྲུལ་པ ་སེམས་ཅན་ཡོད་དེ། འདི་ལྟ་སྟེ། འཕྲུལ་དགའི་ལྷ་རྣམས་སོ།། འདོད་པ་རྣམས་གཞན་གྱིས་སྤྲུལ་པའི་སེམས་ཅན་ཡོད་དེ། འདི་ལྟ་སྟེ། གཞན། ཕུལ་དབང་བྱེད་ཀྱི་ལྷ་རྣམས་སོ།། བདེ་བས་ཉེ་བར་སྐྱེ་བ་གསུམ་མོ།། འདི་ལྟ་སྟེ། བསམ་གཏན ་དང་པོར་ཉེ་བར་སྐྱེ་བ་དང་། བསམ་གཏན་གཉིས་པར་ཉེ་བར་སྐྱེ་བ་དང་། བསམ་གཏན་གསུམ་པར་ཉེ་བར་སྐྱེ་བའོ།། སེམས་ཅན་གྱི་འཇིག་རྟེན་འདི་སྐྱེ་བའི་གནས་བཞི་སྟེ། འདི་ལྟ་སྟེ། རྫུས་སྐྱེས་ཀྱི་སྐྱེ་གནས་དང་། མངལ་སྐྱེས་ཀྱི་སྐྱེ ་གནས་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དང་། སྒོ་ང་ལྔ་སྐྱེ་བའི་སྐྱེ་གནས་སོ།། དེ་ལ་མིའི་འགྲོ་བ་ནི་སྐྱེ་གནས་བཞི་ཀ་ཡང་ངོ་།། དུད་འགྲོའི་འགྲོ་བ་ལ་སྐྱེ་གནས་བཞིའོ།། ཡོཾ་དྭགས་འགྲོ་བ་ནི་སྐྱེ་གནས་གཉིས་སོ།། དམྱལ་བའི་འགྲོ་བ་ནི ་རྫུས་སྐྱེས་ཀྱི་སྐྱེ་གནས་གཅིག་ཁོ་ནའོ།། ཡཾ་དྲེགས་ལ་འདི་ལྟ་སྟེ། མངལ་སྐྱེས་ཀྱི་སྐྱེ་གནས་དང་། རྫུས་སྐྱེས་ཀྱི་སྐྱེ་གནསོ།། སྲིད་པ་ནི་བཞི་སྟེ་འདི་ལྟ་སྟེ། འཆི་བའི་སྲིད་པ་དང་། བར་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དང་། སྔོན་གྱི ་དུས་ཀྱི་སྲིད་པའོ།། ཡང་སྦྲིད་པ་གཉིས་འདི་ལྟ་སྟེ། མཐོང་བའི་ཆོས་ཀྱི་སྐྱིད་པ་དང་། སྐྱེ་བ་གཞན་གྱིས་སྲིད་པའོ།། ཡང་སྐྱིད་པ་གསུམ་སྟེ་འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ།། ་ཡང་སྲིད་པ་བདུན་ཏེ། འདི་ལྟ་སྟེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། མིའི་སྲིད་པ་དང་། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། བར་མའི་སྲིད་པའོ།། དེ་ཉིད་ཀྱིས་ན། ཆོས་བཞི་པོ ་འདི་ཤེས་པར་ནུས་པ་མ་ཡིན་ཏེ། འདི་ལྟ་སྟེ། སེམས་ཅན་གྱི་ཕུང་པོ་དང་། ནམ་མཁའི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཡེ་ཤེས་སོ།། ཚོགས་ནི་གསུམ་སྟེ། འདི་ལྟ་སྟེ། མིང་གི་ཚོགས་དང་། ་ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སོ།། སྐྱོན་ནི་གསུམ་སྟེ། ལུས་ཀྱི་སྐྱོན་དང་། ངག་གི་སྐྱོན་དང་། ཡིད་ཀྱི་སྐྱོན་ནོ།། ཡོན་པོ་གསུམ་སྟེ། ལུས་དང་ངག་དང་ཡིད་དོ།། སྙིགས་མ་གསུམ་ཏེ། ལུས་དང་ངག་དང ་ཡིད་ཀྱིའོ།། བག་མེད་པའི་གནས་ནི་གསུམ་སྟེ། འདི་ལྟ་སྟེ། འདོད་པའི་བདེ་བ་མྱོང་བ་དང་། བསམ་གཏན་གྱི་བདེ་བ་མྱོང་བ་དང་། མྱ་ངན་འདས་པའི་བདེ་བ་མྱོང་བའོ།། མངལ་རྣམ་པར་གནོན་པ་ནི་བན་སྟེ། བླུན་པོའི་སེམས་ཅན ་ཐམས་ཅད་ནི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ནི་མི་ཤེས་སོ།། འཁོར་ལོ་སྒྱུར་བ་ནི་མངལ་དུ་འཇུག་པ་ཡང་དག་པར་ཤེས་པ་ཉིད་དོ།། རང་རྒྱལ་གྱི་བྱང་ཆུབ་ཀྱི་སྲིད་པ་ཐ་མ་པ་ནི་འཇུག་པ་དང་གནས་པ་ཡང་དག་པར་རབ ་ཏུ་ཤེས་པའོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྐྱིང་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ན་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ཡང་དག་པར་རབ་ཏུ་མཁྱེན་པ་ཉིད་དོ།། མངལ་གྱི་གནས ་སྐབས་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ནུར་ནུར་པོའི་གནས་སྐབས་དང་། མེར་མེར་པོའི་གནས་སྐབས་དང་། ནར་ནར་པོའི་གནས་སྐབས་དང་། གོར་གྲོར་པོའི་གནས་སྐབས་དང་། རྐང་ལག་འགྱུས་པའི་གནས་སྐབས་སོ།། ཡང ་མངལ་གྱི་གནས་སྐབས་བཅུ་སྟེ། འདི་ལྟ་སྟེ། ཁུ་བའི་ལུས་ཀྱི་གནས་སྐབས་དང་། མེར་མེར་པོའི་ལུས་ཀྱི་གནས་སྐབས་དང་། སླེ་སླེ་བོའི་ལུས་ཀྱི་གནས་སྐབས་དང་། སྙིང་པོའི་ལུས་ཀྱི་གནས་སྐབས་དང་། ལུས་དང་རྗེས་སུ ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང་། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ཏེ། འདི་ལ་ཕྱེ་བས་དབྱེ ་བ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང་། རྟགས་ཡོངས་སུ་རྫོགས་པ་དང་། སྲིད་དུ་དང་ཞེང་དུ་ཡོངས་སུ་རྫོགས་པའོ།། མངལ་དུ་རྣམ་པར་གནོན་པའི་རྒྱུ་གསུམ་སྟེ། འདི་ལྟ་སྟེ། མ་ཉིད་དགེ་བའི་དུས་ཚོགས་དང ་ལྡན་པར་གྱུར་པ་དང་། ཕ་དང་མ་དག་ཆགས་པས་འཚོགས་པར་གྱུར་པ་དང་། དྲི་ཟ་ཉེ་བར་གནས་པར་གྱུར་པའོ།། །། སེམས་ཅན་གནས་པའི་ཆེད་དུ་ཟས་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཁམ་གྱི་ཟས་དང ་རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་ཤེས་ཀྱི་ཟས་སོ།། སྡུག་བསྔལ་ཉིད་ལ་གསུམ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་ལོ།། ་བར་འཚེ་བ་ནི་བཅུ་སྟེ། འདི་ལྟ་སྟེ། འཆི་བ་དང་། ཀུན་ནས་ཉོན་མོངས་པ་དང་། དབུལ་བ་དང་། སྤྱོད་པ་ངན་པ་དང་། འགྲོ་བ་ངན་པ་དང་། ཡོངས་སུ་ཚོལ་བའི་ངལ་བ་དང་། ཆོས་ཀྱི་ཕོངས་པར་གྱུར་པའི་ལས་ཀྱི་སྒྲིབ་པ་དང་། ་འདོད་པ་ཉམས་པ་དང་། སྤ་ཞུམ་པ་དང་། ཐེ་ཚོམ་ཅི་དང་ཅི་ཞེས་པའོ།། །། འཇིག་རྟེན་གྱི་ཆོས་བརྒྱད་ན། འདི་ལྟ་སྟེ། རྙེད་པ་དང་། མ་རྙེད་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྙན་པ་དང་། མི་སྙན་པ་དང་། ་སྨོད་པ་དང་། བསྔགས་པའོ།། ཕྱིན་ཅི་ལོག་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་རྟག་པ་ལ་རྟག་པའོ་ཞེས་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བ་ཞེས་ཕྱིན་ཅི་ལོག་པ་དང་། མི་སྡུག་པ་ལ་སྡུག་པ་ཞེས་ཕྱིན་ཅི་ལོག་དང་། བདག་མེད་པ ་ལ་བདག་ཞེས་ཕྱིན་ཅི་ལོག་གོ། ཕྱིན་ཅི་ལོག་འདི་རྣམས་ལ་སོ་སོར་འདུ་ཤེས་ཕྱིན་ཅི་ལོག་དང་། ལྟ་བོ་ཕྱིན་ཅི་ལོག་རྣམས་སྦྱར་བས་ཕྱིན་ཅི་ལོག་བཅུ་གཉིས་སུ་འགྱུར་རོ།། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཉོན ་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ།། འཇིགས་པ་ལྔ་ནི་འདི་ལྟ་སྟེ། མྱ་ངན་གྱི་འཇིགས་པ་དང་། སྨྲེ་སྔགས་འདོན་པའི་འཇིགས་པ་དང་། སྡུག་བསྔལ་གྱི་འཇིགས ་པ་དང་། ཡིད་མི་བདེ་བའི་འཇིགས་པ་དང་། འཁྲུགས་པའི་འཇིགས་པའོ།། ཡང་འཇིགས་པ་བདུན་ཏེ། འདི་ལྟ་སྟེ། བདག་རྗེས་སུ་རྩོད་པའི་འཇིགས་པ་དང་། གཞན་རྗེས་སུ་རྩོད་པའི་འཇིགས་པ་དང་། ངན་འགྲོའི ་འཇིགས་པ་དང་། འཚེ་བའི་འཇིགས་པ་དང་། ཆད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་དང་། འཆི་བའི་འཇིགས་པའོ།། ཡང་འཇིགས་པ་གཅིག་སྟེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་ཉེ་བར་གོས་པའི ་འཇིགས་པའོ།། ཡང་འཇིགས་པ་ནི་གསུམ་སྟེ། འདི་ལྟ་སྟེ། མི་ཤེས་པའི་འཇིགས་པ་དང་། ཐེ་ཚོམ་གྱི་འཇིགས་པ་དང་། ལོག་པའི་ཤེས་པས་འཇིགས་པའོ།། མངོན་པར་ཞེན་པ་གཉིས་ཏེ་འདི་ལྟ་སྟེ། འདོད་པ་ལ་ལྷག་པར་ཞེན་པ་དང་། ལྟ ་པབ་ལ་ལྷག་པར་ཞེན་པའོ།། དོགས་པ་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་དོགས་པ་དང་། འཇིགས་པའི་དོགས་པ་དང་། འཛག་རྟེན་ཆོས་བརྒྱད་ཀྱིས་དོགས་པ་དང་། མི་ཤེས་པའི་དོགས་པའོ།། ཁུར་ནི་བཞི་སྟེ། འདི་ལྟ་སྟེ། ཕུང་པོའི་ཁུར ་དང་། ཉོན་མོངས་པའི་ཁུར་དང་། ཁས་བླངས་པའི་ཁུར་དང་། བརྩོན་པའི་ཁུར་རོ།། ཉེས་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་དང་། ལོངས་སྤྱོད་ཉམས་པ་དང་། དགའ་བ་དང་བྲལ་བ་དང་། བཅིངས་པ་དང་སྒྲིབ་པའོ།། འཕོངས་པ་ནི་ལྔ ་སྟེ་འདི་ལྟ་སྟེ། ནད་མེད་པས་འཕོངས་པ་དང་། ལོངས་སྤྱོད་ཀྱིས་འཕོངས་པ་དང་། ཉེ་དུས་འཕོངས་པ་དང་། ཚུལ་ཁྲིམས་ཀྱིས་འཕོངས་པ་དང་། ལྟོ་བས་འཕོངས་པའོ།། སྡུག་བསྔལ་ནི་དྲུག་སྟེ་འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང་། རྒས་པའི ་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། དགའ་བ་དང་རྣམ་པ་འབྲལ་བའི་སྡུག་བསྔལ་བ་དང་། མི་དགའ་བ་དང་འཕྲང་བའི་སྡུག་བསྔལ་དང་། འདོད་པ་རྣམ་པར་ཉམས་པའི་སྡུག་བསྔལ་ལོ།། ། ལོག་པ ་ནི་བཅུ་འདི་ལྟ་སྟེ། ལོག་པའི་ལྟ་བ་དང་། ལྡོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་དང་། ལོག་པའི་ཤེས་པ་དང་། ་ལོག་པའི་གྲོལ་བའོ།། སྒྲིབ་པ་ནི་གཉིས་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ།། ཡང་སྒྲིབ་པ་གསུམ་ཏེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པའོ།། ཡང་སྒྲིབ་པ་བའི ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། གཏོང་བའི་སྒྲིབ་པའོ།། མཐོང་བའི་གེགས་ནི་གསུམ་ཏེ། མི་ཤེས་པ་དང་། མུན་པ་དང་། མིག་གི་ར་བ་རིབ་བོ།། འདོད་ཚོལ་ནི་གསུམ ་ཏེ་འདི་ལྟ་སྟེ། འདོད་པའི་འདོད་ཚོལ་དང་། སྲིད་པའི་འདོད་ཚོལ་དང་། ཚངས་པར་སྦྱང་བའི་འོཕོ་ཚོལ་ལོ།། འགྲོ་བ་མ་ཡིན་པར་འགྲོ་བ་ནི་བཞི་སྟེ་འདི་ལྟ་སྟེ། འདུན་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། ཞེ་སྡང་ལས ་འགྲོ་བ་མ་ཡིན་པར་འགྲོ་བ་དང་། འཇིགས་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། རྨོངས་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བའོ།། མེར་སྣ་ལྔ་ནི་འདི་ལྟ་སྟེ། གནས་ཀྱི་སེར་སྣ་དང་། རིགས་ཀྱི་སེར་སྣ་དང་། རྙེད་པའི་སེར་སྣ་དང་། ཁ་དག་གི་སེར་སྣ ་དང་། ཆོས་ཀྱི་སེར་སྣའོ།། རྩོད་པའི་རྩ་བ་དྲུག་ནི་འདི་ལྟ་སྟེ། ཁྲོ་བ་དང་། འཆབ་པ་དང་། ཕྲག་དོག་དང་། གཡོ་དང་། སྡིག་པ་འདོད་པ་དང་། རང་གི་ལྟ་བ་མཆོག་ཏུ་འཛིན་པའོ།། རྣམ་པར་ཤེས་པའི་གནས་པ་ནི་བདུན་ཏེ་འདི ་ལྟ་སྟེ། ལུས་ཐ་དད་ལ་འདུ་ཤེས་ཐ་དད་པའི་སེམས་ཅན་ཡོད་པ་དང་། ལུས་ཐ་དད་ལ་འདུ་ཤེས་གཅིག་པའི་སེམས་ཅན་ཡོད་པ་དང་། ལུས་གཅིག་ཉིད་ལ་འདུ་ཤེས་ཐ་དད་པའི་སེམས་ཅན་ཡོད་པ་དང་། ལུས་གཅིག་ཉིད་ལ་འདུ་ཤེས་གཅིག་ཉིད་ཀྱི ་སེམས་ཅན་ཡོད་པ་དང་། གཟུགས་མེད་པ་ན་ན་མཁའི་འདུ་ཤེས་དང་། རྣམ་ཤེས་མཐའ་ཡས་ཀྱི་འདུ་ཤེས་དང་། ཅི་ཡང་མེད་པའི་འདུ་ཤེས་སོ།། སེམས་ཅན་གྱི་གནས་དགུ་ལ་འདི་ལྟ་སྟེ། དེ་ལྟར་རྣམ་ཤེས་ཀྱི་གནས་པ་བདུན་དང་། འདུ་ཤེས ་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འདུ་ཤེས་མེད་པའོ།། ཕུང་པོ་ནི་གསུམ་ལ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་དང་། མ་ངེས་པའི་ཕུང་པོའོ།། སྙིག་མ་ལྟ་ནི་འདི་ལྟ་སྟེ། ཚེའི་སྙིགས་མ ་དང་། བསྐལ་པའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མའོ།། རྣམ་པར་རྒུད་པ་བཞི་སྟེ། ཚེའི་སྙིགས་མས་འཚོ་བ་རྣམ་པར་ཆུད་པ་དང་། སྐལ་བའི་སྙིགས་མས་ཕན་འདོགས་པ ་རྒུད་པ་དང་། ཉོན་མོངས་པའི་སྙིགས་མ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་ཆུརྒུང་པ་དང་། སེམས་ཅན་གྱི་སྙིགས་མས་བདག་གི་དངོས་པོ་རྣམ་པར་ཆུང་པའོ།། དེ་ལ་བདག་གི་དངོས་པོ་རྣམ་པར་རྒུད་པ་ལ་བརྒྱད་དེ་འདི་ལྟ་སྟེ། ཆང ་ཉམས་པ་དང་། གཟུགས་ཉམས་པ་དང་། ནད་མེད་པ་ཉམས་པ་དང་། སྟོབས་ཉམས་པ་དང་། བློ་ཉམས་པ་དང་། དྲན་པ་ཉམས་པ་དང་། བརྩོན་འགྲུས་ཉམས་པ་དང་། བསྟན་པ་ཉམས་པའོ།། ཡང་འཕོངས་པ་བཞི་སྟེ་འདི་ལྟ་སྟེ། ཚུལ་ཁྲིམས ་ཀྱི་འཕོངས་པ་དང་། བལྟ་བས་འཕོངས་པ་དང་། ཀུན་སྤྱོད་ཀྱིས་འཕོངས་པ་དང་། འཚོ་བས་འཕོངས་པའོ།། འཕོ་བ་གཉིས་ཏེ་འདི་ལྟ་སྟེ། རྣམ་པར་ཆད་པའི་འཕོ་བ་དང་། ཡོངས་སུ་འགྱུར་བའི་འཕོ་བའོ།། ཤེས་པའི་མི་མཐུན་པའི་ཕྱོགས་ནི ་གསུམ་སྟེ། འདི་ལྟ་སྟེ། མི་ཤེས་པ་དང་། ཐེ་ཚོམ་གྱི་ཤེས་པ་དང་། ལོག་པའི་ཤེས་པའོ།། སྡུག་བསྔལ་གྱི་རྟགས་ནི་ལྔ་འདི་ལྟ་སྟེ། མྱ་ངན་དང་།། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་། ཡང་མི་བདེ་བ་དང་། ཉེ་བར་འཁྲུགས་པའོ།། ཀུན་ནས ་མནར་སེམས་ཀྱི་དངོས་པོ་བཅུ་སྟེ་འདི་ལྟ་སྟེ། བདག་གི་དོན་མེད་པ་སྤྱོད་ཅིང་སྤྱོད་དོ་སྦྱོང་བར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེ་བར་འགྱུར་རོ།། བདག་གི་དགའ་ཞིང་ཡིད་དུ་འོང་བ་ལ་དོན་མེད་པ་སྤྱད་ཅིང་སྤྱོད་ངོ་སྤྱད་པར་འགྱུར་རོ་ཞེས་ཀུན་ནས ་མནར་སེམས་སྐྱེ་བར་འགྱུར་རོ།། བདག་གི་མི་དགའ་བ་ཡིང་དུ་མི་འོང་བའི་དོན་ཡོད་པ་སྤྱད་ཅིང་སྤྱོད་དོ་སྤྱོད་པར་འགྱུརརོ་ཞེས་ཀུན་ནས་མནར་སེམས་སྐྱེ་བར་འགྱུར་རོ།། གནས་མ་ཡིན་པ་ལ་ཡང་ཀུན་ནས་མནར་སེམས་སྐྱོ་བར་འགྱུར་རོ།། རྨུགས་པ་དང ་གཉིད་ཀྱི་རྒྱུན་ལྔ་སྟེ་འདི་ལྟ་སྟེ། ཁ་ཟས་ཀྱི་ཚོད་མ་རིག་པ་དང་། སྙོམ་ལས་དང་། མི་དགའ་བ་དང་། སྙེང་ཀྲོལ་དང་། སེམས་ཞུམ་པ་ཉིད་དོ།། བག་ཆགས་གསུམ་སྟེ་འདི་ལྟ་སྟེ། ལས་ཀྱི་བག་ཆགས་དང་། ཉོན་མོངས་པའི་བག་ཆགས་དང་། སྐྱེ་བའི་བག ་ཆགས་སོ།། བལ་ཆགས་གསུམ་པོ་འདི་ཉིང་མཚམས་སྦྱོར་བ་གསུམ་དུ་འགྱུར་ཏེ། འདི་ལྟ་སྟེ། ལས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པའི་མཚམས་སྦྱོར་བ་དང་། སྐྱེ་བའི་མཚམས་སྦྱོར་བའོ།། ཞེས་པ་ལ ་སོགས་པའོ།། པཎྜི་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་རྣམ་པར་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་སེམས་ཅན་གྱི་འཇིག་རྟེན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཞི་པའོ།། ། འདིར ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་གཟུགས་འདུས་པ་ཐམས་ཅད་ཀྱི་ཕྲ་བ་ནི་རྡུལ་ཕྲ་རབ་ཞེས་བརྗོད་དོ།། གང་ལས་ཆེས་ཆུང་བ་ཤེས་པར་བྱ་བ་མེད་པ་དེ་ནི་རྡུལ་ཕྲ་རབ་བོ།། འདོད་པའི་ཁམས་སུ་སྒྲ་དང་བྲལ་བ་དང་དབང་པོ་སྤངས་པའི་རྫས ་བརྒྱད་ལྡན་སྐྱེ་བར་འགྱུར་རོ།། དེ་ལ་རྫས་བརྒྱད་ནི་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། གཟུགས་དང་། དྲི་དང་རོ་དང་རེག་བྱའོ།། འདི་རྣམསུ་སྒྲ་རབ་ཏུ་བཅུག་པས་རྫས་དགུ་ལྡན་འགྱུར་རོ།། ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་རྫས་དགུ ་ལྡན་དེ། དེ་ལ་རྫས་དགུ་ནི་འདི་ལྟ་སྟེ། རྫས་བརྒྱད་པོ་དེ་ཉིད་དང་ལུས་ཀྱི་དབང་པོའི་རྫས་སོ།། སྒྲ་དང་བཅས་པ་ན་རྫས་བཅུའོ།། དབང་པོ་གཞན་རྣམས་ཀྱི་རྡུལ་ཕྲ་རབ་ནི་རྫས་བཅུ་ལྡན་ནོ།། དེ་ལ་རྫས་བཅུ་ནི་འདི་ལྟ་སྟེ། རྫས་དགུ་པོ་དེ་ཉིད་དང ་དབང་པོ་རང་རང་གི་རྫས་སོ།། སྒྲ་དང་བཅས་པ་ན་རྫས་བཅུ་གཅིག་ཏུ་འགྱུར་རོ།། གསུངས་ཏེ། འདོད་ན་ཕྲ་རབ་རྫས་བརྒྱད་ཏེ། སྒྲ་མེད་པ་མིན་དབང་མེད་མིན།། ལུས་དབང་ལྡན་ལ་རྫས་དགུའོ།། དབང་པོ་གཞན་ལྡ་ན་རྫས་བཅུའོ།། འདིས ་ནི་གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་པར་གསུངས་པ་ངེས་ན། དེ་དག་ན་ནི་རྡུལ་ཕྲ་རབ་དག་ནི་རིམ་པ་བཞིན་དུ་རྫས་དྲུག་དང་བདུན་དང་བརྒྱད་དོ་ཞེས་གསུངས་པའི་ཚུལ་ཉིད་ཀྱིས་ན་ཅི་ཡང་བརྗོད་པར་མི་བྱའོ།། དེ་ལྟར་གཟུགས་འདི་ཉིད་ཀྱི་འགྲིབ ་བཞིན་པ་ན་མཐར་ཐུག་པ་ནི་རྡུལ་ཕྲ་རབ་པོ།། རྡུལ་ཕྲ་རབ་ལ་སོགས་པའི་སྒྲ་བཅུ་གཅིག་ནི། གོང་མ་བདུན་འགྱུར་ཏེ། འདི་ལྟ་སྟེ། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ནོ།། རྡུལ་ཕྲན་བདུན་ལ་ལྕགས་སོ།། ལྕགས་བདུན་ལ་རི་བོང་ངོ་།། རི་བོང་བདུན་ལ ་ལུག་གོ། ལུག་བདུན་ལ་གླང་ངོ་།། གླང་བདུན་ལ་ཉི་ཟེར་རོ།། ཉི་ཟེར་བདུན་ལ་རྡུལ་ལོ།། རྡུལ་བདུན་ལ་སྲོ་མའོ།། སྲོ་མ་བདུན་ལ་ཤིག་གོ།། ཤིགེ་བདུན་ལ་ནས་སོ།། ནས་བདུན་ལ་སོར་མོའི་ཚོགས་སོ།། སོར་མོའི་ཚིགས་གསུམ་ལ་མཛུབ་མའོ།། ་ལོགས་ལ་གཞལ་བས། སོར་མོ་ཉི་ཤུ་བཞི་ལ་ཁྲུ་གང་ངོ་།། ཁྲུ་བཞི་ལ་གཞུ་གང་ངོ་།། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་སོ།། རྒྱང་གྲགས་བརྒྱད་ལ་དཔག་ཚད་།། འཕགས་པ་གནས་བརྟན་པའི་སྡེ་པའི་ལུང་ལས་ཀྱང་། གཞུ་འདོམས་ལྔ་བརྒྱ་རྒྱད ་གྲགས་ཏེ། རྒྱང་གྲགས་བཞི་ལ་བ་ལང་འགྲོས།། བ་ལང་འགྲོས་བཞི་དཔག་ཚད་དེ་ཞེས་སོ།། དུས་ཀྱི་མཐའ་ནི་སྐད་ཅིག་མ་སྟེ། དེ་ཡང་དུས་ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱིས་རྡུལ་ཕྲ་རབ་གཞན་བརྒལ་བར་གྱུར་པ་དེ་སྲིད་ཀྱི་དུས་ལ་སྐད་ཅིག་ཞེས་བྱའོ།། ཡང ་ན་སྟོབས་དང་ལྡན་པའི་སྐྱེས་བུས་སེ་གོལ་གཏོགས་པ་ཙམ་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔའོ།། སུམ་ཅུ་རྩ་བདུན་ཞེས་པ་ཡང་ངོ་།། སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཞེས་སོ།། དེའི་སྐད་ཅིག་དྲུག་ཅུལ་ཡང་གཅིག་གོ། ཐང་གཅིག་སུམ་ཚུལ་ལུང ་ཙམ་མོ།། ན་ལི་ཀ་ཞེས་ཀྱང་བརྗོད་དོ།། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གོ།། ཉིན་ཞགས་སུམ་ཅུ་ལ་ཟླ་བའོ།། ཟླ་བ་བཅུ་གཉིས་ལ་ལོ་འཁོར་བའོ།། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས ་བསྡུས་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་གཟུགས་དང་དུས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ལྔ་པའོ།། ། འཛམ་བུ་གླིང་དུ་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པའོ།། བར ་དུ་ཚེ་ལོ་ངེས་པ་མེད་པའོ།། མཐའ་མར་ལོ་བཅུ་པའོ།། བ་གླང་སྤྱོད་དུ་མི་རྣམས་ཀྱི་ཚེ་ལོ་ལྔ་བརྒྱའོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེ་ལོ་སྟོང་ངོ་།། ཤར་གྱི་ལུས་འཕགས་གླིང་དུ་མི་རྣམས་ཀྱི་ཚེ་ལོ་ཉིས་བརྒྱ་ལྔ་བཅུའོ།། མི་རྣམས་ཀྱི་ཚེ ་ལོ་ལྔ་བཅུ་ལ་ནི་རྒྱལ་པོ་ཆེན་པོ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། དེས་ན་ཚེ་ལོ་ལྔ་བརྒྱའོ།། མི་རྣམས་ཀྱི་རྩིས་ཀྱིས་ལོ་དགུ་བཅུ་ཐམ་པའོ།། མིའི་ལོ་བརྒྱ་ལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། དེས་ན་ཚེ་ལོ ་སྟོང་ངོ་།། མེའི་རྩིས་ཀྱི་ལོ་བྱེ་བ་གསུམ་དང་ལོ་འབུམ་ཕྲག་དྲུག་ཅུའོ།། མིའི་ལོ་བརྒྱ་ཕྲག་གཉིས་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་མཚན་ནོ།། དེས་ན་ལོ་སྟོང་ཕྲག་གཉིས་ཀྱི་ཚེའོ།། མི་རྣམས་ཀྱི་གྲངས་ཀྱིས་ལོ་བྱེ་བ་བཅུ་བཞི་དང་འབུས ་ཕྲག་བཞི་བཅུའོ།། མིའི་ལོ་བརྒྱ་ཕྲག་བཞི་ལ་དགའ་ལྡན་པའི་ལྷ་རྣམས་ཀྱི་ཉིན་མཚན་ནོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ།། མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ལོ་འབུམ་ཕྲག་དྲུག་ཅུའོ།། མིའི་ལོ་བརྒྱད་བརྒྱ་ལ ་འཕྲུལ་དགའི་ལྷ་རྣམས་ཀྱིས་ཉིན་མཚན་གཅིག་གོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་དོ།། མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་ཕྲག་གཉིས་བརྒྱ་དང་ལོ་བྱེ་བ་ཕྲག་སུམ་ཅུ་དང་ལོ་འབུམ་ཕྲག་བཞི་བཅུའོ།། མིའི་ལོ་བརྒྱ་ཕྲག་བཅུ་དྲུག་ལ་གཞན ་འཕྲུལ་དབང་བྱད་ལྔ་རྣམས་ཀྱི་ཉིན་ཞག་གཅིག་གོ།། དེས་ན་ཚེ་ལོ་སྟོང་ཕྲག་བཅུ་དྲུག་གོ།། མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་བརྒྱ་ཕྲག་དགུ་དང་ལོ་བྱེ་བ་ཕྲག་ཉེར་གཅིག་དང་ལོ་འབུམ་ཕྲག་དྲུག་ཅུའོ།། ལུས་ཀྱི་ཚད་ཀྱང་ནཱ། འཛམ་བུ ་གླིང་པའི་མི་རྣམས་ཀྱི་ནི་ཁྲུ་ཕྱེད་དང་བཅས་པའི་གསུམ་མམ། ཁྲུ་བཞི་པའོ།། ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ནི་ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ།། བ་ལང་སྤྱོད་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་གོ།། བྱང་སྒྲ་མི་སྙན་གྱི་མི ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་སུམ་ཅུ་རྩ་གཉིས་སོ།། རྒྱལ་ཆེན་པའི་ལྷ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆའོ།། སུམ་ཅུ་རྩ་གསུམ་པའི་ཚད་ནི་རྒྱང་གྲགས་ཕྱེད་ངོ་།། འཐབ་བྲལ་བ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་ཆ་གསུམ་མོ།། ་དགའ་ལྡན་པའི་ཚད་ནི་རྒྱང་གྲགས་སོ།། འཕྲུལ་དགའི་ལྷ་རྣམས་ཀྱི་ཚད་ནི་རྐང་པ་དང་བཅས་པའི་རྒྱུང་གྲགས་སོ།། གཞན་འཕྲུལ་དབང་བྱེད་ལྷ་རྣམས་ཀྱི་ཕྱེད་དང་བཅས་པའི་རྒྱང་གྲགས་ནི་ལུས་ཀྱི་ཚད་དོ།། ནུབ་ཕྱོགས་པ་བྱེ ་བྲག་ཏུ་སྨྲ་བ་ན་རེ། རྟ་སྟོང་ཕྲག་དང་ལྡན་པའི་ཤིང་རྟ་དང་། གདུགས་ཀྱི་ཚད་ནི་དཔག་ཚད་ཙམ་ཉིད་དོ།། ལྷ་རྣམས་དབང་པོ་བརྒྱ་བྱིན་གྱིས།། ལུས་ཀྱི་ཚད་ནི་རྒྱང་གྲགས་གསུམ། ཞེས་ཟེར་རོ།། ཚངས་རིས་ཀྱི་ལྷ ་རྣམས་ཀྱི་ཚེ་ནི་བར་གྱི་བསྐལ་པ་ཉི་ཤུའོ།། ཚངས་པའི་མདུན་ན་འདོན་རྣམས་ཀྱི་བར་གྱི་བསྐལ་པ་བཞི་བཅུའོ།། ཚངས་པ་ཆེན་པོ་ལྷ་རྣམས་ཀྱི་ཚེ་ནི་བསྐམཆེན་པོ་གཅིག་གོ། འོད་ཆུང་གི་ལྷ་རྣམས་ཀྱི ་ཚེ་ནི་བསྐལ་པ་ཆེན་པོ་གཉིས་སོ།། ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཞིའོ།། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱད་དོ།། དགེ་ཆུང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཅུ་དྲུག་གོ།། ཚད་མེད ་དགེའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སུམ་ཅུ་རྩ་གཉིས་སོ།། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞིའོ།། སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱད་དང་ཉི་ཤུ་རྩ་ལྔའོ།། བསོད་ནམས་འཕེལ ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱ་ཕྲག་གཉིས་དང་ལྔ་བཅུའོ།། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྒྲལ་པ་ཆེན་པོ་ལྔ་བརྒྱའོ།། མི་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ངོ་།། མི་གདུང་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན ་པོ་སྟོང་ཕྲག་གཉིས་སོ།། གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཞིའོ།། ལྷ་ན་སྡུག་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་དོ།། འོག་མིན་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ ་དྲུག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེང་པའོ་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མོད་མིན་སྐྱེ་མཆེད་རྣམ་པ་ལ་ཚེ་ནི་གྲངས་བཞིན་དུ་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུ ་དང་སྟོང་ཕྲག་བཞི་བཅུ་དང་སྟོང་ཕྲག་དྲུག་ཅུ་དང་སྟོབ་ཕྲག་བརྒྱད་ཅུ་རྣམས་སོ།། ལུས་ཀྱི་ཚད་ནི་ཚངས་རིས་ཀྱི་ལྷ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་དཔག་ཚད་ཕྱེད་དང་། དཔག་ཚད་གཅིག་དང་ཕྱེད་དང་། དཔག་ཚད་གཉིས་དང་། དཔག ་ཚད་བཞི་དང་། དཔག་ཚད་བརྒྱད་དང་། དཔག་ཚད་བཅུ་དྲུག་དང་། དཔག་ཚད་སུམ་ཅུ་རྩ་གཉིས་དང་། དཔག་ཚད་དྲུག་ཅུ་རྩ་བཞི་དང་། དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ་དང་། དཔག་ཚད་བརྒྱ་ཕྲག་གཉིས་དང་ལྔ་བཅུ་དང་། དཔག་ཚད ་བརྒྱ་ཕྲག་ལྔ་དང་། དཔག་ཚད་སྟོང་དང་། དཔག་ཚད་སྟོང་ཕྲག་གཉིས་དང་། དཔག་ཚད་སྟོང་ཕྲག་བཞི་དང་། དཔག་ཚད་སྟོང་ཕྲག་བརྒྱད་དང་། དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་སྦྱོར་རོ།། ཞེས་སོ།། ངན་འགྲོ་རྣམས་ཀྱི་ནི་རྒྱལ་ཆེན ་པའི་ལྷ་རྣམས་ཀྱིས་ཚེའི་ཚད་དག་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། ངས་ན་ཚེ་ནི་ལོ་ལྔ་བརྒྱའོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ཐིག་ནག་གི་ཉིན་ཞག་གོ། ངེས་ན་ཚེ་ནི་ལོ་སྟོང་ཕྲག་གཅིག་གོ། འཐབ ་བྲལ་གྱི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་བོ་སྡུས་འཇོམས་ཀྱི་ཉིན་མཚན་ནོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག་གཉིས་སོ།། དགའ་ལྡན་གྱི་ལྷའི་ཚེའི་ཚད་ནི་ངུ་འབོད་དམྱལ་བ་ཆེན་པོའི་ཉིན་མཚན་ནོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ།། འཕྲལ ་དགའི་ལྷའི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་མཚན་ནོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་ངོ་།། གཞན་འཕྲུལ་དབང་བྱེད་ལྷའི་ཚེའི་ཚོད་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་མཚན་ནོ།། དེས་ན་ཚེ་ནི་ལོ་སྟོང་ཕྲག ་བཅུ་དྲུག་གོ།། དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེ་ནི་བར་གྱི་བསྐལ་པའི་ཕྱེད་དོ།། མནར་མེད་པའི་ཚེ་ནི་བར་གྱི་བསྐལ་པ་གཅིག་གོ།། དུད་འགྲོ་རྣམས་ནི་ངེས་པ་མེད་ཏེ་ཚེ་མཆོག་ཏུ་རེང་བའི་དུད་འགྲོ་རྣམས་ནི་བར་གྱི ་བསྐལ་པ་སྟེ། དགའ་བོ་དང་ཉེར་དགའ་ལ་སོགས་པ་ལྟ་བུའོ།། མའི་ཟླ་བ་གཅིག་ལ་ཡི་དྭགས་རྣམས་ཀྱི་ཉིན་ཞག་གོ།། དེས་ན་ཚེ་ནི་ལོ་ལྔ་བརྒྱའོ།། ། བཅོམ་ལྡན་འདས་ཀྱིས་གྲང་བའི་དམྱལ་བའི་ཚེ་ཚད་གསུངས་པ། ་འདི་ལྟ་སྟེ། དགེ་སློང་དག་འདིར་ཏིལ་ཁཱ་རི་ཉི་ཤུ་ཤོང་བའི་མཱ་ག་དྷའི་བྲེ་བོ་ཆེ་རེས་ཀྱིས་རབ་ཏུ་གང་བར་བྱས་ཏེ་སྤྱི་བུད་དུ་གྱུར་པ་ལ། དེ་ལས་སྐྱེས་བུ་འགའ་ཞིག་གིས་ལོ་བརྒྱར་གྱུར་པའི་ཚེ་ཏི་ལ་རེ་རེ་ཕྱུང་བར་གྱུར་བ་ན། དགེ་སློང་དག་ཏིལ ་གྱི་ཕུང་པོ་དེ་དེ་སྲིད་དུ་རིམ་པ་འདིས་མྱུར་དུ་ཟད་ཅིང་མཐར་ཐུག་པར་འགྲོ་བར་གྱུར་པ་ལ། འདིར་ངས་ཆུ་བུར་ཅན་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་མཐར་ཐུག་པ་ནི་སྨྲ་བར་བྱ་བ་མ་ཡིན་པ་ཉིད་ངོ་།། ཇི་ལྟར་ཡང་དགེ་སློང་དག་ཆུ་བུར ་ཅན་གྱི་ཉི་ཤུ་ནི་ཆུ་བུར་རྡོལ་པ་ཅན་གྱི་ཉིན་གཅིག་གོ།། ཆུ་བུར་རྡོལ་པ་ཅན་གྱི་ཉི་ཤུ་ནི་ཨ་ཊ་ཊའོ།། ཨ་ཊ་ཊ་ཉི་ཤུ་ལ་ཧི་ཧའོ།། ཧ་ཧ་བ་ཉི་ཤུ་ནི་སུ་བྱ་བའོ།། སུ་སུ་བ་ཉི་ཤུ་ནི་ཨུཏྤལ་ལྟར་གས་པའོ།། དེ་ཉི་ཤུ་ལ་པདྨ་ལྟར་གས་པའོ།། པདྨ་ཉི་ཤུ ་ལ་པདྨ་ཆེན་པོའོ།། སྒྲ་ངན་སྤངས་ཏེ་བར་དུ་འཆི་བ་ནི། ཐམས་ཅད་དུ་ཡོད་པས་བྱ་ན་ངེས་པའི་ཚེ།། ། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས ་པ་པས་ལུས་དང་ཚེ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་དྲུག་པའོ།། རྣམ་པར་མི་སྣང་བའི་འགྲོ་བ་བའི་སེམས་ཅན་ནོ།། ཆོས་མངོན་པ་མཛད་ལས་ནིམ་གསུངས་ཏེ། དེ་ལྟ་ན་མཱང་སྡེ་ལ་སོགས་པ་རྣམས་སུ་མང་དུ་གསུངས ་པས་ན་འདིར་བརྗོད་པར་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བསྟན་པའི་སྐབསུ་གསུངས་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡིན་ཏེ། སྤྱན་གང་གིས་ཕྱོགས་བཅུའི་འཇིག ་རྟེན་ཆོས་དབྱིངས་ཀྱི་མཐའ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ་ཚད་མེད་ཅིང་གྲངས་མེད་པ་བགྲང་བ་ལས་ཡང་དག་པར་འདས་པའི་སངས་རྒྱས་ཀྱི་ཞིང་དུ། སྣང་བ་དེ་དག་ཐམས་ཅད་ལ་ཞིང་ཁ་ཅིག་ནི་སྲེག་པར་བྱེད་པ་དང་འཆགས ་བཞིན་པ་དང་འཇིག་བཞིན་པར་སྣང་ཞིང་མཐོང་ངོ་།། གང་སེམས་ཅན་དུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་ཇི་ལྟར་ལས་ཀྱི་ཉེ་བར་འགྲོ་བ་ལས་འཆི་འཕོ་བར་བྱེད་པ་དང་། སྐྱེ་བར་བྱེད་པ་དང་། བདེ་བར་འགྲོ་བ་དང་། ངན་འགྲོར ་ཡང་སྣང་ཞིང་མཐོང་ངོ་།། གང་བྱང་ཆུབ་སེམས་དཔར་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་འཕོ་བར་བྱེད་པ་དང་། འཆགས་པར་བྱེད་བཞིན་པ་དང་། ངེས་པར་འབྱུང་བ་རྣམས་སྣང་ཞིང་མཐོང་ངོ་།། གང་སངས་རྒྱས་སུ་སྣང་བ་དེ་དག་ཐམས ་ཅད་ལ་ཁ་ཅིག་ནི་མངོན་པར་རྫོགས་པར་བྱང་ཆུབ་བཞིན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་དང་། ཚེའི་འདུ་བྱེད་འདོར་བ་དང་། ཡོངསུ་མྱ་ངན་ལས་འདའ་བ་རྣམས་སྣང་ཞིང་མཐོང་ངོ་།། གང་ཉན་ཐོས་སུ་སྣང་བ་དེ་དག་ཐམས ་ཅད་ལ་ཁ་ཅིག་ནི་ངེས་པར་འགྲོར་བཞིན་པ་དང་། ཡོངས་སུ་མྱ་ངན་ལས་འདྲའ་བཞིན་པ་རྣམས་མཁྱེན་ཞིང་མཐོང་ངོ་།། གང་རང་སངས་རྒྱས་སུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་རྫུ་འཕྲུལ་སྟོན་པ ་དང་ཡོན་ཏན་རྣམ་པར་དག་པར་བྱེད་པ་རྣམས་མཁྱེན་ཞིང་མཐོང་ངོ་།། གང་ཡང་མི་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམས་ཕྱི་རོལ་པའི་མངོན་ཤེས་ལྔ་དང་ལྡན་པ་རྣམས་ཀྱི་མིག་གི་ལམ་དུ་འགྲོ་བ་མ་ཡིན་ནོ།། ཉན་ཐོས ་རྣམས་ཀྱི་མ་ཡིན། རང་སངས་རྒྱས་རྣམས་ཀྱི་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ནོ།། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷའི་སྤྱན་གྱིས་སྣང་བར་འོངས་པ་ཡིན་ནོ།། གང་དག་ཡང་དེ་བཞིན་གཤེགས་པ ་རྣམས་ཀྱིས་ཕྱོགས་འགའ་ཞིག་ཏུ་ཤིང་རྟའི་འཁོར་ལོའི་ཚད་ཙམ་དུ། མི་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམས་མཐོང་བར་ཡང་དག་པར་འོངས་པ་དེ་ནི་ཤིན་ཏུ་ཆེས་མང་བ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་བུ་མ་ཡིན་ནོ།། དེ་ལྟར་རྣམ་པར་མི་སྣང་བའི་སེམས་ཅན་རྣམས་ཀྱི་ཁམས་ནི་ཚད་མེད་པའོ།། འདི་དག་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷའི་སྤྱན་གྱིས། སེམས་ཅན་སངས ་རྒྱས་ཀྱི་སྤྱན་གྱིས་གདུལ་བྱར་གྱུར་པ་གང་ཡིན་ཞེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་པར་མཛད་དོ།། ཇི་སྙེད་སངས་རྒྱས་ཀྱི་གདུལ་བྱར་གྱུར་པའོ་སེམས་ཅན་དེ་སྙེད་པ་དེ་དག ་རྣམས་ཀྱི་མདུན་དུ་དེ་བཞིན་གཤེགས་པ་ཡང་དག་པར་གནས་པ་ཉིད་དོ།། སེམས་ཅན་དེ་རྣམས་ནི་འདུལ་བར་བྱུང་ངོ་།། དེ་ལས་གཞན་སེམས་ཅན་གྱི་ཡང་དག་པར་ཤེས་པ་མ་ཡིན་ན། འཇིག ་རྟེན་གྱི་ཁམས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྟོང་ཆུང་ངུ་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ།། གླིང་བཞི་དང་ཟླ་བ་ཉི་མ་རི ་རབ་འདོད་པ་ན་སྤྱོད་པའི་ལྷ་དྲུག་བསམ་གཏན་དང་པོ་ལ་སོགས་རྣམས་སོ་སོར་སྟོང་སྟོང་འཚོགས་པ་རྣམས་ལ། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སོ།། སྟོང་ཆུང་ངུའི་འཇིག་རྟེན་དེ་རྣམས་ལ་ནི་སྟོང་གཉིས་པའི་བར་མའི ་འཇིག་རྟེན་གྱི་ཁོམས་སོ།། སྟོང་གཉིས་པ་དེ་རྣམས་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སོ།། རིམ་པ་བཞིན་དུ་སྟོང་ཕྲག་གཅིག་དང་། འབུམ་ཕྱག་བཅུ་དང་། བྱེ་བ་བརྒྱའི་གླིང་བཞི་པ་ལ་སོགས ་པ་རྣམས་ཅིག་ཅར་དུ་འཇིག་པ་དང་འཆགས་པ་ཡིན་ནོ།། གང་གསུངས་ཏེ། གླིང་བཞི་དང་ནི་རི་རབ་དང་། ཉི་ཟླ་དང་ནི་འདོད་ལྷ་དང་།། ཚངས་པའི་འཇིག་རྟེན་སྟོང་ལ་ནི།། སྟོང་ནི་ཆུང་ངུ་དག་ཏུ་འདོང་།། དེ་སྟོང་ལ་ནི་སྟོང་གཉིས ་པ། བར་མའི་འཇིག་རྟེན་ཁམས་ཡིན་ནོ།། དེ་སྟོང་ལ་ནི་སྟོང་གསུམ་སྟེ།། མཉམ་དུ་འཇིག་ཅིང་ཆགས་པ་ཡིན། ཞེས་སོ།། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས ་རྣམ་པར་ངེས་པ་ལ་མི་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བདུན་པའོ།། ། བསྐལ་པ་ཡང་རྣམ་པ་བནི་སྟེ། འདི་ལྟ་སྟེ། བར་གྱི་བསྐལ་པ་དང་། འཇོག ་པའི་བསྐལ་པ་དང་། ཆགས་པའི་བསྐལ་པ་དང་། བསྐལ་པ་ཆེན་པོའོ།། དེ་ལ་བར་གྱི་བསྐལ་པའི་ཚད་ནི་ལྕགས་ཀྱི་རང་བཞིན་གྱི་ར་བ་གྲུ་བཞི་པ་མཐོ་བ་དང་ལོགས་སོ་ལ་རྒྱང་གྲགས་རེ་རེ་ཡོད་པའི་ནད་དུ་ཏིལ་ལམ་ཉུང་དཀར་གྱིས ་བཀང་སྟེ་སྤྱི་ཕུད་དུ་བྱས་པའི་ནང་ནས་ལོ་བརྒྱ་ཚང་བ་ལས། རེ་རེ་ཕྱུང་བར་གྱུར་པ་ན་ཇི་སྲིད་དུ་ཐམས་ཅད་ཡོངས་སུ་ཟད་པའི་དུས་སུ་གྱུར་པ་དེ་སྲིད་གྱི་དུས་ལ་བར་གྱི་བསྐལ་པ་ཞེས་བྱའོ།། བར་གྱི་བསྐལ་པ་བརྒྱད་བཅུ་ལ་ནི་བསྐལ ་པ་ཆེན་པོའོ།། འཇོག་པའི་བསྐལ་བ་ཡང་བར་གྱི་བསྐལ་པ་ཉི་ཤུར་གྱུར་པ་ཡིན་ཏེ། དེ་ལ་འཇིག་པ་ནི་གཉིས་ཏེ་འདི་ལྟ་སྟེ། འགྲོ་བ་འཇིག་པ་དང་ཁམས་འཇིག་པའོ།། ཡང་འཇིག་པ་ནི་གཉིས་ཏེ་འདི་ལྟ་སྟེ་སེམས་ཅན་འཇིག་པ་དང་སྣོད ་འཇིག་པའོ།། ཡང་འཇིག་པ་གསུམ་སྟེ་འདི་ལྟ་སྟེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ།། འདི་ལྟ་སྟེ། དེའི་དུས་དེ་འབྱུང་བར་འགྱུར་བ་ཡིན་ཏེ། དམྱལ་བ་འདིའི་སེམས་ཅན་འཕྲོ་བར་འགྱུར་ལ་སྐྱེ་བར ་མི་འགྱུར་པ་ན། འཇིག་པའི་བསྐལ་པ་དེ་དབུ་བརྩམས་པ་སྟེ། རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་ཀྱང་ལྷག་མ་མ་ལུས་པར་གྱུར་པར་ངེས་པ་ནི་འདི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ནོ།། འདི་ལྟ་སྟེ། དམྱལ་བའི ་འགྲོ་བ་འཇིག་པའོ།། དེའི་ཚེ་དམྱལ་བ་འདི་དག་ངེས་པར་མྱོང་བའི་ལས་འཛིན་པ་གང་དེ་སྟོང་གསུམ་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་དུད་འགྲོའི་འགྲོ་བ་འཇིག་པའོ།། རྒྱ་མཚོ་ཆེན་པོར་གཏོགས་པའི་དུད་འགྲོ ་རྣམས་སྔོན་དུ་འཇིག་པར་འགྱུར་བ་ཡིན་ཏེ། མི་དང་ལྷན་ཅིག་སྤྱོད་ཅིང་གནས་པའི་དུད་འགྲོ་ནི་མི་ཉིང་དང་ལྷན་ཅིག་ཏུ་འཇིག་པ་ཡིན་ནོ།། དེ་བཞིན་དུ་ཡི་དྭགས་འགྲོ་བ་འཇིག་པའོ།། དུས་དེ་འབྱུང་བར་འགྱུར་བ་འདི་ཡིན་ཏེ། མི་འདི ་རྣམས་སུ་སེམས་ཅན་གང་ཡང་རུང་བས་རང་ཉིད་ཀྱིས་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཡང་དག་པར་སྐྱེའོ།། དེ་བསམ་གཏན་དེ་ལས་ལངས་ནས་ཚིག་ཏུ་སྨྲ་བར་འགྱུར་ཏེ། ཀྱེ་མ་བདེ་བ་འདི་ནི་དབེན་པ ་ལས་སྐྱེས་པ་དགའ་ཞིང་བདེ་བའོ།། ཀྱེ་མ་ཞི་བ་འདི་ནི་དབེན་པ་ལས་སྐྱེས་པ་དགའ་ཞིང་བདེ་བའོ་ཞེས་སོ།། སྒྲ་དེ་ཐོས་ནས་སེམས་ཅན་གཞོན་ལ་ཡང་ཀུན་ཏུ་སྐྱེ་བར་འགྱུར་བའོ།། དུས་བྱས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། ་གང་གི་ཚེ་འཛམ་བུའི་གླིང་དུ་སེམས་ཅན་གཅིག་ཀྱང་ལུས་པ་མེད་པར་གྱུར་པ་འདི་ཙམ་ཉིད་འདི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ་འཛམ་བུ་གླིང་གི་མི་རྣམས་འཇིག་པའོ།། འདི་བཞིན་དུ་ཤར་གྱི་ལུས་འཕགས་ཀྱི་མི་རྣམས ་འཇིག་པའོ།། འདི་བཞིན་དུ་བ་ལང་སྤྱོད་ཀྱི་འཇིག་པའོ།། དེ་བཞིན་དུ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་འཇིག་པའོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། དེ་རུ་སྐྱེ་བ་མི་སྲིད་པའི་ཕྱིརརོ།། ངེས་པར་འཇིག་རྟེན ་འདི་འཇིག་པར་འགྱུར་བ་ཡིན་ཏེ་འདི་ལྟ་སྟེ། མང་འགྲོ་བ་འཇིག་པའོ།། དེ་བཞིན་དུ་རྒྱལ་ཆེན་བཞི་པའི་ལྷ་རྣམས་སུ་ལྷ་རྣམས་ཀྱིས་བསམ་གཏན་དང་འོ་སྙིང་ང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུརརོ།། ་གང་ཚེ་དེ་རུ་སེམས་ཅན་གཅིག་ཀྱང་ལྷག་མ་ལུས་པ་མེད་པར་གྱུར་པ་འདི་ཙམ་ནི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་བཞིའི་ལྷའི་འཇིག་པའོ།། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ལྷའི་འཇིག་པའོ།། ་འཐབ་བྲལ་གྱི་ལྷའི་འཇིག་པ་ནི་དེ་བཞིན་ནོ།། དེ་བཞིན་དུ་དགའ་ལྡན་ལྷའི་འཇིག་པའོ།། དེ་བཞིན་དུ་འཕྲུལ་དགའི་ལྷའི་འཇིག་པའོ།། དེ་བཞིན་དུ་གཞན་འཕྲལ་དབང་བྱེད་ཀྱི་ལྷའི་འཇིག་པའོ།། གང་ཚེ་འདོད་པ་ན་སྤྱོད་པའི་ལྷ་རྣམས ་གཅིག་ཀྱང་ལུས་པ་མེད་པར་གྱུར་པ་འདི་ཙམ་ནི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་ལྷའི་འཇིག་པའོ།། ཚངས་པའི་འཇིག་རྟེན་དུ་ཡང་སེམས་ཅན་གང་ཡང་རུང་བས་ཆོས་ཉིད་ཀྱིས་ཐོབ་པའི་བྱས ་གཏན་གཉིས་པ་ཡང་དག་པར་སྐྱེའོ།། དེ་ནས་བསམ་གཏན་ལས་ལངས་ཏེ། ཚིག་ཏུ་སྨྲ་བར་འགྱུར་ཏེ། ཀྱེ་མ་བང་བ་འདི་ཏིང་ངེ་འཛིན་ལས་སྐྱེས་པ་དགའ་ཞིང་བདེ་བའོ།། ཀྱེ་མ་ཞི་བ་འདི་ནི་ཏིང་ངེ་ལས་སྐྱེས་པ་དགའ་ཞིང་བདེ་བའོ་ཞེས ་པའི་སྒྲ་དེ་ཐོས་ནས་སེམས་ཅན་གཞན་ལ་ཡང་བསམ་གཏན་གཉིས་པ་ཡང་དག་པར་སྐྱེ་བར་འགྱུར་རོ།། དུས་བྱས་ཏེ་འོད་གསལ་གྱི་ལྷ་རུ་སྤྲོ་བར་འགྱུར་རོ།། གང་ཚེ་ཚངས་པའི་འཇིག་རྟེན་དུ་སེམས་ཅན་གཅིག་ཀྱང་ལུས་པ་མེད་པར ་གྱུར་པ་འདི་ཙམ་ཉིད་ནི་འཇིག་རྟེན་འཇིག་པར་འགྱུར་བ་སྟེ། འདི་ལྟ་སྟེ་སེམས་ཅན་ཀུན་ཏུ་འཇིག་པའོ།། དེ་ནས་སྣོད་སེམས་ཅན་གྱི་སྟོང་པར་གྱུར་པས། དེའི་ཚེ་འཕེན་བྱེད་ཀྱི་ལས་ཡོངས་སུ་ཟད་པས་ལྷས་ཆར་མི་འབེབས་ཤིང ་ས་བོན་གྱི་གྲོབ་དང་། སྡོང་བུའི་གྲོང་དང་། བབབ་ཆུ་ཆུང་ངུ་རྣམས་སྐམས་པར་འགྱུར་རོ།། དེའི་རྗེས་སུ་ཉི་མ་གཉིས་པ་རབ་ཏུ་འབྱུང་བར་འགྱུར་རོ།། འབབ་ཆུ་ཆེན་པོ་ཐམས་ཅད་སྐམས་པར་འགྱུར་རོ།། དེ་ལ་ཡང་ཆུ་བོ་ཆེན་པོ་བདུན ་ནི་འདི་ལྟ་སྟེ། གཾ་གཱ། ཡ་མཱུ་ནཱ། སཱ་ར་བྷཱུ། ས་ར་བྷ་ཏ། ཨ་ཛི་རེ་བ་ཏཱི། མ་ཧཱི། ནི་མ་ན་གའོ།། དེ་ནས་ཉི་མ་གསུམ་པ་འབྱུང་བར་འགྱུར་རོ།། ཆུ་བོ་ཆེན་པོ་བཞི་དང་མ་གྲོས་པ་ལ་སོགས་པ་མཚོ་ཆེན་པོ་རྣམས་སྐམས་པར ་འགྱུར་རོ།། དེ་ལ་ཆུ་བོ་ཆེན་པོ་བཞི་ནི་འདི་ལྟ་སྟེ། ག་ག་དང་། སིནྡྷུ་དང་། བཀྵུ་དང་། ཤཱི་ཏའོ།། མཚེའུ་ཆེན་པོ་བདུན་ནི། སིདྡྷ་པྲ་སཱ་ཏཱ། ཧཾ་ས་པྲ་པཱ་ཏ། ར་ཐ་ཀཱ་ར། ན་ཌཱ་དནྟ། ཀུ་ནཱ་ལ། ཨ་ན་བཱ་ཏ་པ་ཏ། མནྟ་ཀི་ནཱིའོ།། ་དེའི་ཕྱི་ནས་ཉི་མ་བཞི་པ་འབྱུང་བར་འགྱུར་རོ།། དེའི་ཚེ་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་བརྒྱ་ཇི་སྲིད་དུ་ཆུ་སྐམས་པར་འགྱུར་རོ།། དེ་མ་ཐག་ཏུ་ཉི་མ་ལྔ་པ་འབྱུང་བར་འགྱུར་རོ།། དེའི་ཚེ་དཔག་ཚད་བརྒྱ་ཕྲག་གཉིས་སུ་ཆུ་སྐམས་པར ་འགྱུར་རོ།། དེ་ནས་ཉི་མ་དྲུག་པ་འབྱུང་བར་འགྱུར་རོ།། དེའི་ཚེ་རྒྱ་མཚོ་ཆེན་པོ་ལ་ཆུ་ཤིན་ཏུ་ཉུང་བ་ཐེག་པ་ཡང་ལུས་པ་མེད་པར་འགྱུར་རོ།། ས་ཆེན་པོ་དང་རི་རབ་ལ་དུ་བ་འབྱུང་བར་འགྱུར་རོ།། དེའི་རྗེས་སུ་ཉི་མ་བདུན་པ་འབྱུང ་བར་འགྱུར་རོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བསྲེགས་ཏེ། ཇི་སྲིད་དུ་ཐལ་བ་ཡང་ཤེས་པར་བྱ་བ་མེད་དོ།། བསྲེགས་པ་དང་ཉི་མ་རང་ཉིད་ཀྱང་མེད་པར་འགྱུར་ཏེ་བུད་ཤིང་མ ་ཚང་བའི་མེ་བཞིན་ནོ།། དེས་ན་ཉི་མ་བདུན་གྱིས་མེའི་འཇིགས་པ་སྟེ། བསམ་གཏན་དང་པོའི་བར་དུ་སྲེག་པར་བྱེད་དོ།། དེ་བཞིན་དུ་པ་ཚ་ཅན་གྱི་ཆུའི་ཆར་ཕབ་ནས་བསམ་གཏན་གཉིས་པ་ཉམས་པར་བྱེད་པ་ནི་ཆུའི་འཇིག་པའོ།། ་དེའི་རྗེས་སུ་རྣམ་པར་འཁྲུགས་པའི་རླུང་ཆེན་པོས་བསམ་གཏན་གསུམ་པ་འཐོར་བར་བྱེད་པ་ནི་རླུང་གིས་འཇིག་པོའོ།། བསམ་གཏན་བཞི་པ་ལ་ནི་འཇིག་པ་མེད་དོ།། དེས་ན་འཛག་པ་ནི་མདོར་བསྡུ་ན་གསུམ་སྟེ། འདི་ལྟ་སྟེ། མེས ་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ།། དེའི་ཕྱིར་ཡང་བསམ་གཏོན་དང་པོ་ནི་མེས་འཇིག་པ་ཁོ་ན་སྲིད་པ་སྟེ། དེ་དག་གི་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ།། དེ་ཡང་འདི་ལྟར། བསམ་གཏན་དང་པོ་ནི་རྣམ་པར ་རྟོག་པ་དང་རྣམ་པར་དཔྱོད་པའི་དྲི་མ་ཡོད་ཏེ། དེ་ཡང་ཡིད་ཡོངསུ་སྲོག་པར་བྱེད་པའི་ཕྱིར་ན་མེའི་བསྐལ་པའོ།། བསམ་གཏན་གཉིས་པ་ནི་ཆུའི་འཇིག་པ་ཁོ་ན་ཏེ། དེའི་དྲི་མ་དང་། ཆོས་མཐུན་པའི་ཕྱིར་རོ།། དེ་ཡང་འདི་ལྟར་བསམ ་གཏན་གཉིས་པ་ན་དགའ་བའི་དྲི་མ་ཡོད་ཏེ། དེ་ཡང་ཤིན་ཏུ་སྦྱངས་པའི་སྦྱོར་བས་རྟེན་འཇམ་པར་བྱེད་པའི་ཕྱིར་ན་ཆུའི་བསྐལ་པའོ།། བསམ་གཏན་གསུམ་པ་ན་རླུང་གི་འཇིག་པ་ཁོ་ནའོ།། དེ་ཡོང་འདི་ལྟར་བསམ་གཏན་གསུམ ་པ་ན་དབུགས་འབྱུང་བ་དང་འཇུག་པའི་དྲི་མ་ཡོད་ཏེ། དེ་ཡང་རླུང་ཉིད་ཁོ་ནའོ།། དེས་ན་གང་ལ་ནང་གི་བདག་ཉིད་ཀྱི་བསམ་གཏན་སྙོམས་འཇུག་ཅི་འདྲ་བའི་དྲི་མ་ཡོད་པ་དེ་ལ་བསམ་གཏན་ལས་སྐྱེས་པའི་ཕྱི་རོལ་ཡང་དེ་འདྲ ་བའོ།། དེ་ཉིད་ཀྱིས་ནི་བསམ་གཏན་བཞི་པ་ན་རྣམ་པར་རྟོག་པ་ལ་སོགས་པ་མི་བསྐྱོད་པས་དྲི་མ་དང་བྲལ་བའི་ཕྱིར་ན་འཇིག་པ་ནི་མེད་དོ།། གལ་ཏེ་བསམ་གཏན་བཞི་པ་ལ་འཇིག་པ་མེད་ན། ཅི་བསམ་གཏན་བཞི་པ་རྟག་པ་ཡིན་ནམ ་ཅེ་ན་མ་ཡིན་ཏེ། དེ་རུ་ཡང་ལྷའི་བུ་རྣམས་སྐྱེ་བར་འགྱུར་བ་ན་གཞལ་ཡས་ཁང་དང་བཅས་ནས་སྐྱེ་བར་འགྱུར་བ་དང་། འགག་པ་ན་ཡང་གཞལ་ཡས་ཁང་དང་བཅས་ནས་འཇིག་པར་འགྱུར་རོ།། དེས་ན་འཇིག་པའི་རྩེ་མོ་ནི་གསུམ་སྟེ། ་འདི་ལྟ་སྟེ་མེས་འཇིག་པའི་རྩེ་མོ་ནཱཾ་བསམ་གཏན་གཉིས་པའོ།། ཆུས་འཇིག་པའི་རྩེ་མོ་ནི་བསམ་གཏན་གསུམ་པའོ།། རླུང་གིས་འཇིག་པའི་རྩེ་མོ་ནི་བསམ་གཏན་བཞི་པའོ།། འཕགས་པ་གནས་བརྟན་པའི་སྡེ་པའི་ལུང་གི་ཚུལ ་ལས་ཀྱང་འཇིག་པ་ནི་དྲུག་ཅུ་རྩ་བཞི་སྟེ། དེ་ལ་མེས་འཇིག་པ་ལྔ་བཅུ་རྩ་དྲུག་གོ། ཆུས་འཇིག་པ་ནི་བདུན་ནོ།། རླུང་གིས་འཇིག་པ་ནི་གཅིག་གོ།། འདི་ལྟ་སྟེ། བར་མེད་པར་མེས་འཇིག་པ་བདུན་ནོ།། ཆུས་གཅིག་གོ། དེ་ནས ་མེས་བདུན་ནོ།། ཆུས་གཅིག་གོ། དེ་ནས་མེས་བདུན་ནོ།། ཆུས་གཅིག་གོ། དེ་ནས་མེས་བདུན་ནོ།། ཆུས་གཅིག་གོ། དེ་ནས་མེས་བདུན་ནོ།། ཆུས་གཅིག་གོ།། དེ་ནས་མེས་བདུན་ནོ།། ཆུས་གཅིག་གོ།། དེ་ནས་མེས་བདུན་ནོ།། ཆུས ་གཅིག་གོ།། དེ་ནས་མེས་བདུན་ནོ།། རླུང་གིས་འཇིག་པ་ནི་གཅིག་གོ།། དེ་ལྟར་བསྡུས་ཏེ་འཇིག་པ་ནི་དྲུག་ཅུ་བཞིའོ།། ཡང་གསུངས་ཏེ། མེ་ཡིས་ལན་ནི་བདུན་བདུན་ལ།། བརྒྱད་པ་བརྒྱད་པ་ཆུ་ཡིས་སོ།། གང་ཚེ ་རླུང་མཆོག་གཅིག་བགྲངས་ན།། དྲུག་ཅུ་བཞི་ནི་རྫོགས་པར་འགྱུར། ཞེས་སོ།། དེ་ལྟར་དམྱལ་བ་རུ་དང་པོ་སེམས་ཅན་གྱི་འཕོ་བ་ནས་བཟུང་སྟེ། ཇི་སྲིད་དུ་སྣོད་ཐམས་ཅད་ཡང་དག་པར་ཟད་ཟད་པར་འགྱུར་བའི་དུས་འདི་ནི་འཇིག་པའི ་བསྐལ་པ་སྟེ། བར་གྱི་བསྐལ་པ་ཉི་ཤུའོ།། དེའི་རྗེས་སུ་འཇིག་རྟེན་འདི་ཞིག་ནས་སྟོང་པ་ནི་མཁའ་ཙམ་ཉིད་དུ་བར་གྱི་སྐལ་པ་ཉི་ཤུ་གནས་པར་འགྱུར་རོ།། །། དེའི་ཕྱི་ནས་འཆགས་པ་ན་གཉིས་ཏེ། འདི་ལྟ་སྟེ། ་སྣོད་འཆགས།། སེམས་ཅན་འཆགས་པའོ།། དེ་ལ་སྣོད་འཆགས་པ་ནི་སེམས་ཅན་རྣམས་ཀྱི་ལྷག་པའི་བདག་པོས་ན་མཁའ་ལ་རླུང་ཞན་ཅིང་ཆུང་བ་རྒྱུ་བར་འགྱུར་རོ།། དེ་ལས་ཇི་ལྟར་གསུངས་པའི་རླུང་གི་དཀྱིལ་འཁོར་ལ ་སོགས་པ་ཐམས་ཅད་སྐྱེ་བར་འགྱུར་ཏེ། འདི་ཙམ་ནི་འཇིག་རྟེན་འཆགས་པར་འགྱུར་བ་ཡིན་ཏེ། སྣོད་རྣམ་པར་འཆགས་པའོ།། དེ་ནས་འོད་གསལ་ནས་སེམས་ཅན་གཞན་གང་རུང་འཕོས་ནས་ཚངས་པའི་གཞལ་ཡས་སུ ་སྐྱེ་བར་འགྱུར་རོ།། དེ་ལྟར་དེ་བཞིན་དུ་དེའི་འཁོར་ཡང་ངོ་།། དེ་ཉིད་ནས་སེམས་ཅན་གང་ན་དག་ཚངས་པའི་མདུན་ན་འདོན་དུ་འཕོ་བར་འགྱུར་རོ།། དེ་ཁོ་ན་བཞིན་དུ་ཚངས་རིས་དང་། གཞན་འཕྲུལ་དབང་བྱེད་རྣམསུ་རིམ་གྱིས ་ཅི་སྲིད་དུ། སྒྲ་མི་སྙན་དུ། བ་ལང་སྤྱོད་དུ། ཤར་གྱི་ལུས་འཕགས་པོ་རུ། འཛམ་བུ་གླིང་དུ། ཡི་དྭགས་སུ། དུད་འགྲོ་རུ། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། སེམས་ཅན་འཆགས་པའོ།། ཆོས་ཉིད་ཀྱིས་འདི་ལྟར་འགྱུར་བ ་ཡིན་ཏེ། གང་ཕྱིས་འཇིག་པ་དེ་དག་སྔོན་དུ་འཆགས་པ་ཡིན་ནོ།། གང་གི་ཚེ་དམྱལ་བར་སེམས་ཅན་ཅིག་ཀྱང་བྱུང་བར་གྱུར་པ་དེའི་ཚེ་འཇིག་རྟེན་འདི་ཆགས་པ་ཡིན་ཏེ། སེམས་ཅན་ཆགས་པའོ།། བར་གྱི་བསྐལ་པ་བཅུ་དགུ་སོ།། དེ་ནས ་བཟུང་སྟེ་བར་གྱི་བསྐལ་པ་ཉི་ཤུར་ཆགས་པ་གནས་སོ།། འདིར་བསྐལ་པ་དང་པོ་པའི་མི་རྣམས་འོད་གསལ་ནས་འཕོས་ཏེ་འོངས་པ་ན་གཟུགས་ན་སྦྱོང་བ་དང་འདྲ་བར་གནས་ཅིང་། ཡིད་ཀྱི་རང་བཞིན་རང་གི་འོད་དང་ལྡན་པ་མཁའ་ལ ་ཀུན་ཏུ་འགྲོ་བ། དགའ་བའི་ཟས་ཅན་ནོ།། དེས་སའི་དྲི་བསྣམས་ཅིང་སའི་རོ་མྱངས་པ་དང་ལྡན་པ་དང་ཟོས་པ་ཅན་དུ་འགྱུར་རོ།། དེ་རྣམས་ཀྱི་ལུས་ལ་སྲ་རྩུབ་དང་ལྕི་བས་ཀུན་ཏུ་ནོན་ཅིང་འོད་སྣང་ཡང་ནུབ་པར་གྱུར་ཏོ།། དེ་ནས་མུན་པའི་རྣམ ་པར་གྱུར་པ་ལ། ཉི་མ་ཟླ་བ་དག་བྱུང་ངོ་།། དང་པོ་སའི་བཅུད། ཞག་གི་རྣམ་པོ་དང་། དེ་ནས་ས་ཞག་ཁུར་བ་ལྟ་བུ་དང་། དེའི་རྗེས་སུ་ས་ཞག་གི་ནགས་ཚལ་རྣམས་རིམ་གྱིས་བྱུང་བར་གྱུར་ཏོ།། ཤིན་ཏུ་ཞེན་ཆགས་པར་ནུབ་པས་གྱུར་ཏོ།། དེ་མ ་ཐག་ཏུ་མ་རྨོས་མ་རྨུགས་པའི་དྲི་བཟང་བ་མྱང་བདེ་བའི་འབྲས་སྐྱེས་སོ།། དེ་ལ་ཟོས་པས་བཤང་གཙོའི་ལམ་དང་སྐྱེས་པ་བུད་མེད་ཀྱི་དབང་པོ་དག་དང་ལྡན་པ་འབྱུང་བར་འགྱུར་རོ།། སྐྱེས་པ་དང་བུད་མེད་ངག་གི་དབྱིབས་ཐ་དད་པར་གྱུར་རོ།། ་དེའི་རྗེས་སུ་སྔོན་གོམས་པའི་དབང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་པ་ལ་ཆགས་པ་ཤིན་ཏུ་རྒྱས་པར་གྱུར་པ་ལས་སྐྱེས་པ་དང་བུད་མེད་དེ་དག་ལ་ཕན་ཚུན་རྗེས་སུ་ཆགས་པས་སྒྲུབ་པ་མ ་ཡིན་པ་སྐྱེས་པ་ཉིད་དོ།། དེའི་ཕྱི་ནས་ལེ་ལ་ལས་ཉེ་བར་སྡུད་པར་བྱེད་པ་དང་བདག་གིར་བྱེད་པ་བགྱིས་པས་འབྲས་ས་ལུ་རྔས་པ་ནི། ཡང་སྐྱེ་བ་མེད་པར་གྱུར་ཏོ།། དེ་ནས་ཞིང་རྣམས་རྣམ་པར་བགོས་ཏེ། བདག་གིར་འཛིན་པ་བྱས་ཅིང ་ཕ་རོལ་གྱིར་བྱས་སོ།། དེ་ནས་སྐྱེས་བུ་ཁྱད་པར་དུ་གྱུར་པ་ལ་བསྲུང་བའི་དོན་དུ་ཆ་དྲུག་པ་བྱིན་པར་གྱུར་ཏོ།། དེ་ཞིང་རྣམས་ཀྱི་བདག་པོ་ཡིན་པས་རྗེའུ་རིགས་ཞེས་དོན་དང་མཐུན་པར་མིང་བཏག་སོ།། སྐྱེ་བོ་མང་པོ་འདུན་པ་མཐུན་པས་མང་པོས ་བཀུར་བའོ།། འབངས་རྣམས་ངག་པར་མཛད་པས་རྒྱལ་པོ།། ཁྱིམ་ལས་ཕྱི་རོལ་ཡིད་ལ་བྱེད་པས་བྲམ་ཟེའོ།། ཞེས་མིང་རྣམས་བྱུང་ངོ་།། རྒྱལ་པོས་ཉེ་བར་མནན་པའི་རྐུན་པོ་རྣམས་བདག་གི་དེ་ལྟ་བུ་མ་བྱས་སོ་ཞེས་རྫུན་གྱི་ཚིག་བྱུང་བར་གྱུར་ཏོ།། ། ་དེ་ལྟར་འཇིག་རྟེན་ཆགས་བཞིན་པའི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་གྱུར་པ་ལས། མི་དགེ་བའི་ལས་ཀྱི་ལམ་རྒྱས་པར་གྱུར་ནས་རིམ་གྱིས་ཚེ་ཉམས་ཏེ་མཐར་ཚེ་ལོ་བཅུ་པ་རྣམས་ཆོས་མ་ཡིན་པ་ལ་ཆགས་པ་ཡང་བའི་འདོད་པས་ཟིལ་གྱིས ་གནོན་པར་གྱུར་པ། ལོག་པའི་ཆོས་ལ་ཡོངས་སུ་ཞེན་པ་རྣམས་ཀྱི་གནོད་སེམས་ཀུན་ཏུ་འཕེལ་བར་གྱུར་པ་ལ། འཇིག་པའི་བསྐལ་པ་གསུམ་འབྱུང་བར་འགྱུར་ཏེ་འདི་ལྟ་སྟེ། མཚོན་གྱིས་འཇིག་པ་དང་། ནད་ཀྱིས་འཇིག་པ་དང་། མུ ་གིས་འཇིག་པའོ།། དེ་ལ་ལྷག་མ་ལ་སོགས་པ་རྣམས་མཚན་ཆར་འགྱུར་རོ།། ངས་སེམས་ཅན་ཕན་ཚུན་གསོད་པར་བྱེད་པ་ན་མཚོན་གྱིས་འཇིག་པ་སྟེ། མཚན་གྱིས་སྲོག་གཙང་བ་ནི་ཉི་མ་བདུན་འབྱུང་བར་འགྱུར་རོ།། ཡང་སྐྱོན་དེ ་ཉིད་ཀྱིས་མི་མ་ཡིན་རྣམས་ཀྱིས་འཚོ་བ་གཏོང་བར་བྱེད་དོ།། གང་ལས་སེམས་ཅན་རྣམས་ནད་ཀྱིས་འཆི་བར་བྱེད་དོ།། འདི་ནི་ནད་ཀྱི་འཇིག་པ་སྟེ་ཟླ་བ་བདུན་དང་ཞག་བདུན་འབྱུང་བར་འགྱུར་རོ།། ཡང་སྐྱོན་དེ་ཉིད་ཀྱིས་ཆར་མི་འབ ་པས་མུ་གེ་འབྱུང་སྟེ། དེ་ཡང་མི་རྣམས་བཀྲེས་པ་དང་སྐོམ་པ་དང་ཉམས་ཆུང་བས་འཚོགས་ནས་འཆི་བར་འགྱུར་རོ།། གཞན་དག་ནི་རུས་པ་དཀར་པོ་སྐོལ་ནས་འཐུང་བར་བྱེད་དོ།། གཞན་དག་ནི་ཁྱིམ་གྱི་ཟང་ཟིང་རྣམ་པར་བགོས་ཏེ། ཟུར ་མ་ཉེ་བར་སྟོན་པས་དེ་རིང་ནི་ཁྱིམ་བདག་པོའི་བཟའ་བ་བྱ་ཞིང་སང་ནི་ཁྱིམ་བདག་མོའི་ཞེས་བྱ་བ་ལ་སོགས་པའོ།། གཞན་དག་སོ་བའི་གནས་ཀྱི་འཚམས་བུ་ག་ནས་ཐུར་མས་སོ་བའི་འབྲས་བུ་ཕྱུང་ནས་ཆུ་མང་པོ་བསྐོལ་བ་འཐུང་བར་བྱེད ་པ་ནི་མུ་གེས་འཇིག་པ་སྟེ་ལོ་བདུན་དང་ཟླ་བ་བདུན་དང་ཉི་མ་བདུན་འབྱུང་བར་འགྱུར་རོ།། དེ་ལྟར་བར་གྱི་བསྐལ་པ་སོ་སོ་རྫོགས་པ་ན་འཇིག་པ་གསུམ་ཉིད་དོ།། བ་ལང་སྤྱོད་དང་ཤར་གྱི་ལུས་འཕགས་པོའི་གནས་སུ་ནི། མཚོན་པ ་ནད་དང་མུ་གེ་རྣམས་གཟུགས་བརྙན་འབྱུང་བར་འགྱུར་རོ།། མཚོན་ནི་གནོད་སེམས་དྲག་པོ་སྐྱེ་བའོ།། ནང་ནི་མདོག་ངན་པ་དང་ཉམས་ཆུང་བའོ།། མུ་གེ་ནི་བཀྲེས་པ་དང་བསྒོམ་པའོ།། དེའི་ཚེ་ཡང་ཁ་དོག་ངན་པ་དང་སྟོབས་ཆུང་བ ་བཀྲེས་པ་དང་བསྒོམ་པ་ལས་གནོད་སེམས་དྲག་པོ་སྐྱེ་བར་འགྱུར་རོ།། འདིར་ཆགས་པ་རྣམས་ཀྱི་གནས་པ་ཉིད་ནི་བར་གྱི་བསྐལ་པ་དང་པོའོ།། དེ་རྣམས་ཚེ་ལོ་བཅུ་པ་ལས་ཡང་འཕེལ་དུ་འགྲོ་སྟེ། རིམ་གྱིས ་ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་འགྱུར་རོ།། འཕགས་པ་གནས་བརྟན་པ་ནི་ཡར་འཕེལ་དུ་ཕྱིན་པ་ན་ཚེ་ལོ་དཔག་ཏུ་མེད་པ་ཡིན་ནོ།། ཞེས་ཟེར་རོ།། ཡང་མར་འགྲིབ་དུ་ཕྱིན་པ་ན་ཚེ་ལོ་བཅུ་པའོ།། འདི་ནི་བར་གྱི་བསྐལ་པ་གཉིས་པའོ།། དེ་ལྟར ་ཅི་སྲིད་དུ་ཡར་འཕེལ་དང་མར་འགྲིབ་བཅོ་བརྒྱད་དོ།། ཉི་ཤུ་པ་ལ་ནི་མར་འགྲིབ་མེད་དེ་ཡོར་འཕེལ་ཁོ་ནའོ།། ཚེ་ལོ་བཅུ་པ་ནས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་པའི་བ.རོ།། བར་གྱི་བསྐལ་པ་འདི་རྣམས་ཀྱི་ཡར་འཕེལ་དང་མར་འགྲིབ་ཉིད་ཀྱིས ་དུས་ཅི་སྲིད་པ་བར་གྱི་བསྐལ་པ་དང་པོའི་མར་འགྲིབ་ཁོ་ནའི་དུས་ལའང་དེ་སྲིད་།། ཐ་མའི་བར་གྱི་བསྐལ་པ་ཡར་འཕེལ་བའི་དུས་ལ་ཡང་ངོ་།། དེས་ན་བར་གྱི་བསྐལ་པ་ཐམས་ཅད་ནི་དུས་མཉམ་པའོ།། དེ་ལ་བར་གྱི་བསྐལ ་པ་གཅིག་གིས་སྣོད་ཆགས་པའོ།། བར་གྱི་བསྐལ་པ་བཅུ་དགུར་ནི་གནས་པའོ།། འཇིག་རྟེན་ཆགས་ནས་བར་གྱི་བསྐལ་པ་ཉི་ཤུར་གནས་པའོ།། གཅིག་གིས་སྣོད་རྣམ་པར་ཉམས་པར་འགྱུར་ཏེ། བཅུ་དགུས་སྟོངས་པར་འགྱུར་རོ།། ། ་འཇིག་རྟེན་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུར་གནས་པའོ།། བར་གྱི་བསྐལ་པ་བརྒྱད་བཅུ་ལ་བསྐལ་པ་ཆེན་པོའོ།། འཕགས་པ་མང་པོས་བཀུར་བའི་སྡེ་པའི་ལུང་ལས་ཀྱང་འདི་ལྟར་རྣམ་པར་བཞག་སྟེ། འདི་ལྟ་སྟེ། འཇིག་རྟེན ་ཆགས་བཞིན་པ་ན་དང་པོ་ཉིད་དུ་ཚངས་པའི་གཞལ་ཡས་ནི་འོད་གསལ་ནས་བྱུང་བའོ།། དེའི་རྗེས་སུ་འོད་གསལ་གྱི་ལྷའི་རིས་ནས་ལྷའི་བུ་གཞན་དག་འཕོས་ནས་རང་གི་ལས་ལས་སྐྱེས་པ་སྐུ་ལུས་དཀར་བ་ཚངས་པ་ཞེས་པ་ཚངས་པའི་གཞལ ་ཡས་དེ་ཉིད་དུ་སྐྱེས་སོ།། དེའི་ཚེ་ང་བར་གྱི་བསྐལ་པ་བཅུར་བསམ་གཏན་ལ་སྙོམས་པར་ཞུགས་པར་གྱུར་ཏོ།། དེ་ནས་བསྐལ་པ་ཉི་ཤུའི་མཐའ་རུ་ཚངས་པ་དེ་གཅིག་གཅིག་པུ་སྐྱེ་བོར་གྱུར་པས། ཀྱེ་མ་འདི་ཉིད་དུ་སེམས་ཅན་གཞན་དག་ཀྱང ་སྐྱེ་བར་འགྱུར་རོ་ཞེས་བསམས་པ་དང་། དེས་བསམས་པ་ཉིད་ཀྱིས་དེ་མ་ཐག་ཏུ་རང་རང་གི་ལས་ཀྱིས་དེ་དག་ཏུ་ཚངས་པའི་འཁོར་གྱི་ལྷ་རབ་ཏུ་མང་བ་ཀུན་ཏུ་བྱུང་ངོ་།། དེ་ཡང་ཚངས་པ་རང་གི་བསམས་མ་ཐག་ཉིད་དུ་བྱུང་བ། དེ་རྣམས ་མཐོང་ནས། བདག་ནི་འདི་རྣམས་ཀྱིས་སྐྱེད་བྱེད་དོ་ཞེས་ལོག་པའི་ང་རྒྱལ་སྐྱེས་པར་གྱུར་ཏོ།། དང་པོར་སྐྱེས་པ་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ཚངས་པ་དེ་དག་ཚངས་འཁོར་གྱི་ལྷ་རྣམས་ཀྱིས་མཐོང་ནས་ཀྱང་འདིས་བདག་སྐྱེད་པས་བདག་གི ་བྱེད་པ་པོ་ཞེས་ཁས་བླངས་སོ།། ཚངས་འཁོར་གྱི་ལྷ་དེ་ཡང་བསྐལ་པ་གཅིག་ཏུ་གནས་སོ།། ངའི་འོག་ཏུ་བསྐལ་པ་གཅིག་གིས་ཚངས་རོས་ཀྱི་ལྷ་རྣམས་བྱུང་ངོ་།། དེ་ནས་བསྐལ་པ་གཅིག་གིས་ཚངས་པ་མདུན་ན་འདོན་གྱི་ལྷའོ།། དེ་ནས ་བསྐལ་པ་གཅིག་གིས་འདོད་པའི་གདན་ས་ཡི་རྩེ་མོ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ།། དེ་ནས་བསྐལ་པ་གཅིག་གིས་འཕྲུལ་དགའི་ལྷའོ།། དེ་ནས་བསྐལ་པ་གཅིག་གིས་དགའ་ལྡན་གྱི་ལྷའོ།། དེ་ནས་བསྐལ་པ་གཅིག་གིས་འཐབ་བྲལ་གྱི ་ལྟའོ།། འོད་རྣམས་ཐམས་ཅད་ནོ་རང་རང་གོ་ལས་ཀྱིས་གཞལ་ཡས་ཁང་དང་བཅས་ནས་གྲུབ་པའོ།། དེའི་ཕྱི་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་སྐྱོ་བ་སྔོན་དང་སྔོན་དུ་བྱུང་བའི་མཐའ་རྣམས་ཡང་དག་པར་དྲན་ནས། ་སྔོན་དང་སྔོན་དུ་ཉམས་སུ་མྱོང་བར་འགྱུར་བའི་རི་རབ་ལ་སོགས་པ་རྣམས་མཐོང་བར་འདོད་པས། རང་གི་གཞལ་ཡས་ནས་འོག་ཏུ་འོངས་ཏེ། ནམ་མཁའི་ཕྱོགས་འདི་ནི་ནི་རི་རབ་ཡོད་པར་གྱུར་ལ། རི་རབ་ཀྱི་སྟེང་འདི་ན་ནི་བརྒྱ་བྱིན་ལྷ ་རྣམས་ཀྱི་དབང་པོའི་གྲོང་ཁྱོར་བྱུང་བར་གྱུར་ཏོ།། འདི་རུ་གཉའ་ཤིང་འཛིན་ལ་སོགས་པའི་རི་བོ་རྒྱུད་བདུན་བྱུང་བར་གྱུར་ཏོ།། འདི་རུ་རྒྱ་མཚོ་བྱུང་བའོ།། འདི་རུ་ནི་འཛམ་བུ་གླིང་གནས་པ་ཡིན་ཞེས་པ་རྣམས་དྲན་པ་སྔོན་དུ་འགྲོ་བས་འདི ་ནས་དེ་ནས་འཆགས་པ་ནས་ལུས་ལས་རླུང་བྱུང་ནས་སྟེང་འོག་དང་འཁོར་བར་རབ་ཏུ་བརྐྱང་སྟེ་ཤིན་ཏུ་ཆེ་བ་འཕེལ་བར་ཉེ་བར་སོང་བར་གྱུར་ཏོ།། དེའི་ཚེ་སྟེང་ནས་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལས་སྐྱེས་པའི་སྤྲིན་མ་ཟད་པའི ་སྒྲ་སྒྲོགས་པ་ཀློག་གི་ཕྲེང་བ་དང་ལྡན་པ་ལོས་ཤིན་ཏུ་ཆེས་མང་བའི་ཆུ་འབབ་པར་གྱུར་རོ།། དེའི་ཚེ་རླུང་དེ་ཟབ་པ་གཏིང་དཔག་དཀའ་བ་དེས་ཀྱང་ཆུའི་ཕུང་པོའི་འོག་དང་སྟེང་དང་ཁོར་ཡུག་ཏུ་བསྐོར་ཏེ་གཞི་རྟེན་བྱོས་སོ།། དེ་ནས་རིམ་གྱིས ་འབྱུང་བ་ཆེན་པོའི་སྙིང་པོར་གྱུར་པ་ལ་ཆུའི་སྟེང་དུ་འདམ་གྱི་ཡོལ་བ་བྱུང་བར་གྱུར་ཏོ།། འོ་མ་སྒྲོལ་བའོ་སྤྲོས་མ་བཞིན་ནོ།། དེའི་འོག་ཏུ་རླུང་དེས་ཁུ་བའི་རང་བཞིན་འདམ་གྱིས་གཡོགས་པར་གྱུར་པའི་འདག་པ་ལས། རི་རབ་དང་རི་བོ་རྒྱུད་དང ་ཁྱོར་ཡུག་དང་རོལ་མཚོ་བདུན་དང་ས་དང་རྒྱ་མཚོ་ལ་སོགས་པའི་རང་བཞིན་སྣོད་ཀྱི་འཇིག་རྟེན་བཟོས་པར་གྱུར་ཏོ།། དེ་ནས་ཕྱོགས་བཞིར་ཡོངས་སུ་བརྟགས་པ་ཉིད་དོ།། དེ་ལ་ལྷོ་ཕྱོགས་སུ་འཛམ་བུ་གླིང་དང་། ནུབ་ཕྱོགས་སུ་བ་གླང་སྤྱོད་ཀྱི ་གླིང་དང་། བྱང་ཕྱོགས་སུ་བྱུང་གི་སྒྲ་མི་སྙན་དང་། ཤར་ཕྱོགས་སུ་ཤར་གྱི་ལུས་འཕགས་སོ།། དེ་ནས་རིམ་གྱིས་ལས་ལས་སྐྱེས་པའི་རླུང་གིས་སྲ་བ་ཉིད་དུ་བྱས་ཏེ། རི་རབ་ལ་སོགས་པ་རི་བོ་དགུ་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱི་རང ་བཞིན་དུ་སྐྱེས་སོ།། ས་གཞི་ནི་འདག་པའི་རང་བཞིན་ཁོ་ནའོ།། དེའི་རྗེས་སུ་མཐོ་བ་དང་དམའ་བར་གྱུར་ཏེ། སྣོད་མ་ལུས་པ་རྣམས་ཀྱི་བར་བར་དུ་སྟོང་པར་གྱུར་པས་སོ།། ཡང་ཐུན་མོང་གི་ལས་ལས་སྐྱེས་པའི་སྤྲིན་ལས་བྱུང་བའི་ཆུ་བོ ་ཡི་རྒྱུན་གྱིས་ཡོངས་སུ་གང་བར་འགྱུར་རོ།། དེ་ནས་རི་རབ་ཀྱི་སྟེང་གྲུ་བཞི་རུ་མཐོན་དུ་ལངས་པའི་ཅོག་བཞི་ཡང་དག་པར་བྱུང་ངོ་།། དེའི་རྗེས་སུ་རྒྱལ་པོ་ཆེན་པོ་པའི་ལྷ་རྣམས་རཾ་རབ་ཀྱི་སྟེང་ཐོབ་པར་མི་འགྱུར་བ་བསོད་ནམས་ཆུང་བ་རྣམས ་འབྱུང་བར་འགྱུར་པ་དག་གནས་པའི་ཕྱིར། རི་རབ་ཀྱི་ལོགས་ལ་བསྐོར་བའི་རྣམ་པས་འཁོར་མོ་བཞིའོ།། མིང་གཞན་པང་རིམ་ཞེས་བརྗོད་དོ།། དེའི་རྗེས་སུ་ཐུན་མོང་པའི་ལས་ལས་རི་རབ་ཀྱི་སྟེང་དུ་དབང་པོ་དང་བཅས་པའི་ལྷ ་རྣམས་ཡང་དག་པར་བྱུང་ངོ་།། དེའི་རྗེས་སུ་རི་རབ་ཀྱི་སྟེང་དུ་བརྒྱ་བྱིན་ལྷའི་དབང་པོའི་གནས་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་བྱུང་ངོ་།། ཆོས་བཟང་ལྷའི་མདུན་ས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་མཐའ་མེད་པ་བྱུང་བར་གྱུར་ཏོ།། གཉའ་ཤིང ་འཛིན་ལ་སོགས་པའི་རི་རྣམས་ལ་ཡང་རྒྱལ་ཆེན་པའི་ལྷ་རྣམས་གནས་པ་དང་། ཡུལ་འཁོར་སྐྱོང་ལ་སོགས་པ་རྒྱལ་པོ་བཞིས་ནང་དུ་བརྒྱན་པའི་འཁོར་མོ་བཞི་ཀུན་ཏུ་བྱུང་ངོ་།། འདི་དག་ཐམས་ཅད་བསྐལ་པ ་གཅིག་གིས་ཏེ་བཅོ་བརྒྱད་ཀྱི་ཆག་སོ།། དེའི་རྗེས་སུ་མ་རང་གི་ལས་ལ་ཡང་དག་པར་བྱུང་བ་ན་མཁའ་ལ་སྤྱོད་པ། བུད་མེད་པ་སྐྱེས་པ། མ་ནིང་གི་རྣམ་པར་དབྱེ་བ་སྤངས་པ་རང་འོད་དང་ལྡན་པའི་མི་རྣམས་སྐྱེས་སོ།། དེ་ནས་དུས་རིང་བ་ན ་ཅན་གང་ཡང་རུང་བས། ས་གཞི་ཞག་གི་རང་བཞིན་ཁྱད་པར་ཅན་ཡིད་དུ་འོང་འི་དྲི་དང་ལྡན་པ་མཐོང་སྟེ་ཆགས་པར་གྱུར་པས། ས་ཞག་དེ་རྣམས་ལ་མངོན་པར་འཚལ་ལོ།། དེ་དང་འདྲ་བར་རང་འོད་ཅན་གཞན་གྱིས་ཀྱང་མངོན་པར་འཚལ ་དེ་ནས་ཁ་ཟས་ཀྱི་སྦྱོར་བ་དེ་དང་འདྲ་བར་ལུས་ཀྱི་འོད་ཟད་པར་གྱུར་ཅིང་ལུས་ལྕི་བ་ཉིད་དུ་གྱུར་རོ།། ས་ལ་སྤྱོད་པར་ཡང་འགྱུར་རོ།། དེའི་ཚེ་མུན་པ་ཆེན་པོར་གྱུར་པ་ལ། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱིས་དུས་གཅིག་ཏུ་ཤར་གྱི་ལུས ་འཕགས་སུ་རྒྱུ་སྐར་སྐག་དང་ལྡན་པར་ཉི་མ་དང་། བ་གླང་སྤྱོད་དུ་རྒྱུ་སྐར་གྲེ་བཞིན་དང་ལྡན་པར་ཟླ་བ་ཡང་དག་པར་བྱུང་ངོ་།། འདི་ཙམ་གྱི་བསྐལ་པ་གཉིས་རྫོགས་ཏེ་བསྐལ་པ་ཉི་ཤུས་འཆགས་པའི་གནས་སྐབས་རྫོགསསོ།། ། ་འདི་ནས་བཟུང་སྟེ་ཆགས་པའི་གནས་སྐབས་བརྗོད་པར་བྱ་སྟེ། དེ་བཞིན་ས་ལ་སྤྱོད་པ་རྣམས་ལ་ཉི་མ་དང་ཟླ་བས་སྣང་བར་བྱེད་དོ།། སའི་བཅུད་ཞག་སྦྲང་རྩི་ལྟ་བུ་མང་དུ་ཟོས་པས་ཁ་དོག་ངན་པར་འགྱུར་རོ།། ཉུང་ངུ་ཟོས་པས་ཁ་དོག་བཟང ་དུ་འགྱུར་རོ།། དེ་ལ་ཁ་དོག་བཟང་བའི་མིས་ཁ་དོག་ངན་པའི་མི་རྣམས་ལ་བརྙས་པ་བྱས་སོ།། དེའི་ཚེ་ཡང་ཞག་ནུབ་པར་གྱུར་ཅིང་། སའི་ཞག་ཁུར་བ་ལྟ་བུ་བྱུང་ངོ་།། སའི་ཞག་ཁུར་བ་ཟླ་བ་ཡང་གང་མང་དུ་ཟ་བ་དེ་དམན་པར་གྱུར་ལ། ཉུང ་དུ་ཟ་བ་མཆོག་ཏུ་འགྱུར་རོ།། དེ་ཁོ་ན་བཞིན་དུ་ཡིད་དགའ་བར་གྱུར་པས། ང་རྒྱལ་འཕེལ་ཞིང་གྱ་ནོམ་པར་འགྱུར་རོ།། ང་རྒྱལ་སྟོབས་ལྡན་དུ་གྱུར་པས་ས་ཞག་ཁུར་བ་ཡང་ལོག་པར་གྱུར་ཏོ།། དེའི་རྗེས་སུ་ས་གཞི་ལས་སྦྲང་རྩི་ལྔ ་བུའི་མཚལ་བྱུང་ངོ་།། དེ་ཡང་སྐྱེ་བོས་ཟོས་པས་ང་རྒྱལ་འཕེལ་བར་འགྱུར་རོ།། དེ་ནས་ས་ཞག་མཚལ་ཡང་ལོག་པར་གྱུར་ཏོ།། དེ་རྗེས་སུ་སྤུན་མ་མེད་པ་མ་ཆག་པ་དྲི་བཟང་བ་ཤིན་ཏུ་འཇམ་པ་ཆེས་མྱང་བདེ་བ་སྦྲང་རྩི་ལྟ་བུ་ཀར་བ་མ ་རྨོས་པའི་འབྲས་བུ་ས་ལུ་རྣམས་ས་ལས་སྐྱེས་སོ།། ས་ལུ་དེ་ལ་ཟོས་པས་སྐྱེས་པ་དང་བུད་མེད་ཐ་དད་དུ་བྱེད་པའི་རྟགས་ཀྱི་གཞི་བྱུང་བར་གྱུར་རོ།། དེའི་ཚེ་བུད་མེད་ཀྱི་རྟགས་བྱུང་བ་མཐོང་བས་སྐྱེ་བོ་གཞན་རྣམས་རྨོད་པར ་འགྱུར་རོ།། དེའི་ཚེ་ངོ་ཚ་དང་བཅས་པའི་སྐྱེས་པ་དང་བུད་མེད་རྣམས་རྟག་སྒྲིབ་པའི་ཕྱིར་ཡིད་བཞིན་གྱི་ནི་བཟའ་རྣམས་བྱུང་ངོ་།། དེ་ནས་སྐྱེས་པ་བུད་མེད་རྣམས་ཕན་ཚུན་རྣམས་མཐོང་བས་གཉིས་སྤྲོས་ཀྱི་ཆགས་པ་སྐྱེས་སོ།། ་གཞན་དེ་རྣམས་ལ་ཤིན་ཏུ་ཆགས་པས་འཁྲིག་པ་སྟེན་པ་བྱས་སོ།། འཁྲིག་པ་བསྟེན་པའི་མི་དེ་དག་ལ་གཞན་རྣམས་ཤིན་ཏུ་ཆེས་སྨོད་པར་བྱེད་ངོ་།། དེ་ནས་འཁྲིག་པའི་ཐ་སྙད་རབ་ཏུ་རྒྱས་པས་འཁྲིག་པའི་དོན་དུ་སྒྲིབ་པའི་ཕྱིར་ཁང ་པ་བྱས་སོ།། སྐྱེ་བོ་རྣམས་ཀྱིས་སྔ་བར་བཟའ་བའི་ཕྱིར་ས་ལུ་སྔ་བར་ལེན་ནོ།། དགོངས་མོ་བཟའ་བའི་དོན་དུ་དགོངས་མོ་ལེན་ནོ།། དེའི་བསོད་ནམས་དགོངས་མོ་རྔས་པ་ནང་པར་སྐྱེ་བར་འགྱུར་རོ།། ན ་བར་རྔས་པ་དགོངས་མོ་སྐྱེ་བར་འགྱུར་རོ།། དེ་ལྟར་མི་རྣམས་ཁྱིམ་དུ་གནས་པའི་མི་དེ་རྣམས་ཁ་ཅིག་གིས་མི་གཞན་ལ་སྨྲས་པ། བཟའ་བའི་དུས་སུ་འཚོགས་ཅེས་སྨྲའོ།། དེའི་ཚེ་ལ་ལོའི་རིགས་ཅན་མི་འགའ་ཞིག་གིས ་ཡང་འབྲས་ས་ལུ་མང་དུ་བླངས་ཏེ་ཁྱིམ་གང་བར་བྱས་སོ།། དེ་མཐོང་ནས་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ།། གཞན་རྣམས་ཀྱིས་ཡང་སྨྲས་པ། གང་གིས་དང་པོ་ཉིད་དུ་ས་ལུ་རྣམས་བླངས་ཅེས་སོ།། གཞན་གྱིས ་ཡང་སྨྲས་པ། འདིས་སོ་ཅེས་སོ།། དེ་བཞིན་དུ་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་འབྲས་ས་ལུ་ཡང་ནུབ་པར་གྱུར་ཏོ།། དེ་ནས་གྲངས་བཞིན་མི་རྣམས་ཀྱིས།། བསྐལ་པ་གཉིས་གཉིས་བསྟོད་པ་ནི།། ཞག་ཁུར་མཚལ ་དང་ས་ལུའི་ཟས།། དེས་ན་བསྐལ་པ་བརྒྱད་སོང་ངོ་།། དེ་ནས་བསྐལ་པ་དགུ་པ་འཇུག་པ་ན།། ཤིན་ཏུ་ཆགས་པས་འབྲས་ས་ལུ་དཀར་པོ་མེད་ཅིང་སྤྱན་མ་དང་བཅས་པ་ཆགས་པ་དང་བཅས་པ་ལུས་ལ་ཡང་ཤིན་ཏུ ་ཕན་པ་མ་ཡིན་པ་འབྱུང་བར་འགྱུར་རོ།། དེའི་ཚེ་སྐྱེ་བོ་རྣམས་ཀྱི་འབྲས་ས་ལུ་དཀར་བ་མ་ཡིན་པ་ལ་སོགས་པ་སྐྱོན་མཐོང་བས་སྨོད་པར་བྱེད་དེ། ངན་པ་འདི་བདག་རྣམས་ཀྱི་ཚུལ་མ་ཡིན་པ་ཡིན་ཅེས་སོ།། དང་པོ་ཉིད་དུ་སྦྲང ་ལས་ཆེས་ལྷག་པའི་སའི་བཅུད་ཞག་མེད་པར་གྱུར། དེ་ནས་སྦྲང་རྩི་ལས་ལྷག་པའི་སའི་བཅུད་འཁུར་བ་མེད་པར་གྱུར། དེ་ནས་སྦྲང་ཆུང་རྩི་ལྟ་བུ་མཚལ་ཡང་ནུབ་པར་གྱུར། ཤིན་ཏུ་ཆགས་པས་མཆོག་ཏུ་དཀར་བ་ལ ་སོགས་པའི་ཡོན་ཏན་དང་ལྡན་པ་འབྲས་ས་ལུ་ཡང་རྣམ་པར་ཉམ་སོ།། ཀྱི་ཧུད་བདག་ནི་ཆགས་པས་རྣམ་པར་ཉམས་སོ།། བདག་ནི་ལེགས་པར་ཆར་བྱས་ཏེ་བགོ་བར་བྱས་ན་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ་ཅེས་སོ།། ་ས་དཔང་པོའི་དཀྱིལ་དུ་ཁྱིམ་བྱས་ཏེ་ས་རྣམ་པར་བགོ་བ་བྱསོ།། དེའི་སའི་བགོ་བ་བྱས་པ་ན། སྐྱེས་བུ་རེ་རེ་དཔག་ཚད་དྲག་གི་ཚད་ཙམ་ཞིང་བདག་གིར་བཟུང་ངོ་།། ཡང་ས་ཆེན་པོ་ལ་དཔག་ཚད་བཞི་བཞི་རེ་རེ་ལ་བྱིན་ཏོ།། དེ ་ནས་ཡང་ཆོས་མ་ཡིན་པ་ལ་གཞོལ་བས་ཡིད་བཞིན་གྱི་ན་བཟའ་ནུབ་པར་གྱུར་རོ།། དེའི་ཚེ་དེའི་རྣམས་ཀྱི་ཐུན་མོང་གི་ལས་ལས་རས་བལ་སྐྱེས་སོ།། དེ་ནས་ཆགས་པའི་རིགས་ཅན་མི་འགའ་ཞིག་གིས་གཞོན་གྱི་ས་ལུ ་རྐུ་བ་བྱས་སོ།། ས་ལུ་རྐུ་བར་བྱེད་པ་དེ་ལ། མི་འགའ་ཞིག་གིས་ཡང་སྨྲས་པ། ཀྱེ་ཁྱོད་ཀྱིས་སྤྱོད་པ་ངན་པ་དང་འཇུག་ཚུལ་ངན་པ་བྱས་སོ།། སྐྱེ་བོ་ཐམས་ཅད་ནི་ལུགས་ངེས་པས་གནས་ཏེ། ཁྱོད་ལ་ཡང་ཞིང་རྨོས ་པ་ལ་ས་ལུ་ཡོད་དོ།། དེས་ན་ཚུལ་མ་ཡིན་པ་འདི་ལས་ལོག་གོ་ཞེས་སོ།། ས་ལུ་རྐུ་བྱེད་དེ་ཡང་ས་ལུ་བརྐུ་བར་མི་བྱའོ་ཞེས་དམ་བཅས་ཀྱང་། ཡང་དང་ཡང་དུ་གཞན་རྣམས་ཀྱི་ས་ལུ་རྐུ་བར་བྱེད་དོ།། དེས་དེ་བཞིན་དུ ་བྱས་པས་སྐྱེས་བུ་དེ་ལ་སྐྱེས་བུ་གཞན་རྣམས་ཀྱིས་ཤིན་ཏུ་རྣམ་པར་བཙོག་སོ།། དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་རྐང་ལག་ལ་སོགས་པར་མཚོན་ཆས་རྒྱབ་པའི་རྐུན་པོའི་ལུས་དེ་མཐོང་བས། སྐྱེ་བོ ་གཞན་རྣམས་ཀྱིས་སྨོད་པར་བྱེད་དོ།། གཞན་གྱིས་ནོར་འཕྲོག་པར་བྱེད་པ་ནི་སྡུག་བསྔལ་ལོ།། དེའི་རྒྱུ་མཚན་གྱིས་ཕན་ཚུན་རྩོད་པའོ།། རྒྱུ་དེ་ལས་ཅ་ཅོ་ཆེན་པོ་ཡང་བྱུང་ངོ་།། དེའི་ཚེ་ཡང་མོ་རྣམས་རྣམ་པ་ཐམས་ཅད་ཀྱིས་མི ་བདེ་པས་འཚོགས་ཏེ་ཕན་ཚུན་བཀའ་གྲོས་མཛད་དོ།། དེ་ནི་འདི་ལྟར་བྱེད་པ་རིགས་ཏེ། འདི་ལྟར་མི་གང་ཞིག་དགེ་བའི་ཚུལ་ལུགས་ངེས་པ་དེ་ལས་མི་འདའ་བའི་སྐྱེས་བུ་ཤིན་ཏུ་ཁྱད་པར་ཅན་མི་རྣམས་ཀྱི་བདག་པོར ་བྱའོ།། གང་དང་རྗེས་སུ་མཐུན་པའི་ཚར་གཅོད་བྱེད་པ། ནམ་ཡང་རྣམ་པར་མི་འགྱུར་བའོ།། སྐྱེ་བོ་ཐམས་ཅད་ཀྱི་འཐད་པ་ཇི་ལ་བ་བཞིན་དུ་ཚར་གཅད་པ་དང་རྗེས་སུ་འཛིན་པ་བྱེད་པ་དེ་ནི་ཚུལ་ལུགས་མ་ཡིན་པས་གོས་པར ་མོ་གྱུར་པ་ཡོན་ཏན་ཐམས་ཅད་ཀྱིས་ལུས་ཅན་རྣམས་ཀྱི་བླ་མར་གྱུར་པའོ།། ཐམས་ཅད་འདི་དག་གི་རྗེས་སུ་ཡིད་རང་ཞིང་རྗེས་སུ་འདུན་པར་གྱུར་ཏོ།། དེ་ནས་སྐྱེས་བུ་དེ་དམ་པ་འགའ་ཞིག་གི་དྲུང་དེ་སྨྲས་པ། གང་ལས ་མི་རྣམས་ད་ལྟར་འཐད་པ་མ་ཡིན་པ་ལ་འཇུག་པའི་སྐྱོན་དང་། གང་ཡང་ཉིན་རེ་བཞིན་དུ་འབྱོར་པ་ཉམས་པར་འགྱུར་བ་ནི་ཁྱོད་ཀྱིས་མཁྱེན་ཏོ།། འདི་ལྟ་བུ་མི་རྣམས་ཀྱིས་མི་འཐད་པ་བཟློག་པ་ལ་ཁྱོད་མ་གཏོགས་པ་འགའ ་ལ་ནུས་པ་མེད་དོ།། སྐྱེ་བོ་འདི་རྣམས་ཀྱི་འབྲས་ས་ལུ་དྲུག་ཆ་ཁྱོད་ལ་སྟེར་བར་འགྱུར་རོ།། ཁྱོད་ཀྱིས་མི་འདི་རྣམས་འཐད་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་སྐྱོངས་ཤིག། ས་འདི་ཡང་སྲུངས་ཤིག། དེའི་ཚེ་སྐྱེས་བུ་ཤིན་ཏུ་ཁྱད་པར ་ཅན་དེ། ཚིག་དེ་དག་ཁོས་བླབས་ཅིང་སྐྱེ་བོ་དེ་རྣམས་ཀྱི་བསམ་པའི་དོན་ཡོངསུ་རྫོགས་པར་བྱས་སོ།། དེ་མ་ཐག་ཏུ་མི་དེ་རྣམས་ཀྱིས་སྐྱེས་བུ་མཆོག་དེ་ལ་རྒྱལ་པོར་དབང་བསྐུར་བས་མངོན་པར་བསྐུརོ།། དེ་སྐྱེ་བོའི་ཚོགས་ཆེན ་པོས་ཡང་དག་པར་འདུན་པ་དང་། དགའ་བར་མཛད་པས་རྒྱལ་པོའོ།། ཚིག་བར་མ་ཕྱིས་ཏེ་མང་པོས་བསྐུར་བ་ཆེན་པོ་ཞེས་པའི་རྒྱལ་པོ་བྱུང་བར་གྱུར་རོ།། དེའི་མིང་ཞིང་རྣམས་ཀྱིས་བདག་པོ་ཡིན་པ་ཉིད་ཀྱིས་ཀྵེ་ཏྲི་ཡ་ཞེས་པར ་གྱུར་རོ།། རྒྱལ་པོའི་དཔལ་འབྱོར་ཀུན་ཏུ་ཐོབ་པོ།། མི་བསྲུན་པའི་སྐྱེ་བོ་ཚར་གཅོད་ཅིང་ཞིང་ལེགས་སྐྱེ་བོ་རྗེས་སུ་འཛིན་པར་བྱེད་ཅིང་། ས་རྣམས་ཀྱི་བདག་པོར་གྲགས་ནས་ནི་མི་ཕན་པ་སྤོང་ཞིང་ཕན་པ་བསྒྲུབ་པོ།། ཚུལ་མ ་ཡིན་པ་བཏོང་ཞིང་རྣམ་པར་འཛིན།། དེ་ནས་སྐྱེ་བོ་གཞན་ཡང་ཚུལ་མ་ཡིན་པ་བྱེད་ཅིང་གཞན་དག་ཚུལ་བཞིན་བྱེད་དོ།། དེའི་རྗེས་སུ་སྐྱེ་བོ་རྣམས་ཀྱི་སྐྱོན་རྣམས་ཀྱི་འབྱུང་གནས་འདོད་ཆགས་སྐྱེས་སོ།། དེའི་རྗེས་སུ་ཁོང་ཁྲོ ་སྐྱེས་སོ།། དེའི་རྗེས་སུ་ང་རྒྱལ་ཡང་དག་པར་བྱུང་ངོ་།། དེ་རྗེས་སུ་དགེ་བའི་རྗེས་སུ་མཐུན་པ་ཡང་དག་པ་ཇི་ལྟ་བ་རྣམས་སྦེད་པར་བྱེད་པའི་རྨོངས་པ་བྱུང་ངོ་།། དེ་རྗེ་སུ་མ་བྱིན་པར་ལེན་པ་བྱུང་ངོ་།། དེ་ནས་གཞན་གྱིས་བུད་མེད ་ལ་འགྲོ་བའོ།། དེ་ནས་བརྫུན་སྨྲ་བའོ།། དེ་རྗེས་སུ་དབྱེན་ནོ།། དེ་ནས་ཚིག་རྩུབ་པའོ།། དེ་ནས་ཚིག་བཀྱལ་པའོ།། དེ་ནས་གཞན་མནར་བའི་མཚན་མ་གནོད་སམའོ།། དེ་ནས་གཞན་གྱིས ་ནོར་བསླུ་བའི་མཚན་མ་བརྣབ་སེམས་སོ།། དེ་ནས་ལྟ་བ་ལོག་པ་བྱུང་ངོ་།། རྣམ་པ་དེ་ལྟ་བུར་འཚེ་བ་ལ་སོགས་པ་སྐྱོན་རྣམས་ཡོངསུ་འཛིན་པའི་འཚོགས་པ་ལས་བྱུང་ངོ་།། དེ་ལྟར་ཁ་ཅིག་ཕྱོགས་ཀྱི་འཕེལ་བ་མཐོང་ནས་སེམས ་སྐྱོ་བས་ཡོངས་སུ་འཛིན་པ་སྤངས་ཏེ་ནགསུ་གནས་པར་གྱུར་རོ།། དེ་ནི་སྡིག་པ་ཀུན་མི་སྐྱེད་པས་བྲ་ཧྨ་ཎ་ཞེས་འཇོག་རྟེན་རྣམས་བརྗོད་དོ།། དེ་རྣམས་ཀྱི་ནད་ནས་གང་ཞིག་བསམ་གཏན་ཡོངས་སུ་སྤངས་ཏེ། རང་ཉིད་ཀྱིས ་སྔསྔོགས་ཀྱི་ཚིག་སྤྲོས་ནས་འདོན་པ་དེ་ལ་འདོན་བྱེད་ཞེས་པའི་མིང་ཐོབ་པར་གྱུར་རོ།། གང་ཞིག་ནགས་སུ་གནས་པར་མི་དགའ་བ་ལྷག་པར་ཆེར་གནས་ལ་དགའ་བ་ཞིང་གི་ལས་ལ་ཤིན་ཏུ་སྤྱོད་པ་དེ་ལ་དམངས་རིགས་ཅེས ་འཇིག་རྟེན་མིང་བཏགས་སོ།། གཞན་དག་ཁྱིམ་ལ་དགའ་ཞིང་བཟོའི་ཆ་སྣ་ཚོགས་ལ་རབ་ཏུ་སྦྱོར་བ་དེ་ལ་གདོལ་རིགས་ཞེས་འཇིག་རྟེན་གྱི་མིང་དུ་བྱས་སོ།། དེ་ལྟར་རིགས་བཞི་རྣམས་ལ་གང་ཞིག་བརྐུ་བ་དེ་ལ་གཅིག་ཏུ་དགའ ་བ་བ་དེ་ལ་གཏུམ་པོ་ཞེས་པའི་དེ་རྣམས་ཀྱིས་གནོད་པ་བྱེད་པས་གཏུམ་པོ་ཞེས་འཇིག་རྟེན་མིང་བཏགས་སོ།། དེ་རྗེས་སུ་འབྲས་ས་ལུ་རྣམས་བཅུད་ཉམས་པས་སྨད་པར་བྱ་བར་འགྱུར་རོ།། དེ་རྗེ་སུ་ས་ཡུ་བརྔས་པའི་ས་ཕྱོགས ་སུ་རྗེས་སུ་བཟའ་བ་རྣམ་པ་སྣ་ཚོགས་བྱུང་བར་གྱུར་རོ།། འདི་ལྟ་སྟེ། ནས་དང་གྲོ་དང་ཏྲཻལ་དང་རྒྱ་སྲན་དང་མོན་སྲན་རྡེའུ་དང་མོན་སྲན་གྲེའུ་ལ་སོགས་པའོ།། དེ་ལ་ཏིལ་ནི་བཅུད་ཀྱིས་ཤིན་ཏུ་གང་བ་དང་ལྡན་པས་ཆང་བས་བཟུང ་བས་མར་ནག་གི་རྒྱུན་གསུམ་འཛག་པར་འགྱུར་རོ།། ནས་ལ་སོགས་པ་རྣམས་ཀྱང་སེམས་ཅན་དེ་རྣམས་ཀྱི་བསོད་ནམས་ལས་དེ་དང་རྗེ་སུ་མཐུན་པའི་བཅུད་འབྱུང་བར་འགྱུར་རོ།། དེ་རྗེས་སུ་པགས་པ་དང་ལོ་མ་ལ་སོགས ་བ་བྲལ་བ་གྱ་ནོམ་པ་མངར་བ་རྗེས་སུ་མཐུན་པའི་བཅུད་ཅན་བུར་མ་ཤིང་མཆོག་གིས་སྟེང་རྣམ་པར་བརྒྱན་པར་འགྱུར་རོ།། དེ་རྗེས་སུ་རྫུས་སྐྱེས་ཀྱི་བ་མོ་རང་ཉིད་ཀྱིས་འོ་མའི་རྒྱུན་རབ་ཏུ་འབབ་པ་བྱུང་ངོ་།། དེའི་ཚེ་འོ་མའི ་རྒྱུན་འབབ་པའི་གཡོ་བ་ལས་འོ་མ་ལ་མར་སར་འབྱུང་བར་འགྱུར་རོ།། མར་གསར་ལས་མར་གྱི་ཉིང་ཁུ་འབྱུང་ངོ་།། ཞུན་མར་ལས་མར་གྱི་སྙིང་པོ་བྱུང་ངོ་།། དེ་རྗེས་སུ་རང་དུལ་བ་གླང་པོ་ཆེ་དང་རྟ་ལ་སོགས་པ་ཐེག ་པའི་ཁྱད་པར་རྣམས་བྱུང་བར་གྱུར་རོ།། དེའི་ཚེ་དཔལ་ལྡན་མང་པོས་བཀུར་བའི་མི་བདག་ལ་རིན་པོ་ཆེ་བདུན་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། བུད་མང་རིན་པོ་ཆེ་དང་། སྐྱེས་བུ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། གྲང ་བོ་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེའོ།། དེའི་ཚེ་རྒྱལ་པོ་མང་པོས་བཀུར་བ་ཆེན་པོ་ཕན་འདོགས་པ་མ་ལུས་པ་དང་ལྡན་པས། སྐྱེ་བོ་མ་ལུས་པའི་འདོད་པ་མ་ཡིན ་པའི་རྣམ་པ་རྣམས་ནུབ་པར་འགྱུར་རོ།། དེས་ན་འབངས་རྣམས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་ཤིན་ཏུ་རིང་བ་ཉིད་དུ་བདེ་བར་གྱུར་རོ།། སེམས་ཅན་དེ་རྣམས་ཀྱིས་ལུས་དབྱིབས་ལ་མ ་མཛེས་པ་དགེ་བའི་སྣང་བའི་འོད་ཀྱིས་ཚུལ་གྱིས་རྣམ་པར་བརྒྱན་པར་གྱུར་རོ།། སེམས་ཅན་དེ་རྣམས་མྱུར་དུ་འཆི་བ་ཡང་མི་འབྱུང་ངོ་།། དེ་ནས་དུས་རིང་དུ་གྱུར་པ་ན་རྒྱལ་པོ་ཆེན་པོ་མང་པོས་བཀུར་བ་ཤི་བར་གྱུར་རོ།། དེའི་བུ་དང་ཚ ་བོ་ལ་སོགས་པ་རྒྱལ་བུ་མང་དུ་བྱུང་ཞིང་ཤི་བར་གྱུར་རོ།། དེ་ནས་དེའི་འཁོར་རྣམས་ཐམས་ཅད་ཤིའོ།། མི་བདག་ལ་མི་བདག་རྣམས་ཀྱིས་དབང་རྣམས་བཀུར་ནས་མི་ཡཾ་བདག་པོ་རྒྱུད་ནི་དིང་སང་གི་བར་དུ་ཡང་རྗེ་སུ་འཇུག། ་དེ་ལྟར་ས་རྣམས་ངག་ཀྱང་རིམས་གྱིས་རྙིངས་པར་གྱུར་ཅིང་རྙིང་པར་གྱུར་ནས་ཕུན་སུམ་ཚོགས་པ་ཡོངས་སུ་སྤངས་ཤིང་སྤོངས་སྤངས་ནས་གསར་པ་འགྲིབ་པར་འགྱུར་བ་དང་འབྲེལ་ལོ།། ཡང་གསུངས་ཏེ། དེ་ལྟར་ཡང་། ་བདག་པོ་དང་བྲལ་བུད་མེད་ལྟ་བུར་པ་རྣམས་ནི། ལྷག་པའི་དཔལ་དང་རྣམ་པར་བྲལ་ཞིང་རྙིངས་པར་འགྱུར། ཞེས་སོ།། དེའི་ཚེ་ལུས་ཅན་ལྷག་མ་རྣམས་ཀྱི་ཆོས་དང་བྲལ་བར་ཉེ་བར་འོངས་པ་དང་། ཡོ་བྱད་ཀྱིས ་འཚོགས་པ་ཟད་པ་མཐོང་ནས་ཐོང་ལྕགས་དང་བཅས་པའི་གཤོལ་སྟོབས་ཀྱིས་གླང་པོ་ལྟ་བུར་བདག་ཉིད་ཀྱིས་ཁུར་ཏེ་རྩོན་པར་བྱེད་དོ།། དེའི་ཚེ་སྟོབས་ཀྱིས་གླང་པོས་ཚོགས་ཀྱི་བདག་པོས་མི་དེ་རྣམས་ལ་འདི ་སྐད་སྨྲས་སོ།། གཤོལ་ཐོང་འདི་དག་ནི་སྤོངས་ཤིག་བདག་ཉིད་ཀྱིས་བཀུར་བར་བྱའོ།། འབྲས་བུའི་དུས་སུ་འབྲས་བུའི་རྣམ་པའི་ཆ་རྣམས་བྱིན་ཅིག་ཞེས་སོ།། དེ་བཞིན་དུ་ཁས་བླངས་པ་བྱས་ནས་ད་ནི་དེ་དག་ཞིང་པ་ལྟར ་ཞིང་རྨོ་བར་བྱེད་དོ།། མི་རྣམས་ཀྱིས་སྟོབས་ཀྱིས་གླང་པོ་ལ་བགོས་པའི་ཚེ་སྟེར་རོ།། དེ་བཞིན་དུ་རྟ་དང་གླང་པོ་ཆེ་ལ་སོགས་པ་རྣམས་ཀྱང་ཅི་དང་ཅི་མཐོང་མཐོང་བ་དེ་དང་དེ་ལྟར་སྨྲས་ཏེ་མི་རྣམས་ཀྱི་ཞོན་པ་ལ་སོགས ་པ་རྣམས་སུ་གྱུར་རོ།། དེའི་ཚེ། བ་རྣམས་ཀྱི་འོ་མ་རང་ཉིད་ཀྱིས་མི་སྟེར་ཞིང་སྦྱོར་བ་དེ་དང་ངེས་འོ་མ་བབས་པར་གྱུར་ཅིང་མི་རྣམས་འཚོགས་ནས་འཇོ་བར་བྱེད་པར་གྱུར་རོ།། བུ་རམ་ཤིང་ཡང་ལོ་མས་རང་གི་ལུས་ལ་སྒྲིབས ་པའི་རྣམ་པར་གྱུར་རོ།། ཏིལ་ལ་སོགས་པའི་འབྲུ་རྣམས་ཡང་རིམ་གྱིས་བཙུད་ཉམས་པ་ཉིད་དུ་འགྱུར་རོ།། དེ་ལྟར་བཟའ་སྟོན་རྣམས་ཀྱང་རྣམ་པར་ཉམས་པས་ནི་རྣམས་ཀྱི་ཚེ་ལ་སོགས་པ་ཡང་འགྲིབས་པར་འགྱུར་རོ།། ་དེའི་རྗེས་སུ་ཤིན་ཏུ་རྒྱས་པས་སྟོབས་ཀྱི་གླང་པོ་ལ་ཞིང་ཐོགས་གིས་བགོས་པའི་སྐལ་པ་མི་སྟེར་བར་གྱུར་རོ།། དེ་ནས་ལོ་ཐོག་གིས་བགོས་པའི་ཆ་མ་ཐོབ་པར་གྱུར་པས་སྟོབས་ཀྱིས་གླང་པོ་གཤོལ་ཐོང་ཁུར་བ་ལ་གཡོ་སྒྱུ ་རྣམ་པར་འཛིན་པར་འགྱུར་རོ།། མི་རྣམས་ཀྱི་སྟོབས་ལྡན་གླང་རྣམས་ཀྱི་གཡོ་སྒྱུ་མཐོང་ནས་དེ་རྣམས་ཀྱི་སྣ་ཕུག་གོ།། དེའི་ཚེ་སྟོབས་ལྡན་གླང་རྣམས་ཀྱི་སྨྲ་བ་ཡང་ནུབ་པར་གྱུར་རོ།། དེའི་སྟོབས་ཀྱིས་ཁྱུ་མཆོག ་རྣམས་སྙིང་རྗེ་མེད་པའི་མི་རྣམས་ཀྱི་དབང་དུ་སོང་བར་གྱུར་ཅིང་བཀུར་དཀའ་བའི་ཡང་བཤོལ་དང་གཞན་ཡང་ཁུར་ཁུར་བར་བྱེད་དོ།། དེ་བཞིན་དུ་རྟ་དང་གླང་པོ་ལ་སོགས་པ་ཡང་རང་ཉིད་ཀྱིས ་དུལ་བ་མེད་པར་འགྱུར་རོ།། ངེས་པ་དང་མ་ངེས་པའི་དབྱུག་གུ་བསྣུན་པས་ཁ་ཕྱིར་ཕྱོགས་པར་གྱུར་ཏེ་བརྟན་པོར་གྱུར་པའི་ཐག་ཀུས་བཅིངསོ།། དེ་ནས་སྔ་ན་སྟེར་བ་སྔོན་དུ་འགྲོབས་པ་གླང་སྐྱོང་གིས་པ་གླང་འཛ ་བར་འགྱུར་རོ།། བུ་རམ་ཤིང་ཡང་པགས་པས་གཡོགས་ཅིང་རབ་ཏུ་བརྩོན་པས་བཙུང་ཁུ་བ་འབྱུང་བར་འགྱུར་རོ།། ཏིལ་ལ་སོགས་པ་ཡང་ཆེས་བཅུད་དང་བྲལ་བར་འགྱུར་རོ།། དེ་བཞིན་དུ་ཡང་འཇིག་རྟེན་མི ་རྣམས་དེ་འདྲ་བར་བཟའ་བ་ལ་སོགས་པ་རོ་དང་ཆེས་བྲལ་བར་གྱུར་ཅིང་མ་རྣམས་ཡང་དང་ཡང་དུ་ཟད་པར་གྱུར་པཐོབ་པོ།། དེའི་རྗེས་སུ་རིམ་གྱིས་སྙིགས་མ་ལྔས་སུན་ཕྱུང་བའི་འཇིག་རྟེན་མི་རབ་ཏུ་འཇུག་སྟེ། གང ་སྐྱེས་བུ་དམ་པར་མདུན་པ་མཐུན་པའི་སྐྱེས་བུ་དེ་ལྟ་བ་ལོག་པས་དྲེགས་པ་ཆོས་མ་ཡིན་པའི་ལམ་མི་རྣམས་ལ་སྟོན་པར་བྱེད་དོ།། མི་དེ་རྣམས་ཀྱང་ཆོས་མ་ཡིན་པ་རྗེས་སུ་བགྲོད་པའི་འཕོངས་པས་གདུངས་པ ་འཚོ་བའི་ཡོ་བྱད་དོན་དུ་ཚེས་སྲེད་པ་ཞིང་ལས་དང་ཕྱུགས་སྐྱོང་དང་གཡོགས་དང་ཉོ་ཚོང་ལ་སོགས་རབ་ཏུ་སྒྲུབ་པར་འགྱུར་རོ།། དེ་རྗེས་སུ་ཡོ་བྱད་འཚོགས་པ་རྣམས་ཆེས་ཤིན་ཏུ་རྣམ་པར་ཉམས་སོ།། ངལ་བ་ཆེན་པོས ་བདེ་བའི་ཆ་ཙམ་ཅི་ལྟར་ཡང་སྒྲུབ་པར་མ་གྱུར་ཏོ།། ངལ་བ་ཆེན་པོས་བསྐྱེད་པའི་ཏིལ་དང་བུ་རམ་ཤིང་ལ་སོགས་པ་དང་། བ་ལང་དང་མ་ཧེ་མི་ལ་སོགས་པ་ངལ་བ་ཆེན་པོས་བཅུད་རྣམས་འབྱུང་བར་འགྱུར་རོ།། ངལ་བ་ཆེན་པོས ་བསྐྱེད་པའི་འབྲུ་ལ་སོགས་པ་ཡ་སྲ་བ་ལ་སོགས་པའི་སྐྱོན་དང་ལྡན་པ་ཉིད་དུ་འབྱུང་བར་འགྱུར་རོ།། དེ་ནས་མི་རྣམས་བཟའ་བ་དམན་པས་བགྲོད་པས་ཚེ་ལ་སོགས་པ་ཤིན་ཏུ་ཆེས་ཡོངས་སུ་ཉམས་པར་རབ་ཏུ་བྱུང་ངོ་།། དེ ་རྗེས་ཡུལ་དང་ཡུལ་དུ་ཆེས་རིང་བར་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ལ་སོགས་པ་མི་རྣམས་ཀྱི་གནས་ཀྱིས་རྣམ་པར་སྐྱེས་སོ།། དེ་ལྟར་དུས་དང་དུས་རྣམས་ཡོངསུ་འགྱུར་བར་གྱུར་པ་ཉིད་ན། སངས་རྒྱས་བཅོམ་ལྡན་འདས ་འཁོར་བ་འཇིགས་ཞེས་པ་བྱུང་བར་གྱུར་ཏོ།། དེ་ནས་དེ་དག་ཡོངསུ་མྱ་ངན་ལས་འདས་ནས་དུས་ཆེས་རིང་བ་ན་དེ་བཞིན་གཤེགས་པ་གསེར་ཐུབ་བྱུང་ངོ་།། དེ་ནས་དེ་དག་ཡོངསུ་མྱ་ངན་ལས་འདས་ནས་དུས་ཆེས་རིང་བར་གྱུར ་པ་ན་ཐུབ་པ་ཆེན་པོ་འོད་སྲུངས་ཞེས་པ་བྱུང་བར་གྱུར་ཏོ།། དེ་དག་ཡོངསུ་མྱ་ངན་ལས་འདས་ནས་ཆེས་རིང་བ་ན་རྩོད་ལྡན་གྱིས་དུས་ཞེས་པ་དུས་ཐ་མ་ལ་བདག་ཅག་གི་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇོག ་རྟེན་དུ་བྱུང་ངོ་།། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ནི་འགྲོ་བ་རྣམས་ཀྱི་སྡིག་པའི་སྒྲུབ་པ་མཆོག་ཏུ་འཆགས་པའོ།། བཅོམ་ལྡན་འདས་དེ་ཡང་འགྲོ་བ་རྣམས་ཀྱི་འགྲོ་བ་དྲུག་གི་འཁོར་བའི་སྡུག་བསྔལ་རྣམ་པར་ཉམས ་བར་བྱེད་པའི་ཐར་པའི་ལམ་རབ་ཏུ་གསལ་བར་བྱེད་པའོ།། ལམ་ངེས་མཐའ་མེད་པའི་དམ་པའི་སྐྱེ་བའི་ཚོགས་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་རང་བཞིན་ཐར་པའི་གྲོང་སྟོན་པར་བྱེད་པའོ།། ་དེ་ལྟར་གྱུར་པའི་ལམ་མཆོག་ཏུ་གྱུར་པ་ལྷ་དང་མི་རྣམས་ལ་ཉེ་བར་བསྟན་ཏོ།། དེ་བཞིན་གཤེགས་པ་སྒྲོན་མ་ངེས་དམ་པའི་ཆོས་ཀྱི་སྒྲོན་མ་རྒྱུད་དུ་བཞིག་ནས་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ།། དེ་བཞིན་གཤེགས་པ ་ཡོངས་སུ་མྱ་ངན་ལས་འདས་ནས་ཟླ་བ་གཉིས་པ་ཨཱ་པ་དྷའི་ཟླ་བ་དཀར་པོའི་ཕྱོགས་ཀྱི་བཅུ་གསུམ་ལས་འདོད་ཆགས་དང་བྲལ་བའི་དགེ་སློང་ལྔ་བརྒྱས་སངས་རྒྱས་ཀྱི་བསྟན་པ་ལོ་མ་བདུན་པའི་ཕུག་ཏུ་ཡང་དག་པར་བསྡུ ་བར་མཛད་དོ།། ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱར་གྱུར་པ་ན་འདོད་ཆགས་དང་བྲལ་བ་དགེ་སློང་བདུན་བརྒྱས་ཆོས་ཡང་དག་པར་བསྡུ་བ་མཛད་དོ།། ཡང་དེ་བཞིན་གཤེགས་པ་ཡོངས་སུ ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱན་དཀའ་ཐུབ་ཀྱི་དགེ་འདུན་ལ་དགེ་འདུན་ཐ་དད་དུ་གྱུར་པས་རང་རང་གི་སྡེ་པར་གནས་པ་ལ་གནས་མ་པུ་པཱ་ར་བཱ་ད་སི་སུ་ཏྲས་སྡེ་པ་གཅིག་གིས་ཆོས་བསྡུས་སོ།། དེ་ནས་བཟུང་སྟེ་སྡེ ་པ་དེ་ལ་ཆོས་སྨྲ་བྱེད་བཱད་སཾ་པུ་ཏྲ་ཞེས་བརྗོད་དོ།། ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱན་གནས་བརྟེན་ཐུབ་པ་མང་པོས་བཀུར་བས་སྡེ་པ་དེའི་ལུང་ཉིད་བསྡུ་བ་མཛད་དོ།། དེ་ནས ་གཟུང་སྟེ་སྡེ་པ་དེ་མང་པོས་བཀུར་བའི་སྡེ་པ་ཞེས་བརྗོད་དོ།། ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱན་གནས་བརྟན་བྷཱུ་ཏི་ཀ་དང་སངས་རྒྱས་བཤེས་གཉེན་གྱིས་སྡེ་པ་དེའི་ལུང་རྣམས་བསྡུ་བ ་ཉིད་དུ་བྱས་སོ།། འདི་ནི་མང་པོས་བཀུར་བའི་སྡེ་བའི་ཆོས་བསྡུ་བ་ལན་ལྔ་ཞེས་བརྗོད་དོ།། བྷུ་ཏི་ཀཽ་དང་སངས་རྒྱས་གཤེས་གཉེན་དེ་གཉིས་ཀྱིས། སྦུན་པ་བྱུང་བ་ནས་བཟུང་སྟེ་འདི་ནི་ཆགས་པའི་བསྐལ་པ་དགུ་པའོ་ཞེས ་གསུངས་སོ།། གཙོ་བོའི་དོན་བརྗོད་པར་བྱ་སྟེ། ད་ལྟ་ནི་དཾ་ནི་ཏིལ་བུར་ཤིང་ཞོ་ལ་སོགས་པ་ལ་རིམ་པ་བཞིན་དུ་མར་ནག་ཁུ་བ་མར་ལ་སོགས་པའི་སྙིང་པོ་རྣམས་ཤིན་ཏུ་ཆེས་ཉུང་བ་སྐྱེ་བར་འགྱུར་རོ།། ཏིལ་ལ་སོགས་པ ་རྣམས་སེམས་ཅན་གྱི་སྐལ་བའི་དབང་ལས་རིང་སང་ཡང་འབྱུང་བར་ཤེས་པར་བྱའོ།། མ་འོངས་པའི་བསྐལ་པའི་མཐའ་རུ་མུ་གེ་ནཱ། ཚེན་ཞེས་པ་འཇིག་པ་གསུམ་གྱིས་མེ་འབྱུང་བར་འགྱུར་བའི་དུ་བ་འཐུལ་བ་ལྟ་བུ ་དུ་ལྟ་མཚོན་པའོ།། ད་ལྟ་ད་ནི་ཡང་མི་རྣམས་བདག་ཉེ་བར་མནར་བའི་ཕྱིར་སེ་རོ་སྣ་ཉེས་སྤྱོད་ཁྲོ་བ་ལ་སོགས་པའི་བུད་ཤིང་གིས་འཇིག་པའི་མེ་དེ་རྣམས་ཀུན་ཏུ་འབར་བར་བྱེད་དོ།། གང་ལས་དཱ་ནོ་ཆར་ཆེ་བ་ཚྭར་མེད་པ ་ཕྱོགས་གཅིག་ཏུ་འབབ་པ་དུས་མ་ཡིན་པའི་ཆར་ལ་སོགས་པ་དེ་དག་གིས་མུ་གེ་འཕེལ་བར་བྱེད་དོ།། དེས་ནི་མུ་གེས་འཇིག་པ་ངེས་པར་འབྱུང་བར་འགྱུརརོ།། ནད་དང་མཚོན་གྱིས་འཇིག་པ་ནི་འདི་དག་གི་ལྷན་ཅིག་པའི་འཁོར་ཡིན་ནོ།། ་དེ་ལ་མུ་གེ་ཅན་གྱིས་འཇིག་རྟེན་བཟའ་བ་ལ་སོགས་པ་ཆེས་རྙེད་དཀའ་བ་འབྱུང་བར་འགྱུར་རོ།། དེའི་ཚེ་ཡང་གཞན་གྱི་ནོར་ལེན་པ་དང་ལུས་ཅན་རྣམས་བསད་ནས་ཤས་འཚོ་བའི་བསྐལ་པ་འབྱུང ་བར་འགྱུར་རོ།། ཡུལ་ལྗོངས་གྲོང་ཁྱེར་གྲོང་རྡལ་ལ་སོགས་པ་ན་གནས་པའི་འཇིག་རྟེན་ཡང་ཡོ་བྱད་སྒྲུབ་པར་དཀའ་བ་དང་རིམ་གྱིས་ཟད་པར་འགྱུར་རོ།། དེ་ཕྱིས་མི་འཐར་པ་འཇུག་པའི་མི་རྣམས་ཀྱིས་དུས་དྲུག་པོ་སྤང ་བར་གྱུར་ཅིང་ཀུན་ཏུ་སྤྱོད་པས་ཡོ་བྱད་སུན་འབྱིན་པར་འགྱུར་རོ།། དེ་ནས་ཉེ་བར་འཚེ་བ་དང་ལྡན་པའི་སྡིག་པ་ཡོངས་སུ་སྨིན་པ་ཐོབ་པས་ཤ་ཟའི་ཚོགས་རྗེས་སུ་སྤྱོད་པས་ན་ནད་རྣམ་པ་སྣ་ཚོགས་པ་འབྱུང་བར་འགྱུར་རོ།། ་དེས་ན་གང་གི་ཚེ་ནང་སྣ་ཚོགས་དང་ཤ་ཟ་སྣ་ཚོགས་ཀྱིས་རབ་ཏུ་གཙེས་པའི་མི་རྣམས་དེའི་ཚེ་ནད་ལ་སོགས་པ་ཞི་བའི་དོན་དུ། འཚེ་བའི་བདག་ཉིད་ཀྱིས་སྦྱིན་སྲེག་བྱས་པས་ཉེ་བར་འཚེ་བ་འཕེལ་བར་འགྱུར་རོ།། འདིར ་ཡུལ་འཁོར་གྲོང་གྲོང་ཁྱེར་ལ་སོགས་པ་རྣམསུ་ནད་ཀྱིས་མི་རྣམས་ཟད་པར་འགྱུར་རོ།། འདི་ཕྱིས་ཉེ་བར་ལོངས་སྤྱོད་པ་ཚོལ་བའི་མི་རྣམས་ཀྱི་ཕན་ཚུན་འཆེ་བའི་སེམས་པས་མཚོ་ཆེན་པོ་ལྡང་བར་འགྱུར་རོ།། འདི ་ལྟ་སྟེ། ཤར་དང་བྱང་ན་ཡོད་པ་དང་། ནུབ་དང་ལྷོ་ན་ཡོད་པའི་མི་ཡི་བདག་པོ་རྣམས་ཀྱིས། ཕན་ཚུན་ཉེ་བར་ཉེད་པའི་དོན་དུ་མངོན་པར་བགྲོད་པ་འབྱུང་བར་འགྱུར་རོ།། རྒྱལ་པོ་རྣམས་ནི་ཕན་ཚུན་ཀུན་ཏུ་འཁྲུག ་པ་བྱས་ཏེ་རྒྱལ་བ་དང་ཕན་པ་ཡང་དང་ཡང་དུ་ཉམས་སུ་ལེན་པར་འགྱུར་རོ།། ཆགས་པའི་བུད་ཤིང་གི་བསླང་བའི་ཁྲོ་བའི་མེས་རྒྱལ་པོ་རྣམས་ཕན་ཚུན་བསྲེག་ཅིང་། རང་གི་དགེ་བ་རྣམས་ཡོངསུ་ཟད་ཅིང་རྣམ་པར ་ཉམས་པར་བྱེད་དོ།། ལྷག་མ་ཡུལ་དང་གྲོང་དང་རྒྱུད་རྣམས་ཕན་ཚུན་རྣམ་པར་ཉམས་པར་བྱེད་དོ།། ལས་ངན་པ་ལས་སྐྱེས་པས་རྩཝ་ལ་སོགས་པ་ལ་རེག་པས་མཚོན་དུ་འགྱུར་བ་ན་གཉིས་གསུམ་འམ་ལྔ ་དྲུག་ཡང་ཕན་ཚུན་སྣུན་པར་འགྱུར་རོ།། ལོ་དང་ཟླ་བ་དང་ཉི་མ་རྣམས་རིམ་པ་བཞིན་དུ་བདུན་བདུན་བདུན་མུ་གེ་དང་ནད་དང་མཚོན་གྱི་འཇིག་པ་གསུམ་མོ།། དེ་ནས་འཇིག་པ་གསུམ་གྱི་དེ་མ་ཐག་ཏུ་ལྷག་མ་མ་ལུས་པའི ་མི་རྣམས་གཟུགས་སྲིད་དུ་དང་ཞེང་དུ་དང་སྟོབས་ལ་སོགས་པ་རྣམས་ཉམས་པས་ཚེ་ལོ་བཅུ་པ་ལི་བདུན་ཅུར་གནས་པར་འགྱུར་རོ།། འདིས་ན་སྡིག་པ་ལ་ཅིག་ཏུ་གཞོལ་བའི་མིའི་འཇིག་རྟེན་རབ་ཏུ་མང་བ་རྣམས་ཆེས་ཆར ་དམན་པའི་ངན་འགྲོར་འགྲོ་བར་འགྱུར་རོ།། འཇིག་པ་གསུམ་པོ་རྣམས་འདིར་ཉེ་བར་འདས་ནས། མི་རྣམས་ཀྱིས་ནང་ནས་ཁ་ཅིག་འགའ་ཞིག་ཏུ་གཞན་རྣམ་པར་བྲལ་བ་མཐོང་ནས། མི་རྣམས་བྱམས་པའི་བསམ་པ ་སྐྱེ་བར་འགྱུར་རོ།། སྡིག་པ་ཆེན་པོའི་དུས་སུ་ཡང་ལེགས་པའི་ལམ་མ་དོར་བ་འགའ་ཞིག་གིས་ཀྱང་ལྷག་མ་ལུས་པ་མཐོང་ནས་སྐྱེ་བོ་རྣམས་རྒྱུན་ཆད་པར་མ་གྱུར་ཅིག་ཅེས་བསམས་ཅིང་དེ་རྣམས་བསྲུང་བར་འགྱུར་རོ།། ་དེའི་ཚེ་མི་དེ་རྣམས་བྱམས་པའི་རང་བཞིན་གྱིས་སེམས་བསྐྱེད་པས་བསྐལ་པའི་མཐའི་ཡང་བ་རྒྱས་པར་མི་འགྱུར་རོ།། དེའི་རྗེས་སུ་བསྐལ་པ་བཅུ་པ་མགོ་འཇུག་པར་འགྱུར་རོ།། དེའི་ཚེ་མི་རྣམས་གྲོག ་ལྟར་ཕན་ཚུན་མཐོང་བས་དགའ་བ་དང་ལྡན་པར་འགྱུར་རོ།། མི་དེ་རྣམས་ཡང་དག་པར་འཛིན་པར་བྱེད་པ་བསྐལ་པ་བཅུ་པ་འབྱུང་བར་འགྱུར་རོ།། དེའི་ཚེ་གདོན་ཡང་དགེ་བའི་ལམ་ལ་བགྲོད་པར་འགྱུར་རོ།། དུས་ཚིགས་ཀྱང་ཉེས ་བ་དང་བྲལ་བ་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ནང་གི་བདག་ཉིད་ཀྱི་དངོས་པོ་རྣམས་རང་བཞིན་མཉམ་པར་གྱུར་པ་ན་ཆོས་ཀྱི་དབང་ཕྱུག་འབྱུང་བར་འགྱུར་རོ།། བདེ་བ་ཡང་ཕུན་སུམ་ཚོགས་པར་འགྲོ་བར་འགྱུར་རོ།། དེ་ལས ་མི་ལས་མི་སྐྱེ་བར་འགྱུར་རོ།། དེ་ལས་མི་གཞན། དེ་ལས་ཡང་མི་གཞན་ནོ།། དེ་ལས་ཡང་མི་གཞན་ཏེ་རིམས་ཀྱིས་མི་རྣམས་ཚེ་ལོ་སྟོང་ཕྲག་ཉི་ཤུར་འབྱུང་བར་འགྱུར་རོ།། འདི་ནི་ཡར་འཕེལ་ཆུང་ངུའོ།། དེ་ནས་རིམ་གྱིས ་སྟོང་ཕྲག་བཞི་བཅུ་པའི་མི་འབྱུང་བར་འགྱུར་རོ།། འདི་ནི་ཡར་འཕེལ་འབྲིང་པོའོ།། ཡང་རིམ་གྱིས་ཚེ་སྟོང་ཕྲག་བརྒྱད་བཅུ་པའི་མི་རྣམས་འབྱུང་བར་འགྱུར་རོ།། འདི་ནི་ཡར་འཕེལ་ཆེན་པོའོ།། དེ་ལ་ཡར་འཕེལ་རྩེ ་མོར་ཕྱིན་པའི་མི་རྣམས་ཀྱི་ཁྱིམ་ནི་དཔལ་མོ་བཞིན་དུ་འཕེལ་བ་ཉིད་དོ།། བུ་མོ་ལོ་ལྔ་བརྒྱན་ཁྱོ་ལ་བཏོང་བར་འགྱུར་རོ།། མི་དེ་རྣམས་ཚེ་ལོ་དང་མཐུན་པ་འབྱུང་བའི་གཟུགས་ལི་སོགས་པ་ལེགས་པར་འབྱུང་བར ་འགྱུར་རོ།། དེའི་ཚེ་ཁྱིམ་བྱའི་བརྗོད་པའི་ཡུལ་མི་རྣམས་ཀྱི་གནས་ས་གཞི་མ་ལུས་པ་གྲོང་དང་གྲོང་ཁྱེར་ལ་སོགས་པས་ཡོངས་སུ་གང་བར་འབྱུང་བར་འགྱུར་རོ།། ས་ཆེན་པོས་མི་གཙང་བ་འོག་ཏུ་བྱས་ཏེ་གཙང་སྦྲ་ཅན་འབྱུང་བར་འགྱུར་རོ།། ་མི་རྣམས་བདེ་བ་དང་ལྷན་ཅིག་པའི་ཕུན་སུམ་ཚོགས་པས་ཡང་དག་པར་ཚིམ་པར་འགྱུར་ཞིང་སྡུག་བསྔལ་དྲན་པར་མི་འགྱུར་རོ།། གསིལ་དྲོ་ལ་སོགས་པ་བཀྲེས་རྒས་ཡོངས་སུ་ལོངས་སྤྱོད་པ་རྣམས་འདོད་པ་ཙམ་བྱེད་པ་སྟེ། ་སྡུག་བསྔལ་ཡིན་ཡང་དེའི་ཚེ་སྡུག་བསྔལ་གྱི་ཐ་སྙད་ཙམ་མོ།། འདི་ནི་མི་རྣམས་ཡར་འཕེལ་ཆེན་པོ་ཐོབ་པ་སྟེ་ལོ་སྟོང་དང་དཔག་ཏུ་མེད་པ་འཕེན་པར་འགྱུར་རོ།། ཡང་དེ་ནས་ཡར་འཕེལ་ཆེན་མོ་ནས་མི་རྣམས་ཀྱི་ཚེ་ཉམས་པར་འགྱུར་རོ།། ་དེ་ནས་མི་རྣམས་ཆོས་མ་ཡིན་པས་ཆེས་ཉམས་པས་ཡང་སྔོན་བཞིན་དུ་ཚེ་ལོ་བཅུ་པ་ཉིད་ཐོབ་པར་འགྱུར་རོ།། དེའི་ཚེ་ཡང་བསྐལ་པ་བཅུ་པར་རྒྱབ་དུ་གྱུར་པ་འབྱུང་བར་འགྱུར་རོ།། ཇི་ལྟར་བསྐལ་པ་བཅུ་པ་ཐོག་མཐའ་བདེ་སྡུག་ལྡན ་པ་དེ་བཞིན་དུ་གཞན་ཡང་འབྱུང་བར་འགྱུར་བ་བསྐལ་པ་བཅུ་རྣམས་སོ་སོར་ཐོག་མཐའ་བདེ་སྡུག་ལྡན་པ་འབྱུང་བར་འགྱུར་རོ།། དེས་ན་ཉི་མ་ཤར་བ་ནས་བཟུང་སྟེ་བསྐལ་པ་ཉི་ཤུ་ནི་ཆགས་པའི་འཇིག་རྟེན་གནས་པའོ་ཞེས་རྣམ་པར ་བཞག་པའོ།། འཆགས་པའི་བསྐལ་པ་ཉི་ཤུའི་མཐའ་མ་ལ་བར་གྱི་འཇིག་པ་གསུམ་གྱི་དེ་མ་ཐག་ཏུ་ལྷག་མ་ལུས་པའི་མི་རྣམས་ཕན་ཚུན་དགའ་བའི་བསམ་པ་འབྱུང་བར་འགྱུར་རོ།། དེའི་ཚེ་བྱམས་པས་ཉེ་བར་བསགས་པའི་ལས ་དབང་ལས་ཕྱི་རོལ་གྱི་དངོས་པོ་ཡང་ཆེས་ཉམས་དགའ་བར་འབྱུང་བར་འགྱུར་རོ།། བྱམས་པས་ཀུན་ཏུ་བསྐྲད་པའི་ཕུན་སུམ་ཚོགས་པ་མོའི་དུས་ལས་སྟན་དུ་ཉམ་སུ་མྱོང་བར་འགྱུར་རོ།། ངན་འགྲའ་སེམས ་ཅན་རྣམས་ཀྱང་ཕན་ཚུན་བྱམས་པ་ཆེན་པོ་སྐྲུན་ཏེ། ཁ་ཅིག་ལྷ་རྣམས་སུ། ཁ་ཅིག་མ་རྣམསུ་ཉེ་བར་སྐྱེ་བར་འགྱུར་རོ།། དེའི་ཚེ་འཆད་པར་བྱེད་པའི་མི་མུ་སྟེགས་ཀྱི་ཚོགས་ཀྱིས་སམ། འོད་གསལ་གྱི་ལྷ་ཡང་སྨྲ་བར་འགྱུར་ཏེ ་ཆོས་ཀྱི་རྒྱལ་པོ་སྐྱེས་བུ་བཞིན་ནོ།། དེ་ལས་ཆོས་ཐོས་ཏེ་འདོད་པ་ལ་རྣམ་པར་སྨད་ཏེ་དགའ་བ་དང་བདེ་བ་དང་ལྡན་པའི་བསམ་གཏན་གཉིས་པ་ཡང་དག་པར་བསྐྱེད་དེ། བསམ་གཏན་གཉིས་པའི་ས་པ་ལས་གཞན་ཏིང་ངེ ་འཛིན་རྣམ་པར་སྤངས་ཏེ། ལྷའི་རིས་དེ་ཉིད་དུ་འོང་གསལ་དུ་འགྲོ་བར་འགྱུར་རོ།། འདི་ནི་བསྐལ་པ་བཅུས་སྟོང་གི་འཇིག་རྟེན་གྱི་སེམས་ཅན་རྣམས་འཇིག་རྟེན་པར་འགྱུར་བའོ།། དེའི་རྗེས་སུ་བསྐལ་པ་ཕྱེད་དང་བཅས་པའི ་ཅིག་ཏུ་སྣོད་ཀྱི་འཇིག་རྟེན་སྡང་བར་རོ།། ལྷ་རྣམས་ཆར་འབེབས་པར་མི་འགྱུར་རོ།། དེའི་ཚེ་ཤིང་གེལ་པ་ཉལ་སྟོང་ལ་སོགས་པ་ཡོངས་སུ་སྐམས་པར་འགྱུར་རོ།། དེ་རྗེས་སུ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སུ་ཉི་མ་གཉིས་པ ་སྔོན་མའི་གཉིས་གྱུར་གྱི་ཚད་ཀུན་ཏུ་ཤར་ཏེ་འོག་ཏུ་མ་ལུས་བསྲེག་པ་ནི་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་སོ།། དེའི་ཚེ་འབབ་ཆུ་ཆུང་ལ་སོགས་པ་ཆུ་བཞི་ཐམས་ཅད་སྐམས་པར་འགྱུར་རོ།། དེ་རྗེས་སུ་འཐབ ་བྲལ་ལྷའི་རྩེ་མོ་རུ་ཉི་མ་གཉིས་པ་ཉི་མ་གཉིས་པའི་ཉིས་འགྱུར་གྱི་ཚང་འོག་ཏུ་བསྲེག་པ་ནི་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གོས་སོ།། དེའི་ཚེ་མཚོ་ཆེན་པོ་མ་དྲོས་པ་ལ་སོགས་ཡོངསུ་སྐམས་པར་འགྱུར་རོ།། དེའི་རྗེས་སུ་ཉི་མ ་བཞི་པ་ཉི་མ་གསུམ་པའི་ཚད་གཉིས་འགྱུར་གྱི་ཚད་དགའ་ལྡན་གྱི་རྩེ་མོ་རུ་ཀུན་ཏུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐུལ་པ་གཙིགས་འོག་ཏུ་སྲེད་པར་བྱེད་དོ།། དེའི་ཚེ་ཆུ་བོ་ཆེན་པོ་བདུན་རྣམ་པར་སྐམས་པར་འགྱུར་རོ།། དེའི་རྗེ་སུ་ཉི་མ ་ལྟ་བ་ཉི་མ་བཞི་པའི་ཉིས་འགྱུར་གྱི་ཚད་འཕྲུལ་དགའི་རྩེ་མོ་རུ་ཀུན་ཏུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐལ་པ་ཅིག་གི་འོག་ཏུ་སྲེག་པར་བྱེད་དོ།། དེའི་ཚེ་རྒྱ་མཚོ་ཆེན་པོ་ཐམས་ཅད་ལྷག་མ་དང་བཅས་རྣམ་པར་སྐམས་པར་འགྱུར་ཏེ་རིམ ་གྱི་གན་རྐྱལ་གྱི་ལུས་སུ་འབྱུང་བར་འགྱུར་རོ།། དེ་རྗེས་སུ་ཉམ་དྲུག་པ་ཉི་མ་ལྔ་པའི་ཉིས་འགྱུར་གྱི་ཚད་གཞན་འཕྲུལ་དབང་བྱེད་ཀྱི་རྩེ་ལ་ཀུན་ཏུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་འོག་ཏུ་སྲེག་པར་བྱེད་དོ།། དེའི ་ཚེ་རི་རབ་ལ་སོགས་པའི་རི་རྣམས་དང་ས་ཆེན་པོ་རྣམས་ལ་ངུ་བ་འཐུལ་བར་འགྱུར་བའོ།། དེ་རྫ་སུ་ཉི་མ་བདུན་པ་ཉི་མ་དྲུག་པའི་གཉིས་འགྱུར་གྱི་ཚད་བསམ་གཏན་དང་པོའི་རྩེ་ལ་ཤར་ཏེ་བསྐལ་པ་གཅིག་གིས་འོག་ཏུ་ཐམས་ཅད ་ལྷག་མ་དང་བཅས་པ་སྲེག་པར་བྱེད་དོ།། དེའི་ཚེ་བསམ་གཏན་དང་པོའི་བར་དུ་ཐལ་བའི་ལྷག་མ་ཡང་མ་ལུས་པར་འགྱུར་རོ།། དེ་ལྟར་ཐམས་ཅད་བསྲེགས་ཏེ་རང་ཉིད་ཀྱང་ཉེ་བར་ཞི་བར་འགྱུར་ཏེ། བུད་ཤིང་མ་ཚང་བའི་མེ་བཞིནོ།། ། ་དུས་གཅིག་ཏུ་སྟོང་གི་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་རོ།། མེ་ཆུ་རླུང་གི་འཇིག་པ་གསུམ་ནི་བར་ཆད་མེད་པར་རིམས་ཀྱིས་གསུམ་ཀ་འབྱུང་བའི་ངེས་པ་མེད་དེ། མེས་འཇིག་པ་འབྱུང ་བཔའི་ཚེ་ཆུ་རླུང་གིས་འཇིག་པ་མི་འབྱུང་ལ། ཆུས་འཇིག་པ་ན་མེ་རླུང་གི་འཇིག་པ་མི་འབྱུང་བའི་ཕྱིར་རོ།། དེ་བཞིན་དུ་རླུང་ཡང་ངོ་།། འཇིག་པ་རེ་རེ་ལ་བར་གྱི་བསྐལ་པ་གཅིག་ཉི་ཤུའོ།། དེས་ན་བར་གྱི་བསྐལ་པ་ཉི་ཤུས ་འཇིག་པའི་བསྐལ་པ་ཆེན་པོའོ།། དེ་བཞིན་དུ་གསུངས་ཏེ། ཚངས་པ་གཅིག་པུ་བསྐལ་པ་བཅུ་རུ་གནས། དེ་ཡི་འཁོར་གནས་བསྐལ་པ་གཅིག་གིས་བཞེངས།། ཚངས་རིས་ནས་ནི་འཐབ་བྲལ་མཐར་ཐུག་པ།། སོ ་སོར་བསྐལ་པ་རེ་རེས་བྱུང་བར་འགྱུར།། ས་གཞི་རི་སོགས་བསྐལ་པ་གཅིག་གིས་བཞེངས།། རང་ཉིད་འོད་ཟེར་བསྐལ་པ་གཉིས་ཀྱིས་བཞེངས།། ཉི་མ་ཤར་བ་ལ་ནི་རབ་ཏུ་རེག། འདི་ལྟར་འཆགས་བཞིན་པ་སྟེ ་ཉི་ཤུའོ།། ས་ཡི་ཞག་དང་འཁུར་བ་མཚལ་དང་ནི།། ས་ལུ་འབྲས་ཏེ་འདི་རྣམས་བདེ་གནས་ནི།། བརྒྱད་སྟེ་གཞན་ཡང་ཐོག་མཐའ་བདེ་སྡུག་འགྱུར།། སྤུན་མ་བྱུང་བ་ལ་སོགས་བཅུ་གཉིས་ནི།། འདི་རྣམས་ཆགས ་ནས་འཇིག་པ་ཉི་ཤུའོ།། དེ་ནས་བསྐལ་པ་བཅུ་ཡིས་སེམས་ཅན་རྣམས།། བདེ་བ་ལྡན་པར་ཀུན་ཏུ་འཇིག་པར་འགྱུར།། དེ་ནས་ཕྱེད་བཅས་བསྐལ་པས་ཆར་མེད་དོ།། དེ་ནས་གཞན་དུ་ཉི་མ་ལྔ་རྣམས་ལ། ་སོ་སོ་ལ་ནི་བསྐལ་པ་གཅིག་དང་ཕྱེད་།། རྩེ་ལ་ཤར་ཏེ་འོག་ཏུ་སྲེག་པར་བྱེད། བསྐལ་བ་གཅིག་གིས་བསྐུལ་པ་བདུན་པ་ཡིས།། ཐམས་ཅད་བསྲེག་པར་བྱེད་དེ་ཉི་ཤུའོ།། ཀུན་ཏུ་འཇིག་པར་འགྱུར་ཏེ་འདི་རྣམས་ནི།། དེས ་ན་འཇིག་པའི་བསྐལ་པ་ཉི་ཤུ་ཉི་།། །། དེ་རྗེས་སུ་དེ་ལྟར་གནས་རྣམས་སྟོང་པ་ན་མཁའ་ཙམ་དུ་བསྐལ་པ་ཉི་ཤུ་ཉིད་དུ་གནས་པར་འགྱུར་རོ།། དེ་ནས་ཡང་སྔོན་བཞིན་དུ་འཆགས་པ་ལ་སོགས་པ་ཐམས ་ཅད་ངོ་།། དེ་རྗེས་སུ་འགའ་ཞིག་གི་ཚེ་བསམ་གཏན་གཉིས་པ་ན་གནས་པའི་སེམས་ཅན་རྣམས་དགའ་བ་དང་བཅས་པ་ཅན་གྱི་འདོད་པ་སུན་ཕྱུང་སྟེ། བསམ་གཏན་གསུམ་པ་ཡང་དག་པར་བསྐྱེད་དེ། དེ་ནས་འཕོས་ཏེ་བསམ ་གཏན་གསུམ་པར་ཀུན་ཏུ་སྐྱེའོ།། དེ་རྗེས་སུ་དེ་རུ་ཟླ་བ་བདུན་འཆར་བར་འགྱུར་རོ།། ཟླ་བ་ཤར་བའི་རྐྱེན་གྱིས་ཆུ་ཀུན་ཏུ་འཁོར་བར་རབ་ཏུ་འཕེལ་ཏེ། བསམ་གཏན་གཉིས་པ་འཁོར་ཡུག་ཏུ་ཉམས་པར་འགྱུར་རོ།། དེ ་རྗེས་སུ་བདེ་བ་དང་བཅས་པའི་འདོད་པ་ནི་སྐྱོན་མང་བ་སྣང་བ་ཞེས་རིག་སྟེ། བསམ་གཏན་གསུམ་པ་ན་གནས་པའི་སེམས་ཅན་རྣམས་བསམ་གཏན་བཞི་པ་ཡང་དག་པར་བསྐྱེད་དེ། དེའི་རྐྱེན་གྱིས་བསམ་གཏན་གསུམ་པ ་ནས་འཕོས་ཏེ་བསམ་གཏན་བཞི་པ་འཇིག་པོའི་རྩེ་མོ་འབྲས་བུ་ཆེ་བ་ཞེས་པའི་ལྷའི་རིས་སུ་ཀུན་ཏུ་ཉེ་བར་སྐྱེའོ།། དེའི་ཚེ་སྣོད་ཀྱི་འཇིག་རྟེན་མ་ལུས་པར་ཞིག་པར་གྱུར་པ་ན། ཤིན་ཏུ་དྲག་པའི་རླུང་ཀུན་ཏུ་འཁོར་བར་རབ་ཏུ་རྒྱུའོ།། ་རླུང་དེས་ཐམས་ཅད་རྣམ་པར་བཤེག་ནས་འཇིག་པ་གསུམ་རྫོགས་པར་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། མེས་འཇིག་པ། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ།། འཇིག་པ་གསུམ་པོ་འདིས ་ནི་འཇིག་པ་གཉིས་རྫོགས་པར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་འཇིག་པ་དང་། སྣོད་འཇིག་པའོ།། དེ་ལྟར་འཇིག་པ་ལྷག་མ་ལ་མི་མཇེད་སྐྱེས་པའི་འཇིག་རྟེན་གྱི་ཁམས་ལྷག་མ་དང་བཅས་པ་རྣམ་པར་རླག་པར་བྱེད་དོ།། ་འཇིག་རྟེན་གྱི་ཁམས་གཞན་ཡང་དུས་ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་འཇིག་པ་དང་འཆགས་པའི་ཆོས་ཅན་ནོ།། ཡང་གསུངས་ཏེ། འཇིག་རྟེན་གསུམ་གྱིས་མི་མཛད་ཅེས་པའི་གནས་དང་སེམས་ཅན་མ་ལུས་པ། ཀུན་ཀྱང་མེད་པར ་འགྱུར་ཞིང་གང་འདི་འཇིག་པ་རྣམ་པ་གསུམ་གཡང་གི་དབང་། དེ་ལྟར་གཞན་ཡང་ཁམས་དང་སེམས་ཅན་མཐའ་མེད་གནས་རྣམས་ཟད་པར་འགྱུར། དེས་ན་འདུས་བྱས་བརྟན་ཡོད་མིན་ཞེས་ཐུབ་པའི་བསྟན་པ་བདེན་པ་ཉིད ་ཅེས་སོ།། བསྐལ་པའི་ཚད་ཀྱང་། འཕང་དང་ལོགས་ལ་རྒྱང་གྲགས་གཉིས་ཡོངས་སུ་གཞལ་བའི་གྲུ་བཞི་པ་བྱས་ཏེ། ཡུངས་ཀར་གྱིས་སྤྱི་ཕུད་མེད་པར་ཡོངསུ་གང་བར་བྱས་ནས། གནས་དེ་ནས་ལོ་བརྒྱ་བརྒྱར་གྱུར་པ་ན། ་ཡུངས་ཀར་རེ་རེ་ཕྱུང་བས་ཡུངས་ཀར་ཐམས་ཅད་ཡོངས་སུ་ཟད་པར་དུས་ཅི་ཙམ་གྱིས་མཛད་པར་འགྱུར་བའི་དུས་དེ་བར་གྱི་བསྐལ་པའོ།། བར་གྱི་བསྐལ་པ་དེས་འཇིག་པ་དང་ཆགས་པའི་རྣམ་པར་བཞག་པ་ནི་བར་གྱི་བསྐལ ་བརྒྱད་ཅུར་འགྱུར་བ་ཡིན་ནོ།། བར་གྱི་བསྐལ་པ་བརྒྱད་ཅུ་ནི་བསྐལ་པ་ཆེན་པོའོ།། ཡང་ན་བསྐལ་པ་ཆེན་པོ་ཡོངས་སུ་གཞལ་བ་ནི་འདི་ལྟ་སྟེ། འཕང་དང་འཁོར་བར་དཔག་ཚད་ཀྱིས་ཡོངས་སུ་གཞལ་བའི་གནས་སྤྱི་ཕུང་དུ་ཡུངས ་ཀར་གྱི་ཡོངས་སུ་གང་བར་བྱས་ཏེ། གནས་དེ་ལས་ལོ་བརྒྱད་བརྒྱན་ཡུངས་ཀར་རེ་རེ་ཕྱུང་བས་ཡུངས་ཀར་མ་ལུས་པར་ཟད་པར་དུས་ཇི་སྲིད་ཀྱིས་འགྱུར་བའི་དུས་དེ་སྲིད་ལ་བསྐལ་པ་ཆེན་པོའོ་ཞེས་སོ།། དེ་བཞིན་དུ་བཟང་པོ་ལ ་སོགས་པའི་བསྐལ་པ་ཆེན་པོ་ནི་གྲངས་ཀྱི་གནས་གཞན་དྲུག་ཅུར་སོན་པ་རྗེས་སུ་ཐོབ་པ་ནི་གྲངས་མེད་ཞེས་བརྗོད་།། དེ་ལ་གནས་དྲུག་ཅུ་ནི་འདི་ལྟ་སྟེ། གཅིག། གཅིག་བཅུ་ལ་བཅུའོ།། བཅུ་བཅུ་ལ་བརྒྱའོ།། བརྒྱ་བཅུ་ལ་སྟོང་ངོ་།། ་སྟོང་བཅུ་ལ་ཁྲིའོ།། ཁྲི་བཅུ་ལ་འབུམ་མོ།། འབུམ་བཅུ་ལ་ས་ཡའོ།། ས་ཡ་བཅུ་ལ་བྱེ་བའོ།། བྱེ་བ་བཅུ་ལ་དུང་ཕྱུར་རོ།། དུང་ཕྱུར་བཅུ་ལ་ཐེར་འབུམ་མོ།། ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོའོ།། ཐེར་འབུམ་ཆེན་པོ་བཅུ་ལ ་ཁྲག་ཁྲིག་གོ།། ཁྲག་ཁྲིག་བཅུ་ཁྲག་ཁྲིག་ཆེན་པོའོ།། ཁྲག་ཁྲིག་ཆེན་པོ་བརྟུལ་བྱོལ་བྱོལ་ལོ།། ཕྱལ་ཕྱོལ་བརྟུལ་ཕྱལ་ཕྱིལ་ཆེན་པོའོ།། ཕྱལ་བྱོལ་ཆེན་པོ་བརྟུལ་རབ་བས་མོ།། དེ་བརྟུལ་རབ་བསམ་ཆེན་པོའོ།། ད་བཅུ ་ལ་གཏམས་པའོ།། དེ་བཅུལ་གཏམས་ཆེན་པོའོ།། དེ་བཅུ་ལ་མི་སྤྱོད་པའོ།། དེ་བཅོལ་མོ་སྤྱོད་པ་ཆེན་པོའོ།། དེ་བཅུ་ལོ་ཁྱད་ཕྱིན་ནོ།། དེ་བཅུ་ལ་ཁྱད་ཕྱིན་ཆེན་པོའོ།། དེ་བཅུ་ལ་བང་སྟེང་ངོ་།། དེ་བཅུ་ལ་པང་སྟེང་ཆེན་པོའོ།། ་དེ་བཅུ་ལ་དེད་འདྲེན་ནོ།། དེ་བཅུ་ལ་དེང་འདྲེན་ཆེན་པོའོ།། དེ་བཅུ་ལ་པདྨའོ།། དེ་བཅུ་ལ་པདྨ་ཆེན་པོའོ།། དེ་བཅུ་ལ་མཐའ་སྣང་ངོ་།། དེ་བཅུ་ལ་མཐའ་སྣང་ཆེན་པོའོ།། དེ་བཅུ་ལ་རྒྱུ་རིག་གོ།། དེ ་བཅུ་ལ་རྒྱུ་རིག་ཆེན་པོའོ།། དེ་བཅུ་ལ་འོད་མཛེས་སོ།། དེ་བཅུ་ལ་འོད་མཛེས་ཆེན་པོའོ།། དེ་བཅུ་ལ་དབང་པོའོ།། དེ་བཅུ་ལ་དབང་པོ་ཆེན་པོའོ།། དེ་བཅུ་ལ་རྒྱ་མཚོའོ།། དེ་བཅུ་ལ་རྒྱ་མཚོ་ཆེན་པོའོ།། དེ་བཅུ་ལ་ལེགས་བྱིན།། ་དེ་བཅུ་ལ་ལེགས་བྱིན་ཆེན་པོའོ།། དེ་བཅུ་ལ་རྟོགས་འགྲོའོ།། དེ་བཅུ་ལ་རྟོགས་འགྲོ་ཆེན་པོའོ།། དེ་བཅུ་ལ་གཟུགས་སྐྱེས་སོ།། དེ་བཅུ་ལ་གཟུགས་སྐྱེས་ཆེན་པོའོ།། དེ་བཅུ་ལ་དགྲ་རླབས་སོ།། དེ་བཅུ་ལ་དགྲ་རླབས་མངོ་།། ་བཅུ་ལ་རྒྱ་སྔགས་སོ།། དེ་བཅུ་ལ་རྒྱ་སྔགས་ཆེན་པོའོ།། དེ་བཅུ་ལ་སྟོབས་འཁོར་རོ།། དེ་བཅུ་ལ་སྟོབས་འཁོར་ཆེན་པོའོ།། དེ་བཅུལ་བརྡའ་ཤེས་སོ།། ང་བཅུ་ལ་བརྡལ་ཤེས་ཆེན་པོའོ།། དེ་བཅུ་ལ་རིན་མཆོག་གོ།། དེ་བཅུ ་ལ་རིན་མཆོག་ཆེན་པོའོ།། དེ་བཅུ་ལ་ཤང་ཀུའོ།། དེ་བཅུ་ལ་ཤང་ཀུ་ཆེན་པོའོ།། དེ་བཅུ་ལ་རྣམ་འབྱུང་ངོ་།། དེ་བཅུལ་རྣམ་འབྱུང་ཆེན་པོའོ།། དེ་བཅུ་ལ་སྟོབས་མིག་གོ། དེ་བཅུ་ལ་སྟོབས་མིག་ཆེན་པོའོ།། ཞེས་གནས་དྲུག ་ཅུ་པའོ།། ཁ་ཅིག་གྲངས་མེད་ནི་གནས་བཅོ་བརྒྱད་པ་ལས་འདས་པའོ་ཞེས་ཟེར་རོ།། འཕགས་པ་གནས་བརྟན་པ་ནི།། གཅིག་ནས་བཟུང་སྟེ་སྔོན་བཞིན་དུ་ལྔ་འི་གྲངས་ཀྱི་གནས་སུ་ཕྱིན་པ་འདི་ནི་བསྐལ་པ་གྲང ་མེད་ཆུང་ངུའོ།། དེ་ནས་བསྐལ་པ་གྲངས་མེད་ཆུང་ངུ་དང་པོའི་གནས་གཅིག་ཏུ་གྲངས་ཏེ། དེ་ཁོ་ན་བཞིན་དུ་ལྔ་བཅུ་རྩ་ལྔ་པའི་གནསུ་སོན་པ་ནི་བསྐལ་པ་གྲངས་མེད་ཆེན་པོའོ་ཞེས་ཟེར་རོ།། འཕགས་པ་མང་པོས་བསྐུར་བ་ནི། ་ཤཱཀྱ་ཐུབ་པ་འདིས་གྲངས་མེད་དང་པོ་ལ་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ནས་བཟུང་སྟེ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་བདུན་དང་། གྲངས་མེང་གཉིས་པ་ལ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་དྲུག་དང་། གྲངས་མེད་གསུམ་པ་ལ ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་ལྔ་པ་སངས་རྒྱས་དབང་པོ་རྒྱལ་མཚན་གྱིས་མཐར་ཐུག་པ་རྣམས་མཉེས་པར་བྱས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་གསུངསོ།། ཁ་ཆེ་བྱེ་བྲག་ཏུ ་སྨྲ་བ་ན་ར། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱུང་བར་འགྱུར་རོ།། གང་གི་དྲུང་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ། རྣམ་པ་འདི་ལྟ་བུ་ཁོ་ནར་བདག་སངས་རྒྱ་སུ ་གྱུར་ཅིག་ཅེས་དང་པོ་སྨོན་ལམ་མཛད་ངོ་།། དེ་ནས་བཟུང་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་དང་པོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་གྱི་མཐར་ཐུག་པ་སངས་རྒྱས་སྟོང་ཕྲག ་བདུན་བཅུ་རྩ་ལྔ་མཉེས་པར་བྱས་སོ།། དེ་ནས་བསྐལ་པ་གྲངས་མེད་གཉིས་པ་ལ་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་གྱི་དེ་མ་ཐག་གི་སངས་རྒྱས་ནས་བཟུང་སྟེ། སངས་རྒྱས་མར་མེ་མཛད་ཀྱི་མཐར་ཐུག་པ ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་དྲུག་མཉེས་པར་བྱས་སོ།། དེ་ནས་བསྐལ་པ་གྲངས་མེད་གསུམ་པ་ལ་སངས་རྒྱས་མར་མེ་མཛད་ཀྱི་དེ་མ་ཐག་གི་སངས་རྒྱས་ནས་བཟུང་སྟེ་སངས་རྒྱས ་སྟོང་ཕྲག་བདུན་ཅུ་རྩ་བདུན་མཉེས་པར་བྱས་སོ།། དེའི་ཚེ་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ།། དེ་ནས་ཕུག་གཅིག་ཏུ་དེ་བཞིན་གཤེགས་པ་སྐར་རྒྱལ་གཟི་བརྗིད་ཀྱི་དབྱིངས་སུ་མཉམ་པར་ཞུགས་པ་མཐོང་ཞིང ་རབ་ཏུ་དང་བ་ཆེན་པོས་བརྩོན་འགྲུས་བརྩམས་ནས་རྐང་པ་ཅིག་གིས་གནས་ཏེ། ལྷའི་ཡུལ་དང་ཞེས་པ་ལ་སོགས་པའི་ཚིགསུ་བཅད་པ་གཅིག་གིས་ཉི་མ་བདུན་དུ་བསྟོད་པས། བསྐལ་པ་ཆེན་པོ་དགུ་ཕྱིར་བཟློག་པར ་འགྱུར་རོ།། དེའི་རྗེས་སུ་སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་ནས་འོད་སྲུངས་གིས་མཐར་ཐུག་པར་མཉེས་པར་བྱས་ནས་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་དུ་མཚན་བཟངས་ཀྱི་ལས་མཛད་ཏེ། བསྐལ་པ་ཆེན ་བོཔོ་དགུ་བཅུ་རྩ་གཅིག་པའི་རྩེ་མོ་ལ། དགའ་ལྡན་གྱི་གནས་སུ་གནས་པ་ལ་སོགས་པ་རྣམ་པར་བཟུང་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ ་པའོ་ཞེས་ཟེར་རོ།། འཕགས་པ་གནས་བརྟན་ན་རེ། ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་ཆེན་པོ་ཉི་ཤུ་དང་བསྐལ་པ་འབུམ་ཕྲག་གཅིག་ལྷག་པས་ཐམས་ཅད་མཁྱེན་པ་རབ་ཏུ་སྒྲུབས་སོ་ཞེས་ཟེར་རོ།། དེ་ལ་བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔར་གྱུར་པས་བསྐལ་པ་གྲངས་མེད་བདུན་གྱིས་སངས་རྒྱས་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལྷག་པའི་འབུམ་ཕྲག་གཅིག་མཉེས་པར་བྱས་ཤིང་བསམ་པ་ཙམ་ཉིད་ཀྱིས་བྱང་ཆུབ་དོན་དུ་སྨོན་ལམ་མཛད་དོ།། བསྐལ་པ ་གྲངས་མེད་གཞན་དགུས་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བདུན་པའི་འབུམ་ཕྲག་གསུམ་མཉེས་པར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་ཅིང་སེམས་དང་ངག་གིས་སྨོན་ལམ་མཛད་དོ།། བསྐལ་པ་གྲངས་མེད་གཞན ་བཞིས་སངས་རྒྱས་བཅུ་གཉིས་མཉེས་པར་བྱས་ཤིང་བྱང་ཆུབ་དོན་དུ་སྤྱད་པ་ལ་སྤྱོད་ཅིང་ལུས་དང་ངག་དང་ཡིད་ཀྱིས་བྱང་ཆུབ་དོན་དུ་སྨོན་པ་མཛད་།། བསྐལ་པ་འབུམ་ཕྲག་གཅིག་གིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གྱུར་པས་སངས་རྒྱས་བཅོ་ལྔ་མཉེས་པར་བྱོས་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ལས་འཕྲན་ཐམས་ཅད་རྫོགས་པར་བྱས་ཏེ་བསྐལ་པ་འབུམ་ཕྲག་གི་རྩེ་མོ་ལ་སྟོན་པས་ཐམས་ཅད་མཁྱེན་པ ་ཐོབ་པར་འགྱུར་ཏོ།། རབ་ཏུ་སྤྲོས་པ་ནི་དགའ་བ་ཞེས་བྱ་བའི་བསྐལ་པ་གྲངས་མེད་དང་པོ་ལ་བཅོམ་ལྡན་འདས་ལྷག་པའི་ལྷ་ཞེས་བྱ་བ་འཁོར་ལོ་སྒྱུར་བ་མི་ཡི་བདག་པོར་གྱུར་པས། ཐོག་མ་མེད་པའི་འཁོར་བ་རུ་སྔོན་མ་མཐོང ་བ་སངས་རྒྱས་ཚངས་པའི་ལྷ་མཐོང་བས་རྣམ་པ་འདི་ལྟ་བུར་བདག་སངས་རྒྱས་ཉིད་དུ་གྱུར་ཅིག་ཅེས་བསམས་པ་ཙམ་གྱིས་མངོན་པར་འདོད་།། གྲངས་མེད་དགའ་བ་དེ་ལ་སངས་རྒྱས་ཚངས་པའི་ལྷ་ལ་སོགས་པ་སངས ་རྒྱས་ལྔ་སྟོང་མཉེས་པར་བྱས་སོ།། གྲངས་མེད་གཉིས་པ་མཛེས་དགའ་ལ་སངས་རྒྱས་སྟོང་ཕྲག་དགུ་མཉེས་པར་བྱས་སོ།། གྲངས་མེད་གསུམ་པས་གཞིའི་མིང་ཅན་ལ་སངས་རྒྱས་སྟོང་ཕྲག་བཅུ་མཉེས ་པཔར་བྱས་སོ།། གྲངས་མེད་བཞི་པ་སྙིང་པོ་ཞེས་པ་ལ་སངས་རྒྱས་སྟོང་ཕྲག་བཅུ་གཅིག་མཉེས་པར་བྱས་སོ།། གྲངས་མེད་ལྔ་པ་འཛིན་གཟུགས་ཞེས་པའི་མིང་ཅན་སངས་རྒྱས་སྟོང་ཕྲག་ཉི་ཤུ་མཉེས་པར་བྱས་སོ།། གྲངས་མེད་དྲུག ་པ་རྒྱ་མཚོ་ཞེས་པ་ལ་སངས་རྒྱས་སྟོང་ཕྲག་སུམ་ཅུ་མཉེས་པར་བྱས་སོ།། གྲངས་མེད་བདུན་པ་པདྨ་དཀར་པོ་ལ་སངས་རྒྱས་སྟོང་ཕྲག་བཞི་བཅུ་མཉེས་པར་བྱས་སོ།། ཐམས་ཅད་བཟང་པོ་ཞེས་པ་གྲངས་མེད་བརྒྱད་པ་ལ་སྔོན་གྱི ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་སྟོང་ཕྲག་ལྔ་བཅུ་མཉེས་པར་བྱས་སོ།། གྲངས་མེད་པདྨ་དཀར་པོའི་དེ་མ་ཐག་ཏུ་ཐམས་ཅད་བཟང་པོའི་དང་པོར་འཁོར་ལོ་རྒྱ་མཚོ་ཞེས་པའི་བྱང་ཆུབ་སེམས་དཔར་གྱུར་པས་སྔོན་གྱི་སངས ་རྒྱས་ཤཱཀྱ་ཐུབ་པ་མཐོང་ནས་རབ་ཏུ་དང་བ་ཆེན་པོས་ཡིད་དང་ངག་གིས་འདི་ལྟ་བུར་གྱུར་པ་བཞིན་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་མཛད་དོ།། དེ་རྗེས་སུ་ཐམས་ཅད་བཟང་པོ་ཞེས་པའི་གྲངས་མེད་བརྒྱད་པ་ལ ་སྔོན་གྱི་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་སྟོང་ཕྲག་ལྔ་བཅུ་མཉེས་པར་བྱས་སོ།། ཐམས་ཅད་རྒྱས་པ་ཞེས་པའི་གྲངས་མེད་དགུ་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་མཉེས་པར་བྱས་སོ།། ཐམས་ཅད་རིན་ཆེན་ཅེས་པའི་གྲངས ་མེད་བཅུ་པ་ལ་སངས་རྒྱས་སྟོང་ཕྲག་བདུན་ཅུ་མཉེས་པར་བྱས་སོ།། ཕུང་པོ་གཙོ་བོ་ཞེས་པ་གྲངས་མེད་བཅུ་གཅིག་པ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་མཉེས་པར་བྱས་སོ།། ནོར་བུ་བཟང་པོ་ཤེས་པའི་གྲངས་མེད་བཅུ་གཉིས་པ་ལ ་སངས་རྒྱས་སྟོང་ཕྲག་དགུ་བཅུ་མཉེས་པར་བྱས་སོ།། པདྨ་ཞེས་པའི་གྲངས་མེད་བཅུ་གསུམ་པ་ལ་སངས་རྒྱས་སྟོང་ཕྲག་ཉི་ཤུ་མཉེས་པར་བྱས་སོ།། ཁྱུ་མཆོག་ནོས་པའི་གྲངས་མེད་བཅུ་བཞི་པ་ལ་སངས་རྒྱས་སྟོང་ཕྲག་བཅུ་མཉེས ་པར་བྱས་སོ།། བཤེས་གཉེན་དམ་པ་ཞེས་པའི་གྲངས་མེད་བཅོ་ལྔ་པ་ལ་སངས་རྒྱས་སྟོང་ཕྲག་ལྔ་མཉེས་པར་བྱས་སོ།། ཐམས་ཅད་སྐྱོང་ཞེས་པའི་གྲངས་མེད་ཅུ་དྲུག་པ་ལ་སངས་རྒྱས་སྟོང་ཕྲག་གཉིས་མཉེས་པར་བྱས་སོ།། དེ ་རྗེས་སུ་ཐམས་ཅད་སྐྱོད་ཅེས་པའི་གྲངས་མེད་ཀྱི་མཐའ་མ་རི་བོ་ཞེས་པའི་གྲངས་མེད་ཀྱི་སྔོན་སྙིང་པོ་མཆོག་གི་བསྐལ་པ་སངས་རྒྱས་ཏ་ཧྣ་ཀ་ར་དང་ཡིད་གཞུངས་མཛད་དང་། སྐྱབས་གཡོགས་མཛད་རྣམས་མཉེས་པར་བྱོས་ཤིང་། ་བསྐལ་པ་དེ་ཉིད་ལ་བཅོམ་ལྡན་འདས་དྲང་སྲོང་ཡིད་གཞུངས་མཆོག་ཏུ་གྱུར་པས་སངས་རྒྱས་མར་མེ་མཛད་མཉེས་པར་མཛད་དེ། སངས་རྒྱས་མར་མེ་མཛད་དེ་ཉིད་ལ་ངེས་པའི་ལུང་བསྟན་པ་སོ་སོར་ཐོབ་བོ།། གྲངས་མེད་བདུན་པ་རི་བོ ་ཞེས་པ་ལ་སངས་རྒྱས་མེད་པ་ངན་འགྲོ་ལྟ་བུ་ཞེས་བརྗོད་དོ།། གྲངས་མེད་རི་བོའི་མཐའ་མ་གྲངས་མེད་སྣང་བའི་སྔོན་དུ་སྙིང་པོ་ཞེས་པའི་བསྐལ་པ་ལ་བཅོམ་ལྡན་འདས་འཁོར་ལོ་སྒྱུར་བའི་རྒྱལ་པོ་རྣམ་པར་རྒྱལ་བར་གྱུར་པས་སངས་རྒྱས ་ཀཽཏྟ་ནྱ་མཉེས་པར་མཛད་དོ།། དེའི་རྗེས་སུ་གྲངས་མེད་སྣང་བ་ཡང་སངས་རྒྱས་ཀྱི་སྟོང་པ་ངན་འགྲོར་འགྱུར་རོ།། གྲངས་མེད་སྣང་བའི་མཐའ་མ་གྲངས་མེད་རྒྱལ་བའི་ལས་སྔོན་དུ་སྙིང་པོ་མཆོག་གི་བསྐལ་པ་ལ་བྲམ་ཟེ ་མཛེས་པར་གྱུར་པས་སངས་བཀྲིས་མཉེས་པར་བྱས་སོ།། ཀླུའི་རྒྱལ་པོ་མཉམ་མེད་དུ་གྱུར་པས་སངས་རྒྱས་ཡིད་རབ་ཅེས་པ་བསྙེན་བཀུར་བ་དང་ལྡན་པར་འགྱུར་རོ།། བྲམ་ཟེ་ལྷག་པའི་ལྷར་གྱུར་པས་སངས་རྒྱས་རེ་བ་ཏ་མཉེས་པར ་བྱས་སོ།། བྲམ་ཟེ་ལྷག་པའི་ལྷར་གྱུར་པས་སངས་རྒྱས་མཛེས་པ་མཉེས་པར་བྱས་སོ།། དེ་རྗེས་སུ་གྲངས་མེད་རྒྱལ་བ་ལ་སངས་རྒྱས་མེད་པ་ངན་འགྲོ་ཞེས་བརྗོད་དོ།། གྲངས་མེད་རྒྱལ་བའི་མཐའ་མ་གྲངས་མེད་མཛེས་མཛེས་པ་ལས་སྔོན ་དུ་བསྐལ་པ་མཆོག་ཅེས་པ་ལ་གནོད་སྦྱིན་སྡེ་དཔོན་དུ་གྱུར་པ་ན་སངས་རྒྱས་ཀུན་སྣང་མཐོང་ཞེས་པ་མཉེས་པར་བྱས་སོ།། སེང་གེར་གྱུར་པས་སངས་རྒྱས་པདྨ་མཉེས་པར་བྱས་སོ།། དྲང་སྲོང་རབ་བྱུང་དུ་གྱུར་པས་སངས་རྒྱས་ནཱ་ར་དམ་མཉེས ་པར་བྱས་སོ།། གྲངས་མེད་མཛེས་པ་ལ་སངས་རྒྱས་མེད་པ་ངན་འགྲོ་ཞེས་བརྗོད་དོ།། གྲངས་མེད་མཛེས་པའི་མཐའ་མ་བསྐལ་པ་སྙིང་པོ་ཞེས་པ་ལ་བཅོམ་ལྡན་འདས་ཡུལ་ལྗོངས་ཐམས་ཅད་པ་ཞེས་པའི་རལ་པ་ཅན་དུ་གྱུར་པ་སངས་རྒྱས ་པདྨའི་བླ་མ་མཉེས་པར་བྱས་སོ།། དེ་རྗེས་སུ་སྐལ་པ་ཆེན་པོ་སྟོང་ཕྲག་སུམ་ཅུར་སངས་རྒྱས་མེད་པའི་ངན་འགྲོར་གྱུར་ཏོ།། དེ་རྗེས་སུ་བསྐལ་པ་མན་ཌ་ཞེས་པ་ལ་ཁྱེའུ་བླ་མར་གྱུར་པས་སངས་རྒྱས་ཡིད་གཞུངས་མཆོག་མཉེས་པར་བྱས།། ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཟླ་བ་བཟང་པོར་གྱུར་པས་སངས་རྒྱས་སྐྱེས་བཟང་མཉེས་པར་བྱས་སོ།། དེ་ནས་པར་མེད་པར་བསྐལ་པ་སྟོང་ཕྲག་བཅོ་བརྒྱད་སངས་རྒྱས་མེད་པའོ།། དེ་མ་ཐག་ཏུ་བསྐལ་པ་གྱ་ནོམ་མཆོག་ལ་བྲམ་ཟེ་འོད་སྲུངས་ནས ་པའི་བྱང་ཆུབ་སེམས་དཔར་གྱུར་པས་སངས་རྒྱས་མཐོང་ན་དགའོ་མཉེས་པར་བྱས་སོ།། དཀའ་ཐུབ་འཚམས་བཟངས་སུ་གྱུར་པས་སངས་རྒྱས་དོན་མཐོང་ལ་བསྙེན་བཀུར་བྱས་སོ།། ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པས་སངས་རྒྱས ་ཆོས་མཐོང་མཉེས་པར་བྱས་སོ།། དེ་ནས་བར་མེད་པར་བསྐལ་པ་དགུ་བཅུ་རྩ་བཞིར་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་རོ།། དེ་མ་ཐག་ཏུ་བསྐལ་པ་སྙིང་པོ་ལ་མ་ཀུ་ལ་ཞེས་པའི་དཀའ་ཐུབ་པར་གྱུར་པས་སངས་རྒྱས་དོན་གྲུབ ་བསྟེན་པ་དང་ལྡན་ནོ།། དེ་དང་བར་མེད་པར་བསྐལ་པ་དགུ་བཅུ་རྩ་གཉིས་སུ་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་རོ།། དེ་དང་བར་མེད་པར་སྙིང་པོ་མཆོག་གི་བསྐལ་པ་ལ་རྗེའུ་རིགས་བཟང་པོ་སྐྱེས་སུ་གྱུར་པས་སངས་རྒྱས་སྐར ་རྒྱལ་མཉེས་པར་བྱས་སོ།། རྗེའུ་རིགས་རྣམ་པར་རྒྱལ་བར་གྱུར་པས་སངས་རྒྱས་རྒྱལ་མཉེས་པར་བྱས་སོ།། དེ་དང་བར་མེད་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གོ། དེ་དང་བར་མེད་པར་བསྐལ་པ་སྙིང་པོ་ཞེས་པ་ལ་ཀླུའི་རྒྱལ་པོ་མཉམ ་མེང་དུ་གྱུར་པས་སངས་རྒྱས་རྣམ་པར་གཟིགས་མཉེས་པར་བྱས་སོ།། དེ་ངང་བར་མེད་པར་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་རོ།། དེ་མ་ཐག་ཏུ་སྙིང་པོ་མཆོག་གི་བསྐལ་པ་ལ་རྒྱལ་པོ་དགྲ་འདུལ་དུ ་གྱུར་པས་སངས་རྒྱས་གཙུག་ཏོར་ཅན་མཉེས་པར་བྱས་སོ།། རྒྱལ་པོ་ལྟ་ན་སྡུག་དུ་གྱུར་པས་སངས་རྒྱས་ཐམས་ཅད་སྐྱོབ་མཉེས་པར་བྱས་སོ།། དེ་མ་ཐག་ཏུ་བསྐལ་པ་བཟང་པོ་ལ་རྒྱལ་པོ་བཟོད་པར་གྱུར་པས་སངས་རྒྱས ་འཁོར་བ་འཇིག་མཉེས་པར་བྱས་སོ།། རྒྱལ་པོ་རི་བོ་ཞེས་པར་གྱུར་པས་སངས་རྒྱས་གསེར་ཐུབ་མཉེས་པར་བྱས་སོ།། སྣང་བ་གསལ་བ་སྐྱོང་དུ་གྱུར་པས་སངས་རྒྱས་འོད་སྲུངས་མཉེས་པར་བྱས་སོ།། དེ་རྗེས་སུ་དཔལ་གཞོན་ནུ་དོན་ཐམས་ཅད ་གྲུབ་པར་གྱུར་པས་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་མཛད་དེ། ཤཱཀྱ་ཐུབ་པ་ཞེས་པའི་མིང་ཅན་སངས་རྒྱས་སུ་འགྱུར་རོ།། ད་ནི་དེ་མ་ཐག་ཏུ་དུས་མི་རིང་བར་བྱང་ཆུབ་སེམས་དཔའ་བྱམས་པ་རྒྱལ་བ་མི་ཕམ་པ་ཞེས་བྱ་བའི ་སངས་རྒྱས་འབྱུང་བར་འགྱུར་རོ།། བདག་ཅག་གི་སྟོན་པ་འདིའི་རྣམ་པར་བཞག་པ་ནི་དེ་ལྟ་བུའོ།། གཞན་གྱི་ནི་གཞན་དུ་སྟེ། ཡང་གཞན་རྣམས་ནི་གཞན་དུ་རིག་པར་བྱའོ།། འདི་ལྟ་སྟེ། གང་ཟག་ནི་གསུམ་སྟེ། འདི་ལྟ་སྟེ། ལྷག ་པའི་དད་པ་ཅན་དང་། ལྷག་པའི་བརྩོན་འགྲུས་ཅན་དང་། ལྷག་པའི་ཤེས་རབ་ཅན་ནོ།། དེ་ལ་ལྷག་པའི་ངང་པ་ཅན་ནི་གོ་བར་ངེས་པར་འགྱུར་བ་ཡིན་ནོ།། ལྷག་པའི་བརྩོན་འགྲུས་ཅན་ནི་རྣམ་པར་སྤྲོས་པས་གོ་བར་འགྱུར་རོ།། ལྷག ་པའི་ཤེས་རབ་ཅན་ནི་མགོ་སྨོས་པས་གོ་བར་འགྱུར་རོ།། དེ་ལ་ལྷག་པའི་དད་པ་ཅན་ནི་ལུང་བསྟན་པ་ཐོབ་ནས་བཟུང་སྟེ་བསྐལ་པ་སྟོང་ཕྲག་བརྒྱ་ལྷག་པའི་བསྐལ་པ་གྲངས་མེད་བཅུ་དྲུག་གིས་ཐམས་ཅད་མཁྱེན་པ་སྔོན་དུ་བྱེད་པའོ།། ་ལྷག་པའི་བརྩོན་འགྲུས་ཅན་ནི་ལུང་བསྟན་པ་ཐོབ་ནས་བཟུང་སྟེ་བསྐལ་པ་འབུམ་ཕྲག་གཅིག་ལྷག་པའི་བསྐལ་པ་གྲངས་མེད་བརྒྱད་ཀྱིས་ཐམས་ཅད་མཁྱེན་པ་སྔོན་དུ་ཐོབ་པར་འགྱུར་རོ།། ཤེས་རབ་ལྷག་པ་ཅན་ནི་ལུང་བསྟན ་ཐོབ་ནས་བཟུང་སྟེ་བསྐལ་པ་སྟོང་ཕྲག་བརྒྱ་ལྷག་པའི་བསྐལ་པ་གྲངས་མེད་བཞིས་ཐམས་ཅད་མཁྱེན་པ་སྔོན་དུ་བྱེད་།། ཞེས་རྣམ་པར་བཞག་པའོ།། ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་བསྐལ་པ་གྲངས་མེད ་གསུམ་གྱིས་སངས་རྒྱས་ཉིད་དུ་འབྱུང་བའོ་ཞེས་ཟེར་རོ།། དེ་ལྟར་ཡང་བསྐལ་པ་གྲངས་མེད་དང་པོས་ཚོགས་ཀྱི་ས་ནས་བརྩམས་ཏེ་ཅི་སྲིད་དུ་ས་དང་པོ་རྫོགས་པར་འགྱུར་རོ།། བསྐལ་པ་གྲངས་མེད་གཉིས་པས་དྲི་མ་མེད་པ་ལ ་སོགས་པ་ས་དྲུག་རྫོགས་པར་འགྱུར་རོ།། བསྐལ་པ་གྲངས་མེད་གསུམ་པས་མི་གཡོ་བའི་ས་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་རྫོགས་པར་འགྱུར་རོ།། ཞེས་མདོ་སྡེ་ལ་སོགས་པ་ལས་སོ།། ཁ་ཅིག་ན་རེ་བྱང་ཆུབ་སེམས ་དཔའི་ཐེག་པ་ཉིད་གསུམ་དུ་ཆོས་མཐུན་པ་ལས་བསྐུལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཉིད་ཐོབ་སྟེ། ཡང་དོན་དམ་པར་ནི་མ་ཡིན་ནོ་ཞེས་ཟེར་རོ།། དེ་ཡང་འདི་ལྟར། བྱང་ཆུབ་སེམས་དཔས་ཚོགས་ཀྱིས་ཀུན་ཏུ ་རྫོགས་པ་ནི་བསྐལ་པ་གྲངས་མེད་ཅིག་འདའ་བར་འགྱུར་རོ།། དེ་རྗེས་སུ་མོས་པར་སྤྱོད་པའི་ས་ཡོངས་སུ་རྫོགས་པར་འགྱུར་བ་ནི་བསྐལ་པ་གྲངས་མེད་གཉིས་འདའོ།། དེ་རྗེ་སུ་ས་དང་པོ་རབ་ཏུ་དགའ་བ་ནས་བཟུང་སྟེ་ས་བཅུ་པ ་ཆོས་ཀྱི་སྤྲིན་གྱིས་ཅི་སྲིད་དུ་སོ་སོར་བསྐལ་པ་གྲངས་མེད་གསུམ་གསུམ་གྱིས་རྫོགས་པར་བྱས་ཏེ། སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་སྒྲུབ་པར་བྱེད་པར་འགྱུར་རོ།། དེ་ལྟར་བསྐལ་པ་གྲངས་མེད་སུམ་ཅུ་རྩ ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པོ་ཞེས་ཟེར་རོ།། སངས་རྒྱས་འབྱུང་བ་ཡང་། སྐྱེ་བོ་རྣམས་ཚ་ལོ་སྟོང་ཕྲག་བརྒྱད་ཅུ་ལས་འགྲིབས་པ་ནས་བརྩམས་ཏེ་ཅི་སྲིད་དུ་མི་རྣམས་ཚེ་ལོ་བརྒྱར་འགྱུར་བ་འདིའི་བར་དུ་འབྱུང་བ་ཡན་ནོ།། ་སྔོན་མི་རྣམས་ཀྱིས་ཚེ་ལོ་འཕེལ་བ་ནཱ་མི་འབྱུང་སྟེ་ཀུན་ཏུ་སྐྱོ་བ་མེད་པའི་ཕྱིར་རོ།། ཕྱིས་སྐྱེ་བོ་རྣམས་ཀྱི་མཐུང་བ་ལ་ཡང་མ་ཡིན་ཏེ། གང་ལས་དེའི་ཚེ་སྔགས་མ་རྒྱས་པར་འགྱུར་བས་སོ།། འདི་ལྟ་སྟེ། ཚེ་སྙིགས་མ་དང ་བསྒྲལ་བའི་སྙིགས་མ་དང་། ཉོན་མོངས་པའོ་སྙིགས་མ་དོང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མའོ།། དང་པོས་ནི་འཚོ་བ་རྒུང་པར་བྱེད་དོ།། གཉིས་པས་ནི་ཕན་པའི་འཚོགས་པ་རྒུད་པར་བྱེད་དོ།། གསུམ་པ་དང་། ་བཞིབས་ནི་དགེ་བའི་ཕྱོགས་ཆུང་བར་བྱེད་དོ།། ལྟ་བས་ནི་བདག་གིས་དངོས་པོ་རྒུད་པར་བྱང་ངོ་།། ཚད་གཟུགས་ནང་མེད་པ་སྟོབས་བློ་དྲན་པ་བསྟན་པ་རྣམས་ཉམས་པར་འགྱུར་བས་སོ།། རང་སངས་རྒྱས་ནི་ཡར་འཕེལ་ལ་ཡང་དང ་མར་འགྲིབ་ལ་ཡང་འབྱུང་བར་འགྱུར་རོ།། འཁོར་ལོ་སྒྱུར་བ་ནི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་དང་ཅི་སྲད་དུ་ལོ་སྟོང་ཕྲག་བརྒྱད་ཅུ་པ་ལ་འབྱུང་བར་འགྱུར་རོ།། མངལ་སྐྱེས་མ། རྫུས་སྐྱེས་མ། པདྨའི་སྙིང་པོ་ལས་སྐྱེ་བ་ཡང་འབྱུང་ངོ་།། ་དེལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི་བཞི་སྟེ། འདི་ལྟ་སྟེ། གླིང་གཅིག་གི་བདག་པོ་དང་། གླིང་གཉིས་ཀྱི་མངའ་བདག་དང་། གླིང་གསུམ་གྱི་མགོན་པོ་དང་། གླིང་བཞིའི་དབང་ཕྱུག་གོ། འདི་རྣམས་གྲངས་ཇི་ལྟ་བ་བཞིན་དུ་བར་སྣང ་ལས་འོངས་པའི་ལྕགས་ཀྱི་འཁོར་ལོ་དང་ཟངས་ཀྱི་འཁོར་ལོ་དང་། དངུལ་གྱི་འཁོར་ལོ་དང་། གསེར་གྱི་འཁོར་ལོའོ།། འཁོར་ལོ་ཅན་འདི་ཐམས་ཅད་ཀྱི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན ་པོ་ཆེ་དང་། མཆེ་བ་དྲུག་ལྡན་གླང་པོའི་རིགས་ལས་འོངས་པ་གྲུབ་པོ་ཆེ་ཐམས་ཅད་ཀྱི་གོམ་མའོ།། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེའོ།། འཕགས ་པ་གནས་བརྟན་ན་རེ། འཁོར་ལོ་རིན་པོ་ཆེ་ནི་ཤར་གྱི་རྒྱ་མཚོ་ལས་འོངས་པས་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པའོ།། གླང་པོ་རིན་པོ་ཚྭ་ནཱི་གླང་པོ་ཆེ་བསོ་སྦྱོང་འཕགས་ཀྱི་རིགས་ལས་འོངས་པ ་གླང་པོ་ཆེ་རྣམས་ཀྱི་གཙོ་བོའོ།། རྟ་རིན་པོ་ཆེ་ནི་སྤྲིན་གྱི་ཤུགས་ཅན་གྱི་རྟའི་རིགས་འོངས་པའོ།། ནོར་བུ་རིན་པོ་ཆེ་ནི་རི་བོ་ཡངས་པ་ལས་འོངས་པའོ།། བུད་མེད་རིན་པོ་ཆེ་ནི་བྱང་གི་སྒྲ་མི་སྙན་ལས་འོངས་པའོ།། ཁྱིམ་བདག་རིན ་པོ་ཆེ་ནི་འཛམ་བུ་གླིང་གིའོ།། བུ་ཐུ་བོ་ནི་བློན་པོ་རིན་པོ་ཆེའོ་ཞེས་ཟེར་རོ།། དེ་ལ་གླང་པོ་རིན་པོ་ཆེའི་རིགས་བཅུ་ནི་འདི་ལྟ་སྟེ། གླང་པོ་ཆེ་ནག་པོ་དང་། གླང་པོ་ཆེ་དམར་སེར་དང་། གླང་པོ་ཆེ་དམར་སྐྱ་དང་། ཟངས་ཀྱི་གླང་པོ་ཆེ ་དང་། གླང་བྱོན་སེར་སྒྱུར་རིགས་དང་། ཐོས་ཀྱི་གླང་བའི་རིགས་དང་། གླང་པོ་མེད་ཤེས་ཀྱི་རིགས་དང་། གླང་པོ་ཆེ་གསེར་གྱི་རིགས་དང་། གླང་པོ་ཆགས་སྦྱང་འཕགས་ཀྱི་རིགས་དང་། གླང་པོ་མམན ་དྲུག་ལྡན་གྱི་རིགས་སོ།། གླང་པོ་ཆེ་རིགས་བཅུ་པོ་འདི་རྣམས་ཐམས་ཅད་ནི་སོ་སོར་ཕྱི་མ་བཅུ་འགྱུར་གྱི་སྟོབས་སོ།། གླང་པོ་ཆེ་མཆེ་བ་དྲུག་ལྡན་གྱི་རིགས་སྟོང་ཕྱུག་དགུའི་སྟོབས་ནི་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་སྟོབས ་ཀྱི་གླང་པོ་སྟོང་ཕྲག་དགུའི་སྟོབས་ཞེས་བརྗོད་དོ།། རྟའི་རིགས་ནི་བཞིའོ།། འདི་ལྟ་སྟེ། ཁ་ཌའི་རྟའི་རིགས་དང་། རྣམ་པར་སྨིན་པའི་རྟ་རིགས་དང་། ཅང་ཤེས་ཀྱི་རྟ་རིགས་དང་། སྤྲིན་གྱི་ཤུགས་ཙོན་གྱི་རྟའི་རིགསོ་ཅེས་སོ།། ་ཁ་ཅིག་དུ་གླིང་བཞི་དབང་ཕྱུག་གི་འཁོར་ལོ་སྒྱུར་བ་འགའ་ཞིག་ལྷའི་འཇིག་རྟེན་དུ་འགྲོ་བར་ཡང་འགྱུར་རོ་ཞེས་ཟེར་རོ།། ལྷའི་འཇིག་རྟེན་དུ་འགྲོ་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་ཡང་རྣམ་པ་དྲུག་ཏེ། འདི་ལྟ་སྟེ། རྒྱལ་ཆེན་བཞི ་པའི་ལྷའི་འཛག་རྟེན་དུ་འགྲོ་བ་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་འཇིག་རྟེན་དུ་འགྲོ་བ་དང་། འཐབ་བྲལ་གྱི་ལྷའི་འཇིག་རྟེན་དུ་འགྲོ་བ་དང་། དགའ་ལྡན་གྱི་ལྷའི་འཇིག་རྟེན་དུ་འགྲོ་བ་དང་། འཕྲུལ་དགའི་ལྷའི་འཇིག་རྟེན་དུ་འགྲོ་བ ་དང་། གཞན་འཕྲུལ་དབོང་བྱེད་ཀྱི་ལྷའི་འཇིག་རྟེན་དུ་འགྲོ་བའོ།། གླེང་བཞི་པ་འཇིག་རྟེན་གྱི་ཁམས་ཅག་ཏུ་འཁོར་ལོ་སྒྱུར་བ་གཉིས་དུས་གཅིག་ཏུ་འབྱུང་བ་མ་ཡིན་ཏེ། འགྲན་བཟོད་མེད་པའོ་ལས་བྱས་པའི་ཕྱིར་རོ། ་སངས་རྒྱས་བཞིན་ནོ།། ཞིང་གཅིག་དུ་སངས་རྒྱས་གཉིས་འབྱུང་བ་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་འདུས་ནས་གདུལ་བར་བྱ་བའི་སྐྱེ་བོ་མི་སྲིད་པའི་ཕྱིར་དང་། མྱུར་བར་གུས་པའི་དོན་གྱི་ཕྱིར་རོ།། སངས་རྒྱས་གཅིག་ལ ་ཤིན་ཏུ་ཆོས་གུས་པར་འགྱུར་ཏེ། འདི་འདྲ་བ་རྙེད་དཀའ་བའོ་ཞེས་བསམས་ནས་བསྟན་པ་བསྒྲུབ་པ་ལ་ཤིན་ཏུ་ཆེས་གུས་པར་འགྱུར་རོ།། འདི་ནི་གཤེགས་པ་འམོ་ཡོངས་སུ་མྱ་ངན་ལས་འདས་པ་ན་བདག་དོན་མེད་པར་འགྱུར་རོ།། ་ཞེས་སོ།། སྟོང་གསུམ་འཇིག་རྟེན་ཁམས་གཞན་དུའང་སངས་རྒྱས་ཡོད་པ་ཉིད་ཏེ། གང་ལས་ཚོགས་བསགས་པ་ལ་འཇུག་པ་མང་དུ་མཐོང་བ་དང་། ཞིང་གཅིག་ཏུ་མང་པོ་རྣམས་ཅིག་ཅར་དུ་སྐྱེ་བ་མི་འཐད་པའི་ཕྱིར་རོ།། སྟོང་གསུམ ་གཞན་དུ་སངས་རྒྱས་འབྱུང་བ་ཡོད་པ་གེགས་ཡོད་པ་མ་ཡིན་ནོ།། སྟོང་གསུམ་གྱི་སྟོང་ཆེན་པོ་གཞན་དུ་ཡང་སངས་རྒྱས་འབྱུང་ངོ་ཞེས་པ་ནི་ངེས་པའོ།། བུད་མེད་ཀྱང་འཁོར་ལོ་སྒྱུར་བ་དང་བརྒྱ་བྱིན་ལ་སོགས་པ་ཐོབ་པར་འགྱུར་བ་མ ་ཡིན་ཏེ། བུད་མེད་ནི་གཞན་དབང་དུ་གྱུར་པ་དང་། བུད་མེད་ལ་སོགས་པའི་རིན་པོ་ཆེ་རྣམས་ཉེ་བར་ལོངས་སྤྱོད་པའི་ནུས་པ་མེད་པས་སོ།། རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་ཏུ་ལྷག་པར་འགྲོ་བ་ཡང་མ་ཡིན་ནོ།། དེ་ཡང་རིམ ་པ་བཞིན་དུ་བསེ་རུ་ལྟ་བུར་མ་འགྲོགས་པ་དང་། འཇིག་རྟེན་གསུམ་གྱི་སྟོན་པ་ཉིད་མི་སྲིད་པའི་ཕྱིར་རོ།། དེ་ཡང་སྐྱེ་བོ་དམུ་རྒོད་བགྲོད་བྱ་མ་ཡིན་པ་དང་ཤེས་རབ་ཆུང་བ་དང་། སློབ་དཔོན་མེད་པར་རྫོགས་པར་བྱང་ཆུབ་པ་མི་རུང ་བའི་ཕྱིར་དང་། ཀུན་སྤྱོད་ལ་ཡང་གཞན་དབང་ཡིན་པའི་ཕྱིར་རོ།། དེ་ནས་བསྐལ་པ་གང་ལ་སངས་རྒྱས་གང་འབྱུང་ཞེ་ན། བསྐལ་པ་བཟང་བ་འང་ཉིད་ལ་སངས་རྒྱས་ལྔ་འབྱུང་ངོ་ཞེས་ཁ་ཅིག་གོ།། ལྔ་བརྒྱ་ཉིད ་ཞེས་གཞན་དག་གོ།། སངས་རྒྱས་སྟོང་ཞེས་ཡང་གཞན་དག་གོ།། བསྐལ་པོ་བཟང་པོའི་མདོ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་གསུངས་ཏེ། བསྐལ་པ་བཟང་པོ་འདི་ལས་ཕྱིས་སངས་གནས་པན་རྗེ་བ་རྒྱས་མེད་པའི ་མང་བཀུར་བ་བསྐལ་པ་ཆེན་པའི་སྟོང་ཕྲག་དྲུག་ཅུ་འབྱུང་བར་འགྱུར་རོ།། དེ་ནས་ཕྱིས་བསྐལ་པ་གྲོགས་པ་ཆེན་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ།། བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་བར་འགྱུར་རོ།། ་བསྐལ་པ་གྲགས་པ་ཆེན་པོའི་ཕ་རོལ་ཏུ་སངས་རྒྱས་མེད་པའི་བསྐལ་པ་སྟོང་ཕྲག་བརྒྱད་ཆུ་འབྱུང་བར་འགྱུར་རོ།། དེ་ནས་ཕྱིས་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་བར་འགྱུརརོ།། བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས ་སྟོང་ཕྲག་བརྒྱད་ཅུ་འབྱུང་བར་འགྱུར་རོ།། བསྐལ་པ་སྐར་མ་ལྟ་བུའི་དེ་མ་ཐག་ཏུ་བསྐལ་པ་བརྒྱ་ཕྲག་གསུམ་དུ་སངས་རྒྱས་འབྱུང་བར་མི་འགྱུར་རོ།། དེ་ནས་ཕྱིས་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བ་འབྱུང་བར ་འགྱུར་རོ།། བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་འབྱུང་བར་འགྱུར་རོ།། འཕགས་པ་གནས་བརྟན་པ་ན་རེ། སངས་རྒྱས་སྤྱན་གྱིས་བསྐལ་པ་ལྔ་ཉིད་དེ། འདི་ལྟ་སྟེ། སྙིང་པོ ་ཞེས་པའི་བསྐལ་པ་དང་། སྙིང་པོ་མཆོག་ཞེས་པའི་བསྐལ་པ་དང་། མཆོག་རབ་ཞེས་པའི་བསྐལ་པ་དང་། སྙིང་པོ་ཡི་སྙིང་པོ་ཞེས་པའི་བསྐལ་བ་དང་། བསྐལ་པ་བཟང་པོའོ།། དེ་ལ་སྙིང་པོའི་བསྐལ་པ་ལ་སངས་རྒྱས ་གཅིག་ཉིད་འབྱུང་བར་འགྱུར་རོ།། སྙིང་པོ་མཆོག་གི་བསྐལ་པ་ལ་སངས་རྒྱས་གཉིས་ཉིད་འབྱུང་བར་འགྱུར་རོ།། མཆོག་རབ་ཀྱི་བསྐལ་པ་ལ་སངས་རྒྱས་གསུམ་ཉིད་འབྱུང་བར་འགྱུར་རོ།། སྙིང་པོའི་སྙིང་པོ་བསྐལ་པ་ལ ་སངས་རྒྱས་བཞི་ཉིད་འབྱུང་བར་འགྱུར་རོ།། བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་ཉིད་འབྱུང་བར་འགྱུར་རོ།། སངས་རྒྱས་དྲུག་ལ་སོགས་པའི་བསྐལ་པ་རྣམ་པ་ཐམས་ཅད་དུ་སྲིད་པར་མི་འགྱུར་རོ།། ཞེས་ཟེར་རོ།། མཁས་པ ་ཆེན་པོ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་པ་ལ་བསྐལ་པ་རྣམ་པར་ངེས་པ་སྟེ་ལེའུ་བརྒྱད་པའོ།། ། སེམས་ཅན་གྱི་འཇིག་རྟེན་འདི ་ནི། འགའ་ཞིག་ཏུ་ཕུང་པོའི་སྒོ་ནས་རྣམ་པར་བཞག་པ་བྱེད་ལ། འགའ་ཞིག་ཏུ་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་བཞག་པ་བྱེད་ཅིང་། འགའ་ཞིག་ཏུ་ཁམས་ཀྱི་སྒོ་ནས་སོ།། དེ་ལ་ཕུང་པོ་ནི་ལྔ་སྟེ་འདི་ལྟ་སྟེ། གཟུགས ་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། སྤུངས་པའི་དོན་གྱིས་ན་ཕུང་པོའོ།། དེ་ལ་གཟུགས་ནི་རྣམ་པ་གསུམ་ཏེ། འདི་ལྟ་སྟེ། ་དབང་པོའི་གཟུགས་དང་། ཡུལ་གྱི་གཟུགས་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ།། དེ་ལ་དབང་པོའི་གཟུགས་ནི་རྣམ་པ་ལྔའོ།། འདི་ལྟ་སྟེ། མིག་གི་དབང་པོ་དང་། ཉན་པའི་དབང་པོ་དང་། ་སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོའོ།། ཡུལ་གྱི་གཟུགས་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཡུལ་གཟུགས་དང་། ཡུལ་སྒྲ་དང་། ཡུལ་དྲི་དང་། ཡུལ་རོ་དང་། ཡུལ་རེག་བྱའོ།། དེ་ལ་ཡུལ་གཟུགས་ལ ་རྣམ་པ་གཉིས་འདི་ལྟ་སྟེ། ཁ་དོག་ལས་དང་། དབྱིབས་ལས་སོ།། དེ་ལ་ཁ་དོག་ལས་ནི་རྣམ་པ་བཞི་སྟེ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ།། དེ་ལས་ཕྱེ་བསོ་མང་དུ་འགྱུར་རོ།། དབྱིབས ་ལ་རྣམ་པ་བརྒྱད་ཏེ། འདི་ལྟ་སྟེ། ཐུང་བ་དང་། རིང་བ་དང་། རྡོག་པ་དང་། བཟླུམ་པོ་དང་། མཐོ་བ་དང་། དམའ་བ་དང་། མི་མཉམ་པའོ།། ཡང་གཟུགས་ནི་རྣམ་པ་ཉི་ཤུ་སྟེ་འདི་ལྟ་སྟེ། ཁ་དོག་བཞི་དང་། དབྱིབས ་བརྒྱད་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་སྣ་དང་། གྲིབ་མ་དང་། ཉི་འོད་དང་། སྣང་བ་དང་། མུན་པའོ།། ཡང་གཟུགས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས ་པོའི་གཟུགས་དང་། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སོ་དེ་ལ་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་གཟུགས་ནི་གཅིག་གོ། འདི་ལྟ་སྟེ་མིག་གི་གཟུང་བྱའི་གཟུགས་སོ་བསྟན་དུ་མེད་ཅིང ་ཐོགས་པ་དང་བཅས་པའི་གཟུགས་ནི་དགུ་སྟེ། འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་དང་། སྒྲ་ལ་སོགས་པའི་ཡུལ་བཞིའོ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ནི་གཅིག་སྟེ། འདི་ལྟ་སྟེ། རྣམ་པར་རིག ་བྱེད་མ་ཡིན་པའི་གཟུགས་སོ།། ཡང་གཟུགས་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འབྱུང་བ་ཆེན་པོའི་གཟུགས་དང་། འབྱུང་བ་ཆེན་པོ་ཉེ་བར་བླང་བྱའི་གཟུགས་སོ།། དེ་ལ་འབྱུང་བ་ཆེན་པོ་ནི་བཞི་སྟེ་འདི་ལྟ་སྟེ། ས་དང ་ཚྭ་དང་། མེ་དང་། རླུང་ངོ་།། དེ་ལ་སའི་ཆོས་བཞི་ལ་འདི་ལྟ་སྟེ། སྲུང་རུང་དང་། སྲ་བ་དང་། མཁྲང་བ་དང་། འཛིན་པའི་ལས་སོ།། ཆུའི་ཆོས་གསུམ་ལ་འདི་ལྟ་སྟེ། བཤོར་བ་དང་། སྣུམ་པ་དང་། སྡུད་པའི་ལས།། ་མའི་ཆོས་གཉིས་ལ་འདི་ལྟ་སྟེ། ཚ་བ་དང་། སྨིན་ཅིང་སྐམས་པར་བྱེད་པའི་ལས་སོ།། རླུང་གི་ཆོས་གསུམ་ལ་འདི་ལྟ་སྟེ། ཡང་བ་དང་། གཡོ་བ་དང་། འཕེལ་ཞིང་རབ་ཏུ་རྒྱས་པར་བྱེད་པའི་ལས་སོ།། འབྱུང་བ་ཆེན ་པོ་ཉེ་བར་བླང་བའི་གཟུགས་ལ་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དབང་པོ་ལྔ་དང་། ཡུལ་ལྔའོ།། སྒྲ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང ་བའོ།། དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་སྟོན་པ་མ་ཡིན་པའོ།། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལ་རྣམ་པ ་གཉིས་ནི་འདི་ལྟ་སྟེ། སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་སྟོན་པ་མ་ཡིན་པའོ།། ཡང་བཞི་པོ་འདི་རྣམས་ལ་སོ་སོར་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་དབྱེ་བས་རྣམ་པ་བརྒྱད་དོ།། དྲི་ལ་རྣམ ་པ་གསུམ་སྟེ་འདི་ལྟ་སྟེ། དྲི་བཟང་བ་དང་། དྲི་ངན་པ་དང་། དྲི་མཉམ་པའོ།། རོ་ལ་དྲུག་སྟེ་འདི་ལྟ་སྟེ། མངར་བ་དང་། སྒྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། མངར་བའོ།། རེག་བྱ་རྣམ་པ་བཅུ་གཅིག་ནི་འདི ་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། འཇམ་པ་དང་། རྩུབ་པ་དང་། ལྕི་བ་དང་། ཡང་བ་དང་། བསིལ་བ་དང་། བཀྲེས་པ་དང་། སྐོམ་པའོ།། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ་སྡོམ་པ་དང་རྗེས་སུ་འབྲེལ་པའི་གཟུགས་དང་། སྡོམ་པ་མ་ཡིན་པ་དང་རྗེས་སུ་འབྲེལ་པའི་གཟུགས་དང་། སྡོམ་པ་དང་། སྡོམ་པ་མིན་པ་མ་ཡིན་པ་དང་། རྗེས་སུ་འབྲེལ་པའི་གཟུགས་སོ།། ཚོར་བའི་ཕུང་པོ་ལ་རྣམ་པ ་གཉིས་ཏེ་འདི་ལྟ་སྟེ། ལུས་ལས་བྱུང་བའི་ཚོར་བ་དང་། སེམས་ལས་བྱུང་བའི་ཚོར་བའོ།། དེ་ལ་ལུས་ལས་བྱུང་བའི་ཚོར་བ་ལྔ་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་དང་།། རྣ་བའི ་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ངང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའིའོ།། ཡིད་ཀྱི་ནི་གཅིག་ཏུ ་ས།། ཡང་སས་ར་པ་ཅན་སས་སྨྲས་པན་མར་དུའོ།། དེས་ན་ཚུ་། ག་ནན།། ཡང་དོ་བ་རྣམསས་པ་རྣམ་པ་གསས་རྣམས་བྱུ་ཀྱ་དུ་གྱུར་གཞནན།། དཱུཀྵ་།། བྱ་ག་དང་རྫུ ་བསྔལ་བ་དང་། སྡུག་བསྔལ་མ་ཡིན་པ་དང་བདེ་བ་མ་ཡིན་པའོ།། ཡང་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང ་སྙོམས་ཀྱི་དབང་པོའི།། འདུ་ཤེས་ཀྱི་ཕུང་པོ་ལ་དྲུག་སྟེ། འདི་ལྟ་སྟེ། མིག་གི་རྣམ་ཤེས་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་། རྣ་བའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང་། སྣའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང་། ་ལྕེའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང་། ལུས་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང་། ཡིད་ཀྱི་རྣམ་ཤེས་དང་ལྡན་པའིའོ།། ཡང་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་འདི་ལྟ་སྟེ། ཆུང་ངུ་དང་། ཆེན་པོར་གྱུར་པ་དང ་ཚད་མེད་པ་སྟེ་ཞེས་བྱ་བ་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ།། འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང་། སེམས་དང་མི་ལྡན་པའི་འདུ་བྱེད་དོ།། དེ་ལ་སེམས་དང ་མཚུངས་པའི་མདོར་བསྡུས་ནས་ཆོས་བཞི་བཅུ་སྟེ། འདི་ལྟ་སྟེ། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ་ཤེས་རབ་དང་། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། བག་མེད་པ་དང་། བག་ཡོད་པ་དང་། ཡིང་འབྱུང་བ་དང་། ཡང་རང་བ་དང་། ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་སྦྱངས་པ་མ་ཡིན་པ་དང་། རྣམ་པར ་འཚེ་བ་དང་། མི་འཚེ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བཏོང་སྙོམས་དང་། རྣམ་པར་གྲོལ་བ་དང་། དགེ་བའི་རྩ་བ་དང་མ་གེ་བའི་རྩ་བ་དག་སུ་ནས་པ་དིག་ཀུན་ཏུ་སྦྱོར་བ་དང་། འཚོང་བ་དང་། བག་ལ་ཉལ་བ་དང་། ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་དང་། ཟག་པ་དང་། ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་དང་། མདུད་པ་དང་། སྒྲིབ་པ་དང་། ཤེས་པ་དང་། བཟོད་པའོ།། རྒྱས་པར་དུ། སེམས་པ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དགེ ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ།། ཡང་སེམས་པ་དྲུག་སྟེ། འདི་ལྟ་སྟེ། མིག་གི་རྣམ་ཤེས་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་བར་དུའོ།། རེག་པ་དྲུག་ནི་འདི་ལྟ་སྟེ། ་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུའོ།། དད་པ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བདེན་པ་གཉིས་དང་། བདེན་པ་བཞི་དང་། དཀོན་མཆོག་གསུམ་དང་ལས་དང་འབྲས་བུ་ལ་མངོན་པར་ཡིད་ཆེས ་པའི་རྣམ་པའི་དང་པ་དང་། དེ་རྣམས་ཀྱི་ཡོན་ཏན་དང་ལྡན་པ་ལ་རབ་ཏུ་དང་བའི་རྣམ་པ་དང་། བདག་གིས་དེ་དག་སྟེན་པར་ནུས་ཅིང་ཐོབ་པར་ནུས་པའོ་ཞེས་མངོན་པར་འདོད་པའི་རྣམ་པའི་ངད་པའོ།། ཤིན་ཏུ་སྦྱངས་པ ་གཉིས་ནི་འདི་ལྟ་སྟེ། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པའོ།། ཤིན་ཏུ་མ་སྦྱངས་པ་ལ་གཉིས་ནི་འདི་ལྟ་སྟེ། ལུས་ཤིན་ཏུ་མ་སྦྱངས་པ་དང་། སེམས་ཤིན་ཏུ་མ་སྦྱངས་པའོ།། བཏང་སྙོམས་རྣམ་པ་གཉིས་ནི་འདི ་ལྟ་སྟེ། དགྲ་བཅོམ་པ་རྣམས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་སོ་སོར་བརྟགས་པའི་བཏང་སྙོམས་དང་། སོ་སོར་སྐྱེ་བོའི་ཤེས་པའི་རྗེས་སུ་འགྲོ་བ་སོ་སོར་མ་བརྟགས་པའི་བཏང་སྙོམསོ།། དགེ་བའི་རྩ་བ་གསུམ་ནི་འདི་ལྟ་སྟེ། མ ་འཆགས་པ་དགེ་བའི་རྩ་བ་དང་། མི་སྡང་བ་དགེ་བའི་རྩ་བ་དང་། རྨོངས་པ་མེད་པ་དགེ་བའི་རྩ་བའོ།། མི་དགེ་བའི་རྩ་བ་ལ་གསུམ། འདི་ལྟ་སྟེ། ཆགས་པ་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། རྨོངས་པ་མི་དགེ་བའི ་རྩ་བའོ།། ལུང་མ་བསྟན་གྱི་རྩ་བ་ལ་བཞི་ནི་འདི་ལྟ་སྟེ། སྲིད་པ་ལུང་མ་བརྟན་གྱི་རྩ་བ་དང་། ལྟ་བ་ལུང་མ་བསྟན་གྱི་རྩ་བ་དང་། ང་རྒྱལ་ལུང་མ་བསྟན་གྱི་རྩ་བ་དང་། མ་རིག་པ་ལུང་མ་བསྟན་གྱི་རྩ་བའོ།། འདི་རྣམས་ལ་མ་རིག་པ ་བཞག་སྟེ་ལུང་མ་བསྟན་རྩ་བ་གསུམ་ཡིན་ནོ་ཞེས་ཁ་ཅིག་གོ། ཀུན་ཏུ་སྦྱོར་བ་ལ་དགུ་ནི་འདི་ལྟ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བ་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་ཀུན་ཏུ་སྦྱོར་བ་དང་། མ་རིག་པ་ཀུན་ཏུ་སྦྱོར་བ ་དང་། ལྟ་བ་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པ་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་ཀུན་ཏུ་སྦྱོར་བ་དང་། ཕྲག་དོག་ཀུན་ཏུ་སྦྱོར་པོ་དང་། སེར་སྣ་ཀུན་ཏུ་སྦྱོར་བའོ།། དེ་ལ་ལྟ་བ་ཀུན་ཏུ་སྦྱོར་བ་ལ་གསུམ་ནི་འདི་ལྟ་སྟེ། འཇིག ་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བའོ།། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ལ་གཉིས་ན་འང་ལྟ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ ་འཛིན་པའོ།། ཡང་ཀུས་ཏུ་སྦྱོར་བ་ལ་གཉིས་ནི་འདི་ལྟ་སྟེ། འོག་མའི་ཚེ་དང་མཐུན་པ་ཀུན་ཏུ་སྦྱོར་བ་དང་། གོང་མའི་མ་དང་མཐུན་པར་ཀུན་ཏུ་སྦྱོར་བའོ།། ང་ལ་འོག་མའི་མངང་མཐུན་པར་ཀུན་ཏུ་སྦྱོར་བ་ལ་རྣམ་པ་ལྡ་ན་འདི་ལྟ་སྟེ། འདོད ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལ་ལྔ་ནི་འདི་ལྟ་སྟེ། གཟུགས་ལ་ཆགས་པ་དང་། གཟུགས ་མེད་པ་ལ་ཆགས་པ་དང་། རྒོང་པ་དང་། ང་རྒྱལ་དང་། མ་རིག་པའོ།། དེ་ལ་ཉོན་མོངས་པ་རེ་རེ་རབ་ཏུ་འཇུག་པ་ན་བྱ་བ་བཅུ་བཅུ་བྱེད་པར་འགྱུར་རོ།། འདི་ལྟ་སྟེ། རྩ་བ་བསྟན་པར་བྱེད་པ་དང་། རྒྱུ་རྣམ་པར་འཇོག་པར་བྱེད་པ་དང་། ཞིང ་ཀུན་ཏུ་རྫོགས་པར་བྱེད་པ་དང་། རྒྱུ་མཐུན་ངེས་པར་འཇུག་པར་བྱེད་པ་དང་། ལས་སྲིད་པ་མངོན་པར་སྒྲུབ་པར་བྱེད་པ་དང་། རང་ཉིང་ཁུར་ཡོང་སུ་འཛིན་པར་བྱེད་པ་དང་། དམིགས་པ་ལ་རྨོངས་པར་བྱེད་པ་དང་། རྣམ་ཤེས་རྒྱུན་རྒྱུ་བར་བྱེད ་པ་དང་། དགེ་པའི་ཕྱོགས་ལས་ཤིན་ཏུ་འདའ་བར་བྱེད་པ་དང་། ཁམས་ལས་མི་འདའ་བའི་འཆིང་བ་རྒྱས་པར་བྱེད་པའོ།། འཆིང་བ་ལ་གསུམ་སྟེ། འདི་ལྟ་སྟེ། འདོད་ཆགས་འཆིང་བ་དང་། ཞེ་སྡང་འཆིང་བ་དང་། རྨོངས་པ་འཚོང་བའོ།། བག ་ལ་ཉལ་ལ་དྲུག་སྟེ་འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་བ་དང་། ཁོང་ཁྲོ་བག་ལ་ཉལ་བ་དང་། ང་རྒྱལ་བག་ལ་ཉལ་བ་དང་། མ་རིག་པ་བག་ལ་ཉལ་བ་དང་། ལྟ་བ་བག་ལ་ཉལ་བ་དང་། ཐེ་ཚོམ་བག་ལ་ཉལ་ལོ།། དེ་ལ་འདོད་ཆགས་ལ ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་ཞེས་རྣམ་པ་གཉིས་སུ་དབྱེ་བ་བྱས་པས་བག་ལ་ཉལ་དང་བདུན་དུ་གྱུར་པ་ཡིན་ནོ།། ཡང་ལྟ་བའི་བག་ལ་ཉལ་ལ་རྣམ་པ་ལྔར་ཕྱེ་བས་བག་ལ་ཉལ་བཅུར་འགྱུར་བ་ཡིན་ནོ།། འདི་ལྟ་སྟེ། ་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་།། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ་ཐེ་ཚོམ་མོ།། དེ་ལ་ང་རྒྱལ་བག་ལ་ཉལ་རྣམ་པ་བདུན་ཏེ་འདི་ལྟ་སྟེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི ་ང་རྒྱལ་ལོ།། མ་རིག་པའི་བག་ལ་ཉལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མི་ཤེས་པ་དང་། ལོག་པར་ཤེས་པ་དང་། ཐེ་ཚོམ་ཤེས་པའོ།། འཕྲ་རྒྱས་བཅུ་པོ་འདི་རྣམས་ནི་རྣམ་པ་གཉིས་སྟེ་འདི་ལྟ་སྟེ། ཁམས་ཀྱི་དབྱེ་བ་ཐ་དད་པ་དང་། ་རྣམ་པའི་དབྱེ་བས་ཐ་དད་པའོ།། དེ་ལ་ཁམས་ཀྱི་དབྱེ་བས་ཐ་དད་པ་ནི་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། འདོད་པས་བསྡུས་པ་བཅུ་དང་། ཁོང་ཁྲོ་བ་སྤངས་པའི་གཟུགས་ཀྱིས་བསྡུས་པ་དགུ་དང་། དེ་བཞིན་དུ་གཟུགས་མེད་པས་བསྡུས ་བ་དགུ་སྟེ། ཕྲ་རྒྱས་ཉི་ཤུ་བརྒྱད་དུ་འགྱུར་བ་ཡིན་ནོ།། རྣམ་པའི་དབྱེ་བས་ཐ་དད་པ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང་། ཀུན་འབྱུང་གིས་བསྡུས་པ་དང་། འགོག་པས་བསྡུས་པ་དང་། ་ལམ་གྱིས་བསྡུས་པ་དང་། སྒོམ་པས་སྤང་བར་བྱ་བའོ།། དེ་ལ་འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་ཐོབ་པ་བཅུ་སྟེ་འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིགས་ཚོགས་ལ་ལྟ་བ་དང་། ་ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། དེ་བཞིན་དུ་ཁོང་ཁྲོ་མ་རྟོགས་པ་གཟུགས་ཁམས་སུ་སྡུག་བསྔལ་གྱིས ་ཐོབ་པ་དགུའོ།། དེ་ཁོ་ན་བཞིན་དུ་གཟུགས་མེད་ཁམས་སུ་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་གྱིས་ཐོབ་པ་དགུའོ།། དེ་ལྟར་ཁམས་གསུམ་ལ་སྡུག་བསྔལ་གྱིས་ཐོབ་པ་ཕྲ་རྒྱས་ཉི་ཤུ་བརྒྱད་དུ་འགྱུར་པ་ཡིན་ནོ།། འདོད་པའི ་ཁམསུ་ཀུན་འབྱུང་གིས་ཐོབ་པ་བདུན་ནི། འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲི་དང་། ང་རྒྱལ་དང་། མ་རིག་པ་དང་། ལོག་པར་ལྟ་བ་དང་། ལྟེ་བ་མཆིག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། དེ་བཞིན་དུ་གཟུགས་ཁམ་སུ་ཁོང ་ཁྲོ་མ་ཏོགས་པ་དྲུག་དང་། དེ་བཞིན་དུ་གཟུགས་མེད་ཁམསུ་ཁོང་ཁྲོ་མ་གཏོགས་པ་དྲུག་ཏེ་ཁམས་གསུམ་ལ་ཀུན་འབྱུང་གིས་ཐོབ་པ་ཕྲ་རྒྱས་བཅུ་དགུའོ།། ཀུན་འབྱུང་གིས་བསྡུས་པ་ཇི་བཞིན་དུ་འགོག་པས་བསྡུས་པ་ཡང་དེ་བཞི་ནོ།། ། ་ཁམས་གསུམ་ལ་བདུན་དང་དྲུག་དང་དྲུག་སྟེ། འགོག་པས་བསྡུས་པ་གཅིག་མ་ཚང་བའི་ཉི་ཤུར་འགྱུར་རོ།། འདོད་པའི་ཁམསུ་ལམ་གྱིས་བསྡུས་པ་ཕྲ་རྒྱས་བརྒྱད་ཏེ། འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ་མ་རིག་པ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། དེ་བཞིན་དུ་གཟུགས་ཁམས་སུ་ཞེ་སྡང་སྤངས་པ་བདུན་དང་། དེ་བཞིན་དུ་གཟུགས་མེད ་པའི་ཁམས་སུ་བདུན་ཏེ། ཁམས་གསུམ་ལ་ལམ་གྱིས་བསྡུས་པ་ཕྲ་རྒྱས་ཉི་ཤུ་ཉེར་གཉིསུ་འགྱུར་བ་ཡིན་ནོ།། དེ་ལྟར་བདེན་པ་བཞི་ལ་མཐོང་བས་སྤང་བར་བྱ་བ་སྦྱོར་བ་བསྡུས་ཏེ་ཕྲ་རྒྱས་བརྒྱད་ཅུ་བརྒྱད་དུ་འགྱུར་རོ།། སྒོམ་པས ་སྤང་བར་བྱ་བ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འདོད་པས་བསྡུས་པ་དང་། གཟུགས་ཀྱིས་བསྡུས་པ་དང་། གཟུགས་མེད་པས་བསྡུས་པ་ཕྲ་རྒྱས་སོ།། དེ་ལ་འདོད་པས་བསྡུས་པ་བཞི་སྟེ། འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ་ང་རྒྱལ་དང་། མ་རིག་པའོ།། གཟུགས་ཀྱིས་ཐོབ་པ་ནི་གསུམ་སྟེ་འདི་ལྟ་སྟེ། འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པའོ།། དེ་བཞིན་དུ་གཟུགས་མེད་ལ་གསུམ་དང་། ཁམས་གསུམ་ལ་བསྒོམ་པས་སྤང་བར་བྱ་བའི་བག་ལ ་ཉལ་བཅུར་འགྱུར་རོ།། དེས་ན་འདོད་པས་ཐོབ་པའི་སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་། ལམ་དང་བསྒོམ་པས་སྤང་བྱ་རྣམས་ལ་རྣམ་པ་ལྔས་གྲངས་ཇི་བཞིན་དུ་བཅུ་དང་བདུན་དང་བརྒྱད་དང་བཞི་དང་སྟེ་བག་ལ ་ཉལ་སུམ་ཅུ་སོ་དྲུག་དུ་འགྱུར་རོ།། དེ་བཞིན་དུ་གཟུགས་ཀྱིས་ཐོབ་པ་དགུ་དང་དྲུག་དང་དྲུག་དང་བདུན་དང་གསུམ་དང་སྟེ་བག་མ་ཉལ་སུམ་ཅུ་སོ་གཅིག་ཏུ་འགྱུར་རོ།། དེ་བཞིན་དུ་གཟུགས་མེད་པས ་བསྡུས་པ་དགུ་དང་དྲུག་དང་དྲུག་དང་བདུན་དང་གསུམ་དང་སྟེ་བག་ལ་ཉལ་སུམ་ཅུ་སོ་གཅིག་ཏུ་འགྱུར་རོ།། དེས་ན་འདི་རྣམས་ཁམས་དང་རྣམ་པའི་དབྱེ་བ་ཐ་དད་པས་སུམ་ཅུ་སོ་དྲུག་དང་སུམ་ཅུ་སོ་གཅིག་དང་སུམ་ཅུ ་སོ་ག་ཅིག་དང་སྟེ་བག་ལ་ཉལ་དགུ་བཅུ་རྩ་བརྒྱད་དུ་འགྱུར་བ་ཡིན་ནོ།། དེ་ལ་འཁོར་བའི་ས་དགུའི་ནང་ནས་འདོད་པའི་ཁམས་སྒོམ་པས་སྤང་བྱ་པག་ལ་ཉལ་བཞི་སྟེ། འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ་རྒྱལ་དང་། མ་རིག་པའོ།། བསམ་གཏན་དང་པོའི་ས་ལ་གསུམ་སྟེ་འདི་ལྟ་སྟེ། འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པའོ།། དེ་བཞིན་དུ་བསམ་གཏན་གཉིས་པའི་ས་ལ་གསུམ། བསམ་གཏན་བཞི་པའི་ས་ལ ་གསུམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ས་ལ་གསུམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེ་ས་ལ་གསུམ། ཅི་ཡང་མེད་པའི་སྐྱེ་མཆེང་ས་ལ་གསུམ། འདུ་ཤེས་མེད་འདུ་ཤེས་མང་མིན་སྐྱེ་མཆེད་ས་ལ་གསུམ་སྟེ། ་བཞི་དང་གསུམ་སོ་བརྒྱད་ཏེ་སྒོམ་པས་སྤང་བར་བྱ་བ་བག་ལ་ཉལ་ཉི་ཤུ་ཉེར་བརྒྱད་དུ་འགྱུར་རོ།། ཡང་འདོད་པའི་ཁམས་སུ་འདོད་པ་ཁོང་ཁྲོ་ང་རྒྱལ་མ་རིག་པ་རྣམས་བཟླུམས་ཏེ། མཆོག་དང་འབྲིང་དང་ཐ་མ ་རྣམ་པ་གསུམ་དུ་བྱས་ནས། ཡང་སོ་སོར་ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཐ་མའོ།། འབྲིང་གི་ཆེན་པོ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཐ་མ་དང་། ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆུང་ངུ ་སྟེ་རྣམ་པ་དགུར་བྱོས་སོ།། དེ་བཞིན་དུ་བསམ་གཏན་དང་པོའི་ས་ལ་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་ཞེས་པ་བག་ལ་ཉལ་གསུམ་པོ་སྡོམས་ཏེ། སྔོན་བཞིན་དུ་རྣམ་པ་གསུམ་དུ་བྱས་ནས། ཡང་དེ་བཞིན་དུ་སོ་སོར་རྣམ་པ ་གསུམ་དུ་བྱིས་པོས་དབྱེ་བ་དགུར་འགྱུར་རོ།། དེ་བཞིན་དུ་ས་གཞན་བདུན་ལ་དགུ་དགུ་སྟེ་འཁོར་བའི་ས་དགུ་ལ་དགུ་པ་དགུ་སྟེ། སྒོམ་པས་སྦྱང་བར་བྱ་བ་བག་ལ་ཉལ་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ།། བསྒོམ་པའི ་ལོམ་ཡང་བཟློག་ནས་ཆུང་ངུ་འབྲིང་ཆེན་པོ་རྣམ་གསུམ་དུ་བྱས་ནས། ཡང་སོ་སོར་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་པོའི་ཆུང་ངུ་དང་། འབྲིང་པོའི་འབྲིང་པོ་དང་། འབྲིང་པོའི་ཆེན་པོ་དང་། ་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོ་རྣམས་འཁོར་བའི་ས་དགུ་ལ་དགུ་པ་དགུ་སྟེ། ཉོན་མོངས་པའི་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོའི་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་བ ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་རྣམས་ཏེ་མང་སྟེ། འདི་ལྟ་སྟེ། རྒྱུ་དང་། རྒྱགས་པ་དང་། བག་མེད་པ་དང་། ཁོན་དུ་འཛིན་པ་དང་། གཡོ་དང་། མ་དད་པ་དང་། བརྗེད་ངས་པ་དང་། ཤོས་བཞིན་མ་ཡིན་པ་དང་། རྣམ་པར ་གཡེང་བ་དང་། རང་བཞིན་རྣམ་པར་གཡེང་བ་དང་། ཕྱི་རོལ་རྣམ་པར་གཡེང་བ་དང་། ནང་རྣམ་པར་གཡེང་བ་དང་། མཚན་མ་རྣམ་པར་གཡེང་བ་དང་། ཡིད་ལ་བྱེད་པ་རྣམ་པར་གཡེང་བ་ལ་སོགས་པ་རྣམ་པ་མྱང ་དུ་ཆོས་མངོན་པ་ལ་བཤད་དོ།། ཀུན་ནས་དཀྲིས་པ་བཅུ་ནི་འདི་ལྟ་སྟེ། རྨུགས་པ་དང་། གཉིད་དང་། འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཁྲོ་བ་དང་། འཆབ་པའོ།། ཟག་པ་གསུམ་ནི་འདི ་ལྟ་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པའོ།། དེ་ལ་འདོད་པའི་ཟག་པ་རྫས་བཞི་བཅུ་རྩ་གཅིག་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་བསྡུས་པ། འདོད་ཆགས་དང་། ཁོང ་ཁྲོ་དང་། ང་རྒྱལ་དང་། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཆོམ་ཏེ་དགུའོ།། ཀུན ་འབྱུང་གིས་བསྡུས་པ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྟེ་དྲུག་གོ།། དེ་བཞིན་དུ་འགོག་པས་བསྡུས་པ་དྲུག་གོ།། ལམ་གྱིས་བསྡུས་པ། འདོད་ཆགས་དང་། ་ཁོང་ཁྲོ་དང་། ང་རྒྱལ་དང་། ལོག་པར་ལྟ་བ་དང་། ལྔ་པ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྐྱེ་བདུ་ནི།། སྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ ་ཞེས་པ་དང་། ཀུན་ནས་དཀྲིས་པ་བཅུ་དང་ནི།། འདི་ལྟ་སྟེ། རྨུགས་པ་དང་།། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། བླག་དོག་དང་། སེར་སྣ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཁྲོ་བ་དང་། འཆབ་པ་ཞེས་པ་སྟེ་འདོད་པའི་ཟག་པ་རྫས ་བཞི་བཅུ་རྩ་གཅིག་གོ། སྲིད་པའི་ཟག་པ་རྫས་ལྔ་བཅུ་རྩ་གཉིས་ནི་འདི་ལྟ་སྟེ། གཟུགས་ཁམསུ་སྡུག་བསྔལ་གྱིས་བསྡུས་པ། འདོད་ཆགས་དང་། ང་རྒྱལ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ ་འཛིན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྟེ་བརྒྱད་དོ།། ཀུན་འབྱུང་གིས་ཐོབ་པ། འདོད་ཆགས་དང་། ང་རྒྱལ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྟེ་ལྔའོ།། དེ་བཞིན་དུ ་འགོགས་པས་ཐོབ་པ་ལྔ་དང་། ལམ་གྱིས་བསྡུས་པ། འདོད་ཆགས་དང་། ང་རྒྱལ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་ཞེས་པ་སྟེ་དྲུག་གོ།། སྒོམ ་པས་སྤང་བར་བྱ་བ། འདོད་ཆགས་དང་། ང་རྒྱལ་ཞེས་པ་སྟེ་ཉི་ཤུ་ཉེར་དྲུག་གོ། དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་ཉི་ཤུ་དྲུག་སྟེ། ཉི་ཤུ་ཉེར་དྲུག་པ་གཉིས་ཏེ། སྲིད་པའི་ཟག་པ་རྫས་ལྔ་བཅུ་རྩ་གཉིས་སོ།། མ་རིག་པའི་ཟག་པ་རྫས ་བཅོ་ལྔ་སྟེ་འདི་ལྟ་སྟེ། འདོད་པའི་ཁམ་སུ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་མཐོང་བ་དང་། སྒོམ་པས་སྤང་བར་བྱ་བ་མ་རིག་པ་ལྔའོ།། དེ་བཞིན་དུ་གཟུགས་ཁམ་སུ་ལྔ། དེ་བཞིན་དུ་གཟུགས་མེད་པའི་ཁམ་སུ་ལྔ་སྟེ་མ་རིག་པའི ་ཟག་པ་རྫས་བཅོ་ལྔའོ།། ཆུ་བོ་ལ་བཞི་ནི་འདི་ལྟ་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ།། དེ་འདོད་པའི་ཆུ་བོ་ནི་རྫས་ཉི་ཤུ་ཉེར་དགུ་སྟེ། འདི་ལྟ་སྟེ། འདོད་པས་བསྡུས་པ ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ། འདོད་ཆགས་དང་། ཁྲོ་བ་དང་།། ང་རྒྱལ་དང་། ཐེ་ཚོམ་སྟེ་བཞིའོ།། དེ་ཉིད་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི་དང་། དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་བཞི་དང་། དེ་བཞིན་དུ་ལམ་མཐོང ་བ་ས་སྤང་བྱ་བཞི་དང་། སྒོམ་པས་སྤོང་བྱ་བ་ཞི་འདོད་ཆགས་དང་། ཁོང་ཁྲོ་བ་དང་ང་རྒྱལ་སྟེ་གསུམ་མོ།། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངོ་ཚ་བ་མེད་པ་དང་། ཁྲེལ་མེད་པ་དང་། ཁྲོ་བ ་དང་། འཆབོ་པ་སྟེ། འདི་ནི་འདོད་པའི་ཆུ་བོ་ཉི་ཤུ་ཉེར་དགུའོ།། སྲིད་པའི་ཆུ་བོ་རྫས་ཉི་ཤུ་ཉེར་བརྒྱད་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་འདོད་ཆགས་དང་། ང་རྒྱལ་དང་། ཐེ་ཚོམ་སྟེ་འདི་གསུམ་ནི་སྡུག་བསྔལ་གྱིས་བསྡུས་པའོ།། དེ་བཞིན་དུ་ཀུན ་འབྱུང་གིས་བསྡུས་པ་གསུམ་དང་། དེ་བཞིན་དུ་འགོག་པས་བསྡུས་པ་གསུམ་དང་། དེ་བཞིན་དུ་ལམ་གྱིས་བསྡུས་པ་གསུམ་དང་། སྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང་། ང་རྒྱལ་སྟེ་འདི་རྣམས་རྫས་བཅུ་བཞིའོ།། དེ་རྣམས་ཉིད་ནི ་གཟུགས་མེད་པ་ན་སྤྱོད་པ་རྫས་བཅུ་བཞི་སྟེ། བཅུ་བཞི་པ་གཉིས་ནི་སྲིད་པའི་ཆུ་བོ་ཉི་ཤུ་ཉེར་བརྒྱད་དོ།། ལྟ་བའི་ཆུ་བོ་རྫས་སུམ་ཅུ་རྩ་དྲུག་སྟེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་སྡུག་བསྔལ་གྱིས་བསྡུས་པ། འཇིག་ཚོགས་ལ་ལྟ་བ་དང་། ་ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་ལྔའོ།། དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་ལྔའོ།། དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་ལྔ་སྟེ། ་འདི་ནི་བཅོ་ལྔའོ།། འདོད་པ་ན་སྤྱོད་པ་གཉིས་ནི་ཀུན་འབྱུང་གིས་བསྡུས་སྟེ་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པའོ།། དེ་དག་བཞིན་དུ་གཉིས་ནི་གཟུགས་ཀྱིས་བསས་པའོ།། དེ་དག་བཞིན་དུ་གཉིས་ནི་གཟུགས་མེད་པས་བསྡུས་པ་སྟེ། ་འདི་ནི་དྲུག་གོ། འགོག་པས་བསྔོས་པ་ནི་དྲུག་པོ་དེ་ཉིད།། འདོད་པ་ན་སྤྱོད་པ་ལམ་གྱིས་བསྡུས་པ། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་ང་ང། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་སྟེ་གསུམ་དང་། དེ་ཉིད ་གཟུགས་ན་སྤྱོད་པ་གསུམ། དེ་ཉིད་གཟུགས་མེད་པ་ན་སྤྱོད་པ་གསུམ་སྟེ་དགུའོ།། འདི་ནི་ལྟ་བའི་ཆུ་བོ་རྫས་སུམ་ཅུ་དྲུག་གོ། མ་རིག་པའི་ཆུ་བོ་རྫས་བཅོ་ལྔ་སྟེ་འདི།། འདོད་པ་ན་སྤྱོད་པ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལ་མཐོང་བ ་དང་སྒོམ་པས་སྤང་བྱ་མ་རིག་པ་ལྔ་པོ་དེ་ཉིད་དོ།། དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་ལྔ་དང་། དེ་ཁོ་ན་བཞིན་དུ་གཟུགས་མེད་པས་བསྡུས་པ་ལྔ་སྟེ་མ་རིག་པའི་ཆུ་ས་བཅོ་ལྔའོ།། སྦྱོར་བ་བཞི་ནི་འདི་ལྟ་སྟེ། འདོད་པའི་སྦྱོར་བ་དང་། ་སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ།། དེ་ལ་འདོད་པའི་ཆུ་བོ་ཉིད་འདོད་པའི་སྦྱོར་བའོ།། སྲིད་པའི་ཆུ་བོ་ཉིད་སྲིད་པའོ་སྦྱོར་བའོ།། ལྟ་བ་བོ་ཉིད་ལྟེ་བའི་སྦྱོར་བའོ།། མ་རིག་པའི་ཆུ་བོ་ཉིད་མི་རོག་པའི་སྦྱོར ་བའོ།། ཞེས་སོ།། ཉེ་བར་ལེན་པ་ནི་བཞི་སྟེ་འདི་ལྟ་སྟེ། འདོད་པའི་ཉེ་བར་ལེན་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ།། དེ་ལ ་འདོད་པའི་ཆུ་བོ་ཉིད་མ་རིག་པ་ལྔ་དང་བཅས་པས་རྫས་སུམ་ཅུ་རྩ་བཞི་ནི་འདོད་པའི་ཉེ་བར་ལེན་པའོ།། ལྟ་བའི་ཆུ་བོ་ཉིད་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་དྲུག་སྤངས་པ་རྫས་སུམ་ཅུ་ནི་ལྟ་བའི་ཉེ་བར ་ལེན་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་དྲུག་ནི་ཚུལ་བརྟུལ་ཉེ་བར་ལེན་པའོ།། སྲིད་པའི་ཆུ་བོ་ཉིད་གཟུགས་ཀྱིས་བསྡུས་པ་མ་རིག་པ་རྣམ་པ་ལྔ། གཟུགས་མེད་པས་བསྡུས་པ་མ་རིག་པ ་རྣམ་པ་ལྔ་བཅུག་སྟེ། རྨུགས་པ་དང་གཉིད་དང་བཅས་པས་རྫས་བཞི་བཅུ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ།། མདུད་པ་བཞི་ནི་འདི་ལྟ་སྟེ། མ་རིག་པའི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་ནི་ཡོད་དོ་ཞེས་མངོན་པར་ཞེན་པའི་ཚོགས་ཀྱིས་མདུད་པའོ།། སྒྲིབ་པ་ནི་ལྔ་སྟེ་འདི་ལྟ་སྟེ། འདོད་པ་ལ་མདུན་པ་དང་། གནོད་སེམས ་དང་། རྨུགས་གཉིད་དང་རྒོད་འགྱོད་དང་། ཐེ་ཚོམ་མོ།། ཤེས་པ་ལ་བཅུ་གཉིས་ནི་འདི་ལྟ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། གཞན་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པ་དང་། ལེགས་པར་གོམས་པར་ཤེས་པའོ།། །། བཟོད་པ་ལ་བརྒྱད་ནི་འདི་ལྟ ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པའི ་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། དེ་ལ་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ལྔ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ་སྤང་བྱ་དང་། བླང་བྱའོ།། དེ་ལ་གཙོ་བོའི་དངོས་ཀྱི་སྤང་བྱ་ནི་འདུ་བྱེད་ལ་བཅུ་བདུན་ནི་འདི་ལྟ་སྟེ། ཤིན་ཏུ་མ་སྤངས་པ་དང་། འཚེ་བ་དང་། བག་མེད་པ་དང་། ཤེས་བཞིན་མ་ཡིན་པ་དང་། མི་དགེ་བའི་རྩ་བ་དང་། ལུང་མ་བསྟན་གྱི་རྩ ་པ་དང་། ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉོལ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་དང་། ཟག་པ་དང་། ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་དང་། མདུད་པ་དང་། སྒྲིབ་པའོ།། གཙོ་བོ་མ་ཡིན་པ་ཡང ་ཉོན་མོངས་པ་ལས་བྱུང་བ་དང་ཉོན་མོངས་པ་དང་མི་དགེ་བ་དང་ལུང་མ་བསྟན་དང་སེམས་པ་ལ་སོགས་པ་ཟག་པ་དང་བཅས་པ་དང་ཀུན་རྫོབ་ཤེས་པ་ནི་སྤང་བྱའོ།། བླང་བྱའི་འདུ་བྱེད་ལ་ཉི་ཤུ་རྩ་བཞི་ནི། འདི་ལྟ་སྟེ། སེམས་པ་དང་།། ་རག་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། མྱོས་པ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་རྟོག་དང་། དཔྱོད་པ་དང་། བག་ཡོད་པ་དང་། ཡོད ་འབྱུང་བ་དང་། ཡིད་རང་བ་དང་། ཤིན་ཏུ་སྦྱངས་པ་དང་། མ་འཚོ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་གྲོལ་བ་དང་། དགེ་བའི་རྩ་བ་དང་། ཤེས་པ་དང་། བཟོད་པའོ།། ཡང་སེམས་ལས ་བྱུང་བའི་འདུ་བྱེད་ལ་རྣམ་པ་ལྔ་ནི་འདི་ལྟོ་སྟེ། ས་ཆེན་པོ་པ་དང་། དགེ་བའི་ས་ཆེན་པོ་པ་དང་། ཉོན་མོངས་པའི་ས་ཆེན་པོ་པ་དང་། མི་དགེ་བའི་ས་ཆེན་པོ་པ་དང་། སྣ་ཆུང་ངུ་པའོ།། དེ་ལ་སེམས་གང་ལ་ཐམས་ཅད་འབྱུང་བ་དེ་ནི་ས་ཆེན་པོ ་པའོ།། འདི་ལྟ་སྟེ། ཚོར་བ་དང་། སེམས་པ་དང་། འདུ་ཤེས་དང་། འདུན་པ་དང་། རེག་པ་དང་། ཤེས་རབ་དང་། དྲན་པ་དང་། ཡིད་ལ་བྱེད་པ་དང་། མོས་པ་དང་། ཏིང་ངེ་འཛིན་ནོ།། སེམས་གང་ལ་དུས་ཐམས་ཅད་དུ་དགེ་བ་འབྱུང་བ་དེ ་ནི་དགེ་བའི་ས་ཆེན་པོ་པ་སྟེ་བཅུའོ།། འདི་ལྟ་སྟེ། དད་པ་དང་། ངག་ཡོད་པ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དགེ་བའི་རྩ་བ་དང་། མི་སྡང་བ་དགེ་བའི་རྩ་བ་དང་། ་མེམི་འཚོ་བ་དང་། བརྩོན་འགྲུས་སོ།། སེམས་གང་དུས་རྟག་ཏུ་ཉོན་མོངས་པ་ཅན་ཉིད་འབྱུང་བ་དེ་ནི་ཉོན་མོངས་པའི་ས་ཆེན་པོ་སྟེ་དྲུག་གོ། འདི་ལྟ་སྟེ། རྨོངས་པ་དང་། བག་མེད་པ་དང་། ལེ་ལོ་དང་། མ་དད་པ་དང་། རྨུགས་པ ་དང་། རྒོད་པའོ།། སེམས་གང་དག་ལ་དུས་རྟག་ཏུ་མི་དགེ་བའི་སེམས་འབྱུང་བ་དེ་དག་ནི་མི་དགེ་བའི་ས་ཆེན་པོ་པ་གཉིས་ནི་འདི་ལྟ་སྟེ། ངོ་ཚ་བ་མེད་པ་དང་། ཁྲེལ་མེད་པའོ།། གང་ཡིད་ཀྱི་ས་བ་སྒོམས་པས་སྤང་བར་བྱ་བ་མ་རིག་པ ་ཙམ་ཉིད་ཀྱིས་རབ་ཏུ་ལྡན་པ་དེ་ནཾ་ས་ཆུང་ངུ་པ་སྟེ་བཅུའོ།། འདི་ལྟ་སྟེ། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། གཡོ་དང་། ཕྲག་དོག་དང་། འཚིག་པ་དང་། འཆབ་པ་དང་། སེར་སྣ་དང་། སྒྲ་དང་། རྒྱགས་པ་དང་། རྣམ་པར་འཚེ་བའོ།། ་གཞན་སེམས་ཐམས་ཅད་ལ་ཡང་ངེས་པ་མེད་པར་གྱུར་པའི་སེམས་ལས་བྱུང་བ་ཡིན་པ་ནི་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པ་དང་། འགྱོད་པ་དང་། གི་ཉིད་ལ་སོགས་པའོ།། འདོད་པ་ན་སྤྱོད་པའི་སེམས་ཀྱང ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དགེ་བའི་སེམས་དང་། མི་དགེ་བའི་སེམས་དང། ལུང་དུ་མ་བསྟན་པའི་སེམས་སོ།། དེ་ལ་དགེ་བའི་སེམས་མང་དུ་གྱུར་པས་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དད་པ་མཚུངས་པོར་ལྡན་པ་དང་། ་བག་ཡོད་པ་མཚུངས་པར་ལྡན་པ་དང་། ཤིན་ཏུ་སྦྱངས་པ་མཚུངས་པར་ལྡན་པ་དང་། བཏང་སྙོམས་མཚུངས་ལྡན་དང་། ངོ་ཚ་ཤེས་པ་མཚུངས་ལྡན་དང་། ཁྲེལ་ཡོད་པ་མཚུངས་ལྡན་དང་། མ་ཆགས་པ་མཚུངས་ལྡན་དང་། ་མི་སྡང་བ་མཚུངས་ལྡན་དང་། མི་འཚེ་བ་མཚུངས་ལྡན་དང་། བརྩོན་འགྲུས་མཚུངས་ལྡན་ནོ།། མཾ་དགེ་བའི་སེམས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། མ་འདྲེས་པ་དང་། ཉོན་མོངས་པ་གཞན་གྱིས་མཚུངས་ལྡན་ནོ།། དེ་ལ་མ ་འདྲེས་པ་ནི་གང་ལས་མ་རིག་པ་འགའ་ཞིག་གིས་མཚུངས་ལྡན་ནོ།། ཉོན་མོངས་གཞན་གྱིས་མཚུངས་ལྡན་ནི་རྣམ་པར་དབྱེ་བ་བཅོ་བརྒྱད་དོ།། འདི་ལྟ་སྟེ། ལོག་པར་ལྟ་བས་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པས་དང་། འདོད་ཆགས་ཀྱིས་དང་། ཁོང་ཁྲོ་བས་དང་། ང་རྒྱལ་གྱིས་དང་། ཐེ་ཚོམ་གྱིས་དང་། ཁྲོ་བས་དང་། མཁོན་དུ་འཛིན་པས་དང་། གཡོ་དང་། ཕྲག་དོག་གིས་དང་། འཚིག་པས་དང་། ་འཆབ་པས་དང་། སེར་སྣས་དང་། སྒྱུས་དང་། རྒྱགས་པས་དང་། རྣམ་པར་འཚེ་བས་དང་། འགྱོད་པས་དང་ངོ་།། སོ་སོ་ལ་མཚུངས་ལྡན་ཞེས་སྦྱར་བར་བྱས། ལུང་མ་བསྟན་པ་རྣམ་པར་དབྱེ་བ་གཉིས་ནི། འདི་ལྟ་སྟེ། སྒྲིབ་པ་ལུང ་མ་བསྟན་དང་། སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ཏོ།། དེ་ལ་སྒྲིབ་པ་ལུང་མ་བསྟན་ལ་གཉིས་ནི་འདི་ལྟ་སྟེ། འཇིག་ཚོགས་ལྟ་བ་དང་། མཐར་འཛིན་པར་ལྟ་བས་དང་ངོ་།། མཚུངས་པར་ལྡན་པས་སོ།། སྒྲིབ་པའི་ལུང་མ་བསྟན་ལས ་གཞན་ལུང་མ་བསྟན་ནི་སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ཏོ།། དེ་ལ་འདོད་པ་ན་སྤྱོད་པ་དགེ་བའི་སེམས་ལ་ངེས་པར་སེམས་ལས་བྱུང་བ་ཉི་ཤུ་ཉེར་གཉིས་སུ་འགྱུར་རོ།། འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང་། དགེ་བའི་ས་ཆེན་པོ་པ་བཅུ ་དང་། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའོ།། རེས་འགའ་ཡང་འགྱོད་པ་དང་། ལྷན་ཅིག་པས་ཉེར་གསུམ་དུ་འགྱུར་རོ།། རོས་འགའི་ཚེ་ཡང་གཉིད་དང་ལྷན་ཅིག་པས་སེམས་ལ་བྱུང་བ་ཉི་ཤུ་ཉེར་གསུམ་དུ་འགྱུར་བ་ཡིནོ།། ་མི་དགེ་བའི་སེམས་ལ་འདྲེས་པ་ལ་ཡང་སེམས་ལས་བྱུང་བ་ཉི་ཤུ་སྟེ། འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང་། ཉོན་མོངས་པའི་ས་ཆེན་པོ་པ་དྲུག་དང་། མི་དགེ་བའི་ས་ཆེན་པོ་པ་གཉིས་དང་། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའོ།། ་ལོག་པར་ལྟ་བའི་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉི་ཤུའོ།། རེས་འགའ་ཡང་གཉིད་དང་ལྷན་ཅིག་པས་ཉི་ཤུ་ཉེར་གཅིག་གོ།། ལྟ་བ་མཆོག་ཏུ་འཛིན་པས་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉི ་ཤུ་ཉེར་གཅིག་གོ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉེར་གཅིག་གོ། འདོད་ཆགས་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ཤུའོ།། འདོད་ཆགས་དང་། རིས ་འགའ་ཡང་གཉིད་ཅེས་པ་དང་ཉི་ཤུ་ཉེར་གཉིས་སོ།། ཁོང་ཁྲོ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ཤུའོ།། ཁོང་ཁྲོ་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉེར་གཉིས་སོ།། ང་རྒྱལ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི ་ཤུའོ།། ང་རྒྱལ་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉི་ཤུ་ཉེར་གཉིས་སོ།། ཐེ་ཚོམ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ཤུའོ།། ཐེ་ཚོམ་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉི་ཤུ་ཉེར་གཉིས་སོ།། ཁྲོ་བ་མཚུངས་ལྡན ་པ་དེ་བཞིན་དུ་འཁྲོ་བ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། ཁོན་དུ་འཛིན་པ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་མཁོན་དུ་འཛིན་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། གཡོ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ ་གཡོ་དང་གཉིད་ཅེས་པ་སྟེ་ཉི་ཤུ་ཉེར་གཉིས་སོ།། འཚིག་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཚིག་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། འཆབ་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཆབ་པ ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། སེར་སྣ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་སེར་སྣ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། སྒྱུ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་སྒྲ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། རྒྱགས་པ ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་རྒྱགས་པ་དང་། གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། འཚེ་བ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཚེ་བ་དང་གཉིད་ཅེས་པ་སྟེ་ཉེ་རོ་གཉིས་སོ།། འགྱོད་པ་མཚུངས་ལྡན་སེམས་ལ་དེ་ཉིད ་བཞིན་དུ་འགྱོད་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ།། སྒྲིབ་པ་ལུང་མ་བསྟན་སེམས་ལ་སེམས་ལས་བྱུང་བ་བཅོ་བརྒྱད་དུ་འགྱུར་ཏེ། རེས་འགའ་ཡང་གཉིད་དང་ལྷན་ཅིག་པས་བཅུ་དགུའོ།། འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང་། ་ཉོན་མོངས་པའི་ས་ཆེན་པོ་པ་དྲུག་དང་། རྣམ་རྟོག་དང་། རྣམ་པར་དཔྱོད་པ་དང་། གཉིད་དོ།། སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་སེམས་ལ་སེམས་བྱུང་བཅུ་གཉིས་ཏེ་འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང་། རྣམ་རྟོག་དང་། རྣམ ་དཔྱོད་དང་། རེས་འགའ་ཡང་གཉིད་དོ།། ཁ་ཅིག་ལུང་མ་བསྟན་ལ་ཡང་། འགྱོད་པ་ཡོད་པས་འགྱོད་པ་དང་ལྷན་ཅིག་སེམས་བྱུང་བཅུ་བཞིའོ།། ཟེར་རོ།། འདི་ནི་འདོད་ཁམས་ཀྱི་སེམས་དང་སེམས་བྱུང་ངེས་པའོ།། གཟུགས ་དང་གཟུགས་མེད་ཁམས་མི་དགེ་བ་དང་། སྒྲིབ་པ་ལུང་མ་བསྟན་གྱི་ཁམས་རྣམ་པ་ཐམས་ཅད་དུ་མེད་དོ།། དགེ་བ་དང་སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ནི་ཡོད་པ་ཉིད་དོ།། དེས་ན་བསམ་གཏན་དང་པོ་ན་འགྱོད་པ་དང་གཉིད་དག་རྣམ་པ ་ཐམས་ཅད་དུ་མེད་དོ།། འདི་ལྟ་སྟེ། ཁོང་ཁྲོ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། ཕྲག་དོག་དང་། འཆག་པ་དང་། འཆབ་པ་དང་། སེར་སྣ་དང་། རྣམ་པར་འཚོ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་རྣམས་མེད་དོ།། གཡོ་དང ་རྒྱགས་པ་དང་སྒྲ་ནི་ཡོད་དོ།། གཞན་ཐམས་ཅད་འདོད་ཁམས་བཞིན་ནོ།། བསམ་གཏན་ཁྱད་པར་ཅན་ལ་ཡང་རྣམ་པར་རྟོག་པ་ཡང་མེད་དོ།། བསམ་གཏན་དང་པོ་ལས་ཕ་རོལ་ན་བསམ་གཏན་གཉིས་པ་ལ་སོགས་པ་རྣམས ་གཟུགས་དང་གཟུགས་མེད་པ་རྣམསུ་འདི་ལྟར་རྟོག་པ་ཡང་མེད་དོ།། རྣམ་པར་དཔྱོད་པ་ཡང་མེད་།། སྒྱུ་དང་གཡོ་ཡང་མེད་དོ།། ལྷག་མ་ནི་སྔོན་བཞིན་ནོ།། སེམས་དང་མི་ལྡན་པའི་འདུ་བྱེད་ལ་བཅུ་དགུ་ནི་འདི་ལྟ་སྟེ། ཐོབ ་པ་དང་། མ་ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་དང་། འཚོ་བའི་དབང་པོ་དང་། བསྐལ་པ་མཐུན་པ་དང་། གནས་སོ་སོར་ཐོབ་པ་དང་། དངོས་པོ ་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་། སྐྱེ་བ་དང་། རྒས་པ་དང་། གནས་པ་དང་། མི་རྟག་པ་ཉིད་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། མ་འཚོགས་པ་དང་། འཚེགས་པའོ།། ་སོ་ཉེ་བ་དང་། དག་པ་དང་། འཇུག་པ་ངེས་པ་དང་། སྦྱོར་བ་དང་བང་མགྱོགས་པ་དང་། མ་པ་དང་། དུས་དང་། ཡུལ་དང་། གྲངས་ཅེས་པ་ཆོས་དགུ་ནི་མི ་པ་ལའོ།། རྣམ་པར་ཤེས་པ་བདུན་ནི་རྣམ་པར་ཤེས་པའི་ལུང་བའོ།། འདི་ལྟ་སྟེ། མིག་གི་རྣམ་ཤེས་དང་། རྣ་བའི་རྣམ་ཤེས་དང་། སྣའི་རྣམ་ཤེས་དང་། ལྕེའི་རྣམ་ཤེས་དང་། ལུས་ཀྱི་རྣ་ཤེསཔ ་རྣམ་ཤེས་དང་། ཡིད་ཀྱི་དབང་པའོ།། འདི་བདུན་རྣམསུ་སོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞི་རྣམ་པར་ཤེས་པ་དག་བསྡུས་པས་རྣམ་པར་ཤེས་པ་དགུ་ནི་རྣམ་པར་ཤེས་པའི་ཕུང་པོའོ།། དེ་ལ་ཆོས་པ་ཀུན་ཀུན་གཞི་རྣས ་ཤེས་པ་ལ་སྟོན་ཏོ།། འདི་ལྟ་སྟེ། དགེ་བའི་རྩ་བ་རྒྱུན་གཅོད་པ་དང་། དགེ་བའི་རྩ་བ་ཡང་དག་པར་འཛིན་པ་དང་། ཁམས་ལ་འདོད་ཆགས་དང་བྲལ་བ་དང་། ས་ལ་འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་ཉམས་པ་དང་། ་དང་། སྐྱེ་བའོ།། ཁམས་ལ་བཅོ་བརྒྱད་ཏེ་ལོང་ལྟ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། ་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས ་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ།། སྐྱེ་མཆེད་ནི་བཅུ་གཉིས་ཏེ་འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི ་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ།། དེ་ལ་ཡོད་ཀྱི་སྐྱེ་མཆོད་དངོས་པོ་བདུན་ཏེ། ་འདི་ལྟ་སྟེ། དབང་པོ་དྲུག་གི་རྣམ་ཤེས་དང་ཡིད་ཀྱི་དབང་པོའོ།། ཀུན་གཞིའི་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཡིད་ཀྱི་རྣམ་ཤེས་དང་། གཉིད་ཀྱིས་ལྷན་ཅིག་པས་ཡིད་ཀྱི་སྐྱེ་མཆེད་ནི་དངོས་པོ་དགུའོ།། ཆོས་བདུན་ནི་ཆོས་ཀྱི ་སྐྱེ་མཆེད་དོ།། འདི་ལྟ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག ་པའོ།། དེ་རྣམས་ཀུན་ཏུ་བསྡུ་བ་ཡང་འདི་བཞིན་ཏེ། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་ནི་གཟུགས་ཀྱི་ཕུང་པོའོ།། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་ཤེས་ཀྱི་ཕུང་པོའོ།། ཆོས་ཀྱི་སྐྱེ་མཆེད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོའོ།། ་ཁམས་རྣམས་སུ་བསྡུ་བ་ཡང་འདི་བཞིན་ཏེ། གཟུགས་ཅན་སྐྱེ་མཆེད་བཅུ་ནི་གཟུགས་ཅན་ཁམས་བཅུའོ།། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཁམས་དྲུག་དོང་ཡིད་ཀྱི་ཁམས་སོ།། ཆོས་ཀྱི་སྐྱེ་མཆེད་ནི་ཆོས་ཀྱི་ཁམ་སོ།། ་ཁམས་བཅོ་བརྒྱད་པོ་འདི་རྣམས་ཀྱི་ནང་ན། འདོད་པ་ན་སོ་སོར་ཡང་དག་པར་ལྡན་པ་དུ་ཞེ་ན། ཁམས་ཐམས་ཅད་ཉིད་དོ།། གཟུགས་ན་སོ་སོར་ཀུན་ཏུ་ལྡན་པ་དུ་ཞེ་ན། ཁམས་དེ་རྣམས་ལ་དྲི་དང་རོ་དང་སྣའི་རྣམ ་ཤེས་དང་ལྕེའི་རྣམ་ཤེས་མ་གཏོགས་པ་གཞན་ཁམས་བཅུ་བཞི་རྣམས་སོ།། གཟུགས་མེད་པ་ན་ཆོས་ཀུན་ཏུ་ལྡན་པ་དུ་ཞེ་ན། ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་དང་། གསུམ་ཆེར་ཟག་པ ་དང་བཅས་པའོ།། ཁམས་གསུམ་ན་མི་ལྡན་པ་དུ་ཞེ་ན། གང་ལ་ཟག་པ་མེད་པའི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་སོ།། ཁམས་བཅུ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ། ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་དང་། སྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི ་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་དབང་པོ་དང་། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཆོས་ཀྱི་ཁམས་སོ།། ལུང་དུ་མ་བསྟན་པའི་ཁམས་བརྒྱད་ཏེ། འདི་ལྟ་སྟེ། མིག་གི་ཁམས་དང་། རྣ་བའི་ཁམས་དང་། ་སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་བྱའི་ཁམསོ།། ཡང་ཁམས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་ལོ།། དེ་ལ་ནང་གི་ནི་ལྷག་དང་བཅས ་པའི་བཅུ་གཉིས་སོ།། འདི་ལྟ་སྟེ། དབང་པོ་དྲུག་གི་ཁམས་དང་། རྣམ་ཤེས་དྲུག་གི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཆ་འགའ་ཞིག་གོ།། ཕྱི་རོལ་གྱི་ཁམས་ལ་ལྷག་དང་བཅས་པའི་ལྷ་ནཱི་འདི་ལྟ་སྟེ། གཟུགས་སྐུ་དྲི་རོ་རག་བྱམ ་ཁམས་དང་། ཆོས་ཁམས་ཀྱི་གའོ།། ཡང་ཁམས་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའོ།། དེ་ལ་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་ནོ།། ལྷག་མ་ནི་དམིགས ་པ་མེད་པ་སྟེ་བཅུ་གཅིག། དེ་ཉིད་ནི་བདེན་པ་བཞི་སྟེ་འདི་ལྟ་སྟེ། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ།། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཁམས་ཐམས་ཅད་དོ།། ཀུན ་འབྱུང་བདེན་པ་ནི་ཟག་བཅས་ཆོས་ཀྱི་ཁམས་ཀྱི་ཆའོ།། ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་ཀྱི་ཁམས་ཀྱི་ཆ་འགའོ།། འགོག་པའི་བདེན་པ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཀྱི་ཆ་འགའ་ཉིད་དོ།། དེ་ཉིད་ནི་རང་བཞིན་གསུམ ་སྟེ་འདི་ལྟ་སྟེ། ཀུན་བརྟགས་ཀྱི་རང་བཞིན་དང་། གཞན་དབང་གི་རང་བཞིན་དང་། ཡོངས་གྲུབ་ཀྱི་རང་བཞིན་ནོ།། དེ་ལ་ཁམས་ཐམས་ཅད་ནི་ཀུན་བརྟགས་དང་གཞན་དབང་ཉིད་དོ།། འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཀྱི་ཆ་འགའ ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ནོ།། དེ་ཉིད་ནི་བདེན་པ་གཉིས་ཏེ། འདི་ལྟ་སྟེ། ཀུན་རྫོབ་བདེན་པ་དང་། དོན་དམ་པའི་བདེན་པའོ།། དེ་ལ་ཁམས་ཀུན་ཉིད་ནི་ཀུན་རྫོབ་བདེན་པའོ།། འདུས་མ་བྱས་ཆོས་ཀྱི་ཁམས་ཀྱི་ཆ་འགལ ་ནི་དོན་དམ་པའི་བདེན་པའོ།། འདིར་ཁམས་དྲུག་པོ་འདི་ནི་སྐྱེས་བུ་དང་གང་ཟག་ཞེས་པ་ཁམས་དྲུག་ནི་འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། ་རྣམ་པར་ཤེས་པའི་ཁམས་སོ།། ཡང་ཆོས་རྣམས་མདོར་བསྡུས་ན་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའོ།། དེ་ལ་ཆོས་གཟུགས་ཅན་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། འབྱུང་བ་དང་། འབྱུང་བ་ལས ་བྱུང་བའོ།། ཆོས་གཟུགས་ཅན་མ་ཡིན་པ་ནི་གཉིས་འདི་ལྟ་སྟེ། འདུས་བྱས་དང་། འདུས་མ་བྱས་སོ།། དེ་ལ་ཆོས་གཟུགས་ཅན་མ་ཡིན་པ་འདུས་བྱས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སེམས་དང་། སེམས་ལས་བྱུང་བ་དང་། སེམས་དང ་མི་ལྡན་པའོ།། ཆོས་གཟུགས་ཅན་མ་ཡིན་པ་འདུས་མ་བྱས་ནི་རྣམ་པ་བཞི། འདི་ལྟ་སྟེ། ན་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། ཆོས་རྣམས་ཀྱི་ཆོས་ཉིད་དོ།། དེས་ན་འདོད ་པའི་ཁམས་ཐམས་ཅད་ཕུང་པོ་ལྔའི་བདག་ཉིད་ཅན་ནོ།། གཟུགས་ཁམས་ཀྱང་འདུ་ཤེས་མེད་པའི་སེམས་ཅན་སྤངས་པ་ཕུང་པོ་ལྔའི་བདག་ཉིད་ཅན་ནོ།། འདུ་ཤེས་མེད་པའི་སེམས་ཅན་ནི་ཕུང་པོ་གཉིས་ཏེ། གཟུགས་དང་འདུ་བྱེད ་ཀྱི་ཕུང་པོ་ཙམ་ཡིན་པས་སོ།། གཟུགས་མེད་པའི་ཁམས་ནི་ཕུང་པོ་བཞིའི་བདག་ཉིད་ཅན་ཏེ། དེ་ལ་གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་རོ།། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་གཤེས་གཉེན་གྱིས་རྣམ་པར ་སྨྱོས་པ་འདུས་བྱས་དང་འདས་མ་བྱས་རྣམ་པར་ངེས་པ་ལས། ཕུང་པོ་སྐྱེ་མཆེད་ཁམས་རྣམ་པར་ངེས་པ་ཞེས་པ་ལེའུ་དག་པའོ།། སྣོད་དང་སེམས་ཅན་གྱི་འཇིག་རྟེན་གཉིས་དག་གིས་བསྐྱེད་པར་བྱེད་པ་རླན་ཅིང་འབྲེལ་བར་བྱུང ་བ་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། དེ་ལ་སྣོད་ཀྱི་འཇིག་རྟེན་སྐྱེང་པར་བྱེད་པ་ཐུན་སྟོང་གི་ལས་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བའོ།། སེམས་ཅད་འཇིག ་རྟེན་བསྐྱེད་པར་བྱེད་པ་ཐུན་མོང་མོ་ཡིན་པ་ལས་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡན་ལག་བཅུ་གཉིས་ཏེ། འདི་ལྟར། མ་རིག་པའི་ཡན་ལག་དང་། འདུ་བྱེད་ཀྱི་ཡན་ལག་དང་། རྣམ ་པབཔར་ཤེས་པའི་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ་མཆེང་དྲུག་གི་ཡན་ལག་དང་། རེག་པའི་ཡན་ལག་ད་།། ཚོར་བའི་ཡན་ལག་དང་། སྲེད་པའི་ཡན་ལག་དང་། ཉེ་བར་ལེན་པའི་ཡན་ལག་དང་། སྲིད་པའི་ཡན ་ལག་དང་། སྐྱེ་བའི་ཡན་ལག་དང་། རྒ། ཤིའི་ཡན་ལག་གོ། དེ་རྣམས་ནི་ཡན་ལག་བཞི་ཉིད་དུ་འགྱུར་ཏེ། འདི་ལྟ་སྟེ། འཕེན་པར་བྱེད་པའི་ཡན་ལག་དང་། འཕངས་པའི་ཡན་ལག་གོ།། མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་དང་། ་མངོན་པར་སློབ་པར་བྱ་བའི་ཡན་ལག་གོ། དེ་ལ་འཕེན་པར་བྱེད་པའི་ཡན་ལག་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། མི་རིག་པའི་ཡན་ལོག་དང་། འདུ་བྱེད་ཀྱི་ཡན་ལག་དང་། འཕངས་པའི་ཡན་ལག་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། རྣམ་པར ་ཤེས་པའི་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ་མཆེད་དྲུག་གི་ཡན་ལག་དང་། རེག་པའི་ཡན་ལག་དང་། ཚོར་བའི་ཡན་ལག་གོ། མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་རྣམ ་པ་གསུམ་ནི་འདི་ལྟ་སྟེ། སྲེད་པའི་ཡན་ལག་དང་། ཉེ་བར་ལེན་པའི་ཡན་ལག་དང་། སྲིད་པའི་ཡན་ལག་གོ། མངོན་པར་སྒྲུབ་པར་བྱ་བའི་ཡན་ལག་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སྐྱོ་བུའི་ཡན་ལག་དང་། རྒ་ཤིའི ་ཡན་ལག་གོ། ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་དུམ་བུ་གསུམ་ནི་འདི་ལྟ་སྟེ། སྔོན་གྱི་དུམ་བུ་དང་། པར་གྱི་དུམ་བུ་དང་། མཐའ་མའི་དུམ་བུའོ།། དེ་ལ་སྔོན་གྱི་དུམ་བུ་ནི་དེ་མ་ཐག་པའི་སྐྱེ་བ་སྔོན་མ ་དང་འབྲེལ་པའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང་། འདུ་བྱེད་ཀྱི་ཡན་ལག་གོ། བར་གྱི་དུམ་བུ་ནི་སྐྱེ་བ་དང་ལྟ་བ་དང་འབྲེལ་པའི་ཡན་ལག་བརྒྱད་ནི། འདི་ལྟ་སྟེ། རྣམ་པར་ཤེས་པའི ་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ་མཆེད་དྲུག་གི་ཡན་ལག་དང་། རེག་པའི་ཡན་ལག་དང་། ཚོར་པོའི་ཡན་ལག་དང་། སྲེད་པའི་ཡན་ལག་དང་། ཉེ་བར་ལེན་པའི་ཡན་ལག་དང་། སྲིད ་པའི་ཡན་ལག་གོ།། མཐའ་མོའི་དུམ་བུ་ནི་འོངས་པའི་སྐྱེ་བ་དང་འབྲེལ་པའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། སྐྱེ་བའི་ཡན་ལག་དང་། རྒ་ཤིའི་ཡན་ལག་གོ།། ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཐའ་གཉིས ་ནི་འདི་ལྟ་སྟེ། སྔོན་གྱི་མཐའ་ཅན་དང་། ཕྱི་མའི་མཐའ་ཅན་ནོ།། དེ་ལ་སྔོན་གྱི་མཐའ་ཅན་ལ་གཉིས་ཀྱི་བདག་ཉིད་དེ་འདི་ལྟ་སྟེ། རྒྱུའི་བདག་ཉིད་དང་འབྲས་བུའི་བདག་ཉིད་དོ།། དེ་ལ་རྒྱུའི་བདག་ཉིད་ནི་སྐྱེ་བ་སྔོན་མ་དང་འབྲེལ ་པའི་ཡན་ལག་ལེ་གཉིས་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང་། འདུ་བྱེད་ཀྱི་ཡན་ལག་གོ། འབྲས་བུའི་བདག་ཉིད་ལ་འཇུག་བཞིན་པའི་སྐྱེ་བ་དང་འབྲེལ་པའི་ཡན་ལག་ལྔ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་དང་། ་མིང་དང་གཟུགས་དང་།། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བའོ།། ཕྱི་མའི་མཐའ་ཅན་ཡང་གཉིས་ཀྱི་བདག་ཉིད་ཏེ། རྒྱུའི་བདག་ཉིད་དང་། འབྲོས་བུའི་བདག་ཉིད་དོ།། དེ་ལ་རྒྱུའི་བདག་ཉིད་ནི། ད་ལྕིའི་སྐྱེ་བ་དང་འབྲེལ ་བའི་ཡན་ལག་གསུམ་ནི་འདི་ལྟ་སྟེ། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པའོ།། འབྲས་བུའི་བདག་ཉིད་དུ་མ་ཟག་པ་མ་འོངས་པའི་སྐྱེ་བ་དང་འབྲེལ་པའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། སྐྱེ་བ་དང་། རྒ་ཤཱིའོ།། ཡང་རྟེན ་ཅིང་འབྲེལ་པར་འབྱུང་བ་ལ་ནི་ཕུང་པོ་གསུམ་ནི་འདི་ལྟ་སྟེ། ཉོན་མོངས་པའི་ཕུང་པོ་དང་། ལས་ཀྱི་ཕུང་པོ་དང་། སྐྱེ་བའི་ཕུང་པོའོ།། དེ་ལ་ཉོན་མོངས་པའི་ཕུང་པོ་ལ་ཡན་ལག་གསུམ་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག ་དང་། སྲེད་པའི་ཡན་ལག་དང་། ཉེ་བར་ལེན་པའི་ཡན་ལག་གོ།། ལས་ཀྱི་ཕུང་པོ་ལ་ཡན་ལག་གཉིས་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་ཡན་ལག་དང་། སྲིད་པའི་ཡན་ལག་གོ།། སྐྱེ་བའི་ཕུང་པོ་ལ་ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ ་པར་ཤེས་པའི་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ་མཆེད་དྲུག་གི་ཡན་ལག་དང་། རེག་པའི་ཡན་ལག་དང་། ཚོར་བའི་ཡན་ལག་དང་། སྐྱེ་བའི་ཡན་ལག་དང་། རྒ་ཤིའི་ཡན་ལག་གོ།། ་ཡང་ཀུན་ནས་ཉོན་མོངས་པ་གསུམ་གྱི་བདག་ཉིད་དེ། འདི་ལྟ་སྟེ། ཉོན་མོངས་པའི་ཀུན་ནོས་ཉོན་མོངས་པའི་བདག་ཉིད་དང་། ལས་ཀྱིས་ཀུན་ནས་ཉོན་མོངས་པའི་བདག་ཉིད་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དོ།། ། ་དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་གསུམ་ནི། འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང་། སྲེད་པའི་ཡན་ལག་དང་། ཉེ་བར་ལེན་པའི་ཡན་ལག་གོ།། ལས་ཀྱི་ཉོན་མོངས་པའི་བདག་ཉིད་ལ་ཡན ་ལག་གཉིས་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་ཡན་ལག་དང་། སྲིད་པའི་ཡན་ལག་གོ།། སྐྱེ་བའི་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ ་མཆེད་དྲུག་གི་ཡན་ལག་དང་། རྙོག་པའི་ཡན་ལག་དང་། ཚོར་བའི་ཡན་ལག་དང་། སྐྱེ་བའི་ཡན་ལག་དང་། རྒ་ཤིའི་ཡན་ལག་གོ།། ཡང་ཀུནྡ་ནས་ཉོན་མོངས་པ་གསུམ་གྱི་བདག་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས ་ཀྱི་བདག་ཉིད་དེ། འདི་ལྟ་སྟེ། རྒྱུའི་བདག་ཉིད་དང་། འབྲས་བུའི་བདག་ཉིད་དོ།། དེ་ལ་རྒྱུའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཀུན་ནས་ཉོན་མོངས་གཉིས་ནི་འདི་ལྟ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས ་ཀྱི་ཀུན་ནས་ཉོན་མོངས་པའོ།། འབྲས་བུའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་གཅིག་ནི་འདི་ལྟ་སྟེ། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ།། ཡང་ལམ་གསུམ་ནི་འདི་ལྟ་སྟེ། ཉོན་མོངས་པའི་ལམ་དང་། ལས་ཀྱི་ལམ་དང ་རྣམ་པར་སྨིན་པའི་ལམ་མོ།། དེ་ལ་ཉོན་མོངས་པའི་ལམ་ནི་ཡན་ལག་གསུམ་སྟེ་འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ཉེ་བར་ལེན་པའོ།། ལས་ཀྱི་ལམ་ལ་ཡན་ལག་གཉིས་ཏེ་འདི་ཡིན་ཏེ་འདུ་བྱེད་ཡན་ལག་དང ་སྲིད་པའི་ཡན་ལག་གོ།། རྣམ་པར་སྨིན་པའི་ལམ་ལ་ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང་། མིང་དང་གཟུགས་ཀྱི་ཡན་ལག་དང་། སྐྱེ་མཆེད་དྲུག་གི་ཡན་ལག་དང་། རིག་པའི་ཡན་ལག་དང་། ་ཚོར་བའི་ཡན་ལག་དང་། སྐྱེ་བའི་ཡིན་ལག་དང་། རྒ་ཤིའི་ཡན་ལག་གོ།། ཡན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བཅུ་གཉིས་ཀྱི་བདག་ཉིད་དེ། འདི་ཡིན་ཏེ། གང་དེ་མོ་ཐག་པའི་འདས་པའི་སྐྱེ་བོའི་ཉོན་མོངས་པ་ཐམས་ཅད ་ཀྱི་གནས་སྐབས་ནི་མ་རིག་པའོ།། གང་དེ་མ་ཐེག་པའི་འདས་པའི་སྐྱེ་བའི་ཡང་སྲིད་ལེན་བྱེད་ཀྱི་ལས་མཐའ་དག་གི་གནས་སྐབས་དེ་ནི་འདུ་བྱེད་ཀྱི་ཡན་ལག་གོ། མ་ཡིན་ལྟོ་བར་སྐྱེ་བ་ཉིད་འཚམས་སྦྱོར་བའི་དུས་ཀྱི ་ཕུང་པོ་ལྔའི་གནས་སྐབས་དེ་ནི་རྣམ་པར་ཤེས་པའི་ཡན་ལག་གོ།། ཉིང་འཚམས་སྦྱོར་བའི་དུས་ཕན་ཆད་ནས་སྐྱེ་མཆེད་དྲུག་མ་དོང་པའི་བོར་གྱི་གནས་སྐབས་དེ་ནི་མིང་དང་གཟུགས་སོ།། དེའི་རྗེས་སུ་སྐྱེ་མཆེད་དྲུག ་རྫོགས་ཏེ་ཇི་སྲིད་ངའོ་ད་ང་རྣམ་པར་ཤེས་པ་རྣམས་འཚོགས་པར་མ་གྱུར་པའི་བར་གྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་གི་ཡན་ལག་གོ།། དབང་པོ་དང་ཡུལ་དང་རྣམ་པར་དེསམས ་འཕྲད་ནས་ཚོར་བ་གསུམ་ཡོངས་སུ་གཙད་པར་མནས་པའི་གནས་སྐབས་དེ་ནི་རེག་པའོ།། ཚོར་བ་གསུམ་ཡོངས་སུ་བཅད་ནས་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་མ་གྱུར་པ་དེའི་གནས་སྐབས་ནི་ཚོར་བའི་ཡན་ལག་གོ།། འཁྲིག ་པའི་འདོད་ཆགས་ཀུན་ཏུ་སྤྱོད་པའི་གནས་སྐབས་པ་ནི་སྲིད་པའི་ཡན་ལག་གོ།། ཡུལ་གང་གི་གནས་སྐབས་ཐོབ་པའི་དོན་དུ་ཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པའི་གནས་སྐབས་དེ་ནི་ཉེ་བར་ལེན་པའི་ཡན་ལག་གོ།། ་ཡུལ་གང་ཐོབ་པའི་དོན་ཀུན་ཏུ་རྒྱུགས་པས་ཡང་སྲིད་ལན་བྱེད་ཀྱི་ལས་ཉེ་བར་སོགས་པའི་གནས་སྐབས་དེ་སྲིད་པའི་ཡན་ལག་གོ།། སྐྱེ་བ་ལ་འདི་ཉིད་ཀྱི་རྣམ་པར་ཤེས་པའི་གནས་སྐབས་གང་ཡིན་པ་དེ་ཉིད་ཀྱི་བར་མེད ་པའི་མ་འོངས་པའི་སྐྱེ་བའི་གནས་སྐབས་དེ་ནི་སྐྱེ་བའི་ཡན་ལག་གོ།། སྐྱེ་བ་འདི་ཉིད་ཀྱི་མིང་དང་གཟུགས་སྐྱེ་མཆེད་དྲུག་ཚོར་བའི་གནས་སྐབས་གང་ཡིན་པ་དེ་ཉིད་ཀྱི་བར་མེད་པའི་མ་འོདས་པའི་སྐྱེ་བ་ནི་རྒ་ཤིའི་ཡན་ལགོ།། ་ཡང་རྟེན་ཅིང་འབྲེལ་པོར་འབྱུང་བ་ནི་ཕན་ཚུན་རྒྱུ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་ལས་འདུ་བྱེད་དང་། འདུ་བྱེད་རྐྱེན་ལས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་མིང་དང ་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པ་དང་། རེག་པའི་རྐྱེན་ལས་ཚོར་བ་དང་། ཚོར་བའི་རྐྱེན་ལས་སྲེད་པ་དང་། སྲེད་པའི་རྐྱེན་ལས་ཉེ་བར་ལེན་པ་དང་། ཉེ་བར་ལེན་པའི་རྐྱེན་ལས་སྲིད་པ ་དང་། སྲིད་པའི་རྐྱེན་ལས་སྐྱེ་བ་དང་། སྐྱེ་བའི་རྐྱེན་ལས་རྒ་ཤིའོ།། དེས་ན་དེ་བཞིན་དུ་སྐྱེ་བའི་རྐྱེན་ལས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡང་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བརྗོད་ཏེ། དེ ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་པ་ནི་རྗེས་སུ་མཐུན་པའོ།། འབའ་ཞིག་ཞེས་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བའི་ཞེས་པའོ།། རྗེས་སུ་མི ་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག ་འགག། སྐྱེ་མཆེད་དྲུག་འགགས་པས་རོག་པ་འགག། རེག་པ་འགགས་པས་ཚོར་བ་འགག་གོ།། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ཉེ་བར་ལེན་པ་འག་གོ། ཉེ་བར་ལེན་པ་འགྲོགས་པས ་སྐྱོསྤྱོང་པ་འགགོ།། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་རོ།། དེ་བཞིན་དུ་སྡུག ་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ།། འགའ་ཞིག་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བའི་ཞེས་པའོ།། ཡང་དེ་ལ་མ་རིག་པ་ནི་འབྲས་བུ་རྣམ་པ་གཉིས ་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། དམིགས་པ་སེམས་ཅན་རྣམས་ཀུན་ཏུ་རྨོངས་པར་བྱེད་དོ།། འདུ་བྱེད་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ།། འདུ་བྱེད་ཀྱང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པར་བྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ།། རྣམ་པར་ཤེས་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར ་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། སྲིད་པར་ཉིང་འཚམས་སྦྱོར་བ་སྐྱེད་པར་བྱེད་པོ་དང་། མིང་དང་གཟུགས་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྨིན་པར་བྱེད་དོ།། མིང་དང་གཟུགས་ཀྱང་འབྲས་བུ་རྣམ་པ་གཉིས་ཉེ་བར ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཕན་ཚུན་ཉེ་བར་བརྟན་པར་ཡང་བྱེད་པ་དང་། སྐྱེ་མཆེད་དྲུག་མངོན་པར་སྒྲུབ་པའི་དོན་དུ་རྒྱུ་སྟེར་རོ།། སྐྱེ་མཆེད་དྲུག་ཀྱང་འབྲས་བུ་རྣམ་པ་གཉིས་ཉེ་བར་གནས་པར་འགྱུར་ཏེ། འདི ་ལྟ་སྟེ། ཡུལ་རྣམ་པར་འབྱེད་པར་བྱེད་པ་དང་། རེག་པ་མངོན་པར་སྒྲུབ་པའི་དོན་དུ་རྒྱུ་ཡང་སྟེར་རོ།། རེག་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། དམིགས་པ་དང་རེག་པར ་བྱེད་པ་དང་། ཚོར་བ་མངོན་པར་རྫོགས་པའི་ཆེད་དུ་རྒྱུ་ཡང་སྟེར་རོ།། ཚོར་བ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། འདོད་པ་དང་མི་འདོད་པ་དང་གཉིས་ཀ་བཟློག་པ་ཉམས་སུ་མྱོང་བར ་བྱེད་པ་དང་། སྲེད་པ་མངོན་པར་རྫོགས་པའི་དོན་དུ་རྒྱུ་ཡང་སྦྱིན་པར་བྱེད་དོ།། སྲེད་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཀུན་ནས་གོས་པར་བྱ་བའི་དངོས་པོ་ལ་ཀུན་ཏུ་ཆགས་པོར་བྱེད ་པོ་དང་། ཉེར་ལེན་མངོན་པར་རྫོགས་པའི་དོན་དུ་རྒྱུ་ཡང་སྦྱིན་པར་བྱེད་དོ།། ཉེ་བར་ལེན་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་སྡོམ་པར་བྱེད་པ་དང་། སྲིད་པ་མངོན་པར ་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ།། སྲིད་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཞན་དང་སོ་སོར་ཉེ་བར་གནས་པར་བྱེད་པ་དང་། སྐྱེ་བ་མངོན་པར་རྫོགས་པའི་ཕྱིར་རྒྱུ ་ཡང་སྦྱིན་ནོ།། སྐྱེ་བ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ་འདི་ལྟ་སྟེ། ཕུང་པོ་ཕྱེ་བ་བྱེད་པ་དང་། རྒ་བ་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་ཕྱིན་པར་བྱེད་དོ།། རྒ་བ་ཡོང་འབྲས་བུ་རྣམ་པ་གཉིས་སོ་སོར ་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། དབང་པོ་ཡང་རྣམ་པར་འགྱུར་བར་བྱེད་པ་དང་། འཆི་བ་ཀུན་ཏུ་འཛིན་པ་མངོན་པར་རྫོགས་པའི་དོན་ང་རྒྱ་ཡང་སྟེར་བོར་བྱེད་དོ།། འཆི་བ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར ་འགྱུར་ཏེ། འདི་ལྟ་སྟེ། འདུ་བྱེད་རྣམ་པར་འཇོམས་པར་བྱེད་པ་དང་། ཡོངས་སུ་མི་ཤེས་པ་ཉེ་བར་འཆད་པར་མི་བྱེད་པའོ།། དེ་ལ་དམིགས་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་དོ་ཞེས་པ་ནི་ཡུལ་ལ་གཙང་བ ་ལ་སོགས་པའི་མཚན་མར་གཟུང་ནས་ཀུན་ཏུ་ཆགས་པར་བྱེད་པའོ།། མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པར་བྱེད་ཞེས་པ་ནི་འདོད་པ་དང་མི་འདོད་པའི་འབྲས་བུ་རྫོགས་པར་བྱེད་པའོ།། སྲིད་པ་རོ་ཉིང་འཚམས་སྦྱོར་བ་ཞེས་པ་ནི་སྐྱེ ་བབའི་སྲིད་པ་རྫོགས་པར་བྱེད་པའོ།། མིང་ཞེས་པ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོའོ།། གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ།། དེ་རྣམས་ཕན་ཚུན་ཉེ་བར་བརྟན་པར་བྱེད་ཞེས་པ་ནི་ཕན་ཚུན་རྗེས་སུ ་འགྲོ་བས་མཐུན་པར་འཛིན་པའོ།། ཡུལ་རྣམ་པར་འབྱེད་པ་ཅེས་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམ་པར་ཐ་དད་པར་རོ།། དམིགས་པར་རེག་པར་བྱེད་ཅེས་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་ཡང་དག་པར་རེག་པའོ།། འདོད་པ ་མི་འདོད་པ་གཉི་ག་བཟློག་པ་ཉམས་སུ་མྱོང་བ་ཅེས་པ་ནི། འདོད་པ་ནི་བདེ་བའོ་མི་འདོད་པ་ནི་སྡུག་བསྔལ་ལོ་གཉི་ག་བཟློག་ཅེས་པ་ནི་སྡུག་བསྔལ་མོ་ཡིན་བདེ་བ་མ་ཡིན་པའོ།། དེ་རྣམས་ཀྱི་ཉམས་མྱོང་ནི་ཚོར་བའོ།། ཀུན་ནས་གོས ་པར་བྱ་བའི་དངོས་པོ་ལ་ཀུན་ཏུ་ཆགས་པ་ཅོས་པ་ནི་ཀུན་ནས་ཆགས་པར་བྱ་བའི་ཡུལ་ལ་ཀུན་ཏུ་ཞེན་པའོ།། ཀུན་ནས་ཉོན་མོངས་པ་དང་སྡོམ་པར་ཅེས་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནསོ་ཉོན་མོངས་པའི་འཆིང་བའོ།། ་སྲིད་པའི་འགྲོ་བ་གཞན་ཉེ་བར་གནས་པ་ཅེས་པ་ནི། བར་འཚམས་མེད་པར་སྐྱེ་བའི་འདོད་པ་དང་མི་འདོད་པའི་འགྲོ་བ་ཉེ་བར་འཚོགས་པར་བྱེད་པའོ།། ཕུང་པོ་ཕྱེ་བ་བྱེད་པ་ཞེས་པ་ནི་བར་མེད་པར་སྐྱེ་བའི་སྲིད་པ་ལ་ཕུང་པོ་ཉིང་འཚམས་སྦྱོར་བའོ།། ་དབང་པོ་རྣམ་པར་འགྱུར་བ་ཞེས་པ་ནི་གནས་པ་གཞན་དུ་གྱུར་པའོ།། འདུ་བྱེད་རྣམ་པར་འཇོམས་པ་ཞེས་པ་ནི་ཕུང་པོ་རྣམ་པར་འཇིག་པའོ།། ཡོངས་སུ་མི་ཤེས་པོ་རྒྱུན་མི་གཅོད་པ་ཞེས་པ་ནི་ཀུན་ཏུ་རྨོངས་པ་མ་ཉམས་པར་རོ།། གཞན་ཐམས ་ཅད་ནི་གོ་སླའོ།། དེ་ལ་མ་རིག་པའི་རྐྱེན་ལས་འདུ་བྱེད་ཅེས་པ་ནི་རྐྱེན་མ་རིག་པས་འདུ་བྱེད་རྣམས་ཀྱི་ཉེ་བར་ཆད་པ་དང་ཉེ་བར་བརྟན་པའོ།། འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པ་ཞེས་པ་ནི་རྐྱེན་འདུ་བྱེད་ལས་རྣམ་པར་ཤེས་པ་ཉེ་བར ་མི་ཆད་པ་དང་ཉེ་བར་བརྟན་པའོ།། རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་ཅེས་པ་ནི་རྐྱེན་རྣམ་པར་ཤེས་པ་ལས་མིང་དང་གཟུགས་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་ཅེས་པ་ནི ་རྐྱེན་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་གི་ཉེ་བར་མི་འཆད་བ་དང་ཉེ་བར་བརྟན་པའོ།། སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པ་ཅེས་པ་ནི་རྐྱེན་སྐྱེ་མཆེད་དྲུག་ལས་རེག་པའི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། རོག་པའི་རྐྱེན་ལས་ཚོར ་བ་ཅེས་པ་ནི། རྐྱེན་རེག་པ་ལས་ཚོར་བའི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། ཚོར་བའི་རྐྱེན་ལས་སྲེད་པ་ཅེས་པ་ནི་རྐྱེན་ཚོར་བ་ལས་སྲེད་པའི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། སྲེད་པའི་རྐྱེན་ལས་ཉེ་བར་ལེན་པ་ཅེས་པ ་ནི་རྐྱེན་སྦེད་པ་ལས་ཉེ་བར་ལེན་པའི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། ཉེ་བར་ལེན་པའི་རྐྱེན་ལས་སྲེད་པ་ཅེས་པ་ནི་རྐྱེན་ཉེ་བར་ལེན་པ་ལས་སྲིད་པའི་མི་ཆད་པ་དང་ཉེ་བར་བརྟན་པའོ།། སྲིད་པའི་རྐྱེན་ལས་སྐྱེ ་བཅེས་པ་ནི་རྐྱེནུ་སྲིད་པ་ལས་སྐྱེ་བའི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། སྐྱེ་བའི་རྐྱེན་ལས་རྒ་ཤི་ཅེས་པ་ནི་རྐྱེན་སྐྱེ་བ་ལས་རྒ་ཤི་ཡི་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པའོ།། དེ་ལ་འདུ་བྱེད་རྣམས་ཀྱི་རྒྱུའི་རྐྱེན་མ་རིག་པ་གང་ཡིན་པ ་དེ་ནི་མ་རིག་པའི་རྐྱེན་ནོ།། དེ་རྣམས་ཀྱི་ངོ་བོ་ནི་མ་རིག་པའི་རྐྱེན་ལས་སོ།། དེ་ཡང་འོདུ་བྱེད་རྣམས་ཀྱི་ཉེ་བར་མི་ཆད་པ་ནི་རྒྱུན་རྣམ་པར་མི་ཆད་པ། ཉེ་བར་བརྟན་པ་ནི་རྗེས་སུ་མཐུན་པས་འཛིན་པ་ལ་བརྗོད་དོ།། རྣམ་པར་ཤེས་པའི་རྐྱེན ་འདུ་བྱེད་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་རྐྱེན་ནོ།། དེའི་ངོ་བོ་ནི་འདུ་བྱེད་ཀྱི་རྐྱེན་ལས་སོ།། དེ་ཡང་ཉེ་བར་མི་ཆད་པ་དང་ཉེ་བར་བརྟན་པ་ཅེས་པ་ནི་སྔོན་བཞིན་ནོ།། དེ་ལྟར་ཐམས་ཅད་དུ་སྦྱར་བར་བྱའོ།། མ་རིག་པ་འགགས་པས་འདུ་བྱེད། ་འགག་ཅེས་པ་ནི་རྐྱེན་མ་རིག་པ་དངོས་པོ་མེད་པ་ལས་འདུ་བྱེད་རྣམས་ཀྱི་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་པ་ནི། རྐྱེན་འདུ་བྱེད་ངོ་བོ་མེད་པ་ལས་རྣམ་པར་ཤེས་པ་ཉ། ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་ཅེས་པ་ནི་རྐྱེན་རྣམ་པར་ཤེས་པ་ངོ་བོ་མེད་པ་ལས་མིང་དང་གཟུགས་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། མིང་དང་གཟུགས ་འགགས་པས་སྐྱེ་མཆེད་དྲུག་འགག་ཅེས་པ་ནི་རྐྱེན་མིང་དང་གཟུགས་དངོས་པོ་མེད་པ་ལས་སྐྱེ་མཆེད་དྲུག་གི་ཉེ་བུར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་ཅེས་པ་ནི་རྐྱེན་སྐྱེ་མཆེད་དྲུག ་དངོས་པོ་མེད་པ་ལས་རེག་པ་ཉེ་བར་ཞི་བ་དང་ཉེ་བར་མི་བརྟན་པའི།། རེག་པ་འགགས་པས་ཚོར་བ་འགག་ཅེས་པ་ནི་རྐྱེན་རེག་པ་དངོས་པོ་མེད་པ་ལས་ཚོར་བ་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། ཚོར་བ་འགགས་པོས་སྲེད་པ ་འགག་ཅེས་པ་ནི་རྐྱེན་ཚོར་བ་དངོས་པོ་མེད་པ་ལས་སྲེད་པ་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། སྲེད་པ་འགགས་པས་ཉེ་བར་ལེན་པ་འགག་ཅེས་པ་ནི་རྐྱེན་སྲེད་པ་དངོས་པོ་མེད་པ་ལས་ཉེ་བར་ལེན་པ་ཉེ་བར་ཞི་བ་དང་ཉེ་བར་བརྟན ་པ་མ་ཡིན་པའོ།། ཉེ་བར་ལེན་པ་འགགས་པས་སྲིད་པ་འགག་ཅེས་པ་ནི་རྐྱེན་ཉེ་བར་ལེན་པ་དངོས་པོ་མེད་པ་ལས་སྲིད་པ་ཉེ་བར་ཞི་བ་དང་ཉེ་བར་མི་བརྟན་པའོ།། སྲིད་པ་འགགས་པས་སྐྱེ་བ་འགག་ཅེས་པ་ནི་རྐྱེན་སྲིད་པ་དངོས་པོ་མེད་པ ་ལྔས་སྐྱེ་བ་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ།། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནི་རྐྱེན་སྐྱེ་བ་དངོས་པོ་མེད་པ་ལས་རྒ་ཤི་ཉེ་བར་ཞི་བ་དང་ཉེ་བར་བརྟན་པ་མ་ཡིན་པའོ་ཞེས་སོ།། དེ་ལ་མ་རིག་པ་ལ་རྣམ་པ་གསུམ་ནི ་འདི་ལྟོ་སྟེ། མི་ཤེས་པ་དང་། ལོག་པར་ཤེས་པ་དང་། ཐེ་ཚོམ་ཤེས་པའོ།། ཡང་ཉོན་མོངས་པ་ཐམས་ཅད་ནི་མ་རིག་པའོ།། མ་རིག་པ་དེ་ཡང་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། འདོད་པས་བསྡུས་པ་དང་། གཟུགས་ཀྱིས་བསྡུས་པ་དང ་གཟུགས་མེད་པས་བསྡུས་པའོ།། དེ་ལ་འདོད་པས་བསྡུས་པ་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང་། ཀུན་འབྱུང་གིས་བསྡུས་པ་དང་། འགོག་པས་བསྡུས་པ་དང་། ལམ་གྱིས་བསྡུས་པ་དང་། ་སྒོམ་པས་སྤང་བར་བྱ་བའོ།། དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་རྣམ་པ་ལྔ་དང་།། དེ་བཞིན་དུ་གཟུགས་མེང་པས་བསྡུས་པ་རྣམ་པ་ལྔ་དང་། ལྔ་པ་གསུམ་སྟེ་མ་རིག་པ་བཅོ་ལྔར་འགྱུར་རོ།། འདུ་བྱེད་ཀྱི་ཡན་ལག་ལ་རྣམ་པ་བཞི་ནི་འདི ་ལྟ་སྟེ། མི་དགེ་བ་དང་དགེ་བ་དང་། ལུང་མ་བསྟན་དང་། མི་གཡོ་བའོ།། དེ་ལ་མི་དགེ་བའི་ལས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ།། དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལ་རྣམ་པ ་གསུམ་ནི་འདི་ལྟ་སྟེ། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་སོ།། དེ་ལ་ལུས་ཀྱི་ལས་ནི་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པའོ།། ངག་གི་ཡང་རྣམ་པ་བཞི་ནི ་འདི་ལྟ་སྟེ། རྫུན་དུ་སྨྲ་བ་དང་། དབྱེན་དང་རྩུབ་པོ་དང་། ངག་བཀྱིལ་པའོ།། ཡིད་ཀྱི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ།། དེ་རྣམས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས ་པའོ།། བཅས་པའོ་ཁ་ན་མ་ཐོ་བ་ལ་རྣམ་པ་མང་སྟེ་འདི་ལྟ་སྟེ། སོ་སོར་ཐར་པའི་བཅས་པའི་བསླབ་པའི་གཞི་ལས་འདས་པ་མཐརའ་དག་གོ།། ཆང་གི་བཏུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཉིད་དོ།། རང་བཞིན་གྱིས་ཁ་ན ་མ་ཐོ་བ་ཞེས་ཁ་ཅིག་གོ། དགེ་བའི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། ལུས་ཀྱི་དང་། ངག་གི་དང་། ཡིད་ཀྱིའོ།། དེ་ལ་ལུས་ཀྱི་ལས་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང་། མ་བྱིན་པར་ལེན་པ་ལས་ལྡོག ་པ་དང་། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པའོ།། ངག་གི་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། རྫུན་སྨྲ་བ་ལས་ལྡོག་པ་དང་། དབྱེན་སྨྲ་བ་ལས་ལྡོག་པ་དང་། ཚིག་རྩུབ་ལས་ལྡོག་པ་དང་། ཚིག་བཀྱལ་བ་ལས་ལྡོག་པའོ།། ཡིད་ཀྱང ་དགེ་བའི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་མེད་པའི་མཚན་ཉིད་མ་ཆགས་པ་དང་། གནོད་སེམས་མེད་པའི་མཚན་ཉིད་ཞེ་སྡང་མེད་པ་དང་། ཡང་དག་པའི་ལྟ་བའི་མཚན་ཉིད་རྨོངས་པ་མེད་པའོ།། དེ་རྣམས ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་པའོ།། བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པ་ཡང་དགེ་བ་ཉིད་དོ།། ཡང་ལས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མཐོང་བའི་ཆོས་ལ་མྱོང་བར་བྱ་བ་དང་། སྐྱེས་ནས་མྱོང་བར་བྱ་བ་དང་། ལན ་གྲངས་གཞན་ལ་མྱོང་བར་བྱ་བ་ཡིན་པའོ།། དེ་ལ་སྐྱེས་ནས་མྱོང་བར་བྱ་བ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། འཚམས་མེད་པའི་ལས་དང་། ཉེ་བའི་འཚམས་མེད་པའི་ལས་སོ།། དེ་ལ་འཚོམས་མེད་པའི་ལས་རྣམ་པ་ལྔ་ནི ་འདི་ལྟ་སྟེ།། མ་གསོང་བ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དེ་བཞིན་གཤེགས་པ་ལ་སྡང་བའི་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་འབྱེད་པའོ།། དེ་ལ་དགེ་འདུན་འབྱེད་པ་ལ་རྣམ་པ་གཉིས ་ནི་འདི་ལྟ་སྟེ། འཁོར་ལོ་འབྱེད་པ་དང་། ལས་འབྱེད་པའོ།། དེ་ལ་འཁོར་ལོ་འབྱེད་པའི་དགེ་འདུན་འབྱེད་པ་པོ་ནི། དགེ་སློང་ཁོ་ན་སྟེ་ལྟ་བ་ལ་སྤྱོད་པ་ཉིད་ཡིན་གྱི་སྲེད་པ་ལ་སྤྱོད་པ་ནི་མ་ཡིན་ནོ།། ཚུལ་ཁྲིམས ་འཆལ་བ་མ་ཡིན་ནོ།། དགེ་སློང་མ་ལ་སོགས་པ་མ་ཡིན་ནོ།། བརྟུལ་ཞུགས་ལ་གནས་པས་ཡིན་གྱི་བརྟུལ་ཞུགས་ཞིག་པས་ནི་མ་ཡིན་ནོ།། དབྱེ་བར་བྱ་བ་དགེ་འདུན་བརྒྱད་དམ་རབ་ཏུ་མང་བ་ཡང་རུང་སོ་སོ་སྐྱེ་བོའི་དགེ་སློང་རྣམས ་ཏེ་འཕགས་པས་མ་ཡིན་ནོ།། འཛམ་བུ་གླིང་ཉིད་ཡིན་པ། དེ་བཞིན་གཤེགས་པ་འདས་པའི་དུས་མ་ཡིན་པ་ཉིད་དོ།། གང་གི་ཚེ་དགེ་སློང་རྣམས་སངས་རྒྱས་ལས་གཞན་སྟོན་པ་དང་། སངས་རྒྱས་ཀྱི་བསྟན་པའི་ལམ་ལས་གཞན ་ཡང་ཐར་པའི་ལམ་ཡོད་དོ།། ཞེས་བརྗོད་པ་དེའི་ཚེ་དགེ་འདུན་ཕྱེ་བར་འགྱུར་བའོ།། ཇི་སྲིད་དུ་དགེ་འདུན་བྱེ་ནས་གནས་པ་དེ་སྲིད་དུ་མནར་མེད་པ་དང་སྲིད་པའི་རྩེ་མོའི་བར་དུ་འཕགས་པ་མ་ཡིན་པའི་སེམས་ཅན་རྣམས་ཀྱི་དགེ་བའི ་སེམས་སྐྱེ་བར་མི་འགྱུར་རོ།། དེས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་འབྱེད་པར་འགྱུར་བ་ནི་འཁོར་ལོ་འབྱེད་པ་ཞེས་བརྗོད་དོ།། འཁོར་ལོ་འབྱེད་པ་འདི་ནི་དགེ་འདུན་ཕྱེ་བ་ཞག་དུ་མི་གནས་པ་ཉིད་དེ་ངེས་པར་དགེ་འདུན་མཐུན་པར ་འགྱུར་རོ།། འཁོར་ལོ་འབྱེད་པ་འདི་དུས་དྲུག་དུ་འབྱུང་བར་མི་འགྱུར་ཏེ་འདི་ལྟ་སྟེ། དང་པོ་ཆོས་ཀྱི་འཁོར་ལོ་མོ་བསྐོར་བ་ལ་མ་ཡིན། ཐ་མར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་སུ་མ་ཡིན། བར་དུ་ཇི་སྲིད་དུ ་སངས་རྒྱས་བསྟན་པ་ལ་ཚུལ་ཁྲིམས་ཆུ་བུར་དང་ལྟ་བའི་ཆུ་བུར་མ་བྱུང་བར་མ་ཡིན། ཇི་སྲིད་དུ་མཆོག་ཟུང་ཉན་ཐོས་གཉིས་མ་བྱུང་བར་མ་ཡིན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མ་ཡིན། ཇི་སྲིད་དུ་འཚམས ་མ་བཅད་པ་ལས་མ་ཡིན་ནོ།། ལས་འབྱེད་པ་ཡང་དགེ་སློང་བརྒྱད་ངམ་རབ་ཏུ་མང་པོ་རྣམས་གང་གི་ཚེ་འཚེམས་ནང་ཅིག་ཏུ་འཚོགས་པ་མེད་པར་ལས་བྱེད་ནའོ།། སྒྲ་མི་སྙན་སྤངས་ཏེ་གླིང་གསུམ་དུ་འབྱུང་བར་འགྱུར་རོ།། ཉེ་བའི་འཚམས ་མེད་པའི་ལས་ལྔ་ནི་འདི་ལྟ་སྟེ། མ་ཡིན་ཅི་དགྲ་བཅོམ་པ་ཡང་ཡིན་པ་སུན་ཕྱུང་བ་དང་། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསད་པ་དང་། སློབ་པའི་གང་ཟག་གསད་པ་དང་། མཆོད་རྟེན་བཤིག་པ་དང་། དགེ་འདུན་གྱི ་འཚོ་བའི་སྒོ་ཕྲོགས་པའོ།། ཉེ་བའི་འཚམས་མེད་ལས་འདི་ལ་མ་ངེས་པའི་ཞེས་ཁ་ཅིག་གོ། ཡང་དགེ་བའི་ལས་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། བསོད་ནམས་ཀྱི་ཆུ་དང་མཐུན་པ་དང་། ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད ་པའི་ཆ་དང་མཐུན་པའོ།། ཡང་ལས་གསུམ་ནི་འདི་ལྟ་སྟེ། ལས་འགའ་ཞིག་བྱས་ཅིང་མི་འཕེལ་བ་དང་། ལས་འགའ་ཞིག་མ་བྱས་ཅིང་འཕེལ་པ་དང་། ལས་འགའ་ཞིག་བྱས་ཅིང་འཕེལ་བའོ།། ཡང་ལས་རྣམ་པ་གསུམ་ནི་འདི ་ལྟ་སྟེ། མཐའ་གཅིག་ཏུ་གནག་པའི་ལས་དང་། མཐའ་གཅིག་ཏུ་དཀར་བའི་ལས་དང་། རྣམ་པར་འདྲེས་པའི་ལས་སོ།། ཡང་ལས་རྣམ་པ་གསུམ་ནི་འདི་ལྟ་སྟེ། ལྟུང་བྱ་དང་། སྤང་བྱ་དང་། བསྟེན་བྱའོ།། ཡང་ལས་རྣམ་པ་ལྔ་ནི། ་འདི་ལྟ་སྟེ། བྱས་པའི་ལས་དང་། བྱེད་དུ་བཅུག་པའི་ལུས་དང་། མངོན་པར་རྗེས་སུ་ཡིད་རང་བའི་ལས་དང་། ཡང་དག་པར་རྗེས་སུ་གནང་བའི་ལས་དང་། རྗེས་སུ་གནང་བའི་ལས་སོ།། ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། ་རྣམ་པར་རིག་བྱེད་ཀྱི་རང་བཞིན་གྱི་ལས་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་གྱི་ལས་སོ།། དེ་ལ་རྣམ་པར་རིག་བྱེད་ཀྱི་རང་བཞིན་གྱི་ལས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བའོ།། དེ་ལ་མི་དགེ་བ་ལ ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དང་། ངག་གིའོ།། དེ་ལ་ལུས་ཀྱི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པའོ།། ངག་གི་རྣམ་པ་བཞི་ནི་འདི་ལྟ་སྟེ། བརྫུན་སྨྲ ་པ་དང་། དབྱེན་གྱི་ངག་དང་། རྩུབ་པོའི་ངག་དང་། ངག་ཀྱལ་པའོ།། དགེ་བ་ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དང་། ངག་གིའོ།། དེ་ལ་ལུས་ཀྱི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་བཟློག་པ་དང་། མེ་བྱིན ་པར་ལེན་པ་ལས་ལྡོག་པ་དང་། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པའོ།། ངག་གི་ཡང་རྣམ་པ་བཞི་སྟེ། བརྫུན་སླུ་བ་ལས་ལྡོག་པ་དང་། དབྱེན་གྱི་དག་ལས་ལྡོག་པ་དང་། རྩུབ་པོའི་ངག་ལས་སྡིག་པ་དང་། དྲག་ཀྱི་ལ ་པ་ལས་ལྡོག་པའོ།། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། མི་དགེ་བའི་རྗེས་སུ་འགྲོ་བ་དང་། དགེ་བའི་རྗེས་སུ་འགྲོ་བའོ།། དེ་ལ་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ་ལུས་ཀྱི་མི་དགེ་བའི་རྗེས་སུ་འགྲོ་བ་དང་། ངག་གི་མི་དགེ་བའི་རྗེས་སུ་འགྲོ་བའོ།། དེ་ལ་ལུས་ཀྱི་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་གསུམ་ནི་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་འཕེན་པར་བྱེད་ཅིང་འཛིན་པར ་བྱེད་པའི་འབྱུང་བ་ཆེན་པོ་ཉེ་བར་བླངས་ཏེ་འཇུག་པར་བྱེད་པ་ན་སེམས་རྣམ་པར་འཁྲུགས་པ་ཡིན་ཡང་སྲོག་གཅོད་པ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནི་མི་ལྡོག་པའི་སྔོན་དུ་རྣམ་པར་ཆོད་པ་མེད་པར་རྒྱུ ་བཞིན་པའི་ལས་སོ།། དེ་ཁོ་ན་བཞིན་དུ་མ་བྱིན་པར་ལོན་པར་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པཱ་ལ་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནོ།། ་ངག་གི་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་བཞི་ན་འདི་ལྟ་སྟེ། དེ་བཞིན་དུ་རྫུན་དུ་སྨྲ་བ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་དབྱེན་ཚིག་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན ་དང་། དེ་བཞིན་དུ་ཚིག་རྩུབ་པོ་ལ་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་དག་བཀྱིལ་པ་ལ་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནོ།། དགེ་བའི་རྗེས་སུ་འགྲོ་བ་ཡང་རྣམ་པ་གཉིས ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལ་སོགས་པ་ལ་ལྡོག་པ་ཡང་དག་པར་བླངས་པ་ཐོབ་པ་དང་། རྟག་ཏུ་མཆོད་རྟེན་བྱེད་པ་ལ་སོགས་པ་ཡང་དག་པར་བླངས་པ་ཐོབ་པའོ།། དེ་ལ་སྲོག་གཅོད་པ་ལ་སོགས་པ་ལ་ལྡོག་པའི་ཡང་དག ་པར་བླངས་པ་ཐོབ་པ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དགེ་བའི་རྗེས་སུ་འགྲོ་བ་དང་། ངག་གི་དགེ་བའི་རྗེས་སུ་འགྲོ་བའོ།། དེ་ལ་ལུས་ཀྱི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག ་གཅོད་པ་ལས་ལྡོག་པ་ཡང་དག་པར་བླངས་པའི་དེ་མ་ཐག་ནས་བཟུང་སྟེ། ཇི་སྲིད་དུ་འཕངས་པ་དེ་སྲིད་དུ་རྣམ་པར་ཆད་པ་མེད་པར་སེམས་རྣམ་པར་འཁྲུགས་པ་ཡིན་ཡང་། འདས་པ་དང་མ་འོངས་པ་དང་ད་ལྟ་བ་འཕེན ་པར་བྱེད་པ་དང་འཛིན་པར་བྱེད་པའི་འབྱུང་བ་ཆེན་པོ་ཉེ་བར་བླངས་ཏེ། ལྡོག་པ་མ་ཡིན་པའི་སྔོན་དུ་འཇུག་པར་བྱེད་པ་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་གྱི་ལས་དང་། དེ་བཞིན་དུ་མ་བྱིན་པར་ལེན་པ་ལས་ལྡོག་པའི ་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་འདོད་པ་ལོག་པར་སྤྱོད་པ་ལ་ལྡོག་པའི་རྗེས་སུ་འབྲེལ་པོའི་བདག་ཉིད་ཅན་ནོ།། ངག་གི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་བཞི་ནི་འདི་ལྟ་སྟེ། དེ་བཞིན་དུ་རྫུན་དུ་སྒྲ ་བ་ལས་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་དབྱེན་གྱི་ཚིག་ལས་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང་། དེ་བཞིན་དུ་ཚིག་རྩུབ་པོ་ལ་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད ་ཅན་དང་། དེ་བཞིན་དུ་དག་ཀྱལ་པ་ལ་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་ནོ།། རྟག་ཏུ་མཆོད་རྟེན་བྱེད་པ་ལ་སོགས་པ་ཡང་དག་པར་བླངས་པ་ཐོབ་པ་ནི་རྣམ་པ་མང་སྟེ། འོད་ལྟ་སྟེ། ཇི་སྲིད ་འཚོའི་བར་དུ་ཉིན་རེ་བཞིན་མཆོད་རྟེན་ནམ་དཀྱིལ་འཁོར་དང་སངས་རྒྱས་མཆོད་པ་ལ་སོགས་པ་བྱས་ནས་ཟས་བཟའ་བ་ལ་སོགས་པའི་བྱ་བ་རྣམས་བྱའོ།། ཞེས་ཡིད་དམ་བླངས་ནས་སེམས་འཁྲུལ་བ་ཡིན་ཡང་སྔོན་བཞིན་དུ ་དགེ་བའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནི།། སྡོམ་པ་ཉིད་མ་ཡིན། སྡོམ་པ་མ་ཡིན་པ་མ་ཡིན་པའི་རང་བཞིན། ཇི་སྲིད་དུ་འཕངས་པ་མི་ལྡོག་པའི་སྔོན་དུ་འཇུག་པར་བྱེད་པའི་ལས་སོ།། དེ་ལ་ལས་རྣམས་ཀྱི་ཀུན་ནས ་སློང་བ་དང་དམིགས་པ་ནི་ཉོན་མོངས་པའོ།། ཉོན་མོངས་པའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་བཞིན་ཉིད་མ་ཡིན་པའི་རྣམ་པར་རྟོག་པའོ།། དེ་ལ་རྒྱུ་གསུམ་གྱི་ལས་བྱེད་དེ། འདི་ལྟ་སྟེ། ཡང་དག་མ་ཡིན ་པའི་རྟོག་པས་ཕྱི་ནང་ཞེས་རྣམ་པར་རྟོག་པ་ལས་དང་། བརྟན་པ་བདེ་བ་བདག་གི་བདག་ཞེས་པ་ལ་སོགས་པ་སྒྲོས་འདོགས་པ་ལས་དྲང་། བྱ་བའི་ལས་ཀྱི་ཡོན་ཏན་མཐོང་བ་ལས་སོ།། བྱས་པའི་ལས་ཀྱི་འཇུག ་རྫོགས་པར་བྱེད་པ་ནི་རྣམ་པ་མང་ངོ་།། འདི་ལྟ་སྟེ། ལས་བྱས་པ་ལ་ཡོངས་སུ་མགུ་པ་དང་ཕན་ཡོན་སྒྲོགས་པ་ལ་སོགས་པའོ།། འདིར་ལས་བྱེད་པ་པོ་གང་ཟག་གསུམ་ཏེ་འདི་ལྟ་སྟེ། སྡོམ་ལྡན་མ་ཡིན་པ་དང་། ་སྡོམ་ལྡན་དང་། སྡོམ་ལྡན་ཉིད་མ་ཡིན་སྡོམ་ལྡན་མིན་པ་མོ་ཡིན་པའོ།། དེ་ལ་སྡོམ་ལྡན་མ་ཡིན་པ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་བཞིན་གྱིས་སྡོམ་ལྡན་པ་མ་ཡིན་པ་དང་། དེ་ནི་ལས་སྡོམ་ལྡན་མ་ཡིན་པའོ།། ་དེ་ལ་རང་བཞིན་གྱིས་སྡོམ་ལྡན་མ་ཡིན་པ་རྣམ་པ་བཅུ་བཞི་ལ་སོགས་པའོ་འདི་ལྟ་སྟེ། ལུག་འཚང་བ་དང་། ཁྱི་རྔོན་པ་དང་། ཕྱག་འཚོང་པ་དང་། བྱ་རྔོན་པ་དང་། ཤཱ་འཚོང་བ་དང་། རི་དྭགས་རྔོན་པ ་དང་། ཉ་པ་དང་། རྐུན་པོ་དང་། གཤེད་མ་དང་། རྩོན་སྲུང་བ་དང་། གླང་པོ་ཆེ་འཛིན་པོ་དང་། གླང་པོ་ཆེ་འདུལ་བ་དང་། རང་འཚེད་པ་དང་། དྲ་བ་ཅན་ལ་སོགས་པའོ།། དོན་ལ་སོ་སྡོམ་ལྡན་མ་ཡིན་པ་ནི་རྣམ་པ་གསུམ་ལ་སོགས ་པའོ།། འདི་ལྟ་སྟེ། རྒྱལ་པོ་དང་། ཆད་པ་ལེན་པ་དང་། ཉོ་ཚོང་པ་ལ་སོགས་པའོ།། སྡོམ་པ་ཅན་ནི་རྣམ་པ་བཅུ་སྟེ་འདི་ལྟ་སྟེ། དགེ་བསྙེན་དང་། དགེ་བསྙེན་མ་དང་། བྱ་རོག་སློང་བྱེད་པ་དང་། དགེ་ཚུལ་དང་། དགེ་ཚུལ་མ ་དང་། བར་སློབ་མ་དང་། དགེ་སློང་དང་། དགེ་སློང་མ་དང་། བསྙེན་གནས་པའོ།། དེ་ལ་དགེ་བསྙེན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཡན་ལག་གསུམ་རྫོགས་པ་དང་། བསླབ་པའི་བཞི་ལྔ་དང་ལྡན་པའོ།། དེ་ལ་བསླབ ་པའི་བཞི་ལྔ་ཅན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་གི་བུད་མེད་ཀྱིས་ཆོག་པར་འཛིན་པ་དང་། ཚངས་པར་སྤྱོད་པའོ།། དགེ་བསྙེན་མ་ཡང་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ཡན་ལག་གསུམ་རྫོགས་པ་དང་། བསླབ ་པའི་གཞི་ལྡེ་ཅན་ནོ།། དེ་ལ་བསླབ་པའི་གཞི་ལྔ་འཛིན་པ་མཽ་ལ་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། རང་གི་བདག་པོས་ཆོག་པར་འཛིན་པ་དང་། ཚངས་པར་སྤྱོད་མའོ།། དེ་ལཾ་ཡན་ལག་གསུམ་རྫོགས་པའི་ཡན་ལག ་གསུམ་ནི།། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་ལ་སྐྱབས་སུ་འགྲོ་བ་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བའོ།། ཡན་ལག་ལྔ་རྫོགས་པའི་བསླབ་པའི་གཞི་ལྷ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང་། མ ་བྱིན་པར་ལེན་པ་ལས་ལྡོག་པ་དང་། འདོད་པསྣ་ལོག་པར་སྤྱོད་པ་ལས་ལྡོག་པ་དང་། རྫུན་དུ་སྨྲ་བོ་ལས་ལྡོག་པ་དང་། འབྲུའི་ཆང་དང་བཅོས་པའི་འཆང་། བགྲ་མེད་པའི་གནས་ལས་ལྡོག་པའོ།། ཚངས་པར་སྤྱོད་པས ་ནི་འདོད་པ་ལོག་པར་གཡེམ་པའི་གནས་སུ་མི་ཚངས་པར་སྤྱོད་པ་ལས་ལྡོག་པ་ཞེས་པོརྗོང་ངོ་།། དེ་བཞིན་དུ་དགེ་བསྙེན་མེ་རྣམས་ཀྱིའོ།། དགེ་ཚུལ་རྣམས་ཀྱི་བསླབ་པའི་གཞི་བཅུ་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་ལས ་ལྡོག་པ་དང་། མྦྷ་བྱིན་པར་ཕྱིན་པ་ལས་ལྡོག་པ་དང་། མི་ཚངས་པར་སྤྱོད་པ་ལས་ལྡོག་པ་དང་། རྫུན་དུ་སྨྲ་བ་ལས་ལྡོག་པ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ལས་ལྡོག་པ་དང་། ཁྲི་སྟན ་མཐོན་པོ་དང་ཁྲི་སྟོན་ཆེན་པོ་ལས་ལྡོག་པ་དང་། གར་དང་གླུ་དང་རྩེད་འཇི་ལྟ་བ་ལས་ལྡོག་པ་དང་། དྲི་དང་། ཕྲེང་བ་བྱུག་པ་མདོག་བསྒྱུར་བ་འཛིན་པ་ལས་ལྡོག་པ་དང་། དུས་མ་ཡིན་པའི་ཁ་ཟས་ལས་ལྡོག་པ་དང་། ་གསེར་དང་དངུལ་སོ་སོར་འཛིན་པ་ལས་ལྡོག་པའོ།། དགེ་ཚུལ་མ་རྣམས་ཀྱིས་བསླབ་པའི་གཞི་བཅུ་ནི། དེ་རྣམས་ཉིད་བཞིན་ནོ།། བཻར་སློབ་མ་རྣམས་ཀྱི་ནི་དགེ་ཚུལ་མ་རྣམས་ལས་ལྷག་པའི་ཆོས་གཉིས་ནི་འདི་ལྟ ་སྟེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་སོ།། དེ་ལ་ཆོས་ལ་རྣམ་པ་དྲུག་ནི་འདི་ལྟ་སྟེ། གཅིག་པུར་གྲོང་དུ་མི་འགྲོ་བ་དང་། གཅིག་པུར་ཆུའི་ཕ་རོལ་ཏུ་མི་བསྒྲལ་བ་དང་། སྐྱེས་པ་ལ་མི་རེག་པ་དང་། སྐྱེས་པ ་དང་འཚམས་གཅིག་ཏུ་མི་གནས་པ་དང་། སྙན་འབྱེད་པ་མི་བྱ་བ་དང་། ཁ་ན་མ་ཐོ་བ་མི་སྦེད་པའོ།། རྗེས་སུ་མཐུན་པའི་ཆོས་ལ་ཡང་རྣམ་པ་དྲག་ནི་འདི་ལྟ་སྟེ།། གསེར་དངུལ་ལ་མི་རེག་པ་དང་། མགོའི་འོག་ལུས་ཀྱི་སྤུ་འབྱེད ་པར་མི་བྱ་བ་དང་། ས་བརྐོ་བར་མྱི་བྱ་བ་དང་། སྔོན་པོ་ཉམས་པོར་མི་བྱ་བ་དང་། བྱིན་ལེན་མུ་བྱས་པའི་ཟས་མི་བཟའ་བ་དང་། མཚན་མོ་བཞག་པའི་ཟས་མྱི་བཟའ་བའོ།། བསྙེན་པར་རྫོགས་པ་ཡང་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། ་རང་བྱུང་ངོ་ཉིད་ཀྱིས་བསྙེན་པར་རྫོགས་པ་ནི་རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་སོ།། ངེས་པ་བགྲོད་པས་ནོན་བསྙེན་པར་རྫོགས་པ་ཀུན་ཤེས་ཀཽཎྜི་ནྱ་དང་རྟ་ཐུལ་དང་མཛེས་བཟང་དང་རླངས་པ་དང་མིང་ཆེན་རྣམས་ལྔ ་སྟེ་སྟོན་པའི་བྱེ་བ་མང་དུ་བྱེད་པའི་དགེ་སློང་རྣམས་སོ།། དགེ་སློང་དག་ཚུར་ཤོག་ཅེས་པས་བསྙེན་པར་རྫོགས་པ་གྲགས་པ་ལ་སོགས་པ་རིགས་ཀྱི་བུ་དྲུག་ཅུ་རྣམས་སོ།། སྟོན་པ་ཁས་བླངས་པས་བསྙེན་པར་རྫོགས་པ་འོད་སྲུངས ་ཆེན་པོ་དང་། དྲིས་ལན་གྱི་བསྙེན་པར་རྫོགས་པ་འཆར་ཀ་དང་། བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་སྐྱེ་དགུའི་བདག་མོ་ཆེན་མོའོ།། ཕོ་ཉས་བསྙེན་པར་རྫོགས་པ་ཆོས་ཀྱིས་བྱིན་མའི་དགེ་སློང་མའོ།། ་འདུལ་བ་འཛིན་པ་ལྔས་བསྙེན་པར་རྫོགས་པ་མཐའ་ཁོབ་སྐྱེ་བོའི་ཡུལ་དུའོ།། བཅུ་འཚོགས་པས་བསྙེན་པར་རྫོགས་པ་ཡུལ་དབུས་སུའོ།། སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པས་བསྙེན་པར་རྫོགས་པ་བཟང་པོ་ལ ་སོགས་པ་དྲུག་ཅུའོ།། ཡང་ན་བསྙེན་པར་རྫོགས་པ་རྣམ་པ་བརྒྱད་ཏེ། འདི་ལྟ་སྟེ། རང་བྱུང་གིས་བསྙེན་པར་རྫོགས་པ་དང་། གསུམ་ལ་སྐྱབས་སུ་སོང་བས་བསྙེན་པར་རྫོགས་པ་དང་། ཕོ་ཉས་བསྙེན་པར་རྫོགས་པ ་དང་ངེས་པ་རྣམ་པར་བགྲོད་པས་བསྙེན་པར་རྫོགས་པ་དང་། དགེ་སློང་ཚུར་ཤོག་གིས་བསྙེན་པར་རྫོགས་པ་དང་། སྟོན་པ་ཁས་བླངས་པོས་བསྙེན་པར་རྫོགས་པ་དང་། དྲིས་ལན་གྱི་བསྙེན་པར་རྫོགས་པ་དང་། གསོལ ་བ་དང་བཞི་པའི་ལས་དང་གི་གུས་མེད་པ་ལྔ་པས་བསྙེན་པ་རྫོགས་པའོ།། རབ་ཏུ་བྱུང་བ་རྣམ་པ་གསུམ་ཏེ་འདི་ལྟ་སྟེ། ཡང་དག་པར་བླངས་པ་ཐོབ་པ་དང་། ལྷག་པར་རྟོགས་པ་ཐོབ་པ་དང་། ངེས་པར་མཐོང་བ་པའོ།། ། ་བསྙེན་པར་རྫོགས་པའི་རྒྱུ་བཞི་ནི་འདི་ལྟ་སྟེ། དགེ་འདུན་གྱི་ཚོགས་རྣམས་ཀུན་ཏུ་རྫོགས་པ་དང་། འཚམས་བཅིངས་པ་དང་། གསོལ་བ་བྱེད་པ་པོ་ཚུལ་ཁྲིམས་དང་ལྡན་པ་དང་། བར་ཆད་ཀྱི་ཆོས་རྣམས་མེད་པ་དང་། ་ལས་དམ་པའོ།། དགེ་སློང་གི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཆ་ལུགས་ཕུན་སུམ་ཚོགས་པ་དང་། ལས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ ་ཚོགས་པའོ།། དགེ་སློང་མ་རྣམས་ཀྱིས་བསྙེན་པར་རྫོགས་པ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། གསོལ་བ་དང་བཞིའི་ལས་ལན་གསུམ་བརྗོད་པས་དང་། བླ་མའི་ཆོས་ཁས་བླངས་པས་སོ།། དེ་ལ་བླ་མའི་ཆོས ་བརྒྱད་ནི་འདི་ལྟ་སྟེ། བུད་མེད་རྣམས་ནི་དགེ་སློང་གི་གཞི་ལས་རབ་ཏུ་བྱུང་བར་བྱ་བ་དང་། བསྙེན་པ་རྫོགས་པ་དགེ་སློང་མའི་དངོས་པོ་ཡང་རེ་བར་བྱ་བ་ནི་བླ་མའི་ཆོས་དང་པོའོ།། དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཞིང་གཞི་དགེ་སློང་ལས ་ཡང་དག་པར་གདམས་པ་དང་རྗེས་སུ་བསྟན་པ་བཙལ་བར་བྱའོ་ཞེས་པ་ནི་གཉིས་པའོ།། དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་བླང་བར་མི་བྱའོ་ཞེས་པ་ནི་གསུམ་པའོ།། དབྱར་གནས་བྱས་པའི་དགེ་སློང ་མས་དགེ་འདུན་གཉིས་པ་གནས་གསུམ་གྱིས་བར་དུ་འཆགས་པ་བྱས་ཏེ། མཐོང་བས་དང་ཐོས་པས་དང་དོགས་པས་སོ་ཞེས་པ་ནི་བཞི་པའོ།། ཡང་དགེ་སློང་མས་དགེ་སློང་གི་རྒུད་པ་སླུ་བ་དང་དྲན་པར་མིཿའེའི་ཚུལ་ཁྲིམས་རྒུད་པ ་དང་། ལྟ་བའི་རྒུད་པ་དང་། ཀུན་ཏུ་སྤྱོད་པ་རྒུད་པ་དང་། འཚོ་བ་རྣམ་པར་རྒུད་པའོ་ཞེས་པ་ནི་ལྔ་པའོ།། དགེ་སློང་མས་དགེ་སློང་ཁྲོ་བར་མི་བྱ་སྡང་བར་མི་བྱ་ཞེས་པ་ནི་དྲུག་པའོ།། བླ་མའི་ཆོས་ཀྱི་ལྟུང་བ་བྱུང་བའི་དགེ་སློང་མས་དགེ ་འདུན་གཉི་ག་ལ་ཟླ་བ་བྱེད་དུ་མགུ་བ་སྤྱད་པར་བྱའོ་ཞེས་པ་ནི་བདུན་པའོ།། བསྙེན་པར་རྫོགས་ནས་ལོ་བརྒྱ་པའི་དགེ་སློང་མས་བསྙེན་པོར་རྫོགས་ནས་ཉོན་གཅིག་པའི་དགེ་སློང་ལ་གུས་པར་སྨྲ་བ་དང་བསྙེན་བཀུར་དང་ཐལ་མོ ་སྦྱར་བའི་ལས་དང་མཉམ་དུ་སྟོང་པའི་ལས་རྣམས་བྱའོ་ཞེས་པ་ནི་བརྒྱུད་བའོ།། དགེ་སློང་རྣམ་པ་གས་ནི་འདི་ལྟ་སྟེ། སློང་བའི་དང་ཚུལ་ཧཱུཾ་དགེ་སྦྱོང་དང་། ཉོན་མོངས་བཅོམ་པའི་དགེ་སློང་དང་། བསྟན་པར་རྫོགས་པའི་དགེ་སློ། ་བསྙེན་པར་རྫོགས་པའི་དགེ་སློང་ངོ་།། བསྙེན་གནོས་ཀྱི་བསླབ་པའི་གཞི་བརྒྱད་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང་། མ་བྱིན་པར་ལེན་པ་ལས་ལྡོག་པ་དང་། མི་ཚངས་པར་སྤྱོད་པ་ལས་ལྡོག་པ་དང་། འབྲུ ་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པ་དང་། རྫུན་དུ་སྨྲ་བ་ལས་ལྡོག་པ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་ལས་ལྡོག་པ་དང་། གླུ་གར་སྒྲ་སྙན་རྩེ་བག་ལ་ལྟ་བ་དང་དྲི ་དང་ཕྲེང་བ་དང་བྱུག་པ་དང་མདོག་སྒྱུར་བ་འཛིན་པ་ལས་ལྡོག་པ་དང་། དུས་མ་ཡིན་པའི་ཟས་ལས་ལྡོག་བྲེའོ།། དེ་བཞིན་དུ་བསླབ་པའི་གཞི་བརྒྱ་དཱི་ལཱ་དུས་མྱ་ཡིན་པའི་ཟས་ལ་ལྡེག་པ་སྤངས་པ་ཡང་དག་པར་སྤང་བ ་བླངས་པ་ནི་བྱ་རོག་སྦྱོང་བྱེད་དང་བྱ་རོ་ག་སྐྲོང་བྱེད་མ་རབ་ཏུ་བྱུང་བའོ།། བསྙེན་གནས་སྡོམ་པ་འདི་ཉིད་ཇི་སྲིད་འཚོ་བའི་བར་དུ་ཡང་དག་པར་བླངས་པ་ནི་གོ་མེའི་སྡོམ་པ་ཞེས་ཁ་ཅིག་གདམས་པ་བྱེད་དོ།། སོ་སོར་ཐར ་པའི་སྡོམ་པ་བཅུ་པ་འདི་ནི་དགེ་བའི་ལས་སོ།། སྡོམ་པ་འདི་རྣམས་ལས་འདས་པ་ནི། ལྟུང་བ་སྟེ་མི་དགེ་བའི་ལས་སོ།། ལྟུང་བ་སྡེ་རྣམ་པ་བརྒྱད་དེ་འདི་ལྟ་སྟེ། ཕས་ཕམ་པ་ཆོས་བཞི་དང་། དགེ་འདུན་ལྷག་མ ་ཆོས་བཅུ་གསུམ་དང་། མ་ངེས་བྱ་ཆོས་གཉིས་དང་། སྦྱང་བའི་ལྟུང་བྱེད་ཆོས་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་ཆོས་དགུ་བཅུ་རྩཝ་གཉིས་དང་། སོ་སོར་བཤགས་པ་ཆོས་བཞི ་དང་། བསླབ་པའི་ཆོས་ལྔ་བཅུ་ལྷག་དང་བཅས་པ་དང་། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་ནོ།། དེ་ལ་དགེ་སློང་རྣམས་ཀྱི་པོས་ཕམ་པའི་ལྟུང་བ་བཞི་སྟེ་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར ་ལེན་པ་དང་། མི་གསོད་པ་དང་། མིའི་ཆོས་བླ་མར་གྱུར་པའོ།། དགེ་སློང་མ་རྣམས་ཀྱི་བཞི་པོ་དེ་ཉིད་དང་གཞན་ཡང་བཞི་སྟེ་འདི་ལྟ་སྟེ། རྣམ་པར་ཆགས་པ་རྣམ་པར་ཆགས་པའི་སྐྱེས་བུ་ལ་མིག་གི་འོག ་ནས་པུས་མོའི་གོང་གི་བར་དུ་ཉུག་པར་བྱེད་པ་ལ་སོགས་པ་ཞེས་པ་དེ་ལྟ་བུ་རང་བཞིན་ནོ།། རྣམ་པར་ཆགས་པ་རྣམ་པར་ཆགས་པའི་སྐྱེས་བུ་དང་ལྷན་ཅིག་གནས་པ་དང་། རྩེ་བ་དང་། ཀུན་ཏུ་སྨྲ་བ་དང་རྟག ་དང་མཚན་མ་དང་བརྡ་རྣམས་བྱེད་པ་དང་སྐྱེས་པ་འོངས་པ་ཁས་ལེན་པར་བྱེད་བ་དང་། དེའི་རང་བཞིན་གྱི་ཡུལཱ་དུདྡྷ་པཱ་སྟོན་པ་དང་། མཛུད་པ་ལས་གཞན་དུ་སྐྱེས་པ་དང་བུད་མེད་ཀྱི་དབོང་རྗེས་སུ་འགྲོ ་གྱུར་པའོ།། ཞེས་དེ་ལྟ་བུ་རང་བཞིན་ནོ།། སྔོན་ཕས་ཕམ་པ་དང་གནས་མོ་བཅས་པར་གྱུར་ཅིང་། དེ་གང་གི་ཚེ་ཤི་བའམ་རྣམ་པར་འཁྲུལ་པ་འམ་ཡུལ་གཞན་དུ་བྲོས་པར་གྱུར་པ་ན། དེའི་ཚེ་འང ་བཞིན་སྨྲ་སྟེ། འཕགས་མ་སྔོན་བདག་གིས་མཐོང་བ་ནི་གང་གི་ཚེ་ལྐོག་སྐྱེ་བོས་དབེན་པ་རུ་དགེ་སློང་མ་འདིས་པས་ཕྱམ་པ་དང་གནས་མ་བཅས་པར་གྱུར་ཞེས་པ་དེ་ལྟ་བུ་རང་བཞིན་ནོ།། དགེ་སློང་གང་ཞིག་དགེ་སློང ་གི་དགེ་འདུན་འཚོགས་ནས་ཕྱི་རོལ་ཏུ་བསྐྱོད་པའི་ལུས་བྱས་སོ།། དགེ་སློང་མ་དགེ་འདུན་འཚོགས་ནས་ཕྱག་འཚལ་བར་མི་འོས་ཞེས་བཅའ་བ་བཅས་སྷོ།། དགེ་འདུན་ཆེ་བ་ཆུ་དྲ་བ་ལྔ་སྒྲ་འབུལ་བ་བྱེད་པ་དང་ངེས་པར་འབྱུང་བ ་ལ་འཇུག་པར་བྱེད་པ་དང་འོས་པ་སྟོབ་པ་ཉེ་བར་སྟོན་པོ་དང་འཚམས་ཀྱི་ནང་དུ་གནས་ཏེ་རྣམ་པར་འཚོགས་པ་ཞུ་བ་ན། དགེ་སློང་མ་གང་ཞིག་ཤེས་བཞིན་མཐོང་བཞིན་དུ་འདི་བཞི་ནི་སྒྲ་སྟེ། འཕགས་པ་ཁྱེད་དགེ་འདུན ་ཆུང་རྣམས་ལ་སྒྲ་བཏོགས་འབུལ་མ་བྱེད། ངེས་འབྱུང་འཇུག་པ་མ་བྱེད། འོས་པ་སྟོབ་པ་ཉེ་བར་སྟོན་པ་མ་བྱེད། འཚམས་ནང་དུ་གནས་པའི་རྣམ་པར་འཆགས་པ་ཞུ་བ་མ་བྱེད་ཅིག། བདག་གིས་འཕགས་པའི་ལྟུང ་བཟེད་ཀྱིས་དང་། ལྷུང་བཟེད་དྲ་བ་ཡིས་དྲང་ཆུ་ཚགས་ཀྱིས་དང་། སྐོ་རགས་ཀྱིས་དང་། མདོ་སྟོན་པས་དང་། ཀློག་བས་དང་འདོན་པས་དང་བྲས་མ་གཏན་གྱི་ས་དང་། རྣལ་འབྱོར་གྱི་ས་དང་། ཡིད་ལ་བྱེད་པས་དང་། ག ་དང་གང་གིས་བར་དུ་གཅོད་པར་གྱུར་པ་ཡི། དེ་དང་དེ་ཡིས་བར་དུ་གཅོད་བར་མི་འགྱུར་བར་བྱའོ།། ཞེས་སོ།། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་ལྟར་བརྗོད་པར་བྱ་སྟེ། དགེ་སློང་གོང་ཞིག་ཞེས་པ་ལ་སོགས་པ་སྔོན་བཞིན་དུ ་དེས་ངེས་པར་གཅོད་པར་མི་འགྱུར་བར་བྱའོ་ཞེས་པའི་མཐར་ཐུག་པར་ཕྱུང་བ་འཇུག་པ་ལྡོག་པའི་ངག་གི་ལམ་སྤོངས་ཞིག་ཅེས་ལན་གསུམ་དུ་བཟོད་ཀྱང་མི་སྤོང་ནའོ་ཞེས་པ་འདི་ལྟ་བུ་རང་བཞིན་ན ་ཞེས་སོ།། དགེ་འདུན་ལྷག་མ་ལ་སོགས་པ་རྣམས་ཀྱི་རྣམ་པོར་བཤད་པ་ལ་སོགས་པ་རྣམས་ནི་མངས་པས་འཇིགས་པས་འདིར་མི་བྲིའོ།། འདུལ་བའི་གཞུང་ལས་རྟོགས་པར་བྱའོ།། དེ་ལ་ལྟུང་བ་སྟེ་རྣམ་པ་གསུམ ་སྟེ་འདི་ལྟ་སྟེ། ལྟུང་བར་འགྱུར་བའི་ལྟུང་བའི་སྡེ་དང་། བཤགས་པར་བྱ་བའི་ལྟུང་བའི་སྡེ་དང་། བསྡམ་པར་བྱ་བའི་ལྟུང་བའི་སྡེའོ།། དེ་ལ་ལྟུང་བར་འགྱུར་བའི་སྡེ་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་ཚངས་པར་སྤྱོད ་པ་དང་།། མ་བྱིན་པར་ལེན་པ་དང་། མི་གསོད་པ་དང་། མིའི་ཆོས་བླ་མར་གྱུར་པའོ།། བཤེགས་བྱའི་ལྟུང་བའོ་སྡེ་ཚན་ལ་རྣམ་པ་མང་ངོ་འདི་ལྟ་སྟེ། དགེ་འདུན་ལྷག་མ་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་དང་།། ་ལྟུང་བྱེད་རྐྱང་པ་ལ་སོགས་པའོ།། བསྡམ་པར་བྱ་བ་ལ་རྣམ་པ་མང་ངོ་།། འོདི་ལྟ་སྟེ། བསྡམ་བྱའི་ལྟུང་བ་ལ་སོགས་པའོ།། ལྟུང་བ་གསུམ་སྟེ། འདི་ལྟ་སྟེ། མ་ལུས་པ་དང་། དགེ་འདུན་ལྷག་མོ་དང་། གང ་ཟིཐེག་གོ་ལྷག་མའོ།། དེ་ལ་ལྷག་མ་མེད་པ་བཞི་ནོ་འདི་ལྟ་སྟེ། ཕས་ཕམ་པའི་ཆོས་དང་། གཉིས་པ་ནི་དགེ་འདུན་ལྷག་མའི་ཆོས་དང་། གང་ཟག་ལྷག་མ་ནི་ལྟུང་བ་གཞན་ཐམས་ཅད་དོ།། དགེ་སྦྱོང་གི་དྲི་མ་བཅུ་ནི ་དིམྦྷ་སྟེ། བན་པ་སེམས་དང་།། གནང་སམམྦྷ་དང་། ཁྲོ་བ་དང་།། ཁོན་དུ་འཛིན་པ་དང་། རྫུན་དུ་སྨྲ་བ་དང་། དབྱེན་དང་། གསོ་དང་། སྒྲ་དང་། ལྤག་པ་འདོད་པ་དང་། སྣ་བ་ལོག་པའོ།། རྣམས་ཉིད་ནི་དགེ་སྦྱོང་གི་ཡོན་བྱ་བཅུན། ་དེ་བཞིན་དུ་དེ་རྣམས་དགེ་སྦྱོང་གི་རྐྱེན་བཅུའོ།། དེ་བཞིན་དུ་དེ་རྣམས་དགེ་སློང་གི་སྙིགས་མྱ་བཅུའོ།། དགེ་སྦྱོང་དུ་བྱེད་པའི་ཆོས་བཙུན་འོད་ལྟ་སྟེ། ངོ་ཚ་བ་དང་། ཁྲེལ་ཡོད་པ་དང་། ལུས་ཀྱི་ལས་ཀྱི་མཐའ་ཡོངས་སུ ་དག་པ་དང་། ངག་གི་ལས་ཀྱི་མཐའ་ཡོངས་སུ་དག་པ་ཉིད་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་ཉིད་དང་། འཚེ་བ་ཡོངས་སུ་དག་པ་དང་། དབང་པོའི་སྒོ་བསྡམས་པ་དང་། སྒྲིབ་པ་ཡོངས་སུ་སྤངས་པ་དྲུང ་བ་སམ་གཏན་བཞི་དང་མངོན་པར་ཤེས་པ་དྲུག་གོ།། དེ་ལ་སྒྲུབ་པ་ལ་ལྔ་ནི་འདི་ལྟ་སྟེ། བུ་ལོན་སྒྲིབ་པ་དང་། བྲན་ཁོལ་ཉིད་ཀྱི་སྒྲིབ་པ་དང་། བཅིངས་པའི་སློབ་པ་དང་། ནད་ཀྱི་སྒྲུབ་པ་དང་། འཇིགས་པའི་སྒྲིབ་པའོ ་དགེ་སློང་རྣམས་རྒྱུ་བར་བྱེད་པའི་རྒྱུ་བཅཝོ་ལྔ་ནི་འདི་ལྟ་སྟེ། བྱ་བྱ་ཡོངས་སུ་རྫོགས་པ་ཉིད་དང་། རང་ལ་ཕན་པ་ཚོལ་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ་ཉེས་པ་ལྔ་དང་རྣམ་པར་བྲལ་བ་དང་། མི་དགའ་བ་དང་། འདོད་ཆགས་ལ་སོགས་པ་གཞོམ་པ་དང་། རྙེད་པ་ལ་སོགས་པ་སྲེད་པ་དང་། ནུས་པ་དང་། རྗེས་སུ་བརྩེ་བ་དང་། བླ་མ་ལ་གུས་པ་དང་། ངོ་མཚར ་པ་བལྟ་བ་དང་། ཁྱད་པར་གྱི་དོན་དང་། དཀོན་མཆོག་གསུམ་གྱི་བྱ་བ་དང་། མཆོད་རྟེན་ལ་སོགས་པ་ལ་ཕྱག་བྱ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟུང་བ་སྡེ་གཉིས་ཏེ་འདི་སྟེ་སྟེ། ་ཕས་ཕམ་པའི་གནས་སུ་འགྱུར་བ་དང་། ཉེས་བྱས་ཀྱི་བྱས་པའི་ལྟུང་བས་བསྡུས་པའོ།། དེ་བཞིན་དུ་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། ལྟུང་བར་འགྱུར་བ་དང་། བཤགས་པར་བྱ་བ་དང་། བསྡམ་པར་བྱ་བའོ།། དེ ་ལ་ལྟུང་བར་འགྱུར་པ་ནི་ཕས་ཕམ་པའི་ལྟུང་བའི་གནས་སུ་འགྱུར་བའོ།། བཤགས་པར་བྱ་བ་ནི་ཉེས་བྱས་ཀྱི་ལྟུང་བས་བསྡུས་པའོ།། ལྟུང་བ་གཞན་རྣམས་ནི་ཡང་དག་པར་བསྡོམ་པར་བྱ་བའོ།། གང་ཟག་འབྲིང ་པོའི་དབང་དུ་བྱས་ནས་ཕས་ཕམ་པའི་ལྟུང་བ་ལ་ལྔ་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱོ་ནོར་འཕྲོག་པའི་ཕས་ཕམ་པའི་ལྟུང་བ་དང་། དམ་པའི་ཆོས་སྤོང་བ་ཕས་ཕམ་པའི་ལྟུང་བ་དང་། དགེ་སློང་ཚུལ་ཁྲིམས ་འཆལ་བ་ཡིན་ཀྱང་སེར་པོ་འཕྲོག་པ་འམ་བརྡུང་བའམ་བརྩོན་ཁང་དུ་འཛུད་པའམ་གསོང་པའམ་རབ་ཏུ་བྱུང་བ་ལྡོག་པ་སྟེ་ཕས་ཕམ་པའི་ལྟུང་བའོ།། འཚམས་མེད་ལྔ་ལ་གང་རུང་བྱེད་པ་ཕས་ཕམ་པའི་ལྟུང་བ ་དང་། ལྟ་བ་ལོག་པར་འཛིན་པའང་ཕས་ཕམ་པའི་ལྟུང་བའོ།། གང་ཟག་ཐ་མའི་དབང་དུ་བྱས་ཏེ་ཕས་ཕ་མ་ལྟུང་བ་བརྒྱད་ནི་འདི་ལྟ་སྟེ། ཡོངས་སུ་མ་སྨིན་པའི་སེམས་ཅན་ལ་སྟོང་པ་ཉིད་སྒྲོགས་པ་ཕས་ཕམ་པའི ་སྦྱང་བ་དང་། སངས་རྒྱས་བྱང་ཆུབ་ལ་རབ་ཏུ་གནས་པ་ལྡོག་པ་ནི་གཉིས་པའོ།། སོ་སོར་ཐར་པ་ཡོངས་སུ་སྤངས་ཏེ་ཐེག་པ་ཆེན་པོ་ལ་སྦྱོར་བ་ནི་གསུམ་པའོ།། ཉན་ཐོས་ཀྱི་ཐེག་པ་ནི་འདོད་ཆགས་ལ་སོགས་པ་སྤངས་པ་མ་ཡིན་ན ་ཞེས་རང་ཉིད་འཛིན་པ་ལོ་གཞན་རྣམས་འཛིན་དུ་འཇུག་པ་ནི་བཞི་པའོ།། རྙེད་པ་དང་བཀུར་སྟིའི་རྒྱུའི་རང་གི་ཡོན་ཏན་སྒྲོགས་པའམོ་སྤྱོད་པ་ནི་ལྔ་པའོ།། ང་ནི་ཟབ་མོ་ཆོས་ལ་བཟོད་པ་ཅན་ནོ་ཞེས་ལོག་པ་ཉིད་སྨྲ་བ་ནི་དྲུག་པའོ།། ་དགེ་སྦྱོང་རྣམས་ལ་ཆད་པ་གཅོད་དུ་འཇུག་པ་ལ་འམ། དགེ་སྦྱོང་རྣམས་སྐྱབས་གསུམ་གཏོང་བར་བྱེད་པའམ་དགེ་སྦྱོང་རྣམས་ལ་སྦྱིན་པ་ལེན་པ་ནི་བདུན་པའོ།། ཞི་གནས་སྤོང་བའམ་འདོན་པ་ལ་ཀུན་ཏུ་གཞོལ་བ་ལོངས ་སྤྱོད་འབུལ་བའམ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤོང་བའི་སེར་སྣ་དང་འདོད་པ་དྲག་པོ་དག་གིས་སློང་བ་པོ་མི་སྟེར་བའམ། ཁྲོས་ནས་སེམས་ཅན་ལ་བརྡེག་པའམ། སེམས་ཅན་བརྩོན་པས་རབ་ཏུ་ངང་བར་བྱེད་བའི ་བཟོད་པ་མི་སུན་པར་བྱེད་པ་དང་། ཉོན་མོངས་པ་འམ་གཞན་གྱི་རྗེས་སུ་འཇུག་པས་ཆོས་ལྟར་སྣང་བ་སྟོན་པ་ནི་བརྒྱད་པའོ།། ཡང་ཕས་ཕམ་པའི་ལྟུང་བ་བཞི་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྡོམ་པ་བླངས ་པས་རྙེད་པ་དང་བཀུར་སྟི་ལ་མཆོག་ཏུ་ཞེན་པས་བདག་ལ་སྟོང་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་ཕས་ཕམ་པའི་ལྟུང་བར་འགྱུར་རོ།། སྦྱིན་པར་བྱ་བའི་དངོས་པོ་ཡོད་པའོ་མ་ཆོས་ངེས་པ་ཡོད་ཀྱང་སེར་སྣ་དྲག ་བོས་ཟིལ་གྱིས་གནོན་པས་དོན་དུ་གཉེར་བ་ཡང་དག་པར་ཉེ་བར་གནས་པ་ལ་ནོར་དང་ཆོས་མི་སྟེར་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ་གཉིས་པའོ།། ཁྲོ་བ་དྲག་པོས་ཟིལ་གྱིས་ནོན་པས་གཞན་ལ་བརྡེག ་བ་ན་ཡང་དག་པར་གསོལ་བ་བྱེད་པ་ཤད་ཀྱིས་སྦྱང་བ་མི་ལེན་ཅིང་བཟོད་པ་མི་བྱེད་ན་ཕྱས་ཕམ་པའི་ལྟུང་བར་འགྱུར་རོ་གསུམ་པའོ།། ལྟ་བས་ཀུན་ནས་དཀྲིས་པ་མི་མཆོག་གྲི་ཐེག་པ་ཆེན་པོ་བསྐུར་བ་དང་སྤོང་བ་དང་། ཐེག་པ ་ཆེན་པོའི་གཟུགས་བརྙན་ཆོས་གསལ་བར་བྱེད་པ་ནཱ་ཕས་ཕམ་པའི་ལྟུང་བར་འགྱུར་རོ་ཞེས་པ་ནི་བཞི་པའོ།། སྡོམ་པ་ནི་འཕངས་པའི་དུས་ལས་ཚུ་རོལ་ཏུ་གཏོང་བའི་རྒྱུ་བཞི་ནི་འདི་ལྟ་སྟེ། བསླབ་པ་ཕུལ་བ་དང་། ལྟུང་བར་འགྱུར ་བའི་ཆོས་ལ་ལྷག་པར་སྤྱད་པ་དང་། མཚན་མ་གཉིས་བྱུང་བ་དང་། རྟེན་རྣམ་པར་འཁྲུགས་ནས་དབང་པོ་མེད་པ་ཉིད་ཐོབ་པའོ།། བསྙེན་གནས་སྡོམ་པ་ཡང་རྟེན་ཆད་པ་དང་། ཤི་བ་ལས་གཏོང་ངོ་།། སྡོམ་པ་མ་ཡིན་པ་ཡང་དེ ་བཞིན་ནོ།། སྡོམ་པ་ཅན་དང་སྡོམ་པ་ཅན་མ་ཡིན་པ་ལས་གཞན། སྡོམ་པ་ཅན་མ་ཡིན་པ་དང་སྡོམ་པ་མ་ཡིན་པ་ཅན་མ་ཡིན་པ་དེ་དག་གི་དགེ་པ་འམ་མི་དགེ་པའི་ལས་ནི་སྡོམ་པ་མ་ཡིན་སྡོམ་པ་མ་ཡིན་པ་མ་ཡིན་ནོ།། ཡང ་དགེ་བ་འམ་མི་དགེ་བའི་ལས་དེ་རྣམས་ནི་རྒྱུ་ལྔ་ཡིས་འཕེལ་བ་འམ་འགྲིབ་པར་འགྱུར་རོ་འདི་ལྟ་སྟེ། ཞིང་ལས་དང་། བསམ་གཏན་ལས་དང་། བྱ་བ་ངེས་པ་ལས་དང་། དངོས་པོ་ཡོངས་སུ་འཆང་བ་ལས་དང་། གུས ་བས་འཇུག་པ་ལས་སོ།། དེ་ལ་ཞིང་ལསྣ་ནི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སངས་རྒྱས་བརྩམས་གནས་པའི་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་གནས་པའི་དང་། དེ་བཞིན་དུ་དགེ་འདུན་གནས་པའི་འོ།། ་ཉེ་བར་མ་ཆད་ཀྱི་བར་དུ་ཉེ་བར་སྐྱེ་བ་མི་ཟད་པའོ།། དེ་བཞིན་དུ་རྐུ་བའི་དོན་དུ་གསོད་པ་ལ་སོགས་པ་བྱེད་པ་ལས་བསོད་ནམས་མ་ཡིན་པའི་ཕུང་པོའོ།། དེ་བཞིན་དུ་ཉེ་བར་མ་ཆད་ཀྱི་བར་དུའོ།། དེ་བཞིན་དུ་རྫིང་གི་ལྷ་མོའི་ཁང་པ ་བྱེབྱད་པ་ལ་སོགས་པ་བསོད་ནམས་མ་ཡིན་པའི་ཕུང་པོའོ།། བསམ་གཏན་གསུམ་ནི་འདི་ལྟ་སྟེ། སངས་རྒྱས་ལ་དགའ་བས་སྐྱབས་སུ་འགྲོ་བ་ལས་བསོད་ནམས་དང་། མ་ཆད་ཀྱི་བར་དུའོ།། དེ་བཞིན་དུ་ཆོས་ལ་སྐྱབས་སུ་སོང་བ ་ལོས་བསོད་ནམས་དང་། དེ་བཞིན་དུ་དགེ་འདུན་ལ་སྐྱབས་སུ་སོང་བ་ལས་བསོད་ནམས་སོ།། ལྡོག་པ་ལས་བསོད་ནམས་མ་ཡིན་པའོ།། བྱ་བ་ངེས་པ་ལས་ནི་རྣམ་པ་མང་ངོ་འདི་ལྟ་སྟེ། དམ་པའི་ཆོས་མ་སྟོན་པར། དམན་པ ་ལ་མ་བྱིན་པར། མཆོད་རྟེན་མ་རྫོགས་པར། བསྐོར་བ་མ་བྱས་པར། བླ་མ། \ུ0f7fམཁན་པོ། སློབ་དཔོན། མ། ཕ། ལ་སོགས་པ་ལ་ཕྱག་མ་འཚལ་བར་ཁ་ཟས་མི་བཟའོ་ཞེས་པ་ལ་སོགས་པ་རྣམ་པ་རྣམས་བསོད་ནམས་སོ།། བྱ་བ ་རྣམ་པར་ཆད་པ་ལས་ལྡོག་གོ། སྲོག་ཆགས་གསོད་པ་ལོ་སོགས་པ་མ་བྱས་པར་ཟས་མི་བཟའོ་ཞེས་པ་ལ་སོགས་པ་བྱ་བ་ངེས་པ་ལས་བསོད་ནམས་མ་ཡིན་པའོ།། བྱ་བ་རྣམ་པར་ཆད་པ་ལས་ལྡོག་གོ།། དངོས་པོ་ཡོངསུ ་ཆད་པ་ལས་ནི་ཡང་རྣམ་པ་མང་ངོ་།། འདི་ལྟ་སྟེ། མཆོད་པའི་དོན་དུ་མཆོད་རྟེན་ལ་སོགས་པ་འཆང་བ་ཡང་བསོད་ནམས་སོ།། དེ་དག་ཡོངས་སུ་སྤངས་པ་ན་ལྡོག་པ་ཉིད་དོ།། གཞན་ལ་གནོད་པའི་ཕྱིར། ་རྒྱ་དང་མཛོལ་ལ་སོགས་པ་འཆང་བ་ལས་བསོད་ནམས་མ་ཡིན་པའོ།། དེ་དག་སྤངས་པ་ན་ལྡོག་པ་ཉིད་།། གུས་པས་འཇུག་པ་ལ་ཡང་རྣམ་པ་མང་ངོ་།། འདི་ལྟ་སྟེ། རབ་ཏུ་ངང་པའི་ཤུགས་ལས་དགེ་བའི་ལས་དང་། ཉོན་མོངས ་པཔའི་ཤུགས་ལས་མི་དགེ་བའི་ལས་གུས་པར་བྱེད་པའོ།། ཇི་སྲིད་དུ་རབ་ཏུ་ངང་བའི་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད་ནམས་རྗེས་སུ་འཇུག་གོ། ཇི་སྲིད་དུ་ཉོན་མོངས་པའི་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད ་ནམས་མ་ཡིན་པ་རྗེས་སུ་འཇུག་པ་ཉིད་།། གང་ཅུང་ཟད་ལེགས་པར་སྤྱད་པ་རྣམས་ནི་རྒྱུ་བཅུ་གསུམ་གྱིས་དག་པར་འགྱུར་ཏེ། འདི་ལྟ་སྟེ། རང་བཞིན་གྱིས་དང་། འབྲེལ་པ་ལས་དང་། རྗེས་སུ་འབྲེལ་པ་དང ་ཀུན་སློང་ལས་དང་། སྐྱེ་བ་ཐོབ་པ་ལས་དང་། དོན་དམ་པའི་བདེན་པ་ལས་དང་། སྦྱར་བ་ལས་དང་། ཡོངས་སུ་འཛིན་པ་ལས་དང་། མདུན་དུ་བདར་བ་ལས་དང་། གཉེན་པོ་ལས་དང་། ཉེ་བར་ཞི་བ་ལས་དང་། མཐུན ་པ་ལས་སོ།། དེ་ལ་ར་བཞིན་ལས་དགེ་བ་ལ་རྣམ་པ་བཅུ་བཞི་ནི་འདི་ལྟ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ་མི་སྡུང་བ་དང་། མ་རྨོངས་པ་དང་། བག་ཡོད་པ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། རྣམ་པར་འཚེ་བ་མེད་པའོ།། འབྲེལ་པ་ལས་དགེ་བ་ནི་མང་ངོ་འདི་ལྟ་སྟེ། དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་སོ།། རྗེས ་སུ་འབྲེལ་པ་ལས་དགེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་རྣམས་ཀྱི་བག་ཆགས་སོ།། ཀུན་སློང་ལས་དགེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ།། སྐྱེ་བས་ཐོབ་པ་ལས་དགེ་བ་ནི་འདི་ལྟ་སྟེ། ་དད་པ་ལ་སོགས་པ་རྣམས་གོམས་པ་ལས་དད་པ་ལ་སོགས་པའི་རང་བཞིན་ཅན་མངོན་པར་གྲུབ་པའོ།། དོན་དམ་པ་ལས་དགེ་བ་ནི་དེ་ཁོ་ན་ཉིད་དོ།། སྦྱོར་བ་ལས་དགེ་བ་རྣམ་པ་གསུམ་ནི་འདི་ལྟ་སྟེ།། སྐྱེས་བུ་དམ་པ་བསྙེན་པ་ལས་དམ ་པའི་ཆོས་ཐོས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ།། རྗེས་སུ་འཛིན་པ་ལས་དགེ་བ་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྗེས་སུ་འཛིན་པའི་དགེ་བ་གང་ཡིན ་པའོ།། དེ་ལ་བསྡུ་བའི་དངོས་པོ་བཞི་ནི་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ།། ཡོངས་སུ་ལེན་པ་ལས་དགེ་བ་ནི་འདི་ལྟ་སྟེ། སྦྱིན་པའི་རང་བཞིན་བསོད་ནམས་བྱ་བའི་དངོས་པོ་ལས་ནོར་ཆེ ་བ་རིགས་མཐོ་བའོ་སྐྱེ་བ་ཡོངས་སུ་ལེན་པ་དང་། ཚུལ་ཁྲིམས་ཀྱི་རང་བཞིན་བསོད་ནམས་བྱ་བའི་དངོས་པོ་ལས་བདེ་འགྲོ་སྐྱེ་བ་ཡོངས་སུ་ལེན་པ་དང་། སྒོམ་པོའི་རང་བཞིན་བསོད་ནམས་བྱ་བའི་དངོས་པོ་ལས་རྣམ་པར་བྱུང་བའི ་རྗེས་སུ་མཐུན་པ་ཡོངས་སུ་ལེན་པའོ།། མདུན་དུ་བདྲར་བ་ལས་དག་པ་ནི་རྣམ་གཉིས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མདུན་དུ་བྱས་པ་མཆོད་རྟེན་ནམ་པོ་ཏི་ལ་སོགས་པ་མཆོད་པའི་ཆོ་ག་ལས་དང་། ཆོས ་མདུན་དུ་བདར་བ་ཆོས་ཀྱིས་བྱིན་བརླབས་པའི་གང་ཟག་ལ་མཆོད་པའི་ཆོ་ག་ལས་སོ།། གཉེན་པོ་ལས་དགེ་བ་ནི་རྣམ་པ་ལྔའོ།། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། རྣམ་པར་སེལ་བའི་གཉེན་པོ་དང་། རིང་དུ ་གྱུར་པའི་གཉེན་པོ་དང་། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོའོ།། ཉེ་བར་ཞི་བ་ལས་དགེ་བ་ནི་འདི་ལྟ་སྟེ། དེ་དང་དེ་ཡོངས་སུ་བླངས་པས་འདོད་ཆགས་སྤངས་པའོ།། མཐུན་པའི་རྒྱུ་ལས་དགེ་བ་ནི ་རྣམ་པ་བཞི་སྟེ་འདི་ལྟ་སྟེ། འདོད་ཆགས་སྤངས་པའི་བདག་པོས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཐུན་མོང་བ་དང་། དེ་ཉིད་ཐུན་མོང་མ་ཡིན་པ་དང་། དེ་ཉིད་འཇིག་རྟེན་པ་དང་། དེ་ཉིད་འཇིག་རྟེན་ལས་འདས་པའོ།། ་དེ་ལ་མི་དགེ་བའི་ལས་བྱས་པ་རྣམས་དག་པར་བྱེད་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སུན་འབྱིན་པ་ཀུན་ཏུ་སྤྱོད་པས་དང་། གཉེན་པོ་ཀུན་ཏུ་སྦྱོང་བས་དང་། སོར་ཆུད་པའི་སྟོབས་ཀྱིས་དང་། རྟེན་གྱི་སྟོབས་ཀྱིས་སོ།། ་དེ་ལ་སྡིག་པ་བྱས་ཏེ་དེ་མོ་ཐག་ཏུ་རྗེས་སུ་གདུང་བའི་ཡིད་ཀྱིས་སྐྱོན་དུ་ལྟ་བ་དང་མི་ལེགས་པ་བྱས་སོ་ཞེས་སུན་འབྱོན་པར་བྱེད་པའོ།། འཇུག་ཉམས་པའི་ཕྱིར་སྡིག་པ་ཉམས་ཆུང་བར་གྱུར་པའོ།། འདི་ནི་སུན་འབྱིན་པ་ཀུན་ཏུ ་སྤྱོད་པའོ།། གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས། དགེ་བའི་ལས་ཀྱི་དོན་དུ་ཤིན་ཏུ་མངོན་པར་སྦྱོར་བའི་མཚན་ཉིད་སྡིག་པ་ཆེས་ཉམས་ཆུང་བར་བྱེད་པའོ།། སོར་ཆུད་པའི་སྟོབས་ནི་སླན་ཆད་མི་བྱེད་པའི་སྡོམས་པ་ཐོབ་པའི ་མཚན་ཉིད་ཅན་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པས་སྡིག་པ་ནི་བྱེ་བ་ཅུང་ཟད་མི་བྱེད་དོ།། རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱོབས་སུ་འགྲོ་བའི་མཚན་ཉིད་དང་། བྱང་ཆུབ་སེམས་མི་སྤོང་བའི་མཚན ་ཉིད་ནི། སྡིག་པ་དག་མི་འདོད་པའི་འབྲས་བུ་འབྱིན་པའི་ནུས་པ་མེད་པར་བྱེད་དོ།། གང་ཅུང་ཟད་མི་དགེ་བ་རྣམས་རྒྱུ་བཅུ་གཉིས་ཀྱི་འགྱུར་ཏེ། རང་བཞིན་ལས་དང་། འབྲེལ་པ་ལས་དང་། རྗེས་སུ་འབྲེལ་པ་ལས་དང ་བསླང་བ་ལས་དང་། དོན་དམ་པ་ལས་དང་། སྐྱེ་བོས་ཐོབ་པ་ལས་དང་། སྦྱོརརོ་བ་ལས་དང་། མདུན་དུ་བྱས་པ་ལས་དང་། ཉེ་བར་གནས་པ་ལས་དང་། ཡོངས་སུ་ལེན་པ་ལས་དང་། མི་མཐུན་པ་ཕྱོགས་ལས་དང་། ལམ་ལོག ་པ་ལས་སོ།། དེ་ལ་རང་བཞིན་ལས་མི་དགེ་བ་ནི།། ཡིད་དང་མཚུངས་པར་ལྡོན་པའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་བཞག་སྟེ།། དེ་ལས་གཞན་ཉེས་སྤྱོད་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་དང་ཉེ་བའི ་ཉོན་མོངས་པའོ།། དེ་ཡང་འདོད་པ་སྤྱོད་པ་རང་བཞིན་དང་རང་བཞིན་མ་ཡིན་པོའི་ཉེས་པར་སྤྱོད་པ་དེ་གཉིས་ཀུན་ནས་སློང་བར་བྱེད་པའི་མི་དགེ་བ་གང་ཡིན་པའོ།། དེ་ལས་གཞན་ནི་སྒྲིབ་པའི་ལུང་མི་བསྟན་དུ་རིག་པར་བྱའོ།། ་འབྲེལ་པ་ལས་མི་དགེ་བ་ནི་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་དེ་རྣམས་ཉིད་ཀྱིས་མཚུངས་པར་ལྡན་པའི་ཆོས་སྷོ།། རྗེས་སུ་འབྲེལ་པ་ལས་མི་དགེ་བ་ནི་ཉོན་མོངས་པ་དེ་ཉིད་ཀྱི་བག་ཆགས་སོ།། ཀུན་ནས ་སློང་བ་ལས་མི་དགེ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་ཉིད་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ།། དོན་དམ་པ་ལས་མི་དགེ་བ་ནི་འཁོར་བ་ཐམས་ཅད་དོ།། སྐྱེ་བས་ཐོབ་པའི་མི་དགེ་བ་ནི། མི་དགེ་བ་དེ ་གོམས་པ་ལས་ད་ལས་བྱུང་བའི་རྣམ་པར་སྨིན་པ་མངོན་པར་རྫོགས་པ་གང་གིས་མི་དགེ་བ་འབའ་ཞིག་འདོད་པ་ཀུན་ཏུ་གནས་པའོ།། སྦྱོར་བ་ལས་མི་དགེ་བ་ནི། དེ་དག་དམ་པ་མ་ཡིན་པའི་སྐྱེས་བུ་ལ་སྟེན་པར་བྱེད་པ། དམ ་པ་མ་ཡིན་པའི་ཆོས་ཉན་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་གང་ལུས་ཀྱི་ཉེ་བར་སྤྱད་པ་སྤྱོད་པ་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའོ།། མདུན་དུ་བྱས་པ་ལས་མི་དགེ་བ་ནི། དེ་དག་གཞན་གང་ཡང ་རུང་བའི་ལྷའི་རིགས་གང་ཡང་རུང་བ་བརྟེན་དུ་བྱས་ཏེ། འཚེ་པོ་སྔོན་དུ་འགྲོ་བའམ་ལྟ་བ་ངན་པ་སྔོན་དུ་འགྲོ་བའི་མཆོད་བྱའི་གནས་རབ་ཏུ་འཇོག་པར་བྱེད་པའོ།། དེ་ལ་མཆོད་པའི་ལས་རབ་ཏུ་སྦྱོར་བར་བྱེད་པ་འམ། ་གང་དུ་སྐྱེ་བོའི་ཚོགས་ཆེན་པོ་རྣམས་བསོད་ནམས་མ་ཡིན་པ་ལ་སྦྱོར་བའོ།། དེ་ལ་འཆེ་བ་སྔོན་དུ་འགྲོ་བ་ནི་མཆོད་བྱའི་གནས་གང་དུ་ལུག་དང་མ་ཧེ་ལ་སོགས་པ་གསོད་པའོ།། ལྟ་བ་ངན་པ་སྔོན་དུ་འགྲོ་བ་ནི་གང་དུ ་ཁ་ཟས་སྤོང་བ་ལ་སོགས་པས་བསོད་ནམས་དོན་དུ་གཉེར་བ་དང་མཆོག་དྲོན་དུ་གཉེར་བ་དག་ཉོན་མོངས་པར་བྱེད་པའོ།། ཉེ་བར་གནས་པ་ལས་མི་དགེ་བ་ནི། སེམས་ཅན་དེ་རྣམས་ལ་ལུས་ཀྱིས་དང་ངག་གིས་དང་ཡིད་ཀྱིས་ལོག ་པབར་སྒྲུབ་པར་བྱེད་པའོ།། ཡོངས་སུ་ལེན་པ་ལས་མི་དགེ་བ་ནི། དེ་དག་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་པ་དང་ངག་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་པས་ངན་འགྲོ་འམ་བདེ་འགྲོ་དག་དུ་མི་འདོད་པའི་འབྲས་བུ་ཡོངས་སུ་ལེན་པ་ཉིད་དེ ་འཕེན་པར་བྱེད་པའི་ཡོངས་སུ་རྫོགས་པར་བྱེད་པའོ།། ངན་འགྲོའི་དབང་དུ་བྱས་ཏེ་འཕེན་བྱེད་དོང་རྟོགས་བྱེད་དོ།། བདེ་འགྲོ་རུ་ཡང་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ནི་གང་མོ་རུ་སྐྱེས་པ་ན་དབུལ་པོ་ལ་སོགས་པ་ཉམ་སུ་མྱོང་བར ་བའོ།། མི་མཐུན་པའི་ཕྱོགས་ལས་མི་དགེ་བ་ནི། གང་གཉེན་པོའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སོ།། ལོག་པའི་ལམ་ལས་མི་དགེ་བ་ནི། གང་དོག་པའི་བར་ཆད་དུ་གྱུར་པའི་ཆོས་རྣམས་ཏེ་དེ་ཡང་ཚོགས་རྣམས་རྟག ་འདུ་བ་ལ་སོགས་པའོ།། ལུང་དུ་མ་བསྟན་པ་ནི་རྒྱུ་བཅུ་བཞིས་འགྱུར་ཏེ་འདི་ལྟ་སྟེ། རོང་བཞིན་ལས་ལུང་མ་བསྟན་དུ་འགྱུར་པ་དང་། འབྲེལ་པ་ལས་དང་རྗེས་སུ་འབྲེལ་པ་ལས་དང་། ཀུན་སློང་ལས་དང་། དོན ་ཐོས་དང་། སྐྱེ་བས་ཐོབ་པ་ལས་དང་། སྦྱོར་བ་ལས་དང་། མདུན་དུ་བྱས་པ་ལས་དང་། རྗེས་སུ་འཛིན་པ་ལས་དང་། བར་སྤྱོད་པ་ལས་དང་། ཡོངས་སུ་ལེན་པ་ལས་དང་། གཉེན་པོ་ལས་དང་། ཉེ་བར་ཞི ་ཁ་ལས་དང་། རྒྱུན་མཐུན་པ་ལས་སོ།། དེ་ལ་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ནི་དངོས་པོ་བཅུ་བཞིའོ།། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། སྐྱེ་དང་། ལུས་དང་། དྲི་དང་། རོ་དང་། རེག་བྱ་དང་། ་ཀུན་ཏུ་སྦྱོར་བ་དང་བཅས་པའི་ཡིད་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་། མིའི་ག་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སོ།། འབྲེལ་པས་ལུང་མ་བསྟན་ནི་སྡང་བ་མ་ཡིན་པ་རབ་ཏུ་ངང་བ་མ་ཡིན་པའི ་སེམས་ཀྱི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དེ་ཉིད་ཀྱིས་ཡོངས་སུ་བཟུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། སྡང་བ་མ་ཡིན་པ་རབ་ཏུ་དང་བ་མ་ཡིན་པའི་སེམས་ཀྱི་ཞེས་པ་ནི་དགེ་བ་དང ་མི་དགེ་བ་ལས་བཟློག་པ་སྟོན་པར་བྱེད་པའོ།། དེ་ཉིད་ཀྱིས་ཡོངསུ་བཟུང་བ་ཞེས་པ་ནི་མིང་གི་ཚིག་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དོན་གྱི་རྣམ་པ་ཡིད་ཀྱི་བརྗོད་པའི་སྒོ་ནས་རབ་ཏུ་འཇུག་པས་སོ།། རྗེས་སུ་འབྲེལ་པ་ལས་ལུང་མ ་བསྟན་ནི་མིང་གི་ཚོགས་ལ་སོགས་པ་དེ་ཉིད་ཀྱི་མངོན་པར་བརྗོད་པའི་བག་ཆགས་སོ།། མིང་གི་ཚོགས་ལ་སོགས་པའི་སེམས་ཀྱི་བག་ཆགས་ཀྱིས་ཕྱིས་སུ་མངོན་པར་བརྗོད་པ་རབ་ཏུ་འཇུག་པར་བྱེད་དོ་ཞེས་སོ།། ཀུན་ནས ་སྤྱོང་བ་ལས་ལུང་མ་བསྟན་ནི། སེམས་དང་སེམས་ལས་བྱུང་བས་བག་ཆགས་དེ་ཡོངས་སུ་བཟུང་ནས་ཀུན་ནས་བླང་བ་དང་ལུས་དང་ངག་གི་ལས་སོ།། སྡོང་བ་མ་ཡིན་པ་རབ་ཏུ་དང་བ་མ་ཡིན་པའི་སེམས་ཀྱི་མིང་གི་ཚོགས་ལ་སོགས ་པབ་མངོན་པར་བརྗོད་པའི་རྣམ་པས་སོ།། དོན་དམ་པ་ལས་ལུང་མ་བསྟན་ནི་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པའོ།། སྐྱེས་པས་ཐོབ་པའི་ལུང་མ་བསྟན་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི ་རྣམ་པར་སྨིན་པའོ།། སྦྱོར་བ་ལས་ལུང་མ་བསྟན་ནི། སེམས་ཉོན་མོངས་པ་ཅན་མ་ཡིན་པ་དང་། དགེ་པ་མ་ཡིན་པའི་སྤྱོད་ལམ་འམ། བཟོའི་གནས་སོ།། སེམས་ཉོན་མོངས་པ་ཅན་མ་ཡིན་པ་དང་། དགེ་བ་མ་ཡིན་པ་ཞེས་པ་ནི ་གང་གི་ཚེ་ཉན་མོངས་པ་ཅན་མ་ཡིན་དགེ་པ་ཡང་མ་ཡིན་པར་གྱུར་པ་དེའི་ཚེ་སྤྱོད་ལམ་ལ་སོགས་པ་རྣམས་ལུང་དུ་མ་བསྟན་པར་འགྱུར་ཏེ། གཞན་དུ་ན་དགེ་བའམ་མི་དགེ་བ་ཅི་རོགས་པར་འགྱུར་རོ།། མདུན་དུ་བྱས་པ་ལས ་ལུང་དུ་མ་བསྟན་པ་ནི། དེ་དག་ལྷའི་རིགས་གང་ཡང་རུང་བ་ལ་བརྟེན་ཅིང་མདུན་དུ་བྱས་ཏེ། འཚེ་བ་དང་ལྟ་བ་ངན་པ་སྤངས་པ་མཆོད་པའི་གནས་རབ་ཏུ་བཞག་སྟེ། དེ་དག་ལ་མཆོད་པའི་ལས་ལ་སྦྱོར་བ་འམ། གང་དུ ་སྐྱེ་བོའི་ཚོགས་ཆེན་པོ་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་བསྐྱེད་པའོ།། རྗེས་སུ་འཛིན་པ་ལས་ལུང་མ་བསྟན་ནི། དེ་དག་བྲན་དང་གཡོག་དང་ལས་བྱེད་པ་འམ་བུ་དང་ཆུང་མ་ལ་སོགས་སྡང་བ་མ ་ཡིན་པ་དང་རབ་ཏུ་དང་བ་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་སྟེར་བའོ།། ཉེ་བར་ལོངས་སྤྱོད་པ་ལས་ལུང་མ་བསྟན་པ་ནི། དེ་དག་སོ་སོར་མ་བརྟགས་པ་ཉོན་མོངས་པ་མེད་པའི་སེམས་ཀྱིས་ལོངས་སྤྱོད་ལ་ལོངས ་སྤྱོད་པའོ།། ཡོངས་སུ་འཛིན་པ་ལས་ལུང་མ་བསྟན་ནི། དེ་དག་བཟོའི་གནས་རྣམས་ལ་གོམས་པར་བྱས་པས་ཕྱིས་དེ་དང་མཐུན་པའི་བདག་ཉིད་ཀྱི་ངོ་བོ་ཡོངས་སུ་ལེན་པར་བྱེད་དོ།། གང་གིས ་མྱུར་ཞིང་མགྱོགས་པར་བཟོའི་གནས་དེ་རྣམས་ལ་སློབ་པ་མཐར་ཕྱིན་པར་འགྱུར་རོ།། གཉེན་པོ་ལས་ལུང་མ་བསྟན་ནི། དེ་དོག་ནད་མེད་པའི་དོན་དུ་ནད་ཀྱི་གཉེན་པོར་སོ་སོར་མ་བརྟགས་པའི་སྨན་པོསྟེན་པར་བྱེད་པའོ།། ། ་པར་ཞི་པ་ལས་ལུང་མ་བསྟན་ནི། དེ་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་ཞི་བར་གནས་པའི་ཉེ་བར་སྦས་པ་ཐོབ་པའོ།། རྒྱུ་མཐུན་པ་ལས་ལུང་མ་བསྟན་ནི། དེ་དག་ལུང་དུ་མ་བསྟན་པ་ནི་སྦྲུལ ་པའི་སེམས་དང་ལྷན་ཅིག་ཏུ་སྐྱེས་པའོ།། རྟོགས་པའི་རྒྱུ་མཐུན་པ་ལས་ལུང་དུ་མ་བསྟན་པའོ།། སྤྲུལ་པའི་སེམས་དང་ལྷན་ཅིག་ཏུ་སྐྱེས་པ་ཅེས་པ་ནི། སེམས་དང་སེམས་ལས་བྱུང་བ་གང་གིས་རྩ་རོལ་གྱི་དོན་དུ་སྤྲུལ ་པའོ།། སེམས་ཅན་ལ་ཕན་པའོ་དོན་དུ་འགྱུར་ན་དགེ་བ་ཉིད་དོ།། དགེ་བའི་ལས་བྱས་པ་རྣམས་ཀྱི་དག་པར་བྱེད་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་དང་། རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་དང་། ཡང་དག་པའི་དོན་སོ་སོར་རིག་པའོ།། དེ་ལ་མི་དགེ་བ་དག་པར་བྱེད་པ་ནི་ཟད་པར་བྱེད་པའོ།། དགེ་བ་དག་པར་བྱེད་པོ་ནི་དེ་དག་ཟད་པ་མེད་པའི་དགེ་བ་ཉིད་བསྐྱེད་དེ་བསོད ་ནམས་ཀྱི་ཚོགས་མངོན་དུ་བྱེད་པའོ།། སྡིག་པ་ཟད་པའི་རྟགས་དགུ་ནི་འདི་ལྟ་སྟེ། རྨི་ལམ་དུ་མི་གཙང་བྱ་ལ་སོགས་པ་ཟག་པ་དང་། རྨི་ལམ་དུ་འོ་མ་ལ་སོགས་པའི་ཟས་ཟ་བ་དང་། རྨི་ལམ་དུ་ཞོ་དང་འོ་མཱ་ལ་སོགས་པ་སྐྱུག་པ ་དང་། ཉི་མ་ཟླ་བ་མཐོང་བ་དང་། འོངས་པ་དང་། མེ་འབར་བ་དང་། དུག་དང་བཅས་པའི་སྐྱེས་བུ་ནག་པོ་ཕམ་པར་བྱས་པ་དང་། དགེ་སློང་དང་དགེ་སློང་མ་མཐོང་བ་དང་། འོ་མའོ་ཤིང་དང་གླང་པོ་ཆེ་དང་རི་དང་སེང་གེ་དང་ཁང ་བཟང་ལ་འཇིག་པ་དང་། ཆོས་ཉན་པའོ།། ལུང་དུ་མ་བསྟན་པའི་ལས་གཉིས་ནི་འདི་ལྟོ་སྟེ། སྒྲུབ་པ་ལུང་མ་བསྟན་གྱི་ལས་དང་། སྒྲིབ་མིན་ལུང་མ་བསྟན་གྱི་ལས་སོ།། མི་གཡོ་བའི་ལས་ལ་གཉིས་ནི་འདི་ལྟ་སྟེ། ་བསམ་གཏན་བཞི་པའི་ས་ལས་བྱུང་བའི་ལས་དང་། གཟུགས་མེད་པ་ན་སྤྱོད་པའི་ལས་སོ།། ལས་དེ་རྣམས་ལ་གང་ལ་འདོད་པའི་ཁམས་ཀྱི་མི་དགེ་བའི་ལས་ཐམས་ཅད་དྲང་གང་ཡང་ཁམས་གསུམ་གྱི་ཟག་པ་དང ་བཅས་པའི་དགེ་པའི་ལས་ཐམས་ཅད་དག་སྡོམས་པ་དེ་ནི་ཡང་སྲིད་འབྱུང་བའི་ལས་ཡིན་ཏེ་དཱ་ནི་འདུ་བྱེད་ཀྱི་ཡན་ལག་གོ། མའི་ལྟོ་རུ་སྐྱེ་བ་ཉིད་འཚམས་སྦྱོར་བའི་སྐབས་ཀྱི་ཕུང་པོ་ལྔ་ནི་རྣམ་པར་ཤེས་པའི་ཡན་ལའོ།། ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་མིང་ཡིན་ལ། གཟུགས་ཀྱི་ཕུང་པོ་ནི་གཟུགས། གཉི་ག་ནི་མོང་དང་གཟུགས་ཀྱི་ཡན་ལག་གོ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་པ་སྐྱེ་མཆེད ་དྲུག་པོ་འདི་རྣམས་འཚོགས་པ་ནི་སྐྱེ་མཆེད་དྲུག་གི་ཡན་ལག་གོ།། རེག་པ་ནི་རྣམ་པ་དྲུག་སྟེ་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས ་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་པའོ།། ཡང་རེག་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཐོགས་པའི་རེག་པ་དང་། ཚིག་བླ་དྭགས་ཀྱི་རེག་པའོ།། དེ་ལ་ཐོགས་པའི་རེག་པ་ལ་ལྔ་ནི་འདི་ལྟ་སྟེ། ་མིག་གི་འདུས་ཏེ་རེག་པ་ནས་ལུས་ཀྱི་འདུས་ཏེ་རེག་པའི་བར་དུའོ།། ཚིག་བླ་དྭགས་ཀྱི་རེག་པ་གཅིག་ཉིད་ཏེ་འདི་ལྟ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའོ།། ཡང་རེག་པ་ལ་གསུམ་ནི་འདི་ལྟ་སྟེ། རིག་པའི་རེག་པ་དང་། མ་རིག་པའི ་རེག་པ་དང་། རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི་རེག་པའོ།། ཡང་རེག་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཉོན་མོངས་ཅན་མ་ཡིན་པའི་རེག་པ་དང་། ཉོན་མོངས་པ་ཅན་གྱི་རེག་པའོ།། དེ་ལ་ཉོན་མོངས་ཅན་མ་ཡིན་པ་ནི། ་རེག་པའི་རེག་པའོ།། ཉོན་མོངས་ཅན་ནི་མ་རིག་པའི་རེག་པའོ།། དེ་ལ་མ་རིག་པའི་རེག་པ་ལ་གཉིས་ན་འདི་ལྟ་སྟེ། གནོད་སེམས་ཀྱི་རིག་པ་དང་། རྗེས་སུ་ཆགས་པའི་རེག་པའོ།། རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི ་རེག་པ་ལ་གཉིས་ནི་འདི་ལྟ་སྟེ། དགེ་བ་ཟག་བཅས་ཀྱི་རེག་པ་དང་། སྒྲིབ་མིན་ལུང་མ་བསྟན་གྱི་རེག་པའོ།། ཡང་རེག་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྡུག་བསྔལ་མྱོང་བར་བྱ་བའི་རེག་པ་དང་། བདེ་བ་མྱོང ་བར་བྱ་བའི་རེག་པ་དང་། སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པ་མྱོང་བར་བྱ་བའི་རེག་པའོ།། རེག་པའི་ཡན་ལག་གོ།། ཚོར་བ་ལ་དྲུག་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། རྣ་བ་དང་ཕྲད་པ་ལས་སྐྱེས ་བའི་ཚོར་བ་དང་། སྣ་དང་ཕྲད་པ་ལས་སྐྱེས་པའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལྔས་སྐྱེས་པའི་ཚོར་བའོ།། ཡང་སོ་སོར ་རྣམ་པ་གསུམ་དུ་ཕྱེ་སྟེ་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ།། འདི་ལྟ་སྟེ། མིག་གི་འདས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་དོང་སྡུག་བསྔལ་མིན་བདེ་བ་མིན་པ་དང་ཅེས་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པ་ལས ་སྐྱེས་པའི་ཚོར་བ་བོང་བ་དང་སྡུག་བསྔལ་དང་བདེ་བ་མིན་སྡུག་བསྔལ་མིན་པའི་ཚོར་བའི་བར་དུའོ།། ཡང་ཚོར་བ་ལ་གཉིས་ནི་འདི་ལྕི་སྟེ། ལུས་ཀྱི་ཚོར་བ་དང་། སེམས་ལས་བྱུང་བའི་ཚོར་བའོ།། དེ་ལ་ལུས་ཀྱི་ཚོར་བ་ལ་ལྔ ་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་ནས་ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་བར་དུའོ།། ཡིད་ཀྱི་ཚོར་བ་ནི་གཅིག་ཉིད་དང་། འདི་ལྟ་སྟེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའོ།། སེམས ་ལས་བྱུང་བའི་ཚོར་བ་དེ་རྣམས་འདི་ལྟར་ཉེ་བ་རོ་སྤྱོད་པའི་ཡིད་བཅོ་བརྒྱད་དུ་ཕྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ།། འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཡུལ་དྲུག་ལ་ཡོད་བདེ་བའི་རྣམ་པར་དཔྱོད་པའི་ཚོར་བ་དྲུག་དང་། ་དེ་བཞིན་དུ་ཡིད་མི་བདེ་བའི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་དང་། དེ་བཞིན་དུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་གོ།། འདི་ནི་དྲུག་ཚན་གསུམ་སྟེ་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ།། ཚོར་བའི ་ཡན་ལག་གོ།། སྲེད་པ་ནི་མངོན་པར་འདོད་པ་སྟེ། དེ་ཡང་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཚོར་བ་བདེ་བ་དང་ལྡན་པར་མངོན་པར་འདོད་པ་དང་། ཚོར་བ་སྡུག་བསྔལ་དང་བྲལ་བར་མངོན་པར་འདོད་པ་དང་། ཚོར་བ་བདེ་བ་མ ་ཡིན་སྡུག་བསྔལ་མ་ཡིན་པ་སྟེ། གཉི་ག་མ་ཡིན་པ་མངོན་པར་འདོད་པའོ།། སྲེད་པ་དེ་ཡང་། ཡང་སྲིད་ལ་དགའ་བ་ཅན་གྱི་འདོད་ཆགས་དང་བཅས་པ་ཡིན་ཏེ། དེ་དང་དེ་རུ་མངོན་པར་དགའ་བ་ཅན་ལ་གསུམ་ནི་འདི་ལྟ་སྟེ། ་འདོད་པའི་སྲེད་པ། སྲིད་པའི་སྲེད་པ། སྲིད་བྲལ་སྲེད་པའོ།། སྲེད་པའི་ཡན་ལག་གོ།། ཉེ་བར་ལེན་པ་ལ་བཞི་ནི་འདི་ལྟ་སྟེ། འདོད་པའི་ཉེ་བར་ལེན་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་། ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན ་པཔ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ།། འདི་ནི་ཉེ་བར་ལེན་པའི་ཡན་ལག་གོ།། སྐྱེ་བ་ད་ལྟར་བ་ལ་བསྔགས་པའི་ཡང་སྲིང་འབྱུང་བའི་ལས་ནི་སྲིད་པའོ།། འདི་ནི་སྲིང་བའི་ཡན་ལག་གོ། ཇི་ལྟར་སྐྱེ་བ་འདི་ཉིད་དུ་རྣམ་པར་ཤེས ་པའི་ཡན་ལག་ནི་དེ་བཞིན་དུ་དེ་མ་ཐག་པའི་སྐྱེ་བའི་སྐྱེ་བའོ།། འདི་ནི་སྐྱེ་བའི་ཡན་ལག་གོ།། གང་སྐྱེ་བ་འདིའི་མིང་དང་གཟུགས་ཀྱི་ཡན་ལག་བནི་ལ་སོགས་པ་དེ་ཉིད་ནི་བར་མེད་པའི་སྐྱེ་བའི་རྒ་ཤིའི་ཡན་ལག་གོ།། པོཎྜི་ཏ་ཆེན་པོ་སྟོབས ་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ངེས་པ་སྟེ་ལེའུ་བཅུ་པའོ།། །། འཕགས་པའི་འཇིག་རྟེན་ལ་རྣམ་པ ་གཉིས་ནི་འདི་ལྟ་སྟེ། སློབ་པ་དང་། མི་སློབ་པའོ།། དེ་ལ་སློབ་པ་ལོ་གསུམ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའི་ཐག་པ་པའོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ ་བཱ་ལ་གཉིས་ནི་འདི་ལྟ་སྟེ། སྲོལ་དུ་ཞུགས་པ་དང་། འབྲས་བུ་ལ་གནས་པའོ།། དེ་ལ་སྲོལ་ལ་ཞུགས་པ་རྣམ་པ་བཞི་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི ་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པའོ།། དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ངང ་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་པོའོ།། འབྲས་བུ་ལ་གནས་པ་ལ་གསུམ་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའོ།། དེ་ལ་རྒྱུན་ཏུ་ཞུགས་པ་ལ ་ལྷའི་རིགས་ནས་རིགས་སུ་དང་མིའི་རིགས་ནས་རིགས་སོ་ཞེས་གཉིས་སུ་རྣམ་པར་འཇོག་གོ།། ལན་ཅིག་འོང་བ་ན་ས་བོན་གཅིག་པ་ཞེས་རྣམ་པར་འཇོག་གོ།། ཕྱིར་མི་འོང་བ་ལ་གཉིས་ནི་འདི་ལྟ་སྟེ། འདོད་པའི ་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དང་། ཁམས་གཉིས་ཀྱི་འདོད་ཆགས་དང་བྲལ་བའོ།། དེ་ལ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་ལྔ་ནི་འདི་ལྟ་སྟེ། བར་དོར་ཡོངས་སུ་མྱ་ངན་ལས ་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ།། ཁམས་གཉིས ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་ལ་བཞི་ནི་འདི་ལྟ་སྟེ། བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་།། ་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ།། རང་སངས་རྒྱས་ཀྱི་ཐེག་པ་པའི་དབྱེ་བ་རྣམ་པར་མ་བཞག་གོ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ལྔ་ནི་འདི་ལྟ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པ་ཅན ་དང་། རྩོལ་བ་དང་བཅས་པ་མཚན་མ་མེད་པ་ལ་གནས་པ་དང་། རྩོལ་བ་མང་པ་མཚན་མ་མེད་པ་ལ་གནས་པ་དང་། སྤྱོད་པ་ངེས་པ་ལ་ཞུགས་པ་དང་། དེས་པར་སྨྲ་བ་གཅིག་གིས་ཐོགས་པའོ།། ཡང་རྣམ་པ་ཉི་ཤུ ་ནི་འདི་ལྟ་སྟེ། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། རྒྱུན་ཏུ་ཞུགས་པ་དང་། མིའི་རིགས་ནོས་རིགས་དང་། ལྷའི་རིགས་ནས་རིགས་དོང་། དད་པ་དང་ལྟ་བས་ཐོབ་པ་ལན་ཅག་ཕྱིར་འོང ་བའི་འབྲས་བུའི་ཕྱིར་ཞུགས་པ་ཉིད་དང་། ལན་ཅིག་ཕྱིར་འོང་བ་དང་། བར་ཆུད་གཅིག་པ་དང་། དད་པ་ལྟ་བས་ཐོབ་པ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ཉིད་དང་། བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཕར་བ་དང་། ཕྱེད་དུ་འཕར་བ་དང ་གོནས་ཐམས་ཅད་དུ་འཕོ་བ་དང་། མཐོང་བའི་ཆོས་ལ་ཞི་བ་དང་། ལུས་ཀྱིས་མངོན་སྒོམ་དུ་བྱེད་པ་དང་། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། བསེ་རུའོ།། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས ་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོའི་དབྱེ་བའི་སྒོམ་པའི་ལམ་ལ་གནས་པོའོ་བ་རརེ་དུ་ནི་སློབ་པའི་ཉན་ཐོས་སོ།། སྟན་གཅིག་ལེ་གནས་ཏེ་རང་སངས་རྒྱས་ཀྱི་ལམ་གྱི ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་གྱོ་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོའི་དབྱེ་བའི་སྒོམ་པའི་ལམ་ལ་གནས་པའི་བར་དུ་ནི་སློབ་པའི་རང་བྱང་ཆུབ་ཀྱི ་ཐེག་པའོ།། བྱེ་བྲག་པའི་ཚུལ་ལ་ནི། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་སྟན་གཅིག་ལ་གནས་པོ་དེ་ཉིད་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཉིད་ཡིན་པ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན ་གྱི་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོ་སྒོམ་པའི་ལམ་ལ་གནས་པའི་བར་དུ་ནི་སློབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའོ།། བྱང་ཆུབ་སེམས་དཔའི་ཚུལ་ལ་མཐོང་བའི་ལམ་ཞེས་པར་རབ་ཏུ་དགའ ་བའི་ས་ནས་བཟུང་སྟེ། སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་སེམས་བསྐྱེད་ཉི་ཤུ་པ་བར་ཚད་མེད་པའི་ལམ་གྱི་རང་བཞིན་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་ལ་གནས་པའི་བར་དུ་ནི་མི་སློབ་པའི་བྱང་ཆུབ ་སེམས་དཔའ་ཆེན་པོའོ།། མི་སློབ་པ་གསུམ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་གྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ།། དེ་ལ་ཉན་ཐོས་ཀྱི་བྱང་ཆུབ་ལ་དྲུག་ནི་འདི་ལྟ་སྟེ། ཡོངས་སུ་ཉམས ་པའི་ཆོས་ཅན་དང་། སེམས་པས་བསྐལ་པ་ཅན་དང་། རྗེས་སུ་བསྲུང་པོའི་བསྐལ་པ་ཅན་དང་། གནས་མི་བསྐྱོད་བ་དང་། མངོན་དུ་བྱེད་པའི་བསྐལ་པ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ།། དེ་ལ་མི་བསྐྱོད་པའི་ཆོས་ཅན་ལ་གཉིས ་ནི་འདི་ལྟ་སྟེ། བརྩོན་པ་འབར་བས་ཐོབ་པ་དང་། དང་པོ་ནས་དེའི་རིགས་ཅན་ནོ།། དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། གང་འབྲས་བུ་ལ་ཡོངས་སུ་ཉམས་པའི་བསྐལ་པ་ཅན་ནོ།། སེམས་དཔས་བསྐོལ་པ་ཅན་ནི་གང་བདག་ཉིད ་འཇིག་པར་བྱ་བ་བསྐལ་པ་ཅན་ནོ།། རྗེས་སུ་བསྲུང་བའི་བསྐལ་པ་ཅན་ནི། གང་འབྲས་བུ་རྗེས་སུ་བསྲུང་བའི་བསྐལ་པ་ཅན་ནོ།། གནས་པ་མི་བསྐྱོད་པ་ནི། གང་གནས་པའི་བསྐལ་པ་ཅན་ཉམས་པར་མི་འགྱུར་བ་མི་གཡོ་བ ་མངོན་དུ་མི་བྱེད་པའོ། མངོན་དུ་བྱེད་པས་བསྐལ་པ་ཅན་ནི། གང་མི་གཡོ་བ་མངོན་དུ་བྱེད་པའི་བསྐལ་པ་ཅན་ནོ།། མི་གཡོ་བའི་སེམས་པའི་ཆོས་ཅན་ནི། གང་གིས་མྱི་སྐྱེ་བའི་ཡེ་ཤེས་བསྐྱེད་པའོ།། མི་གཡོ་བའི་ཆོས་ཅན་དེ་ཡང་གསུམ ་ནཱིནི་འདི་ལྟ་སྟེ། ཉན་ཐོས་ཀྱི་བྱང་ཆུབོ་འགའ་ཞིག་དང་། རང་རྒྱལ་གྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། གལ་ཏེ་མི་གཡོ་བ་ཇི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ་ཉོན་མོངས་པའི་མི་སྐྱེ་བ་ཤེས་པ་ནི་ཉན་ཐོས་རྣམས་ཀྱི ་མི་གཡོ་བའོ།། ཀུན་ནས་ཉོན་མོངས་པ་སྐྱེ་བ་ཤེས་པ་ནི་རང་རྒྱལ་བྱང་ཆུབ་ཀྱི་མི་གཡོ་བའོ།། ཀུན་ནས་ཉོན་མོངས་པ་ཐེ་ཚོམ་ཤེས་པ་མི་སྐྱེ་བ་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདིས་རྣམས་ཀྱི་མི་གཡོ་བའོ།། འདི་རྣམས་ལ་ཡོངས་སུ ་ཉམས་པའི་ཆོས་ཅན་ཁོ་ན་འབྲས་བུ་ལོས་ཉམས་པར་འགྱུར་ཏོ།། དགྲ་བཅོམ་པ་གཞན་ནི་མོ་ཡིན་ནོ།། དགྲ་བཅོམ་པ་དེ་ནི་ཁྱད་པར་རྟོགས་པ་ལས་ཉམས་པར་འགྱུར་རོ་ཞེས་པ་ནི། ཏིང་ངེ་འཛིན་གྱི་ཁྱད་པར་ལས་ཅེས་པའི་དོན་ཏོ།། ། ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ལས་ཀྱང་ཡོངས་སུ་མི་ཉམས་ཏེ། ཀུན་ནས་རྨོངས་པ་མ་ཡིན་པའི་ཕྱིར་རོ།། རང་རྒྱལ་གྱི་བྱང་ཆུབ་གཉིས་ནི་འདི་ལྟ་སྟེ། བསེ་རུ་ལྟར་སྤྱོད་པ་དང་། ཚོགས་ན་སྤྱོད་པའོ།། ཡང ་དག་པར་རྫོགས་པའི་སངས་རྒྱས་ནི་གཅིག་ཁོ་ན་ཏེ། གང་ཟག་གཅིག་པུ་གང་ཟག་དོ་མེད་པ། བརྙན་མ་མེད་པོའི་གང་ཟག། མཉམ་པ་མེད་པའི་གང་ཟག། མི་མཉམ་པོ་དང་མཉམ་པའི་གང་ཟག། འགྲོན་ཟླ་མཉམ་པ ་མེད་པའི་གང་ཟག་ཞེས་པ་ལ་སོགས་པའོ།། སོ་སོ་སྐྱེ་བོ་ཡང་སློབ་པ་ཡང་ཡིན་མི་སློབ་པ་ཡང་ཡིན། སློབ་པ་ཞེས་བརྗོད་པར་མི་བྱ་ཞིང་མི་སློབ་པ་ཞེས་ཀྱང་མི་བརྗོད་དོ།། དཀོན་མཆོག་གསུམ་ནི་འདི་ལྟ་སྟེ། ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། དེ་ལ་སངས་རྒྱས་གཉིས་ནི་འདི་ལྟ་སྟེ། དོན་དམ་པ་དང་། བརྡར་བརྟགས་པའོ།། དེ་ལ་དང་པོ་ནི་གསུམ་སྟེ་འདི་ལྟ་སྟེ། ཆོས་ཀྱི་སྐུའི་བདག་ཉིད ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དང་། སྤྲུལ་པ་སྐུའི་བདག་ཉིད་དོ།། དེ་ལ་ཆོས་ཀྱི་སྐུའི་བདག་ཉིད་ལ་གཉིས་ནི་འདི་ལྟ་སྟེ། འདུས་མ་བྱས་དང་། འདུས་བྱས་སོ།། དེ་ལ་གང་འདུས་མ་བྱས་དེ་ནི་དེ་བཞིན་ཉིད་རྣམ ་པར་དག་པ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱི་རང་བཞིན་དེ་ཉིད་དོན་དམ་པ་རུ་རྟོགས་པར་བྱའོ།། གང་ཡང་འདུས་བྱས་ནི་ཆོས་ཀྱི་བདག་ཉིད་ཀྱི་སྒོ། སྟོབས་བཙོ་མོ་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པའི་ཆོས ་རང་བཞིན་ཡོངས་སུ་དག་པར་ཤེས་པར་བྱའོ།། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ནི་མཚན་ཉིད་དཔེ་བྱད་ལ་སོགས་པ་ཡང་དག་པར་བརྒྱན་པོ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ ་ཏེ་གཟུགས་སྐུའོ།། སྤྲུལ་པའི་བདག་ཉིད་ནི་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་མཚན་དང་དཔེ་བྱད་ལ་སོགས་པ་ཡང་དག་པར་བརྒྱན་པ། གཟུགས་སྐུ་ཉིད་ཡིན་ཏེ། ཤཱཀྱ་ཐུབ་པ་ལ་སོགས་པ་ལྟ་བུའོ།། བརྡར་པོ་རྟགས ་པའི་སངས་རྒྱས་ཀྱང་རྣམ་པ་བཞིནི་འདི་ལྟ་སྟེ། རིང་བསྲེལ་དང་། མཆོད་རྟེན་དང་། སངས་རྒྱས་ཀྱི་གཟུགས་བརྙན་དང་། ཙཻ་ཏྱའོ།། བྱང་ཆུབ་སེམས་དཔའི་སྐུ་དང་ལྔ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་པ་སྨྲའོ།། ཆོས ་ནི་གཉིས་ཡིན་འདི་ལྟ་སྟེ། དོན་དམ་པ་པ་དང་། བརྡར་བརྟགས་པ་པའོ།། དེ་ལ་དང་པོ་ནི་གཅིག་ཉིད་ཏེ་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ།། བརྡར་བརྟགས་པ་ལ་གཉིས་ནི་འདི་ལྟ་སྟེ། ཡང་དག་པའི་ལམ་དང་། སངས་རྒྱས་ཀྱི ་གསུང་རབ་བོ།། ཡང་ཆོས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུང་གི་ཆོས་དང་། རྟོགས་པའི་ཆོས་སོ།། དེ་ལ་ལུང་གི་ཆོས་ནི་སངས་རྒྱས་ཀྱི་གསུང་རབ་བོ།། རྟོགས་པའི་ཆོས་ནི་དྲུག་སྟེ་འདི་ལྟ་སྟེ། དྲོ་དང་། རྩེ་མོ་དང་། བཟོད་པ་དང་། ་ཆོས་མཆོག་དང་། མཐོང་ལམ་དང་། འབྲས་བུ་དང་བཅས་པའི་སྒོམ་ལམ་མོ།། དགེ་འདུན་ལ་གཉིས་ནི་འདི་ལྟ་སྟེ། དོན་དམ་པ་པ་དང་། བརྡར་བརྟགས་པའོ།། དེ་ལ་དོན་དམ་པ་གཉིས་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཆེན ་པོ་གང་ཟག་བརྒྱད་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་སོ།། དེ་ལ་སྐྱེས་བུ་ཆེན་པོ་གང་ཟག་བརྒྱད་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅག ་འོང་བའི་འབྲས་བུའི་སྲོལ་ཏུ་ཞུགས་པ་དང་། ལན་ཅིག་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། མི་འོང་བའོ།། དགྲ་བཅོམ་པའི་འབྲས་བུའི་སྲོལ་དུ་ཞུགས་པ་དང་། དགྲ་བཅོམ་པའོ།། ཕྱིར་མི་ལྡོག་པའི ་བྱང་ཆུབ་སེམས་དཔའ་ལ་ལྔ་ནི། འདི་ལྟ་སྟེ། ལྷག་པའི་བསམ་པ་དག་པ་ཅན་དང་། རྩོལ་བ་དང་བཅས་པའི་མཚན་མ་མྱེད་པ་ལ་གནས་པ་དང་། རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པ་དང་། ངེས ་པའི་སྤྱོད་པ་ལ་ཞུགས་པ་དང་ངེས་པར་སྐྱེ་བ་གཅིག་གིས་ཐོགས་པའོ།། ལྷག་པར་མོས་པ་ཅན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ་ཞེས་སྨྲའོ།། བྱང་ཆུབ་སེམས་དཔའ་ལྔ་པོ་འདི་རྣམས་ལ་སོ་སོར་ཕྱེ་བས་སྔོན་དུ ་གསུངས་པ་བཞིན་དུ་དད་པའི་རྗེས་སུ་འབྲང་བ་ལ་སོགས་པ་གང་ཟག་ཉི་ཤུ་ནི་དགེ་འདུན་ནོ།། བརྡ་རོ་བཏགས་པའི་དགེ་འདུན་ནི་གསུམ་འདི་ལྟ་སྟེ། ལྷག་པར་མོས་པ་ཅན་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པོ་སོ་སོ་སྐྱེ ་པོའི་དགེ་འདུན་དང་། སོ་སོ་སྐྱེ་བོའི་དགེ་སྦྱོང་དང་། སོ་སོ་སྐྱེ་བོའི་དགེ་སློང་མའི་དགེ་འདུན་ནོ།། དེས་ན་དེ་ཉིད་སྐྱབས་གསུམ་ཡིན་ཏེ་འདི་ལྟ་སྟེ། སྐྱབས་སངས་རྒྱས་དཀོན་མཆོག་དང་། སྐྱབས་ཆོས་དཀོན་མཆོག ་དང་། སྐྱབས་དགེ་འདུན་དཀོན་མཆོག་གོ། དེ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་འཇིགས་པ་བརྒྱད་ལས་སྐྱོབ་པའི་དོན་དུའོ།། དེ་ལ་འཇིག་པ་བརྒྱད་ནི་འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་འཇིགས ་པབ་དང་། ཉེས་པར་སྤྱོད་པ་ཐམས་ཅད་ཀྱིས་འཇིགས་པ་དང་ཀ་ཤིའི་འཛེགས་པ་དང་། ཉེ་བར་འཚེ་བ་ཐམས་ཅད་ཀྱི་འཛེགས་པ་དང་། ངན་འགྲོ་ཐམས་ཅད་ཀྱི་འཇིགས་པ་དང་། རྗེས་སུ་མཐུན་པའི་ངན ་འགྲོ་ཐམས་ཅད་ཀྱི་འཇིགས་པ་དང་། འཇིག་ཚོགས་ཀྱི་འཇིགས་པ་དང་། ཐེག་པ་དམན་པའི་འཇིགས་པའོ།། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱི་རྣམ་པར་སྤྲོས་པ་འདུས་བྱས་དང ་འདུས་མ་བྱས་རྣམ་པར་ངེས་པ་ལས་འཕགས་པའི་འཇིག་རྟེན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་གཅིག་པའོ།། །། འཕགས་པའི་བདེན་པ་བཞི་ནི་འདི་ལྟ་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན་འབྱུང་འཕགས་པའི ་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། དེ་རྣམས་འབྲས་བུ་དང་རྒྱུའི་རིམ་པས་བསྟན་པར་བྱ་བ་ནི་འདི་ལྟ་སྟེ། སྡུག་བསྔལ་འབྲས་བུའོ།། སྡུག ་བསྔལ་ཀུན་འབྱུང་བ་རྒྱུའི།། སྡུག་བསྔལ་འགོག་པ་འབྲས་བུའོ།། སྡུག་བསྔལ་ཞིས་འགྲོ་བའི་ལམ་རྒྱའོ།། ཡང་བདེན་པ་གཉིས་ནི་འདི་ལྟ་སྟེ། ཀུན་རྫོབ་བདེན་པ་དང་དོན་དམ་པའི་བདེན་པའོ།། དེ་ལ་འཕགས་པའི་བདེན་པ་གསུམ་ནི་ཀུན་རྫོབ ་བདེན་པའོ།། དེ་ཡང་ཇི་ལྟར་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། ལམ་གྱི་བདེན་པའོ།། འཕགས་པའི་བདེན་པ་གཅིག་ནི་དོན་དམ་པའི་བདེན་པ་སྟེ། འདི་ལྟ་སྟེ། སྡུག་བསྔལ་འགོག་པའི་བདེན་པའོ།། འཕགས་པའི་བདེན ་བ་གཉིས་ནི་འདི་ལྟར།། སྤང་བྱ་དང་། བླང་བྱའོ།། དེ་ལ་བདེན་པ་གཉིས་ནི་སྤང་བྱའོ།། འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པའོ།། བདེན་པ་གཉིས་ནི་བླང་བྱ་སྟེ་འདི་ལྟར། འགོག་པའི་བདེན་པ་དང ་ལམ་གྱི་བདེན་པའོ།། འཕགས་པའི་བདེན་པ་དེ་རྣམས་ཡོངས་སུ་བཅད་པ་གསུམ་སྟེ། འདི་ལྟར། རང་བཞིན་ཡོངས་སུ་བཅད་པ་དང་། བྱ་བ་ཡོངས་སུ་བཅད་པ་དང་། བྱ་བ་མཐར་ཕྱིན་པ་ཡོངས་སུ་བཅད་པའོ།། ་དེ་ལ་རང་བཞིན་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་ལོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ།། བྱ་བ་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། ་སྡུག་བསྔལ་ཤེས་པར་བྱའོ།། ཀུན་འབྱུང་སྤང་བར་བྱའོ།། འགོག་པ་མངོན་དུ་བྱའོ།། ལམ་བསྒོམ་པར་བྱའོ།། བྱ་བ་མཐར་ཕྱིན་པ་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་སོ།། ཀུན་འབྱུང་སྤངས་སོ།། འགོག་པ་མངོན་དུ་བྱས་སོ།། ་ཁྱིམ་བསྒོམས་སོ།། ཡོངས་སུ་བཅད་པ་གསུམ་པོ་འདི་ཉིད་ལ་ཡོངས་སུ་བཟླས་པ་གསུམ་ཞེས་བརྗོད་།། ཡང་བདེན་པ་སོ་སོ་ལ་རྣམ་པ་གསུམ་མོ།། དེ་ལྔ་སྡུག་བསྔལ་བདེན་པའི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྡུག་བསྔལ་རང་བཞིན་དང་། ་ཡོངས་སུ་ཤེས་པར་བྱ་བ་ཉིད་དང་། ཡོངས་སུ་ཤེས་པ་ཉིད་དོ།། ཀུན་འབྱུང་གི་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཀུན་འབྱུང་བའི་རང་བཞིན་དང་། སྤང་བྱ་ཉིད་དང་། སྤངས་པ་ཉིད་དོ།། འགོག་པའི་རྣམ་པ་གསུམ་ནི་འདི་ལྟ་སྟེ། འགོག ་པའི་རང་བཞིན་དང་། མངོན་དུ་བྱ་བ་ཉིད་དང་། མངོན་དུ་བྱས་པ་ཉིད་།། ལམ་ནི་རྣམ་པ་གསུམ་ནི་འདི་ལྟ་སྟེ། ལམ་གྱི་རང་བཞིན་དང་། བསྒོམ་བྱ་ཉིད་དང་། བསྒོམས་པ་ཉིད་དོ།། ཡང་སྡུག་བསྔལ་བདེ་བའི་ཡོངས་སུ་བཟླས ་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། ཞེས་པ་ནི་ཡོངས་སུ་བཟླས་པ་གཅིག་གོ།། དེ་དག་ཡོངས་སུ་ཤེས་པར་བྱ་བ་ཉིད་དོ་ཞེས་པ་ནི་གཉིས་པའོ།། དེ་དག་ཡོངས་སུ་ཤེས་པ་ཉིད་དོ་ཞེས་པ་ནི་གསུམ་པའོ།། ་ཡོངས་སུ་བཟླས་པ་སོ་སོ་ལ་མིག་སྐྱེའོ།། ཤེས་པ་སྐྱེའོ།། རིག་པ་སྐྱེའོ།། བློ་སྐྱེའོ།། རྣམ་པ་བཞི་བཞི་སྟེ་རྣམ་པ་བཅུ་གཉིས་སོ།། དེ་ལ་མིག་ཅེས་པ་ནི་སངས་རྒྱས་ཀྱི་སྤྱན་ནོ།། ཤེས་པ་ཅེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ།། རིག ་པ་ཅེས་པ་ནི་ཡང་དག་པའི་དོན་ཡིན་པས་མི་སློབ་པའོ།། བློ་ཅེས་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ།། ཀུན་འབྱུང་གི་ཡོངས་སུ་བཟླས་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ་ཞེས་པ་ནི་ཡོངས་སུ་བཟླས་པ ་གཅིག་གོ།། དེ་དག་སྤང་བར་བྱའོ་ཞེས་པ་ནི་གཉིས་པའོ།། དེ་དག་སྤངས་སོ་ཞེས་པ་ནི་གསུམ་པོའོ།། ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ་རྣམ་པ་བཅུ་གཉིས་ཉིད་དོ།། འགོག་པའི་བདེན་པའི་ཡོངས་སུ་ལྡབས་པ་གསུམ་ནི་འདི་ལྟ་སྟེ། ་འདི་ནི་འགོག་པ་འཕགས་པོའི་བདེན་པའོ།། ཞེས་པ་ནི་ཡོངས་སུ་བཟླས་པ་གཅིག་གོ། དེ་དག་མངོན་དུ་བྱའོ་ཞེས་པ་ནི་གཉིས་པའོ།། དེ་དག་མངོན་དུ་བྱས་སོ་ཞེས་པ་ནི་གསུམ་པའོ།། ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ ་རྣམ་པ་བཅུ་གཉིས་སོ།། ལམ་གྱིས་ཡོངས་སུ་བཟླས་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་ལམ་འཕགས་པོའི་བདེན་པའོ་ཞེས་ཡོངས་སུ་བཟླས་པ་གཅིག་གོ། དེ་དག་བསྒོམ་པར་བྱའོ་ཞེས་པ་གཉིས་པའོ།། དེ་དག་བསྒོམས ་པ་ཉིད་དོ་ཞེས་པ་གསུམ་པའོ།། ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ་རྣམ་པ་བཅུ་གཉིས་སོ།། དེས་ན་བདེན་པ་སོ་སོ་ལ་བཟླས་པ་གསུམ་གསུམ་གྱིས་དང་། ཡོངས་སུ་བཟླས་པ་རེ་རེ་ལ་རྣམ་པ་བཞི་བཞི་སྟེ་དེ་བཞིན ་གཤེགས་པས་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་གསུངས་པས་ན། ཡོངས་སུ་བཟླས་པ་གསུམ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བརྗོད་དོ།། ཡང་འཕགས་པའི་བདེན་པ་སོ་སོ་ལ་རྣམ་པ་བཞི་སྟེ་རྣམ་པ་བཅུ་དྲུག་གོ།། དེ ་ལ་སྡུག་བསྔལ་བདེན་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། རྟག་པར་སྒྲོ་འདོགས་པ་དང་། བདེ་བར་སྒྲོ་འདོགས་པ་དང་། བདག་དུ་སྒྲོ་འདོགས་པ་དང་། བདག་གི་བར་སྒྲོ་འདོགས་པའོ།། གྲངས་བཞིན་དུ་དེ་དག་གི་གཉེན་པོ་སྡུག ་བསྔལ་གྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་རྟོག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའོ།། ཀུན་འབྱུང་གི་བདེན་པའི་མིཐུན་པའི་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རྒྱུ་མེད་པར་སྒྲོ་འདོགས་པ་དང་། ཆོས་ཐམས ་ཅད་སེམས་པ་མེད་པའི་དུས་ལ་སོགས་པ་རྟག་པའི་རྒྱུ་ཅན་དུ་སྒྲོས་བཏགས་པ་དང་། ཆོས་ཐམས་ཅད་སྒྲའི་ཚངས་པ་ལ་སོགས་པ་ཡོངས་སུ་འགྱུར་བའི་དངོས་པོའི་རྒྱུ་ཅན་དུ་སྒྲོ་བཏགས་པ་དང་། ཆོས་ཐམས་ཅད་བློ་དང་ལྡན་པའི་དབང་ཕྱུག ་ལ་སོགས་པའི་རྒྱུ་ཅན་དུ་སྒྲོ་བཏགས་པའོ།། རིམ་པ་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་ཀུན་འབྱུང་གི་རྣམ་པ་བཞི་ནི་འདི་ལྟ་སྟེ། རྒྱ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ནོ།། འགོག་པའི་བདེན་པའི་མི་མཐུན་ཕྱོགས་ཀྱི་རྣམ་པ ་བཞི་ནི་འདི་ལྟ་སྟེ། ཐར་པ་མེད་དོ།། ཐར་པ་སྡུག་བསྔལ་ལོ།། བསམ་གཏན་གྱི་བདེ་བ་གྱ་ནོམ་པའོ།། གྲོལ་བ་ཡང་ཡང་འཁོར་བར་ལྟུང་བ་ཡོད་དོ་ཅེས་སོ།། གྲངས་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་འགོག་པའི་རྣམ་པ་བཞི་ནི་འདི་ལྟ་སྟེ། འགོག་པ ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཉིད་དོ།། ལམ་གྱི་བདེན་པའི་མི་མཐུན་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ཐར་པར་འགྲོ་བའི་ལམ་མེད་དོ།། ལམ་འདི་ངན་པའོ།། ལམ་གཞན་ཡོད་དོ།། ཕྱིར་ལྡོག་པའི་ལམ་མོ།། གྲངས ་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་ལམ་གྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ལམ་ཉིད་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའི་ཐེག་བྱ་པ་རྣམས་ནི་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་གི་རྗེས་སུ ་འབྲངས་ནས་གྲངས་བཞིན་དུ་འཕགས་པའི་བདེན་པ་བཞི་ལ་བཞི་དང་བཅུ་གཅིག་དང་བདུན་དང་བདུན་ཏེ། འཕགས་པའི་བོདྲེན་པ་རྣམ་པ་ཉི་ཤུ་དགུ་ཡིན་ནོ་ཞེས་བཤད་དོ།། དེ་ལ་སྡུག་བསྔལ་བདེན་པའི་རྣམ་པ་ལ་བཞི་ནི་འདི ་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའོ།། ཀུན་འབྱུང་བདེན་པའི་རྣམ་པ་བཅུ་གཅིག་ནི་འདི་ལྟ་སྟེ། ནང་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་ཉིད་དང་། གཞན་ཉིད་དང་། རབ་ཏུ ་ཉམས་པའི་ཆོས་ཉིད་དང་། གཡོ་བ་དང་། འཇིག་པ་ཉིད་དང་། འཇིགས་པ་ཉིད་དང་། ཉེ་བར་འཚེ་བ་ཉིད་དང་། ཉེ་བར་གནང་པ་ཉིད་དོ།། འགོག་པའི་བདེན་པའི་རྣམ་པ་བདུན་ནི་འདི་ལྟ་སྟེ། བདག་མེད་པ་ཉིད་དང་། ་ནི་བ་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེང་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱེད་མེད་པ་ཉིད་དོ།། ལམ་གྱི་བདེན་པའི་རྣམ་པ་ལ་བདུན་ནི་འདི་ལྟ་སྟེ། བདག ་མེད་པ་ཉིད་དང་། ཞི་བ་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱེད་པ་མེད་པ་ཉིད་དོ།། བདེན་པ་རྣམས་ཀྱི་རྣམ་པར་དཔྱད་པ་ཡང་ནི། དཔེར་ན་སྨན་པས ་ནང་པོའི་ནང་མཐོང་ནས་ནད་ཀྱི་གཞི་ཡོངས་སུ་རྟོག་གོ། དེ་ནས་ནང་བང་བ་མཚོན་པར་བྱེད་དོ།། དེ་ནས་ནང་སྦྱོང་བའི་ཐབས་སྨན་རྗེས་སུ་སྦྱོང་བའི་གདམས་པ་བྱེད་།། དེ་བཞིན་དུ་བླ་ན་མེང་པོའི་སྨན་པ་དེ་བཞིན་གཤེགས ་པས་རྣལ་འབྱོར་པའི་སྡུག་བསྔལ་མཐོང་ནས་འདིའི་རྒྱུ་གང་ཡིན་ཞེས་ཀུན་འབྱུང་ལ་ངེས་པར་སྤྱོང་ངོ་།། དེ་ནས་ཀུན་འབྱུང་འགགས་པ་ལས་སྡུག་བསྔལ་ཟད་པའི་མཐར་ཕྱིན་པ་སྐྱེ་བ་མེད་པ་འགོག་པའི་བདེན་པ ་དམིགས་ཀྱིས་འཛིན་པར་བྱེད་དོ།། དེ་ནས་སྡུག་བསྔལ་ཟད་པའི་ཐབས་ལམ་གྱི་བདེན་པ་གོམས་པ་བྱེད་པའི་གདོམས་པ་བྱེད་དོ།། དེ་ལ་སྐྱེ་བའི་སྡུག་བསྔལ་དང་རྒ་བའི་སྡུག་བསྔལ་ལ་སོགས་པ་རྣམས་ཀྱིས་འདུ ་བྱེད་ཀྱི་སྡུག་བསྔལ་གྱིས་དང་སྡུག་བསྔལ་གྱི་སྡུག་བསྔལ་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ངག་གིས་འཁོར་བའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་པར་ཤེས་པ་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚེར ་བ་སྐྱེ་བ་རྒ་ཤི་རྣམས་ཀྱི་ཡན་ལག་གི་བདག་ཉིད་ནི་སྡུག་བསྔལ་གྱི་བདེན་པའོ།། སྡུག་བསྔལ་གྱི་རྒྱུ་ལ་གསུམ་ནི་འདི་ལྟ་སྟེ། རྒྱུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་དང་། མ་རིག་པ་སྲང་བ་ཉེ་བར་ལེན་པའི་མཚན་ཉིད་ཀྱི ་ཉོན་མོངས་པ་དང་། འདུ་བྱེད་དང་སྲིད་པའི་མཚན་ཉིད་ཀྱི་ལས་ནི་ཀུན་འབྱུང་བདེན་པའི།། སྡུག་བསྔལ་འཕགས་པ་ནི་འགོག་པའི་བདེན་པའོ།། འགོག་པ་དེ་ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། སོ་སོར་བརྟགས་པའི་འགོག་པ་དང་། སོ ་སོར་བརྟགས་མིན་གྱི་འགོག་པའོ།། ཡང་འགོག་པ་ལ་གཉིས་ནི་འོད་ལྟ་སྟེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ།། ཡང་འགོག་པ་ལ་གཉིས་ནི་འདི་ལྟ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང་། ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ།། མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པར་བཞག་པོ་དེ་དག་ཐེག་པ་གསུམ་ལ་ཅི་རིག་པར་རྣམ་པ་བཅུ་གསུམ་དུ་རིག་པར་བྱའོ།། མཚན་ཉིད་ལས་དང་། ཟག་པ་ལས་དང་། དེའི་ཆ ་ཤས་མྱ་ངན་ལས་འདས་པ་དང་། དོན་དམ་པ་དང་། ཡོངསུ་མ་རྫོགས་པ་དང་། ཡོངས་སུ་རྫོགས་པ་དང་། བརྒྱན་མེད་པ་དང་། བརྒྱན་དང་བཅས་པ་དང་། ཁྱད་པར་ཅན་མོ་ཡིན་པ་དང་། ཁྱད་པར་ཅན་དང་། ལྷག་མ་དང་བཅས་པ ་དང་། ལྐོག་མ་མེད་པ་དང་། རྣམ་གྲངས་ལས་སོ།། དེ་ལ་མཚན་ཉིད་ཀྱིས་འགོག་པ་ལ་གཉིས་ནི་འདི་ལྟ་སྟེ། ལམ་གང་གིས་འགོག་པར་བྱེད་པ་དེ་ནི་འགོག་པའོ།། གང་དག་འགགས་པ་དེ་འགོག་པའོ།། ཟབ་པས་འགོག་པ་རྣམ་པ་བཞི་ནི ་འདི་ལྟ་སྟེ། འགོག་པ་དེ་ནི་གཞན་དུ་བརྗོད་དུ་མེད་དོ།། གཞན་མ་ཡིན་པར་བརྗོད་དུ་མེད་དོ།། གཉི་གར་བརྗོད་དུ་མེད་དོ།། གཉི་ག་མ་ཡིན་པར་བརྗོད་པར་མི་བྱའོ།། དེའི་ཆ་ཤས་མྱ་ངན་ལས་འདས་པས་འགོག་པ་ནི་གཅིག་སྟེ། ་འདི་ལྟ་སྟེ། འཇིག་རྟེན་པའི་ལམ་གྱིས་གང་ཉོན་མོངས་པ་འགོག་པའོ།། དོན་དམ་པས་འགོག་པ་ནི་ཅིག་ཉིད་ཏེ་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ས་བོན་དང་བཅོས་པའི་ཉོན་མོངས་པ་ཡང་དག་པར་གཅོད་པའི་འགོག་པ་གང་ཡིན ་བའོ།། ཡོངས་སུ་མ་རྫོགས་པའི་འགོག་པ་ལ་བཞི་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་བསྡུས་པའི་འགོག་པ་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་བསྡུས་པའི་འགོག་པ་གང་ཡིན་པ་དང་། ཕྱིར་མི་འོང་བའི ་འབྲས་བུའི་བསྡུས་པའི་འགོག་པ་གང་ཡིན་པ་དང་། དགྲ་བཅོམ་པས་འབྲས་བུའི་སྲོལ་དུ་ཞུགས་པས་བསྡུས་པའི་འགོག་པ་གང་ཡིན་པའོ།། ཡོངས་སུ་རྫོགས་པའི་འགོག་པ་ལ་ཅིག་ནོ་འདི་ལྔ་སྟེ། དགྲ་བཅོམ་པའི་འབྲས་བུས་ཡོངས་སུ ་བསྡུས་པའི་འགག་པ་གང་ཡིན་པའོ།། རྒྱན་མེད་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། དགྲ་བཅོམ་པ་སེམས་པ་རྣམ་པར་གྲོལ་བ་རྣམས་ཀྱི་འགོག་པ་གང་ཡིན་པའོ།། རྒྱན་དང་བཅས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། དགྲ་བཅོམ ་པ་གི་ཉི་གའི་ཆ་ལས་གྲོལ་བ་རྣམས་ཀྱི་འགོག་པ་གང་ཡིན་པའོ།། དེ་ལ་གཉི་གའི་ཚེ་ན་སྒྲིབ་པ་གཉིས་ཏེ་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པའོ།། ཁྱད་དུ་འཕགས་པ་མ་ཡིན་པའི་འགོག་པ་ལ ་གཅིག་ནི་འདི་ལྟ་སྟེ། ཉོན་མོངས་པའི་སྒྲུབ་པ་མཐར་དག་རྣམ་པར་གྲོལ་བ་ཉན་ཐོས་རྣམས་ཀྱི་དང་། ཉོན་མོངས་པའི་སྒྲུབ་པ་མཐའ་དག་དང་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་རྣམ་པར་གྲོལ་བ་རང་སངྱས་རྒྱས་རྣམས་ཀྱི་འགོག་པ་གང ་པའོ།། ཁྱེད་བ་དུ་འཁྲུགས་པའི་བྱུགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལྗག་ས་དང་བཅས་པ་རྣམ་པར་གྲོལ་བ་ཡང་དག་པར་རྟགསོ་བོའི་སངས་རྒྱས་རྣམས་ཀྱི་འགོག་པ་གང་ཡིན་པའོ།། ལྷག་མ་དང་བཅས་པའི་འགོག ་ལ་གཅིག་ནི་འདི་ལྟེ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདསོ་བོའི་དབྱིངས་སོ།། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ།། ་རྣནམ་གྲངས་ལས་འགོག་པ་ལ་རྣམ་གྲངས་ཉི་ཤུ་དགུ་ནི་འདི་ལྟ་སྟེ། མ་ལུས་པར་སྤོངས་པ་དང་། ངེས་པར་སྤངསོ་པ་དང་།། བྱ་བར་གྱུར་པ་དང་། ཟད་པ་དང་། འདི་ཚིགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་རི་ན་པ་དང་། ་ནུབ་པ་དང་། འདུས་མ་བྱས་དང་། བལྟ་དཀའ་བ་དང་། མཽ་གཡོ་བ་དང་། མི་གཞོལ་བ་དང་། མི་འཆི་བ་དང་། ཟག་པ་མེད་པ་དང་། གནས་དང་། གླིང་དང་། སྐྱོབ་པ་དང་། སྐྱབ་དང་། འདྲེན་པ་དང་། མི་འཕོ་བ་དང་། རིམས་མེད ་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། བདེ་བ་དང་། ཞི་བ་དང་། དངོས་པོ་མཆོག་ལས་བྱུང་བ་དང་། བདེ་ལེགས་གྲུབ་པ་དང་། ནང་མེད་པ་དང་། མི་སྤྱོད་པ་དང་། མྱ་ངན་ལས་འདས་པའོ།། དེ་ལ་མ་ལུས་པར་སྤངས་པ་ཞེས ་བ་ནི་མདོར་བསྟན་པའོ།། ཀུན་ནས་དཀྲིས་པ་སྤངས་པ་ནི་ངེས་པར་སྤངས་པའོ།། བག་ལ་ཉལ་བྱང་བར་བྱེད་པས་བྱང་བར་འགྱུར་བའོ།། མཐོང་བའི་ལམ་གྱིས་དེ་ལྟ་བུ་དེ་རྣམས་ཀུན་ཏུ་སྦྱོར་བ་སྤངས་པའི་དབང་དུ ་བྱས་ཏེ་ཟད་པའོ།། སྒོམ་པའི་ལམ་གྱིས་ཀུན་ཏུ་སྦྱོར་བ་སྤངས་པའི་དབང་དུ་བྱས་ཏེ་ཆགས་པ་དང་བྲལ་བའོ།། མཐོང་བ་སྒོམ་པའི་ལམ་དག་གིས་ཀུན་ཏུ་སྦྱོར་བ་སྤངས་པས་ཡང་མི་སྐྱེ་བ་སྡུག་བསྔལ་འགོག་པ་འདི་ནི་འགོག་པའོ།། ་མཐོང་བའི་ཆོས་ལ་ཡིང་མི་བདེ་བ་ཉེ་བར་ཞི་བས་རྣམ་པར་ཞི་བའོ།། ཉེ་བར་འཚེ་བ་མ་ལུས་པར་བྲལ་བས་ནུབ་པའོ།། དེ་རྣམས་ནི་མ་ལུས་པར་སྤངས་པ་རྒྱས་པར་བཤད་པའོ།། འདུས་བྱོས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་བྲལ་བས ་འདུས་མ་བྱས་སོ།། ཤ་དང་ལྷའི་སྤྱན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བལྟ་དཀའ་བའོ།། འགྲོ་བ་ལྔ་རུ་རྒྱུ་བ་དང་མི་ལྡན་པའི་ཕྱིར་མི་གཡོ་བའོ།། ཁམས་གསུམ་གྱི་སྲེད་པ་གསུམ་མེད་པས་སྲིད་པ་རྣམས་སུ་མི་དམིགས་པའི ་ཕྱིར་མི་གཞོམ་པའོ།། ཕུང་པོའི་བདུད་དང་མོ་ལྡན་པས་མི་འཆི་བའོ།། ཉོན་མོངས་པའི་བདུད་དང་མི་ལྡན་པས་ཟག་པ་མེད་པའོ།། རྣམ་པར་གྲོལ་བའི་དགའ་བ་དང་རྟན་ཡིན་པའི་ཕྱིར་གནས་སོ།། ཁམས་གསུམ་ཡོངས་སུ་བཅད ་པོས་གླིང་ངོ་།། ཉེ་བར་འཚེ་བ་ཐམས་ཅད་བཟློག་པས་སྐྱོབ་པའོ།། རྟེན་གྱི་སྦྱོར་བ་འབྲས་བུ་ཡོད་པའི་གཞིའི་གནས་ཉིད་ཡིན་པས་སྐྱངས་སོ།། འཕགས་པ་དམ་པ་རྣམས་ཀྱི་བགྲོད་པའི་གཞིའི་གནས་ཡིན་པས་འདྲེན་པའོ།། ་མི་སྐྱེ་བོ་ཉིད་ཡིན་པས་འཁྲུལ་པ་མི་སྲིད་པའི་ཕྱིར་མི་འཕྲོ་བའོ།། འདོད་པ་ཐམས་ཅད་ཉམས་པའི་གདུང་བ་མེད་པས་རིམས་མེད་པའོ།། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པ་ལ་སོགས ་པའི་ཡོངས་སུ་གདུང་བ་མེད་པས་བསིལ་བར་གྱུར་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ།། ན་བ་དང་། རྒ་ཤིའི་འཇིགས་པ་དང་བྲལ་བ་འཕགས་པའི་གནས་པའི་རྟེན་ཡིན་པས་བདེ་བའོ།། དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན ་པས་ཞི་བའོ།། འཇིག་རྟེན་ལས་འདས་པ་བདེ་བའི་དངོས་པོ་ཉིད་ཡིན་པས་དངོས་པོ་མཆོག་ལས་བྱུང་བའོ།། སྦྱོར་བ་བདེ་བས་བྱེད་པ་ཐོབ་པའི་ཕྱིར་དམིགས་པའི་ངོ་བོ་ཡིན་པས་བདེ་ལེགས་གྲུབ་པའོ།། ཉོན་མོངས་པ་ལ་སོགས་པ་སྒྲིབ ་པའི་ནད་དང་བྲལ་བའི་ཕྱིར་ནང་མེད་པའོ།། སྤྲོས་པའི་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་མི་སྤྱོད་པའོ།། གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བ་ཞི་བ་དང་བདེ་བར་གནས་པའི་དམིགས་པ་ཉིད་ཡིན་པའི་ཕྱིར ་མ་ངན་ལས་འདས་པའོ།། སོ་སོར་བརྟགས་པའི་འགོག་པ་ལ་རྣམ་པ་མང་སྟེ། དེ་ལྟར་ཡང་། ཀུན་ཏུ་སྦྱོར་བའི་རྫས་ནི་ཇི་སྙེད་པ།། ཀུན་ཏུ་སྦྱོར་བ་བྲལ་རྫས་དེ་སྙེད་དོ།། ཞེས་པ་ནི་གྲུབ་པའི་མཐའོ།། ཀུན་ཏུ་སྦྱོར་བའི་གཉེན་པོ་ཇི ་སྙོད་པ། སོ་སོར་བརྟགས་པའི་འགོག་པ་དེ་སྙེད་དོ།། ཡང་གསུངས་ཏེ། སོ་སོར་བརྟགས་པའི་འགོགོ་པ་གང་། བྲལ་བ་སོ་སོར་ཐ་དང་ངོ་ཞེས་སོ།། ལམ་ལ་གཉིས་ནི་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས ་བའོ།། དེ་ལ་འཇིག་རྟེན་པ་ལ་གཉིས་ནི་འདི་ལྟ་སྟེ། གྲོལ་བའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའོ།། དེ་ལ་གྲོལ་བའི་ཆ་དང་མཐུན་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། ་དྲན་པ་ཉེ་བར་བཞག་པའི་ངོ་བོ་དང་། ཡང་དག་པར་སྤོང་བའི་ངོ་བོ་དང་། རྫུ་འཕྲུལ་གྱི་རྐང་པའི་ངོ་བོའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ལམ་གཉིས་ནི་འདི་ལྟ་སྟེ། དབང་པོ་ལྔའི་རང་བཞིན་དང་། སྟོབས་ལྔའི་རང་བཞི་ནོ།། ་དང་པོ་ལ་གཉིས་ནི་འདི་ལྟ་སྟེ། དྲོད་ཐོབ་པ་དང་། རྩེ་མོར་ཕྱིན་པའོ།། གཉིས་པ་ལ་གཉིས་ནི་འདི་ལྟ་སྟེ། བཟོང་པོར་རྟོགས་པ་དང་། ཆོས་མཆོག་དུ་རྟོགས་པའོ།། འཇིག་རྟེན་ལས་འདས་པ་ལ་གཉིས་ནི་འདི་ལྟ་སྟེ། བྱང་ཆུབ ་ཡན་ལག་བདུན་གྱི་རང་བཞིན་མཐོང་ལམ་དང་། འཕགས་པོའི་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བསྒོམ་པའི་ལམ་མོ།། དེ་ལ་མཐོང་བའི་ལམ་ལ་གཉིས་ནི་འདི་ལྟ་སྟེ། བར་ཆད་མེད་པའི་ལམ་གྱི་ངོ་བོ་དང་།། རྣམ་པོར ་གྲོལ་བའི་ལམ་གྱི་ངོ་བོའོ།། དེ་ལ་བར་ཆད་མེད་པའི་ལམ་གྱི་རང་བཞིན་ལ་རྣམ་པ་བརྒྱད་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ལ་ཡང་བརྒྱད་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན ་འབྱུང་ལ་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་རྗེས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའོ།། མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟ་སྟེ། སྡུག་བསྔལ ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྐུལ་ལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང ་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་ཤེས ་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པའོ།། སྐད་ཅིག་མ ་བཅུ་དྲུག་ནི་བདེན་པ་བཞི་ལ་དམིགས་པའོ།། དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ།། གཞན་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ ་ཤེས་པའི་སྐད་ཅིག་མ་བརྒྱད་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ།། དེ་ལ་བཟོད་པའི་སྐད་ཅིག་མ་ཐམས་ཅད་ནི་རྐུན་པོ་མཐོན་པ་བཞིན་དུ་ཉོན་མོངས་པ་སྤངས ་བས་བར་ཆད་མེད་པའི་ལམ་གྱི་རང་བཞིན་ནི། ཉོན་མོངས་པ་ཐོབ་པ་གཅོད་པར་བྱེད་པ་སྟེ། སྡུག་བསྔལ་ལ་སོགས་པ་མཐོང་བ་རྣམས་ཤེས་རབ་ཀྱི་རང་། ངོ་བོ་ཉིད་ཡིན་པའོ།། ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་སྐད་ཅིག་མ ་རྣམས་ཀྱང་ཉོན་མོངས་པ་སྤངས་པ་ལྔ་སྒོ་གླེགས་བཅོད་པའི་རིགསུ་ལས་རྩོམ་པ་དང་ལྡན་པོའོ།། རྣམ་པར་གྲོལ་བའི་ལམ་གྱི་རིང་བཞིན་ནི། ཉོན་མོངས་པ་བྲལ་བ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱོའོ། ཞེས་ཁ་ཅིག་གོ། གཞན ་དགེ་བཅུ་གཉིས་ནི་མངོན་དུ་བྱེད་པ་ཡིན་ལ་རྗེས་སུ་ཤེས་པ་ཉིད་ནི་ངེས་པའི་བདག་ཉིད་དོ་ཞེས་ཟེར་རོ།། འདི་དག་ནི་སྤྱད་པར་བྱ་བ་ཡིན་ནོ།། དེ་རྣམས་ལ་སྐད་ཅིག་བཅོ་ལྔ་ནི་མཐོང་བའི་ལམ་མོ།། དེ་ལ་གནས་པའི་རྣལ ་འབྱོར་པ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་བརྗོད་དོ།། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ནི་སྒོམ་པའི་ལོམ་མོ།། དེ་ལ་གནས་པ་ནི་རྒྱུན་ཏུ་ཞུགས་པ་ཉིད་དོ།། རྒྱུན་ནི་མྱ་ངན་ལས་འདའ་བའི་རྒྱ ་མཚོར་འགྲི་བའི་ལམ་སྟེ། དེ་ལ་ཞུགས་པོ་ནི་ཐོབ་པ་བྱས་པའོ།། འདིར་མཐོང་བའི་ལམ་ཡེ་ཤེས་རབ་དགུར་འགྱུར་ཏེ་འདི་ལྟ་སྟེ། འདོད་དུ་སྤང་བྱ་སྡུག་བསྔལ་དང་ཀུན་འབྱུང་སྤངས་པ་དང་། འདོང་དུ་འགོག་པ་མཐོང་བས ་སྤང་བྱ་སྤངས་པ་དང་། འདོད་དུ་ལམ་མཐོང་བས་སྤང་བྱ་སྤངས་པ་དང་། དེ་བཞིན་དུ་གཟུགས་ཁམས་གསུམ་དང་། གཟུགས་མེད་པའི་ཁམས་གསུམ་མོ།། མཐོང་བའི་ལམ་གྱིས་མཐོང་བའི་དོན་ཡང་དང་ཡང་དུ་རྩོལ་བས་བསྒོམ ་པ། དེ་ཉིད་རྩལ་བྱ་དང་བསྟེན་བྱ་ཡིན་པས་ལམ་མོ།། འདིས་ན་བསྒོམ་པའི་ལམ་ཞེས་བྱ་སྟེ། དེ་ལ་ཡང་གཉིས་ནི་འདི་ལྟ་སྟེ། བར་ཆད་མེད་པའི་ལམ་གྱི་རང་བཞིན་དང་། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ།། དེ་ལ་བར ་ཆད་མེད་པའི་ལམ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་དབྱེ་བ་དགུའི་གཉེན་པོ་དབྱེ་བ་དགུ་ནི་འདི་ལྟ་སྟེ། ཆུང་ངུ་དང་། འབྲིང་པོ་དང་། མཆོག་གོ། ཡང་རེ་རེ་ལ་གསུམ་དུ་ཕྱེ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ་ཆུང་ངུའི་ཆེན་པོ་དང་། འབྲིང་པོའི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དོང་། རབ་ཀྱི་ཆུང་ངུ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་སྟེ་དབྱེ་བ་དགུའོ།། དེ་བཞིན་དུ་བསམ་གཏན་དང་པོའི་ས་ལ་ཉོན་མོངས་པ་དབྱི ་བ་དགུའི་གཉེན་པོ་དབྱེ་བ་དགུའོ།། དེ་བཞིན་དུ་བསམ་གཏན་གཉིས་པའི་ས་ལ་ཉོན་མོངས་པ་དབྱེ་བ་དགུའི་གཉེན་པོ་རྣམ་པ་དགུའོ།། དེ་བཞིན་དུ་བསམ་གཏན་གསུམ་པའི་ས་ལྀ་ཉོན་མོངས་པ་དགུའི་གཉེན་པོ་དགུའོ།། དེ་བཞིན ་དུ་བསམ་གཏན་བཞི་པོ་ལ་དགུའོ།། དེ་བཞིན་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་དགུའོ།། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དགུའོ།། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་དགུའོ།། དེ་བཞིན་དུ་འདུ་ཤེས་མེད ་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་དགུ་སྟེ། འཁོར་བའི་ས་དགུ་ལ་སོ་སོར་དགུ་དགུ་སྟེ་དགུ་པ་དགུ་ནི་ལམ་གྱི་དབྱེ་བ་བརྒྱད་ཅུ་རྩ་གཅིག་གོ།། ཀུན་སྦྱོར་རྫས་ནི་ཇི་སྙེད་བ།། ཀུན་སྦྱོར་བྲལ་རྫས་དེ་སྙེད་དོ།། ཞེས ་བྱས་སོ།། བར་ཆད་མེད་པའི་ལམ་དེ་རྣམས་ཀྱི་བར་དང་བར་དུ་རྣམ་པར་གྲོལ་བའི་ལམ་ཡང་བརྒྱད་ཅུ་རྩ་གཅིག་ནི་འདི་ལྟ་བུ་ཉིད་དོ།། ཁ་ཙོག་ན་རོ་ལམ་དབྱེ་བ་དགུ་ཡིན་ཏེ། འདི་ལྟ་སྟེ། ས་དགུའ་ཆེན་པོའི་ཆེན་པོ་ཉོན་མོངས་པའི ་གཉེན་པོ་ཆུང་ངུའི་ཆུང་ངུ་ལམ་དང་། ས་དགུའི་ཆེན་པོའི་འབྲིང་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཆུང་ངུའི་འབྲིང་གི་ལམ་དང་། ས་དགུའི་ཉོན་མོངས་པ་ཆེན་པོའི་ཆུང་ངུའི་ཆེན་པོ་དང་། ས་དགུའི་ཉོན་མོངས་པ་འབྲིང་གི་ཆེན་པོའི་གཉེན ་པོ་ལམ་འབྲིང་གི་ཆུང་ངུ་དང་། ས་དགུའི་ཉོན་མོངས་པ་འབྲིང་གི་གཉེན་པོ་ལམ་འབྲིང་གི་འབྲིང་དང་། ས་དགུའི་ཉོན་མོངས་པ་འབྲིང་གི་ཆུང་ངུའི་གཉེན་པོ་ལམ་འབྲིང་གི་ཆེན་པོ་དང་། ས་དགུའི་ཉོན་མོངས་པ་ཆུང་ངུའི་ཆེན་པོའི ་གཉེན་པོ་ལམ་ཆེན་པོའི་ཆུང་ངུ་དང་། ས་དགུའི་ཉོན་མོངས་པ་ཆུང་ངུའི་འབྲིང་གི་གཉེན་པོ་ལམ་ཆེན་པོའི་འབྲིང་དང་། ས་དགུའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་ལམ་ཆེན་པོའི་ཆེན་པོའོ།། དཔེར་ན་སྐྱེས་བུ་དཔའ་བོ་གཅིག ་གིས་དགྲ་མང་པོ་ཡང་རབ་ཏུ་འཇོམས་པ་དེ་བཞིན་དུ། ལམ་གཅིག་གིས་ཉོན་མོངས་པ་རབ་ཏུ་མང་བ་རྣམས་རྩ་བ་ནས་འབྱིན་པར་བྱེད་དོ།། ཞེས་ཟེར་རོ།། ཕྱོགས་འདི་ལ་གཞན་དག་ན་རེ། ལམ་གྱི་རྣམ་པོ་དགུ་པས་ས་དགུའི ་ཉོན་མོངས་པ་དགུ་པ་ཆུང་ངུའི་ཆུང་ངུ་སྤངས་པ་ན། སྤང་བར་བྱ་བའི་ཉོན་མོངས་པ་མེད་པས་དེ་ཉིད་ཀྱི་ཚེ་རྣལ་འབྱོར་པ་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པར་ཐལ་བར་འགྱུར་རོ།། དེ་ལྟར་ན་འདོང་པར ་རྣམ་པ་དྲུག་པ་དང་། དགུ་པ་ཡང་དག་ཟད་པ་ལས།། ལན་ཅིག་བོང་དང་མི་འོང་བའི།། གང་ཟག་དག་དུ་འགྱུརརོ་བའོ།། ཞེས་པ་ལ་སོགས་པའི་རྣམ་པར་བཞག་པ་ཐམས་ཅད་ཉམས་པར་འགྱུར་བས་གུས་པར་མི་བྱེད་དོ།། ་སྤོང་བ་ན་ཡང་།། དང་པོར་མཐུ་རྣམས་ཀྱི་གཞི་སྔ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཚུལ་ཁྲིམས་ཞེས་ཤེས་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་བརྟུལ་ཞུགས་ལ་གནས་པའི་རྣལ་འབྱོར་པས་བསྒོམ་པར ་བརྩོམ་པ་ན་སྦྱོར་བའི་དུས་སུ་དམ་པ་མ་ཡིན་པའི་ཚོགས་པ་དང་དམ་པ་མ་ཡིན་པའི་རྣམ་པར་རྟོག་པ་དག་ཡོངས་སུ་སྤང་བར་བྱའོ།། དེ་ལ་གང་ཟག་རྣམ་པ་གཉིས་ནི་འདི་ལྟ་སྟེ། འདོད་ཆགས་ལ་སྤྱོད་པ་དང་། རྣམ་པར་རྟོག་པ ་ལ་སྤྱོད་པའོ།། དེ་ལ་འདོད་ཆགས་ལ་སྤྱོད་པས་མི་སྡུག་པ་སྒོམ་པ་སྔོན་དུ་འགྲོ་བས་ཞོ་གནས་བསྐྱེད་པར་བྱའོ།། དེ་ལ་འདོད་ཚོགས་ལ་དགུ་སྟེ་འདི་ལྔ་སྟེ། དབྱིབས་ལ་ཆགས་པ་དང་། སྡུག་པོ་ལ་ཆགས་པ་དང་། ལུས་ཀྱི ་ཅན་དོན་ལ་སོགས་པས་བསྐྱེད་པའི་ཆགས་པ་དང་། ལུས་མཛེས་པ་རྒྱ་ནི་ལ་སོགས་པས་བསྐྱེད་པས་ཆགས་པ་དང་། ལུས་ཀྱི་མདོག་ལ་ཆགས་པ་དང་། ཤ་རྒྱས་པ་ལ་ཆགས་པ་དང་། ལུས་དང་ཡན་ལག་སྒེག་པ་ལ ་ཆགས་པ་དང་། སོ་མཛེས་པ་ཕུན་སུམ་ཚོགས་པ་ལ་ཆགས་པ་དང་། མདོག་དང་དབྱིབས་ལ་ཆགས་པའོ།། གྲངས་བཞིན་དུ་པ་རྣམས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་པའི་དབྱེ་བ་རྣམ་པ་དགུ་ནི་འདི ་ལྟ་སྟེ། རྣམ་པར་སྦྱངས་པ་བཞིན་དུ་རྣམ་པར་བམ་པའི་འདུ་ཤེས་དང་། ཡན་ལག་ཆ་ཤས་ཐ་དད་དུ་གྱུར་པས་རྣམ་པར་ཞིག་པའི་འདུ་ཤེས་དང་། དྲི་ངན་པ་རྣག་གི་རང་བཞིན་ཡིན་པས་རྣམ་པར་རྣགས་པའི་འདུ་ཤེས་དང་། པགས ་པ་བཤུས་པ་བཞིན་རྣམ་པར་དམར་བའི་འདུ་ཤེས་དང་། རུལ་པའི་རང་བཞིན་ཡིན་པས་རྣམ་པར་སྤྲོས་པའི་འདུ་ཤེས་དང་། མི་གཙང་བ་སྦྱངས་པའི་འདུ་ཤེས་དང་། སོ་སོར་རྣམ་པ་རིང་དུ་གྱུར་པས་རྣམ་པར་འཐོར་བའི་འདུ་ཤེས ་དང་། རུས་པའི་རང་བཞིན་ཉིད་ཡིན་པས་ཀེང་རུས་ཀྱི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་སོ།། འདི་བསྒོམས་པ་ལས་ཉོན་མོངས་པ་རྣམས་རྣམ་པར་རེངས་པར་བྱེད་ཅིང་ཞི་གནས་རྫོགས་པར་བྱེད་དོ།། རྣམ་པར་རྟོག ་པ་ལ་སྤྱོད་པས་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་སྒོམ་པ་སྟོན་དུ་འགྲོ་བས་ཞི་གནས་སྐྱེད་པར་བྱེད་དོ།། དེ་ལ་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་ལ་དྲུག་ནི་འདི་ལྟ་སྟེ། བགྲང་བ་དང་། རྗེས་སུ་བགྲོད་པ་དང་། ་གནས་པོ་དང་། མཚོན་པར་བྱེད་པ་དང་། རྒྱུ་བ་དང་། ཡོངས་སུ་དག་པའོ།། དེ་ལ་རྔུབ་པ་ནི་དབུགས་ཏེ་འཇུག་པའི་རླུང་ངོ་།། འབྱུང་བ་ནི་དབུགས་ཏེ་ཕྱིར་འབྱུང་བའི་རླུང་ངོ་།། རླུང་དེ་དག་ལ་དམིགས་པར་བྱེད་པའི་ཤེས་རབ ་ནི་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པའོ།། དེ་ལ་བགྲང་བ་ཞེས་བྱ་བ་ནི་ལུས་དང་སེམས་ཀྱི་གྲངས་ཏེ་འཇུག་པ་དང་འབྱུང་བ་ཙམ་ལ་སེམས་བརླན་ནས་དགྲང་བར་བྱའོ།། གཅིག་གཉིས་ནས་བཅུའི་བར་དུའོ།། དེ་བཞིན་དུ་ཡང་དང ་ཡང་དུའོ།། འདི་ལ་སྐྱོན་གསུམ་སྟེ་འདི་ལྟ་སྟེ། མ་ཚང་བ་བླ་གྲངས་པ་ནི་གང་གི་ཚེ། གཉིས་ལ་གཅིག་དུ་འཛིན་པ་དང་། ལྷག་པ་གྲངས་པ་ནི་གང་གི་ཚེ་གིཙོག་ལ་གཉིས་སུ་འཛིན་པའོ།། བསྲེས་པ་ནི་གང་གི་ཚེ་འཇུག་པ ་ལ་འབྱུང་བར་འཛིན་པ་དང་། འབྱུང་བ་ལ་འཇུག་པར་འཛིན་པའོ།། དེ་ལས་གཞན་དུ་བགྲུང་བ་ནི་ཡང་དགེ་པའི་བགྲང་བའོ།། བར་དུ་གཡེང་བར་གྱུར་ན། ཡང་དང་པོ་ནས་བགྲང་བར་བྱའོ།། ཇི་སྲིད་དུ་ཏིང་ངེ་འཛིན་རྫོགས ་པར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ།། རྗེས་སུ་བགྲོང་པ་ཞེས་པ་ནི་འཇུག་པའི་རླུང་ནི་མི་རྩོལ་ལས་རིམས་ཀྱིས་མགྲིན་པ་སྙིང་ག་ལྷུ་བ་རྐང་པ་བརླ་རྗེ་ངར་ནས་ཞུགས་ཏེ་རྐང་པའི་བོར་དུ་ཉེ་བར་ང་ཉེ་བར་བགྲོད་པའོ།། ་འབྱུང་བའི་རླུང་ནི་མཐོ་གཅིག་གམ་གཉིས་སམ་ཅི་སྲིད་དུ་འདོམ་གྱི་བར་དུའོ།། གནས་པ་ཞེས་པ་སྣའི་རྩེ་ནས་རྐང་པའི་མཐེ་བ་ཆེན་གྱི་བར་དུ་གནས་པ་ནོར་བུའི་སྐུད་པ་བཞིན་དུ་བལྟའོ།། ཅི་འདི་ངག་རྗེས་སུ་འཛིན་པ ་བྱེད་པའམ་ཉེ་བར་གནོད་པ་བྱེད་པའམ་བསིལ་བ་འམ་དྲོ་བོ་ཞེས་པའོ།། མཚོན་པར་བྱེད་པ་ཞེས་པ་ནི། འདི་དག་ནི་རླུང་འབའ་ཞིག་ཁོ་ན་མ་ཡིན་ཏེ། འདི་ན་འབྱུང་བ་ཆེན་པོ་བཞི་དང་དེ་ལ་བརྟེན་པ་དང་འབྱུང་བ་ལས ་གྱུར་བ་དང་། སེམས་དང་སེམས་ལས་བྱུང་བའོ།། ཕུང་པོ་ལྔ་རུ་ཉེ་བར་མཚོན་པར་བྱེད་པའོ།། བསྐུར་བ་ཞེས་པ་རླུང་ལ་དམིགས་པའི་བློ་བཟློག་སྟེ། དགེ་བའི་རྩ་བ་གོང་མའི་གོང་མ་ལ་ངེས་པར ་སྦྱོར་བ་ཅི་སྲིད་དུ་ཆོས་ཆོས་མཆོག་ལ་སོགས་པའི་སྦྱོར་བ་ལ་སོགས་པའོ།། ཡོངས་སུ་དག་པ་ཞེས་པ་ཇི་སྲིད་དུ་མཐོང་ལམོ་ལ་སོགས་པ་ལ་ངེས་པར་སྦྱོར་བར་བྱེད་པའོ།། དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་འདི ་ནོ་ཉོན་མོངས་པ་རྣམས་རྣམ་པར་རེངས་པར་བྱེད་ཅིང་ཞི་གནས་རྫོགས་པར་བྱེད་དོ།། དེ་ལ་མི་རྟག་པ་སྒོམ་པ་འམ་འབྱུང་འཇུག་རྗེས་སུ་དྲན་པ་སྒོམས་པས་ཞི་གནས་རྫོགས་པ་ལ་དྲན་པ་ཉེ་བར་གཞག་པ་བསྒོམ་པར ་བྱ་བ་ཡིན་ནོ།། དྲན་པ་ཉེ་བར་བཞག་སྒོམ་པ་ནོ་ཞི་གནས་ངེས་པར་རྫོགས་པར་བྱ་ཞེས་སོ།། དེ་ལ་དང་པོ་མི་གཙང་བ་ལ་གཙང་བའི་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ལུས་དྲན་པ་ཉེ་བར་བཞག་པ་དང་། དེ་ནས ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། དེ་ནས་མི་རྟག་པ་ལ་རྟག་པར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་སེམས་དྲན་པ་ཉེ་བར་བཞག་པ་དང་། དེ་ནས ་བདག་མེད་པ་ལ་བདག་དུ་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ཆོས་དྲན་པ་ཉེ་བར་བཞག་པའོ།། དད་པ་ལ་སོགས་པའི་ཆོས་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ།། བཞི་པོ་དེ་རྣམས་ནི་གཟུགས་པར་བྱ་བའི་མཚན ་ཉིད་ཀྱིས་གཟུགས་སོ།། ཞེས་པ་ལ་སྩོགས་པ་རང་གི་མཚན་ཉིད་ཀྱིས་དང་། སྟོང་པའི་བདག་ཉིད་ཀྱི་ངོ་བོ་སྤྱིའི་མཚན་ཉིད་ཀྱི་ངལ་སོ་བ་མེད་པར་སེམས་ཀྱི་གཞིགས་ཏེ་བསྒོམ་མོ།། དེ་རྗེས་སུ་སེམས་འདིས་ཡང་དག་པར ་འཛིན་པར་བྱེད་པས་ཡང་དག་པའི་སྤོང་བ་ཞེས་པ་སྒོམ་པར་བྱའོ།། བཞི་པོ་དེ་ནི་འདི་ལྟ་སྟེ། མི་དགེ་པ་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་དང་། མི་དགེ་བ་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་དང་། དགེ་བ ་སྐྱེས་པ་རྣམས་འཕེལ་བའི་ཕྱིར་འདུན་པ་དང་། མ་སྐྱེ་བའི་དགེ་བ་རྣམས་སྙེད་པའི་ཕྱིར་འདུན་པའོ།། འདུན་པ་ནི་འདིར་བརྩོན་འགྲུས་སོ།། དེ་རྗེས་སུ་འཇིག་རྟེན་ལོས་འདས་པ་རྫུ་འཕྲོལ་གྱི་གོ་འཕང་གི་གནས་ཡིན་པའི ་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ།། འདི་ལྟ་སྟེ། འདུན་པ་དྲག་པོ་དང་ལྡན་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་ནི་འདུན་པ་རྫུ་འཕྲུལ་གྱི་རྐང་པའོ།། མི་དགེ་པ་སྤོང་བ་དང་དགེ་བ་སྐྱེད་པ་ལ་ཡང ་དོག་པར་སྤོང་བའི་བརྩོན་འགྲུས་ཀྱིས་རབ་ཏུ་ལྡན་པའི་སེམས་རྩེ་གཅིག་པའི་མཚན་ཉིད་ཏོང་ངེ་འཛིན་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་རྐང་པའོ།། ཞི་གནས་རབ་ཏུ་སློང་བ་བཏང་སྙོམས་ཀྱི་མཚན་མ་སེམས་ཀྱི་སོ་སྦྱོང་བར་བྱེད ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་ནི་སེམས་ཀྱི་རྫུ་འཕྲུལ་རྐང་པའོ།། ཅི་བདག་ནི་མི་དགེ་བ་འཕྲ་མོ་ལ་ཀུན་ཏུ་སྤྱོད་པ། བདག་གི་རྟོག་པ་ལ་ཡོངས་སུ་སྤྱོད་པའོ་ཞེས་ཡང་དག་པར་དམིགས་པར་བྱེད་པ ་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་ནི་སྤྱོད་པ་རྫུ་འཕྲུལ་རྐང་པའོ།། དེ་རྣམས་རྫོགས་པར་སྐྱེས་པ་ན་ཀུན་ནས་དཀྲིས་པ་རྣམས་སྤངས་ཤིང་། བག་ལ་ཉལ་རྣམས་སྤངས་པའི་ཕྱིར་ཡང་། ་ཡང་དག་པར་སྤོང་བའི་བརྩོན་པ་རྩོམ་པར་བྱེད་པ་ན། སྤོང་བའི་འདུ་བྱེད་བརྒྱང་འབྱུང་བར་འགྱུར་རོ་འདི་ལྟ་སྟེ། དུས་ནམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་སྐྱེ་བར་འགྱུར་ནས་འདྲོན་པ་དང་། ་མི་དགེ་བ་རྣམས་གཞོམ་པའི་ཕྱིར་བརྩོན་འགྲུས་དང་། རྟོགས་པ་གོང་མ་ལ་ངད་པ་དང་། དད་པ་སྔོན་དུ་འགྲོ་བའི་ཤིན་ཏུ་སྦྱངས་པ་དང་། དེ་ལའང་དྲན་པ་ཤེས་བཞིན་གྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་ཤེས་བཞིན་དང་།། ་དེའང་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་སེམས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་བཏང་སྙོམས་སོ།། དེ་རྣམས་ནི་ཚོགས་ཀྱི་ལམ་སྟེ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་བརྗོད་དོ།། ་དེའི་རྗེས་སུ་དེ་བཞིན་དུ་ཡོངས་སུ་སྦྱང་བ་བྱས་པས། ཡུལ་བདེན་པ་བཞི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་དུ་བསྒོམ་པའི་རང་བཞིན་བདག་དུ་ལྟ་བའི་གཉེན་པོའི་ངོ་བོ། འཇིག་རྟེན་པ་ལ་སྦྱོར་བའི་ལམ། ངེས ་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་རྣམ་པ་བཞིར་འགྱུར་པ་ཡིན་ནོ།། འདི་ལྟ་སྟེ། གཙུབ་ཤིང་གི་མེའི་སྔོན་དུ་དྲོ་བའི་ངོ་བོ་བཞིན་དུ། འཇིག་རྟེན་ལས་འདས་པའི་མེའི་སྔོན་དུ་ཡུལ་བདེན་པ་བཞི་རྣམ ་པ་བཅུ་དྲུག་གི་ངོ་བོ་དྲོད་དང་། དེ་ནས་དེ་དང་འདྲ་བ་ཉིད་དུ་གཡོ་བའི་དགེ་བའི་རྩ་བ་རྣམས་ཀྱི་སྤྱི་བོ་ཡིན་པའི་ཕྱིར་རྩེ་མོར་ཕྱིན་པ་དང་།། དེ་ནས་ཐམས་ཅད་བཟོད་པའི་ཕྱིར་བཟོད་པ་དང་། དེ་ནས་འཇོག་རྟེན་པ་ཐམས་ཅད་ཀྱི་རྩེ་མོ ་ཕྱིར་ཆོས་མཆོག་གོ།། དེ་ལ་དྲོང་དང་རྩེ་མོའི་རང་བཞིན་དང་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལྔ་ནི། འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པ་ལ་བདག་པོར་གྱུར་པ་ཐོབ་པའི་ཕྱིར་ན་དབང་པོར་གྱུར་པ་ཡིན།། ་རྫུ་འཕྲུལ་རྐང་པ་ལ་སྦྱོར་བའི་རྟགས་མཐོང་བ་ལས་གོང་མའི་ཆོས་སྐྱེད་པ་མ་ངེས་པ་སྐྱེས་པའི་ཕྱིར་དང་སྟོན་པའི་ལྷག་པར་རྟོགས་པ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དད་པའི་དབང་པོའོ།། དད་པ་ལྷག་པ་ལས་བརྩོན ་འགྲུས་དྲན་པ་ཉིད་ངེ་འཛིན་ཤེས་རབ་ལྷག་པ་ཅན་ནོ།། དབང་པོ་ལྔ་ཉིད་བསྒོམ་པར་བྱེད་པ་ན་དེ་ལྟ་དེ་ལྟར་འཕེལ་བ་ལས་ཇི་ལྟར་བདུད་ལ་སོགས་པ་རྣམས་ཀྱིས་མི་ཐུབ་པའི་ཕྱིར་དང་རྣམ་པར་ཉེད་པར་བྱ་བ་མ་ཡིན་པའི་ཕྱིར ་སྟོབས་ཅེསཔའི་མིང་ཟབ་བོ།། སྟོབས་དེ་རྣམས་ནི་བཟོད་པ་དང་ཆོས་མཆོག་གི་རོང་བཞིན་ནོ།། དེའི་རྗེས་སུ་མཐོང་བའི་ལམ་སྐྱེ་སྟེ། དེའང་ཟག་པ་མེད་པ་ཡིན་པས་འབོགས་པའི་ལམ་འཇིག་རྟེན་ལས་འདས་པ ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྩ་བ་ནས་མེད་པར་བྱེད་པའོ།། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱོ་བཞིན་པ་ན། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གེགས་བཅུ་འདོད་ཆགས་ཁོང་ཁྲོ་བ ་རྒྱལ་མ་རིག་བྱ་ཐེ་ཚོམ་འཇིག་ཚོགས་ལ་ལྟ་བ་ལོག་པར་ལྟ་བ་མཐར་འཛིན་པར་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཐོབ་པ་བཅོད་པར་བྱེད་དོ།། ་དེ་ནས་སྡུག་བསྔལ་ལ་ཆོས་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་དུ་སྐྱེའོ།། དེའི་རྗེས་སུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན། དེ་རྣམས་ལ་ཁོང་ཁྲོ་མ་གཏོགས་པ། གཟུགས་ན་སྤྱོད་པ་སྡུག ་བསྔལ་བ་ངན་པའི་གེགས་དགུ་དང་། གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་གེགས་དགུ་སྟེ། བག་ལ་ཉིལ་བཅོ་བརྒྱད་རྣམས་ཀྱི་ཐོབ་པ་རྣམས་གཅོད་པའོ།། དེ་ནས་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཉོན་མོངས་པོ་མི་ལྡན་པ ་ཐོབ་པ་དང་ལྷན་ཅིག་དུ་སྐྱེའོ།། དེའི་རྗེས་སུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་རྣམས་ལ་འཇིག་ཚོགས་ལ་ལྟ་བ་མཐར་འཛིན་པར་ལྟ་བ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་དུ་འཛིན་པ་མ་གཏོགས ་པ། འདོད་པ་ན་སྤྱོད་པ་ཀུན་འབྱུང་གི་གེགོས་བདུན་རྣམས་ཀྱི་ཐོབ་པ་གཅོད་པའོ།། དེ་ནས་ཀུན་འབྱུང་ལ་ཆོས་ཤེས་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་དུ་སྐྱེའོ།། དེ་ནས་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད ་པ་སྐྱེ་བཞིན་པ་ན།། དེ་རྣམས་ལ་ཁོང་ཁྲོ་བ་མ་གཏོགས་པ། ཀུན་འབྱུང་གེགས་འདོད་པ་ནི་སྤྱོད་པ་དྲུག་དང་། གཟུགས་མེད་པ་ན་སྤྱོད་པ་དྲུག་སྟེ། བག་ལ་ཉལ་བཅུ་གཉིས་རྣམས་ཀྱི་ཟབ་པ་རྣམས་གཅོད་པའོ།། དེ ་ནས་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཉོན་མོང་རྒྱས་ཐོབ་པ་དང་ལྷན་ཅིག་དུ་སྐྱོའོ།། དེའི་རྗེས་སུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་ཁོ་ན་བཞིན་དུ། འགོག་པའི་གེགས་འདོད་པ་ན་སྤྱོད་པ་ཉོན་མོངས་པ ་བདུན་རྣམ་ཀྱི་ཐོབ་པ་གཅོད་དོ།། དེ་ནས་འགོག་པ་ལ་ཆོས་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་དུ་སྐྱེའོ།། དེའི་རྗེས་སུ་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་རྣམས་ལ་ཁོང་ཁྲོ་མ ་གཏོགས་པ་འགོག་པའི་གེགས་གཟུགས་ན་སྤྱོད་པ་དྲུག་དང་། གཟུགས་མེད་པས་བསྡུས་པ་དྲུག་སྟེ།། བག་ལ་ཉལ་བཅུ་གཉིས་ཀྱི་ཐོབ་པ་གཅོད་པའོ།། དེ་ནས་འགོག་པ་ལ་རྗེས་སུ་ཤེས་པ་ཉོན་མོངས་པ་འགགས་པ་ཐོབ ་པ་དང་ལྷན་ཅིག་དུ་སྐྱེའོ།། ལམ་ལ་ཆོས་ཤེས་པའི་བཟང་བ་སྐྱེ་བཞིན་པས་ན། དེ་རྣམས་ལ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་བཅས་པ་ན་སྤྱོད་པ་ལམ་གྱིས་བསྡུས་པ་བག་ལ་ཉལ་བརྒྱད་ཀྱིས་ཐོབ་པ་གཅོད ་པའོ།། དེ་ནས་ལམ་ལོ་ཆོས་ཤེས་པ་ཉོན་མོངས་པ་འགགས་པོ་ཐོབ་པ་དང་ལྷན་ཅིག་དུ་སྐྱེའོ།། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན་དེ་རྣམས་ལ་ཁོང་ཁྲོ་མ་གཏོགས་པ། ལམ་གྱི་གེགས་གཟུགས་ན་སྤྱོད་པ་བདུན ་དང་གཟུགས་མེད་པ་ན་སྤྱོད་པ་ལམ་གྱི་གེགས་བདུན་ཏེ། བག་ལ་ཉལ་བཅུ་བཞི་རྣམས་ཀྱི་ཐོབ་པ་གཅོད་པའོ།། མཐོང་ལམ་སྐད་ཅིག་བཅོ་ལྔ་འདི་རྣམས་ནི་མཐོང་བའི་ལམ་ཏེ་བརྒྱད་པའི་ས་ཅེས་སོ།། འདི་ལ་གནས་པའི ་གང་ཟག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་རྣམ་པར་བཞག་པར་བྱའོ།། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་ནི་བསྒོམ་པའི་ལམ་གྱི་རང་བཞིན་དེ། འདི་ལ་གནས་པ་ནི ་རྒྱུན་ཏུ་ཞུགས་པ་རྣམ་པར་བཞག་གོ། འདི་ལས་ཕ་རོལ་ཏུ་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་ལ། ཡང་མཐོང་བའི་དོན་རྩོལ་བས་སྒོམ་པ་དང་། འདིས་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པས་ན་སྒོམ་པའི་ལམ་མོ།། དེའ ་འདོད་ཆགས་པའི་ཁམས་སུ་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཉོན་མོངས་པ་འཇོམས་པར་བྱེད་པ་རྣམ་པ་དགུ་སྔོན་དུ་བཤད་ངོ་།། དེ་ལ་འདོད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་ལྔའི་མཐོར་ཐུག་པ་སྤངས་པ་ནི་རྒྱུན་ཏུ་ཞུགས ་པབ་ཁོ་ན་ཏེ། མིའི་རིགས་ནས་རིགས་དང་། ལྷའི་རིགས་ནས་རིགས་ཀྱི་རང་བཞིན་གྱིས། ལན་ཅོག་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ།། དྲུག་པ་སྤངས་པ་ནི་ལན་གཅིག་ཕྱིར་འོང་བའོ།། ལན་ཅིག་ཕྱིར་འོང་བ་ཉིད་རྣམ་པ་བདུན ་དང་བརྒྱད་པ་ཟད་པ་ནི། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ།། འདོད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་དགུ་པ་ཟད་པ་ནི་ཕྱིར་མི་འོང་བའོ།། དེའི་རྗེས་སུ་བསམ་གཏན་དང་པོའི་སའི་ཉོན་མོངས་པའི་རྣམ་པ་དང་པོ་ནས ་བཟུང་སྟེ། འདུ་ཤེས་མོད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སའི་ཉོན་མོངས་པ་རྣམ་པ་བརྒྱད་པ་ཚུན་ཆད་ཉོན་མོངས་བདུན་ཅུ་ཅིག་ལོམ་རྣམས་བདུན་ཅུ་གཅིག་གིས་ཟད་པར་བྱས་པ་ནི་དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས ་པའོ།། ཉོན་མོངས་པ་དགུ་པ་སྤོང་བར་བྱེད་པ་ཡི་སྒོམ་པའི་ལམ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་རྣམ་པར་བཞག་གོ། དེ་རྣམས་ལ་བར་བར་དུ་རྣམ་པར་གྲོལ་བའི་ལམ་བརྒྱད་ཅུའོ།། ་བརྒྱད་ཅུ་རྩ་གཅིག་པའི་རྣམ་པར་གྲོལ་བའི་ལམ་ནི་བཙལ་བར་བྱ་བ་ཡིན་པས་ལམ་སྟེ་ཟད་པ་ཤེས་པའོ།། ཟད་པ་ཤེས་པ་ཡང་དག་པར་སྐྱེས་པ་ན་གང་ཟག་ཆུང་ངུ་འབྲིང་མཆོག་ཐམས་ཅད་ཁམས་གསུམ་ལ་འདོད་ཆགས ་དང་བྲལ་བ་དང་ཡོན་གྱི་གནས་སུ་འོས་པའི་དགྲ་བཅོམ་པར་གྱུར་པོ་ཉིད་དོ།། དེ་ལ་གང་ཞིག་མི་གཡོ་བའི་ཆོས་ཅན་དེ་ནི་ཟད་པ་ཤེས་པའི་དེ་མི་ཐག་ཏུ་མི་སྐྱེ་བ་ཤེས་པ་སྐྱེད་པར་བྱེད་དོ།། ཉན་ཐོས་རྣམས་ཀྱིས་ཡང་བཅུ་སྟེ། འདི ་ལྟར། ལྷག་མཐོང་འབའ་ཞིག་གི་གནས་སྐབས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དཀར་པོ་རྣམ་པར་མཐོང་བའི་ས་དང་། ཆོས་མཆོག་གི་གནས་སྐབས་རིགས་ཀྱིས་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར ་ཞུགས་པ་ནི་བརྒྱད་པའི་ས་དང་། རྒྱུན་དུ་ཞུགས་པ་ཉིད་ནི་མཐོང་བའི་ས་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པའི་སྐུ་དང་། ལན་ཅིག་ཕྱིར་འོང་བ་ནི་སྲབས་པའི་ས་དང་། ཕྱིར་མི་འོང་བའི་འབྲོས ་བུའི་སྲོལ་དུ་ཞུགས་པའི་ས་དང་། ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ་པའི་འབྲས་བུའི་སྩོལ་དུ་ཞུགས་པའི་ས་དང་། དགྲ་བ་ཅོམ་པ་ནི་བྱས་པ་བསྲུང་བའི་སའོ།། ཡང་ན་ཉན་ཐོས་ཀྱི ་སཱ་ལ་བདུན་ནི་འདི་ལྟ་སྟེ། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་བསྲུང་བའི་ས་དང་། སྒྲོལ་དུ་ཞུགས་པ་གསུམ་གྱི་སའོ།། ་འདི་ནི་རིམ་གྱིས་འཇུག་པའི་རྣམ་པར་བཞག་པའོ།། གཞན་དག་ནི། དང་པོ་འཇིག་རྟེན་པའི་ལམ་གྱི་འདོད་པས་བསྡུས་པའི་སྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་ནོས། དེའི་རྗེས་སུ་ཟག་པ་མེད་པའི་མཐོང་ལམ་སྐད་ཅིག་མ ་བཅོ་ལྔ་ཡིས།། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་མཐའ་དག་རྩ་བ་ནས་གཅད་ཏེ། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ལེན་ཅིག་ཕྱིར་འོང་བར་འགྱུར་རོ།། རྣམ་པར་བཞག་པ་འདི་ལ། རྒྱུན ་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རིགས་ནས་རིགས་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཐེག་པའི་ཐ་སྙད་མོདོ། ཡང་ན་དང་པོ་འཇིག་རྟེན་པའི་ལམ་གྱིས་འདོང་པོས་བསྡུས་པའི་སྒོམ་པའི་སྤང་བྱ་རྣམ་པ་དགུ་སྤངས་ནས། ་དེའི་རྗེས་སུ་ཟག་པ་མེད་པའི་མཐོང་ལམ་སྐད་ཅིག་མི་བཅོ་ལྔ་ཡིས་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་མཐའ་དག་རྩ་བ་ནས་བཅང་སྟེ། བཅུ་དྲུག་པ་ལ་མ་ལ་རྗེ་སུ་ཤེས་པའི་སྐད་ཅིག་མ་ལ་འདོད་པ་ལ་འདོད ་ཆགས་དང་བྲལ་བ་ཕྱིར་མི་འོང་བའོ།། རྣམ་པར་བཞག་པ་འདི་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་རྒྱུན་ཏུ་ཞུགས་པ་རིགས་ནས་རིགས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ལན ་ཅིག་ཕྱིར་འོང་བ་བར་ཆུད་གཅིག་པ་ཕྱིར་མི་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པ་རྣམས་ཀྱི་ཐ་སྙད་མེད་དོ།། ཡང་ན་འཇིག་རྟེན་པའི་ལམ་གྱིས་ཁམས་གཉིས་ལ་འདོད་ཆགས་དང་བྲལ་བར་གྱུར་ནས། མཐོང་ལམ་གྱིས་མཐང ་བས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་མ་ཐག་དུ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ཁམས་གཉིས་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བར་འགྱུར་བ་ཡིན་ནོ།། ངའི་རྗེས་སུ་འཇིག་རྟེན་ལས་འདས་པ་སྒོམ་པའི་ལམ ་རྣམ་པ་དགུ་ཡིས། གཟུགས་མེད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་དགུ་སྔོན་བཞིན་དུ་སྤངས་ཏེ་ཟད་པ་ཤེས་པ་བསྐྱེད་པར་བྱེད་དོ་ཞེས་པ་ནི་སྔོན་བཞིན་དུ་ཐམས་ཅད་སྦྱར་བར་བྱའོ།། འདི་ཁོ་ན་བཞིན་དུ་དབང་པོ་འབྲིང་པོ་རང་སངས་རྒྱས ་ཀྱི་ཐེག་པ་པ་ཡང་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེད་པར་བྱེད་ངོ་།། དེ་ལའང་རིམས་ས་ས་ནི་མི་སྲིད་དོ།། འདི་ལ་འབྲས་བུ་ལ་གནས་པ་དང་སྲོལ་དུ་ཞུགས་པ་ལ་སོགས་པའི་ཐ་སྙད་ནི་མེང་ངོ་།། གྲང་འདིས་ནི་སྟན་ཅིག་ཉིད་ལ་གནས་ནས ་ཐམས་ཅད་རྫོགས་པར་བྱེད་པ་ཡིན་ནོ།། བྱང་ཆུབ་སྙོམས་དཔའ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སྙིང་པོར་བྱོན་པ་ཉིད་ན། འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཁམས་ནས ་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བོར་དུ་འདོད་ཆགས་དང་བྲལ་བར་གྱུར་ནས། ངེས་པར་གནོན་པ་འཇིག་རྟེན་ལས་འདས་པོ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གིས་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་མཐའ་དག ་སྤངས་ཏེ། སྒོམ་པའི་ལམ་རྣམ་པ་དགུ་ཡིས། སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་སྤངས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་འཐོབ་བོ།། དེས་ན་མཐོང་ལམ་སྐུད་ཅིག་མ་བཅུ་དྲུག་དང་། ་བར་ཆད་མེད་པའི་ལམ་དགུ་དང་། འདི་རྣམས་ཀྱི་བར་བར་དུ་འབྱུང་བ་རྣམ་པར་གྲོལ་བའི་ལམ་སྐད་ཅིག་མ་དགུ་སྟེ་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་བཞིས་བླ་ནི་མོང་པ་ཡང་དག་པར་སངས་རྒྱའོ།། ཆོས་མངོན་པ་མཛོད་ལས་ཀྱང་གསུངས ་ཏེ། སྐད་ཅིག་སུམ་ཅུ་བཞིས་འཐོབ་པ་ཉིད་ཅེས་སོ།། འདིའི་བྱེ་བྲོག་དུ་བཤད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐད་ཅིག་སུམ་ཅུ་བཞིས་རྗེས་སུ་འཐོབ་པོ་ལོ།། བདེན་པའི་མངོན་པར་རྟོགས་པ་བཅུ་དྲུག་དང་། སྲིད་པའི་རྩེ་མོ་ལ ་འདོད་ཆགས་དང་བྲལ་བ་སྟེ་ཉོན་མོངས་སྐྱེ་བ་རྣམ་པ་དགུ་སྤོང་བའི་ཕྱིར་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་སྐྱེ་བས་སོ།། དེས་ན་སུམ་ཅུ་རྩ་བཞིར་འགྱུར་རོ།། ཅི་ཡང་མེད་པའི་སྐྱེ་མཆེད་ལ་བདོད་ཆགས་དང་བྲལ་བ་འདིས ་ངེས་པ་རྣམ་པ་ནོན་པ་ན། ས་འོག་མ་ནི་སྤོང་བྱར་འགྱུར་བ་མ་ཡིན་ནོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔེལ་ག་ཤེས་གཉེན་གྱིས་རྣམ་པར་སྤྲོས་པ་འདུས་བྱས་དང་འདུས་མ་བྱོས་རྣམ་པར་ངེས་པ་ལ་འཕགས་པའི་བདེན ་པ་བཞི་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་གཉིས་པའོ།། ། འཕགས་པ་གནས་བརྟན་པའི་སྡེ་པའི་ལུང་ལས་འདི་ལྟར་རྣམ་པར་བཞག་སྟེ། དེ་ལ་ལས་དང་པོ་པའི་རྣལ་འབྱོར་པས་རྒ་ཤི་ལས་གྲོལ་བར་འདོད་པ་དང་། ་འཁོར་བའི་རྒྱུ་ཡང་དག་པར་གཅོད་པ་དོན་དུ་གཉེར་བས་དང་། མ་རིག་པའི་མུན་པ་རྣམ་པར་སེལ་བའི་དོན་དུ་གཉེར་བ་དང་། འཕགས་པའི་ཤེས་རབ་ཐོབ་པ་དོན་དུ་གཉེར་བ་རྣམས་ཀྱིས་གནས་ལྷ་ལ་མཁས་པར་བསྐྱེད་པར་བྱའོ།། འདི་ལྟ་སྟེ། ་ཕུང་པོ་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། འཕགས་པའི་བདེན་པ་ལ་མཁས་པའོ།། དེ་ལ་ཕུང་པོ་ལྔ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་། ་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། དེ་ལ་གཟུགས་ཀྱི་ཕུང་པོ་ནི་གཉིས་འདི་ལྟར། འབྱུང་བ་ཆེན་པོ་དང་། འབྱུང་བ་ཆེན་པོ་ལས་བྱུང་བའི་གཟུགས་སོ།། དེ་ལ་འབྱུང ་པ་ཆེན་པོ་ལ་བཞི་ནི་འདི་ལྟར། ས་དང་། ཆུ་དང་། མེ་དང་། རླུང་ངོ་།། འབྱུང་བ་ཆེན་པོ་ལས་བྱུང་བའི་གཟུགས་ནི་ཉི་ཤུ་ཉེར་དྲུག་སྟེ། འདི་ལྟར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། གཟུགས་དང་། སྒྲ་དང་། ་དྲི་དང་། རོ་དང་། རེག་པ་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་དང་། སྲོག་གི་དབང་པོ་དང་། ལུས་ཀྱི་རིག་བྱེད་དང་། ངག་གི་རེག་བྱེད་དང་། ནམ་མཁའི་ཁམས་དང་། གཟུགས་ཀྱི་ཡང་བ་ཉིད་དང་། གཟུགས་ཀྱི ་འཇམ་པ་ཉིད་དང་། གཟུགས་ཀྱི་ལས་སུ་རུང་བ་ཉིད་དང་། གཟུགས་ཀྱི་འཕེལ་བ་དང་། གཟུགས་ཀྱི་རྒྱུད་དང་། གཟུགས་ཀྱི་སྐྱེ་བ་དང་། གཟུགས་ཀྱི་རྒ་བ་དང་། གཟུགས་ཀྱི་མི་རྟག་པ་དང་། ཁམ་གྱི་ཟས་དང་། ་དངོས་པ་རླུང་པོ་དང་། གཉིད་ང།། ངའི་ཕྱིར་འབྱུང་བ་ཆེན་པོ་བཞི་དང་ཉེ་བར་བསྲུང་བའི་གཟུགས་ཧ་ཤཱུཉྫརྱ་དྲུག་སྟེ། རྫས་སུམ་དྷུ་རྱ་འགྱུར་རོ།། གཟུགས་སྣུམ་ཅུ་རྣམས་རྒྱུ་མྦུ་ལས་བྱེ་བྲག་དུ་གྱུར་པར ་ཤེས་པར་བྱའོ།། འདི་ལྟ་སྟེ། ཀུན་སློང་དང་། ཚོགས་པ་དང་། སྐྱེབ་པ་ཧཱ། སྣ་ཚོགས་པ་ཉིད་དང་། གཅིག་ཉིད་དོ།། དེ་ལ་ཀུན་སློང་ནི་བཞི་སྟེ་འདི་ལྟར། ལས་ཀྱིས་ཀུན་ཏུ་སློང་བ་དང་། སེམས་ཀྱིས་ཀུན་ཏུ་སློང་བ་དང་། དུས་ཀྱིས ་ཀུན་ཏུ་སློང་པོ་དང་། ཁ་ཟས་ཀྱིས་ཀུན་ཏུ་སློང་བའོ།། དེ་ལ་གཟུགས་དགུ་ནི་ལས་ཀྱི་ཀུན་ཏུ་བསླང་བ་སྟེ་འདི་ལྟར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་དང་། སྲོག ་གི་དབང་པོ་དང་། དངོས་པོའི་ངོ་བོའོ།། གཟུགས་གཉིས་ནི་སེམས་ཀྱིས་ཀུན་ཏུ་བསླང་བ་སྟེ། འདི་ལྟར། ལུས་ཀྱི་རིག་བྱེད་དང་། ངག་གི་རིག་བྱེད་དོ།། གཅིག་ནི་དུས་དང་སེམས་ཀྱིས་ཀུན་ཏུ་བསླང་བ་སྟེ་སྒྲའོ།། དུས་དང ་སེམས་དང་ཟས་ཀྱིས་ཀུན་ཏུ་བསླང་བ་ནི་བཞི་སྟེ། འདི་ལྟར། གཟུགས་ཀྱི་ཡང་བ་དང་། གཟུགས་ཀྱི་འཇམ་པ་དང་། གཟུགས་ཀྱི་ལས་སུ་རུང་བ་དང་ཉིད་དོ།། དུས་དང་ལས་དང་སེམས་དང་ཟས་རྣམས་ཀྱིས་ཀུན་ཏུ་བསླབ ་བ་ལ་བཅུ་གཉིས་ནི་འདི་ལྟ་སྟེ། གཟུགས་ཀྱི་སྐྱེ་མཆེད་དང་། དྲི་དང་། རོ་དང་། ནམ་མཁའི་ཁམས་དང་། གཟུགས་ཀྱི་འཕེལ་བ་དང་། གཟུགས་ཀྱི་རྒྱུད་དང་། གཟུགས་ཀྱི་སྐྱེ་བ་དང་། ཁམ་གྱི་ཟས་དང ་སའི་ཁམས་དང་། ཆུང་དང་། མེ་དང་། རླུང་ངོ་།། གཟུགས་གཉིས་ནི་གང་གིས་ཀྱང་བསླབྷཱ་པ་མ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ཀྱི་རྙིངས་པ་དང་། གཟུགས་ཀྱི་མོ་རྟག་པའོ།། འོན་ཀྱང་སྐྱེ་བའི་རྐྱེན་ལས་རྒ་བ་དང་། རྒས་པའི་རྐྱེན་ལས་མ ་རྟག་པའོ།། ཚོགས་པ་ནི་ལས་ཀྱི་ཀུན་ནས་བསླང་བ་དགུ་ཚོགས་པའོ།། འདི་ལྟར། མིག་བཅུ་དང་། རྣ་བ་བཅུ་དང་། སྣ་བཅུ་དང་། ལྕེ་བཅུ་དང་། ལུས་བཅུ་དང་། བུད་མེད་དབང་པོ་བཅུ་དང་། དངོས་པོ་བཅུ་དང་། སྐྱེས་པའི་དབང་པོ ་བཅུ་དང་།། དངོས་པོ་བཅུ་དང་། སྲོག་གི་དབང་པོ་བཅུའོ།། དེ་ལ་མིག་བཅུ་ཞེས་པ་ནི། རབ་ཏུ་ངང་པའི་མིག་གི་དངོས་པོར་གྱུར་པའི་འབྱུང་པ་ཆེན་པོ་བཞི་དང་། ཁ་དོག་དང་།། དྲི་དང་། རོ་དང་། གཟི་བརྗིད་དང་། སྲོག་གི་དབང་པོ ་དང་མིག་གི་རབ་ཏུ་དང་བའོ།། ཆོས་བཅུ་པོ་འདི་རྣམས་གནས་རྣམ་པ་ཐ་དད་མེད་པའི་གོང་བུ་ཡིན་པས། མིག་བཅུ་ཞེས་བརྗོད་དོ།། མིག་བཅུ་ནི་འབྱུང་བ་ལ་ནཱ་སྐྱེ་བ་ཞེས་བརྗོད་དོ།། རྙིངས་པ་ལ་ནི་རྒ་བ་ཞེས་བརྗོད་དོ།། འཇིག ་པ་ལ་ནི་མི་རྟག་པ་ཞེས་བརྗོད་དོ།། ཡོངས་སུ་ཆུད་པ་ནི་ནམ་མཁའི་ཁམས་ཞེས་བརྗོད་དོ།། ཆོས་བཞི་པོ་འདི་རྣམས་ནི། ཚོགས་པ་དེའི་རྗེས་སུ་འཇུག་པར་བྱེད་པ་ཡོན་ནོ།། ཡང་མིག་བཅུ་དེ་ཉིད་ཀྱི་རྒ་བའི་དུས་སུ། མིག ་བཅུ་དེ་ལ་བརྟེན་ནས་མིག་བཅུ་གཉིས་པ་སྐྱེའོ།། མིག་བཅུ་དེ་གཉིས་ཀྱི་འདུས་པ་དེ་ནི་འཕེལ་བ་ཞེས་བརྗོད་དོ།། གང་དེ་རྣམས་ཀྱི་རྗེས་སུ་འབྲེལ་པ་དེ་ནི་རྒྱུད་ཅེས་བརྗོད་།། སྔར་གྱི་སྐྱེ་བ་ལ་སོགས་པ་བཞི་དང་། གཉིས་པོ ་འདི་དག་སྟེ། ཆོས་དྲུག་པོ་འདི་དག་ནི་དེ་རྣམས་ཀྱི་རྗེས་སུ་འཇུག་བྱེད་ཡིན་ནོ།། ཡང་མིག་བཅུ་གཉིས་པའི་བོའི་རྒ་བའི་དུས་སུ། མིག་བཅུ་གཉིས་པ་དེ་ལ་བརྟེན་ནས་མིག་བཅུ་ལྡན་གསུམ་པ་སྐྱེའོ།། ་གང་གཉིས་པ་འམ་གསུམ་པ་འདུས་པ་དེ་ནི་འཕེལ་བ་ཞེས་བརྗོད་དོ།། གང་དེ་ཉིད་ཀྱི་རྗེས་སུ་འབྲེལ་པ་དེ་ནི་རྒྱུད་ཅེས་བརྗོད་དོ།། བཅུ་ལྡན་སྔོན་མའི་འཇིག་པ་དང་། གཉིས་པའི་རྒ་བ་དང་། གསུམ་པའི་སྐྱེས་རྣམས་དུས་གཅིག་ཏུ ་འཇུག་པའོ།། དེ་ལྟར་འཇུག་པའི་མིག་བཅུ་ལྡན་རྣམས་ལ་ནི་བར་ཅོད་དམ་གོ་སྐབཱས་མི་ཤེས་ཏེ། སྐད་ཅིག་ནི་མྱུར་བ་ཉིད་ཀྱི་ཕྱིར་རོ།། སྒྲོན་མེའི་འོད་བཞིན་དུ་མཐོང་བའོ།། འདི་ནི་མིག་བཅུ་ལྡན་ཞེས་པོརྗོད་དོ།། དེ་བཞིན་དུ་རྣ་བ་བཅུ ་ལྡན་དང་། སྣ་བཅུ་ལྡན་དང་། ལྕེ་བཅུ་ལྡན་དང་། ལུས་བཅུ་ལྡན་དང་། བུད་མེད་ཀྱི་དབང་པོ་བཅུ་ལྡན་དང་། སྐྱེས་པའི་དབང་པོ་བཅུ་ལྡན་དྲང་། དངོས་པོ་བཅུ་ལྡན་དང་། སྲོག་གི་དབང་པོ་བཅུ་ལྡན་རྣམས་རྒྱས་པར་ཤེས་པར་བྱའོ།། ་དེ་བཞིན་གཟུགས་གཞན་རྣམས་ཀྱི་ཡང་ཇི་ལྟར་རིགས་པར་རྒྱས་པར་ཤེས་པར་བྱའོ།། འདིར་མངས་པར་འགྱུར་བས་འཇིགས་པས་བདག་གིས་མ་བརྗོད་དོ།། སྐྱོ་བ་ནི་འདི་ལྟར། མངལ་གྱི་སྐྱེ་བའི་སྐད་ཅིག་མ་གཟུགས་སུམ་ཅུ། ་འབྱུང་བར་འགྱུར་རོ།། དངོས་པོ་བཅུ་ལྡན་དང་། ལུས་བཅུ་ལྡན་དང་། གང་གི་ཚེ་བུད་མེད་ན་བུད་མེད་ཀྱི་དབང་པོ་བཅུ་ལྡན་དང་། ཡང་ན་སྐྱེས་པར་འགྱུར་ན་ངོའི་ཚེ་སྐྱེས་པའི་དབང་པོ་བཅུ་ལྡན་དང་། མ་ནིང་རྣམས་ཀྱི་ནི་གཟུགས ་ཉི་ཤུ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དངོས་པོ་བཅུ་ལྡན་དང་། ལུས་བཅུ་ལྡན་ནོ།། འདོད་པ་ན་སྤྱོད་པའི་རྫས་ཀྱེ་སྐྱེ་མཆེད་ཡོངས་སུ་རྫོགས་པའི་སྐྱེས་པ་དང་། བུད་མེད་རྣམས་ཀྱི་སྐྱེ་བའི་དུས་སུ། གཟུགས་བདུན་ཅུ་འབྱུང་བར་འགྱུར ་ཏེའདི་ལྟར། དངོས་པོ་བཅུ་ལྡན་དང་། ལུས་བཅུ་ལྡན་དང་། མྱིག་བཅུ་ལྡན་དང་། རྣ་བ་བཅུ་ལྡན་དང་།། སྣ་བཅུ་ལྡན་དང་། ལྕེ་བཅུ་ལྡན་དང་། གང་ཚོ་བུད་མེད་ཡིན་པ་ན་བུད་མེད་ཀྱི་དབོང་པོ་བཅུ་ལྡན་དང་། གང་ཚེ་སྐྱེས་པ་ནི་སྐྱེས་པ ་དབང་པོ་བཅུ་ལྡན་ནོ།། ངན་སོང་རྣམས་ཀྱི་རྫུས་སྐྱེས་དེམྱས་ལོང་བུད་མེད་དམ། སྐྱེས་པ་རྣམས་སྐྱེ་བའི་དུས་སུ་གཟུགས་དྲུག་ཅུ་འབྱུང་བར་འགྱུར་ཏེ། མིག་བཅུ་ལྡན་མེད་པས་སོ།། དེ་བཞིན་དུ་སྐྱེ་བའི་འོན་པ་རྣམས་ཀྱི་ནི་གཟུགས ་དྲུག་ཅུ་སྟེ། རྣ་བ་བཅུ་ལྡན་མེད་པས་སོ།། དམུས་ལོང་འོན་པ་རྣམས་ཀྱི་ནི་གཟུགས་ལྔ་བཅུ་སྟེ། མིག་བཅུ་ལྡན་དང་། རྣ་བ་བཅུ་ལྡན་མེད་པས་སོ།། ངན་འགྲོ་རྫུས་སྐྱེས་སྐྱེ་མཆེད་རྫོགས་པོ་རྣམས་དང་བསྐལ་པ་དང་པོ་པའི ་མི་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་དྲུག་ཅུ་འབྱུང་སྟེ་འདོད་པ་བཅུ་ལྡན་མེད་པས་སོ།། དམུས་ལོང་མ་ནིང་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་ལྔ་བཅུ་འབྱུང་བར་འགྱུ་རོ་ཏེ། མིག་བཅུ་ལྡན་དང་འདོད་པ་བཅུ་ལྡན་མེད་པས ་སོ།། དམུས་འོན་མ་ནིང་རྣམས་ཀྱི་སྐྱེ་བའི་དུས་སུ་ཡང་ལྔ་བཅུ་སྟེ། རྣ་བ་བཅུ་ལྡན་དང་འདོད་པ་བཅུ་ལྡན་མེད་པས་སོ།། མ་ནིང་དམུས་ལོང་འོན་པའི་གཟུགས་བཞི་བཅུ་སྟེ། འདི་ལྟར། དངོས་པོ་བཅུ་ལྡན་དང་། ལུས ་བཅུ་ལྡན་དང་། སྐུ་བཅུ་ལྡན་དང་། སྐྱེ་བཅུ་བདུན་ནོ།། ཚངས་པ་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་སུམ་ཅུ་དགུ་ནི་འདི་ལྟ་སྟེ། དངོས་པོ་བཅུ་ལྡན་དང་། མིག་བཅུ་ལྡན་དང་། རྣ་བ་བཅུ་ལྡན་དང་། སྲོག་གོ ་དབང་པོ་དགུ་ལྡན་ནོ།། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་དགུ་འབྱུང་བར་འགྱུར་ཏེ་འདི་ལྟར་སྲོག་གི་དབང་པོ་དགུའོ།། སྣ་ཚོགས་པ་ཉིད་ནི་འདི་ལྟར་རེ་ཞིག་དེ་སྲིད་དུ། གཟུགས་ལ་གཉིས ་ནི་འདི་ལྟར་ཐོགས་པ་བཅས་པའི་དོན་གྱིས་རགས་པ་དང་། ཐོགས་པ་མེད་པའི་དོན་གྱིས་ཕྲ་མོའོ།། དེ་ལ་གཟུགས་རགས་པ་ལ་བཅུ་གཉིས་ནི་འདི་ལྟར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། སའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ།། གཟུགས་ཕྲ་མོ་ལ་བཅོ་བརྒྱད་ནི་འདི་ལྟ་སྟེ། གཞན་སྲོག་གི་དབང་པོ་ལ་སོགས་པ་གཉིད་ཀྱི་མཐར་ཐུག་པའོ།། ་གཞན་ཡང་རྣམ་པ་གཉིས་ནི་འདི་ལྟར། ནང་དང་ཕྱི་རོལ་ལོ།། དེ་ལ་ཡུལ་དང་བཅས་པའི་དོན་གྱིས་ནང་གི་ལ་རྣམ་པ་ལྔ་ནི་འདི་ལྟར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོ།། ཡུལ་དང་མི་ལྡན་པས ་ན་ཕྱི་རོལ་ནི་རྣམ་པ་ཉི་ཤུ་ལྔ་སྟེ། འདི་ལྟར། གཟུགས་ལྷག་མ་རྣམས་སོ།། གཞན་ཡང་གཟུགས་ལ་རྣམ་པ་གཉིས་ནི་འདི་ལྟར། དབང་པོའི་གཟུགས་དང་། དབང་པོ་མིན་པའི་གཟུགས་སོ།། དེ་ལེ་བདག ་པོའི་དོན་གྱིས་ཕུང་པོའི་གཟུགས་ལྔ་བརྒྱད་ནི་འདི་ལྟར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་དང་། སྲོག་གི་དབང་པོའོ།། དབང་པོ་དང་མི་ལྡན་པའི་དོན ་གྱིས་དབང་པོ་མིན་པའི་གཟུགས་ལ་ཉི་ཤུ་ཉེར་གཉིས་སྟེ་འདི་ལྟར། གཟུགས་ལྷག་མ་རྣམས་སོ།། ཡང་གཟུགས་ཐམས་ཅད་ནི་རྣམ་པ་གསུམ་སྟེ་འདི་ལྟར། ཟིན་པའི་གཟུགས་དང་། མ་ཟིན་པའི་གཟུགས་དང་། རྣམ་པར ་ཕྱེ་བའི་གཟུགས་སོ།། དེ་ལ་ལས་ལས་སྐྱེས་པས་ཟིན་པའི་གཟུགས་ལ་དགུ་སྟེ་འདི་ལྟར། དབང་པོའི་གཟུགས་བརྒྱད་དང་། དངོས་པོའི་ངོ་བོའོ།། ལས་ལས་མ་སྐྱེས་པའི་དོན་གྱིས་མ་ཟིན་པའི་གཟུགས་ལ་དགུ་ནི་འདི་ལྟར། སྒྲ་དང་། ་ལུས་ཀྱི་རེག་བྱེད་དང་། ངག་གི་རྣམ་རིག་དང་། གཟུགས་ཀྱི་ཡང་བ་ཉིད་དང་། གཟུགས་ཀྱི་འཇམ་པ་ཉིད་དང་། ལས་སུ་རུང་བ་དང་། རྒ་བ་དང་། མི་རྟག་པ་དང་། གཉིད་དོ།། གཉི་ག་ཡིན་པའི་དོན་གྱིས་རྣམ་པར་ཕྱེ་བའི་གཟུགས ་ལ་བཅུ་གཉིས་ནི་འདི་ལྟར། ལྷག་མ་གཟུགས་བཅུ་གཉིས་སོ།། གཞན་ཡང་རྣམ་པ་གསུམ་སྟེ། འདི་ལྟར། བསྟན་དུ་ཡོད་པའི་གཟུགས་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་པའི་གཟུགས་ཐོགས་པ་དང་བཙོས་པ་དང ་བསྟན་དུ་མེད་པའི་གཟུགས་ཐོགས་པ་མེད་པོའོ།། ངོ་ལ་གེགས་བྱེད་པའི་དོན་གྱིས་བསྟན་དུ་ཡོ་ཅིང་ཐོགས་པ་དང་བཅས་པ་སྟེ་གཅིག་གོ།། འདདི་ལྟར། གཟུགས་ཀྱི་སྐྱེ་མཆེད་ངོ་།། མཐོང་དུ་མེད་པའི་དོན་གྱིས་དང་གགས་ཀྱི་དོན ་གྱིས་བསྟན་དུ་མེད་པའི་གཟུགས་ཐོགས་པ་དང་བཅས་པ་ལ་བཅུ་ཅིག་ནི་འདི་ལྟར། གང་གཟུགས་རགས་པར་གསུངས་པ་ལ་གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པའོ།། མཐོང་དུ་མེད་པ་དང་གེགས་མེད་པའི ་དོན་གྱིས་བསྟན་དུ་མེད་པའི་གཟུགས་ཐོགས་པ་མེད་པ་ལ་བཅོ་བརྒྱད་ཏེ་འདི་ལྟར། གང་ཕྲ་མོའི་གཟུགས་སུ་གསུངས་པ་གང་ཡིནཱ་དེའོ།། ཡང་གཟུགས་ཐམས་ཅད་ལ་རྣམ་པ་ལྔ་ནི་འདི་ལྟར་རང་བཞིན་གྱི་གཟུགས་དང་། རྣམ་པར་འགྱུར ་བའི་གཟུགས་དང་། མཚན་ཉིད་གཟུགས་དང་། ཡོངས་སུ་ཆད་པའི་གཟུགས་སོ།། དེ་ལ་ཡོངས་སུ་རྫོགས་པའི་དོན་གྱིས་རང་བཞིན་གྱི་གཟུགས་ལ་དབྱེ་བ་བཅུ་དགུ་སྟེ། འདི་ལྟར། གང་རིགས་པའི་གཟུགས་སུ་གསུངས་པའི་བཅུ་གཉིས ་པོ་དེ་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་དང་། སྲོག་གི་དབང་པོ་དང་། ཆུའི་ཁམས་དང་། ཁམས་ཀྱི་ཟས་དང་། དངོས་པོའི་ངོ་བོ་དང་། བཞིན་གྱི་གཟུགས་རྣམ་པར་འགྱུར་བའི་དོན་གྱིས་རྣམ་པར་འགྱུར་བའི་གཟུགས ་ལ་བདུན་ནི་འདི་ལྟ། ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དང་། གཟུགས་ཀྱི་ཡང་བ་ཉིད་དང་། གཟུགས་ཀྱི་འཇམ་པ་ཉིད་དང་། ལས་སུ་རུང་བ་ཉིད་དང་། གཟུགས་ཀྱི་འཕེལ་བ་དང་། གཟུགས་ཀྱི་རྒྱུད་དོ།། ་འདུས་བྱས་ཀྱི་དོན་གྱིས་ན་མཚན་ཉིད་ཀྱི་གཟུགས་ལ་གསུམ་ནི་འདི་ལྟར། གཟུགས་ཀྱི་སྐྱེ་བ་དང་། གཟུགས་ཀྱི་རྒ་བ་དང་། གཟུགས་ཀྱི་མི་རྟག་པའོ།། ཚོགས་པ་ཡོངས་སུ་ཆད་པའི་དོན་གྱིས་ཡོངས་སུ་ཆད་པའི་གཟུགས ་གཅིག་ནི་འདི་ལྟར། ནམ་མཁའི་ཁམས་སོ།། འདིར་རང་བཞིན་གྱི་གཟུགས་གང་ཡིན་པ་དེ་ཡོངས་སུ་ཆད་པ་ཡིན་གྱི་ལྷག་མ་ནི་ཡོངས་སུ་མ་ཆད་པའོ།། གཅིག་པ་ཉིད་ཀྱི་གཟུགས་ལ་མིང་མང་དུ་འགྱུར་ཏེ། འདི་ལྟར། རྒྱུ་མེད་པ ་མ་ཡིན་པ་དང་། རྒྱུ་ཅན་དང་། མི་ལྡན་པ་དང་། སྐྱེན་བཅས་དང་། འདུས་བྱས་དང་། འཇིག་རྟེན་པ་དང་། རོ་ལྟ་བུ་དང་། ཀུན་ཏུ་སྦྱོར་བ་བྱ་བ་དང་། མདུད་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། སྦྱོར་བར་བྱ་བ་དང་། སྒྲིབ་པར་བྱ་བ ་དང་། མཆོག་ཏུ་འཛིན་པ་དང་། ཉེ་བར་བླང་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་དང་། དམིགས་པ་མེད་པ་དང་། སེམས་པ་མེད་པ་དང་། སེམས་དང་མི་ལྡན་པ་དང་། ཆུང་བ་དང་། འདོད་པ་ན་སྤྱོད་པ་དང་། མ་ངེས་པ་དང་། ་ངེས་པར་འབྱིན་པ་མ་ཡིན་པ་དང་། བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་དང་། འཕེལ་བ་ཉིད་དུ་འགྲོ་བ་མ་ཡིན་པ་དང་། འགྲིབ་པ་ཉིད་དུ་འགྲོ་བ་མ་ཡིན་པ་དང་། སློབ་པ་ཉིད་མ་ཡིན་པ་དང་། མི་སློབ་པ་ཉིད་མ་ཡིན ་པ་དང་། མཐོང་བས་སྤང་བར་བྱ་བ་མ་ཡིན་པ་དང་། སྒོམ་པས་སྤང་བར་བྱ་བ་མ་ཡིན་པའོ།། དེ་བཞིན་དུ་འང་ཡང་གཟུགས་ཀྱི་ཕུང་པོ་ཤེས་པར་བྱའོ།། ཚོར་བ་ནི་མཚན་ཉིད་ཀྱིས་གཅིག་སྟེ། འདི་ལྟར། གང་སེམས་ཀྱི་དམིགས ་པ་ཉམས་སུ་མྱོང་བའོ།། དངོས་པོའི་དབང་གིས་རྣམ་པ་གཉིས་ནི་འདི་ལྟརོ།། ལུས་ལས་བྱུང་བ་དང་། སེམས་ལས་བྱུང་བའོ།། རང་བཞིན་གྱིས་དབང་གིས་རྣམ་པ་གསུམ་ནི་འདི་ལྟར། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི ་ཚོར་བ་དང་། བདེ་བ་མ་ཡིན། སྡུག་བསྔལ་མ་ཡིན་པའི་ཚོར་བའོ།། ཆོས་ཀྱི་དབང་གིས་རྣམ་པ་བཞི་ནི་འདི་ལྟར། དགེ་བའི་ཚོར་བ་དང་། མི་དགེ་བའི་ཚོར་བ་དང་། རྣམ་པར་སྨིན་པའི་ཚོར་བ་དང་། བྱ་བའི་ཚོར་བའོ།། ་དབང་པོའི་དབང་གིས་རྣམ་པ་ལྔ་ནི་འདི་ལྟར། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ།། དཀར་ནག་གི་དབང་གིས་རྣམ་པ་དྲུག་ནི་འདི ་ལྟར། ཟང་ཟིང་དང་བཅས་པ་སྡུག་བསྔལ་གྱི་ཚོར་བ་དང་། ཟང་ཟིང་དང་བཅས་པའི་བདེ་བའི་ཚོར་བ་དང་། ཟང་ཟིང་མེད་པའི་བདེ་བའི་ཚོར་བ་དང་། ཟང་ཟིང་ལྡན་པ་བདེ་མིན་སྡུག་མིན་ཚོར་བ་དང་། ཟང་ཟིང་མེད་པ་བདེ་མིན་སྡུག་མོན་ཚོར ་བའོ།། སྒོའི་དབང་གི་རྣམ་པ་བདུན་ནི་འདི་ལྟར། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག ་པ་ལས་སྐྱེས་པའི་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པ་དང་། ཡིད་ཀྱི་ཚོར་བ་ཕྲད་པ་ལས་སྐྱེས་པ་དང་། རྣམ་པར་ཤེས་པའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའོ།། རྒྱས་པར་ནི་ཚོར་བ་བརྒྱད་དང་བརྒྱད་དུ་འགྱུར་རོ།། ་འདི་ལྟརོ།། ཁྱིམ་གྱི་རེ་བ་ལ་བརྟེན་པའི་ཡིད་བདེ་བའི་དྲུག་དང་། ཁྱིམ་གྱི་རེ་བ་ལ་བརྟེན་པའི་ཡིད་མི་བདེ་བའི་དྲུག་དང་། ངེས་པར་འབྱུང་བ་ལ་བརྟེན་པའི་ཡིད་བདེ་བོའི་དྲུག་དང་། ངེས་པར་འབྱུང་བ་ལ་བརྟེན་པའི་ཡོད་མི ་བདེ་བའི་དྲུག་དང་། ཁྲིམས་ཀྱི་ར་བ་ལ་བརྟེན་པའི་བཏང་སྙོམས་ཀྱི་དྲུག་དང་། ངེས་པར་འབྱུང་བ་བརྟེན་པའི་བཏང་སྙོམས་ཀྱི་དྲུག་གོ། འདི་ལྟར་འདི་དུས་གསུམ་ལ་ཚོར་བ་དྲུག་ཚན་དྲུག་སྟེ། ཚོར་བ་བརྒྱ་དང་བརྒྱད་དུ་འགྱུར་རོ།། ་འདི་ནི་ཚོར་བའི་ཕུང་པོ་ཞེས་བརྗོད་དོ།། འདུ་ཤེས་ནི་མཚན་ཉིད་ཀྱིས་གཅིག་སྟེ། འདི་ལྟར། གང་སེམས་ཀྱི་དམིགས་པ་ལ་འདུ་ཤེས་པ་ནི་འདུ་ཤེས་སོ།། དཀར་ནག་གི་དབང་གིས་འདུ་ཤེས་རྣམ་པ་གཉིས་ནི་འདི་ལྟར། ཕྱིན་ཅི ་ལོག་དང་། ཕྱིན་ཅི་མ་ལོག་པའོ།། མི་དགེ་བའི་དབང་གིས་རྣམ་པ་གསུམ་ནི་འདི་ལྟར། འདོད་པའི་འདུ་ཤེས་དང་། གནོད་པའི་འདུ་ཤེས་དང་། རྣམ་པར་འཚེ་བའི་འདུ་ཤེས་སོ།། དགེ་བའི་དབང་གིས་རྣམ་པ་གསུམ་ནི་འདི་ལྟར། ་ངེས་པར་འབྱུང་བའི་འདུ་ཤེས་དང་། མི་གནོད་པའི་འདུ་ཤེས་དང་། རྣམ་པར་མི་འཚེ་བའི་འདུ་ཤེས་སོ།། བདག་གི་རང་བཞིན་ཡོངས་སུ་མི་ཤེས་པའི་སྒོ་ནས་བཞི་ནི་འདི་ལྟར། མི་སྡུག་པ་ལ་སྡུག་པའི་འདུ་ཤེས་དང་། སྡུག ་བསྔལ་ལ་བདེ་བའི་འདུ་ཤེས་དང་། མི་རྟག་པ་ལ་རྟག་པའི་འདུ་ཤེས་དང་། བདག་མེད་པ་ལ་བདག་གི་འདུ་ཤེས་སོ།། བདག་གི་དངོས་པོ་ཡོངས་སུ་ཤེས་པའི་སྒོ་ནས་བཞི་ནི་འདི་ལྟར། མི་སྡུག་པའི་འདུ་ཤེས་དང་། ་སྡུག་བསྔལ་གྱི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་སོ།། འདུལ་བའི་དབང་གི་རྣམ་པ་ལྔ་ནི་འདི་ལྟར། རུང་བ་མ་ཡིན་པ་ལ་རུང་བར་འདུ་ཤེས་པ་དང་། རུང་བ་ལ་མི་རུང་བར་འདུ ་ཤེས་པ་དང་། རུང་བ་མ་ཡིན་པ་ལ་རུང་བ་མ་ཡིན་པར་ཤེས་པ་དང་། རུང་བ་ལ་རུང་བར་ཤེས་པ་དང་། རུང་བ་མ་ཡིན་པ་ལ་ཡིད་གཉིས་ཀྱིས་འདུ་ཤེས་དང་། རུང་བ་ལ་ཡིད་གཉིས་ཀྱི་འདུ་ཤེས་སོ།། དམིགས ་པའི་དབང་གིས་དྲུག་ནི་འདི་ལྟ་སྟེ། གཟུགས་ཀྱི་འདུ་ཤེས་དང་། སྒྲའི་འདུ་ཤེས་དང་། དྲིའི་འདུ་ཤེས་དང་། རོའི་འདུ་ཤེས་དང་། རེག་བྱའི་འདུ་ཤེས་དང་། ཆོས་ཀྱི་འདུ་ཤེས་སོ།། ཁམས་ཀྱི་དབང་གིས་རྣམ་པ་བདུན་ནི་འདི་ལྟར། ་མིག་གི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། རྣ་བའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། སྣའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང་། ལྕེའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང་། ལུས ་ཀྱི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པོའི་དང་། ཡིད་ཀྱི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དོང་། རྣམ་པར་ཤེས་པའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའོ།། གང་འདི་ལྟ་བུའི་འདུ་ཤེས་ནི་འདུ་ཤེས་ཀྱི་དེ་ཁོ་ན་ཉིད་དེ། ་འདུ་ཤེས་ཀྱི་ཕུང་པོ་ཞེས་བརྗོད་དོ།། འདུ་བྱེད་ཀྱི་ཕུང་པོ་ནི་མང་ཏེ་འདི་ལྟར། རེག་པ་དང་། སེམས་པ་དང་། རྣམ་རྟོག་དང་། རྣམ་པར་དཔྱོད་པ་དང་། དགའ་བ་དང་། ངད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན ་དང་། ཤེས་རབ་དང་། སྲོག་གི་དབང་པོ་དང་། སྡོམ་པ་དང་། མ་ཆགས་པ་དང་། མི་སྡང་བ་དང་། མ་རྨོངས་པ་དང་། ངོ་ཚ་བ་དང་། ཁྲེལ་ཡོད་པ་དང་། ཤིན་ཏུ་སྦྱངས་པ་དང་། འདུན་པ་དང་། མོས་པ་དང་། བཏང་སྙོམས་དང་། ་ཡིད་ལ་བྱེད་པ་དང་། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། རྒོད་པ་དང་། ཐེ་ཚོམ་དང་། རྨུགས་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཞེས་དེ་ལྟ་བུ་ལ་སོགས་པ་འདུ་བྱེད་མང་པོ་རྣམས་ལ ་ཚོར་བ་དང་འདུ་ཤེས་མ་གཏོགས་པ་ནི་འདུ་བྱེད་ཀྱི་ཕུང་པོའོ།། རྣམ་པར་ཤེས་པ་ནི་བདུན་ཏེ་འདི་ལྟར། མིག་གི་རྣམ་ཤེས་དང་། རྣ་བའི་རྣམ་ཤེས་དང་། སྣའི་རྣམ་ཤེས་དང་། ལྕེའི་རྣམ་ཤེས་དང་། ལུས་ཀྱི་རྣམ་ཤེས་དང་། ཡིད་ཀྱི ་དབང་པོ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ།། འདི་ནི་རྣམ་པར་ཤེས་པའི་ཕུང་པོའོ།། ཡང་ཕུང་པོ་དེ་རྣམས་ནི་རྒྱུ་མཚན་བཞི་སོ་སོར་ཐ་དད་པར་ཤེས་པར་བྱའོ།། འདི་ལྟར། ངོ་བོའི་དོན་དང་། མཚན་ཉིད་དང་། རྣམ་པར་དབྱེ་བ་དང་། ་བསྡུ་བའོ།། དེ་ལ་རྟེན་གྱི་དོན་ནི་དྲུག་ཏེ་འདི་ལྟར། གཟུགས་པར་བྱ་བའི་དོན་གྱི་གཟུགས་དང་། རིག་པའི་དོན་གྱི་ཚོར་བ་དང་། ཀུན་ཏུ་ཤེས་པའི་དོན་གྱིས་འདུ་ཤེས་དང་། སོ་སོར་བྱེད་པའི་དོན་གྱིས་འདུ་བྱེད་དང་། རྣམ ་པར་རྟོགས་པའི་དོན་གྱིས་རྣམ་ཤེས་སོ།། ཕུང་པོ་ཞེས་པ་ནི་རིགས་མཐུན་པའི་ཚོགས་པའི་དོན་གྱིས་སོ།། མཚན་ཉིད་ནི་མཚན་ཉིད་ལྔ་སྟེ་འདི་ལྟར། གཟུགས་ཀྱི་མཚན་ནི་གཟུགས་པར་བྱ་བ་སྟེ། བཟོས་པའི་གཟུགས ་བཞིན་ནོ།། གཟུགས་དེའི་གཞིའི་གནས་ནི་འབྱུང་བ་ཆེན་པོ་བཞིའོ།། ཚོར་བའི་མཚན་ཉིད་ནི་སོ་སོར་ཡང་དག་པར་རིག་པ་སྟེ། མཛེ་རྨའི་ཟ་ཕྲུག་རོ་མྱོང་བ་བཞིན་ནོ།། ཚོར་བ་དེའི་དངོས་པོའི་གནས་ནི་རེག་པའོ།། འདུ་ཤེས ་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པ་སྟེ། མངོན་པར་ཤེས་པའི་རྒྱུ་མཚན་བཞིན་ནོ།། འདུ་ཤེས་དེའི་དངོས་པོའི་གནས་ནི་རེག་པའོ།། འདུ་བྱེད་ཀྱི་མཚན་ཉིད་ནི་འདུ་བ་འཕེན་པར་བྱེད་པ་སྟེ། འཁོར ་ལོ་འཕངས་པ་བཞིན་ནོ།། འདུ་བྱེད་དེ་རྣམས་ཀྱི་དངོས་པོའི་གནས་ནི་རེག་པའོ།། རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་རྟོགས་པ་སྟེ། རྣམ་པར་ཤེས་པ་དེའི་སྐྱེ་བའི་གནས་ནི་མིང་དང་གཟུགས་སོ།། རྣམ་པར་དབྱེ ་བ་ནི་ཕུང་པོའི་རྣམ་པར་དབྱེ་བ་སྟེ། འདི་ལྟར། ཕུང་པོ་ལྔ་དང་། ཉེ་བར་ལེན་པའི་ཕུང་པོ་དང་། ཆོས་ཀྱི་ཕུང་པོ་ལྔའོ།། དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་ངོ་།། ཉེ་བར་ལེན་པའི་ཕུང་པོ་ལྔ ་གང་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱང་ངོ་།། ཆོས་ཀྱི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ ་པབའི་ཕུང་པོ་དང་། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བའི་ཕུང་པོའོ།། སྐབས་འདིར་ཉེ་བར་ལེན་པའི་ཕུང་པོ་ལ་མངོན་པར་འདོད་དོ།། བསྡུ་བ་ནི་སྡུད་པ་སྟེ་རྣམ་པ་གསུམ་ནི། འདི་ལྟར། སྐྱེ་མཆེད་དུ་བསྡུ་བ་དང་། ་ཁམས་སུ་བསྡུ་བ་དང་། བདེན་པར་བསྡུ་བའོ།། དེ་ལ་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་གཅིག་གིས་བསྡུས་པའོ།། འདི་ལྟར། གཟུགས་ཀྱི་སྐྱེ་མཆེད་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་གཅིག་ཏེ་ཕྱོགས ་གཅིག་གོ།། གཟུགས་ཅན་མ་ཡིན་པའི་ཕུང་པོ་གསུམྦྷ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ།། འདི་ལྟ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དོ།། གཅིག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་སྟེ། འདི་ལྟར ་རྣམ་པར་ཤེས་པའི་ཕུང་པོའོ།། གཟུགས་ཀྱི་ཕུང་པོ་ནི་ཁྱམས་བཅུ་གཅིག་གིས་བསྡུས་པའོ།། གཟུགས་ཅན་མ་ཡིན་པའི་ཕུང་པོ་གསུམ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའོ།། རྣམ་པར་ཤེས་པའི་ཕུང་པོ་ནི། རྣམ ་པར་ཤེས་པའི་ཁམས་བདུན་གྱིས་བསྡུས་པའོ།། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་བཞི་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱིས ་བསྡུས་པའོ།། རྣམ་པར་གྲོལ་བའི་ཕུང་པོ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བསྡུས་པའོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ།། ། ་ཉེ་བར་ལེན་པ་ནི་ཀུན་འབྱུང་གི་བདེན་པས་བསྡུས་པའོ།། ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕུང་པོ་གསུམ་ནི་ལམ་གྱི་བདེན་པས་བསྡུས་པའོ།། རྣམ་པར་གྲོལ་བའི་ཕུང་པོ་ནི་འགོག་པའི་བདེན་པས་བསྡུས ་པའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ།། དེ་ལ་ཕུང་པོས་བསྡུས་ཤིང་བདེན་པས་བསྡུས་པ་མ་ཡིན་པའི་ཆོས་ཡོད་དོ།། བདེན་པས་བསྡུས་ཤིང་ཕུང་པོས་བསྡུས ་པ་མ་ཡིན་པའི་ཆོས་ཡོད་དོ།། ཕུང་པོས་བསྡུས་ཤིང་བདེན་པས་བསྡུས་པའི་ཆོས་ཡོད་དོ།། ཕུང་པོས་བསྡུས་པ་མ་ཡིན་ཅིང་བདེན་པས་བསྡུས་པ་མ་ཡིན་པའི་ཆོས་ཡོད་དོ།། དེ་ལ་དབང་པོ་མ་ཡིན་པ་དང ་འབྲེལ་པའི་གཟུགས་དང་། ལམ་དང་མཚུངས་པར་ལྡན་པ་དང་། དགེ་སྦྱོང་གི་འབྲས་བུ་ཆོས་ནི་ཕུང་པོས་བསྡུས་ཅིང་བདེན་པས་བསྡུས་པ་མ་ཡིན་པའོ།། མྱ་ངན་ལས་འདས་པ་ནི་བདེན་པས་བསྡུས་ཤིང་ཕུང་པོས་བསྡུས་པ ་མ་ཡིན་པའོ།། བདེན་པ་གསུམ་ནི་ཕུང་པོས་བསྡུས་ཤིང་བདེན་པས་བསྡུས་པའོ།། བཏགས་ཡོད་ནི་ཕུང་པོས་བསྡུས་པ་མ་ཡིན་ཞིང་བདེན་པས་བསྡུས་པ་མ་ཡིན་པའོ།། བཏགས་པ་ཡང་ཆོས་བཅུ་གཅིག་སྟེ་འདི་ལྟར ་སེམས་པ་དང་། ཕྱོགས་དང་། ཡུལ་དང་། དུས་དང་། འོངས་པ་དང་། སྦྱངས་པའི་ཡན་ལག་དང་། ཟད་པར་མཚན་མ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དམིགས་པ་དང་། འགོག་པའི་སྙོམས་པར ་འཇུག་པ་དང་། ཡང་དག་པའི་རྣམ་པར་རྟོག་པ་དང་། ཡང་དག་མ་ཡིན་པའི་རྣམ་པར་རྟོག་པའོ།། གང་རྣམ་པ་དེ་རྣམས་ཀྱི་པྲ། པོ་ལ་མཁས་པའོ་ཤེས་པ་བཞེངས་པ་ནི་ཕུང་པོ་ལ་མཁས་པ་ཞེས་བརྗོད་དོ།། སྐྱེ་མཆེད་ལ ་མཁས་པ་གང་ཞེ་ན། སྐྱེ་མཆེད་ནི་བཅུ་གཉིས་ཏེ་འདི་ལྟར། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ་ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ།། དེ་ལ་མིག་གི་སྐྱེ་མཆེད་ནི་ཁམས་རབ་ཏུ་དང་པ་གང་གིས་གཟུགས་ཡོངས་སུ ་གཅོད་པའོ།། གཟུགས་ཀྱི་སྐྱེ་མཆེད་ནི་ཁམས་ཀྱི་ཁ་དོག་གང་མིག་གི་སྤྱོད་ཡུལ་ལོ།། རྣ་བའི་སྐྱེ་མཆེད་ནི་ཁམས་རབ་ཏུ་དྲང་པོ་གང་གིས་སྒྲ་ཉན་པའོ།། སྒྲའི་སྐྱེ་མཆེད་ནི་ཁམས་ཀྱི་གྲགས་པ་སྟེ་གང་རྣ་བའི་སྤྱོད་ཡུལ་ངོའོ།། ། ་སྣའི་སྐྱེ་མཆེད་ནི་ཁམས་རབ་ཏུ་གསལ་བ་གང་གིས་དྲི་སྦོམ་པོའོ།། དྲིའི་སྐེ་མཆེད་ནི་གང་སྣའི་སྤྱོད་ཡུལ་ལོ།། ལྕེའི་སྐྱེ་མཆེད་ནི་ཁམས་རབ་ཏུ་དང་པ་གང་གིས་རོ་མའི་བར་བྱེད་པའོ།། རེའི་སྐྱེ་མཆེད་ནི་ཁམས་ཀྱི་རོ་གང་ལྕེའི ་སྤྱོད་ཡུལ་ལོ།། ལུས་ཀྱི་སྐྱེ་མཆོང་ནི་ཁམས་རབ་ཏུ་དང་བ་གང་གིས་རེག་བྱ་ལ་རེག་པའོ།། རེག་བྱའི་སྐྱེ་མཆེད་ནི་སོའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ཆུའི་ཁམས་དང་། སྲ་བ་དང་། འཇམ་པ་དང ་དྲོ་བ་དང་། བསིལ་བ་སྟེ། གང་ལུས་ཀྱི་སྤྱོད་ཡུལ་ལོ།། ཡིད་ཀྱི་སྐྱེ་མཆེ་ནི་གང་རྣམ་པར་ཤེས་པ་བདུན་གྱི་ཁམས་དེའོ།། ཆོས་ཀྱི་སྐྱེ་མཆེད་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་གསུམ་དང་ཕྲ་མོའི་གཟུགས་བཅུ་དང་མ ་དན་ལས་འདས་པ་སྟེ་འདི་མི་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་སྟེ་རྒྱས་པར་རོ།། གང་རྣམ་པ་པ་རྣམས་ཀྱི་སྐྱེ་མཆེད་ལ་མཁས་པའི་ཤེས་པ་སྐྱེས་པ་ནི་སྐྱེ་མཆེད་ལ་མཁས་པ་ཞེས་བརྗོང་ངོ་།། ཁམས་ལ་མཁས་པ་གང་ཞེ་ན། ་ཁམས་བཅོ་བརྒྱད་ཏེ། འདི་ལྟར། མྱིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི ་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས ་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་པ་ལ་སོགས་པ་རྒྱས་པར་རོ།། འདིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་བསྟན་པ་ན།། ་ཁྱད་པར་ཅི་ཞིག་བསྟན་པར་གྱུར་ཞེ་ན། བརྗོད་པར་བྱ་སྟེ། རིས་མཐུན་པའི་ཆོས་རྣམས་ཚོགས་པའི་མཚན་ཉིད་བསྟན་པ་ནི་ཕུང་པོ་བཤད་པའོ།། སྒོའི་མཚན་ཉིད་བསྟན་པ་ནི་སྐྱེ་མཆེད་བཤད་པའོ།། རང་གི་ངོ་བོའི་མཚན ་ཉིད་བསྟན་པ་ནི་ཁམས་བཤད་པའོ།། ཡང་ན་བཅོམ་ལྡན་འདས་ཀྱིས་མགོ་སྨོས་པས་གོ་བའི་གང་ཟག་རྣམས་ལ་ཕུང་པོའི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟོན་པར་བྱེད་དོ།། རྣམ་པར་སྤྲོས་པས་གོ་བའི་གང་ཟག ་རྣམས་ལ་སྐྱེ་མཆེད་ཀྱི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟོན་པར་བྱེད་དོ།། ཚིག་ལ་འཆེལ་བའི་གང་ཟག་རྣམས་ལ་ཁམས་ཀྱི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟོན་པར་བྱེད་དོ།། ཡང་ན་གཟུགས་ཅན་མ་ཡིན་པའི ་ཕུང་པོ་ལ་སྡུག་པའི་འདུ་ཤེས་ཅན་གྱི་གང་ཟག་ལ་གཟུགས་མདོར་བསྟན་ཅིང་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་དབྱེ་བ་བྱས་ཏེ་ཕུང་པོ་བསྟན་ཏོ།། གཟུགས་ལ་སྡུག་པའི་འདུ་ཤེས་ཅན་གྱི་གང་ཟག་ལ་གཟུགས་ལ ་མང་དུ་དབྱེ་བ་བྱས་ཏེ་གཟུགས་ཅན་མ་ཡིན་པའི་ཕུང་པོ་མདོར་བསྡུས་ནས་སྐྱེ་མཆེད་བསྟན་ཏོ།། གཟུགས་ཅན་མ་ཡིན་པོ་དང་བཅས་པའི་གཟུགས་ལ་སྡུག་པའི་འདུད་ཤེས་ཅན་ལ་གཟུགས་ཅན་མ་ཡིན་པ་དང་གཟུགས ་ཅན་དག་ལ་མང་དུ་དབྱེ་བ་བྱས་ཏེ་ཁམས་བསྟན་ཏོ།། ཡང་ན་གང་བདག་གིས་ངོ་བོ་དངོས་པོ་སྟོན་པ་དེ་ནི་ཕུང་པོ་བསྟན་པའོ།། གང་དངོས་པོའི་དམིགས་པ་སྟོན་པ་དེ་ནི་སྐྱེ་མཆེད་སྟོན་པའོ།། གང་དངོས་པོའི་དམིགས་པ ་ངེས་པ་བསྐྱེད་པ་སྟོན་པོ་ངོ་ནི་ཁམས་སྟོན་པའོ།། གང་རྣམ་པ་དེ་རྣམས་ཀྱི་ཁམས་ཤེས་པའི་རྣམ་པར་བཞག་པ་ལ་མཁས་པ་འདི་ནི་ཁམས་ལ་མཁས་པ་ཞེས་བརྗོད་དོ།། ། པཎྜི་ཏ་ཆེན་པོ་གནས་བརྟན ་དགེ་སློང་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་གནས་བརྟན་པའི་སྡེ་པའི་ཚུལ་ལུགས་ཕུང་པོ་སྐྱེ་མཆེད་ཁམས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ ་བཅུ་གསུམ་པའོ།། ། རྟེན་ཅིང་འབྲེལ་པར་འབྱུང་པོ་ལ་མཁས་པ་ནི་འདི་ལྟར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེསོ་བའི་རྐྱེན ་གྱིས་མི་ང་དང་གཟུགས། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན ་གྱིས་ཉེ་བར་ལེན་པ་དང་། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས ་འབྱུང་བར་འགྱུར་རོ།། དེ་ལྟ་བུ་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམས་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་པ་ནི་ལུགས་སུ་བྱུང་བའོ།། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར ་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགེགས་པས་སྐྱེ་མཆེད་དྲུག་འགྲག། སྐྱེ་མཆེད་དྲུག་འགགས་པས་རིག་པ་འགག། རེག་པ་འགགས་པས་ཚོར་བ ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ཉེ་བར་ལེན་པ་འགག། ཉེ་བར་ལེན་པོ་འགགས་པས་སྲིད་པ་འགོག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤྲི་དང་མྱ ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་པ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འགག་པར་འགྱུར་རོ།། དེ་ལྟ་བུ་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམས་འགག་པར་འགྱུར་རོ་ཞེས་པ་ནི་ལུགས ་ལས་ལྡོག་པའོ།། དེ་ལ་བདེན་པ་བཞི་ལ་མི་ཤེས་པ་ནི་མ་རིག་པའོ།། ལུས་ངག་ཡིད་ཀྱི་ལས་ནི་འདུ་བྱེད་དོ།། ཉིང་འཚམས་སྦྱོར་བའི་དུས་ཀྱི་སེམས་ནི་རྣམ་པར་ཤེས་པའོ།། ཉིང་འཚམས་སྦྱོར་བའི་སེམས་དང་ལྡན་པའི ་སེམས་ལས་བྱུང་བའི་ཆོས་ནི་མིང་ངོ་།། མེར་མེར་པོ་ནི་གཟུགས་ཏེ་མིང་དང་གཟུགས་སོ།། ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གོ། རེག་པ་དྲུག་གི་ཚོགས་ནི་རེག་པའོ།། ཚོར་བ་དྲུག་གི་ཚོགས་ནི ་ཚོར་བའོ།། སྲིད་པ་དྲུག་གི་ཚོགས་ནི་སྲེད་པའོ།། ཉེ་བར་ལེན་པ་བྱའི་ནི་ཉེ་བ་རཱ་ལེན་པའོ།། འདོད་པ་དང་གཟུགསོ་དང་གཟུགས་མེད་པའི་སྲིད་པ་སྐྱེད་པར་བྱེད་པའི་ལས་ནི་སྲིད་པའོ།། སྲིད་པ་རྣམས་སུ་ཕུང་པོ་རྣམས ་འབྱུང་བ་ནི་སྐྱེ་བའོ།། ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ།། ཕུང་པོ་འཇིག་པ་ནི་ཤི་བའོ།། འདིར་སྨྲས་པ། མ་རིག་པའི་རྐྱེན་ལས་འདུ་བྱེད་ནས་ཇི་སྲིད་དུ་སྐྱེ་བའི་རྐྱེན་ལས་རྦ། ཤི་ཞེས་པ་འདི་གང་ལས་ཞེ་ན། བརྗོད ་པར་བྱ་སྟེ། འདིར་སོ་སོར་སྐྱེ་བོ་ཐོས་པ་དང་མི་ལྡན་པ་བདེན་པ་བཞི་ལ་མི་ཤེས་པར་གྱུར་པས། དུས་རིང་པོ་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལི་པང་གི་གི་བར་མཆོག་དུ་འཛིན་པར་འགྱུར་ཏེ། འདི་དག་ནི་བདག ་གིའོ།། བདག་འདི་ལའོ་འདི་ནི་ངའི་བདག་གོ་ཞེས་ལྷག་པར་ཞེན་པར་བྱེད་དོ།། དེ་དག་དེ་བཞིན་དུ་སྲིད་པ་ལ་ཞེན་པས་སྲིད་པར་ཀུན་ཏུ་འབྱུང་ཞིང་སྲིད་པའི་སྐྱེ་མཆེད་ལ་རབ་ཏུ་རྟོག་པར་བྱེད་ཅིང་རྗེས་སུ་ཉལ་བར ་བྱེད་དོ།། དེ་དག་གི་སེམས་པ་དང་རབ་ཏུ་རྟོག་པ་དང་བག་ལ་ཉལ་དེ་རྣམས་ནི་དངོས་པོ་ཡོངས་སུ་མི་ཤེས་པ་ལ་བྱུང་བའི་སྲིད་པ་ཐོབ་པའི་ཆེད་དུ་སྲིད་པ་ལ་གནས་པར་འགྱུར་རོ།། བརླན་ཅན་གྱིས ་ལ་ས་བོན་བཟང་པོ་བཏབ་པ་བཞིན་ནོ།། དེ་ལ་སྲིད་པ་འགག་པའི་ཡེ་ཤེས་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་ན་མ་རིག་པའི་རྐྱེན་ལས་འདུ་བྱེད་དོ།། དེ་དག་གི་མི་ཤེས་པོས་རབ་ཏུ་བསྐྲུན་པ་མངོན་པར་འདུ་བྱེད་པའི ་སེམས་པ་དེས། སྲིད་པ་ལ་དགའ་བས་སྲིད་པར་ཞུགས་ཤིང་། སྲིད་པ་མཚན་མར་དམིགས་པ་རྒྱས་པས་ཡོངས་སུ་འགྱུར་བའི་སྲོད་པ་དང་འཚམས་སྦྱོར་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ངོ་།། དེ་དག་གི་སྲིད ་པ་ངེས་པའི་སེམས་པ་རྒྱུན་ཆད་པ་ནི་མ་ཡིན་ནོ།། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པའོ།། དཔེར་ན་ཉི་མ་མེད་པར་འོད་ཟེར་ས་ལ་གནས་པའམ་རྒྱུ་བ་ནི་མ་ཡིན་ནོ།། དེ་ཁོ་ན་བཞིན་དུ་རྣམ་པར་ཤེས ་པ་མེད་པར་མིང་དང་གཟུགས་མངལ་དུ་འཇུག་པའིའམོ་འཕེལ་པོ་ནི་མ་ཡིན་ནོ།། ན་ཌ་པུ་པོའི་འཐད་པས་ཕན་ཚུན་བསྟེན་པའི་ཕྱིར་རོ།། དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་སོ།། ཡིད ་ཀྱི་སྐྱེ་མཆེད་ནི་དངོས་པོ་ལ་བརྟེན་ཏེ་མིང་དང་ལྷན་ཅིག་དུ་འབྱུང་བ་དང་འཇུག་པར་བྱེད་དོ།། གཞན་སྐྱེ་མཆེད་ལྔ་ནི་མིང་དང་ལྷན་ཅིག་དུ་འབྱུང་བ་ཆེན་པོ་ལ་བརྟེན་ཏེ་ཟས་དང་དུས་ཀྱི་རྐྱེན་ལས་སྐྱེ་བ ་དང་འཇུག་པར་བྱེད་དོ།། རྐྱེན་དེ་མེད་པར་ནི་མ་ཡིན་ནོ།། དེའི་ཕྱིར་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་གོ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པ་ལས་རེག་པ་སྐྱེ་བས་ན། དེའི་ཕྱིར་སྐྱེ་མཆེད་དྲུག ་གི་རྐྱེན་ལས་རེག་པའོ།། རེག་བྱ་ནས་བདེ་བ་འམ་སྡུག་བསྔལ་འམ་སྡུག་བསྔལ་ལམ་སྡུག་བསྔལ་མིན་བདེ་བ་མིན་པ་ཚོར་བར་བྱེད་དོ།། རེག་པ་མེད་པར་མ་ཡིན་ནོ།། དེའི་ཕྱིར་རེག་པའི་རྐྱེན་ལས་ཚོར་བའོ།། བྱིས་པ་སོ་སོ་སྐྱེ་བོ ་རྣམས་བདེ་བ་ཉམས་སུ་མྱོང་བས་ཆགས་པར་བྱས་ཏེ། ཡང་དང་ཡང་དུ་དེ་དག་དོན་དུ་གཉེར་བར་བྱེད་དོ།། སྡུག་བསྔལ་ཉམས་སུ་མྱོང་བ་ན་ཡང་སྡུག་བསྣོལ་འཇོམས་པར་བྱེད་པའི་བདེ་བ་དོན་དུ་གཉེར་བར ་བྱེད་དོ།། སྡུག་བསྔལ་མིན་བདེ་བ་མིན་པ་ཉམ་སོ་སུ་མྱོང་བ་ལས་ལྷག་པར་ཞེན་ནས་ཚོར་བར་བྱེད་དོ།། དེའི་ཕྱིར་ཚོར་བའི་རྐྱེན་ལས་སྲིད་པའོ།། ཞེན་པས་ཚོར་བ་ནི་སྲིད་པའོ།། དངོས་པོ་འཛིན་པ་བསྟན་པོས ་ལེན་པར་བྱེད་དོ།། དེའི་ཕྱིར་སྲེད་པའི་རྐྱེན་ལས་ལྡན་པའོ།། ལེན་པ་དང་བཅས་པའི་ལས་བྱས་པ་རྣམས་སྲིད་པའི་ས་བོན་དུ་འགྱུར་རོ།། དེའི་ཕྱིར་ལེན་པའི་རྐྱེན་ལས་སྲིད་པའོ།། ལས་ཀྱི་བྱེ་བྲག་ཇི་ལྟ་བ ་བཞིན་དུ་འགྲོ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། དེའི་ཕྱིར་སྲིད་པའི་རྐྱེན་ལས་སྐྱེ་བའོ།། སྨྱོས་པས་རྒས་ཤིང་འཆི་བར་འགྱུར་རོ།། དེའི་ཕྱིར་སྐྱེ་བོའི་རྐྱེན་ལས་རྒ་ཤིའོ།། གཞན་ཡང་རྟོག་པ་ནི། དཔེར་ན་སྔུན་མ ་དངས་བྱོན་བཞིན་དུ་མ་རིག་པ་དང་འདུ་བྱེད་དོ།། དཔེར་ན་ས་བོན་དང་མྱུ་གུ་བཞིན་དུ་འདུ་བྱེད་དང་རྣམ་པར་ཤེས་པའོ།། དཔེར་ན་མྱུ་གུ་དང་འདབ་མ་བཞིན་དུ་རྣམ་པར་ཤེས་པ་དང་མྱིང་དང་གཟུགས་སོ།། ་དཔེར་ན་འདབ་མ་དང་སྡོང་པོ་བཞིན་དུ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གོ། དཔེར་ན་སྡོང་པོ་དང་ཡིལ་གོ་བཞིན་དུ་སྐྱེ་མཆེད་དྲུག་དང་རེག་པའོ།། དཔེར་ན་ཡལ་ག་དང་མེ་ཏོག་བཞིན་དུ་རེག་པ་དང་ཚོར་བའོ།། དཔེར་ན ་མེ་ཏོག་དང་དགང་བུ་བཞིན་དུ་ཚོར་བ་དང་སྲེད་པའོ།། དཔེར་ན་དགང་བུ་དང་འབྲས་བུ་བཞིན་དུ་སྲིད་པ་དང་ལེན་པའོ།། དཔེར་ན་འབྲས་བུ་དྲང་ས་བོན་བཞིན་དུ་ཉེ་བར་ལེན་པ་དང་སྲིད་པའོ།། དཔེར་ན་ས་བོན་དང་མྱུ་གུ་བཞིན་དུ་སྲིད ་པ་དང་སྐྱེ་བའོ།། རྐྱེན་ལས་ཞེས་པ་ཀུན་ལ་བལྟའོ།། དཔེར་ནཱ་དེ་ལྟར་ས་བོན་གྱི་རྒྱུན་འཇུག་པའི་སྔོན་གྱི་མཐའ་ཤེས་པར་བྱ་བ་ཉིད་མ་ཡིན་ཞིང་ཕྱི་མའི་མཐའ་ཤེས་པར་བྱ་བ་མ་ཡིན་ནོ།། དེ་ཁོ་ན་བཞིན་དུ་མ་རིག་པ་ལ་སོགས ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་རབ་ཏུ་འཇུག་པ་ནི་སྔོན་གྱི་མཐའ་ཤེས་པར་བྱ་བ་ཉིད་མ་ཡིན་ཞིང་ཕྱི་མའི་མཐོའ་ཤེས་པར་བྱ་བ་མོ་ཡིན་ནོ།། དེ་ནས་མ་རིག་པའི་རྐྱེན་གང་ཞེ་ནཱ། བརྗོད་པར་བྱ་སྟེ། མ་རིག ་པ་ཉིད་དོ།། མ་རེག་པའི་རྐྱེན་ལས་བག་ལ་ཉལ་ལོ།། ཀུན་ནས་ལྡང་བའི་རྐྱེན་ནི་བགོ་ལ་ཉལ་ལོ།། བག་ལ་ཉལ་གྱི་རྐྱེན་ནི་ཀུན་ནོས་ལྡང་བའོ།། སྔོན་མའི་རྐྱེན་སྔོན་མའོ།། ཕྱི་མའི་རྐྱེན་ཕྱི་མའོ།། ཡང་ན་ཀུན་ནས ་ཉོན་མོངས་པ་ཐམས་ཅད་རྐྱེན་དུ་འགྱུར་བ་ཡིན་ནོ།། དེ་ལྟར་ཡང་གསུངས་པ། ཟག་པ་ཀུན་ཏུ་འབྱུང་བ་ལས་མ་རིག་པ་ཀུན་ཏུ་འབྱུང་ངོ་ཞེས་སོ།། གཞན་ཡང་། སེམས་གཅིག་པའི་ཚུལ་ནི་འདི་ལྟ་སྟེ། དུས་གང་གི་ཚེ་བྱིས་པ ་རྣམས་མིག་གིས་གཟུགས་མཐོང་བ་འདོད་ཆགས་སྐྱེ་སྟེ། མཛེས་པ་བདེ་བྱའོ་ཞེས་སེམས་ཀུན་ཏུ་རྨོངས་པ་འདི་ནི་མ་རིག་པའོ།། མི་རིག་པས་རབ་ཏུ་བསྐྱེད་པའི་ལུས་ལ་སོགས་པ་ཡོངས་སུ་གཡོ་བ་འདི་ནི་འདུ་བྱེད་དོ།། ཆགས ་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པའོ།། དེ་དང་ལྡན་པའི་སེམས་ལས་བྱུང་བ་དང་དེས་ཀུན་ནས་བསླང་བའི་གཟུགས་ནི་རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་སོ།། འདོད་ཆགས་ལས་སྐྱེས་པའི་རྐྱེན ་དགའ་བ་དང་། དགེའ་བ་ལས་སྐྱེས་པའི་རྐྱེན་གཟུགས་དག་གིས་དབང་པོ་རྣམས་ཀྱིས་རབ་ཏུ་དྲང་བ་མ་ཡིན་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་གོ།། མ་རིག་པ་འདུས་ཏེ་རེག་པ་ནི་སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག ་བའོ།། དེའི་ཚེ་གང་ཡང་བདེ་བ་དེ་ནི་རེག་པའི་རྐྱེན་ལས་ཚོར་བའོ།། དེའི་ཚེ་འདོད་ཆགས་པ་ནི་ཚོར་བའི་རྐྱེན་ལས་སྲེད་པའོ།། ཆགས་པས་མཛེས་པ་དང་བདེ་བར་འཛིན་པ་ནི་སྲེད་པའི་རྐྱེན་ལས་ལེན་པའོ།། དེའི་ཚེ་ཆགས་པའི ་སེམས་པ་ནི་ལེན་པའི་རྐྱེན་ལས་སྲིད་པའོ།། ཆོས་དེ་རྣམས་མངོན་པར་སྒྲུབ་པར་བྱེད་པ་ནི་སྲིད་པའི་རྐྱེན་ལས་སྐྱེ་བའོ།། གནས་པ་གཞན་དུ་གྱུར་པ་ཉིད་ནི་རྒ་བའོ།། སྐད་ཅིག་འཇིག་པ་ནི་འཆི་བའོ།། དེ་ཁོ་ན་བཞིན་དུ ་རིམཱ་གྱིས་སྐད་ཅིག་ཅིག་གིས་ཡན་ལག་བཅུ་གཉིས་མཉམ་དུ་རྒྱུ་བར་ཤེས་པར་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དེ་རྣམས་ནི་རྒོལ་བ་བཅུ་དང་། ལན་པ་ཅུ་འགྲུབ ་པོ།། དེ་ལ་རྒོལ་བ་བཅུ་ནི་འདི་ལྟ་སྟེ། ཉོན་མོངས་པ་དུ་དང་། ལས་དུ་དང་། རྣམ་པར་སྨིན་པ་དུ་དང་། འངས་པ་དུ་དང་། མ་འོངས་པ་དུ་དང་། ད་ལྟར་བ་དུ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་གང་དང་། རྟེན་ཅིང་འབྲལ ་པར་འབྱུང་བའི་ཆོས་གང་ཞེ་ན་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དག་ཐ་དད་པའི་རྒྱུ་ཅི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་ཟབ་མོ་ཉིད་གང་ཞེ་ནའོ།། གྲངས་བཞིན་དུ་བརྗོད ་བཱར་བྱ་སྟེ། འདི་ལྟར་ཉོན་མོངས་པ་ནི་ཡན་ལག་གསུམ་སྟེ།། འདི་ལྟར། མ་རིག་པ་དང་། སྲེད་པ་དང་། ཉེ་བར་ལེན་པའོ།། ཡན་ལག་གཉིས་ནི་ལས་ཏེ་འདི་ལྟར། འདུ་བྱེད་དང་། སྲིད་པའོ།། ཡན་ལག་བདུན་ནི་རྣམ་པར ་སྨིན་པོ་སྟེ། འདི་ལྟར། ཡན་ལག་ལྷག་མ་རྣམས་སོ།། དེ་ལ་རྀ་མཱིའི་ལསཾ་ལ་མཚོན་བྱེད་པའི་རིགས་པས། ཉོན་མོངས་པ་ནི་ཡང་སྲིད་སྒྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ།། རི་མཽ་བྱེད་པའི་འཐད་པས། ལས་ནི་དམན་པ་དང ་གྱི་ནོམ་པ་ཐ་དད་པ་བྱེད་པ་ཡིན་ནོ།། བྲིས་པའི་གཟུགས་ཀྱི་རིགས་པས། རྣམ་པར་སྨིན་པ་ནི་ལས་དང་ཉོན་མོངས་པ་མངོན་པར་གྲུབ་པ་ཡོད་བའི་རྐྱེན་གྱིས་འཇུག་པའོ།། ཡན་ལག་གཉིས་ནི་འདས་པ་སྟེ་འདི་ལྟར ་མ་རིག་པ་དང་འདུ་བྱེད་དོ།། གཉིས་ནི་མ་འོངས་པ་སྟེ་འདི་ལྟར། སྐྱེ་བ་དང་། རྒ་ཤིའོ།། བརྒྱད་ནི་དལྟ་བ་སྟེ། དེ་འདི་ལྟར། ལྷག་མ་རྣམས་སོ།། དུས་གསུམ་བཟུང་བ་འདིས་ནི་ཐོག་མ་དང་ཐ་མ་མེད་པ་འཁོར་བའི་ལམ་རྗེས་སུ ་འབྲེལ་པར་བསྟན་པའོ།། གང་ཡན་ལག་བཅུ་གཉིས་དེ་རྣམས་ནི་རིམ་པ་བཞིན་དུ་ཕན་ཚུན་རྒྱུ་ཉིད་དང་། བྱེང་བོ་ཉིད་དང་། ཕན་འདོགས་པ་ཉིད་ད། འདི་ནི་རྐྱེན་ཉིད་དོ་ཞེས་པ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ནི་ཡན་ལག་བཅུ་གཉིས་སོ།། རྟེན་ཅིང་འབྲེལ་པ་འབྱུང་བ་འདི་ནི་འདུ་བྱེད་རྣམ་པར་འགྱུར་བ་ཡོངས་སུ་རྫོགས་པ་མ་ཡིན་པ་ཞེས་བརྗོད་པར་བྱ་བ་མ་ཡིན། འདུས་བྱས་ཞེས་བརྗོད ་པར་བྱ་བ་མ་ཡིན། འདུས་མ་བྱས་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ།། རྟེན་ཅིང་འབྲེལ་པ་འབྱུང་བའི་ཆོས་ནི། འདུ་བྱེད་ཡོངས་སུ་རྫོགས་པ་འདུས་བྱས་སོ་ཞེས་པ་འདི་ནི་དེ་དག་གི་ཐ་དད་པའི་རྒྱུའོ།། གང་གི་ཚེ་རྣམ་པ ་དང་མཚན་ཉིད་གང་གིས་མ་རིག་པ་འདུ་བྱེད་ཀྱི་རྐྱེན་དུ་འགྱུར་བའི་རྣམ་པ་དེ་དང་མཚན་ཉིད་དེ་དག་དང་རྐྱེན་གཞན་དང་གཞན་དག་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་སྤྱན་གྱིས་མངོན་དུ་མཁྱེན་ཏོ།། དེ་བཞིན་དུ ་ཐམས་ཅད་ལའོ།། འཛིན་རྟེན་ཅིང་འབྲེལ་བ་འབྱུང་བ་དེའི་ཟབ་པ་ཉིད་དོ།། ཕྱོགས་གཞན་ནི། རྟེན་ཅིང་འབྲལ་བ་འབྱུང་བ་འདི་དག་རྣམ་པ་བདུན་དུ་ལྟ་བར་བྱ་སྟེ། འདི་ལྟར། འཚེ་མོས་གསུམ་དང ་མདོར་བསྡུས་པ་བཞི་དང་། རྣམ་པ་ཉི་ཤུ་དང་། འཁོར་ལོ་དང་། ཚུལ་ལུགས་དང་། རྣམ་པར་དབྱེ་བ་དང་། བསྡུ་བའོ།། དེ་ལ་འཚམས་ནི་གསུམ་སྟེ། འདི་ལྟར། འདུ་བྱེད་དང་། རྣམ་པར་ཤེས་པའི ་བར་ནི་འཚམས་དང་པོའོ།། ཚོར་བ་དང་སྲེད་པའི་བར་ནི་འཚམས་གཉིས་པའོ།། སྲིད་པ་དང་སྐྱེ་བའི་བར་ནི་འཚམས་གསུམ་པའོ།། དེ་ལ་འདས་པའི་ལས་དང་ཉོན་མོངས་པ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྐྱེན་ཏེ་འཚམས་དང ་པོའོ།། ད་ལྟར་གྱི་ལས་དང་ཉོན་མོངས་པ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྐྱེན་ཏེ་འཚམས་གཉིས་པའོ།། ད་ལྟར་གྱི་ལས་དང་ཉོན་མོངས་པ་ནི་མ་འོངས་པའི་རྣམ་པར་སྨིན་པའི་རྐྱེན་ཏེ་འཚམས་གསུམ་པའོ།། ཡང་ན་དང་པོ་དང ་གསུམ་པ་ནི་རྒྱུ་འབྲས་ཀྱི་འཚམས་སོ།། གཉིས་པ་ནི་འབྲས་བུའི་འཚམས་སོ།། སྲིད་པའི་འཚམས་ནི་མེད་དོ།། སྲིད་པའི་འཚམས་ཞེས་པའི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། ཤི་ནས་དེ་མ་ཐག་ཏུ་འཕོ་བ་མ་ཡིན་པའི་ཕུང ་པོ་སྐྱེ་མཆེད་ཁམས་རྣམས་ལ་ཡང་སྲིད་མངོན་པར་གྲུབ་པ་འདི་ནི་སྲིད་པའི་འཚམས་ཞེས་བརྗོད་དོ།། སྲིད་པའི་འཚམས་དེ་ཅི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། བྱིས་པ་སོ་སོ་སྐྱེ་བོ་དེ་དག་མ་རིག་པར་གྱུར་ལ ་སྲེད་པ་དང་ལྡན་པ་བསོད་ནམས་དང་སྡིག་པ་བསགས་པ་དེ། གང་གི་ཚེ་འདི་ཉིད་འཆི་བའི་མཐའ་ཅན་གྱི་ཚོར་བས་ཟིལ་གྱིས་མནན་ཅིང་འཆི་བ་ལ་ལྷག་པར་མཉེལ་བ་དེའི་ཚེ་འབྱུང་བར་འགྱུར་ཏེ། འདི་ལྟར། འཇིག ་རྟེན་འདི་མི་མཐོང་ཞིང་རྨོངས་པས་དྲན་པ་མི་རྙེད་པར་གྱུར་བཞིན་པ་ན། ཚོར་བས་ནོན་ཅིང་དྲན་པ་དང་བློ་གྲོས་ཡོངས་སུ་ཉམས། ལུས་ཀྱི་སྟོབས་དང་ནུས་པ་ཡོངས་སུ་ཉམས། དབང་པོ་རྣམས་ཉེ་བར་འགགས། ཏཱ་ལའི ་ལོ་མ་སྐམས་པ་བཞིན་དུ་ལུས་ཀྱི་མཐའ་གཉིས་ནས་སྲོག་གི་དབང་པོ་ཉེ་བར་སྐམས་པར་འགྱུར་རོ།། དེའི་ཚེ་དེའི་རྨི་ལམ་དུ་གྱུར་པ་བཞིན་དུ། ལས་ཀྱི་ཆོས་བཞི་ཉེ་བར་གནས་པར་འགྱུར་ཏེ། དི་ལྟམ་སས་དང་། མཚནམ་ད་། ་འགྲོ་བ་དང་། འགྲོ་བའི་མཚན་མའོ།། དེ་ལ་ལོས་ཞེས་བྱ་བ། གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་བྱས་པ་དང་། ལྕི་བ་འམ་ཡང་བ་འམ། ཉེ་བཱ་འམ་སྔོན་བྱས་མ། ལས་དེ་ན་མ་ཉེ་བར་གནས་པར་འགྱུར།། ལས་རྒྱ་མཚན་མ་གླེ་བ་དངོས་པོ་གང་ལོ་བརྟེནས་ལས་བྱས་པར་གྱུར་པ། དེའི་དངོས་པོ་ཉེ་བཱ་གནས་པར་འགྱུའོ།། དེ་དེའི་ཚེ་ལྷ་བྱེད་པ་བཞིན་དུ་འབྱོང།། འགྲོ་བ་ཞེས་པ་བསོད་ནམས་ཀྱི ་རྐྱེན་ལས་བདེ་འགྲོར་ཉེ་བར་གནས་པ་དང་། བསོད་ནམས་མ་ཡིན་པ་ལས་ངན་འགྲོའོ།། འགྲོ་བའི་མཚན་མ་ཞེས་བྱ་བ་མངལ་དུ་སྐྱེ་བ་རྣམས་ནི་དུས་དང་ལྡན་ཞིང་ཁྲག་དང་ལྡན་པའི་མའི་ལྟོ་བར་ཉེ་བར་གནས་པར་འགྱུར་རོ།། རྫུས ་ཏེ་སྐྱེ་བ་རྣམས་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེའི་གོ་སྐབས་ཉེ་བར་གནས་པར་འགྱུར་ཏེ། གཞལ་ཡས་ཁང་ངམོ། སེམས་ཅན་ནམ། ནགས་སམ་། ཤིང་དྲ་མ། འགྲོ་བ་དེ་དུང་འདྲ་བ་དང་ལྡན་པའི ་མཚན་མ་ཉེ་བར་གནས་པའོ།། དེའི་ཚེ་དེ་རྣམས་སུ་ཕྱིན་པ་ལྟ་བུ་དང་བཞེངས་པ་དང་བསྡད་པ་དང་ཉལ་བ་ལྟ་བུ་དང་། མཐོང་བ་བཞིན་དུ་དང་། ལེན་པ་བཞིན་དུ་འབྱུང་ངོ་།། དེའི་ཚེ་ལས་སམ་ལས་ཀྱི ་མཚན་མ་དང་། འགྲོ་བ་འམ་འགྲོ་བའི་མཚན་མ་ལ་དམིགས་པ་བྱས་ཏེ་སྐྱེ་བར་འགྱུར་རོ།། ཞེས་པ་ལ་སོགས་པ་རྒྱས་པར་རོ།། མདོར་བསྡུས་བཞི་ནི་འདི་ལྟར། འདས་པའི་ལས་དང་ཉོན་མོངས་པས་སྔས ་པ་དང་། ད་ལྟར་གྱི་རྣམ་པར་སྨིན་པས་བསྡུས་པ་དང་། ད་ལྟར་གྱི་ལས་དང་ཉོན་མོངས་པས་བསྡུས་པ་དང་། མ་འོངས་པའི་རྣམ་པར་སྨིན་པས་བསྡུས་པའོ།། དེ་ལ་མ་རིག་པ་དང་འདུ་བྱེད་ནི། འདས་པའི་ལས་དང་ཉོན ་མོངས་པས་བསྡུས་པའོ།། རྣམ་པར་ཤེས་པ་མིང་དྲང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་རྣམས་ནི་ད་ལྟར་གྱི་རྣམ་པར་སྨིན་པས་བསྡུས་པའོ།། སྲེད་པ་དང་ལེན་པ་དང་སྲིད་པ་ནི་ད་ལྟར་གྱི་ལས་དང་ཉོན་མངས ་པས་བསྡུས་པ་འོ།། སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་རྣམ་པར་སྨིན་པས་བསྡུས་པའོ།། རྣམ་པ་ཉི་ཤུ་ནི་འདི་ལྟར། མ་རིག་པ་བཟུང་བས་འདས་པའི་སྲིད་པ་དང་ཉེ་བར་ལེན་པས་བཟུང་བ་ཡིན་ཏེ། ཉོན་མོངས ་བཔའི་མཚན་ཉིད་དུ་མཚུངས་པས་སོ།། འདུ་བྱེད་བཟུང་བས་འདས་པའི་སྲིད་པ་བཟུང་བ་ཡིན་ཏེ། ལས་ཀྱི་མཚན་ཉིད་ཡིན་པས་སོ།། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ ་དང་ཚོར་བ་བཟུང་བས་ད་ལྟར་གྱི་སྐྱེ་བ་དང་རྒ་ཤི་བཟུང་བ་ཡིན་ཏེ། རྣམ་པར་སྨིན་པའི་མཚན་ཉིད་ཡིན་པས་སོ།། སྲེད་པ་དང་ཉེ་བར་ལེན་པ་བཟུང་བས་ད་ལྟར་གྱི་མི་རིག་པ་བཟུང་བ་ཡིན་ཏེ། ཉོན་མོངས ་པའི་མཚན་ཉིད་ཡིན་པས་སོ།། སྲིད་པ་བཟུང་བས་ད་ལྟར་གྱི་འདུ་བྱེད་བཟུང་བ་ཡིན་ཏེ། ལས་ཀྱི་མཚན་ཉིད་ཡིན་པས་སོ།། སྐྱེ་བ་དང་རྒ་ཤི་བཟུང་བས་མ་འོངས་པའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ ་མཆེད་དྲུག་དང་རེག་པ་དང་ཚོར་བ་བཟུང་བ་ཡིན་ཏེ། རྣམ་པར་སྨིན་པའི་མཚན་ཉིད་ཡིན་པས་སོ།། ཆོས་ཉི་ཤུ་བཞི་པོ་འདི་རྣམས་ཡོངས་སུ་རྫོགས་པ་བཟུང་བས་ཉི་ཤུར་འགྱུར་རོ།། འདི་ལྟ་སྟེ། ཆོས་མངོན་པ་ལ་སྔོན ་གྱི་ལས་ཀྱི་སྲིད་པ་ལ། མ་རིག་པ་དང་འདུ་བྱེད་དང་སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་སྟེ་ཆོས་ལྔ་པོ་འདི་ནི། འདི་ར་ཉིད་འཚམས་སྦྱོར་བའི་རྐྱེན་ནོ།། འདིར་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐེ་མཆེད ་དྲུག་དང་རེག་པ་དང་ཚོར་བ་སྟེ་ཆོས་ལྔ་པོ་འདི་ནི། འདིར་སྐྱེ་བའི་སྲིད་པ་ལ། སྔོན་བྱས་པའི་ལས་ནི་རྐྱེན་ནོ།། འདིར་སྐྱེ་མཆེད་ལ་སོགས་པ་རྣམས་ཡོངས་སུ་སྨིན་པས། མ་རིག་པ་དང་འདུ་བྱེད་དང་སྲེད་པ་དང་ཉེ་བར ་ལེན་པ་དང་སྲིད་པ་སྟེ་ཆོས་ལྔ་པོ་འདི་ནི། འདིར་ལས་ཀྱི་སྲིད་པ་ལྡེ་མ་འོངས་པའི་ཉིང་འཚམས་སྦྱོར་བའི་རྐྱེན་ནོ།། སླད་མའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རིག་པ་དང་ཚེར་བ་སྟེ་ཆོས ་ལྔ་པོ་འདི་ནི། མ་འོངས་པའི་སྐྱེ་བའི་སྲིད་པ་ལ། འདིར་བྱས་པའི་ལས་ནི་རྐྱེན་ནོ།། བཞི་པ་ལྔ་ནི་རྣམ་པ་ཉི་ཤུ་མིན་ནོ།། འཁོར་ལོ་ཅེས་པ་ནི་མ་རིག་པའི་རྐྱེན་ལས་འདུ་བྱེད་ཞེས་པ་ནས་སྐྱེ་བའི་རྐྱེན་ལས་རྒ ་ཤྲཱི་ཞེས་པའོ།། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བ་ཉིད་དོ།། དེ་བཞིན་དུ་ཡང་མ་རིག་པའི་རྐྱེན་ལས་འདུ་བྱེད་ཞེས་པ་ལ་སོགས་པའོ།། ཡང་དེ་བཞིན་དུ་སྟེ་རྟེན་འབྲེལ ་གྱི་འཁོར་ལོའི་རིམ་པ་མཐའ་མེད་པའོ།། ཚུལ་ལུགས་ཞེས་པ་ནི་ཚུལ་གཉིས་སྟེ་འདི་ལྟར། མ་རིག་པ་ལ་སོགས་པའི་ཚུལ་དང་། རྒ་ཤི་ལ་སོགས་པའི་ཚུལ་ལོ།། དེ་ལ་མ་རིག་པ་ལ་སོགས་པའི་ཚུལ་ནི། མ་རིག་པའི ་རྐྱེན་ལས་འདུ་བྱེད་དང་། ཇི་སྲིད་དུ་རྒ་ཤི་མྱ་ངན་དང་སྨྲེ་སྔགས་འདོན་པ་སྡུག་བསྔལ་ཡིད་མི་བདེ་བ་འཁྲག་ངལ་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ།། རྒ་ཤི་ལ་སོགས་པའི་ཚུལ་ནི། རྒ་ཤི་འགགས་པས་སྐྱེ་བ ་འགག། སྐྱེ་བ་འགགས་པས་སྲིད་པ་འགག་ཅེས་པ་ནས་འདུ་བྱེད་འགགས་པས་མ་རིག་པ་འགག་ཅེས་པའི་བར་དུའོ།། ཡང་ན་མ་རིག་པ་ལ་སོགས་པའི་ཚུལ་ནི། ཕྱི་མའི་མཐའ་ཡོངས་སུ་ཆང་བའི་སྒོ་སྟེ་མ་འོངས་པའི ་ཆཤས་ཤེས་པའི་ལམ་མོ།། རྒ་ཤི་ལ་སོགས་པའི་ཚུལ་ནི་སྔོན་གྱི་མཐའ་ཡོངས་སུ་ཆད་པའི་སྒོ་སྟེ་འདས་པའི་ཆ་ཤས་ཤེས་པའི་ལམ་མོ།། རྣམ་པར་དབྱེ་བ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས་ཏེ། ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་པ་ནི། མ་རིག་པའི་རྐྱེན་ལ་འདུ་བྱེད་ནས་འདི་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་པའི་བར་དུའོ།། ་འཇིག་རྟེན་ལས་འདས་པ་ཡང་བསྔལ་དང་། སྡུག་བསྔལ་གྱི་རྐྱེན་ལས་དད་པ་དང་། དད་པའི་རྐྱེན་ལས་མཆོག་ཏུ་དགའ་བ་དང་། མཆོག་ཏུ་དགའ་བའི་རྐྱེན་པས་དགའ་བ་དང་། དགའ་བའི་རྐྱེན་ལས་ཤིན་ཏུ་སྦྱངས་པ ་དང་ཤིན་ཏུ་སྦྱངས་པའི་རྐྱེན་ལས་བདེ་བ་དང་། བདེ་བའི་རྐྱེན་ལས་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྐྱེན་ལས་ཡང་དག་པ་ཇི་ལྟ་བའི་ཡེ་ཤེས་མཐོང་བ་དང་། ཡང་དག་པ་ཇི་ལྟ་བའི་ཡེ་ཤེས་མཐོང་བའི་རྐྱེན་ལས ་ཡིད་འབྱུང་བ་དང་། ཡིད་འབྱུང་བའི་རྐྱེན་ལས་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྐྱེན་ལས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་རྐྱེན་ལས་ཟད་པ་ཤེས་པའོ།། གཞན་དག་དུ་ཡང་གསུངས་པ། ་རྟེན་ཅིང་འབྲེལ་པ་འབྱུང་བ་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་དང་། ས་བོན་གྱི་རྒྱུ་ལས་བྱུང་བ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བ་དང་། ཐུན་མོང་གི་ལས་ཀྱི་རྒྱུ་ལས་བྱུང་བའོ།། ་དེ་ལ་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ནིམ་རིག་པའི་རྐྱེན་ལས་འདུ་བྱེད་ནས་འདི་དག་འབའ་ཞིག་གཱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབྱུང་བར་འགྱུ་རོ་ཞེས་པའི་བར་དུའོ།། ས་བོན་གྱི་རྒྱུ་ལས་བྱུང ་བ་ནི། ས་བོན་དང་མྱུ་གུ་ལ་སོགས་པའི་རྒྱུན་གྱི་ངོ་བོའོ།། མངོན་པར་འདུ་བྱེད་པ་ལས་བྱུང་བ་ནི་སྤྲུལ་པའི་གཟུགས་ལ་སོགས་པའོ།། ཐུན་མོང་གི་ལས་ཀྱི་རྒྱུ་ལས་བྱུང་བ་ནི་ས་དང་ཁ་བ་ཅན་དང་རྒྱ་མཚོ་དང ་ཟླ་བ་དང་ཉི་མ་ལ་སོགས་པའོ།། བསྡུ་བ་ཞེས་པ་ནི་བསྡུ་བ་རྣམ་པ་བཞི་ནི་འདི་ལྟར། ཕུང་པོས་བསྡུས་པ་དང་། སྐྱེ་མཆེད་ཀྱིས་བསྡུས་པ་དང་། ཁམས་ཀྱིས་བསྡུས་པ་དང་། བདེན་པས་བསྡུས་པའོ།། ། ་དེ་ལ་ཕུང་པོས་བསྡུས་པ་ནི་འདི་ལྟར། ཡན་ལག་དྲུག་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ།། འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རེག་པ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པའོ།། རྣམ་པར ་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོས་སྡུས་པའོ།། མིང་དང་གཟུགས་ནི་ཕུང་པོ་ལྔས་བསྡུས་པའོ།། སྐྱེ་མཆེད་དྲུག་ནི་གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་དག་གིས་བསྡུས་པའོ།། ཚོར་བའི་ཡན་ལག་ནི་ཚོར ་བའི་ཕུང་པོས་བསྡུས་པའོ།། སྐྱེ་བ་དང་རྒ་ཤྲི་ནི་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་གིས་བསྡུས་པའོ།། སྐྱེ་མཆེད་ཀྱིས་བསྡུས་པ་ནི་འདི་ལྟར་ཡན་ལག་དགུ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ།། འདི ་ལྟར། མ་རིག་པ་དང་། འདུ་བྱེད་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ།། རྣམ་པར་ཤེས་པའི་ཡན་ལག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས ་པའོ།། མིང་དང་གཟུགས་ནི་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དང་ཕྱི་རོལ་གྱི་སྐྱེ་མཆེད་ལྔས་བསྡུས་པའོ།། སྐྱེ་མཆེད་དྲུག་ནི་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་དྲུག་གིས་བསྡུས་པའོ། ཁམས་ཀྱིས་བསྡུས ་པ་ནི་འདི་ལྟར། ཡན་ལག་དགུ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའོ།། འདི་ལྟར། མ་རིག་པ་དང་། འདུ་བྱེད་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ།། རྣམ ་པར་ཤེས་པའི་ཡན་ལག་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པའོ།། མིང་དང་གཟུགས་ནི་ཁམས་བདུན་གྱིས་བསྡུས་པ་སྟེ། འདི་ལྟར། གཟུགས་ཁམས་དང་། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས ་རེག་བྱའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་སོ།། སྐྱེ་མཆེད་དྲུག་ནི་ཁམས་བཅུ་གཉིས་ཀྱིས་བསྡུས་པའི།། འདི་ལྟར། མིག་གི་ཁམས་ཀྱིས་དང་། རྣ་བའི་ཁམས་ཀྱིས་དང་། སྣའི་ཁམས་ཀྱིས་དང་། ་ལྕེའི་ཁམས་ཀྱིས་དང་། ལུས་ཀྱི་ཁམས་ཀྱིས་དང་། ཡིད་ཀྱི་ཁམས་ཀྱིས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱིས་དང་། སྣའི་རྣམ་པར་ཤེས་པའི་ཁམས་ཀྱིས ་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱིས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་སོ།། བདེན་པར་བསྡུ་བ་ནི་འདི་ལྟར། ཡན་ལག་གསུམ་ནི་ཀུན་འབྱུང ་གི་བདེན་པས་བསྡུས་པ་སྟེ། འདི་ལྟར། མ་རིག་པ་དང་། སྲེད་པ་དང་། ཉེ་བར་ལེན་པའོ།། ལྷག་མ་ཡན་ལག་དགུ་ནི་སྡུག་བསྔལ་གི་བདེན་པས་བསྡུས་པ་སྟེ། འདི་ལྟར། འདུ་བྱེད་དང་། རྣམ་པར་ཤེས་པ་དང་།། ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ།། འཇིག་རྟེན་ལས་འདས་པའི་རྟེན་ཅིང་འབྲེལ་པ་འབྱུང་བ་ལ། སྡུག་བསྔལ་ནི་བསྔལ་གྱི་བདེན་པས ་བསྡུས་པའོ།། ཡན་ལག་བཅུ་ནི་ལམ་གྱི་བདེན་པས་བསྔོས་པ་སྟེ། འདི་ལྟར། དད་པ་དང་། རབ་ཏུ་རངས་པ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་དང་། ཡང་དག་པ་ཇི་ལྟ་བའི་ཡེ་ཤེས་མཐོང་བ་དང་། ཡིད ་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བའོ།། ཟད་པ་ཤེས་པ་ནི་འགོག་པའི་བདེན་པས་བསྡུས་པའོ།། རྣམ་པ་དེ་ལྟ་བུ་རྣམས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་ཤེས་པ་སྐྱེད་པ་ནི། རྟེན ་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ།། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་སྤྲོས་པ་ལ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་གནས་བརྟན་པའི་སྡེ་པའི་ཚུལ་གྱི་རྟེན་ཅིང་འབྲེལ་པ་འབྱུང་བ ་རྣམ་པར་ངེས་པ་ཞེས་པ་ལེའུ་བཅུ་བཞི་པའོ།། །། འཕགས་པའི་བདེན་པ་ལ་མཁས་པ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་། འཕགས་པའི་བདེན་པ་ནི་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན ་འབྱུང་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པོར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ལྟར་ཡང ་བརྗོད་པར་བྱ་སྟེ། སྐྱེ་བ་ཡང་སྡུག་བསྔལ་དང་། རྒས་པ་ཡང་སྡུག་བསྔལ། འཆི་བ་ཡང་སྡུག་བསྔལ། མྱ་ངན་སྨྲེ་སྔགས་འདོན་པ་སྡུག་བསྔལ། ཡིད་མི་བདེ་བ་འཁྲུག་པ་ཡང་སྡུག་བསྔལ་ལོ།། མི་སྡུག་པ་དང་ཕྲད་པ་ཡང་སྡུག ་བསྔལ། སྡུག་བསྔལ་དང་བྲལ་བ་ཡང་སྡུག་བསྔལ་ལོ།། གང་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མོ་རྙེད་པ་དེ་ཡང་སྡུག་བསྔལ། མདོར་བསྡུས་པས་ཉེ་བར་ཡིན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ།། དེ་ལ་སྐྱེ་བ་ནི་སེམས་ཅན ་གྱི་རིས་རྣམས་ཀྱི་ཕུང་པོ་སྔར་མེད་པ་བྱུང་བའོ།། དེ་ཡང་སྡུག་བསྔལ་ཐམས་ཅད་ཉེ་བར་སོགས་པར་བྱེད་པས་སྡུག་བསྔལ་ལོ།། རྒ་བ་ནི་སྐྱེས་པའི་ཁམས་རྣམས་ཡོངས་སུ་སྨིན་པའོ།། དེའང་དམིགས་པ་དང་ཁ་དོག ་དང་བྱ་བ་དང་དབང་པོ་དང་དྲན་པ་དང་བྲོ་གྲོས་རྣམས་ཉམས་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ།། འཆི་བ་ནི་འཚོ་བ་དང་བྲལ་བ་སྟེ། དེ་ནི་འཇིགས་པ་ཆེན་པོ་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ།། མྱ་དྲནཱ་ནི་སྡུག ་བསྔལ་དུ་སྟོན་པའི་སེམས་ཡོངས་སུ་འཆང་བའོ།། དེ་ནི་ནང་དང་ཕྱི་རོལ་བསྲེག་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ།། སྨྲེ་སྔགས་འདོན་པ་ནི་སྡུག་བསྔལ་དུ་གྱུར་པའི་ངགས་གིས་བརྗོད་པའོ།། དེ་དག་ནི་ཕྱི་ནང་སྲེག ་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ།། སྡུག་བསྔལ་ནི་ལུས་ཀྱིས་ཏེ། དེ་ནི་ལུས་ཡོངས་སུ་མནར་བའི་དོན་གྱིས་བསྡུག་བསྔལ་ལོ།། ཡིད་མི་བདེ་བ་ནི་སེམས་ཀྱི་སྡུག་བསྔལ་ཏེ། སེམས་དེ་ཡོངས་སུ་གཟིར་བར ་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ།། འཁྲུག་ངལ་ནི་སྡུག་བསྔལ་དུ་གྱུར་པའི་འཇིགས་པ་རྒྱས་པ་སྟེ། དེ་ནི་ཀུན་ཏུ་རྨོངས་པར་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ།། མི་སྡུག་པ་དང་འཕྲང་པོ་ནི་མི་འདོད ་པའི་སེམས་ཅན་གྱི་འདུ་བྱེད་དང་མཉམ་དུ་འཚོགས་པ་སྟེ། དེ་སྡུག་བསྔལ་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ།། སྡུག་པ་དང་བྲལ་བ་ནི་འདོད་པའི་སེམས་ཅན་གྱི་འདུ་བྱེད་དང་བྲལ་བ་སྟེ། མྱ་དྲན་དང་སྨྲེ་སྔགས་འདོན་པར ་བྱེད་པའི་དོན་གྱི་སྡུག་བསྔལ་ལོ།། གང་འདོད་པ་མ་རྙེད་པ་ཞེས་པ་ནི་མི་འདོད་པ་དང་བྲལ་བ་དང་འདོད་པ་དང་ཕྲད་པ་དོན་དུ་གཉེར་བར་བྱེད་པ་ན་དེ་དག་མ་རྙེད་པ་སྟེ། དེ་ཡང་བསམ་པ་ཉམས་པའི་དོན་གྱིས་སྡུག་བསྔལ་ལོ།། ་མམདོར་བསྡུས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་དང་མི་ལྗོན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བསྡུས་ན་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་ལོ།། ། ་དེ་ལ་སྡུག་བསྔལ་རྣམ་པ་གཉིས་ནི་འདི་ལྟར། དངོསྡེ་པོ་སྡུག་བསྔལ་དང་། རང་བརྟགས་ཀྱི་སྡུག་བསྔལ་ལོ།། དེ་ལ་དངོས་པོ་ནི་སྐྱེ་བ་ཡང་སྡུག་བསྔལ་ཞེས་པ་ནས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི ་སྡུག་བསྔལ་ལོ་ཞེས་པའི་བར་དུའོ།། རང་བརྟགས་ཀྱི་སྡུག་བསྔལ་ནི། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ནི་སྡུག་བསྔལ་ལོ་ཞེས་པའོ།། ཡང་སྡུག་བསྔལ ་རྣམ་པ་གསུམ་ནི་འདི་ལྟར། སྡུག་བསྔལ་གྱི་སྡུག་བསྔལ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལོ།། དེ་ལ་ལུས་ཀྱི་དང་ངག་གི་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ།། ཟག་པ ་དང་བཅས་པའི་བདེ་བ་མྱོང་བ་དེའི་དངོས་པོ་ཡོངས་སུ་འགྱུར་བ་ནི་ཡོངས་སུ་འགྱུར་བའི་སྡུག་བསྔལ་ལོ།། ཉེ་བོར་ལེན་པའི་ཕུང་པོ་ལྔ་ན། འདུ་བྱེད་ཀྱི་སྡུག་བསྔལ་ལོ།། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བརྗོད ་དོ།། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། གང་སྲེད་པ་ཡང་སྲིད་པ་སྐྱེད་པར་བྱེད་པ་དགའ་བའི་ཆགས་པ་དང་ལྡན་པ་དེ་དང་དེ་རུ་མངོན་པར་དགེའ་བ་ཅན་ནོ།། དེ་དང་དེ་རུ་མངོན་པར་དགའ་བ་ཅན་ནི། གང ་དང་གང་དུ་བདག་གི་དངོས་པོ་མངོན་པར་འགྲུབ་པ་དེ་དང་དེ་རུ་མངོན་པར་དགའ་བའོ།། ཡང་ན་གྲང་དོང་གང་དུ་མཛའ་བའི་རླུང་བཞིན་ནེམ་བདེ་བའི་ངོ་བོ་ཡོད་པ་དེ་དང་དེ་རུ་མངོན་པར་དགའ་བའོ།། དེའང་རྣམ་པ་གསུམ་སྟེ་འདི ་ལྟར། འདོད་པའི་སྲེད་པ་དང་སྲིད་པའི་སྲིད་པ་དང་། སྲིད་བྲལ་གྱི་སྲེད་པའོ།། དེ་ལ་སྲིད་པའི་སྲེད་པ་དང་། སྲིད་བྲལ་གྱི་སྲེད་པ་དག་མ་གཏོགས་པ། སྲེད་པ་ཐམས་ཅད་ནི་འདོད་པའི་སྲེད་པའོ།། རྟག་པར་ལྟ་བ་དང་ལྡན ་པའི་སྲེད་པ་ནི་སྲིད་པའི་སྲིང་བའོ།། ཆད་པར་ལྟ་བ་དང་ལྡན་པའི་སྲེད་པ་ནི་སྲིད་བྲལ་གྱི་སྲེངད་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བརྗོད་དོ།། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང ་ཞེ་ན། གང་སྲེད་པ་དེ་ཉིད་མ་ལུས་པར་འདོད་ཆགས་དང་བྲལ་བ་དང་འགགས་པ་དང་སྤངས་པ་དང་ངེས་པར་སྤངས་པ་དང་། གྲོལ་བ་དང་གནས་མེད་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ ་ཞེས་བརྗོད་དོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཏེ། འདི་ལྟར། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག ་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ།། དེ་ལ་ཡང་དག་པའི་ལྟ་བ་ནི་བདེན་པ་བནི་ཡེ་ཤེས་པ ་ཡང་དག་པའི་རྟོག་པ་ནི་དགེ་བ་ལ་ཀུན་ཏུ་རྟོག་པའོ།། ཡང་དག་པའི་ངག་ནི་གང་དག་གི་ཉེས་པ་སྤྱོད་པ་བཞི་ལས་ལྡོག་པའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་ལས་ལྡོག་པའོ།། ཡང་དག ་པའི་འཚོ་བ་ནི་གང་ལོག་པའི་འཚོ་བ་ལས་ལྡོག་པའོ།། ཡང་དག་པའི་རྩོལ་བ་ནི་ཡང་དག་པའི་སྤོང་པོ་རྣམ་པ་བཞིའོ།། ཡང་དག་པའི་དྲན་པ་རྦ་ལ་བཞག་པ་བཞིའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ།། ཡང་ན ་གང་དེ་དག་འཕགས་པའི་ལམ་བསྒོམས་པ་ལས་མྱ་ངན་ལས་འདས་པ་ཡེ་ཤེས་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ།། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར་རྟོག་པ་ནི་ཡང་དག་པའི་རྟོག་པའོ།། དེ་ཉིད་ཀྱི་ལོག་པའི་ངག་སྤངས ་པབ་ནི་ཡང་དག་པའི་ངག་གོ།། དེ་ཉིད་ཀྱི་ལོག་པའི་ལས་ཀྱི་མཐའ་སྤངས་པ་ནི་ཡང་དག་པའི་ལས་ཀྱི་མཐའ་འོ།། དེ་ཉིད་ཀྱི་ལོག་པའི་འཚོ་བ་སྤངས་པ་ནི་ཡང་དག་པའི་འཚོ་བའོ།། དེ་ཉིད་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ།། ་མྱ་ངན་ལས་འདས་པ་དེ་ཉིད་ལ་དྲན་པ་ནི་ཡང་དག་པའི་དྲན་པའོ།། མྱ་ངན་ལས་འདས་པ་དེ་ཉིད་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ།། ཡང་ཤེས་རབ་ཀྱི་དབང་པོ་དང་ཤེས་ཀྱི་སྟོབས་དང་སྤྱོད་པའི་རྫུ་འཕྲུལ ་གྱི་རྐང་པ་དང་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་ལྟ་བའི་ནང་དུ་གཏོགས་པའོ།། བརྩོན་འགྲུས་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་སྟོབས་དང་བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པ་དང་འདུན་པ ་རྫུ་འཕྲུལ་གྱི་རྐང་པ་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་སྤོང་བ་བཞི་ནི་ཡང་དག་པའི་རྩོལྔ་བའི་ནང་དུ་གཏོགས་པའོ།། དྲན་པའི་དབང་པོ ་དང་དྲན་པའི་སྟོབས་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་དྲན་པ་ཉེ་བར་བཞག་པ་བཞི་ནི་ཡང་དག་པའི་དྲན་པའི་ནང་དུ་གཏོགས་པའོ།། ཏིང་ངེ་འཛིན་གྱི་དབང་པོ་དང་ཏིང་ངེ་འཛིན་གྱི་སྟོབས་དང་སེམས་ཀྱི་རྫུ་འཕྲུལ་རྐང་པ ་དང་། དད་པའི་དབང་པོ་དང་ངང་པའི་སྟོབས་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་ནང་དུ ་གཏོགས་པའོ།། དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ནང་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པར་འགྱུར་རོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བ་ལམ་འཕགས་པའི ་བདེན་པ་ཞེས་བརྗོད་དོ།། འདི་རྣམས་ནི་འཕགས་པའི་བདེན་པ་བཞི་རྣམས་སོ།། འདིས་སྨྲས་པ། འཕགས་པའི་བདེན་པ་བཞི་ཡིན་ཞིང་། གསུམ་མ་ཡིན། ལྔ་མ་ཡིན་པ་གང་ལས་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་དང་རྒྱ་བཞིའོ།། འདི་ལྟ་སྟེ། སྡུག་བསྔལ་ན་འཇིག་རྟེན་གྱི་འབྲས་བུའོ།། ཀུན་འབྱུང་ནི་འཇིག་རྟེན་གྱི་རྒྱུའོ།། འགོག་པ་ནི་འཇིག་རྟེན་ལས་འདས་པའི་འབྲས་བུའོ།། ལམ་ནི ་འཇིག་རྟེན་ལས་འདས་པའི་རྒྱུའོ།། དེས་ན་བཞིའོ།། ཡང་ན་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་དུ་བྱ་བ་དང་བསྒོམ་པར་བྱ་བ་དང་། བཞི་ཡིན་པས་བདེན་པ་བཞིའོ།། ཡང་ན་འཕགས་པའི་བདེན་པ ་བཞི་པོ་པ་རྣམས་ནི་རྣམ་པ་བཅུ་གཅིག་གིས་ཁྱད་པར་སོ་སོར་ཤེས་པར་བྱའོ།། འདི་ལྟར། ཚིག་གི་དོན་དང་། མཚན་ཉིད་དང་། གོ་རིམ་དོང་། མདོར་བསྡུ་བ་དང་། དཔེར་བྱ་བ་དང་། རྣམ་པར་དབྱེ་བ་དང་། བསྡོམ ་པར་བྱ་བ་དང་། གཅིག་ཉིད་དང་། སྣ་ཚོགས་པ་ཉིད་དང་། མཐར་ཚོགས་ཀྱིས་རྒྱས་པར་བསྟན་པ་དང་བསྡུ་བའོ།། དེ་ལ་ཚིག་གི་དོན་ནི་བཞི་ཞེས་པ་གྲངས་ནི་ཡོངས་སུ་ཆད་པའོ།། འཕགསོ་བའི་བདེན་པ ་ཞེས་པ་ནི་འཕགས་པས་བསྟན་པའི་བདེན་པ་ཡིན་པས་སམ། དེ་དག་མངོན་དུ་བྱས་པ་ལས་འཕགས་པར་འགྱུར་བས་སོ།། དེ་བཞིན་ཉིད་ཀྱི་ལ་ཡང་དེ་བཞིན་ཉིད་རང་གི་མཚན་ཉིད་ཀྱི་མི་སླུ་བའི་དོན་གྱིས་ན་འཕགས་པའི ་བདེན་པའོ།། སྡུག་བསྔལ་ཞེས་པ་ནི་མནར་བའི་དོན་གྱིས་སོ།། ཀུན་འབྱུང་ཞེས་པ་ནི་བསྐྱེད་པའི་དོན་གྱིས་སོ།། འགོག་པ་ཞེས་པ་ནི་རྗེས་སུ་འགོག་པའི་དོན་གྱིས་སོ།། ལམ་ཞེས་པ་ནི་དམ་པའི་དོན་གོམས་པར ་བྱེད་པས་སོ།། མཚན་ཉིད་ཞེས་པ་ནི་སྡུག་བསྔལ་ནི་ཉེས་པའི་མཚན་ཉིད་དང་། ཀུན་འབྱུང་ནི་རྒྱུའི་མཚན་ཉིད་དང་། འགོག་པ་ནི་མི་སྐྱེ་བའི་མཚན་ཉིད་དང་། ལམ་ཐབས་ཀྱི་མཚན་ཉིད་དོ།། ཡང་ན་སྡུག་བསྔལ་ནི་གཟིར་བའི ་མོཚན་ཉིད་དང་། ཀུན་ཏུ་གདུང་བའི་མཚན་ཉིད་དང་། འདུས་བྱས་ཀྱི་མཚན་ཉིད་དང་། ཡོངས་སུ་འགྱུར་བའི་མཚན་ཉིད་དོ།། ཀུན་འབྱུང་ནི་འཕེན་པར་བྱེད་པའི་མཚན་ཉིད་དང་། གཞིའི་མཚན་ཉིད་དང་། ཀུན་ཏུ་འཚོག ་པའི་མཚན་ཉིད་དང་། ཡོངས་སུ་སྦགས་པའི་མཚན་ཉིད་དོ།། འགོག་པ་ནི་ངེས་པར་འབྱུང་བའི་མཚན་ཉིད་དོ།། དབེན་པའི་མཚན་ཉིད་དང་། འདུས་མ་བྱས་ཀྱི་མཚན་ཉིད་དང་། མི་འཚོ་བའི་མཚན་ཉིད་དོ།། ་ལམ་ནི་ངེས་པར་འབྱིན་པར་བྱེད་པའི་མཚན་ཉིད་དང་། ཡང་དག་པར་ཐོབ་པར་བྱེད་པའི་མཚན་ཉིད་དང་། མཐོང་བའི་མཚན་ཉིད་དང་། ལྷག་པའི་བདག་པོའི་མཚན་ཉིད་དོ།། གོ་རིམ་ངེས་པ་ནི་རགས་པའི་དོན་གྱིས ་དང་། རྐྱེན་གྱི་དོན་གྱིས་དང་པོ་སྡུག་བསྔལ་བསྟན་ཏོ།། ས་ནི་སྡུད་བསྔལ་སྐྱེད་པར་བྱེད་པའོ།། ཞེས་གཉིས་པ་ཀུན་འབྱུང་བསྟན་པའོ།། ཀུན་འབྱུང་འདི་འགངས་པས་སྡུག་བསྔལ་འད་འགག་གོ་ཞེས ་གསུམ་པ་འགོག་པའི་བདེན་པ་བསྟན་ཏོ།། འདི་ནི་ཀུན་འབྱུང་འགོ་པའི་ཐབས་སོ་ཞེས་བཞི་པ་ལམ་གྱི་བདེན་པ་བསྟན་ཏོ།། དཔེར་ན་སྨན་པ་མཁས་པས་དང་པོ་ནད་ཤེས་པར་བྱེད། དེ་ནས་རད་ཀྱི་རྒྱུ་ཡོངས་སུ་ཚོལ་བ་དང ་དེ་ནས་ནད་བྱང་བ་དང་རྗེས་སུ་མཐུན་པའི་སྨན་སྟོན་པའོ།། དེ་ཁོ་ན་བཞིན་དུ་ཇི་ལྟར་ནད་དེ་ལྟར་བསྔལ་ལོ།། ཇི་ལྟར་ནད་ཀྱི་དེ་བཞིན་དུ་ཀུན་འབྱུང་ངོ་།། ཇི་ལྟར་ན་ནད་བྱང་བ་དེ་བཞིན་དུ་འགོག་པའོ།། ཇི་ལྟར་སྨན་དེ་བཞིན་དུ་ལམ་དུ ་བར་བྱའོ།། མདོར་བསྡུ་བ་ནི། འཇུག་པ་ནི་སྡུག་བསྔལ་ལོ།། འཇུག་པར་བྱེད་པ་ནི་ཀུན་འབྱུང་ངོ་།། ལྡོག་པ་ནི་འགོག་པའོ།། ལྡོག་པར་བྱེད་པ་ནི་ལམ་མོ།། ཉོན་མོངས་པའི་དངོས་པོ་ནི་སྡུག་བསྔལ་ལོ།། ཉོན་མོངས་པ་ནི་ཀུན ་འའབྱུང་ངོ་།། ཉོན་མོངས་པ་སྤངས་པ་ནི་འགོག་པའོ།། ཉོན་མོངས་པ་སྤོང་བའི་ཐབས་ནི་ལམ་མོ།། སྡུག་བསྔལ་རྣམ་པར་བཞག་པ་ནི་འཇིག་ཚོགས་ལ་ལྟ་བ་ཡང་དག་པར་འཇོམས་པའི་སྒོའོ།། ཀུན་འབྱུང་རྣམ་པར་བཞག་པའོ།། ། ་ནི་ཆད་པའི་ལྟ་བ་ཡང་དག་པར་འཇོམས་པའི་སྒོའོ།། འགོག་པ་རྣམ་པར་བཞག་པ་ནི་སྡུག་བསྔལ་ཐམས་ཅད་ཡང་དག་པར་འཇོམས་པའི་སྒོའོ།། ལམ་རྣམ་པར་བཞག་པ་ནི་བྱ་བ་མ་ཡིན་པའི་ལྟ་བ་ཡང་དག་པར་འཇོམས ་བའི་སྒོའོ།། དཔེར་བྱ་བ་ནི། དཔེར་ན་དུག་གི་སྡོང་པོ་བཞིན་དུ་སྡུག་བསྔལ་ལྟ་བར་བྱའོ།། དཔེར་ན་ས་བོན་བཞིན་དུ་ཀུན་འབྱུང་ངོ་།། དཔེར་ན་ས་བོན་བསྲེགས་པ་བཞིན་དུ་འགོག་པའོ།། དཔེར་ན་མེ་བཞིན་དུ་ལམ་བལྟ་བར་བྱའོ།། ་དཔེར་ན་ཚུ་རོལ་ཏུ་དོག་པ་དང་བཅས་པ་དང་འཇིགས་པ་དང་བཅས་པ་བཞིན་དུ་སྡུག་བསྔལ་ལྟ་བར་བྱའོ།། དཔེར་ན་ཆུ་བོ་བཞིན་དུ་ཀུན་འབྱུང་ངོ་།། དཔེར་ན་ཕ་རོལ་འགྲམ་ན་འཇིགས་པ་མེད་པ་བཞིན་དུ་འགོག་པའོ།། དཔེར ་ན་གྲུ་ལ་སྒྲོལ་པ་བཞིན་དུ་སུམ་དུ་བལྟའོ།། དཔེར་ན་ཁུར་ཁུར་བ་བཞིན་དུ་སྡུག་བསྔལ་ལྟའོ།། དཔེར་ན་ཁུ་ར་ལེན་པ་བཞིན་དུ་ཀུན་འབྱུང་ངོ་།། དཔེར་ན་ཁུར་བོར་བ་བཞིན་དུ་འགོག་པའོ།། དཔེར་ན་ཁུར་བོར་བའི་ཐབས་བཞིན་དུ ་ལམ་བལྟ་བར་བྱའོ།། རྣམ་པར་དབྱེ་བ་ཞེས་པ་ནི་བདེན་པ་ནི་རྣམ་པ་བཞི་སྟེ། འདི་ལྟར་ངག་བྱངན་པ་དང་། སོ་སོར་བདེན་པ་དང་། དོན་དམ་པའི་བདེན་པ་དང་། འཕགས་པའི་བདེན་པའོ།། དེ་ལ་བདེན་པ་ཁོ་ན ་སྨྲ་ཞིང་མི་བདེན་པ་ནི་མ་ཡིན་ནོ་ཞེས་པ་ནི་ངག་བདེན་པའོ།། ལྟེ་བར་སོང་བ་ནི་སོ་སོར་བདེ་པའོ།། དེ་ནི་དགེ་སློང་གང་རྫུན་དང་རྨོངས་པའི་ཆོས་དེ་དག་ནི་མི་བདེན་པའོ།། གང་རྨོངས་པ་མེད་པའི་ཆོས་དེ་ནི་མྱ་དྲན ་མེས་འདས་པ་ཞེས་པ་ནི་དོན་དམ་པའི་བདེན་པའོ།། འཕགས་པ་རྣམས་ཀྱི་བསྒོམ་པར་བྱ་བ་ཡིན་པས་ཞེས་པ་ནི་འཕགས་པའི་བདེན་པའོ།། འདིར་ནི་འཕགས་པའི་བདེན་པ་ལ་མངོན་པར་འདོད་པའོ།། བོ་སྡོམ ་པར་བྱ་བ་ནཱ་སྲེད་པ་མ་གཏོགས་པའོ།། འདོད་པ་གཟུགས་དང་གཟུགས་མེད་པའི་ས་གསུམ་གྱི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་ཆོས་རྣམས་ནི་སྡུག་བསྔལ་བདེན་པའོ།། སྲེད་པ་ནི་ཀུན ་འབྱུང་བ་དེན་པའོ།། སྲེད་པ་སྤངས་པ་ནི་འགོག་པའི་བདེན་པའོ།། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་གྱི་བདེན་པའོ།། ཚུལ་གཞན་ཡང་སྲེད་པ་དང་ལྷག་མའི་ཉོན་མོངས་པ་ནི་མ་གཏོགས་ཏེ། འདོད་པ ་ལ་སོགས་པའི་ས་གསུམ་གྱི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ནི་སྡུག་བསྔལ་བདེན་པའོ།། སྲེད་པ་དང་ལྷག་མ་ཉོན་མོངས་པ་ནི་ཀུན་འབྱུང་བདེན་པའོ།། སྲེད་པ་དང་ལྷག་མ་ཉོན་མོངས ་པ་དག་སྤངས་པ་ནི་འགོག་པའོ།། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་གྱི་བདེན་པའོ།། ཡང་ཚུལ་གཞན། སྲེད་པ་དང་ལྷག་མའི་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅང་མ་གཏོགས་ཏེ། ས་གསུམ ་གྱི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ནི་སྡུག་བསྔལ་གྱི་བདེན་པའོ།། སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་ནི་ཀུན་འབྱུང་བདེན་པའོ།། སྲེད་པ་ལ་སོགས་པ་རྣམས་སྤངས་པ་ནི། ་འགོག་པའོ།། ལམ་གྱི་བདེན་པ་དེ་ཉིད་དོ།། ཚུལ་གཞན་སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་དང་ས་གསུམ་གྱི་དགེ་བ་རྣམས་མ་གཏོགས་ཏེ། ས་གསུམ་གྱི་ལུང་མ ་བསྟན་གྱི་ཆོས་ནི་སྡུག་བསྔལ་གྱི་བདྲེན་པའོ།། སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་དང་ས་གསུམ་གྱི་དགེ་བ་ནི་ཀུན་འབྱུང་ངོ་།། སྲེད་པ་ལ་སོགས་པ་སྤངས་པ་ནི་འགོག་པའི་བདེན་པའོ།། ་ལམ་གྱི་བདྲེན་པ་ནི་དེ་ཉིད་དོ།། དེ་ལ་སྲིད་པའི་རོ་མྱང་བ་དོན་དུ་གཉེར་བ་གཙོ་བོར་གྱུར་པའི་དོན་གྱིས་སྲེད་པ་ནི་ཀུན་འབྱུང་ངོ་།། སྲིད་པར་ཀུན་ཏུ་སྦྱོར་བ་གཙོ་བོར་གྱུར་པའི་དོན་གྱིས་ལྷག་མ་ཉོན་མོངས་པ་ནི་ཀུན་འབྱུང་ངོ་།། སྤང ་བར་བྱ་བའི་དོན་གྱི་ས་དང་སྲིད་པ་ཀུན་ཏུ་སྦྱོར་བའི་དོན་གྱིས་མི་དགེ་བ་ཐམས་ཅད་ནི་ཀུན་འབྱུང་ངོ་།། སྲིད་པ་བསྐྱེད་པའི་དོན་གྱིས་ས་གསུམ་གྱི་དགེ་བའི་ཆོས་རྣམས་ཀུན་འབྱུང་ངོ་།། དེས་ན་སྲེད་པ་དང་ལྷག་མ་ཉོན་མོངས་པ་དང ་མི་དགེ་བ་ཐམས་ཅད་དང་ས་གསུམ་གྱི་དགེ་པ་རྣམས་ནི་སྡུག་བསྔལ་གྱི་བདེན་པར་འགྱུར་ཏེ། མན་རཱ་བ་དང་ཀུན་ཏུ་གདུང་བ་དང་འདུས་བྱས་དང་ཡོངས་སུ་འགྱུར་བའི་མཚན་ཉིད་ཡིན་པའི་ཕྱིར། སྲེད་པ་ལ་སོགས་པ་དེ་ཉིད་ཀུན ་འབྱུང་གི་བདེན་པར་འགྱུར་ཏེ། སྡུད་པར་བྱེད་པ་དང་ལེན་པ་དང་སྦགས་པ་ཀུན་ཏུ་སྦྱོ་ར་བའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཅིག་པ་ཉིད་ནི། འཕགས་པའི་བདེན་པ་བཞི་ནི། རྣམ་པ་བཞིས་གཅིག་པ་ཉིད་ཏེ། འདི་ལྟར ་བདེན་པའི་དོན་གྱིས་དང་། དེ་བཞིན་གྱི་དོན་གྱིས་དང་། ཆོས་ཀྱི་དོན་གྱིས་དང་། རིགས་པའི་དོན་གྱིས་སོ།། སྣ་ཚོགས་པ་ཉིད་ནི། བདེན་པ་གཉིས་ནི་འཇིག་རྟེན་པ་དང་། ཟག་པ་དང་བཅས་པ་དང་། ཀུན་ཏུ་སྦྱོར་བ་དང་། ་མདུད་པར་བྱ་བ་དང་། རྒྱུན་ཟླ་བ་དང་། སྦྱོར་བར་བྱ་བ་དང་། སློབ་པར་བྱ་བ་དང་། མཆོག་ཏུ་དཔྱོང་བ་དང་། སྐྱེ་བར་ལེན་པ་དང་། ཉོན་མོངས་པ་ཅན་ཏེ། འད་ལྟར།། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བ་ས ་བཅོ།། བདེན་པ་གཉིས་ནི་འཇིག་རྟེན་ལས་འདས་པ་དང་། ཟག་པ་མེད་པ་དང་། ཀུན་ཏུ་སྦྱོར་བ་མ་ཡིན་པ་དང་། བཅིང་པོར་བྱ་བ་མ་ཡིན་པ་དང་། རྒྱུན་རྒྱུ་བ་མ་ཡིན་པ་དང་། སྦྱར་བྱ་མ་ཡིན་པ་དང་། བསྒྲིབ་པར་བྱ་བ་མ་ཡིན་པ་དང་།། ་མཆོག་ཏུ་དཔྱད་བྱ་མ་ཡིན་པ་དང་། ཉེ་བར་ལེན་པ་མ་ཡིན་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་སྟེ། འདི་ལྟར། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ།། བདེན་པ་གསུམ་ནི་འདུས་བྱས་སོ།། འགོག་པ་ནི་འདུས་མ ་བྱས་སོ།། བདེན་པ་གསུམ་ནི་གཟུགས་ཅན་མ་ཡིན་པ་དང་། སྡུག་བསྔལ་གྱི་བདེན་པ་ནི་གཟུགས་དང་གཟུགས་མ་ཡིན་པའོ།། ཀུན་འབྱུང་གི་བདེན་པ་ནི་མི་དགེ་བའོ།། དགེ་བ་ནི་ལམ་གྱི་བདེན་པའོ།། ལུང་དུ་མ་བསྟན་པ་ནི ་འགོག་པའི་བདེན་པའོ།། དགེ་པ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པའོ།། སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་སྔོན་དུ་བྱ་བ་དང་། ལམ་བསྒོམ་པར ་བྱ་བའོ།། མཐར་ཆགས་ཀྱིས་རྒྱས་པར་བཤད་པ་ནི། རྣམ་པ་གཅིག་གིས་ནི་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ནི་སྡུག་བསྔལ་ལོ།། ངའོ་སྙམ་པའི་ང་རྒྱལ་ནི་ཀུན་འབྱུང་ངོ་།། ངའོ་སྙམ་པའི་ང་རྒྱལ་སྤངས་པ་ནི་འགོག ་བའོ།། ལུས་སུ་གཏོགས་པ་དྲན་པ་ནི་ལམ་མོ།། རྣམ་པ་གཉིས་ཀྱིས་ནི་མིང་དང་གཟུགས་ངག་ནི་སྡུག་བསྔལ་ལོ།། མ་རིག་པ་དང་སྲེད་པ་ནི་ཀུན་འབྱུང་ངོ་།། དེ་དག་སྤངས་པ་ནི་ལོགག་པའོ།། ཞི་གནས་དང་ལྷག་མཐོང་ནི་ལམ་མོ།། ་རྣམ་པ་གསུམ་གྱི་ནི། སྡུག་བསྔལ་གསུམ་ནི་སྡུག་བསྔལ་བདེན་པའོ།། མི་དགེ་བའི་རྩ་བ་གསུམ་ནི་ཀུན་འབྱུང་བདེན་པའོ།། དེ་རྣམས་སྤངས་པ་ནི་འགོག་པའོ།། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ནི་ལམ་མོ།། རྣམ་པ ་བབཞིས་ནི། བདག་གི་ངོ་བོའི་དངོས་པོ་བཞི་ནི་སྡུག་བསྔལ་ཏེ། འདི་ལྟར། སྐྱེ་བའི་སྡུག་བསྔལ་དང་། གེ་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་ལོ།། ཕྱིན་ཅི་ལོག་བཞི་ནི་ཀུན་འབྱུང་ངོ་།། དེ ་རྣམས་སྤངས་པ་ནི་འགོག་པའོ།། དྲན་པ་ཉེ་བར་བཞག་པ་བཞི་ནི་ལམ་མོ།། རྣམ་པ་ལྔས་ནི། འགྲོ་བ་ལྔ་ནི་སྡུག་བསྔལ་ལོ།། སྒྲིབས་པ་ལྔ་ནི་ཀུན་འབྱུང་ངོ་།། དེ་རྣམས་སྤངས་པ་ནི་འགོག་པའོ།། དབང་པོ་ལྔ་ནི་ལམ་མོ།། ་རྣམ་པ་དྲུག་གིས་ནི་རེག་པའི་སྐྱེ་མཆེད་དྲུག་ནི་བསྔལ་ལོ།། འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ་ཡིད་ཀྱི་འདུས་ཏེ་རེག་པའོ།། སྲེད་པའི་ཚོགས་ནི་ཀུན་འབྱུང་ངོ་།། གཟུགས་ཀྱི་སྲེད་པ་དང་། སྒྲའི་སྲེད་པ་དང་། དྲིའི་སྲེད་པ་དང་། རོའི་སྲེད་པ་དང་། རེག་བྱའི་སྲེད་པ་དང་། ཆོས་ཀྱི་སྲེད་པའོ།། དེ་རྣམས་སྤངས་པ་ནི་འགོག ་པའོ།། ཀུན་ཏུ་ཆགས་པར་བྱ་བའི་ཆོས་དྲུག་ནི་ལམ་མོ།། དེ་ལ་ཀུན་ཏུ་ཆགས་བྱའི་ཆོས་དྲུག་ནི་འདི་ལྟར། ནང་གི་ཆོས་ལ་ཆོས་རྗེས་སུ་ལྟ་ཞིང་གནས་པ་འདི་ནི་ཀུན་ཏུ་ཆགས་པར་བྱ་བའི་ཆོས་དང་པོའོ།། དེ་བཞིན་དུ་ཕྱི་རོལ ་ལམ། དེ་ཁོ་ན་བཞིན་དུ་ཕྱི་ནང་ངམ། ཀུན་ཏུ་སྐྱེ་བོ་ལ་རྗེས་སུ་ལྟ་བ་འམ་ཆོས་ལ་ཆོས་དང་མཐུན་པར་བལྟ་ཞིང་གནས་པའོ།། དེ་བཞིན་དུ་འགག་པའི་ཆོས་ལ་རྗེས་སུ་ལྟ་བ་འམ། དེ་བཞིན་དུ་སྐྱེ་བོ་དང་འགག་པ་ལ་རྗེས་སུ་ལྟ་ཞིང ་གནས་པ་ནི་ཀུན་ཏུ་ཆགས་པར་བྱ་བའི་ཆོས་དྲུག་པའོ།། རྣམ་པ་བདུན་གྱིས་ནི། རྣམ་པར་ཤེས་པའི་གནས་པ་བདུན་ནི་སྡུག་བསྔལ་ལོ།། སེམས་ཅན་ལུས་ཐ་དད་ལ་འདུ་ཤེས་ཐ་དད་པ་ཡོད་དོ་ཞེས་པ་ནི་རྣམ་པར་ཤེས་པའི་གནས་པ་དང ་པོའོ།། སེམས་ཅན་ལུས་ཐ་དད་ལ་འདུ་ཤེས་ཅིག་པ་ཉིད་ཡོད་དོ་ཞེས་པ་འདི་ནི་གཉིས་པའོ།། སེམས་ཅན་ལུས་ཅིག་ཉིད་ཡིན་ལ་འདུ་ཤེས་ཐ་དད་པ་ཡོད་པ་འདི་ནི་གསུམ་པའོ།། སེམས་ཅན་ལུས་གཅིག་ལ་འདུ་ཤེས་གཅིག་པ་ཡོད་དོ། ་ཞེས་པ་ནི་བཞི་པའོ།། གཟུགས་མེད་པ་རུ་ན་མཁའི་འདུ་ཤེས་འདི་ནི་ལྔ་པའོ།། རྣམ་ཤེས་ཀྱི་འདུ་ཤེས་འདི་ནི་དྲུག་པའོ།། ཅི་ཡང་མེད་པའི་འདུ་ཤེས་ནི་བདུན་པའོ།། བགྲ་ལ་ཉལ་བདུན་ནི་ཀུན་འབྱུང་སྟེ། འདི་ལྟར། ་འདོད་པའི་འདོད་ཆགས་བག་ལ་ཉལ་དང་། ཁོང་ཁྲོ་བག་ལ་ཉལ་དང་།། ང་རྒྱལ་བག་ལ་ཉལ་དང་། ལྟ་བ་བག་ལ་ཉལ་དང་། ཐེ་ཚོམ་བག་ལ་ཉལ་དང་། སྲིད་པའི་ཆགས་པ་བག་ལ་ཉལ་དང་། མ་རིག་པ་བག་ལ་ཉལ་ལོ།། ། ་དེ་དག་སྤངས་པ་ནི་འགོག་པའོ།། བྱང་ཆུབ་ཡན་ལག་བདུན་ནི་ལམ་མོ།། རྣམ་པ་བརྒྱད་ཀྱིས་ན། འཇིག་རྟེན་ཆོས་བརྒྱད་ནི་སྡུག་བསྔལ་ལོ།། ལྡོག་པ་བརྒྱད་ནི་ཀུན་འབྱུང་ངོ་།། འདི་ལྟར། ལོག་པའི་ལྟ་བ་དང་། ལོག་པའི་རྟོག་པ་དང་། ལོག ་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ།། དེ་རྣམས་སྤངས་པ་ནི་འགོག་པའོ།། ཡང་དག་པ་བརྒྱད་ནི་ལམ་མོ།། འདི ་ལྟར། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང ་ངེ་འཛིན་ཏོ།། རྣམ་པ་དགུ་ནི། སེམས་ཅན་གྱི་གནས་དགུ་ནི་སྡུག་བསྔལ་ལོ།། འདི་ལྟར། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་ནི། འདི་ལྟར་མི་རྣམས་དང་ལྷ་ཁྱུ་ཅིག་གོ། འདི་ནི་སེམས་ཅན་གྱི་གནས་དང་པོའོ།། ལུས་གཅིག་ལ ་འདུ་ཤེས་ཐ་དད་པ་ནི་འདི་ལྟར། ཚངས་རིས་ཀྱི་ལྷ་དང་པོར་བྱུང་བ་རྣམས་སོ།། འདི་ནི་གཉིས་པའོ།། ལུས་ཐ་དད་ལ་འདུ་ཤེས་ཅིག་པ་ནི་འདི་ལྟར། འོད་གསལ་གྱི་ལྷ་རྣམས་སོ།། འདི་ནི་གསུམ་པའོ།། ལུས་ཅིག་ལ་འདུ་ཤེས་ཅིག ་པ་ནི། འདི་ལྟར། དགེ་རྒྱས་ཀྱི་ལྷ་རྣམས་སོ།། འདི་ནི་བཞི་པའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད ་དང་། འདུ་ཤེས་མེད་པའི་སེམས་ཅན་ཏེ། སེམས་ཅན་གྱི་གནས་དགུའོ།། སྲེད་པ་རྩ་བ་ཅན་རྒྱ་ཆོས་དགུ་ནི་ཀུན་འབྱུང་སྟེ། འདི་ལྟར། དེ་དག་སྦྱངས་པ་ནི་འགོག་པའོ།། ཚུལ་བཞིན་ཡད་ལ་བྱུང་བའི་རྩ་བ་ཅན ་གྱི་ཆོས་དགུ་ནི་ལམ་སྟེ། འདི་ལྟར། རྣམ་པ་བཅུས་ནི། ཕྱོགས་བཅུའི་འདུ་བྱེད་རྣམས་ནི་སྡུག་བསྔལ་ལོ།། ཀུན་ཏུ་སྦྱོར་བ་བཙུན་ཀུན་འབྱུང་སྟེ། འདི་ལྟར། འདོད་པའི་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བ་ཀུན་ཏུ ་སྦྱོར་བ་དང་། ང་རྒྱལ་ཀུན་ཏུ་སྦྱོར་བ་དང་། ལྟ་བ་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་ཀུན་ཏུ་སྦྱོར་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཀུན་ཏུ་སྦྱོར་བ་དང་། སྲིད་པའི་ཆགས་པ་ཀུན་ཏུ་སྦྱོར་བ་དང་། ཕྲག་དོག་ཀུན ་སྦྱོར་བ་དང་། སེར་སྣ་ཀུན་ཏུ་སྦྱོར་བ་དང་། མ་རིག་པོ་ཀུན་ཏུ་སྦྱོར་བའོ།། དེ་དག་སྤོངས་པོ་ནི་འགོག་པའོ།། འདུ་ཤེས་བཅུ་ནི་ལམ་མོ།། འདི་ལྟར། མི་རྟག་པོའི་འདུ་ཤེས་དང་། དོན་མེད་པའི་འདུ་ཤེས་དང་། མི་སྡུག་པའི་འདུ ་ཤེས་དང་། སྐྱོན་དང་བཅས་པའི་འདུ་ཤེས་དང་། སྲོག་ཆགས་ཀྱི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་དགའ་བ་མ་ཡིན་པའི་འདུ་ཤེས ་དང་། འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་འདུ་ཤེས་དང་བཅུའོ།། ཇི་ལྟར་བསྡུག་ན། བསྡུ་བ་རྣམ་པ་གསུམ་སྟེ། ཕུང་པོར་བསྡུ་བ་དང་། སྐྱེ་མཆེད་དུ་བསྡུ་བ་དང་། ་ཁམས་སུ་བསྡུ་བའོ།། དེ་ལ་སྡུག་བསྔལ་བདེན་པ་ནི་ཕུང་པོ་ལྔས་སྡུས་པའོ།། ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ།། འགོག་པའི་བདེན་པ་ནི་ཕུང་པོས་བསྡུས་པ་མ་ཡིན་པའོ།། སྡུག་བསྔལ་གྱི་བདེན་པ་ནི་སྐྱེ ་མཆེད་བཅུ་གཉིས་ཀྱིས་བསྡུས་པའོ།། བདེན་པ་གསུམ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ།། སྡུག་བསྔལ་གྱི་བདེན་པ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་པ་ཉིད་དོ།། བདེན་པ་གསུམ་ནི་ཆོས་ཀྱིས་བསྡུས་པའོ།། གང་དེ་རྣམས་ཀྱིས ་འཕགས་པའི་བདེན་པ་ལ་མཁས་པའི་ཤེས་པ་སྐྱེས་པ་ནི་འཕགསོ་པའི་བདེན་པ་ལ་མཁས་པ་ཞེས་བརྗིད་ངོ་།། འབྲས་བུ་སྙོམས་པར་འཇུག་པ་བརྗོད་པར་བྱ་སྟེ། མཚན་མའི་འདུ་བྱེད་ཐམས་ཅད་ལས་འདས་ཏེ། མྱ་ངན་ལས་འདས ་པ་དམིགས་པར་བྱས་ནས་རིགས་སྤྱོད་ཡེ་ཤེས་སྐྱེའོ།། དེ་ལ་དོན་གང་གིས་རིགས་སྦྱོང་ཞེ་ན། བརྗོད་པར་བྱ་སྟེ། སོ་སོ་སྐྱེ་བོའི་ཆོས་རྣམས་ཟིལ་གྱིས་གནོན་པས་རིགས་སྦྱོང་ངོ་།། རིགས་ནི་བརྗོད་པར་བྱ་སྟེ། མྱ་ངན་ལས ་འདས་པ་སྟེ། དེ་དོག་ཟ་བར་བྱེད་པོས་རིགས་སྦྱོང་ངོ་།། ཆོས་མངོན་པ་ལས་གསུངས་པ། སྐྱེ་བ་རྣམས་ཟིལ་གྱིས་གནོན་པོ་འདི་ནི་རིགས་སྤྱོད་།། མི་སྐྱེ་བ་ཟ་བ་འདི་ནི་རིགས་ཟའོ།། མཚན་མར་འཇུག་པ་རྣམས་ཟིལ་གྱིས ་གནོན་པ་འདི་ནི་རིགས་ཟའོ།། མཚན་མར་འཇུག་པ་མ་ཡིན་པ་བགྲོད་པ་འདི་ནི་རིགས་ཟའོ།། དང་པོ་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་དང་ལྡང་འཇུག་གི་ཤེས་རབ་ནི་རིགས་སྤྱོད་ཡེ་ཤེས་སོ།། རིགས་ཟ་ཡེ་ཤེས་ངེས ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམས་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འཁོར་དང་བཅས་པ་ཐམས་ཅད་དང་ལྷན་ཅིག་ཏུ་རྒྱུན་ཏུ་ཞུགས ་པའི་ལམ་ཤེས་པ་སྐྱེའོ།། དེའི་ཚེ་དེས་སྲིད་པའི་མཐར་ཐུག་པ་འདུས་མ་བྱས་འཆི་མེད་ཀྱི་བདུད་རྩིའི་དབྱིངས་སུ་མཐོང་ངོ་།། མཐོང་བའི་སྟོད་ཅིག་དེ་ལ་ཡེ་ཤེས་འདིས་སྔོན་མ་ཡིན་ཅིང་ཕྱིས་མ་ཡིན་པ་བདེན་པ་བཞི་མངོན་དུ་རྟོག་སོ།། ། ་འདི་ལྟ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པའི་མངོན་པར་རྟོགས་པ་དང་། ཀུན་འབྱུང་སྤངས་པའི་མངོན་པར་རྟོགས་པ་དང་། འགོག་པ་མངོན་དུ་བྱས་པའི་མངོན་པར་རྟོགས་པ་དང་། ལམ་བསྒོམས་པའི་མངོན་པར་རྟོགས་པའོ།། ། ་འདིར་གྲུ་དཔེར་བསྟན་པ་ནི། འདི་ལྟར། ཆུ་ལ་གྲུ་སྤྱོད་པའི་སྐད་ཅིག་ལ། སྔོན་མ་ཡིན་ཕྱིས་མ་ཡིན་པའི་བྱ་བ་བཞི་བྱེད་ཏེ། འདི་ལྟར། ཚུ་རོལ་གྱི་འགྲམ་འདོར་བ་དང་། ཆུའོ་གཅོད་པ་དང་། ཕ་རོལ་འགྲམ་ཐོབ་པ ་དང་སྣོད་རྣམས་བསྐྱོད་པའོ།། དེ་བཞིན་དུ་གྲངས་བཞིན་དུ་སྡུག་བསྔལ་ཡོངས་སུ་ཤེས་པའི་མངོན་རྟོགས་དང་། ཀུན་འབྱུང་སྤངས་པའི་མངོན་རྟོགས་དང་། འགྲོག་པ་མངོན་དུ་བྱས་པའི་མངོན་རྟོགས་དང ་ལམ་བསྒོམས་པའི་མངོན་རྟོགས་སོ།། ཡང་སྒྲོན་མེའི་དཔེ་བསྟན་ཏེ། འདི་ལྟར། སྒྲོན་མ་བྱུང་བའི་སྐད་ཅིག་ལ་ལྷན་ཅིག་དུ་སྔོན་མཱིཿསཱི་བྱ་བ་བཞི་བྱེད་དེ་འདི་ལྟར། སྡོང་བུ་བསྲེག་པ་དང་། མུན་པ ་སེལ་བ་དང་། སྣུམ་ཟད་པ་དང་། སྣང་བ་སྟོན་པའོ།། དེ་ལྟར་གྲངས་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ཀྱི་ཡོངས་སུ་ཤེས་པའི་མངོན་པར་རྫོགས་པ་ལ་སོགས་པ་བཞིའོ།། ཡང་ཉི་མའི་དཔེ་བསྟན་ཏེ། ་འདི་ལྟར། ཧཱི་མི་ཤར་བའི་སྐད་ཅིག་ལ་ལྷན་ཅིག་དུ་སྔོན་མིན་ཕྱིས་མིན་གྱི་བྱ་བ་བཞི་བྱེད་དེ། འདི་ལྟར། གཟུགས་སུ་རྟོགས་པ་རྣམས་སྟོན་པ་དང་། མུན་པའི་རྣམ་པ་འཇོམས་པ་དང་། བསིལ་བ་འགོག་པར་བྱེད་པ་དང་། སྣང ་བ་སྟོན་པར་བྱེད་པའོ།། དེ་བཞིན་དུ་གྲངས་བཞིན་དུ་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམས་ཀྱི་ཡོངས་སུ་ཤེས་པའི་མངོན་པར་རྟོགས་པ་ལ་སོགས་པ་བཞིའོ།། དེ་ལ་བདེན་པ་མངོན་པར་རྟོགས་པ་འདི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། ་འཕགས་པའི་བདེན་པ་བཞི་པོ་རྣམས་སྐད་ཅིག་ལ་མཉམ་དུ་རྟོགས་པ་བདེན་པ་མངོན་པར་རྟོགས་པ་ཞེས་བརྗོད་དོ།། དེའི་དུས་སུ་ལམྦྷ་དེ་དང་ལྡན་པ་ལ། བདག་པོའི་དོན་གྱིས་དབང་པོ་རྣམས་ཡང་དག་པར་ངེས་པར་ཉེ་བར་ལྡན ་པར་འགྱུར་རོ།། མི་བསྐྱོད་པའི་དོན་གྱིས་སྟོབས་དང་། ངེས་པར་འབྱིན་པའི་དོན་གྱིས་བྱང་ཆུབ་ཡན་ལག་དང་། རྒྱུའི་དོན་གྱིས་ལམ་གྱི་ཡན་ལག་དང་། ཉེ་བར་གནས་པའི་དོན་གྱིས་དྲན་པ་ཉེ་བར་བཞག་པ་དང་། གཙོ་བོའི་དོན ་གྱིས་ཡང་དག་པའི་སྤོང་བ་དང་། འབྱོར་པའི་དོན་གྱིས་རྫུ་འཕྲུལ་རྐང་པ་དང་། དེ་ལྟ་བུ་དོན་གྱིས་བདེན་པ་དང་། གཡེང་བ་མེད་པའི་དོན་གྱིས་ཞི་གནས་དང་། རྗེས་སུ་མཐོང་བའི་དོན་གྱིས་ལྷག་མཐོང་དང་། དེ་དག་ལས ་མེ་འདའ་བས་ཟུང་དུ་འཇུག་པའོ།། སྡོམ་པ་ཡིན་པའི་དོན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་དང་། མི་གཡེང་བའི་དོན་གྱིས་སེམས་རྣམ་པར་དག་པ་དང་། མཐོང་བའི་དོན་གྱིས་ལྟ་བ་རྣམ་པར་དག་པ་དང་། གྲོལ ་བའི་དོན་གྱིས་རྣམ་པར་ཐར་པ་དང་། མངོན་དུ་བྱེད་པའི་དོན་གྱིས་རེག་པ་དང་། ཡོངས་སུ་བཏང་བའི་དོན་གྱིས་རྣམ་པར་གྲོལ་བ་དང་། ཀུན་ཏུ་ཆད་པའི་དོན་གྱིས་ཟད་པ་ཤེས་པ་དང་། རྩ་བ་ཡིན་པའི་རྔོན་གྱིས་འདུན་པ་དང་། ཀུན་ནས ་ལྡང་བའི་དོན་གྱིས་ཡིད་ལ་བྱེད་པ་དང་། ཡང་དག་པར་འཕྲད་པའི་དོན་གྱིས་རེག་པ་དང་། ཡང་དག་པར་གཞོལ་བའི་དོན་གྱིས་ཚོར་བ་དང་། མངོན་དུ་ཕྱོགས་པའི་དོན་གྱིས་ཏིང་ངེ་འཛིན་དང་། བདག་པོའི་དོན་གྱིས་དྲན་པ་དང་། བར་མེད་པའི་དོན ་གྱིས་ཤེས་རབ་དང་། མཐར་ཕྱིན་པའི་དོན་གྱིས་བདུད་རྩིར་ཞུགས་པའོ།། འགོག་པ་དང་མྱ་ངན་ལས་འདས་པ་ཡང་དག་པ་ངེས་པ་ཉེ་བར་ལྡན་པར་འགྱུར་རོ།། དེས་དེ་ལྟར་ཤེས་ཅིང་དེ་ལྟར་མཐོང་བ་ན། ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ ་སྤོང་བར་འགྱུར་ཏེ། འདི་ལྟར། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། དེ་དང་གཅིག་ཏུ་གནས་པའི་ཉོན་མོངས་པའོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་འདིར་ཐོས ་པ་དང་མི་ལྡན་པའི་སོ་སོ་སྐྱེ་བོས། གཟུགས་ནི་བདག་དུ་ཡང་དག་པར་རྗེས་སུ་ལྟ་བ་དང་། བདག་ནི་གཟུགས་དང་ལྡན་པ་དང་། བདག་ལ་གཟུགས་ཡོད་པ་དང་གཟུགས་ལ་བདག་ཡོད་པའོ།། དེ་བཞིན་དུ་ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་བདག་ཏུ་ཡང་དག་པར་རྗེས་སུ་ལྟ་བ་དང་། བདག་ནི་རྣམ་པར་ཤེས་པ་དང་ལྡན་པ་དང་། བདག་ལ་རྣམ་པར་ཤེས་པ་ཡོད་པ་དང་། རྣམ་པར་ཤེས་པ་ལ་བདག་ཡོད་པ་ཡང་དག་པར་རྗེས་སུ ་ལྟ་བ་འདི་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བརྗོད་དོ།། དེ་འདིས་སྤོང་བར་བྱེད་དོ།། དེ་སྤངས་པ་ལས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བར་གཏོགས་པ་དྲུག་ཅུ་རྩ་གཉིས་སྤོང་བར་འགྱུར་རོ།། སྡུག་བསྔལ་ལམ་ཀུན་འབྱུང་ངམ ་འགོག་པ་འམ་ལམ་འམ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་འམ་རྐྱེན་འདི་ལས་རྟེན་ཅིང་འབྲེལ་པ་འབྱུང་བའི་ཆོས་ལ་ཐེ་ཚོམ་ཟ་བ་སྟེ། མཐུ་གཅིག་ཏུ་མ་ངེས་པའོ།། འདི་ནི་ཐེ་ཆོམ་ཞེས ་བརྗོད་དེ། འདི་ཡང་སྤོང་བར་འགྱུར་རོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་ཏེ། འདི་ལྟར། སྲེད་པ་དང་ལྡན་པར་གྱུར་པ་དང་། རྨོངས་པ་དང་ལྡན་པར་གྱུར་པའོ།། དེ་ལ་བདག་གིས་ཚུལ་ཁྲིམས་སམ ་བརྟུལ་ཞུགས་སམ་དཀའ་ཐུབ་བམ་ཚངས་པར་སྤྱོད་པས་ལྷ་འམ་ལྟེ་གཞན་གང་ཡང་རུང་བར་འགྱུར་བར་བྱའོ་ཞེས་པ་འདི་ནི་སྲེད་པ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། འདི་ལས་ཕྱི་རོལ་ཏུ ་འགྱུར་པ་ནི། དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས། ཚུལ་ཁྲིམས་ཀྱི་དག་པའམ། བརྟུལ་ཞུགས་ཀྱི་དགོ་པ་འམ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་དག་པའོ་ཞེས་གང་དེ་ལྟ་བུའི་ཚུལ་གྱིས་ལྟ་བ་མཆོག་ཏུ་འཛིན་པ ་འདི་ནི་རྨོངས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། དེ་འདིས་སྤོང་བར་འགྱུར་རོ།། ངན་སོང་དུ་འགྲོ་བར་འགྱུར་བའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ནི་དེ་དང་གཅིག་དུ་གནས་པའི་ཉོན ་མོངས་པ་ཞེས་བརྗོད་དོ།། དེ་འདིས་སྤོང་བར་འགྱུར་རོ།། དེ་འདི་སྲིད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཆེད་དུ་ཞུགས་པ་ཡིན་གྱི། དེ་སྲིད་དུ་རྒྱུན་ཏུ་ཞུགས་པ་ནི་མ་ཡིན་ནོ།། ཆེད་དུ་ཞུགས་པའི་ས་འམ། བརྒྱད་པའི་ས ་འམ། མཐོང་བའི་ས་འམ། ངེས་པར་གྱུར་པ་འམ་གཉི་ག་ལ་ལྡིང་ཞིང་འཇུག་པའི་ཤེས་རབ་འམ་རྒྱུན་ཏུ་ཞུགས་པའི་ལམ་ཤེས་པ་སྟེ། དེ་རྣམས་ནི་མིང་གི་རྣམ་གྲངས་ཀྱི་ཚིག་གོ།། རྒྱུན་ཏུ་ཞུགས་པའི་ལམ་གྱི་དེ་མ་ཐག་ཏུ། ལམ་དང ་མཚུངས་པའི་ཆོས་དང་མི་ལྡན་པར། འདུས་མ་བྱས་ལ་དམིགས་པ་བྱས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་སྐྱེ་བར་འགྱུར་ཏེ། འབྲས་བུ་སེམས་གཉིས་སམ་གསུམ་མམ་པར་མེད་པར་འཇུག་པའི་ཕྱིར་དང་། ཀུན་ཏུ་སྦྱོར་བ ་གསུམ་རྣམས་སྤངས་པའི་ཕྱིར་རོ།། དེ་ནས་པར་བྱེད་པར་སྲིད་པའི་ཡན་ལག་དུ་འཕོའོ།། སྲིད་པའི་ཡན་ལག་ལས་ལོངས་ཏེ་ལམ་ལ་སོ་སོར་རྟོག་གོ།། འབྲས་བུ་ལ་སོ་སོར་རྟོག་པར་བྱེད་དོ།། མྱ་ངན་ལས་འདས་པ་ལ་སོ་སོར་རྟོག ་གོ། སྤངས་པའི་ཉོན་མོངས་པ་ལ་སོ་སོར་རྟོག་གོ།། ལྷག་མའི་ཉོན་མོངས་པ་ལ་སོ་སོར་རྟོག་གོ།། དེ་ལ་ནི་རྒྱུན་ཏུ་ཞུགས་པ་ཞེས་བརྗོད་དོ།། ངན་འགྲོ་མེད་པའི་ཆོས་དང་། རྫོགས་པའི་བྱང་ཆུབ་ལས་ངེས་པར་གཞོལ་བ་དང ་མངོན་པར་རྟོགས་པ་དང་ལྡན་པའི་འབྲས་བུ་འོངས་པ་དང་། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་དང་། ཞལ་ལས་སྐྱེས་པ་དང་། ཆོས་ལས་སྐྱེས་པ་དང་། ཆོས་ཀྱིས་སྤྲུལ་པ་དང་། ཆོས་ཀྱི་བགོ་སྐལ་ལ་དབང་བ་དང་། ཟང་ཟིང་གི་བགོ ་སྐལ་ལ་མི་དབང་བ་དང་། དེ་ལ་ནི་ལྟ་བ་ཕུན་སུམ་ཚོགས་པ་ཞེས་ཀྱང་བྱའོ།། མཐོང་བ་ལ་ཡང་དག་པར་ཞུགས་པ་ཡང་ངོ་།། ཆོས་འདི་ཆུབ་པ་དང་ཆོས་འདི་མཐོང་བ་དང་། སློབ་པའི་ཡེ་ཤེས་དང་ཡང་དག་པར་ལྡན་པ་ཞེས་ཀྱང་ངོ་།། ་སློབ་པའི་རིག་པ་དང་ཡང་དག་པར་ལྡན་པ་ཞེས་ཀྱང་ངོ་།། ཆོས་ཀྱི་སྲོལ་དུ་ཡང་དག་པར་ཞུགས་པ་དང་། འཕགས་པ་དང་། ངེས་པར་འབྱེད་པ་དང་། ཤེས་རབ་དང་། བདུད་རྩིའི་སྒོ་ཀུན་ཏུ་བསྒྲུབས་ཏེ་གནས་པ་དེང་། དེས་ན་བརྗོད ་པར་བྱ་སྟེ། རང་ཉིད་ས་སྟེང་རྒྱལ་པོ་འམ།། བདེ་འགྲོར་བདག་ཉིད་བགྲོད་ཕྱིར་འམ།། འཇིག་རྟེན་ཀུན་གྱི་བདག་པོའི་ཕྱིར།། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཆོག། ཞེས་སོ་ས་དེ་ལ། གནས་པ་དེ། ལན་ཅིག་ཕྱིར་འོང་བའི ་འབྲས་བུ་མངོན་དུ་བྱ་བའི་ཕྱིར། གོང་མ་ལ་མངོན་པར་སྒྲུབ་པར་བྱེད་དང་། སྐྱེ་བ་དང་འགག་པ་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་ལྟའོ།། ཇི་ལྟར་མཐོང་བ་ཡི་དབང་པོ་སྟོབས། བྱང་ཆུབ་ཡན་ལག་རྣམས ་ཡང་དག་པར་བླངས་པ་དང་། དེ་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་ལོམ་རྣམས་སྒོམ་པར་བྱེད་དོ།། དེ་ལྟར་ཆེད་དུ་ཞུགས་པ་དེའི་འདོད་པ་རགས་པ་འདོད་ཆགས་དང་། གནོད་སེམས་དང་དེ་དང་ལྷན་ཅིག་པའི་ཉོན་མོངས ་བ་རྣམས་སྤོང་བར་འགྱུར་རོ།། ལམ་གྱི་དེ་མ་ཐག་ཏུ་ལྷན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་དོ།། ས་དེ་ལ་གནས་དེ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་གོང་མ་ལ་མངོན་པར་སྒྲུབ་པར ་བྱེད་དོ།། སྐྱེ་འགག་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་ལྟའོ།། ཇི་ལྟར་མཐོང་བའི་དབང་པོ་དང་སྟོབས་དང་བྱང་ཆུབ་ཡན་ལག་རྣམས་ཡང་དག་པར་བླངས་ཏེ། དེ་བཞིན་དུ་བདེན་པ་མངོན་པར་རྟོགས ་པའི་ལམ་རྣམས་སྒོམ་པར་བྱེད་དོ།། འདོད་པའི་ཕྲ་མོ་དང་ལྡན་པའི་འདོད་ཆགས་དང་། གནོད་སེམས་དང་། དེ་དང་གཅིག་ཏུ་གནས་པའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་རོ།། དེ་ནས་ལམ་དེའི་དེ་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས ་བུ་མངོན་དུ་བྱེད་དོ།། ས་དེ་ལ་གནས་པ་དེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་གོང་མ་ལ་མངོན་པར་བསྒྲུབ་པ་བྱེད་དོ།། སྐྱེ་འགག་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་རྣམ་པར་ལྟའོ།། ཇི་ལྟར་མཐོང ་བའི་དབང་པོ་དང་སྟོབས་དང་བྱང་ཆུབ་ཡན་ལག་དང་། དེ་བཞིན་དུ་བདེན་པ་མངོན་པར་རྟོགས་པ་རྣམས་ཡང་དག་པར་བླངས་ཏེ་ལམོ་སྒོམ་པར་བྱེད་དོ།། དེ་ལྟར་ཆེད་དུ་ཞུགས་པ་དེའི་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད ་པའི་འདོད་ཆགས་དང་། ང་རྒྱལ་དང་རྒོད་པ་དང་། མ་རིག་པ་དང་། ལྷག་མའི་ཉོན་མོངས་པ་རྣམས་ལྷག་མ་མ་ལུས་པར་སྤངས་ཏེ། དེ་ནོས་ལམ་དེའི་དེ་མ་ཐག་ཏུ་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ།། ལམ་དེ་ལ་སོ་སོར་རྟོག།། ་འབྲས་བུ་དང་མྱ་ངན་ལས་འདས་པ་སྤངས་པའི་ཉོན་མོངས་པ་རྣམས་ལ་སོ་སོར་རྟོག་གོ།། དེ་ནི་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ཚངས་སྤྱོད་དུ་གནས་པ་བྱེད་པ་བྱས་པ་ཁུར་བོར་བ་བདག་གི་དོན་རྗེས་སུ་ཐོབ་པ་སྐྱིང་པར་ཀུན་ཏུ ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡན་ལག་ལྔ་རབ་ཏུ་སྤངས་པ། ཡན་ལག་དྲུག་དང་ཡང་དག་པར་ལྗོན་པ། ཅིག་ཀུན་ཏུ་བསྲང་བ། རྟེན་ཐ་མ་པ། སོ་སོར་བདེན་པ་རབ ་ཏུ་སྤངས་པ། འདོད་ཚོལ་ཡང་དག་པ་ཀུན་ཏུ་དོར་བ། ཀུན་ཏུ་རྟོག་པའི་རྙོག་པ་མེད་པ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཚངས་པར་སྤྱོད་པ་གཅིག ་ཏུ་གནས་པ་དང་ལྡན་པ། སྐྱེས་བུ་དམ་པོ། སྐྱེས་བུ་མཆོག། ཐོབ་པ་དམ་པ་ཐོབ་པ་གྱུར་པའོ།། དེ་ནི་ཡོངས་སུ་འཁྲུག་པ་སྤངས་པ་དང་། དཔའ་ཀློང་འཁྲུག་པ་ལ་ཡང་དག་པར་རྒལ་བ་དང་། བག་ཚ་བས་ཚོལ་བ་མེད ་པསྒོ་ཏན་མེད་པ། འཕགས་པའི་རྒྱལ་མཚན་བསྒྲེངས་པ། ལོ་འདབ་ཀྱི་ཁུར་དང་མི་ལྡན་པ། བྲམ་ཟེ་དག་བྱིང་། རིག་བྱེད་པ། གཙང་མ། མཆི་འོས། རྒལ་བ། དུལ་བ། གྲོལ་བ། ཞི་པཱ། ཞེས་ཀྱང་བྱའོ།། ་དེ་ལ་གང་གི་ཚེ་ཡང་རྒྱུན་ཏུ་ཞུགས་པ་དེའི་རིགས་ཀྱིས། གོང་མ་ལ་འབད་པ་བྱེད་པར་མི་འགྱུར་བ། དེ་ནི་རྣམ་པ་གསུམ་གིས་མཐའ་རྗེས་སུ་ཐོབ་བོ།། དེ་ལྟར་ཡང་། རྒྱུན་ཏུ་ཞུགས་པ་ནི་གསུམ་ཡིན་ཏེ། ་འདི་ལྟར། དབང་པོ་བརྟུལ་པོ། དེ་ལྟར་ཐོགས་ན་ལན་བདུན་པར་འགྱུར་བ་དང་། དབང་པོ་འབྲིང་། རིགས་ནས་རིགས་སུ་འགྱུར་བ་དང་།། དབང་པོ་རྣོན་པོ། བར་ཆད་ཅིག་ཏུ་བར་འགྱུར་བའོ།། ཡང་གང་གི་ཚེ་ལན་ཅིག ་ཕྱིར་འོང་བ་དེའི་རིགས་ཀྱིས། གོམ་མ་ལ་འབད་པར་བྱེད་པར་མི་འགྱུར་ན། འདི་ནས་འཕོས་ཏེ། མིའི་ནང་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ།། ཡང་གང་གི་ཚེ་ཕྱིར་མཱི་འོང་བ་དེའི་རིགས་ཀྱིས། གོང ་མ་ལ་འབད་པ་བྱེད་པར་མི་འགྱུར་ན། འདི་ནས་འཕོ་ས་ནས་གཙང་མོའི་གནས་སུ་སྐྱེ་བར་འགྱུར་ཏེ། དེ་དེར་དབང་པོའི་བྱེ་བྲག་གིས་མཐར་ཐུག་པ་རྗེས་སུ་ཐོབ་པ་རྣམ་པ་རྣམ་པ་ལྔར་འགྱུར་རོ།། ཕྱིར་མི་འོང་བ་ལྔ་ནི། འདི་ལྟར། ་བར་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པར་ཡོངས་སུ་མྱ་ངོན་ལས་འདའ་བ་དང་། འདུ་བྱེད་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གྲོང་དུ་འཕོ ་བ་སྟེ་འོག་མིན་དུ་འགྲོ་བའོ།། ཕྱིར་མི་འོང་བ་ལྔ་པོ་འོད་ནི། མི་ཆེ་བ་ལ་སོགས་པའི་ས་གཞི་ལ་ལྔ་ལྔ་སྟེ་ཉི་ཤུའོ།། འོག་མིན་དུ་གོང་དུ་འཕོ་བ་མེད་པས་ཕྱིར་མི་འོང་བ་བཞིའོ།། དེས་ནི་ཕྱིར་མི་འོང་བ་ཉི་ཤུ་ཉེར ་བཞིར་འགྱུར་རོ།། དགྲ་བཅོམ་པོ་ནི། ཉོན་མོངས་པ་ཐམས་ཅད་མ་ལུས་པ་ཡང་དག་པར་བཅད་པའི་ཕྱིར། ཡང་སྲིད་མེད་པ་ཉིད་ཏེ། རྒྱུ་མེད་པའི་ཕྱིར་རོ།། དགྲ་བཅོམ་པ་ནི་ཚེའི་དུས་ཇི་སྲིད་པར་གནས་ཅིང་། ་ཚེའི་འདུ་བྱེད་ཡོངས་སུ་ཟད་ནས་འདི་ཉིད་སྡུག་བསྔལ་འགགས་ཏེ། གཞན་དུ་སྐྱེ་བ་མེད་དོ།། འདི་ཉིད་ལ་སྡུག་བསྔལ་གི་མཐའ་ཞེས་བྱའོ།། དེས་ན་བརྗོད་དེ། རིགས་ཀྱི་ཚོར་བས་འབྲར་བ་ཡི།། ལྕགས་ཀྱི་གོང་བུ་ཉམས་པ ་ཉིད།། རིམ་གྱིས་ཉེ་བར་ཞི་འགྱུར་གྱི།། འགྲོ་བ་ཤེས་པར་བྱ་མིན་ལྟར།། དེ་བཞིན་འདོད་པའི་འདམ་ཀླུང་ལ།། རྒལ་ཞིང་ཡང་དག་རྣམ་གྲོལ་གྱི།། མི་གཡོ་གོ་འཕང་ཐོབ་རྣམས་ཀྱིས།། གཤེགས་པ་གདགས་སུ་ངེས ་པར་མེད།། དེའི་ཕྱིར། འཕགས་པའི་ས་ལ་གཉིས་ཏེ། དེ་ལ་མཐོང་བ་ས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་མོ།། ལྷག་མ་ལམ་གསུམ་དང་དགེ་སྦྱོང་གི་འབྲས་བུ་བཞི་ནི་སྒོམ་པའི་ལམ་མོ།། དེ་ལ་ལམ་གསུམ་ནི། འདི་ལྟར། ལན ་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་དང་། ཕྱིར་མི་འོང་བའི་འབྲས་བུའི་ལམ་དང་། དགྲ་བཅོམ་པའི་འབྲས་བུའི་ལམ་མོ།། དགེ་སྦྱོང་གི་འབྲས་བུ་བཞི་ནི་འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའོ།། དེ་ལ་སྟོན་མ་མཐོང་བའི་བདེན་པ་མཐོང་བ་མཐོང་བའི་ས་དང་། ཇི་ལྟར་མཐོང་བ་དེ་ལྟར་བསྒོམ་པས་པསྒོམ་པའི་ལོ།། ཡང་ས་གཉིས་ཏེ་འདི་ལྟར། སློབ་པའི་སོ་དང་། མི་སློབ་པའི ་སའོ།། དེ་ལ་ལམ་བཞི་དང་དགེ་སྦྱོང་གི་འབྲས་བུ་གསུམ་ནི་སློབ་པའི་སའོ།། དེ་ལ་ལམ་བཞི་ནི་འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་དང་། ཕྱིར་མི་འོང་བའི་འབྲས་བུའི་ལམ ་དང་། དགྲ་བཅོམ་པའི་འབྲས་བུའི་ལམ་མོ།། དགེ་སྦྱོང་གི་འབྲས་བུ་གསུམ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའོ།། དགྲ་བཅོམ་པའི་འབྲས་བུ་ནི་མི་སློབ་པའི་སའོ།། འཇིག ་རྟེན་ལས་འདས་པའི་དབང་པོ་གསུམ་ནི་འདི་ལྟར། མི་ཤེས་པ་ཀུན་ཤེས་པར་འགྱུར་བའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་ཉིད་ཀྱི་དབང་པོའོ།། དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་ཤེས་པ་ནི། ་སྔོན་མ་ཤེས་པའི་ཆོས་ཤེས་པས་མི་ཤེས་པ་ཀུན་ཤེས་པའི་དབང་པོའོ།། ལམ་གསུམ་གྱི་ཡེ་ཤེས་དང་། དགེ་སྦྱོང་གི་འབྲས་བུ་གསུམ་གྱི་ཡེ་ཤེས་ནི། ཀུན་ཤེས་པའི་དབང་པོ་སྟེ། ཤེས་པའི་ཆོས་རྣམས་ཤེས་པའི ་ཕྱིར་རོ།། དགྲ་བཅོམ་པའི་ཡེ་ཤེས་ནི། ཆོས་རྣམས་ལྷག་མ་མེད་པར་ཤེས་པས། ཀུན་ཤེས་པ་ཉིད་ཀྱི་དབང་པོའོ།། རྣམ་པར་གྲོལ་བ་ནི་གསུམ་ནི། འདི་ལྟར། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་། སྨོན་པ་མེད ་པཔོ་རྣམ་པར་ཐར་པའི་སྒོ་དང་། སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ།། དེ་ལ་ལམ་དང་ཡང་དག་པར་ལྡན་པའི་ཤེས་པས་མཚན་མར་མི་བྱེད་པ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ།། སྨོན་པ་མི་བྱེད་པ་པ་ནི་སྨོན་པ་མེད ་པ་རྣམ་པར་ཐར་པའི་སྒོའོ།། མངོན་པར་ཞེན་པ་མི་བྱེད་པ་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ།། རྣམ་པར་ཐར་པ་དང་རྣམ་པར་ཐར་པའི་སྒོ་དག་ཐ་དད་པའི་རྒྱུ་ཅི་ཞེ་ན། བརྗོད་པར་བྱ་སྟེ། ལམི་ཤེས་པ་དེ་ཉིད་ཉོན་མོངས་ལས ་རྣམ་པར་གྲོལ་བ་ནི་རྣམ་པར་ཐར་པའོ།། ཡེ་ཤེས་དེ་ཉིད་བདུད་རྩིའི་སྒོར་གྱུར་པའི་དོན་གྱིས་རྣམ་པར་ཐར་པའི་སྒོའོ།། ལམ་གསུམ་གྱིས་ཉོན་མོངས་པ་ཉི་ཤུ་སྤོང་བར་འགྱུར་ཏེ། འདི་ལྟར་མི་དགེ་བའི་རྩ་བ་དང་། འདོད་ཚོལ་དང་། ཟག ་པ་དང་། མདུད་པ་དང་། ཆུའོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་དང་། འགྲོ་བ་མ་ཡིན་པར་བགྲོད་པ་དང་། སེར་སྣ་དང་། སྒྲིབ་པ་དང་། རྩོད་པའི་གཞི་དང་། བག་ལ་ཉལ་དང་། འཇིག་རྟེན་གྱི་ཆོས་དང་། ང་རྒྱལ་དང་། ཉོན ་མོངས་པའི་དངོས་པོ་དང་། མི་དགེ་བ་དང་། ཀུན་ཏུ་སྦྱོར་བ་དང་། ལོག་པ་ཉིད་དང་། ཕྱིན་ཅི་ལོག་དང་། མི་དགེ་བར་སེམས་བསྐྱེད་པའོ།། དེ་ལ་མི་དགེ་བའི་རྩ་བ་ལ་གསུམ་ནི་འདི་ལྟར། ཆགས་པ་དང་། ཞེ་སྡང་དང་། ་རྨོངས་པའོ།། འདི་རྣམས་ལ་གང་ཞེ་སྡང་ནི་ལམ་གཉིས་ཀྱིས་སྲབ་པར་བྱས་ཏེ། ཕྱིར་མི་འོང་བའི་ལམ་གྱིས་ལྷག་མ་མེད་པར་སྤོང་བར་འགྱུར་རོ།། ཆགས་པ་དང་། གཏི་མུག་ནི་ལམ་གསུམ་གྱིས་སྲབ་པར་བྱས་ཏེ། དགྲ ་བཅོམ་པའི་ལམ་གྱིས་ལྷག་མ་མེད་པར་སྤོང་བར་འགྱུར་རོ།། འདོད་ཚོལ་ལ་གསུམ་སྟེ་འདི་ལྟར། འདོད་པའི་ཚོལ་བ་དང་། སྲིད་པའི་ཚོལ་བ་དང་། ཚངས་པར་སྤྱོད་པའི་ཚོལ་བའོ།། དེ་ལ་ཚངས་པར་སྤྱོད་པའི ་ཚོལ་བ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱི་ལྷག་མ་མེད་པར་སྤོང་ངོ་།། འདོད་པའི་ཚོལ་བ་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ།། སྲིད་པའི་ཚོལ་བ་ནི། དགྲ་བཅོམ་པའི་ལམ་གྱིས་སོ།། ཟག་པ་ལ་བཞི།། ་སྟེ། འདི་ལྟར། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། ལྟ་བའི་ཟག་པ་དང་། མཱ་རིག་པའི་ཟག་པའོ།། དེ་ལ་ལྟ་བའི་ཟག་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམྦུ་གྱིས་སྤོང་ངོ་།། འདོད ་པའི་ཟག་པ་ནི། ཕྱིར་མི་འོང་བའི་ལམ་གྱིས་སོ།། སྲིད་པའི་ཟག་པ་དང་མ་རིག་པའི་ཟུག་པ་ནི་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ་།། མདུད་པ་ནི་བཞི་སྟེ། འདི་ལྟར། བཻ་རྣབ་སེམས་ཀྱི་ཚོགས་ཀྱི་འདུད་པ་དང་། གནོད ་སེམས་ཀྱི་ཚོགས་ཀྱི་འདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་འདུད་པ་དང་། འདི་ནི་བདེན་པ་ཞེས་མངོན་པར་ཞེན་པའི་ཚོགས་ཀྱིས་འདུད་པའོ།། འདི་རྣམས་ལ་ཚུལ་ཁྲིམསྣ་དང ་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་འདི་ནི་བདེན་པ་ཞེས་མངོན་པར་ཞེན་པའི་ཚོགས་ཀྱིས་མདུད་པ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱི་སྔ་སྤོང་ངོ་།། གནོད་སེམས་ཚོགས་ཀྱིས་མདུད་པ་ནི་ཕྱིར ་མི་འོང་བའི་ལམ་གྱིས་སྷོ།། བརྣབ་སེམས་ཚོགས་ཀྱིས་མདུད་པ་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ་།། ཆུ་བོ་བཞི་ནི། འདི་ལྟར། འདོད་པའི་ཆུའོ་དང་། སྲིད་པའི་ཆུའོ་དང་། ལྟ་བའི་ཆུའོ་དང་། མ་རིག་པའི་ཆུའོའོ། ་སྦྱོར་བ་ལ་བཞི་ནི། འདི་ལྟར་འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ།། འདི་རྣམས་ནི་ཟག་པ་བཞི་བཞིན་དུ་སྤོང་བའོ།། ཉེ་བར་ལེན་པ་བཞི་ནི་འདི་ལྟར། ་འདོད་པའི་ཉེ་བར་ལེནཱ་པ་དང་། ལྟ་བའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ།། འདི་རྣམས་ལ་ཉེ་བར་ལེན་པ་ནི་རྒྱན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱིས ་སྤོང་བའོ།། འདོད་པའི་ཉེ་བར་ལེན་པ་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ།། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ནི་དགྲ་བཅོམ་པའི་ལམ་གྱིས་སོ།། འགྲོ་བ་མ་ཡིན་པར་འགྲོ་བ་ནི་བཞི་སྟེ། འདི་ལྟར། མདུན་པ་ལྔས་འགྲོ་བ་མ་ཡིན ་པར་བགྲོད་པ་དང་། ཞེ་སྡང་ལས་འགྲོ་བ་མ་ཡིན་པར་བགྲོད་པ་དང་། འཇིགས་པ་ལས་འགྲོ་བ་མ་ཡིན་པར་བགྲོད་པ་དང་། གཱཏཱི་མུག་ལས་འགྲོ་བ་མ་ཡིན་པར་བགྲོད་པའོ།། བཞི་ཀ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྦྱོང ་བྱའོ།། སེརཱ་སྣ་ལ་ལྔ་ནི་འདི་ལྟ་སྟེ། གནས་ཀྱི་སེར་སྣ་དང་། རིགས་ཀྱི་སེར་སྣ་དང་། རྙེད་པའི་སེར་སྣ་དང་། བསྔགས་པའི་སེར་སྣ་དང་། ཆོས་ཀྱི་སེར་སྣའོ།། ཐམས་ཅད་ནི་ཕྱིར་མི་འོང་བའི་ལམ་གྱིས་སློང་ངོ་།། སྒྲིབ་པ ་ནི་ལྔ་སྟེ། འདི་ལྟར། འདོད་པ་ལ་འདུན་པ་དང་། གླེ་ནོད་སེམས་དང་། རྨུ་གས་པ་དང་གཉིད་དང་། རྒོད་འགྱོད་དང་། ཐེ་ཚོམ་མོ།། འདི་རྣམས་ལ། ཐེ་ཙོམ་ནི། རྒྱུན་ཏུ་ཞུགས་པའི་ལམ་གྱིས་སྤོང་བའོ།། འདོད་པ ་ལ་འདུན་པ་དང་གནོད་སེམས་དང་འགྱོད་པ་ནི་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་ངོ་།། རྨུགས་པ་དང་གཉིད་དང་རྒོད་པ་ནི་དགྲ་བཅོམ་པའི་ལམ་གྱིས་སོ།། གཉིད་རྩོད་པའི་གཞི་ལ་དྲུག་སྟེ་འདི་ལྟར། ཁྲོ་བ་དང་། ་འཆབ་པ་དང་། ཕྲག་དོག་དང་། གཡོ་དང་། སྡིག་པའི་འདོད་པ་དང་། རང་ཉིད་ཀྱི་ལྟ་བས་མཆོག་ཏུ་འཛིན་པའོ།། འདི་རྣམས་ལ་གཡོ་དང་སྡིག་པ་འདོད་པ་དང་རང་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ནི་རྒྱུན་ཏུ་ཞུགས ་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་ངོ་།། ཁྲོ་བ་དང་། འཆབ་པ་དང་། ཕྲག་དོག་ནི་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་ངོ་།། བག་ལ་ཉལ་ལ་བདུན་ནི་འདི་ལྟར། འདོད་པའི། འདོད་ཆགས་བག་ལ་ཉལ་དང་། ཁོང་ཁྲོ་བག ་ལ་ཉལ་དང་། ང་རྒྱལ་བག་ལ་ཉལ་དང་། ལྟ་བ་བག་ལ་ཉལ་དང་། ཐེ་ཚོམ་བག་ལ་ཉ་ལྀ་དང་། སྲིད་པའི་འདོད་ཆགས་པ་ག་ལ་ཉལ་དང་། མ་རིག་པ་བག་ལ་ཉལ་ལོ།། འདི་རྣམས་ལ་ལྟ་བའི་བག་ལ་ཉལ་དང་ཐེ་ཚོམ་བག་ལ་ཉལ་ནི། ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་བའོ།། འདོད་པའི་འདོད་ཆགས་བག་ལ་ཉལ་དང་ཁོང་ཁྲོ་བགྲ་ལ་ཉལ་དག་ནི་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་བའོ།། ང་རྒྱལ་བག་ལ་ཉལ་དང་སྲིད་པའི་འདོད་ཆགས ་བག་ལ་ཉལ་དང་མ་རིག་པ་བག་ལ་ཉལ་ནི། དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྦྱོང་ངོ་།། འཇིག་རྟེན་ཆོས་བརྒྱུད་ནི་འདི་ལྟ་སྟེ། རྙེད་པ་དང་མ་ཐོབ་པ་དང་། སྙན་པ་དང་། མི་སྙན་པ་དང་། སྨོད་པ་དང་། བསྟོད་པ་དང་། ་བདེ་བ་དང་། སྡུག་བསྔལ་ལོ།། འདི་རྣམས་ལ་མི་འདོད་པའི་དངོས་པོ་རྙེད་པ་ལ་སོགས་པ་ལ་ཞེ་སྡང་བ་ནི་ཕྱིར་མི་འོང་བའི་ལམ་གྱིས་སྤོང་བའོ།། འདོད་པའི་དངོས་པོ་རྙེད་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ནི། དགྲ་བཅོམ་པའི ་ལམ་གྱིས་རབ་ཏུ་སྤོང་བའོ།། ང་རྒྱལ་ལ་དགུ་ནི་འདི་ལྟ་སྟེ། ང་ནི་མཆོག་ལས་ཀྱང་མཆོག་གོ་སྙམ་པའི་ང་རྒྱལ་དང་། ང་ནི་མཆོག་དང་འདྲ་བའོ་སྙམ་པའི་ང་རྒྱལ་དང་། ང་ནི་མཆོག་ལས་དམན་པའོ་སྙམ་པའི་ང་རྒྱལ་དང་། ང་ནི་མཉམ་པ ་ལས་མཆོག་གོ་སྙམ་པའི་ང་རྒྱལ་དང་། ང་ནི་མཉམ་པ་དང་མཉམ་པའོ་སྙམ་པའི་ང་རྒྱལ་དང་། ང་ནི་མཉམ་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་དང་། ང་ནི་དམན་པ་ལས་མཆོག་གོ་སྙམ་པའི་ང་རྒྱལ་དང་། ང་ནི་དམན་པ་དང ་མཉམ་མོ་སྙམ་པའི་ང་རྒྱལ་དང་། ང་ནི་དམན་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་ལོ།། ང་རྒྱལ་དགུ་ཆར་ཡང་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྦྱོང་ངོ་།། ཉོན་མོངས་པའི་དངོས་པོ་ལ་བཅུ་ནི་འདི་ལྟར། ཆགས་པ་དང་། ཞེ་སྡང་དང་། ་གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་དང་། རྨུགས་པ་དང་། རྒོད་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པའོ།། འདི་རྣམས་ལ་ལྟ་བ་དང་ཐེ་ཚོམ་དག་རྒྱུན་ཏུ་ཞུགས་པའི་ལམ་གྱིས་དངོས་པོ་སྐྱོང་ངོ་།། ཞེ་སྡང ་ནི་ཕྱིར་མི་འོང་བའི་ལས་གྱིས་སོ།། ལྷག་མ་བདུན་ནི་དགྲ་བཙ་ལམ་གྱིས་རབ་ཏུ་སྤོང་ངོ་།། མནར་སེམས་ཀྱི་དངོས་པོ་ནི་བཅུ་སྟེ་འདི་ལྟར། བདག་གི་དོན་མེད་པ་སྤྱོད་དོ་ཞེས་མན་རཱ་སེམས་སྐྱེ་བ་དང་། སྦྱངས་པས་མནར་སེམས ་སྐྱེ་བ་དང་། སྤྱོད་པར་འགྱུར་རོ་ཞེས་མནར་སེམས་སྐྱེ་བ་དེ་བཞིན་དུ་བདག་གི་མཛའ་སྡུག་གི་དོན་མ་ཡིན་པ་སྤྱད་དོ།། སྤྱོད་དོ།། སྤྱོད་པར་འགྱུར་རོ།། བདག་གིས་མི་མཛའ་མི་གཅུགས་པའི་དོན་སྤྱོད་། སྤྱོད་དོ།། སྤྱོད ་པར་འགྱུར་རོ།། གནས་སམ་ལ་ཡང་མནར་སེམས་སྐྱེ་བའོ།། མནར་སེམས་དངོས་པོ་བཅུ་ཆར་ཡང་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྦྱོང་ངོ་།། མི་དགེ་བའི་ལས་བཅུ་ནི། འདི་ལྟར་སྲེག་གཙད་པ་དང་། ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། དབྱེན་དང་། ངག་བཀྱིལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ།། འདི་རྣམ་ལ་སྒྲོག་གཅོད་པ ་དང་མ་བྱིན་པར་ལེན་པ་དང་། འདོད་པ་ལོག་པར་སྤྱོད་པ་དང་རྫུན་སྨྲ་བ་དང་ལོག་པར་ལྟ་བ་རྣམས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་ངོ་།། རྩུབ་པོ་དང་དབྱེན་དང་གནོད་སེམས་རྣམས་ནི་ཕྱིར་མི་འོང ་བའི་ལམ་གྱིས་སོ།། ངག་བཀྱིལ་པ་དང་བརྣབ་སེམས་རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ་།། ཀུན་ཏུ་སྦྱོར་བ་བཅུ་ནི། འདི་ལྟར། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ལྟོ་བ་དང་། ་ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། སྲིད་པའི་འདོད་ཆགས་དང་། ཕྲག་དོག་དང་། སེར་སྣ་དང་། མ་རིག་པའོ།། འདི་རྣམས་ལ་ལྟ་བ་དང་ཐེ་ཚོམ་ཚུལ་ཁྲིམས་བརྟུལ ་ཞུགས་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་པོ་རྣམས་ནི་རྒྱུན་ཏུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ་།། འདོད་པའི་འདོད་ཆགས་དང་། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་ཀུན་ཏུ་སྦྱོར་བ་རྣམས་ནི་ཕྱིར་མི ་འོང་བའི་ལམ་གྱིས་སོ།། ང་རྒྱ་ལྔ་དང་སྲིད་པའི་ཆགས་པ་མྱ་རིག་པའི་ཀུན་ཏུ་སྦྱོར་བ་རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ་།། ལོག་པ་ཉིད་ནི་བཅུ་སྟེ། འདི་ལྟར། ལྡོག་པར་ལྟ་བ་དང་། ལྡོག་པར་ཀུན་ཏུ་རྟོག་བྱ་དང་། ་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་དང་། ལོག་པའི་ཡེ་ཤེས་དང་། ལོག་པའི་རྣམ་པར་གྲོལ་བའོ།། འདི ་རྣམས་ལ་ལོག་པར་ལྟ་བ་དང་རྫུན་དུ་སྨྲ་བའི་མཚན་ཉིད་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་ཡེ་ཤེས་དང་ལོག་པའི་རྣམ་པར་གྲོལ་བ་རྣམས་ནི་རྒྱུན་ཏུ་ཞུགས་པའི་ལམ་གྱིས་རབ ་ཏུ་སྦྱོང་ངོ་།། ལོག་པའི་ཀུན་ཏུ་རྟོག་པ་དང་རྩུབ་པོ་དང་དབྱེན་གྱི་མཚན་ཉིད་ལྡོག་པའི་ངག་རྣམས་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ།། ངག་བཀྱིལ་པའི་མཚན་ཉིད་ལོག་པའི་ངག་དང་ལོག་པའི་རྩོལྔ་བ་དང་ལོག་པའི་དྲན་པ་དང ་ལོག་པའི་ཏིང་ངེ་འཛིན་ནི་དགྲ་བཅོམ་པའི་ལམ་གྱི་སོ་རབ་ཏུ་སྤོང་ངོ་།། ཕྱིན་ཅི་ལོག་ལ་བཅུ་གཉིས་ནི་འདི་ལྟར། མི་རྟག་པ་ལ་རྟག་གོ་ཞེས་པའི་འདུ་ཤེས་ཕྱིན་ཅི་ལྡོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི ་ལོག་དང་། དེ་ལྟར་སྡུག་བསྔལ་ལ་བདེ་བའོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་། མི་སྡུག་པ་ལ་མཛེས་པའོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག ་དང་། ལྟ་བ་ཕྱིན་ཅི་ལོག་དང་། བདག་མེད་པ་ལ་བདག་གོ་ཞེས་པ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་གོ། འདི་རྣམས་ལ་མི་རྟག་པ་ལ་རྟག་པ་ཞེས་པའི་བྱིན་ཅི་ལོག ་གསུམ་དང་། མི་སྡུག་པ་ལ་སྡུག་པ་ཞེས་ལྟ་བ་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བ་ཞེས་ལྟ་བ་ཕྱིན་ཅི་ལོག་དང་། བདག་མེད་པ་ལ་བདག་གོ་ཞེས་ལྟ་བ་ཕྱིན་ཅི་ལོག་རྣམས་ནི་རྒྱུན་ཏུ་ཞུགས་པའི་ལམ་གྱིས་སྤོང་ངོ་།། མི ་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང་སེམས་ཕྱི་ནི་ཙཾ་ལོག་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ།། སྡུག་བསྔལ་ལ་བདེ་བ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་སེམས་ཕྱིན་ཅི་ལོག་དང་བདག་མེད་པ་ལ་བདག་གོ་ཞེས་འདུ་ཤེས་ཕྱིན་ཅི ་ལོག་དང་སེམས་ཕྱིན་ཅི་ལོག་རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་ཟད་པར་བྱེད་དོ།། མི་དགེ་བའི་སེམས་བསྐྱེད་པ་ནི་བཅུ་གཉིས་ཏེ། འདི་ལྟར། ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་གྱུར་པ་དང་ལྡན་པ་འདུ་བྱེད་ལས ་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང་། འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་དང་། ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་གྱུར་པ་དང་མི་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང་། ་འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱོད་པ་དང་། བཏང་སྙོམས་དང་ལྡན་ཅིང་ལྟ་བར་རྟོགས་པ་དང་ལྡན་པ་འདུ་བྱེད་ལས་བྱུང་མ་ཡིན་པའི་སེམས་བསྐྱེད་པ་དང་། འདུ་བྱེད་ལས་བྱུང་བའི་སེམས་བསྐྱེད་པ་དང་། ་བཏང་སྙོམས་དང་ལྡན་པ་ལྟ་བར་གྱུར་པ་དང་མི་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང་། འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་དང་། ཡིད་མི་བདེ་བ་དང་ལྡན་པ་ཞེ་སྡང་དང་ལྡན ་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང་། འདུ་བྱེད་དང་བཅས་པ་ལ་བྱུང་བའི་སེམས་བསྐྱེད་པ་དང་། རྒོད་པ་དང་ལྡན་པའི་སེམས་བསྐྱེད་པ་དང་། ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པའོ།། འདི་རྣམས ་ལྔལ་ལྟ་བར་གྱུར་པ་དང་ལྡན་པའི་སེམས་བསྐྱེད་པ་བཞི་དང་ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པ་དག་ནི་རྒྱུན་ཏུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ་།། ཡིད་མི་བདེ་བ་དང་ལྡན་པའི་སེམས་བསྐྱེད་པ་གཉིས་ནི་ལམ་གཉིས ་ཀྱིས་སྲབས་པར་བྱས་ཏེ་ཕྱིར་མི་འོང་བའི་ལམ་གྱིས་ལྷག་མ་མེད་པར་སྤོང་ངོ་།། ལྟ་བར་གྱུར་པ་མི་ལྡན་པའི་སེམས་བསྐྱེད་པ་བཞི་དང་། རྒོད་པ་དང་ལྡན་པའི་སེམས་བསྐྱེད་པ་དག་ནི། ལམ་གསུམ་གྱིས་སྲབ ་ཏུ་བྱས་ཏེ་དགྲ་བཅོམ་པའི་ལམ་གྱིས་མ་ལུས་པར་སྤོང་ངོ་།། སོ་སོ་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་སྙོམས་པར་འཇུག་པ་ནི་གཉིས་ཏེ། འདི་ལྟར། འབྲས་བུ་སྙོམས་པོར་འཇུག་པ་དང་། འདུ་ཤེས་ཚོར་བ ་འགོག་པའི་སྙོམས་པར་འཇུག་པའོ།། དེ་ལ་དང་པོ་ལ་ནི་དྲི་བ་བཅུ་སྟེ་འདི་ལྟར། འབྲས་བུ་སྙོམས་འཇུག་གང་ཡིན། གང་ལས་འབྲས་བུ་སྙོམས་པར་འཇུག། དེ་ལ་སྙོམས་པར་འཇུག་པ་གང་། ཅིའི ་དོན་དུ་སྙོམས་པར་འཇུག། ཇི་ལྟར་སྙོམས་པར་འཇུག། ཡིད་ལ་བྱེད་པ་ཅི། བསམ་གཏན་པ་དེའི་སྙོམས་པར་འཇུག་པའི་རྐྱེན་དུ་ཡིན། གནས་པའི་རྐྱེན་དུ་ཡིན། ལྡང་བའི་རྐྱེན་དུ་ཡིན། ་ཅི་བསམ་གཏན་འདི་འཇིགརྟེན་པ་འམ་འཇིག་རྟེན་ལས་འདས་པའོ་ཞེ་ན། དེ་ལ་འབྲས་བུ་སྙོམས་པར་འཇུག་པ་གང་ཡིན་ཞེས་པ། དགེ་སྦྱོང་གི་འབྲས་བུའི་སེམས་མྱ་ངན་ལས་འདས་པ་མ་གཏོགས་པ་དེ་ནི་འབྲས་བུ ་སྙོམས་འཇུག་ཞེས་བརྗོད་དོ།། གང་ལས་འབྲས་བུ་སྙོམས་པར་འཇུག་པ་ཞེས་པ། དགེ་བ་མ་ཡིན་མི་དགེ་བ་མ་ཡིན། བྱ་བ་མ་ཡིན། ལོམ་གོང་མའི་རྣམ་པར་སྨིན་པའི་རང་བཞིན་མ་ཡིན། དེའི་ཕྱིར་འབྲས་བུ་སྙོམས ་པར་འཇུག་པའོ།། དེ་ལ་སྙོམས་པར་འཇུག་པ་གང་ཞེ་ན། དགྲ་བཅོམ་པ་དང་ཕྱིར་མི་འོང་བ་སྟེ། འདི་གཉིས་ཀྱིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པས་སོ།། ཅིའི་དོན་དུ་སྙོམས་པར་འཇུག་ཞེས་པ། མཐོང་བའི ་ཆོས་ལ་བདེ་བར་གནས་པའི་དོན་དུའོ།། དེ་བཞིན་དུའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཚེ་དེ་བཞིན་གཤེགས་པ་མཚན་མ་ཐམས་ཅད་ཡད་ལ་མི་བྱེད་པས་ཚོར་བ་རྣམས་ཀྱི་འགའ ་ཞིག་འགགས་ནས། སེམས་མཚན་མ་མེད་པའི་ཏིང་ངེ་འཛིན་ཉེ་བར་བསྒྲུབས་ཏེ་གནས་སོ།། ཀུན་དགའ་བོ་དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་ལ་ཆེས་རེག་པར་འགྱུར་རོ་ཞེས་སོ།། ཇི་ལྟར་སྙོམས་པར་འཇུག་ཞེས ་པ། དེ་དབེན་པར་སོང་ཏེ། འབྲས་བུ་སྙོམས་པར་འཇུག་པའི་དོན་དུ། དེ་དབེན་པར་ཕྱིན་ཏེ། འདུག་པ་འམ་ཉལ་ནས་སེམས་བསྡུས་ཏེ། སྐྱེ་བ་དང་འགག་པ་ལ་རྗེས་སུ་ལྟ་བ་དང་པོར་བྱས་ནས། འདུ་བྱེད་རྣམས ་ལ་རྣམ་པར་ལྟའོ།། དེའི་ཚེ་རིགས་ལ་ལོངས་སྤྱོད་པའི་ཡེ་ཤེས་གང་ཡིན་པའོ།། རིགས་ལོངས་སྤྱོད་ཀྱི་ཡེ་ཤེས་དེའི་དེ་མ་ཐག་ཏུ་མྱ་ངན་ལས་འདས་པ་འབྲས་བུ་སྙོམས་པར་འཇུག་པོ་ལ་གཏོད་པར་བྱེད་དོ།། གང ་དང་གང་ལ་བརྟེན་ནས་ལས་བསྒོམས་པར་གྱུར་པ་དེ་དང་དེ་ལ་མཉམ་པར་བཞག་སྟེ་འབྲས་བུ་སྙོམས་པར་འཇུག་པ་ཉིད་དུ་འགྱུར་རོ།། ཡིད་ལ་བྱེད་པ་ཅི་ཞེས་པ། འདུས་བྱས་བདུད་རྩིའི་དབྱིངས་ཞི་བ་ཉིད་ཡིད ་ལ་བྱེད་པའོ།། བསམ་གཏན་པ་དེའི་སྙོམས་པར་འཇུག་པའི་རྐྱེན་དུ་ཞེས་པ། བསམ་གཏན་གྱི་རྐྱེན་དུ་ཞེས་པ། བསམ་གཏན་གྱི་རྐྱེན་ནི་གཉིས་ཏེ་འདི་ལྟར། མཚན་མོ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། ་མཚོན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ།། གནས་པའི་རྐྱེན་དུ་ཞེས་པ། གནས་པའི་རྐྱེན་གསུམ་སྟེ། འདི་ལྟར། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡོད་ལ ་བྱེད་པ་དང་། སྔོན་གྱི་མངོན་པར་འདུ་བྱེད་པའོ།། ལྡང་བའི་རྐྱེན་དུ་ཞེས་པ། ལྡང་བའི་རྐྱེན་གཉིས་ཏེ། འདི་ལྟར། མཚན་མ་ཐམས་ཅད་ཡིད་ལ་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་མི་བྱེད་པའོ།། ། ་ཅི་སྙོམས་པར་འཇུག་པ་འཇིག་རྟེན་པ་འམ་འོན་ཏེ་འཇིག་རྟེན་ལས་འདས་པ་ཞེས་པ་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་རྟེན་པ་ནི་མ་ཡིན་ནོ།། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ ་དྲི་བ་བཅོ་ལྔ་ནི་འདི་ལྟར། འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་གང་ཡིན། དེ་ལ་སྙོམས་པར་འཇོག་པ་གང་། སྙོམས་པར་འཇུག་པ་མ་ཡིན་པ་གང་། སྟོབས་དུ་དང་ལྡན་པས་སྙོམས་པར་འཇུག། འདུ་བྱེད་དུ ་ཞིག་འགགས་ནས་སྙོམས་པར་འཇུག། བསམ་གཏན་པ་འདིའི་སྔོན་དུ་བྱ་བ་དུ་ཡིན།། ཅིའི་དོན་དུ་སྙོམས་པར་འཇུག། ཅི་ལྟར་སྙོམས་པར་འཇུག། དེ་དག་གི་ལྡང་བ་ཇི་ལྟར་འགྱུར། སེམས་གང་གིས་ལྡང་། ལངས་ནས ་སེམས་ཅི་ལ་གཞོལ་བར་འགྱུར། རེག་པ་དུ་ལ་རེག་པར་འགྱུར། དང་པོ་འདུ་བྱེད་དུ་ཞིག་འབྱུང་བར་འགྱུར། རོ་དང་འདུ་ཤེས་ཚོར་བ་འགོག་པ་ཐ་དད་པའི་རྒྱུ་ཅི། ཅི་སྙོམས་པར་འཇུག་པ་དེ་འདུས་བྱས་སམ་འོན་ཏེ་འདུས ་མ་བྱས་ཅེ་ན། འདིར་བརྗོད་པར་བྱ་སྟེ། གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་འཇུག་པ་མེད་པར་གནས་པ་དེ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ།། དེ་ལ་སྙོམས་པར་འཇུག་པ ་གང་ཞེས་པ། དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དག་སྙོམས་པར་འཇུག་གོ། འདི་དག་གིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱས་པས་སོ།། སྙོམས་པར་འཇུག་པ་མ་ཡིན་པ་གང་ཞེས་པ། སོ་སོ་སྐྱེ་བོ་དང་རྒྱུན་ཏུ ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་གཟུགས་མེང་དུ་སྐྱེས་པའོ།། དེ་ལ་ས་སོ་སྐྱེ་བོ་ན་མཉམ་པར་འཛག་པ་མ་ཡིན་ཏེ། ཡུལ་མ་ཡིན་པས་སོ།། རྒྱུན་ཏུ་ཞུགས་པ་དང་། ལྷན་ཅིག་ཕྱིར་འོང་བ་དགྲ་སྙོམས་པར་འཇུག་བྱ་མ་ཡིན ་ཏེཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པོ་རྣམས་ཡང་དག་པར་བཅད་པ་མ་ཡིན་པས་སོ།། གཟུགས་མེད་པར་སྐྱེས་པ་ནི་སྙོམས་པར་འཇུག་པ་མ་ཡིན་ཏེ། ཕྱིས་ལྡང་པོའི་དངོས་པོ་མེད་པའི་ཕྱིར་རོ།། སྟོབས་དུ ་དང་ལྡན་པས་སྙོམས་པར་འཇུག་ཅེས་པ། སྟོབས་གཉིས་ཀྱིས་ཏེ། ཞི་གནས་ཀྱི་སྟོབས་དང་། ལྷག་མཐོང་གི་སྟོབས་ཀྱིས་སོ།། དེ་ལ་ཞི་གནས་ཀྱི་སོབས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས ་པར་འཇུག་པ་བཞི་རྣམས་དབང་དུ་འགྱུར་ར་བའོ།། ལྷག་མཐོང་གི་སྟོབས་ཀྱིས་རྗེས་སུ་ལྟ་བ་བདུན་དབང་དུ་འགྱུར་བའོ།། དེ་ལ་རྗེས་སུ་ལྟ་བ་བདུན་ནི་འདི་ལྟར། མི་རྟག་པ་རྗེས་སུ་ལྟ་བ་དང་། སྡུག་བསྔལ་རྗེས་སུ ་ལྟ་བ་དང་། བདག་མེད་པ་རྗེས་སུ་ལྟ་བ་དང་། ཡིད་བྱུང་བ་རྗེས་སུ་ལྟ་བ་དང་། ཆགས་པ་བྲལ་བ་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། ངེས་པར་སྤངས་པ་རྗེས་སུ་ལྟ་བའོ།། དེ་ལ་ཞི་གནས་ཀྱི ་སྟོབས་ནི་བསམ་གཏན་གྱི་ཡན་ལག་འགོག་པའི་དོན་དུ་དང་མི་གཡོ་བ་ལ་མོས་པའི་དོན་དུའོ།། ལྷག་མཐོང་གི་སྟོབས་ནི་འཇུག་པ་རྣམས་ཉེས་དམིགས་སུ་མཐོང་བའི་དོན་དང་། མི་འཇུག་པ་རྣམས་ལ་མོས་པའི ་དོན་ཏོ།། འདུ་བྱེད་དུ་འགགས་ནས་སྙོམས་པར་འཇུག་ཞེས་པ། འདུ་བྱེད་གསུམ་འགགས་ནས་སྙོམས་པར་འཇུག་སྟེ། འདི་ལྟར། ངག་གི་འདུ་བྱེད་དང་། ལུས་ཀྱི་འདུ་བྱེད་དང་། སེམས་ཀྱི་འདུ ་བྱེད་དོ།། དེ་ལ་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི། ངག་གི་འདུ་བྱེད་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་ངག་རྒྱུན་ཆད་པར་འགྱུར་རོ།། བསམ་གཏན་བཞི་པོ་ལ་སྙོམས་པར་ཞུགས ་པ་རྣམས་ཀྱི། ལུས་ཀྱི་འདུ་བྱེད་དང་དབུགས་དབྱུང་བ་དང་དབུགས་འཇུག་པ་ངག་རྒྱུན་ཆད་པར་འགྱུར་རོ།། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སེམས་ཀྱི་འདུ་བྱེད་འདུ་ཤེས་དང་ཚོར ་བ་དག་འགོག་པར་འགྱུར་རོ།། འདིའི་སྔོན་གྱི་བྱ་བ་དུ་ཡིན་ཞེས་པ། སྔོན་གྱི་བྱ་བ་ནི་བཞི་སྟེ་འདི་ལྟར། བཅིང་བ་གཅིག་པ་དང་། རྣམ་པར་འཚེ་བ་མེད་པ་དང་། དུས་ཡོངས་སུ་ཆད་པ་དང་། ལས་དང་ལས་མ ་ཡིན་པ་ལ་རྣམ་པར་གཟིགས་པའོ།། དེ་ལ་བཅིང་བ་གཅིག་པ་ཞེས་པ་ནི་ལྷུང་བཟེད་དང་ཆོས་གོས་དག་ལུས་དང་སྔ་མ་པ་གཅིག་ཏུ་བྱིན་གྱིས་རློབ་བོ།། རྣམ་པར་འཚེ་བ་མེད་པ་ཞེས་པ་ནི། སྦྱོར་བ་གང་དང་གང ་གིས་ལུས་འདི་ལ་ཉེ་བར་གནོད་པ་ཀུན་ཏུ་འབྱུང་བར་མ་གྱུར་ཅིག་ཅེས་བྱིན་གྱིས་རློབ་བོ།། དུས་ཡོངས་སུ་ཆང་པ་ཞེས་པ་ནི། ལུས་ཀྱི་སྟོབས་ཡོངས་སུ་གཞལ་ནས་དུས་ཡོངས་སུ་བཅད་པ་བགྱིས ་ཏེ་གནས་སོ།། དུས་འདི་སྲིད་འདས་པ་ལ་ལྡང་བར་བྱའོ་ཞེས་སོ།། ལས་དང་ལས་མ་ཡིན་པ་རྣམ་པར་གཟིགས་པ་ཞེས་བྱ་བ། དུས་ཡོངས་སུ་ཆད་པ་མ་ཐོབ་པར་དགེ་འདུན་གྱི་ལས་དང་ལས་མ་ཡིན་པ་འགའ་ཞིག་གི་དོན་དུ་འཚོགས་པ ་ལ་གྷཎྜཱི་སྒྲོགས་པའི་སྒྲ་ངེས་ལྡང་བར་བྱའོ་ཞེས་བྱིནྡོ་གྱིས་རློབ་བོ།། ཅིའི་དོན་དུ་སྙོམས་པར་འཇུག་ཞེས་པ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་དོན་དུའོ།། མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི། འཕགས་པ་དེ་རྣམས་ཀྱི་ཏིང ་ངེ་འཛིན་ཚོགས་པ་རྣམས་ཤིན་ཏུ་མི་གཡོ་བར་བྱ་བའི་ཕྱིར་རམ་རྫུ་འཕྲུལ་རྣམ་པར་བསྒོམ་པའི་དོན་དུ་སྙོམས་པར་འཇུག་པའོ།། ཇི་ལྟར་སྙོམས་པར་འཇུག་ཞེས་པ་འགོག་པའི་དོན་དུ་འགོག་པའི་མངོན་པར་འདོད་པས་དེ་དག་དབེན ་པའི་གནས་སུ་སོང་སྟེ། འདུག་པ་འམ་ཉལ་ཏི་ཏེ་སེམས་ཞུམ་ནུས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། ལངས་ནས་དེ་མ་ཐག་ཏུ་བསམ་གཏན་དེ་དག་ལ་རྣམ་པར་ལྟ་སྟེ། མི་རྟག་པ་དང་སྡུག་བསྔལ་བ་དང ་བདག་མེད་པ་ནས་འདུ་བྱེད་བཏུང་སྙོམས་ཀྱི་ཡེ་ཤེས་ཀྱི་བར་དུའོ།། དེ་བཞིན་དུ་བསམ་གཏན་གཉིས་པ་དང་བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་དང་།། ནམ་ལྔ་མཐའིའ་ཡིས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས ་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་དེ་ལངས་ནས་དེ་མ་ཐག་ཏུ་སྙོམས་པར་འཇུག་པ་དེ་ལ་རྣམ་པར་ལྟ་སྟེ་མི་རྟག་པ་དང་སྡུག་བསྔལ་དང་། བདག་མེང་པོ་ནས་འདུ་བྱང་བཏང་སྙོམས་པའི ་ཡེ་ཤེས་ཀྱི་བར་དུའོ།། དེ་ནས་དེ་མ་ཐག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་ནིན་ཀྱི་སྐྱེ་མཆེད་ལ་ལན་གཉིས་སམ་གསུམ་དུ་སེམས ་བཞག་སྟེ། སེམས་ཀྱི་འཇུག་པ་མེད་ཅིང་འགགས་པའོ།། སེམས་མི་འཇུག་པ་དང་འགགས་པ་ལ།། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ཞེས་བརྗོད་དོ།། དེའི་ལྡང་བ་ཇི་ལྟར་འགྱུར་ཞེས་པ། དེ་ནི་འདི ་ལྟར། བདག་ལྡང་བར་བྱའོ་ཞེས་ཡིད་ལ་བྱས་པས་སོ།། འོན་ཀྱང་སྔོན་དུ་བྱས་པའི་དུས་ཡོངས་སུ་ཆད་པ་ཐོབ་པ་ན་ལྡང་བ་ཉིད་དོ།། སེམས་གང་གིས་ལྷུང་ཞེས་པ། ཕྱིར་མི་འོང་བའི་འབྲས་བུའི་སེམས་ཀྱིས་ཕྱིར་མི་འོང་བར ་ལྡང་ངོ་།། དགྲ་བཅོམ་པའི་འབྲས་བུའི་སེམས་ཀྱིས་དགྲ་བཅོམ་པར་ལྡང་ངོ་།། ལངས་ནས་སེམས་ཅི་ལ་གཞོལ་བར་འགྱུར་ཞེས་པ། དབེན་པ་ལ་གཞི་ལ་བའོ།། རེག་པར་བྱ་བ་དུ་ལ་རེག་པར་འགྱུར་ཞེས་པ། གསུམ་ལ ་རེག་སྟེ་འདི་ལྟར། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ།། དང་པོ་འདུ་བྱེད་དུ་འབྱུང་ཞེས་པ། སེམས་ཀྱི་འདུ་བྱེད་དང་། དེ་ནས་ལུས་ཀྱི་འདུ་བྱེད་དོ།། ཤི་བ་དང་འདུ་ཤེས་མེད་པའི་སྙོམས ་པར་འཇུག་པ་དག་ཐ་དད་པའི་རྒྱུ་ཅི་ཞེས་པ། ཤི་རོ་ནི་འདུ་བྱེད་གསུམ་འགགས་ཤིང་རྒྱུན་ཆད་པོ་སྟེ། འདི་ལྟར། ཚེ་ཡོངས་སུ་ཟད་པ་དང་། དྲོ་བ་ཉེ་བར་ཞི་བ་དང་། དབང་པོ་རྣམས་ཀྱི་རྣམ་འགྱུར་ཞིག་པའོ།། ་འདུ་ཤེས་དང་སྦྱོར་བ་འགོག་པའི་སྙོམས་པར་འཇུག་པ་ནི། འདུ་ཟད་གསུམ་འགགས་ཤང་ཛྙཱན་མ་ཆད་པ་། འདི་ལྟར། མ་ཡོངས་སུ་མ་ཟད་པ་དང་། དྲོད་མ་ཉམས་པ་དང་། དབང་པོ་རྣམས་རབ་ཏུ་དང་ཐན།། འདི་ནི་དང ་ཐ་དད་པའི་རྒྱུའོ།། ཅི་འདུ་ཤེས་ཚོར་བ་འགག་པའི་སྙོམས་པར་འཇུག་པ་འདུས་བྱས་སམ་ཡང་ནི་འདས་མ་བྱས་ཞེ་ན། སྙོམས་པར་འཇུག་པ་དེ་ནི། འདྲེས་བྱས་སམ་འདུས་མ་བྱས་ཞེས་བརྗོད་དུ་མྱེད་དོ།། སྙོམས་པར་འཇུག་པ་དེན ་ཅིའི་ཕྱིར་འདུས་བྱས་ཞེས་སམ། འདུས་མ་བྱས་ཞེས་བརྗོད་པར་བྱ་བ་མ་ཡིན་ཞེ་ན།། གང་གི་ཕྱིར་སྙོམས་པར་འཇུག་པ་དེ་ལ་ནི་འདུས་བྱས་ཀྱི་ཆོས་རྣམས་མི་སྦྲིད་པས་དང་། འདུས་མ་བྱས་ལ་ནི་སྙོམས་པར་འཇུག་པ་དང་ལྡང་བར ་ཤེས་པར་བྱར་མོད་པའི་ཕྱིར་རོ།། དེའི་ཕྱིར་སྙོམས་པར་འཇུག་པ་དེ་འདུས་བྱས་ཞེས་སམ། འདུས་མ་བྱས་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ།། འདི་ནི་འགོག་པའི་སྙོམས་པར་འཇུག་པའི་མཐའོ།། ། པཎྜི་ཏེ་ཆེན་པོ ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་འཕགས་པ་གནས་བརྟན་པའི་སྡེ་པའི་ཚུལ་ལུགས་ལས་འཕགས་པའི་བདེན་པ་ལ་མཁས་པ་རྣམ་པར་ངེས་པ་ཞེས་བྱ་བ ་ལེའུ་བཅོ་ལྔ་པའོ།། ། འཕགས་པའི་མང་པོས་བཀུར་པོའི་སྡེ་པའི་ལུང་ལས་འདི་ལྟར་རྣམ་པར་བཞག་སྟེ། བག་ལེ་ཉལ་མ་ཡིན་པ་ནི་སྐུ་བཞིས་འགྱུར་ཏེ། འདི་ལྟར། ཆོས་རྣམ་པར་བཞག་པ་དང ་མཚན་ཉིད་རྣམ་པར་བཞག་པ་དང་། ཁམས་ཀྱི་དབྱེ་བ་དང་། སྤང་བྱའི་དབྱེ་བ་ལས་སོ།། དེ་ལ་ཆོས་རྣམ་པར་བཞག་པ་ནི་འདི་ལྟར། མ་དང་བ་དང་། ངོ་ཚ་བ་མེད་པ་དང་། རྒྱུ་དང་། གཡོ་དང་། མ ་བརྟགས་པ་དང་། རྒོད་པ་དང་། བག་མེད་པ་དང་། རྨུ་གུས་པ་དང་། ཞུམོ་པ་དང་། ཁྲེལ་མེད་པ་དང་། ཆེས་འཛིན་པ་དང་། སྙོམས་ལས་དང་། གཉིད་དང་། ཕྱག་དོག་དང་། འགྱོད་པ་དང་། འཆབ་པ་དང་། དྲེགས ་པ་དང་། སེར་སྣ་དང་། མི་བཟོད་པ་དང་། ཁོན་དུ་འཛིན་པ་དང་། ཟས་ཀྱི་རྒྱགས་པའོ་སྟེ་ཉེར་གཅིག་གོ། མཚན་ཉིད་རྣམ་པར་བཞག་པ་ནི་འདི་ལྟར། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་མེད་པ་ནི། མ་དད་པའོ།། གང ་ཞིག་འང་དེ་ཁོ་ན་ཉིད་མ་ཡིན་པ་ལ་མོས་པ་རབ་ཏུ་བསྐྱེད་ཀྱང་། དེ་ཡང་དམན་པ་ཡིན་པས་དད་པ་མ་ཡིན་པར་ཤེས་པར་བྱའོ།། མངའ་བདག་མ་ཡིན་པ་བཞིན་ནོ།། དགེ་བ་སྤྱོད་པ་བསྐྱེད་པ་ལ་དབང་པོ་མ་ཡིན་པ ་འམ། ཉོན་མོངས་པ་ཅན་གྱི་སྤྱོད་པ་སྐྱེད་པ་ལ་དབང་ཕྱུག་ཡིན་པས་སོ།། རང་ཉིད་ལ་འཛེམ་པ་མེད་པ་ནི་ངོ་ཚ་བ་མེད་པའོ།། ངོ་ཚ་མི་ཤེས་པ་མྱེད་པར་ནི་ཉོན་མོངས་པ་སྐྱེ་བ་མ་ཡིན་ནོ།། སྒྱུ་ནི་བསྒྲུབ་སྟེ། རང ་དང་གཞན་ཤིན་ཏུ་བསྒྱུར་བའོ།། འདི་འོང་རང་གཞན་གྱི་སེམས་སླུ་བར་བྱེད་པའོ།། བསླུ་བ་མེད་པ་ལ་ཉོན་མོངས་པས་གོ་སྐབས་མི་རྙེད་དོ།། གཡོ་ན་སེམས་ཡོ་བ་སྟེ། འདི་ནི་རང་ཉིད་གྱ་གྱུ་ཅན་དེ་གྱུར་ཅིང་། ་གཞན་ཡང་གྱ་གྱུ་ཅན་དུ་དྲང་བར་འདོད་པའོ།། དྲང་པོས་འགྲོ་བའི་རྒྱུད་ལ་ཉོན་མོངས་པ་སྐྱེ་བ་མ་ཡིན་ནོ།། མ་བརྟགས་པ་ནི། ཡང་དག་པར་མ་བརྟགས་པར་བྱེད་པའོ།། ཀུན་ཏུ་བརྟགས་ནས་བྱེད་པའི་རྒྱུད་ལ་ཉོན་མོངས་པ་སྐྱེ ་བ་མ་ཡིན་ནོ།། ཉེ་བར་མ་ཞི་བའི་སེམས་ནི་རྒོད་པའོ།། ཉེ་བར་ཞི་བའི་སེམས་ལ་ཉོན་མོངས་པ་སྐྱེ་བ་ཡོད་པ་མ་ཡིན་ནོ།། བག་མེད་པ་ནི་ཉོན་མོངས་པ་ཅན་གྱི་ཆོས་དང་རྗེས་སུ་ལྡན་པའོ།། བག་ཡོད་པའི་སེམས་ལ་ཉོན ་མོངས་པ་སྐྱེ་བ་ནི་མེད་དོ།། འདི་རྣམས་ལ་རྒྱུ་བ་ལ་སོགས་པ་ལྔ་ནི། མཚུངས་པར་ལྡན་པ་དང་། རབ་ཏུ་མི་ལྡན་པའོ།། དེ་ལ་གང་མཚུངས་པར་ལྡན་པ་དེ་ནི་ཀུན་ནས་དཀྲིས་པ་དང་། གང་རབ་ཏུ་མི་ལྡན་པ་དེ་ནི་རྣམ་པར་རིག ་བྱེད་ཀྱི་རང་བཞིན་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ།། ལྔ་གང་ཞེ་ནུ་འདི་ལྟར། སྒྱུ་དང་། གཡོ་དང་། གཟུ་ལུམས་དང་། རྒོད་པ་དང་། བག་མེད་པའོ།། གང་ཐམས་ཅད་དུ་ཀུན་ནས་དཀྲིས་པའི་སེམས་ལ་དེ ་རྣམས་ཐམས་ཅད་ཀྱང་ཡོད་པའོ།། དེ་ལྟར་ཡང་གང་གི་ཚེ་གཞན་སླུ་བར་བྱེད་པ་དེའི་ཚེ་གཙོ་བོ་སྒྱུ་ལས་བག་ལ་ཉལ་མ་ཡིན་པའི་མཚུངས་ལྡན་ཐམས་ཅད་ཀྱང་སྒྲ་དང་རྗེས་སུ་འབྲེལ་པས་འང་ངག་ཀུན་ནས་དཀྲིས་པར་འགྱུར ་བ་ཡིན་ནོ།། གང་ཡང་དེའི་ཚེ་རབ་ཏུ་མི་ལྡན་པ་ལུས་དང་ངག་གི་རིག་བྱེད་དེ་ཡང་སྒྱུ་ཞེས་བརྗོད་དོ།། རྣམ་པར་རིག་བྱེད་ང་དག་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ནོ།། རྣམ་པར་རེག་བྱེད་འདི་རྣམས་ཀྱི་རྗེས་དང་ལྷན་ཅིག་ཏུ ་གཞན་སླུ་བར་བྱེད་པས། དེ་དག་གི་རྗེས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ།། དེ་བཞིན་དུ་གཡོ་ལ་སོགས་པ་བཞི་ལ་བརྗོད་པར་བྱའོ།། གང་ལུས་དང་སེམས་ཀྱི་ཞན་པ་དེ་ནི་རྨུགས་པའོ།། གནས ་ངན་ལེན་ཞེས་པའི་དོན་ཏོ།། དེ་ལ་གང་སེམས་ཀྱི་ཞན་པ་དེ་ནི་རྣམ་པར་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་ལ་ཉོན་མོངས་པ་ཙོན་ནི་ཀུན་ནས་དཀྲིས་པའོ།། ཉོན་མོངས་པ་ཅན་མ་ཡིན་པ་ནི་གང ་ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དེའོ།། ཞུམ་པ་ནི་ཞན་པའི་མཚན་ཉིད་ཏེ། སེམས་བཀུམ་པའི་ངོ་བོའོ།། ཞན་པ་ནི་དངོས་པོ་གང་ལ་ཆགས་པ་དེ་དག་རྒུད་པ་ལས་ཕལ་ཆེར་སྐྱེའོ།། ཁྲེལ་མེད་པ་ནི་འཇིག ་རྟེན་པའི་ཆོས་ལུགས་ལ་སོགས་པ་ལ་བལྟོས་པ་མེད་ཅིང་མ་འཛེམ་པ་སྟེ། སྡིག་པ་སྤྱོད་པ་ལ་སོགས་པ་ལ་རིག་པར་བྱེད་པའོ།། ཆེས་འཛིན་པ་ནི་ལྟ་བ་མི་གཏོང་བ་སྟེ། ལྟ་བར་བགྱིས་པ་ལ་སོགས་པ་དམ་པ་མ་ཡིན་པའི ་འཛིན་པས་མི་གཏང་བའོ།། སྙོམས་ལས་ནི་ལས་ལྕི་བ་སྟེ། ལྡང་བ་ལྕི་བ་ཉིད་དོ་ཞེས་པའི་དོན་ཏོ།། དེ་ཡང་རྣམ་པ་གཉིས་ཏེ་འདི་ལྟར། གང་སེམས་ཀྱི་ལས་ལྡིང་པ་དེ་ནི་ངེས་པར་ཀུན་ནས་དཀྲིས་པའོ།། གང་ལུས་ཀྱི་རྣམ ་པར་རིག་བྱེད་ཞན་པ་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ནོ།། གཉིད་ནི་སེམས་སྡུད་པའོ།། དེ་ལ་གཉིས་ནི་འདི་ལྟར། སེམས་དང་བཅས་པ་དང་། སེམས་དང་མི་ལྡན་པའོ།། དེ་སེམས་དང་ལྡན་པའི་གཉིད་ལ། རྣམ་པ་གཉིས ་ཏེ་འདི་ལྟར། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་ལ་གཉིད་ཀྱི་བདེ་བ་ལ་མངོན་པར་དགའ་བས་གཉིད་དུ་ཞུགས་པ་ཉིད་ཀྱི་སེམས་དེ་ནི་ཉོན་མོངས་པ་ཅན་ཏེ་ཀུན་ནས་དཀྲིས་པའོ།། གང་ལས་སོ་སོར་རྟོག་པའི ་དྲན་པ་ཉེ་བར་བཞག་ནས་ལུས་དང་སེམས་ཉེ་བར་བརྟན་པའི་དོན་དུ་གཉེར་བ་དེ་ནི་ཉོན་མོངས་པ་མེད་པའོ།། སེམས་དང་མི་ལྡན་པའི་གཉིད་ནི་རྣམ་པ་ཐམས་ཅད་དུ་སེམས་དང་སེམས་ལས་བྱུང་བ་སྡུད་པར་བྱེད་པའོ།། དེ་ཡང ་རྣམ་པ་གཉིས་ཏེ་འདི་ལྟར། ཉོན་མོངས་པ་ལས་བྱུང་བ་དང་། ཉོན་མོངས་པ་ལས་བྱུང་བ་མ་ཡིན་པའོ།། དེ་ལ་ཉོན་མོངས་པ་ལས་བྱུང་བ་ནི། གང་ཉོན་མོངས་པ་ཅན་གྱི་སེམས་འགགས་པའི་དེ་མ་ཐག་ཏུ་སྐྱེས་པའོ།། ་ལྷག་མ་ནི་ཉོན་མོངས་པ་ལས་བྱུང་བ་མ་ཡིན་པའོ།། ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་མི་བཟོད་པ་ཉིད་དོ།། འགྱོད་པ་ལ་རྣམ་པ་གཉིས་ནི་འདི་ལྟར། ལེགས་པ་བྱས་པ་ལའམ་བདག་གིས་མ་ལགས་པ་བྱས ་སོ།། ཞེས་རྗེས་སུ་གདུང་བ་དང་བྱ་བ་ངན་པ་མ་བྱས་པ་འམ་བདག་གིས་སམ་ལེགས་པ་བྱས་ཞེས་པ་ནི་གང་འདི་དག་མ་བྱས་པ་ཞེས་རྗེས་སུ་གདུང་བའོ།། འདིའི་གཉིས་པ་ལྔ་རྣམ་བྱ་གཉིས་ཏེ་འདི་ལྟར་ཉོན་མོངས ་ཅན་དང་ཉོན་མོངས་ཅན་མ་ཡིན་པོའོ།། དེ་ལ་བྱ་བ་མ་ཡིན་པ་ལ་བྱས་པ་དང་བྱ་བ་ཡིན་པ་བྱས་པ་ལ་གང་འགྱོད་ཅིང་ཡོད་ལ་བཅགས་པ་དེ་ནི་ཉོན་མོངས་པ་ཅན་ཀུན་ནས་དཀྲིས་པའོ།། གང་བྱ་བ་མ་ཡིན་པ་བྱས་པ ་དང་བྱ་བ་ཡིན་པ་མ་བྱས་པ་ལ་འགྱོད་པ་ཡིད་ལ་བཅགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་ཀུན་ནས་དཀྲིས་པ་མ་ཡིན་པའོ།། སྡིག་པ་ཡོངས་སུ་སྦེད་པ་ནི་འཆབ་པའོ།། ནད་མེད་པ་ལ་སོགས་པས ་ཁེངས་པ་ནི་དྲེགས་པ་སྟེ། ཀུན་ནས་དཀྲིས་པའོ།། གང་ཡང་ཆང་ལ་སོགས་པ་རྣམས་ཀྱིས་སེམས་གཟེངས་སྟོང་པའི་མཚན་ཉིད་ནི་དྲེགས་པ་སྟེ། དེ་ནི་རྣམ་པ་གཉིས་ཏེ་འདི་ལྟར། ཉོན་མོངས་པ་ཅན་དང་། ཉོན་མོངས ་པ་ཅན་མ་ཡིན་པའོ།། དེ་ལ་ཉོན་མོངས་པ་ཅན་ནི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའོ།། ཉོན་མོངས་པ་ཅན་མ་ཡིན་པ་ནི་རྣམ་པ་གསུམ་འདི་ལྟར། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན ་པའོ།། དེས་ན་དྲེགས་པ་ནི་མཚུངས་པར་ལྡན་པའོ།། རབ་ཏུ་མི་ལྡན་པའི་དྲེགས་པ་དང་། དྲེགས་པ་པོའི་རྣམ་པར་རིག་བྱེད་ཀྱི་རང་བཞིན་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ།། སེར་སྐུ ་ནི་ནོར་ཡོངས་སུ་གཏོང་བར་འདོད་པ་མེད་པའི།། མི་བཟོད་པ་ནི་སྡུག་བསྔལ་ལ་སོགས་པ་སྨན་མི་བཟོད་པའོ།། དེ་ཡང་རྣམ་པ་གཉིས་ཏེ་འདི་ལྟར། གྲངས་པ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པ་ཉིད་དང་། གཞན ་གནོད་པ་བྱེད་པ་ལ་མི་བཟོད་པ་ཉིད་དོ།། འདི་དག་ལ་གཞན་གནོད་པ་བྱེད་པ་ལ་མི་བཟོད་པ་ནི་ཀུན་ནས་དཀྲིས་པའོ།། གཞན་ནི་མ་ཡིན་པའོ།། ཁོ་ན་འཛིན་ནི་གཞན་གནོད་པ་བྱས་པ་སེམས་ལ་འཛིན་པའོ།། ཁ་ཟས་མངས་པས ་མྱོས་པ་ནི་ཟས་ཀྱི་རྒྱགས་པའོ།། དེ་ནི་རྣམ་པ་གཉིས་ཏེ་འདི་ལྟར། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་རང་བཞིན་དང་། སེམས་ལས་བྱུང་བ་ནི་ཀུན་ནས་དཀྲིས་པའོ།། དེ་རྣམས་ནི་བག་ལ་ཉལ་མ་ཡིན་པ་རྣམས་ཀྱི་མཚན་ཉིད་དོ།། ཁམས ་དང་སྤང་བྱའི་རྣམ་པར་བཞག་པ་ནི། འདི་ལྟ་སྟེ། མ་དད་པ་དང་། ངོ་ཚ་མེད་པ་དང་། སྒྱུ་དང་། གཡོ་དང་། མ་བརྟགས་པ་དང་། རྒོད་པ་དང་། བག་མེད་པ་དང་། དྲེགས་པ་སྟེ། བརྒྱད་པོ་དེ་རྣམས་སོ།། དེ་ལ་ཡང་དེ་རྣམས་རྣམ ་བ་ལྔ་སྟེ་འདི་ལྟར། འདོད་པའི་ཁམས་སུ། སྡུག་བསྔལ་གེགས་དང་། ཀུན་འབྱུང་གིགས་དང་། འགོག་པའི་གེགས་དང་། ལམ་གྱི་གེགས་དང་། སྒོམ་པས་སྤང་བར་བྱ་བའོ།། འདི་ནི་བརྒྱད་པ་ལྔ་སྟེ་བཞི་བཅུ་ཐམ་པར ་འགྱུར་རོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་བརྒྱད་པ་ལྔ་སྟེ་བཞི་བཅུ་ཐམ་པའོ།། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་བཞི་བཅུའོ།། བཞི་བཅུ་པ་གསུམ་ནི་བརྒྱ་དང་ཉི་ཤུར་འགྱུར་རོ།། ཁྲེལ་མེད་པ་དང་ཆེས ་འཛིན་པ་དང་མི་སྟོན་པ་སྟེ། འདོད་པའི་ཁམས་སུ་འདི་རྣམས་ལ་རེ་རེ་ལ་ལྔ་ལྔ་སྟེ་ལྔ་པ་གསུམ་ནི་བཅོ་ལྔར་འགྱུར་རོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་བཅོ་ལྔར་འགྱུར་རོ།། གཟུགས་མེད་པའི་ཁམས་ན་ནི་མེད་དོ།། ་རྨུགས་པ་དང་ཞུམ་པ་དང་སྙོམས་ལས་དང་གཉིད་དང་། ཕྲག་དོག་དང་འགྱེད་པ་དང་སེར་སྣ་དང་མི་བཟོད་པ་དང་ཁོན་དུ་འཛིན་པ་སྟེ། དགུ་པོ་འདི་རྣམས་ནི་འདོད་པའི་ཁམས་ཁོ་ནའོ།། དེ་བཞིན་དུ་ལྔར་ཕྱེ་སྟེ་ལྔ་པ་དགུ ་ནི་བཞི་བཅུ་རྩ་ལྔར་འགྱུར་བའོ།། ཟས་ཀྱི་རྒྱགས་པའང་འདོད་པའི་ཁམས་ཀྱི། སྒོམ་པས་སྤང་བར་བྱ་བ་ཁ་ནའོ།། བག་ལ་ཉལ་མ་ཡིན་པ་ནི་ཁམས་དང་སྤང་བྱའི་དབྱེ་བ་ཐ་དད་བརྒྱ་དང་དགུ་བཅུ་རྩ་དྲུག ་དུ་འགྱུར་རོ།། ཡང་གསུངས་པ། མ་དེང་ངོ་ཚྭ་མེད་པ་དང་སྒྱུ། གཡོ་དང་རྒོད་དང་མ་རྟགས་དང་།། བྲག་མེད་པ་དང་དྲེགས་པ་རྣམས།། རྣམ་པ་ལྔ་སྟེ་ཁམས་གསུམ་སྐྱེས།། མོ་སྟོན་ཁྲེལ་མེད་ཆེས་འཛིན་རྣམས། ་འདོད་དང་གཟུགས་སུ་རྣམ་པ་ལྔ།། སེར་སྣ་མི་བཟོད་འགྱོད་པ་དང་།། རྨུགས་དང་སྙོམས་ལུས་ཁོན་དུ་འཛིན།། ཕྲག་དོག་གཉིད་དང་ཞུམ་པ་རྣམས།། རྣམ་ལྔ་འདོད་པའོ་ཁམས་སུ་སྐྱེ།། ཟས་ཀྱི་རྒྱགས་པ་སྒོམ་སྤང་ངོ་།། ་ཡང་བག་ལ་ཉལ་མི་ནི་དེ་རྣམས་རྣམ་པ་གསུམ་སྟེ།། དི་ལྟང་མམ་ཆེད་དུ་གྲི་ཆེན་པོ་དང་། ཐམས་ཅད་དུ་འགྲོ་བཅུང་ངུ་དང་། ས་རླུང་ངུ་བ།། ངི་ལ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི་བདུན་ཏེ། འདི་ལྟར། མ་དད་པ་དང་། ངོ་ཚ་མེད ་པ་དང་། སྒྱུ་དང་། གཡོ་དང་། མ་བརྟགས་པ་དང་། གོད་པ་དང་། བག་མེད་པའོ།། ཐམས་ཅད་དུ་འགྲོ་བ་ཆུང་ངུ་ནི་དྲུག་སྟེ་འདི་ལྟར་གཉིད་དང་། ཞུམ་པ་དང་། ལཾ་ལོ་དང་། ཆེས་འཛིན་པ་དང་། ་རྨུགས་པ་དོང་། ཁྲེལ་མེད་པའོ།། ས་ཆུང་ངུ་བ་ནི་བརྒྱད། འདི་ལྟར། མི་བཟོད་པ་དང་། ཁོན་དུ་འཛིན་པ་དང་ཕྲག་དག་དང་། འགྱོད་པ་དང་། དྲེགས་པ་དང་། སེར་སྣ་དང་། མི་སྨྱོན་པ་དང་། ་ཀྱིས་རྒྱགས་པའོ།། ཡང་སྤང་བྱ་ལས་རྣམ་པ་ལྔར་འགྱུར་ཏེ། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང་། ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུ་དང་། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་མཚུངས་པ་དང་། ་ས་ཆུང་ངུ་བའོ།། དེ་ལ་ཐམས་ཅོད་དུ་འགྲོ་བ་ཆེན་པོ་ནི། བདུན་པ་དྲུག་སྟེ་འདི་ལྟར། མ་དད་པ་ལ་སོགས་པ་བག་མེད་པའི་མཐར་ཐུག་པ་རྣམས། འདོད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་དང་། གཟུགས་ཀྱིས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུནི་དང་གཟུགས་མེད་པས་བསྡུས་པ་སྡུགས ་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང་། ཀུན་འབྱུང་མཐོང་བས་སྤྲིང་བར་བྱ་བ་བདུན་ཏེ། ཐམས་ཅད་དུ་འགྲོ་བ་ཆེན་པོའོ།། དེ་རྣམས་ཉིད་ནི་ཁམས་གསུམོ་གྱི། འགོག་པའི་གེགས་དང་། ལམ་གྱི་གླེགས་ནྟི། ་བདུན་པ་དྲུག་སྟེ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུའོ།། གཉིད་ལ་སོགས་པ་དྲུག་ནི། གང་སྡུག་བསྔལ་གྱི་གེགས་དང་། ཀུན་འབྱུང་གི་གེགས་རྣམས་ནི་ཐམས་ཅད་དུ་འགྲོ་བ་ཆུང་ངུའོ།། འདི་ཉིད་འགོག་པའི ་གེགས་དངོ། ལམ་གྱི་གེགས་ནི། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་མཚུངས་པའོ།། བསྒོམ་པས་སྤང་བར་བྱ་བ་མི་བཟོད་པ་ལ་སོགས་པ་བརྒྱད། བསྒོམས་པས་སྤང་བར་བྱ་བ་མ་དད་པ་ལ་སོགས་པ་བདུན ་དང་། གཉིད་ལ་སོགས་པ་དྲུག་ནིས་ཆུང་བའོ།། བག་ལ་ཉལ་མིན་འདི་རྣམས་ལ། གང་ཐམས་ཅད་དུ་འགྲོ་བ་ཆེན་པོ་དེ་རྣམས་དངོས་སུ་དང་གད་ཐམས་ཅད་དུ་འགྲོ་བ་ཆུང་ངུ་དེ་ནི་འདོད་ཆགས་ལ ་སོགས་པ་གཞན་ལ་བརྟེན་ནས། གེགས་ཀྱི་སྒྲ་བཅུ་ནས་བདེན་པའི་གེགས་བྱེད་།། ང་ལ་བདེན་པ་རྣམས་ཀྱི་གེགས་ཀྱི་སྒྲ་བཻཅུ་ནི་འདི་ལྟར། སྡུག་བསྔལ་བདེན་པའི་གེགས་རྒྱུ་བ་ཞི་སྟེ། མི་རྟག་པ་ལ་སྒྱུར་བ་འདབས ་པའི་སྒོ་དང་། བདག་མེང་པ་ཉིད་ལ་སྐུར་པ་འདེབས་པའི་སྒོ་དང་། ཤེས་པར་བྱ་བ་ཉིད་ལ་སྐུར་པ་འདེབས་པའི་སྒོ་དང་། ལུང་དུ་མ་བསྟན་པ་པ་ཉིད་ལེ་སྐུར་པ་འདེབས་པའི་སྒོའོ།། ཀུན་འབྱུང་གི་གླེགས་ཀྱི་སྒོ་ནི་བཞི ་སྟེ། རྒྱུ་ལ་སྐུར་པ་སྨྲ་བའི་སྒོ་དང་། ལས་བདག་གིར་བྱ་བ་ལ་སྐུར་པ་སྨྲ་བསྒོ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་སྨྲ་བ་སྒོ་དང་། རྣམ་པར་བྱང་བ་ལ་སྐུར་པ་སྨྲ་བ་སྒོའོ།། འགོག་པའི་གླེགས་ཀྱི་སྒོ་ཅིག་ནི། རྟག ་པ་ཉིད་ལ་སྐུར་པ་སྨྲ་བའི་སྒོའོ།། ལམ་གྱི་གེགས་ཀྱི་སྒོ་ནི་གཅིག་སྟེ། ངེས་པར་འབྱིན་པ་ལ་སྐུར་པ་སྨྲ་བའོ།། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་ཆར་ནི་ཉོན་མོངས་པ་ལྡན་པ་མ་ཡིན་ཞིང་བསྐྱེད་པ་ཡང་མ་ཡིན ་ནོ།། འོན་ཀྱང་ལྷན་ཅིག་ཏུ་ཚོར་བ་ལ་སོགས་པ་དང་ལྡན་པས་བསྐྱེད་པར་འགྱུར་བ་དང་ལྡན་པར་འགྱུར་རོ།། གང་གི་དབང་པོ་དང་བཅས་པའི་རྣམ་པར་ཤེས་པ་སྐྱེ་བ་ན། བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན ་ཉོན་མོངས་པ་སུན་ཕྱུང་བའི་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དེ་དང་དེའི་རྣམ་པར་ཤེས་པ་ནི་བདེན་པ་མཐོང་བ་དང་བསྒོམ་པ་དེ་དང་དེའི་སྤང་བྱའོ།། སོ་སོར་དཔྱོད་པ་ཡང་། སྤང་བར་བྱ་བ་གང་གིས་རྣམ་པར་ཇི་ལྟར་སུན་ཕྱུང་བ་དེ ་རྣམ་པ་དེ་ལྟར་འགྱུར་རོ།། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དག་པའམ་མ་དག་པ་ནི། འཁོར་ལོའི་ཚོགས་པས་དྲུག་པོ་ཆེན་པོ་ལས་འོངས་པ་སྟེ། གང་གི་ཕྱིར་ཞོ་ན། དྲུག་པ་ཆེན་པོ་འདི་ནི་ས་བཞིར་གྱུར་པས་སོ།། ་དེའི་ཕྱིར་མིག་གི་དབང་པོ་ལ་སོགས་པའི་གཟུགས་ཅན་རྣམས་ཀྱང་། དྲུག་པ་ཆེན་པོ་ལ་ལྟོས་ནས་སྨྲས་པའམ་སྦས་པ་མ་ཡིན་པར་འགྱུར་རོ།། འཁོར་ལོ་ཅན་གྱི་འཚོགས་པའང་ཇི་ལྟར་འགྱུར་བ་དེ་ལྟར་བཤད་པར་བྱ་སྟེ། དེ་ལྟ ་ཡང་། འདོད་ཆགས་ཀྱིས་ཆགས་པར་འདོད་པའི་སྐྱེས་བུས་མིག་གིས་གཟུགས་མཐོང་བ་ན། དེའི་མངོན་པར་འཚོགས་པ་དང་པཱ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་ལུང་མ་བསྟན་དུ་འགྱུར་རོ།། སྐྱེས་བུ་དེ ་འདྲ་བའི་མིག་གི་རྣམ་པར་ཤེས་པ་དེའི་དྲི་མ་ཐག་ཏུ་རྗེས་སུ་སྤྱོད་པ་ཞེས་པ་རྣམ་པར་ཤེས་པ་སྐྱེའོ།། འདི་ཅི་འམ་ཅི་འདྲ་བ་ཞེས་དམིགས་ཀྱིས་འཛིན་པར་བྱེད་པ་སྟེ། རང་བཞིན་ལུང་དུ་མ་བསྟན་པ་ཉིད་དོ།། དེ་མ་ཐོག་ཏུ ་སོར་སྤྱོད་པ་ཞེས་པའི་རྣམ་པར་ཤེས་པ་སྐྱེའོ། འདི་ཞེས་བྱ་བ་འདི་ལྟ་བུ་ཞེས་ངེས་པ།། རང་བཞིན་ལུང་མ་བསྟན་ཉིད་དོ།། སོ་སོར་སྤྱོད་པ་ངེས་གཟུགས་དེ་ངེས་པའི་ཕྱིར། དེ་མ་ཐག་ཏུ་དྲུག་པ་ཆེན་པོ་ཞེས་བྱ་བ་འམ་མིང ་གཞན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་སྡུག་པའི་མཚན་མར་འཛིན་པའི་རྣམ་པར་ཤེས་པ་སྐྱེའོ།། སྐྱེས་བུ་དེ་ནི་དྲུག་པ་ཆེན་པོ་དེས་གཟུགས་དེ་ལ་ཆགས་པར་བྱས་ཏེ། ཉོན་མོངས་པ་འདོད་ཆགས ་ཞེས་པ་དེ་དང་ལྷན་ཅིག་ཏུ་མིག་གི་དབང་པོ་སྦས་པ་མ་ཡིན་པ་མི་ལྡན་པ་སྐྱེ་བར་འགྱུར་རོ།། དྲུག་པ་ཆེན་པོ་ནི་སྦས་པ་མོ་ཡིན་པོ། མཚུངས་པར་ལྡན་པ་དང་རབ་ཏུ་མི་ལྡན་པའོ།། སྐྱེས་བུ་དེའི་དྲུག་པ་ཆེན་པོ་དེ་མ་ཐག་ཏུ། དེ་ལས ་གཟུགས་དེ་ཉིད་མཐོང་བ་འམ་དེ་དང་འདྲ་བ་མཐོང་བ་ལས། དྲུག་པོ་ཆེན་པོའི་ས། བདག་པོ་སུན་ཕྱུང་བའི་ཕྱིར། མིག་གི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དུ་འགྱུར་རོ།། སྡོམ་པ་མ་ཡིན་པ་དང་ལྡན་པའོ།། དེ་ནས་དེ་མ་ཐག ་ཏུ་རྗེས་སུ་སྤྱོད་པ་ནི་སྐྱེ་བ་མ་ཡིན་ཏེ། གཟུགས་ངེས་པའི་ཕྱིར་རོ།། སོ་སོར་སྤྱོད་པ་ནི་སྐྱེ་སྟེ། གཟུགསོ་དེ་ཉིད་ནི་འདི་ཡིན་ནོ་ཞེས་དྲན་པ་ཙམ་ཉེ་བར་སད་པར་བྱེད་དོ།། ཉོན་མོངས་པ་ཅན་མ་ཡིན་ཞིང་སྡོམ་པ་མ་ཡིན་པ་དང ་ལྡན་པའོ།། སྐྱེས་བུ་དེའི་ཡང་དེ་ནས་དེ་མ་ཐག་ཏུ། ཉོན་མོངས་པ་ཅན་སྦོམ་པོ་མ་ཡིན་པོ་དྲུག་པ་ཆེན་པོ་རྣམས་སྔོན་བཞིན་དུ་དེ་ཐམས་ཅད་དུས་རིང་དུ་ཡང་དང་ཡང་དུ་རྣམ་པར་ཤེས་པ་འཁོར་ལྷོ་འབྱུང་སྟེ། འཁོར་ལོ་མ ་ཞིག་གི་བར་དུའོ།། དེ་བཞིན་དུ་ཞེ་སྡང་གིས་ཀྱང་སུན་འབྱིན་པར་བྱེད་དོ།། ང་རྒྱལ་གྱིས་ཀྱང་ངོ་།། གཏི་མུག་གིས་ཀྱང་ངོ་།། ཐེ་ཚོམ་གྱིས་ཀྱང་སུན་འབྱིན་པར་བྱེད་དོ།། ལྟ་བ་རྣམས་ཀྱིས་ཀྱང་ཇི་ལྟར་རིགས་པར ་ཤས་སུན་འབྱིན་པར་བྱེད་དོ།། ཇི་ལྟར་མིག་གི་རྣམ་པར་ཤེས་པ་སུན་ཕྱུང་བ་དེ་བཞིན་དུ་བག་ལ་ཉལ་བཅུས་རྣ་བའི་རྣམ་པར་ཤེས་པ། སྐལ་པ་མཐུན་པའི་སྒྲ་རྣམས་སུན་འབྱིན་པར་བྱེད་དོ།། སྣ་དང་ལྕེ་དང་ལུས་ཀྱི་རྣམ ་ཤེས་ནི། སྒོམ་པས་སྤང་བར་བྱ་བ་བག་ལྔ་ཉལ་འདོད་ཆགས་ཁང་ཁྲི། ང་རྒྱལ་མ་རིག་པ་བཞིས་དྲི་དང་རོ་དང་རེག་བྱ་རྣམས་ལ་ཅི་རིགས་པར་སུན་འབྱིན་པར་བྱེད་དོ།། གཞོན་གྱི་སོ་ནི་མ་ཡིན་ནོ།། ཇི་ལྟར་འཁོར་ལོ་ཅན ་གྱི་ཚོགས་པའི་ཉོན་མོངས་པས། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་སུན་ཕྱུང་བར་གྱུར་པ་དང་སྦོམ་པོ་མ་ཡིན་པ་སྐྱེས་པ། དེ་བཞིན་དུ་རྣམ་པར་དག་པ་ཡང་འཁོར་ལོ་ཅན་གྱི་འཚོགས་པ་དགེ་བའི་རྩ ་བསྡུ་ཇི་ལྟར་རིགས་པར་སྡོམ་པ་སྐྱེ་བར་རིག་པར་བྱའོ།། དེ་ལ་ཇི་ལྟར་རིགས་པའི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། འཁོར་བའི་ཚོགས་པ་ལས་ལྡོག་པར་འདོད་པའི་སྐྱེས་བུ་འགའ་ཞིག་མིག་གི་གཟུགས་མཐོང་བ་ན། ་དེའི་མངོན་པར་འཚོགས་པ་དང་པོ་ལྷས་བྱུང་བ་མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་ལུང་མ་བསྟན་དུ་འགྱུརུ་རོ།། སྐྱེས་བུ་དེའི་མིག་གི་རྣམ་པར་ཤེས་པ་ལས་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པར་སྐྱེ་བར་འགྱུར་ཏེ། ་འདི་ཅི་འམ་ཅི་ལྟ་བུ་ཞེས་སྤྱི་ནས་འཛིན་པར་བྱེད་པ་སྟེ་རང་བཞིན་ལུང་མ་བསྟན་ཉིད་དོ།། རྗེས་སུ་སྤྱོད་པའི་དེ་མ་ཐག་ཏུ་སོ་སོར་སྤྱོད་པ་སྐྱེ་བར་འགྱུར་ཏེ། འདི་ཞེས་བྱ་བ་དང་འོདི་ལྟ་བུ་ཞེས་ངེས་པ་ནི་རང ་བཞིན་ལུང་མ་བསྟན་ཉིད་དོ།། སྐྱེས་བུ་དེའི་གཟུགས་དེ་ངེས་པའི་ཕྱིར། དེ་ནས་དེ་མ་ཐག་ཏུ་མི་སྡུག་པའི་མཚན་མར་འཛིན་པ་དྲུག་པ་ཆེན་པོ་སྐྱེ་བར་འགྱུར་རོ།། མི་སྡུག་པའི་མཚན་མར་འཛིན་པའི ་དྲུག་པ་ཆེན་པོ་ངེས་གཟུགས་དེ་ལ་ཆགས་པ་དང་བྲལ་པོར་བྱས་ཏེ། སྐྱེས་བུ་དེའི་ཆ་གསོ་བྲལ་དང་ལྷན་ཅིག་ཏུ་མིག་གི་དབང་པོ་སྦས་པ་མི་ལྡན་པ་སྐྱེ་བར་འགྱུར་རོ།། དྲུག་པ་ཆེན་པོ་ཡང་སྨྲས་པ། མཚུངས་པར ་ལྡན་པ་དང་རབ་ཏུ་མི་ལྡན་པའོ།། སྐྱེས་བུ་དེའི་དྲུག་པ་ཆེན་པོ་ལས་དེ་མོ་ཐག་ཏུ་གཟུགས་དེ་ཉིད་ངམ་དེ་དང་འདྲ་བའི་གཟུགས་མཐོང་བ་ལས། སོ་ཡི་བདག་པོའི་དྲུག་བྱ་ཆེན་པོ་དག་པ་ཡིན་པ་ཉིད་པསྟེ། མྱིག ་གི་རྣམ་པར་ཤེས་པ་ཉོན་མོངས་ཅན་མ་ཡིན་པ་དག་པར་འགྱུར་རོ།། སྡོམ་པ་དང་ལྡན་པའོ།། དེ་ནས་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པ་ནི་མི་སྐྱེ་སྟེ། གཟུགས་ངེས་པའི་ཕྱིར་རོ།། སོར་སྤྱོད་པ་ནི་སྐྱེ་སྟེ། གཟུགས་དེ་ཉིད་ནི་འདི་ཡིན་ནོ་ཞེས ་དྲན་པ་ཙམ་སད་པར་བྱེད་པ། ཉོན་མོངས་ཅན་མ་ཡིན་པ། སྡོམ་པ་དང་ལྡན་པའོ།། སྐྱེས་བུ་དེའི། དེ་ནས་སོ་སོར་སྤྱོད་པ་ལས་ཡོད་དྲུག་པ་ཆེན་པོ་ཉོན་མོངས་ཅན་མ་ཡིན་པ་བསྡོམ་པར་གྱུར་པའོ།། དེ་ལྟར ་སྔོན་བཞིན་དུ་ཡང་ནས་ཡོད་དུ་དུས་རིང་པོར་ཡང་རྣམ་པར་ཤེས་པའི་འཁོར་ལོ་འཁོར་ཏེ། འཁོར་ལོ་མ་ཞིག་གི་བར་དྲན།། དེ་བཞིན་དུ་མི་སྣང་བ་དང་མ་རྨོངས་པ་དང་འདོད་ཆགས་དང་བྲལ་པ་ལ་ཡང་སྦྱར་བར་བྱའོ།། ་དེ་བཞིན་དུ་ལུང་དུ་མ་བསྟན་པ་ལ་སྦྱར་བར་བྱའོ།། ཡང་གསུངས་པ། འཁོར་ལོ་བཅིང་བས་ལྔ་རྣམས་ཀྱིས། ས་རྣམས་ངག་དང་མ་དག་ཕྱིར། དྲུག་པ་ལས་སྐྱེས་དག་མ་དག། གཟུགས་ཅན་རྣམས་ཀྱིས་སྦས་མ་སྦས།། ་ཞེས་སོ།། མི་དགེ་བ་དང་དགེ་བ་དང་ལུང་དུ་མ་བསྟན་པའི་འཁོར་ལོའི་འཇུག་པ་རྣམ་པ་གསུམ་གྱི་འཇིག་པའི་རྒྱུ་ལྔ་ནི། འདི་ལྟ་སྟེ། རྣམ་པ་སྤངས་པ་དང་། དམིགས་པ་བཏང་བ་དང་། བཟུང་བ་འགྲིབ་པ་དང་། བཟུང་བ ་འཕེལ་བ་དང་། དྲུག་པ་ལས་དྲུག་པར་བགྲོང་བའོ།། དེ་ལས་སྡུག་པ་བསམས་ནས་མི་རྟ་པ་ཉིད་བསམས་པ་ལས་རྣམ་པ་སྤངས་པའོ།། བུད་མེད་ཀྱི་ལུས་བསམས་ནས་སྐྱེས་པའི་ལུས་བསམས་པ་ལས་དམིགས་པ་གཏོང་བའོ།། ་མང་པོ་བསམས་ནས་ཉུང་ངུ་བསམས་པ་ལས་བཟུང་བ་འགྲིབ་པོའོ།། ཆུང་ངུ་བསམས་ནས་ཆེན་པོ་བསམ་པ་ལས་གཟུང་བ་འཕེལ་བའོ།། འཁོར་ལོ་འཇུག་པ་ལ་དྲུག་པ་ཆེན་པོས་མི་སྡུག་པ་བསམས་ནས་དེ་མ་ཐག་ཉིད་དུ་དྲུག ་པ་ཆེན་པོ་སྐྱེ་བ་ནི་དྲུག་པ་ལས་དྲུག་པར་བགྲོད་པའོ།། དེ་ལྟར་འཁོར་ལོ་ཞིག་པ་ལའང་། ཡང་གཟུགས་དེ་ཉིད་མཐོང་བ་ལས་རང་བཞིན་གྱི་ལུང་མ་བསྟན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།། དེ་ལ་རྣམ་པ་སྤངས ་དང་། དྲུག་པ་བགྲོད་པ་དག་ནི། དྲུག་པ་ཁོ་ན་ལ་སྲིད་དོ།། མིག་གི་རྣམ་ཤེས་ལ་སོགས་བསྡུས་ནི་མ་ཡིན་ནོ།། དམིགས་པ་བཏང་བ་དང་། གཟུང་བ་འགྲིབ་པ་དང་། གཟུང་བ་འཕེལ་བ་རྣམས་ནི།། དྲུག་པ་འམ་མིག་གི་རྣམ ་ཤེས་ལ་སོགས་པ་ལྔ་ལ་སྲིད་པ་ཡིན་ནོ།། འཁོར་ལོ་ཐམས་ཅད་མྱུར་བར་འཇིག་པ་ནི་སེམས་བདུན་པ་ལ་ཡིན་ནོ།། འདི་ལྟ་སྟེ། དང་པོ་འཕྲང་བ་ལས་བྱུང་བའི་མིག་གི་རྣམ་ཤེས་དང་། དེ་ནས་རྗེ་སུ་སྤྱོང་བ་དང་། དེ་ནས་པོ་སྤྱོད་པ ་དེ་ནས་དྲུག་པ་ཆེན་པོ་དང་། དེ་ནས་ཡང་མིག་གི་རྣམ་ཤེས་དང་། དེ་ནས་སོ་སོར་སྤྱོད་པ་དང་། དེ་ནས་དྲུག་པ་ཆེན་པོའོ།། དྲུག་པ་ཆེན་པོའི་དུས་དེ་ལ་འཁོར་ལོ་འཇིག་གོ། སྒྲིབ་པ་ལུང་མ་བསྟན་གྱི་འཁོར་ལོ་ཡང་། གཟུགས ་ཁམས་སུ། དགེ་བའི་ཡུལ་ལ། མི་དགེ་བའི་ཡུལ་ལ། ལུང་དུ་མ་བསྟན་པའི་ཡུལ་ལཱ། མི་སྒྲིབ་པའི་ཡུལ་ལ། སྒྲིབ་པའི་ཡུལ་རྣམས་ལ། སོ་སོར་ལ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་སྒོམ་པས་སྤང་བར་བྱ ་བ་རྣམས་ནི། འདོད་ཆགས་ལ་སོགས་པ་རྣམས་ཀྱི་སུན་འབྱིན་པ་སྦྱར་བར་བྱའོ།། དེ་བཞིན་དུ་འདོད་པའི་ཁམས་སུ་སྒྲིབས་པའོ་འཁོར་ལོ་ནི་འཇིགས་ཚོགས་ལ་ལྟ་བ་དང་མཐར་འཛིན་པ་ལྟ་བ་དག་གིས་སུན་འབྱིན་པའོ།། ་ཀུན་ནས་དཀྲིས་པས་སུན་ཕྱུང་བ་ནི། སྒྲིབ་པའི་ལུང་མ་བསྟོན། མིག་གི་རྣམ་པར་ཤེས་པ་ཡིན་ནོ།། སོ་སོར་སྤྱོད་པ་ཡང་ངོ་།། མི་སྒྲིབ་པའི་ལུང་མ་བསྟན་གྱི་འཁོར་ལོ་ནི། དགེ་བའི་སྤྱོད་པ་ལ་ཞན་པར་ཀུན་ཏུ་སྤྱོད་པ་ཉིད་ཀྱིས ་བསྒྲུབ་པ་ཞེན་པར་འགྱུར་བཞིན་པའི་དྲུག་པ་དང་ལྷན་ཅིག་ཏུ་མིག་གི་དབང་པོའི་སྦས་པ་དང་སྒྲིབ་པའི་ལུང་མ་བསྟན་སྐྱེའོ།། དྲུག་པའི་ཡང་མི་སྒྲིབ་པའི་ལུང་མ་བསྟན་དང་དགེ་བ་སྐྱེའོ།། དྲུག་པ་ལས་དེ་མ་ཐག་ཏུ་གཟུགས ་དེ་ཉིད་དམ་དེ་དང་འདྲ་བ་མཐོང་བ་ལས་མིག་གི་རྣམ་ཤེས་མི་སྒྲིབ་པ་ལུང་མ་བསྟན་སྐྱེའོ།། དེ་ནས་པར་མེད་པར་སོ་སོར་སྤྱོད་པ་ཡང་མི་སྒྲིབ་པ་ཉིད་དོ།། དེ་ནས་དྲུག་པ་མི་སྒྲིབ་པའོ།། འདི་ནི་ཟད་པར་འགྱུར་བཞིན་པ་ན། དྲུག་པ་ཉིད་སྒྲུབ ་པ་ཞན་པར་འགྱུར་བ་དང་འཕེལ་བར་འགྱུར་བའོ།། དགེ་བ་ཉིད་སྒྲུབ་པ་ཞན་པར་འགྱུར་བཞིན་པ་ནི་མི་སྒྲིབ་པའི་ལུང་མོ་བསྟན་དུ་འགྱུར་རོ།། ཡང་གསུངས་པ། དེ་ལྟར་འདི་ཡི་གསུངས་པ་ལ། མྱུར་དུ་ཟད་དང་སྦས་པ་དང་། དཀར་པོ ་ཉམས་པའི་འདུ་བྱེད་ནི། མང་དུ་མི་སྒྲིབ་པར་འདོད་དོ།། ཞེས་སོ།། དེ་ལྟར་ཡང་། སྐྱེས་བུ་འགའ་ཞིག་འཁོར་བ་ལས་ལྡོག་པར་འདོད་པས་མིག་གིས་གཟུགས་མཐོང་བ་ལས། དང་པོ་མངོན་པར་འདུས་པ་ལས་བྱུང་བའི་མིག་གི་རྣམ ་པར་ཤེས་པ་རང་བཞིན་ལུང་མ་བསྟན་ཡིན་ནོ།། དེ་ནས་རྗེས་སུ་སྤྱོད་པ་རང་བཞིན་ལུང་མ་བསྟན་ཉིད་དོ།། དེ་ནས་སོ་སོར་སྤྱོད་པ་རང་བཞིན་ལུང་མ་བསྟན་པ་ཉིད་དོ།། དེ་ནས་བཞི་པ་དྲུག་པ་ཆེན་པོ་དགེ་བའོ།། དེ་ནས་མིག་གི་རྣམ་ཤེས ་དགེ་བ་ཉིད་དོ།། དེ་ནས་བདུན་པ་དྲུག་པ་ཆེན་པོ་ལ་དགེ་བའི་འདུ་བྱེད་ཞན་དུ་གྱུར་པ་ལ། དགེ་བའི་ས་ཆེན་པོ་པ་ནི་ལོག་ཅིང་། སྡོམ་པ་འབའ་ཞིག་འཇུག་པ་ཉིད་དེ། འདི་ནི་སྒྲུབ་པ་ཞན་པ་ཡིན་ནོ།། སྡོམ་པ་རྗེས་སུ་འཇུག ་པའི་ཕྱིར་མི་སྒྲིབ་པའི་ལུང་མ་བསྟན་ནོ།། གང་གི་ཚེའང་སྡོམ་པས་ཀྱང་སྤང་བར་འགྱུར་བ་དེའི་ཚེ་རང་བཞིན་ལུང་མ་བསྟན་ཉིད་དུ་འགྱུར་རོ།། དེ་བཞིན་དུ་སྒྲུབ་པ་ཞན་པའང་ངོ་།། གང་གི་ཚེ་རང་བཞིན་ལུང་མ་བསྟན་སེམས ་ཅིག་ཉིད་ལས་དེ་མ་ཐག་ཏུ་སྟོང་པར་བྱེད་དོ།། དེ་ནས་ཡང་འདི་མི་སྒྲིབ་པའི་ལུང་དུ་མ་བསྟན་དུ་འགྱུར་རོ།། ཡང་ན་སེམས་གཅིག་གིས་བར་ཆོད་ནས་སྟོང་པར་བྱེད་ན། དེ་ནས་དགེ་བའི་སེམས་ཉིད་དུ་འགྱུར་ཏེ། མི་སྒྲིབ་པའི ་ལུང་མ་བསྟན་ནི་མ་ཡིན་ནོ།། དེ་ཡང་སྟོང་པར་བྱེད་དོ་ཞེས་པ་ནི་དྲུག་པ་ཆེན་པོ་འཕེལ་བར་འགྱུར་བ་གང་གི་ཚེ་རབ་ཏུ་བསྡིགས་པ་ཉིད་ཀྱི་གནས་སྐབས་ཐོབ་པར་གྱུར་པའོ།། གང་ལས་ཡོངས་སུ་ཉམས་པ་དེ་ལས་དགེ་བར་འགྱུར་བ་ནི། དྲུག་པ་ཆེན ་པོ་འོག་མ་མིན་ཞེས་པའོ།། ཡང་གང་ལས་སྒྲུབ་པ་ཞན་པར་འགྱུར། དམིགས་པ་སྒྲུབ་པ་ཞེན་པ་ཅི་ཞེ་ན། བརྗོད་པར་བྱ་སྟེ། སྒོམ་པའི་རང་བཞིན་གྱི་སེམས་ཀྱི་སྤྱོད་པ་རེས་འགའ་འདུ་བྱེད་ཞན་པར་གྱུར་པ་ནི་སྒྲུབ་པ་ཞན་པའོ།། དེ་ཡང ་དྲུག་པ་ཆེན་པོ་ཡིད་ཀྱི་རྣམ་ཤེས་སོ།། མིང་ལ་དམིགས་པ་དང་། མཚན་མ་ལ་དམིགས་པ་དང་། ཡོངས་སུ་དག་པ་ལ་དམིགས་པ་སྒྲུབ་པ་ཞན་པ་སྟེ། དོན་ལ་དམིགས་པ་ནི་མ་ཡིན་ནོ།། ཡང་སྒྲུབ་པ་ཞན་པ་ཅི་ཡིན་ཞེ་ན། སྒྲུབ་པ་དེ ་ནི་བསམ་གཏན་མ་ཡིན། བསམ་གཏན་ལམ་མ་ཡིན་ནོ།། སྒྲུབ་པ་ཞན་པ་དེ་མཚན་མ་དང་ཡོངས་སུ་དག་པ་དག་སྒྲུབ་པ་ཞན་པར་གྱུར་པ་ཅི་སྲིད་དུ་བསྒོམ་པའི་རང་བཞིན་དུབང་འགྱུར་རོ།། མིང་ལ་དམིགས་པ་སྒྲུབ་པ་ཞན་པ་རང ་བཞིན་སྤྱོད་པ་ཅན་ནི་མ་ཡིན་ནོ།། ཡང་སྒྲུབ་པ་ཞན་པ་བསམ་གཏན་མ་ཡིན་བསམ་གཏན་ལམ་མ་ཡིན་པ་ཅིའི་དོན་དུ་ཞེ་ན་བརྗོད་པར་བྱ་སྟེ། སྙོམས་པར་འཇུག་པ་དང་ལམ་ཐམས་ཅད་ནི་ཡོངས་སུ་རྫོགས་པའི་བདེ་བའི་དངོས་པོ་དང ་ལྡན་པའི་ཕྱིར་རོ།། བདེ་བའི་དོན་ཡང་དགེ་བའི་དོན་ཏོ།། བདེ་བའི་དོན་ནི་རྣམ་པར་གཉིས་ཏེ། འདི་ལྟ་སྟེ། ཡོངས་སུ་རྫོགས་པ་དང་ཡོངས་སུ་རྫོགས་པ་མ་ཡིན་པའོ།། དེ་ལ་གང་གི་ཚེ་ཡོངས་སུ་རྫོགས་པ་དེའི་ཚེ་དགེ་བའོ།། གང་གི ་ཚེ་ཡོངས་སུ་མ་རྫོགས་པ་དེའི་ཚེ། མི་སྒྲིབ་པའི་ལུང་མ་བསྟན་དུ་འགྱུར་རོ།། གང་གི་ཚེ་གང་དུ་དམར་བའི་དངོས་པོ་ཡོངས་སུ་རྫོགས་པ་དེ་ལ་དམར་པོ་ཞེས་བརྗོད་དོ།། གང་ཡོངས་སུ་མ་རྫོགས་པ་དཾ་ནི་པདྨའི་དམར་པོ་ཞེས་བརྗོད་དོ།། ་གཉི་ག་དམར་པོ་ཡིན་པ་དེ་བཞིན་དུ་དགེ་བ་དང་མི་སྒྲིབ་པའི་ལུང་མ་བསྟན་དག་རྟོགས་པར་བྱའོ།། ཡང་བདེ་བའི་དངོས་པོ་མ་ཡིན་པ་གང་ཞེ་ན། བདེ་བ་མ་ཡིན་པའི་དངོས་པོ་དེ་གང་དུ་ཡོངས་སུ་རྫོགས་པ་དེ་ནི་མི་དགེ་བའོ།། གང་དུ ་ཡོངས་སུ་མ་རྫོགས་པ་དེ་ནི་སྒྲིབ་པའི་ལུང་མ་བསྟན་ཏོ།། དཔེར་ན་བུང་བ་དང་ཟར་མའི་མེ་ཏོག་དག་ནག་པ་ཉིད་ཐ་དད་པ་དེ་བཞིན་ནོ།། ཡང་གང་དུ་བདེ་བའི་དངོས་པོ་མེད་པ་བདེ་བ་མ་ཡིན་པའི་དངོས་པོ་མེད་པ་དེ་རུ་ཇི་ལྟར་ཞེ་ན། ་བ་རྗོད་པར་བྱ་སྟེ། གང་ལ་གཉི་ག་ཡང་མེད་པ་དེ་ནི་རང་བཞིན་གྱི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ།། ནམ་མཁའི་ངང་བཞིན་ནོ།། དེ་ལ་བདེ་བའི་དོན་ནི་མིང་གཞན་དགེ་བའི་དོན་ཏོ།། ཐམས་ཅད་ཀུན་ནས་དཀྲིས་པ ་མ་ཡིན་ཞིང་སྡོམ་པ་ཡིན་ནོ།། བདེ་བ་མ་ཡིན་པའི་དངོས་པོ་ཉིད་ནི་མིང་གཞན་མི་དགེ་བའོ།། ཐམས་ཅད་ཀུན་ནས་དཀྲིས་པ་ཡིན་ཞིང་སྡོམ་པ་མ་ཡིན་པ་ཡིན་ནོ།། ཇི་ལྟར་འཁོར་ལོ་འདི་རྣམ་པ་བཞིར་བསྟན་པ། དེ ་བཞིན་དུ་རང་བཞིན་གྱི་ལུང་མ་བསྟན་འཁོར་ལོ་ཡང་བརྗོད་པར་བྱའོ།། དེ་ལ་རང་བཞིན་ལུང་མ་བསྟན་འཁོར་ལོ་ལ་ཡང་སྔོན་བཞིན་དུ་རྗེས་སུ་སྤྱོད་པ་མི་སྐྱེའོ།། ཅི་ལྟར་མིག་གི་རྣམ་ཤེས་ཀྱི། དེ་བཞིན་དུ་ན ་བའི་རྣམ་ཤེས་ལ་ཡང་འཁོར་ལོ་རྣམ་པ་ལྔ་དང་། འཁོར་ལོ་འཇིག་པ་བརྗོད་པར་བྱའོ།། འདི་ལྟར། དགེ་བའི་འཁོར་ལོ་དང་། མི་སྒྲིབ་པ་པའི་འཁོར་ལོ་དང་། མི་དགེ་པའི་འཁོར་ལོ་དང་། སྒྲིབ་པའི་འཁོར་ལོ་དང་། རང ་བཞིན་ལུང་མ་བསྟན་གྱི་འཁོར་ལོ།། ལུས་ཀྱི་རྣམ་པར་ཤེས་པ་ནི་སྔོན་བཞིན་དུ་རྣམ་པ་ལྔའོ།། དེ་ལ་འདོང་པའི་ཁམས་སུ་སྒྲིབ་པ་སྤངས་པའོ།། གཟུགས་ཁམས་སུ་མི་དགེ་བ་སྤངས་པའོ།། གཉི་ག་གཅིག་ཏུ་བྱས ་པས་རྣམ་པ་ལྔར་འགྱུར་རོ།། དེ་ལྟ་ན་ཡང་། འདོད་པའི་ཁམས་ཀྱི་དང་གཟུགས་ཀྱི་ཁམས་ཀྱི་ངག་གཅིག་ཏུ་བྱས་ཏེ་དགེ་བ་གཅིག་གོ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ངག་གཅིག་ཏུ་བྱས་ཏེ་མི་སྒྲིབ་པ་ནི ་གཉིས་པའོ།། འདོད་པའི་ཁམས་ཀྱི་མི་དགེ་བུ་ནི་གསུམ་པའོ།། གཟུགས་ཁམས་ཀྱི་སྒྲིབ་པ་ནི་བཞི་པའོ།། འདོད་པའི་ཁམས་ཀྱི་དང་གཟུགས་ཀྱི་ཁམས་ཀྱི་ངག་གཅིག་ཏུ་བྱས་ཏེ་རང་བཞིན་གྱིས་ལུང་མ་བསྟན་ནི ་འཁོར་ལོ་ལྔ་པའོ།། ཁམས་དང་བཅས་པའི་རེག་བྱ་ལ་ལུས་ཀྱི་རྣམ་པར་ཤེས་པ་དེ་ནི་འཁོར་ལོ་རྣམ་པ་ལྔར་འགྱུར་རོ།། ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པ་ལྔའོ།། དེའི་ཡང་རྗེས་སུ་སྤྱོད་པ་དང་སོ་སོར་སྤྱོད ་པ་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་རང་རྒྱུད་ཅན་ཡིན་པའི་ཕྱིར་དང་། དྲུག་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ།། སྣའི་རྣམ་ཤེས་ནི་སྒྲིབ་པ་སྤངས་པས་རྣམ་པ་བཞིའོ།། ལྕེའི་རྣམ་ཤེས་ནི། དེ ་འཁོར་ལོ་རྣམ་བཞིར་བྱ་ཞེས་སོ།། ཡང་གཟུགས་ལ་སོགས་པ་ལ་དགེ་བ་ལ་སོགས་ཇི་ལྟར་འགྱུར་ཞེ་ན། བརྗོད་བྱ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་རྣམས་ནི་སེམས ་ཡང་རྣམ་པར་རིག་བྱེད་གང་ཞིག་དགེ་བས་བྱས་པ་དེ་རྣམས་ནི་དགེ་བའོ།། དེ་བཞིན་དུ་རང་བཞིན་གྱི་སེམས་ཀྱིས་སྐྱེད་པ་ནི་རང་བཞིན་ནོ་ཞེས་པའི་བར་དུའོ།། དེ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་དང་། ་པ་ལྔའོ།། ལྷག་མ་གཟུགས་དང་སྒྲ་དགྲ་དང་དྲི་དང་རོ་དང་རེག་བྱ་དང་ཐམས་ཅད་ནི་རང་བཞིན་གྱིས་ལུང་མ་བསྟོན་ཏོ།། ཆོས་ནི་དགེ་བ་ལ་སོགས་པ་རྣམ་པ་ལྔའོ།། ཡང་གསུངས་པ། གཟུགས་དང ་དག་ལ་སོགས་པ་རྣམ་པ་ལྔ།། དྲི་རོ་རེག་བྱའི་ཁམས་རྣམས་ནི།། རོང་བཞིན་ལུང་དུ་མ་བསྟན་པའོ།། ཞེས་སོ།། ཇི་ལྟར་འང་། རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་རྣམས་ཀྱི་ལུས་དང་ངག་གི ་བྱེད་ངག་གི་དག་པ་ལ་སོགས་པ་ནི་དྲུག་པས་བྱས་པའོ།། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ཡང་དྲུག་པས་བྱས་པའོ།། གང་གི་ཕྱིར་ཞེ་ན། གང་དག་རྣམ་པར་རིག་བྱེད་ཀྱི ་གཟུགས་དང་སྒྲ་དག་དང་། རྣམ་པར་ཤེས་པའི་ཚོགས་རྣམས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་སེམས་ལས་སྐྱེས་པ་དེ་རྣམས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པས་དང་། དེ་བཞིན་དུ་སྒོམ ་པས་སྤང་བར་བྱ་བའི་སེམས་ལས་སྐྱེས་པ་ནི་སྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེང་པོའི་སེམས་ལས་སྐྱེས་པ་ནི་སྤང་བར་བྱ་བ་མ་ཡིན་པའི་བར་དུའོ།། རྣམ་པར་རིག་བྱེད་མ་ཡིན་པ་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ནའོ།། མིགོ་གི ་རྣམ་པར་ཤེས་པ་ནི་སྤང་བྱ་ལས་རྣ་པོ་དྲུག་སྟེ། འདི་ལྟ་སྟེ། སྡུག་བསྔལྔ་མཐོང་བས་སྤང་བར་བྱ་བ་དང་།། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་དང་། ལམ་མཐོང་བས་སྤང་བར་བྱ་བ་དང་།། ་སྒོམ་པས་སྤང་བར་བྱ་བ་དང་། སྤང་བྱ་མ་ཡིན་པའོ།། དེ་བཞིན་དུ་རྣ་བའི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་དང་། ཆོས་རྣམས་ལ་སོ་སོར་དྲུག་གོ། ཡང་གསུངས་པ། མིག་སྣ་ཡིད་ཀྱི་སེམས་ཆོས་ལ།། སྤང་མིན ་བཟུང་བས་དྲུག་ཡིན་ནོ།། ཞེས་སོ།། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་ཀྱི་ཡང་། གང་ཉོན་མོངས་པ་ཅན་དང་རང་བཞིན་ནི་དེ་ཉོན་མོངས་པ་ལས་འབྱུང་བ་ཞེས་བརྗོད་དོ།། དེ་ལ་རྣམ་པ་ལྔ་སྟེ་འདི་ལྟར།། ་སྡུག་བསྔལ་གེགས་ནས་སྒོམ་པས་སྤང་བར་བྱ་བའི་བར་དུ་ཅི་རིགས་པར་སྲིད་པའོ།། ཡང་གང་ཉོན་མོངས་པ་མ་ཡིན་པ་དེ་ནི་སྒོམ་པས་སྤང་བར་བྱ་བ་དང་སྤང་བྱ་མ་ཡིན་པའོ།། སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས ་པ་རྣམས་ནི་རྣམ་པ་གཉིས་ཏེ་འདི་ལྟར། སྒོམ་པས་སྤང་བར་བྱ་བ་དང་། སྦྲང་བྱ་མ་ཡིན་པའོ།། ཡང་གསུངས་པ། སྣ་ཚོགས་སེམས་ལ་རྣམ་པ་གཉིས། ཞེས་སོ།། རྣམ་པར་རིག་བྱེད་ཀྱི་གཟུགས་དང་། སྒྲའི་ཕྱོགས་གཅིག ་ནི་སྒོམ་པས་སྤང་བར་བྱ་བའོ།། ཡང་གསུངས་པ། བྱ་མིན་གཟུགས་ནི་སྒོམ་སྦྱོང་ངོ་།། ཞེས་སོ།། ལུས་ཀྱི་རྣམ་པར་རིག་བྱེད་དང་ངག་གི་རྣམ་པར་རིག་བྱེད་དག་སྤང་བྱ་ལས་རྣམ་པ་ལྔའོ།། ཡང་གསུངས་པ། རྣམ་པར་རིག་བྱེད ་གང་རྣམ་ལྔ།། ཞེས་སོ།། སྡོམ་པ་མ་ཡིན་པ་ཡང་སྤང་བྱ་ལས་རྣམ་པ་ལྔའོ།། དེ་ལ་གཟུགས་ཅན་གྱི་དབང་པོ་ལྔ་རྣམས་ཀྱི་མི་ལྡན་པ་ཉིད་སྡོམ་པ་མ་ཡིན་པའོ།། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱི་དང་། སོ་སོར ་སྤྱོད་པའི་མཚུངས་པར་ལྡན་པ་ཉིད་སྡོམ་པ་མྱ་ཡིན་པའོ།། དྲུག་པ་ཆེན་པོ་ཡང་མཚུངས་པར་ལྡན་པ་དང་རབ་ཏུ་མི་ལྡན་པའོ།། དྲི་དང་རོ་དང་རེག་བྱ་གསུམ།། འདི་རྣམས་སྒོམ་པས་སྤང་བྱ་ཉིད།། ཞེས་སོ།། པཎྜི་ཏེ་ཆེན་པོ ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་སྤྲོས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་འཕགས་པ་ལ་འཕགས་པ་མང་པོས་བཀུར་བའི་སྔོ་པའི་ལུང་གི་ཚུལ་ལ་བག་ལ་ཉལ་མ་ཡིན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ ་བཅུ་དྲུག་པའོ།། །། བགོ་ལ་ཉལ་ཡང་རྣམ་པར་བཞག་པ་བཞི་སྟེ། འདི་ལྟར། ཆོས་རྣམ་པར་བཞག་པ་དང་། མཚན་ཉིད་རྣམ་པར་བཞག་པ་དང་། ཁམས་ཀྱི་དབྱེ་བ་དང་། སྤང་བྱའི་དབྱེ་བའོ།། ་དེ་ལ་ཆོས་རྣམ་པར་བཞག་པ་ནི་བག་ལ་ཉལ་བཅུ་སྟེ། འདི་ལྟར། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལོག་པར་ལྟ་བ་དང་། རང་ལུས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། མཚན་ཉིད་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། འདོད་ཆགས་ནི་ཞེན་པའི་མཚན་ཉིད་དོ།། ཁོང་ཁྲོ་ནི་ཞེ ་སྡང་བའི་མཚན་ཉིད་དོ།། ང་རྒྱལ་ནི་མཐོན་པོའི་མཚན་ཉིད་དོ།། མ་རིག་པ་ནི་ཀུན་ཏུ་རྨོངས་པའི་མཚན་ཉིད་དོ།། ལོག་པར་ལྟ་བ་ནི་རྣམ་པ་གཉིས་ཏེ། འདི་ལྟར། སྦྱིན་པ་མེད་ཞེས་པ་ལ་སོགས་པའི་མཚན་ཉིད་ཡོད་པ་འཇིག་པར ་བྱེད་པའི་ལོག་པར་ལྟ་བ་དང་། གཟུགས་མི་རྟག་ཞེས་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་རྟོགས་པའི་ལོག་པར་ལྟ་བའོ།། ཆོས་དང་སེམས་དཔའ་ལ་བདག་ཏུ་བརྟགས་པ་ནི་རང་ལུས་ལ་ལྟ་བའོ།། གང་ཟག་ལ་རྟགས་པ་དང་རྟག ་པོ་མ་ཡིན་པར་བརྟགས་པ་ནི་མཐར་འཛིན་པར་ལྟ་བའོ།། ཟག་པ་དང་བཅས་པའི་ཆོས་ལ་མཆོག་འབའ་ཞིག་ཏུ་རྟོག་པ་ནི་ལྟ་བའི་མཆོག་ཏུ་འཛིན་པའོ།། ཟག་པ་དང་བཅས་པའི་ཆོས་ལ་དག་པར་བརྟགས་པ་ནི་ཚུལ་ཁྲིམ ་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། ཐེ་ཚོམ་ནི་རྣམ་པ་གཉིས་ཏེ། བདེན་པ་ལ་སྐུར་པ་སྨྲ་བ་དང་། རྣམ་པར་བྱང་བ་ལ་སྐུར་པ་སྨྲ་བའོ།། དེ་ལ་བདེན་པ་ལ་སྐུར་པ་འདེབས་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། ་སྡུག་བསྔལ་ལ་སྐུར་པ་འདེབས་པ་དང་། ཀུན་འབྱུང་ལ་སྐུར་པ་དང་། འགོག་པ་ལ་སྐུར་པ་དང་། ལམ་ལ་སྐུར་པ་འདེབས་པའོ།། རྣམ་པར་བྱང་བ་ལ་སྐུར་པ་ནི་རྣམ་པ་གསུམ་སྟེ། འདི་ལྟར། སངས་རྒྱས་ལ་སྐུར་པ་འདེབས ་པ་དང་། ཆོས་ལ་སྐུར་པ་སྨྲ་བ་དང་། དགེ་འདུན་ལྔ་སྐུར་པ་སྨྲ་བའོ།། དེ་ལ་སངས་རྒྱས་དང་དགེ་འདུན་ལ་ཐེ་ཚོམ་ཟ་བ་ནི་སྡུག་བསྔལ་གྱི་གེགསོ་ཉིད་དོ།། ཆོས་ལ་ཐེ་ཚོམ་ཟ་བ་ནི་འགོག་པའི་གེགས་སོ།། བདེན་པ་ལ་སྐུར་བ ་ཡང་སོ་སོར་བཞི་སྟེ། འདི་ལྟར། སྡུག་བསྔལ་གྱི་གེགས་དང་། ཀུན་འབྱུང་གླེགས་དང་། འགོགས་པའི་གེགས་དང་། ལམ་གྱི་གེགས་སོ།། ཁམས་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། འདི་ལྟར། འདོད་པས་བསྡུས ་པ་དང་། གཟུགས་ཀྱིས་བསྡུས་པ་དང་། གཟུགས་མེད་པས་བསྡུས་པའོ།། དེ་ལས་འདོད་པས་བསྡུས་པ་ནི་བཅུ་སྟེ། འདི་ལྟར། གཟུགས་ཀྱིས་བསྡུས་པ་དགུ་སྟེ། དེ་ཉིད་ཁོང་ཁྲོ་སྤངས་པའོ།། གཟུགས་མེད ་བས་བསྡུས་པ་དགུ་སྟེ། དེ་ཉིད་ཁོང་ཁྲོ་སྤངས་པའོ།། སྤང་བྱའི་དབྱེ་བས་བག་ལ་ཉལ་རྣམ་པ་ལྟར་འགྱུར་རོ།། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། འགོག་པ་མཐོང ་པབས་སྤང་བར་བྱ་བ་དང་། ལམ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའོ།། དེ་ལ་འདོད་པའི་ཁམས་སུ་འདོད་ཆགས་རྣམ་པ་ལྔ་སྟེ། འདི་ལྟར། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་སྒོམ ་བས་སྤང་བྱའོ།། དེ་བཞིན་དུ་གཟུགས་ཁམས་སུ་རྣམ་པ་ལྔའོ།། དེ་བཞིན་དུ་གཟུགས་མེད་ཁམས་སུ་རྣམ་པ་ལྔའོ།། ལྔ་པ་གསུམ་ནི་འདོད་ཆགས་བཅོ་ལྔར་འགྱུར་རོ།། དེ་བཞིན་དུ་ང་རྒྱལ་རྣམ་པ ་བཅོ་ལྔ་དང་། དེ་བཞིན་དུ་རྨོངས་པ་བཅོ་ལྔ་དང་། བཅོ་ལྔ་པ་གསུམ་ནི་བཞི་བཅུ་རྩ་ལྔར་འགྱུར་རོ།། ལོག་པར་ལྟ་བ་ནི་འདོད་པའི་ཁམས་སུ་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་མཐོང ་བས་སྤང་བར་བྱ་བའོ།། དེ་བཞིན་དུ་གཟུགས་སུ་རྣམ་པ་བཞིའོ།། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་བཞིའོ།། འདི་ནི་ལོག་པར་ལྟ་བ་བཞི་པ་གསུམ་ཏེ་བཅུ་གཉིས་སོ།། དེ་བཞིན་དུ་ལྟ་བ་མཆོག་ཏུ་འཛིན ་པ་བཅུ་གཉིས་སོ།། ཐེ་ཚོམ་རྣམ་པ་བཅུ་གཉིས་དང་། བཅུ་གཉིས་པ་གསུམ་ནི་སུམ་ཅུ་དྲུག་གོ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་འདོད་པའི་ཁམས་སུ་རྣམ་པ་གཉིས་ཏེ། འདི་ལྟར། སྡུག ་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་། དེ་བཞིན་གཟུགས་ཁམས་སུ་རྣམ་པ་གཉིས་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་གཉིས་སོ།། འདི་ནི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ ་འཛིན་པ་གཉིས་པ་གསུམ་སྟེ་དྲུག་གོ།། དེ་ལ་གཟུགས་མེད་པའི་ཁམས་སུ་ཚུལ་ཁྲིམས་མེད་པས་བརྟུལ་ཞུགས་འབའ་ཞིག་དུ་རིག་པར་བྱའོ།། རང་གི་ལུས་ལ་ལྟ་བ་ནི་ཁམས་གསུམ་དུ་ལུས་དང་དམ་པར་ལྟ་བ ་གསུམ་ནི་སྡུག་བསྔལ་མཐོང་བས་སྤང་བྱ་བ་ཁོ་ནའོ།། དེ་བཞིན་མཐར་འཛིན་པར་ལྟ་བ་གསུམ་མོ།། གཉིས་པོ་འདི་ཡང་ཁམས་གསུམ་དུ་དྲུག་དུ་འགྱུར་རོ།། ཞེ་སྡང་ནི་འདོད་པའི་ཁམས་སུ་རྣམ་པ་ལྔ་སྟེ། འདི་ལྟར། ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་སྒོམ་པས་སྤང་བར་བྱ་བའོ།། དེ་ལྟར་བག་ལ་ཉལ་དེ་རྣམས་ནི་ཁམས་དང་སྤང་བྱའི་དབྱེ་བས་ཕྱེ་བ་ན་དགུ་ཅུ་རྩ་བརྒྱད་དུ་འགྱུར་རོ།། ཡང་བག་ལ་ཉལ་རྣམ་པ་གསུམ་སྟེ་འདི ་ལྟར། ཐམས་ཅད་འགྲོ་བ་ཆེན་པོ་དང་ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་། སཾ་ཆུང་ངུ་པའོ།། ཀུན་ཏུ་འགྲོ་བ་ཆེན་པོ་ནི་ག་ཏི་མིག་སྷོ། ཁ་མོས་རེ་རཾ་ལི་སྤང་བྱའི་དབྱེ་བ་ཐ་དད་པ་རྣམ་པ་ལྔའོ།། ཀུན་ཏུ་འགྲོ་བ་ཆུང་ངུ་ནརྀ་དྲུག ་སྟེ། འདི་ལྟར། ལོག་པར་ལྟ་བ་དང་། རང་ལུས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། ས་ཆུང་ངུ་བ་ནི ་གསུམ་སྟེ། འདི་ལྟར། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་ལོ།། ཡང་གསུངས་པ། ཀུན་འགྲོ་ཆེན་པོ་རྨོངས་པའོ།། ཡིད་གཉིས་དང་ནི་ལྟ་བ་ལྔ།། ཀུན་འགྲོ་ཆུང་ངུའོ།། ལྷག་མ་ནི། ཉོན་མོངས་ཆུང ་དུའི་ས་པའོ།། ཞེས་སོ།། ཡང་རྣམ་པ་ལྔ་སྟེ། འདི་ལྟར། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང་། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང་མཚུངས་པ་དང་། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་། འགྲོ་བ་ཆུང་ལྟ་བུ་དགས་ཆུང་བའོ།། ་ཀུན་ཏུ་འགྲོ་བ་ཉིད་དུ་གསུངས་པ། ཁམས་གསུམ་གྱི་སྡུག་བསྔལ་གྱི་གེགས་དང་ཀུན་འབྱུང་གི་གེགས་དག། བག་ལུ་ཉལ་དེ་ནི་ཀུན་ཏུ་འགྲོ་བ་ཆེན་པོ་ཉིད་དོ།། བག་ལ་ཉལ་ང་ཉིད་འགོག་པའི་གགས ་དང་ལམ་གྱི་གེགས་དག་ནི་ཀུན་ཏུ་འགྲོ་བ་ཆེན་པོ་ལྟ་བུའོ།། གང་ཀུན་ཏུ་འགྲོ་བ་ཆུང་ངུ་གསུངས་པ། ལྟ་བ་ལྔ་དང་ཐེ་ཚོམ་དེ་ནི་སྡུག་བསྔལ་གྱི་གེགས་དང་ཀུན་འབྱུང་གི་གླེགས་དག་ནི་ཀུན་ཏུ་འགྲོ་བ་ཆུང་ངུའོ།། དེ་ཉིད་འགོག ་པའི་གླེགས་དང་ལམ་གྱི་གེགས་ཇི་ལྟར་སྲིད་པ་ནི་ཀུན་ཏུ་འགྲོ་བ་ཆུང་ངུ་ལྟ་བུའོ།། འདིར་ཇི་ལྟར་སྲིད་པའི་དོནི་ཅི་ཞེ་ན། བརྗོད་པར་བྱ་སྟེ། རང་ལུས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག ་ཏུ་འཛིན་པ་ཅེས་པ་ལྟ་བ་གསུམ་ནི་ཐམས་ཅད་དུ་ཡོད་པ་མ་ཡིན་པས་ཐམས་ཅད་དུ་འགྲོ་བ་ལྟ་བུ་ཞེས་པའི་དོན་ཏོ།། ཁམས་གསུམ་གྱི་སྒོམ་པས་སྤང་བར་བྱ་བ་མ་རིག་པ་དང་། འདོད་པའི་ཁམས་སུ་འདོད་ཆགས་དང ་ཞེ་སྡང་དང་ང་རྒྱལ་རྣམས། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམྦ་དང་བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རྣམ་པ་ལྔའོ།། གཟུགས་ཀྱི་ཁམས་སུ་འདོད་ཆགས་དང་ང་རྒྱལ་དག་དེ་བཞིན་དུ་རྣམ་པ་ལྔའོ།། ་དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་ལྔའོ།། འདི་རྣམས་ནི་ས་ཆུང་ངུ་པའོ།། ཡང་གསུངས་པ། ཀུན་ཏུ་འགྲོ་བར་གསུངས་པ་དེ་གང་།། ཀུན་འགྲོ་ཆུང་ངུ་དང་བཅས་པ།། དེ་དག་སྡུག་བསྔལ་རྒྱུ ་མཐོང་བས།། སྤང་བྱར་ཇི་ལྟར་གསུངས་ཤེས་བྱ།། དེ་འདིར་འགོག་པའི་གླེགས་དང་ནི།། ལམ་གེགས་ཇི་ལྟར་སྲིད་པ་རྣམས།། ཀུན་འགྲོ་ལ་སོགས་ལྟ་བུའོ།། ལྷག་མ་གང་དེ་ས་ཆུང་བ།། ཞེས་སོ།། ཡང་འདི་རྣམས་རྣམ་པ ་ལྔར་ཅི་ལྟར་བཞག་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། གང་ལས་དེ་རྣམས་ཀྱི་བྱེད་པ་རྣམ་པ་ལྔ་སྟེ། ཡུལ་ཆེན་པོ་དང་། ཡུལ་ཆེན་པོ་དང་འདྲ་བ་དང་། ཡུལ་ཆུང་ངུ་དང་། ཡུལ་ཆུང་ངུ་དང་འདྲ་བ་དང་། ཆུང་ངུ་པའོ།། ཡང་ཀུན ་ཏུ་འགྲོ་བ་ལ་སོགས་པ་དེ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ཐམས་ཅད་དུ་འགྲོ་བ་ཆེན་པོ་རྣམས་ནི་ཆེན་པོ་ཉིད་རྣམ་པ་བཞི་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དང་། རྒྱུ་ཆེན་པོ་ཉིད་དང་། བག་ལ་ཉལ ་བ་ཆེན་པོ་ཉིད་དང་། ཀུན་ཏུ་ལྡན་པ་ཆེན་པོ་ཉིད་དོ།། དེ་ལྔ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི། ཤེས་བྱ་ཐམས་ཅད་ཀྱང་དམིགས་པར་བྱེད་པས་འདི་ཡི་དམིགས་པ་ཆེན་པོ་ཉིད་དོ།། ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི། ཁམས ་མཐུན་པ་དང་སྐལ་པ་མཐུན་པ་རྣམས་ཀྱི་རྒྱུར་གྱུར་པ་དེ་ནི་རྒྱུ་ཆེན་པོ་ཉིད་དོ།། ཐམས་ཅད་དུ་འགྲོ་བ་ནི། ཐམས་ཅད་དུ་རྗེས་སུ་ཉལོ་བར་བྱེད་པས་འདི་ནི་བག་ལ་ཉལ་ཆེན་པོ་ཉིད་དོ།། ཐམས་ཅད་དུ་འགྲོ་བ་ནི། སྐལ ་པ་མཐུན་པ་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་སྦྱོར་བར་བྱེད་པས་འདི་ནི་ཀུན་ཏུ་ལྡན་པ་ཆེན་པོ་ཉིད་དོ།། བྱེད་པ་ཆེན་པོ་ཉིད་རྣམ་པ་བཞི་དང་ལྗོན་པ་འདིས་ནི། རྨོངས་པ་དྲུག་ནི་ཀུན་ཏུ་འགྲོ་བ་ཆེན་པོ་སྟེ། འདི་ལྟར། ་འདོད་པ་རུ།། སྡུག་བསྔལ་གེགས་དང་། ཀུན་འབྱུང་གེགས་དང་། གཟུགས་སུ་སྡུག་བསྔལ་གེགས་དང་། ཀུན་འབྱུང་གེགས་དང་། གཟུགས་མེད་པ་ལ་སྡུག་བསྔལ་གེགས་དང་ཀུན་འབྱུང་གེགས་སོ།། ་ཐམས་ཅད་དུ་འགྲོ་བ་ཆུང་ངུའི་བག་ལ་ཉལ་རྣམས་ནི་ཆེན་པོ་ཉིད་རྣམ་པ་བཞི་སྟེ་འདི་ལྟར། དམིགས་པ་ཆེན་པོ་ཉིད་དང་། རྒྱུ་ཆེན་པོ་ཉིད་དང་། བག་ལ་ཉལ་ཆེན་པོ་ཉིད་དོ།། ཀུན་ཏུ་ལྡན་པ་ཆེན་པོ་ཉིད་མེད་པས་ཐམས་ཅད་དུ་འགྲོ ་བ་ཆུང་ངུ་ཞེས་བརྗོད་དོ།། མ་རིག་པ་འབའ་ཞིག་གིས་ཀུན་ཏུ་ལྡན་པ་སྟེ། ཕན་ཚུན་ནི་མ་ཡིན་ནོ།། ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུ་དང་ཐམས་ཅད་དུ་འགྲོ་བ་ཆུང་ངུ་ལྟ་བུ་རྣམས་ཀྱི་ནི། ཆེན་པོ་ཉིད་ནི་གཉིས་ཏེ། འདི་ལྟར། ་མས་མཐུན་པ་དང་སྐལ་པ་མཐུན་པ་དག་གི་རྒྱུ་ཆེན་པོ་ཉིད་དང་། བག་ལ་ཉལ་བ་ཆེན་པོ་ཉིད་དོ།། མ་རིག་པ་ནི་ཆེན་པོ་ཉིད་གཉིས་ཏེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དང་། ཀུན་ཏུ་སྦྱོར་བ་ཆེན་པོ་ཉིད་དོ།། ལྟ་བ་རྣམས ་དང་ཐེ་ཚོམ་དག་ནི་ཆེན་པོ་ཉིད་གཅིག་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དོ།། དེས་ན་འདི་ནི་འགོག་པ་དང་། ལམ་གེགས་རྣམས་ནི་དེ་ལྟ་བུའོ།། དེ་ལ་མ་རིག་པ་ནི་ཁམས་གསུམ་གྱི་འགོག་པ་དང་ལམ་གྱི་གེགས། ་དག། ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུའོ།། རང་ལུས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཅེས་པ་ལྟ་བ་གསུམ་དང་། ཐེ་ཚོམ་དག། འགོག་པ་དང་ལམ་གྱི་གེགས ་ནི་དེ་དང་འདྲ་བ་སྟེ། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་མཚུངས་པའོ།། ས་ཆུང་ངུ་བའི་བག་ལ་ཉལ་རྣམས་ནི། རྐྱེན་པ་ཉིད་རྣམ་པ་བཞི་སྟེ། ཁམས་མཐུན་པ་སྐལ་པ་མཐུན་པ་ལའོ།། ས་ཅུང་ཞིག་པ་དེ་ཡང་། ་ཁམས་གསུམ་གྱི་སྒོམ་པས་སྤང་བར་བྱ་བ་མ་རིག་པ་དང་འདོད་ཆགས་དང་ང་རྒྱལ་རྣམས་འདོད་པའི་ཁམས་སུ་སྔོན་བཞིན་དུ་རྣམ་པ་ལྔའོ།། གཟུགས་ཁམས་དང་གཟུགས་མེད་པའི་ཁམས་སུ་སྔོན་བཞིན་དུ་རྣམ་པ ་ལྔར་རིག་པར་བྱའོ།། བགྲ་ལ་ཉལ་མ་ཡིན་པོ་རྣམས་ནི་ཆེན་པོ་ཉིད་གསུམ་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དང་། རྒྱ་ཆེན་པོ་ཉིད་དང་། ཀུན་ཏུ་ལྡན་པ་ཆེན་པོ་ཉིད་དོ།། གང་གི་ཕྱིར་དེ་ནི་གང་དུ་རྗེས་སུ་ཉལ་བར་མི ་བྱེད་ཅིང་། ཀུན་ནས་དཀྲིས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ།། ཡང་གསུངས་པ། ཐམས་ཅད་ལ་ནི་དམིགས་པ་དང་། རང་གི་ཁམས་ཀྱི་རྒྱུ་ཉིད་དང་། རང་ལ་རྗེས་སུ་ཉལ་ཉིད་དང་། སྐལ་མཐུན་ཀུན་གྱི་སྦྱོར་བ་ནི།། ཀུན་འགྲོ་ཆེན ་པོའི་མཚན་ཉིད་དོ།། ཀུན་ཏུ་འགྲོ་བ་ཆུང་ངུ་ནི།། དེ་མ་ཐག་ཏུ་རྣམ་པ་གསུམ།། ཀུན་ཏུ་སྦྱོར་བ་མེད་ཤེས་བྱ།། འདྲ་བ་རྣམས་དང་ཆུང་རྣམས་ཀྱི། ཐམས་ཅད་སྐལ་བ་མཉམ་ཉིད་ཏེ།། མ་རིག་ཙོམ་དང་ལྡན་པ་ཉིད།། ་རྒྱུ་དོན་བག་ལ་ཉལ་དོན་དང་།། རང་གི་སྐལ་ལ་སྔོན་བཞིན་གཉིས།། འདོད་ཆགས་ལ་སོགས་གསུངས་རྣམས་ཀྱི།། མཚན་ཉིད་དེ་རྣམས་ཉིད་ཡིན་ནོ།། ཞེས་སོ།། ཉོན་མོངས་པའི་བདུད་ཀྱི་སྡེ་ཚོགས་དེ་རྣམས་ནི་གང ་འགྲོ་བ་མ་ལུས་པའི་ཀུན་ནས་ཉོན་མོངས་པའི་རྒྱུའོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་འཕགས་པ་མང་པོས ་བཀུར་བའི་སྡེ་པའི་ལུང་གི་ཚུལ་ལས་བག་ལ་ཉལ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་བདུན་པའོ།། །། དེ་ལྟར་གྲོལ་བ་འདོད་པས་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་དང་རྣམ་པ་དང་རྒྱུ་ཤེས་པས། བདེ་བ་འབད་པ ་མེད་པའི་ལས་སྒྲིབ་པ་ལ་སོགས་པ་རྣམ་པར་བསལ་བ་བྱས་ཏེ། རྣམ་པ་མི་ལྡན་པའི་བག་ལ་ཉལ་རྣམས་མེད་པར་བྱེད་པའི་རྒྱུ་ལ་འབད་པ་བརྩམ་པར་བྱའོ།། ཅིའི་ཕྱིར་ཞེ་ན། གང་ལས་སྒྲིབ་པ་མ་ལུས་པ་རྣམ་པར་བསལ ་ཡང་། རྣམ་པར་མི་ལྡན་པའི་བག་ལ་ཉལ་དང་ལྡན་པར་གྱུར་ན། ཁམས་གསུམ་པའི་ལས་རྣམས་རྒྱས་པར་གྱུར་པ་ལས། ཡང་སྲིད་སྐྱེད་པ་ལ་ནུས་པ་ཅན་དུ་འགྱུར་རོ།། དེ་ལྟར་ཡང་། སྲོག་ཆགས་འདི་རྣམས་རྒྱུ་ཡི་འཁོར ་ལོ་གཉིས་ཀྱིས་ཡང་དག་ལྡན་པ་ལས།། སྡུག་བསྔལ་རང་བཞིན་འཁོར་བའི་ཤིང་རྟ་ཉེ་བར་སྡོད་པ་མེད་པར་སྤྱོད།། འདི་ལྟ་སྟེ། ཉོན་མོངས་པའི་འཁོར་ལོས་དང་། ཉོན་མོངས་པ་ལས་སྐྱེས་པའི་ལས་ཀྱི་འཁོར་ལོས་སོ།། ་ཡང་གསུངས་པ། དེ་རྣམས་ཡོད་ལས་འཕེལ་འགྱུར་བའི།། ལས་གང་ལས་ནི་འཇིགས་པ་འབྱུང་།། འཁོར་ལོ་གཉིས་ཀྱིས་རྟག་ཏུ་མི།། སྡུག་བསྔལ་རང་བཞིན་ཤིང་རྟ་འབྱུང་།། ཞེས་སོ།། ཉོན་མོངས་པའི་འཁོར ་ནི་སྐྱེས་བུ་བྱེད་པས་མ་ཚང་བར་བྱེད་ནུས་ཏེ། ལས་ཀྱི་འཁོར་ལོ་ནི་མ་ཡིན་ནོ།། ལས་ཀྱི་འཁོར་ལོ་ཡང་སྐྱེ་བ་སྔོན་མ་ཡི་མངོན་པར་འདུ་བྱེད་པ་རང་ཉིད་རྣམ་པར་སྨིན་པ་ལས་མི་ཚང་བར་འགྱུར་རོ།། ཟག་པ་དང་བཅས་པའི་རྒྱུ་དང་བྲལ་བས་གསར་དུ ་སྐྱེ་བར་མི་འགྱུར་རོ།། དེ་ནི་སྡུག་བསྔལ་གྱི་མཐའ་ཉིད་དོ།། དེ་ལ་ཉོན་མོངས་པའི་རྒྱུ། ལས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའོ།། དེ་ལ་བསོད་ནམས་མ་ཡིན་པ་ནི ་འདོད་པས་བསྡུས་པའི་ཉོན་མོངས་པ་ཅན་ལ་རྣམ་པ་གསུམ་ནི་འདི་ལྟར། ལུས་ཀྱི་དང་། ངག་གི་དང་། སེམས་ཀྱིའོ།། འདི་ནི་བསོད་ནམས་མ་ཡིན་པའི་ལས་ཀྱི་ཚུལ་མདོར་བསྡུས་པའོ།། དེ་ལ་བསོད་ནམས་མ་ཡིན་པ་ནི་མི་གཙང་བ་དང་མ་དག ་པ་དང་མི་དགེ་བའོ།། བསོད་ནམས་ནི་རྣམ་པ་གཉིས་ཏེ། འདི་ལྟར། འདོད་པའི་ཁམ་པ་དང་། གཟུགས་ཀྱི་ཁམས་པའོ།། འདོད་པས་བསྡུས་པའི་ལས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། དགེ་བའི་ལས་དང་སྒྲིབ་པ་མ་ཡིན་པའི་ལས་སོ།། ་གཟུགས་ཀྱིས་བསྡུས་པ་ཡང་གཉིས་ཏེ། འདི་ལྟ་སྟེ། དགེ་བ་དང་། སྒྲིབ་པ་མ་ཡིན་པའོ།། འདི་གཉི་ག་ཡང་སྒོམ་པའི་རང་བཞིན་ཏེ། གང་ན་དབུགས་འབྱུང་འཇུག་ཡོད་པ་ན་ཡོད་དོ།། འདི་ནི་བསོད་ནམས་ཀྱི་ལས་ཀྱི་ཚུལ་མདོར ་བསྡུས་པའོ།། བསོད་ནམས་ནི་གཙང་བ་དང་། དག་པ་དང་། དགེ་བའོ།། གང་ན་སྒོམ་པའི་རང་བཞིན་གྱི་ལས་དབུགས་འབྱུང་འཇུག་གི་དངོས་པོ་མེད་པ་དེ་ནི་མི་གཡོ་བའི་ལས་སོ།། འདི་ནི་མི་གཡོ་བའི་ལས་ཀྱི་ཚུལ་མདོར ་བསྡུས་པའོ།། སྤྱོད་པར་བྱ་བ་མེད་པས་ནི་གཡོ་བའི་ལས་སོ།། ཡང་གསུངས་ཏེ། བསོད་མིན་བསོད་ནམས་མི་གཡོ་བ།། ལས་དེ་རྣམ་པ་གསུམ་དུ་འདོད།། དབུགས་དང་བཅས་དང་མཉམ་བཞག་དང་།། དག་པ་གང་འདི ་བསོད་ནམས་སོ།། འབྱུང་དང་འཇུག་ལས་རྣམ་པར་གྲོལ།། བསྒོམ་པའི་རང་བཞིན་མི་གཡོ་བའོ་ཞེས་སོ།། ཡང་དེ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང་། ཀུན་འབྱུང་གེགས་དང་། འགོག་པའི་གེགས་དང་། ལམ་གྱི ་གས་དང་། སྒོམ་པས་སྤང་བར་བྱ་བའོ།། བསོད་ནམས་མ་ཡིན་པ་དང་བསོད་ནམས་དག་གི་རྒྱུ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ཀའོ།། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་ནས་ཡིད་ཀྱི་རྣམ་པར་ཤེས་པའི་དུའོ།། མི་གཡོ་བའི་རྒྱུ་ནི ་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ།། དེ་ལ་ལུས་ཀྱི་བསོད་ནམས་མ་ཡིན་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལོག་པར་སྤྱོད་པ་དང་། མ་བསྡུས་པའོ།། ངག་གི་རྣམ་པ་བཞི་ནི། འདི་ལྟ་སྟེ། ་རྫུན་ཏུ་སྨྲ་བ་དང་། དབྱེན་དང་། ཚིག་རྩུབ་དང་། ངག་བཀྱལ་པའོ།། ཡིད་ཀྱི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་ཏེ་འདོད་པའི་མཚན་ཉིད་འདོད་པས་བསྡུས་པ་དང་མཚུངས་པར་ལྡན་པའི་སུན་ཕྱུང་བའི་སེམས་པའོ།། ་གནོད་སེམས་ཏེ་ཞེ་སྡང་གི་མཚན་ཉིད་ཀྱི་མཚུངས་པར་ལྡན་པས་སུན་ཕྱུང་བའི་སེམས་པའོ།། ལོག་པར་ལྟ་བ་སྟེ། རྨོངས་པའི་མཚན་ཉིད་ཀྱིས་མཚུངས་པར་ལྡན་པའི་སུན་ཕྱུང་བའི་སེམས་ཏེ་ཡིད་ཀྱི་ལས་སོ།། དེ་སྐད་དུ་ཡང་། ་སྲོག་གཅོད་པ་དང་རྐུ་བ་དང་། འདོད་ལོག་གཡེམ་དང་རྣམ་འཚེ་བ།། རྫུན་དང་དབྱེན་དང་ཚིག་རྩུབ་དང་། དགོས་པ་མེད་པའི་བརྗོད་པ་དང་། བརྣབ་སེམས་དང་ནི་གནོད་སེམས་དང་། ལོག་ལྟ་དེ་རྣམས་བསོད་ནམས་མིན།། ཞེས་སོ།། ཡང་ནི། འདོད ་ཁམས་ཀྱིས་བསྡུས་ཉོན་མོངས་ཅན།། ལུས་ངག་ཡིད་ནི་བསོད་མིན་ནོ་ཞེས་སོ།། དེ་ལ་ལུས་ཀྱི་རྣམ་པར་རིག་བྱེང་སྲོག་གཅོད་པ་ནི་མཚན་ཉིད་ལྷ་དང་ལྡན་པའོ།། འདི་ལྟ་སྟེ། རང་ལས་གཞན་ཡིན་པ་དང་། སེམས་ཅན་ཡིན་ཞིང་སེམས་ཅན་མིན་པ ་མ་ཡིན་པ་དང་། སེམས་ཅན་དུ་འདུ་ཤེས་པ་ཡིན་པ་དང་། བསད་པའི་ཆེད་དུ་སྤངས་པ་དང་། ཤི་བར་གྱུར་པའོ།། སྲོག་གཅོད་པ་ནི་གསོད་པ་པོའི་ལུས་ཀྱི་རྣམ་པར་རིག་བྱེད་དོ།། ཡང་གསུངས་པ། གཞན་གྱུར་སེམས་ཅན་དེར་འདུ་ཤེས།། སྤངས ་དང་གང་ཚེ་འདིར་འདས་པའོ།། ཞེས་སོ།། ལུས་ཀྱི་རྣམ་པར་རིག་བྱེད་མ་བྱིན་པར་ལེན་པ་ནི་མཚན་ཉིད་ལྔ་ཉིད་དེ། འདི་ལྟ་སྟེ། གཞན་གྱི་ནོར་དུ་གྱུར་པ་དང་། གཞན་ནོར་དུ་འདུ་ཤེས་པ་ཡིན་པ་དང་། རྐུ་བའི་སེམས་སྐྱེས་པ་དང་། གནས་ལས ་གཡོས་པ་དང་། བདག་གིར་བྱས་པའོ།། ཡང་གསུངས་པ། གཞན་ནོར་དེ་བློ་རྐུ་སེམས་དང་།། འཕོས་དང་བདག་གིར་བྱས་པའོ།། ཞེས་སོ།། འདོད་པ་ལྡོག་པར་གཡེམ་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བགྲོད་བྱ་མིན་ལ་མངོན་པར་བགྲོང ་པའི་འདོད་པ་ལོག་པར་སྤྱོད་པ་དང་། བགྲོད་བྱ་མིན་ལ་ཅི་འགྲོ་བྱ་འམ་འགྲོ་བྱེ་མིན་ཅེས་ཐེ་ཚོམ་ཟ་ཞིང་། གང་སུ་དག་རུང་ཞེས། བགྲོད་བྱ་མ་ཡིན་པ་ཉིད་ལ་མངོན་པར་བགྲོད་པའི་འདོད་པ་ལོག་པར་གཡེམ་པའོ།། གཞན་གྱི་བུད ་མེད་དང་སྐྱེས་པ་དང་མ་ནིང་དང་རང་གི་ཆུང་མ་ཡང་ལུས་ལས་སྐྱེས་པ་ལས་ཡན་ལག་གཞན་དུ་ཡན་ལག་མ་ཡིན་པ་ལ་མི་ཚངས་པར་གཅོད་པ་སྟེ། བཤང་བའི་ལམ་ལ་སོགས་པར་མངོན་པར་བགྲོད་པའི་འདོང་བ ་ལོག་སྤྱོང་ངོ་།། ཡང་གསུངས་པ། བགྲོད་བྱ་མིན་དང་སེམས་གཉིས་དང་ནི་གནས་སྤངས་པའོ།། ཞེས་སོ།། མ་བསྡུས་པ་ནི་ཁྲོས་པས་སམ་དྲེགས་པས། བསད་པའི་བསམ་པ་མེད་པར་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ།། དེ་ནི་རྣམ་པ ་མང་ངོ་།། འདི་ལྟ་སྟེ། སེམས་ཅན་གཞན་ལ་བརྡེག་པ་དང་། འཇོག་པ་དང་། འཇར་བ་དང་། རྐབ་པ་དང་ལག་པ་གཅོད་པ་དང་། ཤིང་གངོས་དང་ལྕགས་སྒྲོག་ལ་སོགས་པས་འཆིང་བ་དང་། བརྩོན་རར་འཛུད་པ་དོང་། ཆང་འཐུང་བ་དང་། ་ཆང་སྐྱེད་པ་དང་། ཆང་འཚོང་བ་དང་། ཆང་སྦྱིན་པ་གཏོང་བ་དང་། པ་བས་བྱེད་པ་དང་། སྲོག་ཆགས་འཚོང་བ་དང་། སྲིན་བུའི་སྦུབས་འཚོང་བ་དང་། རྒྱ་སྐྱགས་འཚོང་བ་དང་། མ་བརྟགས་པར་ཏིལ་དང་ཡུངས་ཀར་འཚག་པ་དང་། བགྲོད ་བྱ་ལ་མི་ཚངས་པར་སྤྱོད་པ་དང་། གར་དང་། གླུ་དང་། སིལ་སྙན་དང་། རྒོང་པ་སྒེག་པ་དང་། མཆོང་བ་དང་། རྐྱལ་པ་དང་། སྡང་བའི་སེམས་ཀྱིས་གདོས་དང་སྒོ་ལ་སོགས་པ་སྦྱིན་པ་དང་། མི་ཚངས་པར་གཅོད་པའི་བསམ་པས་བུད ་མཽད་སྦྱིན་པ་དང་། མི་ཚངས་པར་སྤྱོད་པའི་བསམ་པས་རང་གི་བུ་མོ་སྦྱིན་པ་དང་། ལོག་པར་ལྟ་བ་ཅན་ནམ་གཞན་ལ། ལོག་ལྟ་བསལ་བར་བྱེད་པའི་བསྟན་བཅོས་སྦྱིན་པ་གཏོང་བ་བམ་འབྲི་བ་འམ་བཤད་པ་ལ་སོགས་པ་དང་། ་བསྟུན་བཅོས་དེ་ལ་ཡང་དག་པར་འཇོག་པའོ།། གང་ཅུང་ཟད་དེའི་ལུས་ཀྱི་ཡོངས་སུ་འགྱུར་བ་དེ་ཐམས་ཅད་ནི་མཱ་བསྡུས་པའི་ལས་སོ།། རྫུན་དུ་སྨྲ་བའི་གཞི་ལ་བཞི་ནི་འདི་ལྟ་སྟེ། མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། ་ལྕེ་ལུས་ཀྱིས་བསྒོམས་མྱངས་རེག་འདོད་པ་དང་། ཡིད་ཀྱིས་རྣམ་པར་ཤེས་པའོ།། རྫུ་ན་སྨྲ་བ་ལ་རྣམ་པ་བཅུ་གཉིས་ནི་འདི་ལྟ་སྟེ། མཐོང་ཞིང་མཐོང་བར་འདུ་ཤེས་པ་མ་མཐོ་ཞེས་སྨྲ་བ་དང་། མཐོང་ཞིང་མཐོང་བར་འདུ་ཤེས་ལ་ཡིང་གཉིས ་སྒོ་བ་དང་། མཐོང་ཞིང་བརྗོད་དེ་མ་མཐོང་བར་འདུ་ཤེས་ཏེ་མཐོང་ཞེས་སྨྲ་བ་དང་། ཡིད་གཉིས་སྨྲ་བ་དང་། མ་མཐོང་ཞིང་ཐེ་ཚོམ་ཟ་ལ་མཐོང་བ་སྨྲ་བ་དང་། མ་མཐོང་བ་སྨྲ་བ་དང་། མཐོང་བ་ལ་ཡང་ཐོས་ཞེས་སྨྲ་བ་དང་། མཐོང་བ་ལ ་འདོད་པ་སྨྲ་བཱ་དང་། མཐོང་བ་ལ་རྣམ་པར་ཤེས་པ་ཟླ་བ་དང་། ཐོས་ལ་ཡིད་གཉིས་སྨྲ་བ་དང་། འདོད་ལ་ཡིད་གཉིས་སྨྲ་བ་དང་། རྣམ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བའོ།། དེ་རྣམས་ལས་བཟློག་པས་ཡང་རྫུན་སྨྲ་བ་རྣམ་པ ་བཅུ་གཉིས་ནི་འདི་ལྟ་སྟེ། མ་མཐོང་ལ་མ་མཐོང་བ་འདུ་ཤེས་ཅིང་མཐོང་བ་སྨྲ་བ་དང་། ཐེ་ཚོམ་སྨྲ་བ་དང་། མ་མཐོང་ཞིང་བརྗེད་ང་མཐོང་བ་འདུ་ཤེས་ཅིང་མ་མཐོང་བ་སྨྲ་བ་དང་། ཐེ་ཚོམ་སྨྲ་བའོ།། མ་མཐོང་ལ་ཐེ་ཚོམ་པ ་ཞིང་མ་མཐོང་བ་སྨྲ་བ་དང་། མཐོང་བ་སྨྲ་བ་དང་། མ་མཐོང་ལ་ཐོས་པ་སྨྲ་བ་དང་། འདོད་པ་སྨྲ་བ་དང་། རྣམ་པར་ཤེས་པ་སྨྲ་བ་དང་། མ་མཐོང་ལ་ཡིད་གཉིས་སྨྲ་བ་དང་། འདོད་པ་ལ་ཡང་གཉིས་སྨྲ་བ་དང་། རྣམ ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བའོ།། དེས་ན་མཐོང་བའི་རྟེན་ལ་རྫུན་ནི་སྨྲ་བ་ཉེར་བཞིར་འགྱུར་རོ།། དེ་བཞིན་དུ་ཐོས་པ་ལ་རྟེན་པའི་ཉེར་བཞི་དང་། འདོད་པ་ལ་བརྟེན་པ་ཉེར་བཞི་དང་། རྣམ་པར་ཤེས ་པ་ལ་བརྟེན་པའི་ཉེར་བཞིའོ།། ཉི་ཤུ་བཞི་པ་བཞི་སྟེ་རྫུན་དུ་སྨྲ་བ་དགུ་བཅུ་དྲུག་དུ་འགྱུར་རོ།། དབྱེན་ནི་གང་དག་མཛའ་བ་དག་བདེན་པས་འབྱེད་པ་ཉེ་བར་བསྒྲུབ་པའི་ངག་གོ། གནད་འཇོམས་པའི་ངག་ནི་རྩུབ་པོའོ།། ངག ་གསུམ་པོ་དེ་ལས་རྣམ་པར་གྲོལ་བ། གང་ཉོན་མོངས་པ་ཅན་གྱི་ངག་དེ་ནི་ངག་བཀྱིལ་པའོ།། ཡང་གསུངས་པ། འདུ་ཤེས་འཕྲོག་དང་འབྱེད་པ་དང་། འཇོམས་དང་ཉོན་མོངས་ཅན་གྱི་སེམས།། ངག་ནི་རྣམ་པ་བཞི་ཡིན་ནོ།། ། ་ཞེས་སོ།། ཡང་རྣམ་པ་གཞན་གྱིས་སྲོག་གཅོད་པ་ལ་སོགས་པ་རྣམས་རྣམ་པ་གསུམ་ནི། དེ་ལ་སྲོག་གཅོད་པ་ནི་རྣམ་པ་གསུམ་མོ།། འདི་ལྟ་སྟེ། སྲོག་གཅོད་པའི་བསམ་པ་དང་། སྲོག་བཅད་པའི་ཕྱིར་གཞན་ལ ་བཀའ་སྒོ་བ་དང་། སྲོག་གཅོད་པ་ཉམས་སུ་ལེན་པའོ།། དེ་ལ་སྲོག་གཅོད་པའི་བསམ་པ་ལ་རྣམ་པ་གསུམ་མོ།། འདི་ལྟ་སྟེ། སྲོག་གཅོད་པར་འདོད་པ་དང་། སྲོག་གཅོད་པ་བྱད་དུ་འཇུག་པོར་འདོད་པ་དང་། ་གཞན་གྱིས་སྲོག་གཅོད་པ་བྱས་པ་ལ་ཡང་དག་པར་འགུ་བའོ།། དེ་ལྟར་ཡང་། སྲོག་ཆགས་བསད་པར་བྱའོ་ཞེས་འདོད་པ་ཙམ་གྱི་སེམས་བསྐྱེད་པའོ།། དེའི་སེམས་དེ་དང་ལྷན་ཅིག་ཏུ་སྲོག་གཅོད་པ་ལ ་མི་ལྡོག་པ་སྐྱེ་སྟེ། དེ་ནས་ཀུན་ཏུ་མི་དགའ་བའི་བར་དུ་ཉིན་མོ་དང་མཚན་མོ་རུ་ཉེ་བར་སྐྱེ་བའི་ངོ་བོ་མི་དགེ་བ་དང་རྗེས་སུ་འབྲེལ་པའི་རྒྱུན་གྱི་རང་བཞིན་རབ་ཏུ་འཇུག་གོ། བྱེད་དུ་འཇུག་པར་འདོང་པ་ཡང་འདི་ལྟ་སྟེ། གཞན་གྱིས ་སྲོག་གཅོད་དུ་འཇུག་པར་བགྱིའོ།། སེམས་བསྐྱེད་པའོ།། འདི་ཡང་སྔོན་བཞིན་དུ་ལྡོག་པ་མ་ཡིན་པ་ཉིད་མཚན་དུའོ།། གཞན་གྱིས་བྱས་པ་ལ་མགུ་བ་ནི། འདི་ལྟ་སྟེ། ཁོ་ཙོག་འོངས་སྒྲོག་གཅོདནམ་མཐོང་བ་འམ་ཐོས་པ་ན ་གང་ལས་བསད་པ་འདི་ནི་ལེགས་པ་བྱས་སོ་ཞེས་དེ་ལ་དེ་ལས་སྐྱེས་པའི་མགུ་བ་སྐྱེའོ།། འདི་ཡང་སྔོན་བཞིན་དུ་མི་སྤོང་བ་མ་ཡིན་པ་ཉིན་མཚན་དུའོ།། བཀའ་སྒོ་བ་ཡང་རྣམ་པ་གསུམ་མོ་འདི་ལྟ་སྟེ། བསླུས་ཏེ་འཇོག་པ་དང་། ངེས ་བར་སྦྱོར་བ་དང་། རྗེས་སུ་གནང་བའོ།། དེ་ལ་བསླུས་ཏེ་འཇུག་པ་ནི། འདི་ལྟ་སྟེ། གཞན་དག་ཁ་ཅིག་ལ་རང་བསོད་པ་འམ་གཞན་བསོད་པ་རབ་ཏུ་འཛུད་པའོ།། འདིར་ཡང་སྔོན་བཞིན་མི་ལྡོག་པ་ཉིན་མཚན་དུའོ།། ངེས་པར་སྦྱོར་བ ་ནི་འདི་ལྟ་སྟེ། གཡོག་པོ་ཁ་ཅིག་ལ་འམ་རྗེ་བོ་འམ་གཞན་ལ་སྲོག་ཆགས་ངན་པ་འདི་སོད་ཅེས་ངེས་པར་སྦྱོར་བའོ།། འདིར་ཡང་མི་ལྡོག་པའི་ངོ་བོ་སྐྱེ་བར་འགྱུར་བ་ཉིད་སྔོན་བཞིན་ནོ།། སྲོག་གཅོད་པ་རྗེས་སུ་གནང་བ་ནི་འདི་ལྟ་སྟེ། ་སྲོག་གཅོད་པར་འདོད་པ་ཁ་ཅིག། སྲོག་བཅད་པར་བགྱིའོ་ཞེས་སྤྱི་ནས་འདྲི་བ་ལ། བརྗོད་པ་ནི། དེ་ལྟར་མཛོད་དོ་ཞེས་རྗེས་སུ་གནང་བ་འམ། མི་སྨྲ་བར་གྱུར་པས་ཀྱང་རྗེས་སུ་གནང་བའོ།། དེའི་མི་སྤོང་བ་ཡང་ལེགས ་བར་ཕྱིར་བཅོས་ཀྱི་བར་དུ་སྦྱིན་མཚན་དུའོ།། ཉམས་སུ་ལེན་པའི་སྲོག་གཅོད་པ་ནི་རྣམ་པ་གསུམ་མོ།། འདི་ལྟ་སྟེ། ལུས་ཀྱི་སྲོག་གཅོད་པ་ཉམས་སུ་ལེན་པ་དང་། ངག་གིས་སྲོག་གཅོད་པ་ཉམས་སུ་ལན་པ ་དང་། ཡིད་ཀྱིས་སྲོག་གཅོད་པ་རྗེས་སུ་སྒྲུབ་པའོ།། དེ་ལྟར་མ་བྱིན་པར་ལེན་པ་ལ་སོགས་པ་དག་བཀྱིལ་པའི་མཐར་ཐུག་པ་རྣམས་ལ་སོ་སོར་རྣམ་པ་གསུམ་དུ་བརྗོད་པར་བྱའོ།། ཡང་ན་སོ་སོར་རྣམ་པ་བཞི་སྟེ། འདི་ལྟ ་སྲོག་གཅོད་པ་ཡང་དག་པར་ལེན་པ་དང་། གཞན་སྲོག་གཅོང་པོ་ཡང་དག་པར་ལེན་དུ་འཇུག་པ་དང་། གཞན་གྱིས་སྲོག་གཅོད་པ་བྱས་པ་ལ་རྗེས་སུ་ཡིད་རང་བ་དང་། རང་ཉིད་སྲོག་གཅོད་པ་ལ་ལྷག་པར་སྤྱོད་པའོ།། དེ་བཞིན ་དུ་ངག་བཀྱིལ་བའི་བར་དུའོ།། དེ་ལ་གང་ཞིག་མི་དགེ་བའི་སེམས་ཀྱིས་ཡང་དག་པར་ལེན་པ་ནས་ལྷག་པར་གཅོད་པའི་བར་དུ་བྱེད་ནོ།། དེ་ནི་མི་དགེ་བ་འཆལ་པའི་ཚུལ་ཁྲིམས་སྡོམ་པ་མ་ཡིན་པ་ཉིད་དང་མཚོན་དུ་འབྱུང་བར ་འགྱུར་རོ།། གང་ཡང་འཇིག་ཚོགས་ལ་ལྟ་བས་དང་མཐར་འཛིན་པར་ལྟ་བས་ཡོངས་སུ་བསླང་ནས། ཡང་དག་པར་ལེན་པ་ནས་ལྷག་པར་སྤྱོད་པའི་བར་དུ་བྱེད་ན། དེ་ནི་སྒྲིབ་པའི་ལུང་དུ་མ་བསྟན་པ་སྡོམ་པ་མ་ཡིན་པ ་ཉིན་དང་མཚན་དུསྟེ། ཇི་ལྟར་རིགས་པར་བརྗོད་པར་བྱའོ།། ཡང་གིསུངས་པ། ཡང་དག་ལན་ལ་སོགས་པའི་རྒྱུས།། སོ་སོར་རྣམ་པ་བཞི་ཡིན་ནོ།། ཞེས་སོ།། ཡང་གང་ཞིག་ཚུལ་ཁྲིམས་འཆལ་པ་ཐམས ་ཅད་སྦྱང་པར་བྱའོ་ཞེས་པ་ན། དེ་ནི་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཉེས་པར་སྤྱད་པ་ཐམས་ཅད་སྤྱད་པར་བགྱིའོ་ཞེས་ཡང་དག་པར་བླངས་པའི་སེམས་དེ་དང་ལྷན་ཅིག་ཏུ། འདོད་པས་བསྡུས་པའི་འཆལ་པའི་ཚུལ་ཁྲིམས ་སྡོམ་པ་མ་ཡིན་པ་བརྒྱད་དང་། གཟུགས་ཀྱིས་བསྡུས་པ་ལུས་ཀྱིས་ཡང་དག་པར་མོ་བསྡུས་པ་དང་དག་གིས་ངག་བཀྱིལ་པ་དང་གཉིས་ནི། ཁམས་གཉི་གར་ཐམས་ཅད་ཀྱང་དུས་གཅིག་ཏུ་སྐྱོ་བར་འགྱུར་རོ།། འདོད་པས ་བསྡུས་པ་དང་གཟུགས་ཀྱིས་བསྡུས་པའི་སྡོམ་པ་མ་ཡིན་པ་དག་འདི་ན་གནས་པ་ལ་ཡང་འབྱུང་སྲིད་པའི་ཕྱིར་རོ།། ཡང་གསུངས་ཏེ། ཁྲིམས་ཚུ་ལ་ཐམས་ཅད་བླངས་མི་ལ།། འདོད་དུ་སྐྱེས་པོ་བརྒྱད་དང་ནི།། གཟུགས་ཀྱིས ་བསྡུས་པ་མཐའ་མ་གཉིས།། ཁྲིམས་འཆལ་སྡོམ་མིན་ཅིག་ཅར་དུའོ།། ཞེས་སོ།། འདོད་པས་བསྡུས་པ་ཁོ་ནའི་སྡོམ་པ་མ་ཡིན་པར་ཆད་མེད་པར་ཉིན་མཚན་དུ་སྐྱེ་བ་ནི། སོ་སོར་སྡོམ་པ་མ་ཡིན་པ་ཉེ་བར་སྐྱེ་བར་འགྱུརརོ།། གཟུགས་ཀྱིས་བསྡུས་པའི་བར་མེད་དག་ལ་ནི ་མ་ཡིན་ནོ།། གཟུགས་ཀྱིས་བསྡུས་པའི་སྡོམ་མིན་དེ་དག་ནི་གེགས་དེ་སྲིད་པ་ཡིན་པས་སོ།། གེགས་དེ་སྲིད་པ་ལ་ནི་ཉེ་བར་འཕེལ་བ་ཡོད་པ་མ་ཡིན་ནོ།། ཡང་དེ་ནས་འདོད་བསྡུས་བརྒྱད་རྣམས་ལས།། སོ་སོར་ཅི་བཞིན་ཉེ་བར་སྐྱེ།། ཞེས ་གསུངས་སོ།། སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱིས་ཡན་ལག་གང་དང་གང་ཡང་དག་པར་བླངས་པ་དེ་དང་དེ་ཉིད་སྡོམ་པ་མ་ཡིན་པ་ཉིན་དང་མཚན་དུ་འབྱུང་བ་སྔོན་བཞིན་ནོ། ཡང་ན།། ཡང་ངག་བླངས་པའི་ཡན་ལག་གང་། ་རྣམ་པར་རིག་བྱེད་རྗེས་ཁོ་ནའོ།། ཅེས་སོ།། དེ་བཞིན་དུ་ཡང་དག་པར་ལེན་དུ་འཇུག་པ་དང་ཡང་དག་པར་རྗེས་སུ་གནང་བ་ལ་ཡང་སྦྱར་བར་བྱའོ།། ལྷག་པར་སྤྱོད་པ་ནི་གང་དང་གང་ལྷག་པར་སྤྱད་པ་དེ་དང་དེར་ཤེས་པར་བྱའོ།། ། ་གང་དག་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ལྷན་ཅིག་པ་དང་ངག་གི་རྣམ་པར་རིག་བྱེད་དང་ལྷན་ཅིག་ཏུ་ཡང་དགེ་པར་ལེན་པ་འམ། ཡང་དག་པར་ལོན་དུ་འཇུག་པ་འམ་ཡང་དག་པར་རྗེས་སུ་གནང་བར་གྱུར་པ་ནི། དེའི་ལུས་ཀྱི་རྣམ་རིགྶ ་གམ་ངག་གོ་རྣམ་རིག་ནི་ལྷག་པོར་གྱུར་པ་ཡིན་ནོ།། ལུས་དང་ངག་གི་རྣམ་རིག་དེ་དོག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་གྲུབ་མ་ལྟ་བུར་གནས་པའོ།། ཞེས་སོ།། གང་ཡང་ལུས་ཀྱི་རྣམ་པ་བཞི་རྣམས་ངག་གི་ལྷག་པར་སྤྱོད་པ་དང་མིད ་མ་ལེན་པ་དང་ཡང་དག་པར་ལེན་དུ་འཇུག་པ་དང་བསམ་པ་དང་བཀའ་བགེད་པ་དང་། ངག་གི་རྣམ་པ་བཞི་རྣམས་ལུས་ཀྱིས་ལྷག་པར་སྤྱོད་པ་ལ་སོགས་པ་དང་། དེ་རྣམས་ནི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ནོ།། འོན་ཀྱང་བསམ ་པའི་དབང་གིས་མཚན་ཉིད་ཡོངས་སུ་མ་རྫོགས་པ་ཡང་མཚན་ཉིད་ཡོངས་སུ་རྫོགས་པ་དང་འབྲས་བུ་མཉམ་པའི་ལྷག་པ་འབྱུང་བར་འགྱུར་བ་ནི་ཅི་རིགས་པར་བརྗོད་པར་བྱའོ།། ཡང་། ཡང་དག་ལེན་པ་སོགས་སྐྱེས་པའི།། ལུས ་ཀྱི་བྱ་བ་དག་གིས་དང་། གང་ཡང་ལུས་ཀྱིས་ངག་གི་ནི།། གང་དེ་མཚན་ཉིད་མ་རྫོགས་པའོ།། ཞེས་གསུངས་སོ།། ཇི་ལྟར་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཅིང་ཅི་འདྲ་བ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གང་ལུས ་ཀྱི་ལུས་ཀྱིས་དང་།། གང་དག་ངག་གི་ངག་ཉིད་ཀྱིས།། བྱས་ཏེ་བྱ་བ་བྱས་པ་གང་།། ཐམས་ཅད་མཚན་ཉིད་རྫོགས་པའོ།། ཞེས་སོ།། གལ་ཏེ་སྲོག་གཅོད་པ་ལ་སོགས་པའི་སྒྲས་བརྗོད་པའི་རྣམ་པར་རིག་བྱེད་གང་ཡིན་ཞེ་ན། བརྗོད ་པར་བྱ་སྟེ། སྲོག་གཅོད་པ་ནི་གང་ལས་འདས་པའི་སྦྱོར་གང་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གསང་བྱ་ཤི་བ་དེ་ལ་སྲོག་གཅོད་པའི་སྒྲ་ཐོབ་པའོ།། དེ་ནི་སྐད་ཅིག་ཡིན་པས་དེའི་ཚེ་འདས་པ་ཡིན་ནོ།། འགའ་ཞིག་ནི་ད་ལྟར་བ་ཉིད ་དེ། རྣམ་པར་རིག་བྱེད་འབྱུང་བཞིན་པ་གང་དག་གིས། གཞན་གང་དག་གི་སྲོག་ཉེ་བར་འགག་པའི་ཕྱིར་རོ།། མ་བྱིན་པར་ལེན་པ་ཡང་འོངས་པའི་ལུས་ཀྱི་རྣམ་པར་རིག་བྱེད་ཉིད་དོ།། འགའ་ཞིག་ཀྱང་ད་ལྟར་བའོ།། འདོད་པ་ལོག ་པར་གཡེམ་པ་ནི་འདས་པ་དང་ད་ལྟར་བ་སྟེ། ད་ལྟར་བ་ནི་ཆེ་སྔ་མང་བ་ཉིད་དོ།། དེ་བཞིན་དུ་མྱ་བསྡུས་པ་ལྷག་པར་སྤྱོད་པ་ལ་ཡང་སྦྱར་བར་བྱའོ།། དག་གི་ལས་རྣམ་པ་བཞི་ནི། ངག་གི་རྣམ་པར་རིག་བྱེད་ད་ལྟར་བ་ཉིད་རྫུན ་དུ་སྨྲ་བ་ལ་སོགས་པའི་སྒྲས་བརྗོད་པ་ཡིན་ཏེ། གང་ལས་རྫུན་གྱི་ཚིག་བརྗོད་པར་བྱེད་པ་ཉིད་ན་ཕ་རོལ་གྱིས་མ་ཐོས་ཀྱང་རྫུན་ཡིན་ནོ།། དེ་བཞིན་དུ་ཕྲོ་མ་དང་ཚིག་རྩུབ་དང་དགུ་བཀྱལ་པའོ།། ཡང་། སྲོག་གཅོད་པ་ནི་ལུས་དག་གི།། ་བྱ་བ་འདས་དང་དབུ་མ་ཉིད།། རྐུ་སོགས་ངག་གི་རྫུན་སོགས་ཀྱང་།། ད་ལྟ་བ་ནི་ཁོ་ནའོ།། ཞེས་གསུངས་སོ།། གལ་ཏེ། གང་རྣམ་པར་རིག་པ་མང་པོ་རྣམས་ཀྱིས་ཕ་རོལ་གྱི་ཚེ་ཉེ་བར་འགག་པ་ན་དེ་ཅི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། ་གང་ཞིག་རྣམ་རིག་ཅི་སྙེད་པ་རྣམས་ཀྱིས་ཕ་རོལ་གྱི་ཚེ་ཉེ་བར་འགག་པས་ཤི་བར་གྱུར། དེ་ཡི་རྣམ་པར་རིག་བྱེད་དེ་སྙེད་པ་དེ་ཐམས་ཅད་ནི་སྲོག་གཅོད་པའོ།། རྣམ་པར་རིག་བྱེད་ཅིག་གིས་མང་པོ་བསད ་པ་ནཱཾ་སྲོག་གཅོད་པ་གཅིག་ཉིད་དོ།། ཁ་ནཱ་མ་ཐོ་བ་ནི་སེམས་ཅན་གྱི་ཚད་ཙམ་མོ།། གང་ཡང་རྣམ་པར་རིག་བྱེད་ཇི་སྙེད་རྣམས་ཀྱིས་གཞན་གྱིས་ནོར་ཕྲོགས་པ་ན། དེའི་རྣམ་པར་རིག་བྱེད་དེ་ཐམས་ཅད་ཀྱ་ངོ་རྗེས་ཕྲོགས་པར་གྱུར་པ་ན ་མ་བྱིན་པར་ལེན་པ་ཡིན་ནོ།། རྣམ་པར་རིག་བྱེད་གཅིག་གིས་ཕྲོགས་པ་ནཱ་མ་བྱིན་པར་ལེན་པ་གཅིག་ཉིད་དོ།། ཁ་ན་མ་ཐོ་བཱ་ནི་རྫས་ཀྱི་ཚད་དོ།། དེ་བཞིན་དུ་འདོད་པ་ལོག་པར་གཡེམ་པ་དང་ཡང་དག་པར་མ་སྡུས་པ་ལ་ཅི་རིགས་སུ ་ཤེས་པར་བྱའོ།། ངག་གི་འདྲ་སྨྲ་བའི་རྣམ་པར་རིག་བྱེད་ཅི་སྙེད་པ་དེ་སྙེད་ནི་རྫུན་ཚིག་དང་ཕྲ་མ་དང་རྩུབ་པོ་དང་མ་འབྲེལ་པའི་བརྗོད་པའོ།། ཞེས་ཅི་རིགས་སུའོ།། ཡང་། གང་ཅི་སྙེད་ཀྱིས་དམག་སོགས་ལ།། གསོད་པ་རབ་ཏུ་འཇུག ་པ་ནཱ། ཤི་བོ་ལ་སོགས་དེ་ཡི་དེ།། ཐམས་ཅད་སྲོག་གཅོད་ལ་སོགས་ཉིད།། ཅེས་གསུངས་སོ།། གླེང་ཡང་བསང་བྱ་དང་ལྷན་ཅིག་ཏུ་ཤི་བ་འམ་སྔོན་དུ་ན། དེ་ལ་ཡང་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ།། གསང་བྱ་འཚོ་བ་མཐའ ་མའི་སྐད་ཅིག་ལ་མཚོན་སྣུན་པ་ལ་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ།། ཡང་། གསད་བྱ་ལྷན་ཅིག་དང་སྔན་ན་མོ། ཤི་ལེ་སྲོག་བཅད་དེ་ཡོད་མིན།། འཚོ་བ་ཕྱི་མའི་སྐད་ཅིག་ལ།། མཚོན་སྣུན་པ་ལ་སྲོག་གཅོད་མེད།། ་ཞེས་གསུངས་སོ།། གང་ཡང་གཉིས་དག་མཉམ་དུ་མཐོང་བར་གྱུར་པ་དག་གིས་གཞན་ལ་བརྡེག་པས་གཞན་གསོད་པར་བྱེད་པ་དེ་ལ་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ།། ཞེས་པ་ལ་སོགས་པ་བརྗོད་པར་བྱའོ།། གང་གི་ཚེ་འདས་པ་དང་ད་ལྟར ་བའི་རྣམ་པར་རིག་བྱེད་ནི་སྲོག་གཅོད་པ་ལ་སོགས་པ་ཡིན་པ་དེའི་ཚེ་འདས་པ་འམ་ང་ལྟར་བ་ལས་ལྡོག་པར་ནུས་པ་མ་ཡིན་ཏེ། ལས་བྱས་ཟིན་པའི་ཕྱིར་རོ།། དེས་ན་དེ་ལས་ཇི་ལྟར་ལྡོག་པར་བྱ་ཞེ་ན། བརྗོད་དེ། འདས་པ་འམ་ད་ལྟར་བའི ་ཚུལ་ཁྲིམས་ངན་པ་ལས་ལྡོག་པ་ནི་འགའ་ཡང་མེད་དོ།། འོན་ཀྱང་དུས་དེ་ནས་མ་འོངས་པའི་མི་བྱེད་པའི་བསམ་པས་ལྡོག་པའོ།། དེས་ན་མ་འོངས་པའི་བརྒྱད་པོ་དེ་ལས་ལྡོག་པ་སྐྱེ་བ་ཉིད་དོ།། གང་ལས་དེ་རྣམས་དུས་གསུམ་པར་རྣམ ་པར་བཞག་གོ།། ཡང་། འདས་སམ་མ་འོངས་པ་དག་ལ།། ལྡོག་མིན་འོན་ཀྱང་མུ་འོངས་ལས།། མཚན་ཉིད་དེ་ལས་ལྡོག་པ་ཡི།། དེ་རྣམས་དུས་གསུམ་པ་གང་ལྔས།། ཞེས་གསུངས་སོ།། བརྣབ་སེམས་ནི་གཞན་གྱི་ནོར་ལ་འདོད ་ཆགས་པའོ།། སེམས་ཅན་ལ་བསང་པའི་བསམ་པ་མེད་པར་ཞེ་སྡང་ཤ་སྟག་གིས། སྡུག་བསྔལ་འདི་དང་སེམས་ཅན་ནམ་ཡང་འཕྲད་པར་འགྱུར་ཞེས་པ་འདི་ནི་གནོད་སེམས་སོ།། གང་ཡོད་པའི་ངོ་བོ་རྣམས་ལ་མེད་པར་རྟོག་པ་དེ ་ནི་འདིར་ལོག་པའི་ལྟ་བའོ།། བརྣབ་སེམས་ལ་སོགས་པ་དེ་གསུམ་ཡང་ངན་འགྲོ་རྣམས་ཀྱི་ལས་དང་ལམ་ནི་མ་ཡིན་ནོ།། འོན་ཀྱང་འདི་གསུམ་གྱིས་མཚུངས་པར་ལྡན་པའི་སེམས་པ་ནི་ངན་འགྲོའི་རྒྱུ་དང་ལམ་ཡིན་པར་རིག ་བར་བྱའོ།། འོ་ན་ཅི་སེམས་པ་རྣམ་པ་འདི་གསུམ་ཁོ་ན་ཡིད་ཀྱི་ལས་ཡིན་ནམ་ཞེ་ན། མ་ཡིན་ཏེ། གང་ཉོན་མོངས་པ་གཞན་གྱིས་མཚུངས་པར་ལྡན་པའི་སེམས་པ་དེ་ཡང་བསོད་ནམས་མ་ཡིན་པའོ།། གང ་ཡང་གཞན་ཉོན་མོངས་པའི་སེམས་གང་ལ་ཉོན་མོངས་པ་མཚུངས་པར་ལྡན་པ་ནཱ་མ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྷ་དང་སོ་སོར་སྤྱོད་པའོ།། གང་འདི་རྣམས་ཀྱིས་ཀྱང་མཚུངས་པར་ལྡན་པའི་སེམས་པ ་དེ་ཡང་བསོད་ནམས་མ་ཡིན་པར་རིག་པར་བྱའོ།། གང་ལས་ལུས་དང་ངག་དང་ཡིད་ཀྱི་ལས་དེ་ནི་ཉོན་མོངས་པ་ལས་བྱུང་བའོ།། དེ་ནས་ཉོན་མོངས་པ་དང་ལས་ལས་དམན་པའི་འགྲོ་བ་ངན་པ་པའི་འབྱུང་བར་འགྱུར་རོ།། འདི ་ལྟ་སྟེ། དམྱལ་བའི་འགྲོ་བ་དང་། ཡཾ་དགས་འགྲོ་བྱ་དང་། དུད་འགྲོའི་འགྲོ་བ་དང་།། ལྷ་མ་ཡིན་གྱི་འགྲོ་བའོ།། དེ་ལ་ཞེ་སྡང་ཡོངས་སུ་གོམས་པས་བསོད་ནམས་མ་ཡིན་པས་དམྱལ་བའི་གནས་དང་དེར་གནས ་པའི་སེམས་ཅན་དུ་སྐྱེ་བར་འགྱུར་རོ།། ཆགས་པ་ཡོངས་སུ་གོམས་པས་ཡི་དྭགས་ཀྱི་གནས་དང་ཡི་དྭགས་སོ།། གཏི་མུག་ཡོངས་སུ་སྦྱད་པས་དུད་འགྲོའི་གནས་དང་དུད་འགྲོའོ།། ང་རྒྱ་ལ་ཡོངས་སུ་སྤྱད་པས ་ལྷ་མ་ཡིན་གྱི་གནས་དང་ལྷ་མ་ཡིན་ནོ།། དེ་ལ་དམྱལ་བ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དམྱལ་བ་ཆེན་པོ་དང་། གཤིན་རྗེའི་འཇིག་རྟེན་དང་། ཉི་ཚེ་བའི་དམྱལ་བའོ།། དེ་ལ་དམྱལ་བ་ཆེན་པོ་ལ ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། གྲང་བའི་དམྱལ་བ་དང་། ཚ་བའི་དམྱལ་བའོ།། དེ་ལ་གྲང་བའི་དམྱལ་བ་ལ་བཅུ་སྟེ། འདི་ལྟ་སྟེ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་དང་། སོ་ཐམ་ཟླུམ་པ་དང་། རྐན་པ་དང་། ་ཙུ་བ་དང་། ཨུཏྤལ་ལྟ་བུཾ་དང་། ཀུ་མུ་ཏ་ལྟ་བུ་དང་། སོ་སོ་གནྟི་ཀ་ལྟ་བུ་དང་། བུདྡྷ་རིའི་ཀ་ལྟ་བུ་དང་། པདྨ་ལྟོ་བུའོ།། འདི་རྣམས་སུ། མང་དུ་འཕགས་པ་ལ་སྐུར་པ་འདེབས་པ་རྣམས་སྐྱེ་བར་འགྱུར་རོ།། ཚ་བའི་དམྱལ་བ་ལ་དགུ་སྟེ ་འདི་ལྟ་སྟེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མ་ནུར་མེད་པ་དང་། མནར་མེད་ཆེན་པོའོ།། འདདི་རྣམས་སོ་སོ་ལ་ཉེ་འཁོར་གྱི་དམྱལ་བ་བཅུ་དྲུག ་ནི་སྔོན་བཞིན་ནོ།། གཤིན་རྗེའི་འཇིག་རྟེན་ཡང་དམྱལ་བ་ཆེན་པོ་རྣམས་དང་མིང་མཚུངས་པ་དགུ་ཉིད་དོ།། དེ་བཞིན་དུ་ཉེ་འཁོར་བ་བཅུ་དྲུག་གོ།། ཡང་སོས་ཀྱི་སྟེང་ལས་སྟེང་ནས་སྟེང་དུ་གནས་སོ།། ཉི་ཚེ་བའི་དམྱལ་བ་ནི་ཡང་འཇམ ་བུའི་གླིང་གི་རི་དང་ཆུ་ཀླུང་དང་ངམ་གྲོག་དང་དགོན་པ་ལ་སོགས་པ་ཉི་ཚེ་བའི་ས་གཞི་ལ་གནས་པའི་ཕྱིར་ཉེ་ཚེ་བ་ཞེས་བརྗོད་དོ།། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་སྤྲོས་པ་འདུས་བྱོས་དང་འདུས་མ་བྱས ་རྣམ་པར་ངེས་པ་ལ། མང་པོས་བཀུར་བའི་སྡེ་པའི་ལུང་གི་ཚུལ་ལས་བསོད་ནམས་མ་ཡིན་པ་རྣམ་པོར་ངེས་པ་ཞེས་བྱ་བ་ལེའུ་བཅོ་བརྐྱང་བའོ།། གང་འདིར་བསོད་ནམས་མ་ཡིན་པ་དེ་ནི་མོ་ལྡོག་པའི་རང་བཞིན ་རྣམ་པ་བརྒྱད་དུ་གསུངས་སོ།། དེའི་ཕྱིར་བསོད་ནམས་མ་ཡིན་པ་ལས་ལྡོག་པ་མི་བྱེད་པའི་སྡོམ་པ་རྣམ་པ་བརྒྱད་ཉིད་དོ།། དེ་ནི་ཉོན་མོངས་པ་མ་ཡིན་པ་བསོད་ནམས་སུ་རིག་པར་བྱའོ།། ཡང་། ལུས་ཀྱི་རྣམ་གསུམ ་དེ་དང་ཡང་།། མ་བསྡུས་པ་དང་དེ་བཞིན་དུ།། ངག་གི་རྣམ་པོ་བཞི་རྣམས་ཀྱི།། བསོད་མིན་ལས་ལྡོག་བསོད་ནམས་སོ།། ཞེས་གསུངས་སོ།། དེ་བཞིན་དུ་ལྡོག་པའི་ཚུལ་ཁྲིམས་རྣམ་པ་བརྒྱད་དང་དེ་ལས་སྐྱེས་པ་ཉེ་བར་སྐྱེ་བ་ངག་ཉིན ་མཚན་ཏུ་འབྱུང་ངོ་།། ཡོངས་སུ་ལོངས་སྤྱོད་པ་ཡང་ངོ་།། རྣམ་པར་ལྡོག་པའི་རང་བཞིན་རྣམ་པ་བརྒྱད་ཡིན་པ་དེ་བཞིན་དུ་རྣམ་པར་སྤོང་བའི་ཚུལ་ཁྲིམས་རྣམ་པ་བརྒྱད་།། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང་། མ་བྱིན ་པར་ལེན་པ་ལས་ལྡོག་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པ་དང་། མ་བསྡུས་པ་ལས་ལྡོག་པ་དང་། བརྫུན་དུ་སྨྲ་བ་ལས་ལྡོག་པ་དང་། ཕྲ་མ་ལས་ལྡོག་པ་དང་། ཚིག་རྩུབ་པོ་ལས་ལྡོག་པ་དང་། མ ་འབྲེལ་བའི་བརྗོད་པ་ལས་ལྡོག་པའོ།། གང་ཞིག་འདོད་པས་བསྡུས་པའི་སེམས་ཀྱིས་ཚུལ་ཁྲིམས་ངན་པ་ཐམས་ཅད་ལས་སོ་སོར་ལྡོག་པར་བགྱིའོ།། ཞེས་ཡང་དག་པར་བླངས་པ་ན། དེའི་འདོད་པས་བསྡུས་པ་བརྒྱད ་དང་གཟུགས་ཀྱིས་བསྡུས་པ། ལུས་ཀྱིས་མ་བསྡུས་པ་དང་། ངག་གི་མ་འབྲེལ་བའི་ལས་རྣམ་པར་ལྡོག་པ་སྟེ་རྣམ་པར་སྤོང་བ་བཅུའོ།། ཡང་དག་པར་བླངས་པའི་སེམས་ཀྱི་དེ་མ་ཐག་སོ་སོར་ཉིན་མཚན་དུ ་ཉེ་བར་སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་ལ་སྐྱེ་བར་འགྱུར་རོ།། ཅི་སྲིད་དུ་ཡི་དམ་མ་སྤངས་པ་འམ། ཇི་སྲིད་འཚོ་བ་འམ་འདོད་ཆགས་དང་། བྲལ་བ་ཐོབ་ཀྱི་བར་དུའོ།། དེ་བཞིན་དུ་ཡང་དག་པར་འཇོག་པ་དང་། ཡང་དག ་པར་རྗེས་སུ་གནང་བའོ།། ལྷག་པར་སྤྱོད་པ་ཡང་ལྷག་པར་སྤྱོད་པའི་བར་དུའོ།། ཡང་། སྡིག་པ་ཁྲིམས་ངན་ལས་ལྡོག་པ།། དེ་ཡི་སྡོམ་པ་བརྒྱད་དང་གཉིས།། བརྒྱད་ཉིད་ཡང་ཡང་ཉིན་མཚན་དུའོ།། ཞེས་གསུངས ་སོ།། དེ་ལ་སྲོག་གཅོད་པ་ལས་ལྡོག་པོ་ནི་རྣམ་པ་གསུམ་མོ།། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པའི་ཕྱིར་བསམ་པ་དང་། སྲོག་གཅོད་པ་ལས་ལྡོག་པའི་ཕྱིར་བཀའ་བགོད་པ་དང་། སྲོག་གཅོད་པ་ལྔས་ལྡོག ་པའི་ཕྱིར་རྗེས་སུ་གནས་པའོ།། བསམ་པ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འདོད་པ་དང་། བྱེད་དུ་འཇུག་པ་ལ་འདོད་པ་དང་། གཞན་གྱིས་བྱས་པ་ལ་མགུ་བའོ།། བཀའ་བསྒོ་བ་ལ་ཡང་རྣམ་པ་གསུམ་ནི་འདི་ལྟ ་སྟེ། དྲངས་ཏེ་མཛུད་པ་དང་། ངེས་པར་སྦྱོར་བཱ་དང་། རྗེས་སུ་གནང་བའོ།། རྗེས་སུ་གནས་པཽ་ལ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ལུས་ཀྱིས་རྗེས་སུ་སྒྲུབ་པ་དང་། ངག་གི་རྗེས་སུ་སྒྲུབ་པ་དང་། ཡིད ་ཀྱིས་རྗེས་སུ་སྒྲུབ་པའོ།། སྔོན་བཞིན་དུ་ཙེ་རིགས་པར་བརྗོད་པར་བྱའོ།། ཡང་། ལྡོག་པ་བསམ་དང་བཀའ་བསྒོ་དང་།། དེ་དག་རྗེས་སུ་སྒྲུབ་པ་ཉིད།། རེ་རེ་ལ་ཡང་རྣམ་གསུམ་མོ།། ཞེས་གསུངས་སོ།། དེ་བཞིན ་དུ་སྨྲ་བ་ལ་སོགས་པ་ལ་སྦྱར་བར་བྱའོ།། ཡང་རྣམ་པ་གཞན་གྱིས་སྲོག་གཅོད་པ་ལས་ལྡོག་པ་རྣམ་པ་བཞི་ནི། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པར་བྱའོ་ཞེས་ཡང་དག་པར་ལེན་པ་དང་། སྲོག་གཅོད་པ ་ལས་ལོག་པ་ལ་གཞན་དག་ཡང་དག་པར་འཇོག་པ་དང་། གཞན་རྣམས་ལ་སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་རྗེས་སུ་གནང་བར་འགྱུར་བ་དང་། རང་ཉིད་ཆུ་འཛག་པོ་ལ་སོགས་པ་སྲོག་གཅོད་པ་ཡོངས་སུ་སྤོང་བར ་བྱེད་ཅིང་། སྲོག་ཆགས་རྣམས་འཚེ་བྱེད་ལས་སྐྱོབ་པའོ།། ཞེས་དེ་ལྟ་བུ་ལ་སོགས་པའོ།། དེ་བཞིན་དུ་ལྷག་མ་ལས་ལྡོག་པ་ཡང་དག་པར་ལེན་པ་དང་། གཞན་ཡང་དག་པར་འཇོག་པ་དང་། ཡང་དག་པར་གནང་བར་འགྱུར ་པོ་དང་། ལྷག་པར་སྤྱོད་པ་ཞེས་བརྗོད་པར་བྱའོ།། དེ་ལྟར་བརྒྱད་ཚན་བདྲི་འདི་ནི་ཚུལ་ཁྲིམས་སྡོམ་པ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ།། འདི་ཉིད་དེ་རང་བཞིན་རྣམ་པར་ཉམས་པ་ལས་སྐྱེས་པའི་གཉེན་པོ་སུམ་ཅུ་རྩ ་གཉིས་དང་། འཚོ་བོའི་གཉེན་པོ་སུམ་ཅུ་གཉིས་ཏེ།། སུམ་ཅུ་རྩ་གཉིས་པ་གཉིས་ནི། སྡོམ་པ་རྣམ་པ་དྲུག་ཅུ་བཞི་ཡིན་ནོ།། སྡོམ་པ་ཐམས་ཅད་ལས་དེ་མ་ཐག་ཏུ་ཉེ་བར་སྐྱེ་བ་ཉིན་མཚན་དུ་ཉེ་བར་འཕེལ་བར་འགྱུར ་རོ།། ཇི་སྲིད་དུ་མ་སྤངས་ཀྱི་བར་དུ་ཞེས་པ་ལ་སོགས་པ་སྔོན་བཞིན་ནོ།། སྡོམ་པ་དེ་རྣམས་དགེ་བའི་སེམས་ཀྱིས་ཡང་དག་པར་བླངས་ན་དགེ་པར་འགྱུར་བ་དང་ཉིན་མཚན་དུ་འབྱུང་བ་ཡང་ངོ་།། སྒྲིབ་མིན་གྱི་སེམས ་ཀྱིས་བླངས་པ་ནི་སྒྲིབ་མིན་དུ་འགྱུར་བ་དང་ཉིན་མཚན་དུ་འབྱུང་བ་ཡང་ངོ་།། འོ་ན་སྦྱིན་པའི་སྡོམ་པ་ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དགེ་བའི་སེམས་ཀྱིས་སྦྱིན་པ་བྱིན་པ་ལས་ལུས་ཀྱི་སྡོམ་པ་ཉིད་སྐྱེ་བའོ།། སྦྱིན་བྱ་ཡོངས་སུ ་གཏོང་བར་བྱེད་པ་ན་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བ་ནི་བསོད་ནམས་ཡིན་ཅིང་དགེ་བ་ཉིད་དོ།། དགེ་བའི་སྡོམ་པ་ལས་སྐོང་ཅིག་སོ་སོ་ལ་འཕེལ་ལོ།། དེ་དག་ཀྱང་ལུས་ཀྱི་ཚུལ་ཁྲིམས་མ་སྡུས་པ་ལས་ལྡོག་པས་བསྡུས་པ ་ཉིད་དོ།། ཡོང་། དངོས་བཞི་ཉོན་མོངས་མེད་སྦྱིན་སྐྱེས།། དེ་ལས་ཡོངས་སུ་ལོངས་སྤྱོད་སྐྱེས།། སྦྱིན་བྱ་ལོངས་སྤྱོད་པ་ཉིད་ན།། དགེར་འགྱུར་ཞེས་གསུངས་སོ།། དེ་ལ་སྦྱིན་པ་ལ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པ་དང་། ་མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ།། དེ་ལ་ཟང་ཟིང་གི་སྦྱིན་པ་ནི་བཟའོ་བཏུང་ལ་སོགས་པ་སྦྱིན་པའོ།། མི་འཇིགས་པའི་སྦྱིན་པ་ནི་འཇིགས་པས་གཟིར་བ་རྣམས་ཡོངས་སུ་སྐྱོབ་པ་དང་། འཇིགས་པའི་རྒྱུ་ལས ་ལྡོག་པའོ།། ཆོས་ཀྱི་སྦྱིན་པ་ནི། གཞན་དོན་དུ་གཉེར་བ་ལ་དགེ་བའི་སེམས་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་དེ་ཉེ་བོར་སྟོན་པའོ།། དེ་ལ་མི་འཇིགས་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་ནི་དགེ་བར་འགྱུར་བ་འམ ་སྒྲིབ་པ་མིན་པའི་ལུང་དུ་མ་བསྟན་པར་འགྱུར་རོ།། དགེ་བ་དེ་ལས་སྡོམ་པ་དང་ཉིན་མཚན་དུ་འབྱུང་བ་ནི་དགེ་བའོ།། སྒྲིབ་པ་མིན་པའི་ལུང་དུ་མ་བསྟན་པ་ལས་སྡོམ་པ་དང་ཉིན་མཚན་དུ་འབྱུང་བ་ནི་སྒྲིབ་མིན་གྱི་ལུང་དུ་མ་བསྟན ་པའོ།། ཟང་ཟིང་གི་སྦྱིན་པ་ཡང་སྡོམ་པ་དང་ལྷན་ཅིག་པས་མཐའ་གཅིག་ཏུ་དགེ་བའོ།། དེ་ལས་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བ་ཡང་བསོད་ནམས་དགེ་བ་ཉིད་ཉེ་བར་འཕེལ་བའོ་ཞེས།། རྒྱ་བཅུ་གཉིས ་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བའི་བསོད་ནམས་འཕེལ་བར་མི་འགྱུར་ཏེ། འདི་ལྟ་སྟེ། ཀུན་ཏུ་ལོངས་སྤྱད་པ་ལ་སྦྱིན་པ་དང་། བཅིངས་པ་ལ་སོགས་པ་གྲོལ་བའི་དོན་དུ་སྦྱིན་པ་དང་། དུས་ཇི་ལྟ་བར་སྡོམ་པ་མ ་སྐྱེད་པ་དང་། རང་ཉིད་ཉོ་བར་ལོངས་སྤྱད་པ་དང་། ལོག་པར་ཡོངས་སུ་ལོངས་སྤྱད་པ་དང་། མ་གནང་བར་ལོངས་སྤྱད་པ་དང་། ཡོངས་སུ་ལོངས་མ་སྤྱད་པ་དང་། གཞན་དུ་ལོངས་སྤྱད་པ་དང་། ཕྲོགས་པ་དང་། དགེ་བའི་རྩ་བ ་ཀུན་ཏུ་ཆད་པ་དང་། འདོད་ཆགས་དང་བྲལ་བ་བགྲོད་པ་དང་། ཤི་བར་གྱུར་པའོ།། ཟག་པ་དང་བཅས་པའི་ལས་རྣམས་བཤད་།། ཟག་པོ་མེད་པའི་ལས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལམ་གྱི་ཚུལ་ཁྲིམས ་དང་། གཉེན་པོའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་སོ།། དེ་ལ་ལམ་གྱི་ཚུལ་ཁྲིམས་ནི། མངོན་དུ་བྱེད་པའི་སྦྱང་བྱ་སྤྱོད་པ་དྲུག་སྐྱེ་བར་འགྱུར་ཏེ། འདོད་པའི་ཁམས་སམ་གཟུགས་ཀྱི་ཁམས་སུ ་སྐྱེ་བའི་ཐམས་ཅད་བྱང་ཆུབ་ཡན་ལག་གི་སེམས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པས་བག་ལ་ཉལ་བཅུ་དང་། བག་ལ་ཉལ་མ་ཡོན་པ་ཉི་ཤུ་སྟེ་ཉོན་མོངས་པ་སུམ་ཅུ་རབ་ཏུ་སྤོང་བའོ།། ཉོན་མོངས་པ་དེ་རྣམས ་རེ་རེས་ཀུན་ནས་དཀྲིས་པ་འདོད་པས་བསྡུས་པའི་སེམས་ཅན་ཚུལ་ཁྲིམས་དྲན་པ་རྣམ་པ་བཅུ་དྲུག་ཏུ་བྱའོ།། དེ་ཡང་། སྲོག་གཅོད་པ་ལ་སོགས་པ་ཇི་ལྟར་གསུངས་པ་རྣམས་རང་བྱན་ན་རྣམ་པར་ཉམས་པ་ལས་སྨྲས་པ ་བརྒྱདའཚོ་བའི་སྒྱུ་རྣམ་པ་བརྒྱད་ཏེ་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ།། དེ་རྣམས་རཱ་བ~ཾ་ཏཱཾ་སྦྱངས་པ་ལ།། ཡང་དེ་རྣམས་མི་བྱའོ་ཞེས་དེ་རྣམས་སྤངས་པ་ལས་ཚུལ་ཁྲིམས་སྡོམ་པ་བཅུ་དྲུག་སྐྱེ་བར་འགྱུར་ཏེ། འདི་ལྟར ་རང་བཞིན་ཉམས་པ་ལ་སྐྱེས་པའི་གཉེན་པོ་བརྒྱད་དང་། འཆི་བའི་གཉེན་པོ་བརྒྱད་དོ།། དེ་བཞིན་དུ་ཉོན་མོངས་པ་རེ་རེ་ལ་ཤེསོ་པར་བྱའོ།། རྣམ་པ་འདིས་ཚུལ་ངན་པ་རྣམ་པ་བཅུ་དྲུག་ཀྱང་སྤངས་པའོ།། ཞེས་པ་ནི་བཅོཾ ་དྲུག་པ་གཅིག་ག། ཡོང་ཉོན་མོངས་པ་རེ་རེས་བསྐྱེད་པའི་ཉེས་སྤྱོད་ཀྱི་གཉེན་པོས་ཉོན་མོངས་པ་སྤངས་པའི་དབང་ལས་བཅུ་དྲུག་པ་སུམ་ཅུའོ།། ལམ་གྱི་ཚུལ་ཁྲིམས་བཅུ་དྲུག་པ་སུམ་ཅུ་གཅིག་སྐྱེ་བར་ཏེ། དེ་ལྟར ་ལམ་གྱི་ཚུལ་ཁྲིམས་དགུ་བཅུ་རྩ་དྲུག་ལྷག་པའི་རྒྱུ་ཕྲག་བཅུ་རོ་འགྱུར་རོ།། དེ་བཞིན་དུ་སྡུག་བསྔལ་ལ་སོ་སོར་རྟོག་པའི་ས་པ་ལའོ།། སྡུག་བསྔལ་ལ་རྗེས་སུ་དཤེས་པོ་ནཱི། གཟུགས་ཀྱི་སོ་བསྡུས་པའི་དག ་ལ་ཉལ་དགུ་དང་བག་ལ་ཉེལ་མ་ཡིན་པ་བཅུ་གཅིགོ།། ཉོན་མོངས་པ་ཉི་ཤུ་རབ་ཏུ་སྤངས་པའོ།། དེ་ལ་ཉོན་མོངས་པ་སོ་སོ་ལ་ཉེས་པར་སྤྱོད་པ་གཉིས་འབྱུང་སྟེ། འདི་ལྟ་སྟེ། མ་བསྡུས་པ་དང ་འབྲེལ་པའི་བརྗོད་པའོ།། སྔོན་དུ་བཤང་པའི་རིམ་པས་ཉེས་སྤྱོད་གཉིས་མཚན་སྤོང་བ་ནི་གཅིག་གོ།། ཉེས་སྤྱོད་ཉི་ཤུ་ཚན་གཉིས་ཀྱི་གཉེན་པོ་ཉི་ཤུ་ཚན་གཉིས་ཏེ། གཉིས་ཚན་ཉེར་གཅིག་སྡོམ་པ ་སྐྱེའོ།། དེ་བཞིན་དུ་ཡེ་ཤེས་ལྷག་མ་དང་སྒོམ་པའི་ས་དག་ལ་ཅི་རིགས་པར་བརྗོད་པར་བྱའོ།། གཉེན་པོའི་ཚུལ་ཁྲིམས་ནི། གང་དང་གང་དུ་ཁམས་མཉམ་པ་སྐལ་པ་མཉམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ། དེ ་དེང་དེ་རུ་ཉིང་འཚམས་དང་སྦྱང་བྱ་སྤྱོད་པ་ཉེ་བར་སྐྱེའོ།། དེ་ཡང་ཉོན་མོངས་པ་འཛག་བྱེད་ཀྱི་ཡེ་ཤེས་སྡུག་བསྔལ་ཆོས་ཤེས་པ་ལ་སོགས་པ་དང་སྒོམ་པའི་ས་ངག་གི་ལམ་གྱི་ཚུལ་ཁྲིམས་བཞིན་དུ་ཅི་རིགས་སུ ་ཤེས་པར་བྱའོ།། སྡོམ་པོའི་ཚུལ་ཁྲིམས་ནི། ཐམས་ཅད་ཟག་པ་མེད་པ་ཏེ་དགྲོ་བཅོམ་པའིའོ།། འདི་ལྟ་སྟེ། དགྲ་བཅོམ་པས་ཉེས་སྤྱོད་ཐམས་ཅད་ལས་ལྡོག་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་པ་ན། ་སེམས་དེ་དང་ལྷན་ཅིག་ཏུ་ཟག་པ་མེད་པའི་ཚུལ་ཁྲིམས་སྡོམ་པ་བརྒྱད་སྐྱེ་བའོ།། དེ་ལ་ཉིན་མཚན་དུ་འབྱུང་བ་ནི་མེད་དོ།། དེ་བཞིན་དུ་འདིར་ལུས་ངག་གི་རྣམ་པར་རིག་བྱེད་དག་གིས་ཡང་དག་པར་འཇོག ་པར་བྱེད་པ་དང་། ཡང་དག་པར་གནང་བ་དང་ལྷག་པར་སྤྱོད་པ་ཐམས་ཅད་ནི་ཟག་པ་མེད་པའོ།། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོངས་པས་ཉེས་སྤྱོད་ཐམས་ཅད་ལས་ལྡོག་པ་ལས ་འདོད་པས་བསྡུས་པའི་ཉེས་སྤྱོད་ཀྱི་གཉེན་པོ་དང་། གཟུགས་ཀྱིས་བསྡུས་པའི་ལུས་ཀྱི་མ་བསྡུས་པ་དང་།། ངག་གི་མ་འབྲེལ་པའི་བརྗོད་པ་དག་གི་གཉེན་པོ་རྣམས་ནི་ཟག་པ་མེད་པའོ།། ཁམས་གཉིས་ལ་ཆགས་བྲལ ་གྱི་ཕྱིར་མི་འོང་བ་ནི་དགྲ་བཅོ་མོ་པ་ཅི་བཞིན་ནོ།། རྗེས་ཀྱི་ལུས་ངག་གི་རྣམ་པར་རིག་བྱེད་ཐམས་ཅད་ཀྱང་ཟག་པ་མེད་པ་ཉིད་དོ།། ཡང་། འདོད་ལ་ཆགས་བྲལ་འཕགས་པ་ཡི།། ཐམས་ཅད་ལས་ལྡོག་པའི་བརྒྱད་དང་། ་གཟུགས་སྐྱེས་གཉིས་ནི་དྲི་མེད་པའོ།། གཟུགས་ལ་ཐམས་ཅད་ཀྱང་ཟག་མེད།། ཞེས་གསུངས་སོ།། ལམ་གྱི་ཚུལ་ཁྲིམས་དང་གཉེན་པོའི་ཚུལ་ཁྲིམས་དག་ཁྱད་པར་ཅི་ཞེ་ན། བརྗོད་པར་བྱ་སྟེ། སྡུག་བསྔལ་ལ ་ཆོས་ཤེས་པ་ནི། སྤོང་བ་ལས་དང་རྗེས་སུ་མཐུན་པའི་སྟོབས་ལས་ཚུལ་ཁྲིམས་སྐྱེའོ།། དེ་ཡང་སྐད་ཅིག་ཉིད་ཡིན་པས་འགགས་པར་འགྱུར་རོ།། སོ་སོར་རྟོག་པའི་ཡེ་ཤེས་ནི་འང་ཡང་རེ་ཤིག་ངོ་བཞིན་དུ་སྐྱེ་སྟེ། སྔོན ་དུ་སྤངས་པའི་སྟོབས་ལས་དང་།། རྗེས་སུ་མཐུན་པའི་སྟོབས་ལས་སོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི།། སྤངས་པའི་རྒྱུ་ལས་དང་། རྗེས་སུ་མཐུན་པའི་སྟོབས་ལས་སྐྱེའོ།། གང་དག་ཆོས་ཤེས་པ་ནི། ་སྤངས་པའི་སྟོབས་ལས་དང་རྗེས་སུ་མཐུན་པའི་དབང་དེ་དག་ལས་སྐྱེའོ་ཞེས་ཀྱང་ཁ་ཅིག་གོ།། དེ་བཞིན་དུ་ལྷག་མ་དང་སྒོམ་པའི་ས་ངག་ལ་ཅི་རིགས་སུ་བརྗོད་དོ།། གཉེན་པོའི་ཚུལ་ཁྲིམས་ནི་ཉོན་མོངས་འཇིག ་བྱེད་བཞིན་དུ་དངོས་སུ་སྤོང་བའི་རྒྱུ་ལས་དང་སྔོན་དུ་སྤངས་པའི་སྟོབས་དག་ལ་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། སྤངས་པ་སོ་སོའི་མཚམས་སུ་སྔོན་སྤངས་པའི་སྟོབས་ཉིད་ལས་སོ།། དེ་སྲིད་དེ་ནི ་རང་བཞིན་གྱི་ཁ་ན་མཐོ་བ་ལས་ལྡོག་པའི་ཚུལ་ཁྲིམས་བརྒྱད་ཉེ་བར་བསྟན་པའོ།། བཅས་པའི་ཁོ་ན་མ་ཐོ་བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱང་། དགེ་སློང་དང་དགེ་སློང་མ་དང་ངགེ་ཚུལ་ཕོ་མོ་དང་བྱ་རོག་སྐོང་བྱེད་དང་དགེ ་ན་དང་དགེ་བསྙེན་མོ་རྣམས་ཀྱི་སངས་རྒྱས་ཀྱི་བཅས་པའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དང་ཡོངས་སུ་བསྲུང་བ་ལས་སྐྱེས་པའོ།། དེ་ལ་དགེ་སློང་གི་བསླབ་པའི་གཞི་ཐམས་ཅད་ནི། འདུལ་བ་ལས་གསུངས ་པའི། ཉི་ཤུ་ལྷག་པའི་བཞི་རྒྱའོ།། བསླབ་པའི་གཞི་དེ་རྣམས་ལ་ཕལ་ཆེར་ནི་བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པའི་ཚུལ་ཁྲིམས་སོ།། སྡོམ་པ་ཐམས་ཅད་ལས་ཀྱང་ཡི་དམ་བླངས་པའི་སེམས་ཀྱི་དེ་མ་ཐག་ཏུ་ཉེ་བར ་སྐྱེ་བ་ནི་རྣམ་པར་མ་སྤངས་ཀྱི་བར་དུའོ།། ཞེས་རྒྱས་པར་བརྗོད་པར་བྱའོ།། དེ་བཞིན་དུ་དགེ་སློང་མ་ཡི་ཙཾ་རིགས་པར་རོ།། དགེ་ཚུལ་པོ་མོའི་བསླབ་པའི་གཞི་རྩ་བ་དག་དང་། བྱཱ་རོག་སྤྱོང་པའི་བརྒྱད་དང ་དེ་བཞིན་དུ་བསྙེན་གནས་ཀྱིའོ།། དགེ་བསྙེན་དང་དགེ་བསྙེན་མ་ངག་གི་བསླབ་པའི་གཞི་གཏན་དུ་བེ་ལྔའོ།། དེ་རྣམས་ཀྱང་ཡང་དག་པར་བླངས་པའི་སེམས་ཀྱིས་དེ་མ་ཐག་ཏུ་ཉེ་བར་སྐྱེ་བ་ནི། སེམས་ཀྱི་སྐད ་ཅིག་དུས་ཀྱིས་ཡང་དག་པར་འཕེལ་བ་སྟེ། མ་སྤངས་ཀྱི་བར་དུའོ་ཞེས་སོ།། ཡང་། གང་དུ་དགེ་སློང་གི་བཅས་པའི།། ཉེས་པ་ལས་ལྡོག་སྡོམ་པ་དེའི།། གྲངས་ནི་བརྒྱ་ཕྲག་བཞི་དང་ནི།། ཉི་ཤུ་ལྷག་པ་ཁོ་ནའོ།། དགེ་སློང ་མའི་དེ་དང་གཞན།། དགེ་ཚུལ་དང་ནི་གསོ་སྦྱོང་དང་།། རྟག་པའི་དགེ་བསྙེན་སྡོམ་པ་ནི།། དགུ་དང་བརྒྱད་དང་ལྔ་རིམ་བཞིན།། དངོས་གཞི་དེ་ལས་ཉེར་སྐྱེ་ནི།། ཡང་དག་ལེན་སོགས་ལས་སོ།། ཞེས་གསུངས་སོ།། དེས་ན་ཉོན ་མོངས་པ་ཅན་མ་ཡིན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་མངོན་པར་བསྡུས་ན། རྒྱུ་བཅུ་གཉིས་ཀྱིས་སྐྱེ་སྟེ། འདི་ལྟ་སྟེ། ཡང་དག་པར་བླངས་པ་དང་། ཡང་དག་པར་ལེན་དུ་འཇུག་པ་དང་། ཡང་དག་པར་གནང་བ་དང་། ་ལྷག་པར་སྤྱོད་པ་དང་། སྡོམ་པའི་རྩ་བ་ཉེ་བར་མ་ཆད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། ཉེས་སྤྱོད་ཀྱི་རྒྱུ་སྤངས་པ་དང་། བདེན་པ་དང་རྗེས་སུ་མཐུན་པའི་སྟོབས་ལ་དང་། སྒོམ་པའི་སྟོབས་དང་། སྔོན་སྤངས་པའི ་སྟོབས་དང་། དངོས་པོ་ཡོངས་སུ་ཤེས་པ་དང་། ཁས་བླངས་པ་ལས་སོ།། ཅི་རིགས་པར་བརྗོད་པར་བྱའོ།། ཅི་ལྟར་གསུངས་པའི་ཉོན་མོངས་ཅན་དང་ཉོན་མོངས་མེད་པའི་ཚུལ་ཁྲིམས་དེ་རྣམས་ཀྱི་ཀུན་ནས་གཡོ་བ་ནི ་རྣམ་པ་བཞི་ཡིན་ནོ།། འདི་ལྟ་སྟེ། གང་དང་གང་ཚུལ་ཁྲིམས་ཀྱི་ཡན་ལག་སྤངས་པ་དེ་དང་དེ་ནི་ཀུན་ནས་གཡོས་པའོ་ཞེས་མི་མཐུན་པའི་ཕྱོགས་ཀྱིས་དང་། ཉེས་སྤྱོད་ཐམས་ཅད་བགྱིའོ་ཞེས་ཡི་དམ་བླངས་པ ་བྱེད་པའོ་ཞེས་ཐམས་ཅད་ཀུན་ནས་གཡོས་པ་དང་། ཚུལ་ཁྲིམས་ཐམས་ཅད་སྤང་བར་བགྱིའོ་ཞེས་བསླབ་པའི་གཞི་སྤངས་པས་དང་། དགེ་བའི་རྩ་བ་ཡང་དག་པར་ཆད་པས་སོ།། ཉེས་པར་སྤྱོད་པ་ཡང ་སྤོང་ཞིང་ཀུན་ནས་གཡོ་བར་བྱེད་པ་ནི་བཞི་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་བླངས་པ་ལས་ཚུལ་ཁྲིམས་ངན་པ་གཡོ་བར་བྱེད་པ་དང་། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་ལེན་དུ་འཇུག ་པ་དང་། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་རྗེས་སུ་གནང་བ་དང་། སྲོག་གཅོད་པ་ལྷག་པར་མི་སྤྱོད་པའོ།། དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པ་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ།། ཉེས ་སྤྱོད་ཐམས་ཅད་ལས་ལྡོག་པར་བགྱིའོ་ཞེས་པ་འམ། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་ལེན་པ་འམ། བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པའི་གཞི་ཇི་སྙེད་པ་དེ་ལ་ཡང་དག་པར་བཞུགས་པར་བགྱིའོ།། ཞེས ་པ་ཐམས་ཅད་སྤོང་བར་བྱེད་པའོ།། ཡང་ན། འདུས་བྱས་ཐམས་ཅད་མི་རྟག་པའོ།། འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་གྱི་རྒྱུའོ།། ཞེས་པ་འདིས་ཀྱང་ཚུལ་ཁྲིམས་ངན་པ་ཀུན་ནས་སྤོང་བར་བྱེད་པའོ།། གཞན་དུ་ན་བརྟན ་པ་དང་འབྲེལ་བ་ལས་སྒྲོ་འདོགས་ཀྱི་ཁང་བ་ལ་སོགས་པའོ།། ཡང་། མ་ལུས་པ་ཡི་འདུས་བྱས་རྣམས།། མི་རྟག་པ་དང་རྒྱུར་བསམ་པས།། ཉེས་པ་ཐམས་ཅད་སྤོང་བར་བྱེད།། དེ་བཞིན་བརྟན་པ་མ་རྟོགས་པའོ།། ་ཞེས་གསུངས་སོ།། བཅོམ་ལྡན་འདས་ཀྱིས། སེམས་པའི་ལས་དང་། སེམས་པས་བསླང་བའི་ལས་སོ་ཞེས་གསུངས་སོ།། དེ་ལ་སེམས་ཀྱིས་བསླང་བའི་ལས་ནི། ལུས་ཀྱི་དང་ངག་གིའོ་ཞེས་བཤད་དོ།། མཚུངས་པར་ལྡན་པའི་སེམས ་ལས་བྱུང་བ་རྣམས་ཀྱི་ནང་ནས་སེམས་པ་གཅིག་པུ་ནི་ཡིད་ཀྱི་ལས་བསོད་ནམས་སོ།། སེམས་པ་དེ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། དགེ་བ་དང་། སྒྲིབ་པ་མ་ཡིན་པའི་ལུང་དུ་མ་བསྟན་པའོ།། གང་འདོད་པས་བསྡུས་པ་དེ་དགེ་བ ་བ་དང་། སྒྲིབ་མིན་ལུང་དུ་མ་བསྟན་པའོ།། གང་གཟུགས་ཀྱིས་བསྡུས་པའི་སེམས་པ་དེ་བསམ་གཏན་སྔོན་མ་གསུམ་མོ།། གང་ཡང་བསམ་གཏན་གསུམ་དང་སྟོབས་མཚུངས་པའི་སྙོམས་པར་འཇུག་པའི་མཚུངས་པར་ལྡན་པའི ་སེམས་པ་དེ་བསོད་ནམས་སུ་མངོན་པར་འདོད་དོ།། བསམ་གཏན་དང་སྟོབས་སྙམ་པའི་སྙོམས་འཇུག་དེ་གང་ཞེ་ན། བརྗོད་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། ་མི་སྡུག་པ་བརྒྱད་ལ་སོགས་པའོ།། ཡང་། དེ་བཞིན་ཡིད་ཀྱི་བསོད་ནམས་ནི།། འདོད་དུ་དཀར་དང་ཞན་པ་ཡི།། སེམས་པའོ་གཟུགས་སུ་བསམ་གཏན་གསུམ།། དེ་རུ་གནས་པ་ཡང་དག་བསྡུ།། ཞེས་གསུངས་སོ།། མཁས་པ་ཆེན་པོ ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བསོད་ནམས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་དགུ་པའོ།། ། མི་གཡོ་བའི་ལས་ནི་སེམས་པ་ཉིད་དོ། དེ ་ཡང་བསམ་གཏན་བཞི་པ་དང་མཚུངས་པར་ལྡན་པ་དང་། གང་དག་ཟག་པ་དང་བཅས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མཚུངས་པར་ལྡན་པ་དང་། གང་དག་བསམ་གཏན་བཞི་པ་དང ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྟོབས་མཚུངས་པར་འཇུག་པར་འཇུག་པས་མཚུངས་པར་ལྡན་པ་དེ་མི་གཡོ་བའི་ལས་སུ་རིག་པར་བྱའོ།། དེ་ལ་རྣམ་པར་རྟོག་པ་ལ་སོགས་པས་སྐྱེད་པར་བྱ་བ་མ་ཡིན་པས་ན་འདི་ནི་མི ་གཡོ་བའོ།། དེ་ཡང་། གཡོ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཏེ། དེ་ཡང་རྣམ་པ་བདུན་ནོ།། འདི་ལྟ་སྟེ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། འཇུག་པ་དང་། བྱུང་བའོ།། བསམ་གཏན ་བཞི་པ་དང་གཟུགས་མེད་པ་ནི་དེ་རྣམས་ཀྱིས་སྐྱོད་པར་བྱ་བ་མ་ཡིན་པས་ན་མི་གཡོ་བའོ།། མི་གཡོ་སེམས་པ་ཉིད་དུ་འདོད།། བསམ་གཏན་བཞི་པ་དང་གཟུགས་མེད།། མཚུངས་ཡན་དེ་འདྲའི་སྟོབས་ཉམས་ཀྱིས།། ཅེས ་གསུངས་སོ།། གང་འདིར་ཉོན་མོངས་པ་ཅན་མ་ཡིན་པའི་ལུས་དེ་རྣམས་གསུངས་སོ།། བསོད་ནམས་ཀྱི་ལས་དེ་ལས། གླིང་བཞི་ལ་གནས་པའི་མི་རྣམས་སུ་སྐྱེའོ།། འདི་ལྟ་སྟེ། མ་ཆགས་པ་ཡོངས་སུ་བསྒོམས་པའི་བསོད ་ནམས་ལས་བྱང་གི་སྒྲ་མི་སྙན་གྱི་མིའོ།། དེས་ན་འདི་ནི་ཡོངས་སུ་འཛིན་པ་མེད་པ་དང་། ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ཕུན་སུམ་ཚོགས་པའོ།། ཞེ་སྡང་མེད་པ་ཡོངས་སུ་བསྒོམས་པ་ལས་ཤར་གྱི་ལུས་འཕགས་པའོ།། ། ་དེ་ཉིད་ཀྱིས་ན་དེ་རྣམས་ནི་སྲོག་ཆགས་རྣམས་མི་བསོད་དོ་ཞེས་སོ།། ང་རྒྱལ་མེད་པ་ཡོངས་སུ་སྒོམས་པའི་བསོད་ནམས་ལས་ནུབ་ཀྱི་བ་ལང་སྤྱོད་པའོ།། དེ་ཉིད་ཀྱིས་ན་དེ་རུ་རིགས་གཅིག་ཉིད་དོ།། དེ་རྣམས་ནི་ཚད་དང་གཟུགས་མཉམ ་པ་ཉེ་བར་ལྡན་པའོ།། མ་རྨོངས་པ་ཡོངས་སུ་གོམས་པའི་བསོད་ནམས་ལས་འཛམ་བུ་གླིང་པའོ།། དེ་ཉིད་ཀྱིས་ན་དེ་རྣམས་ནི་དྲན་པ་དང་བློ་ཕུན་སུམ་ཚོགས་པའོ།། སེམས་པ་དང་ལྡན་པའོ།། འདོད་པ་ན་སྤྱོད་པའི་ལྷ་དྲུག ་གོ། འདི་ལྟ་སྟེ། རྒྱལ་ཆེན་རིས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ། དེ་ནི་ཡང་མ་རྨོངས་པ་མང་དུ་ཡོངས་སུ་གོམས་པ་ལས་ལྷའོ།། བསོད་ནམས་ཀྱི་ལས་ལས་དབྱིབས་དང་གདན་དང་གཞལ་ཡས་ཁང་ལ་སོགས ་པ་འབྱུང་བར་འགྱུར་རོ།། བསམ་གཏན་དང་པོའི་དམན་པ་དང་འབྲིང་དང་མཆོག་གི་བསོད་ནམས་བསྒྲུབས་པ་ལས། བསམ་གཏན་དང་པོའི་དམན་པ་དང་འབྲིང་དང་གྱ་ནོམ་པའི་ས་གསུམ་ཏེ། རིམ་པ་བཞིན་དུ་ཚངས ་པའི་མདུན་ན་འཛིན་གྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་འཁོར་གྱི་ལྷ་རྣམས་སུ་སྐྱེའོ།། དེ་ཁོ་ན་བཞིན་དུ་བསམ་གཏན་གཉིས་པའི་གསུམ་དུ། འོད་ཆུང་གི་ལྷ་དང་། ཚད་མེད་འོད་ཀྱི་ལྷ་དང་། འོད ་གསལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་བསམ་གཏན་གསུམ་པའི་གསུམ་དུ། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་ཀྱི་ལྷ་རྣམས་སུ་སྐྱེའོ།། མི་གཡོ་བའི་ལས་ཀྱང་བསམ་གཏན་བཞི ་པ་དང་སོ་སོར་ལྡན་པའི་དམན་པ་དང་འབྲིང་དང་མཆོག་ལས་འབྲས་བུ་ཆེ་བའི་ལྷ་རྣམས་སུ། གཡོ་བའི་ལས་བསམ་གཏན་བཞི་པ་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་གོམས་པ་དང་འཁོར་དང ་པའི་དབང་པོ་ལས་གྱ་ནོམ་སྣང་གི་ལྷའོ།། དེ་ཉིད་དང་འཁོར་བརྩོན་འགྲུས་ཀྱི་དབང་པོ་ལས་ཤིན་ཏུ་མཐོ་ལཱུ་རྣམས་སོ།། དེ་ཉིད་དང་འཁོར་དྲན་པའི་དབང་པོ་ལས་མི་ཆེ་བའི་ལྷ་རྣམས་སོ།། དེ་ཉིད་དང་ཏིང་ངེ་འཛིན་གྱི ་དབང་པོའི་འཁོར་ལས་མི་གདུང་བའི་ལྷ་རྣམས་སོ།། དེ་ཉིད་དང་འཁོར་ཤེས་རབ་ཀྱི་དབང་པོ་ལས་འོག་མིན་གྱི་ལྷ་རྣམས་སོ།། སོ་སོ་སྐྱེ་བོ་ནི་བསམ་གཏན་བཞི་པ་དང་། ལྡན་པའི་མི་གཡོ་བ་ལས་འདུ་ཤེས་མེད་པའི ་སེམས་ཅན་དུ་སྐྱེ་བའོ།། ནམ་མཁའ་རྣམ་ཤེས་ཅུང་ཟད་མེད་པའི་སྐྱེ་མཆིད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེང་དང་སོ་སོར་ལྡན་པའི་མི་གཡོ་བའི་ལས་ལས་རིམ་པ་བཞིན་དུ་གཟུགས་མེད་པ་བཞིའོ།། ། ་དེ་བཞིན་དུ་འདོད་པ་དྲང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་དེ་ནི་ལུས་ལ་སྐྱེས་པའི་ལུས་ཅན་རྣམས་སྐྱེ་བའི་རྟེན་ཡིན་ནོ།། ཡང་། དེ་ཕྱིར་བསོད་ནམས་ལས་མི་ཀུན།། འདོད་ན་སྤྱོད་པའི ་ལྷ་དྲུག་དང་། དེ་བཞིན་དང་པོའི་བསམ་གཏན་གསུམ།། མི་གཡོ་བ་ལས་ལྷག་མའི་ལྷ།། ཞེས་གསུངས་སོ།། འོ་ན་ཇི་ལྟར་གསུངས་པའི་ལས་དེ་རྣམས་ཅི་ཐམས་ཅད་ཀྱི་ཐམས་ཅད་ཀྱི་སྐྱེ་བ་སྐྱེད་པར་བྱེད་པ་ཡིན ་ནམ་ཞེ་ན། མ་ཡིན་ཏེ། དེ་ཡང་། འདོད་ཆགས་དང་བཅས་པའི་ལས་བསོད་ནམས་བསོད་ནམས་མ་ཡིན་པ་མི་གཡོ་བ་དེ་ནི་ཡང་སྲིད་སྐྱེ་བའི་རྒྱུར་འགྱུར་རོ།། འདོད་ཆགས་དང་བྲལ་བའི་ནི་ཁམས་མཐུན་པ་རུའོ།། འདི་ལྟ་སྟེ། འདུད ་པས་བསྡུས་པའི་ལས་འདོད་པར་རྟོགས་པའི་སྐྱེ་བའོ།། དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་གཟུགས་སུ་གཏོགས་པའིའོ།། གཟུགས་མེད་པས་བསྡུས་པ་གཟུགས་མེད་པའིའོ།། བགྲོད་པ་འཕེལ་བའི་ལས་པ་ནི་ཡང་སྲིད ་སྐྱེ་བར་བྱེད་པའོ།། གེགས་དེ་སྲིད་པའི་ལས་ནི་མ་ཡིན་ནོ།། ཡང་། བགྲོད་པ་འཕེལ་དང་ཆགས་བཅས་པའི།། ལུས་དེ་མཚུངེས་པའི་ཁམས་རྣམས་སུ།། ཡང་སྲིད་ལྗོན་ཤིང་ས་བོན་རྒྱུ།། ཞེས་གསུངས་སོ།། ལས་ལ་རྣམ་པ ་གོཉིས་ནི་འདི་ལྟ་སྟེ།། ཡང་སྲིད་སྐྱེད་པ་ལ་ནུས་པ་ཉིད་ཀྱིས་བགྲོད་པ་འཕེལ་བའི་ལས་དང་། ཕལ་ཆེར་བྱ་བའི་དུས་ཉིད་དུ་རྣམ་པར་སྨིན་པ་ཕྱུང་ནས་ཡང་སྲིད་མངོན་པར་འདུ་བྱེད་པ་ལ་ནུས་པ་མེད་པའི་ཕྱིར་གེགས་དེ་སྲིད ་པའི་ལས་སོ།། དེ་ལ་བགྲོད་པ་འཕེལ་བའི་ལས་ནི་བརྒྱད་དེ། འདི་ལྟ་སྟེ། འདོད་པས་བསྡུས་པའི་དགེ་པ་དང་། སྒྲིབ་པ་མ་ཡིན་པ་དང་། མི་དགེ་བ་དང་། སྒྲིབ་པ་དང་། གཟུགས་ཀྱིས་བསྡུས་པའི་དགེ་བ་དང་། ་སྒྲིབ་པ་མ་ཡིན་པ་དང་། གཟུགས་མེད་པས་བསྡུས་པའི་དགེ་པ་དང་། སྒྲིབ་པ་མ་ཡིན་པའོ།། ཡང་། འདོད་སྐྱེས་བཞི་དང་གཟུགས་སྐྱེས་གཉིས།། གཉིས་ནི་གཟུགས་མེད་སྐྱེས་པའོ།། ཞེས་གསུངས་སོ།། ་གེགས་དེ་སྲིད་པ་ནི་བརྒྱད་དེ། འདི་ལྟ་སྟེ། རྨི་ལམ་ནང་གི་ལས་དང་། སྲིད་པ་བར་མའི་ལས་དང་། བྱིས་པའི་གནས་སྐབས་སུ་བྱས་པ་དང་། ཡོད། ཤེས་པ་སྒྲིབ་པ་དང་། ཟག་པ་མེད་པ ་དང་། རང་བཞིན་གྱིས་ལུང་མ་བསྟན་པ་དང་། ཆགས་བྲལ་གྱིས་ཉེ་བར་བསགས་པ་དང་། གཟུགས་དང་གཟུགས་མེད་པའི་སྒོམ་པའི་རང་བཞིན་མོ་ཡིན་པའི་ལས་སོ།། ཡང་། རྨི་ལུམ་པར་སྲིད་རྣམ་མི་ཤེས། ་ཡོངས་ཤེས་སྐྱེས་དང་ཟག་མེད་དང་།། རང་བཞིན་ལུས་མེད་མ་ཆགས་བསྡུས།། གཟུགས་དང་གཟུགས་མེད་ལ་མ་མ་ཡིན།། ཞེས་གསུངས་སོ།། པཎྜི་ཏ་ཆེན་པོ་དགེ་སློང་གནས་བརྟན་སྟོབས་བཅུ་དཔལ་བཤེས ་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱསྟེ་རྣམ་པར་ངེས་པ་ལ་མི་གསོ་བ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་པའོ།། ། འདོད་ཆགས་ལ་སོགས་སྒྲོན་རྣམས་འདིས།། ལས་སོ་དེ་ལས ་ཡང་སྲིད་དོ།། ཡང་སྲིད་ལསྡེ་ནི་སྐྱེ་བའོ།། དེ་ནས་རྒོ་ཤི་ཀུན་ཏུ་འབྱུང་།། དེ་ལས་མྱ་ངན་སོགས་དེ་ལས།། ཡང་ནི་ཉེས་རྣམས་འབྱུང་བར་འགྱུར།། དེ་ནས་དེ་བཞིན་འཁོར་འགྱུར་པོའོ།། སྔོན་གྱི་མཐའ་ནི་ཡོད་པ་མིན།། ་ཞེས་གསུངས་སོ།། འདིའི་དོན་ནི་དེ་ལྟར་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ལས་སྐྱེས་པའི་ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ།། དེ་ལས་སྐྱེ་བའོ།། ལས་ཀྱི་རྣམ་པར ་སྨིན་པ་དེ་ལས་བདག་དང་གཞན་གྱི་ཉེ་བར་འཚེ་བ་ལས་སྐྱེས་པ་དང་། གྲང་བ་དང་རླུང་ལ་སོགས་པའི་ཁམས་ལས་སྐྱེས་པའི་བདེ་བ་དང་སྡུག་བསྔལ་དང་བདེ་མིན་སྡུག་མིན་ཚོར་བ་ཉམས་སུ་མྱོང་བ་ཉིད་མ་རིག་པའི་དབང་དུ ་གྱུར་པས་བདེ་བས་ཀུན་ཏུ་རྨོངས་པ་རྣམས། བདེ་བ་དང་ཕྲད་པར་སྲེད་པ་དང་། བདེ་བ་དང་མི་འབྲལ་བྱར་སྲེད་པ་ཉེ་བར་སྐྱེའོ།། དེ་བཞིན་དུ་སྡུག་བསྔལ་གྱིས་ཀུན་ཏུ་རྨོངས་པ་རྣམས་སྡུག་བསྔལ་དང་བྲལ་བར་སྲེད་པ་དང་། ་སྡུག་བསྔལ་དང་མི་འཕྲད་པར་སྲེད་པ་ཉེ་བར་སྐྱེའོ།། དེ་བཞིན་དུ་སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའི་ཚོར་བས་ཀུན་ཏུ་རྨོངས་པ་རྣམས་སྲིད་པའི་སྲེད་པ་ཉེ་བར་སྨྲའོ།། དེ་ལས་ལྟ་བ་རྣམས་དང་ཐེ་ཚོམ་རྣམས་ཉེ་བར་སྐྱེའོ། ་དེ་ལས་ཡང་ལས་སོ།། དེ་ལས་སྐྱེ་བ་དང་སྡུག་བསྔལ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་མ་རིག་བྱའི་སྒྲིབས་པའི་རྒྱུ་དང་། སྲེད་པའི་སྦྱོར་བར་བྱེད་པ་ལས་སེམས་ཅན་རྣམས་ནི་ཟོ་བ་དྲུག་གི་འཁྲུལ་འཁོར་ལ་ཞོན་ཏེ་འཁོར ་བ་ནི། སྔོན་གྱི་མཐའ་མེད་པ་ཉིད་དོ།། དེ་ཡང་དམྱལོ་བ་རྣམས་སུ་སྲེག་པ་དང་གཅོད་པ་ལ་སོགས་པ་མྱོང་བའི་སྡུག་བསྔལ་དང་། ཡི་དྭགས་རྣམས་ལ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས ་ལ་སྐྱོ་བའི་སྡུག་བསྔལ་དང་། ལྷ་མ་ཡིན་རྣམས་ལ་ང་རྒྱལ་གྱི་སྡུག་བསྔལ་དང་། མི་རྣམས་ལ་ཚོལ་བའི་སྡུག་བསྔལ་དང་། ལྷ་རྣམས་རྒ་བ་དང་ཤི་བའི་སྡུག་བསྔལ་ཉམས་སུ་མྱོང་བའོ།། གང་ལས་དེ་ལྟར ་ཉོན་མོངས་པ་ལས་ལས་འབྱུང་ངོ་།། ལས་ལས་སྐྱེ་བའོ།། སྐྱེ་བ་ལས་སྡུག་བསྔལ་ལོ།། དེ་ལས་ཡང་ཉོན་མོངས།། ཡང་ལས། སྐྱེ་བ་ཀུན་ཏུ་འབྱུང་ངོ་།། དེའི་ཕྱིར་དེ་ལྟར་འཁོར་བའི་རྒྱུ་འི་གཙོ་བོ་ནི་ཉོན ་མོངས་པའོ།། ཉོན་མོངས་པའི་ས་བོན་དུ་གྱུར་པ་ནི་བག་ལ་ཉལ་ལོ།། བགོ་ལ་ཉལ་མེད་པ་ལས། ལས་དང་སྐྱེ་བ་ཟད་པར་འགྱུར་ཞིང་སྡུག་བསྔལ་གྲོལ་བར་འགྱུར་རོ།། བག་ལ་ཉལ་ཟད་པར་བྱ་བའི་དོན་དུ་བག་ལ་ཉལ་ཟང ་འི་རྒྱུ་དབང་པོ་ལེ་སོགས་པ་བརྟན་པར་བྱའོ།། དབང་པོ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ་ཐབས་དཔེ་རིམ་པ་ནི་འདིའོ།། འདི་ལྟ་སྟེ།། དང་པོ་དང་ལྟ་བ་རྣམ་པར་དག་པར་བྱའོ།། བཅོམ་ལྡན་འདས་ཀྱིས། མོས་པ་ཅན། ་དེ་ལྟ་མོད་ཀྱི་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་དང་པོ་ཉིད་རྣམ་པར་དག་པར་བྱའོ།། ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་དང་པོ་གང་ཞེ་ན། འདི་ལྔ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་དྲང་བའོ། ་ས་ཇི་སྐད་དུ་གསུངས་པའོ།། དེ་བཞིན་དུ་རྟ་ལ་དཀྱུས་ས་སྟོན་པའི་རིགས་པས་རྣམ་པར་དག་པའི་ལྟོ་བ་དང་ཚུལ་ཁྲིམས་དང་ལྡན་པས་བདེན་པ་བཞིའི་ཉེ་བར་སྤྱོད་པར་གྱུར་བ།། བཟོད་པའི་རྣམ་པ་བཞི་བསྒོམ ་པར་བྱའོ།། ཡང་། དེ་ཕྱིར་བག་ཉལ་མེད་པ་ལས།། ལས་སྐྱེ་ཟད་པ་དོན་གཉེར་བས།། རྣམ་དག་ལྟ་བ་ཚུལ་ཁྲིམས་ནི།། བསྟེན་བྱ་དང་པོར་བཟོད་པའོ།། ཞེས་གསུངས་སོ།། དེས་ན་བཟོད་པ་དཔྱད་པའི ་དོན་དུ་བདེན་པ་ལ་འཇུག་པའི་སྒོ་བརྗོད་པར་བྱ་སྟེ། དེ་ལ་བདེན་པ་ནི་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ།། དེ་ལ་བདེན་པ་རྣམ་པར་བཞག ་པ་ནི་གཉིས་ཏེ། འདི་ལྟ་སྟེ། ཆོས་རྣམ་པར་བཞག་པ་དང་། མཚན་ཉིད་རྣམ་པར་བཞག་པའོ།། དེ་ལ་ཆོས་ཀྱི་དབང་གིས་ཐ་དད་དུ་ངེས་པར་འགྱུར་བ་དེ་ནི་ཆོས་རྣམ་པར་བཞག་པའོ།། གང་མཚན་ཉིད་ཅན་གྱི་རྣམ་པར་བཞག་པ་ངེས ་པ་དེ་ནི་མཚན་ཉིད་རྣམ་པར་བཞག་པའོ།། དེ་ལ་ཆོས་ཀྱི་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། སྲེད་པ་སྤངས་པའི་ཁམས་གསུམ་གྱི་ཟུག་པ་དང་བཅས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ།། ཁམས་གསུམ་གྱི་སྲེད་པ་ནི་སྡུག ་བསྔལ་ཀུན་འབྱུང་བའོ།། སྲེད་པ་དངོས་པོ་མེད་པ་ནི་སྡུག་བསྔལ་འགོག་པའོ།། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་མོ།། ཡང་། སྲེད་སྤངས་ཟག་བཅས་སྡུག་བསྔལ་ལོ།། དེའི་རྒྱུ་སྲེད་པ་ཅིག་པུ་སྟེ།། སྲེད་པ་ཟད་པ་འགོག ་པ་དང་།། ཡན་ལག་བརྒྱད་ནི་དེ་ཐོབ་ལམ།། འདི་ནི་ཆོས་སུ་རྣམ་བཞག་གོ།། མཚན་ཉིད་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ ་ལོ་ཞེས་རྣམ་པར་བཞག་གོ། སྡུག་བསྔལ་གྱི་དོན་ནི། མི་རྟག་པའི་དོན་ཉིད་དོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གཟུགས་ནི་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ།། དེ་བཞིན་དུ ་ཚུར་བ་ལ་སོགས་པའོ་ཞེས་གསུས་སོ།། སྦྱརྱ་ཡ་ད་མྱ་རླུདྷཱ་བྷེད་མི་རྟག་སྟེ།། བྷྱེ་དང་འགག་པ་མོམྦྷ་རྐུན་ནུ།། བྷྱོན་འགག་པར་འགྱུར་བ་ནས་སོ།། ནྡ་ད་ཟུག་པ་དང་བནྡྷསྭཱ་རྦྦ་ཪྵ ་འདུ་བྱེད་སྐྱེད་པར་བྱེད་པའི་ཕྱིར་ཀུན་འབྱུང་སྟེ། ཀུན་འབྱུང་གི་དོན་ནི་སྐྱེད་བྱེད་ཀྱི་དོན་ཏོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། གང་འདིར་རྒྱུ་ཉིད་དོ་ཞེས་སོ།། འདུ་བྱེད ་ཐམས་ཅད་འཇུག་པོ་མེད་ཅིང་སྐྱེ་བ་མེད་པ་ནི་འགོག་པའོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གང་དུ་མིང་དང་གཟུགས་མ་ལུས་པར་ཉེ་བར་འགགས་པ་ཉིད་དོ།། ཞེས་གསུངས་སོ།། ཐམས་ཅད་ཀྱང་ངེས་པར་འབྱུང་བའི ་ཆོས་མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་ལམ་མོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གང་སུ་དག་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སོ་ཞེས་གསུངས་སོ།། དེ་ལ་ངེས་པར་འབྱུང་བའི་ཆོས་ནི་འདི་ལྟ་སྟེ། བྱང་ཆུབ ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ།། འདི་ལྟ་སྟེ། དྲན་པ་ཉེར་བཞག་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཡན་ལག་བདུན་དང་། ་འཕགས་པའི་ལམ་ཡན་ལག་བརྒྱད་དོ།། མྱ་ངན་ལས་འདས་པར་བགྲོད་པའི་རང་བཞིན་ཡིན་པའི་ཕྱིར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ།། གཞན་ཡང་བདེན་པ་རྣམས་ཀྱི་མཚོན་ཉིད་རྣམ་པར་བཞག་པ་གཉིས ་ཏེ། འདི་ལྟ་སྟེ། སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་དོ།། དེ་ལ་སྤྱིའི་མཚན་ཉིད་ནི། ཐམས་ཅད་བདག་མེད་པ་ཉིད་དང་། མི་རྟག་པ་ཉིད་ལ་སོགས་པའོ།། གཉིས་པ་ནི། སྡུག་བསྔལ་མི་རྟག་པ་ཉིད་ད་། ཀུན་འབྱུང་ནི་རྒྱུ ་ཉིད་དང་། འགོག་པ་ནི་རྟག་པ་ཉིད་དང་། ལམ་ནི་ངེས་པར་འབྱིན་པར་བྱེད་པ་ཉིད་དོ་ཞེས་སོ།། ཡང་སོ་སོའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། དྲང་པོ་མ་ཡིན་པའི་མཚན་ཉིད་དང་། དྲང་པོའི་མཚན་ཉིད་དོ།། ་དེ་ལ་དྲང་པོ་མིན་པའི་མཚན་ཉིད་ནི། སྡུག་བསྔལ་ནི་ནང་དང་འབྲོས་དང་ཟུག་རྔུ་ལ་སོགས་པའོ།། ཀུན་འབྱུང་ནི་རྐྱེན་དང་རབ་ཏུ་སྐྱེ་བ་དང་ཁུངས་ཉིད་དོ།། འགོག་པ་ནི་གནས་ཉིད་དང་འདྲེན་པ་ཉིད་ལ་སོགས་པའོ།། ལམ་ནི ་སྒོ་དང་ཐེག་པ་དང་སྟེགས་དང་སྨན་ལ་སོགས་པར་རིག་པར་བྱའོ།། མཚན་ཉིད་དྲང་པོ་ནི། སྡུག་བསྔལ་ནི་མི་རྟག་པའོ།། ཀུན་འབྱུང་ནི་རྒྱུའོ།། འགོག་པ་ནི་རྟག་པའོ།། ལམ་ནི་ངེས་པར་འབྱིན་པར་བྱེད་པའོ།། གླང ་ལས་དེ་ལྟར་བདེན་པའི་རང་བཞིན་དངོས་སུ་བཟུང་བར་གྱུར་པ་ཡིན་ནོ།། དེ་ཉིད་ཀྱིས་ན་མཚན་ཉིད་དྲུང་པོས་བདེན་པ་མངོན་པར་རྟོགས་པའི་ཤེས་པས་རང་བཞིན་བཟུང་བ་གྱུར་པའོ།། ཁ་ཅིག་ན་རེ། འགོག་པ་ནི ་སྐྱེ་བ་མེད་པར་ཡང་དག་བལྟའོ་ཞེས་སེམས་སོ།། གང་ལས་ཐར་པ་འདོད་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར། སྡུག་བསྔལ་གྱིས་འཇིགས་པ་དང་། ཀུན་ནས་ཉོན་མོངས་པས་འཇིགས་པའོ།། དེ་ལ་དང་པོ ་ནི་སྡུག་བསྔལ་བདེན་པའི་གཉེན་པོ་འགོག་པ་ཞི་བར་འདུ་ཤེས་པར་གྱུར་པ་ཡིན་ནོ།། དེས་ན་དེས་འགོག་པ་དེ་རྟག་པ་ཉིད་དུ་ལྟ་བའོ།། གཉིས་པ་ནི་ཀུན་འབྱུང་བདེན་པའི་གཉེན་པོ་འགོག་པ ་ཞི་བར་ཤེས་ཅིང་། འགོག་པ་དེ་སྐྱེ་བ་མེད་པར་ལྟ་བའོ།། གང་ལས་མཚན་ཉིད་དྲང་པོ་འདིས་བདེན་པ་རྣམས་མངོན་དུ་རྟོགས་པ་ཡིན་ནོ།། དེ་ཉིད་ཀྱིས་ན་གྲོལ་བ་འདོད་པས་བཟོད་པ་དྲང་པོ་བསྒོམ་པར་བྱའོ།། ་གལ་ཏེ་ཆོས་རྣམ་པར་བཞག་པས་ཡིད་ལ་བྱེད་པ་རབ་ཏུ་སྦྱར་བྱས་བདེན་པ་མངོན་པར་རྟོགས་སམ། འོན་ཏེ་མཚན་ཉིད་རྣམ་པར་བཞག་པས་ཞེ་ན། བརྗོད་པར་བྱ་སྟེ། མཚན་ཉིད་རྣམ་པར་བཞག་པས་སོ།། ་གང་ཚེ་དེ་ལྟ་ན་ཆོས་རྣམ་པར་བཞག་པ་དེའི་ཚེ་ཅི་བྱ་ཞེ་ན། བརྗོད་པར་བྱ་སྟེ། གདུལ་བྱ་ན་རྣམ་པ་གཉིས་ཏེ། དབང་པོ་ཞན་པ་དག་པོ་རྣོན་པོའོ།། དེ་ལ་དབང་པོ་ཞེན་པ་རྣམས་མཚན་ཉིད་རྣམ་པར་བཞག་པ་མ་འདྲེས་པར་ཤེས ་པ་དང་མ་རྨོངས་པར་བྱ་བའི་དོན་དུ་ཆོས་རྣམ་པར་བཞག་པ་གསུངས་སོ།། ཆོས་རྣམ་པར་བཞག་པ་བཟུང་བས། བདེ་བར་མཚན་ཉིད་རྣམ་པར་བཞག་པ་འཛིན་པར་འགྱུར་རོ་ཞེས་ཤེས་པར་བྱའོ།། འདུ་བྱེད ་ཐམས་ཅད་སྡུག་བསྔལ་ལོ་ཞེས་གསུངས་པ་ལ་སྐྲག་པ་སྤང་བའི་ཡང་ཕྱིར་རོ།། བློ་གསལ་བ་ཡང་མཚན་ཉིད་རྣམ་པར་བཞག་པ་ལ་སྐྲག་པར་འགྱུར་ཏེ། འདུ་བྱེད་འདི་རྣམས་ཙམ་ཞིག་ཇི་ལྟར་ཡོངས་སུ་ཤེས ་པར་ནུས། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀུན་འབྱུང་ངོ་ཞེས་གསུངས་པ་ལ་བདག་གིས་འདུ་བྱེད་འདི་ཙམ་ཞིག་ཇི་ལྟར་སྤོངས་པར་འགྱུར་ཞེས་སོ།། དེས་ན་དབང་པོ་ཞན་པ་རྣམས་མ་རྨོངས་པར་བྱ་བའི་དོན་དང་མི་སྐྲག་པར་བྱ་བའི ་དོན་དུ་ཆོས་རྣམ་པར་གསུངས་སོ།། ཡང་ཆོས་རྣམས་བཞག་པ་དམན་པ་རྣམས། སྐྲག་པ་སྤང་བའི་དོན་དུ་བསྟན། ཞེས་གསུངས་སོ།། འོ་ན་རྣལ་འབྱོར་པས་བདེན་པའི་དོན་དུ་སྒྲོ་གང་ནས་འཇོག་པར་བྱ་ཞེ་ན། བརྗོད་དོ།། ་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པའི་སྒོ་ནི་བཞི་སྟེ། འདི་ལྟ་སྟེ། ཕུང་པོའི་སྒོ་དང་། སྐྱེ་མཆེད་ཀྱི་སྒོ་དང་། ཁམས་ཀྱི་སྒོ་དང་། མིང་དང་གཟུགས་ཀྱི་སྒོའོ།། སྒྲ་ནི་གཙོ་བོ་ཞེས་པའི་དོན་ཏོ།། ཁ་ཅིག་ནི་རྟེན ་ཅིང་འབྲེལ་པར་འབྱུང་བའི་སྒོ་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས་འཇུག་གོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ཉིད་ནས་འཇུག་པའོ།། སྤུངས་པའི་དོན་གྱིས་ཕུང་པོ ་ཏེ། འབྲས་ཕུང་བཞིན་ནོ།། འབྱུང་གནས་ཀྱི་དོན་གྱིས་སྐྱེ་མཆེད་ཏེ། གསེར་གྱི་འབྱུང་ཁུངས་བཞིན་ནོ།། སྐྱེ་མཆེད་ནི་སྒོའི་དོན་ཏེ་གཟོའི་གནས་ཁང་བཞིན་ནོ།། ཁམས་ཀྱི་དོན་ནི་རང་བཞིན་གྱི་དོན་ཏོ།། ས་ལྱ ་སོགས་པའི་ཁམས་བཞིན་ནོ།། རང་བཞིན་ཞེས་པ་ནི་རང་གི་ངོ་བོ་སྟེ། དེ་ཉིད་ཀྱིས་རྣམ་པར་ཉམས་པར་བྱེད་པས་འདི་ནི་ཁམས་སོ།། མྱོང་བར་བྱ་བའི་དངོས་པོ་དེ་ལས་འདུད་པ་འམ། སེམས་ཅན་ལ་འདད་པས་མིང་ངོ་།། ་གཟུགས་ནི་གཟུགས་པར་བྱ་བས་ན་འདི་ནི་གཟུགས་སོ།། གང་གིས་གཟུགས་པར་བྱ་ཞེ་ན། དབྱུག་པ་རེག་པས་རེག་པ་ལ་སོགས་པ་ཐམས་ཅད་རྣམ་པར་བྱ་བ་ཡིན་པས་ཞེས་པའི་དོན་ཏོ།། མིང་ཞེས་པ་དང་གཟུགས ་ཞེས་པ་ནི་མིང་དང་གཟུགས་སོ།། འོ་ན་གཟུགས་ལ་སོགས་པ་དེ་རྣམས་ཆོས་དུ་ཡིན་ཞེ་ན། བརྗོད་དེ། དབང་པོ་ལྔ་དང་ཡུལ་ལྔ་ནི་གཟུགས་ཀྱི་ཕུང་པོའོ།། བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་མིན་བདེ་བ་མིན་པའི་ཚོར་བ་ནི ་ཚོར་བའི་ཕུང་པོའོ།། ཁྱད་པར་གྱི་རྣམ་པ་རྣམས་སོ་སོར་འཛིན་པའི་བདག་ཉིད་ཅན་ཆོས་ནི་འདུ་ཤེས་ཀྱི་ཕུང་པོའོ།། སེམས་པ་ལ་སོགས་པའི་ཆོས་ནི་འདུ་བྱེད་ཀྱི་ཕུང་པོའོ།། མིག་གི་རྣམ་ཤེས་ལ་སོགས་པ་ནི་རྣམ་པར་ཤེས ་པའི་ཕུང་པོའོ།། འདི་ནི་ཕུང་པོ་ལྔའོ།། དབང་པོ་དྲུག་དང་ཡུལ་དྲུག་ནི་སྐྱེ་མཆེད་བཅུ་གཉིས་སོ།། དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་ནི་ཁ་མོས་བཅོ་བརྒྱད་དོ།། མིང་དང་གཟུགས་ཞེས་པ་མིང་ནི་ཆོས་བསྡུ་བ་པར ་མ་ལས་ཆོས་བརྒྱ་དང་བདུན་ཅུ་རྩེ་བརྒྱད་དུ་གསུངས་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་སྟེ། གཞུང་མང་བར་འགྱུར་བའི་འཇིགས་པས་བདག་གིས་མ་དྲིས་སོ།། གཟུགས་ནི་གང་ཅུང་ཟད་བསྟན ་དུ་ཡོད་པ་དང་། བསྟན་དུ་མེད་པའོ།། དེ་ལ་འདོད་ཆགས་ལ་སྤྱོད་པ་པལ་ཆེར་ནི་སྡུག་བསྔལ་གྱི་འཇིགས་པ་ཉིད་ཡིན་པས་ཕུང་པོའི་སྒོ་ནས་འཇུག་པའོ།། ཞེ་སྡང་ལ་སྤྱོད་པ་ཕལ་ཆེར་ནི་ཀུན་ནས་ཉོན་མོངས་པས་འཇིགས ་པ་ཉིད་པས་སྐྱེ་མཆེད་ཀྱི་སྒོ་ནས་འཇུག་པའོ།། དེས་ན་དེས་ཐོག་མར་ཀུན་ནས་ཉོན་མོངས་པར་གྱུར་པའི་སྐྱེ་མཆེད་ཀྱི་སྒོ་ནས་བཟོད་པ་བསྒོམ་པར་བྱའོ།། ཆ་མ་ཉམས་པ་ལ་སྤྱོད་པ་ཕལ་ཆེར་ནི་སྡུག་བསྔལ་དང་ཀུན་ནས་ཉོན་མོངས་པ ་ངག་གིས་འཇིགས་པས་ཁམས་ཀྱིས་སྒོམ་ནས་འཇུག་པའོ།། དེའི་ཕྱིར་དེས་ན་ཐོག་མར་སྡུག་བསྔལ་དང་ཀུན་ནས་ཉོན་མོངས་པར་གྱུར་པ་ཁམས་ཀྱི་སྒོ་ནས་བཟོད་པ་པོ་བསྒོམ་པར་བྱའོ།། གཏི་མུག་ལ་སྤྱོད་པས་མིང་དང ་གཟུགས་ཀྱི་སྒོ་ནས་དང་པོར་བཟོད་པ་བསྒོམ་པར་བྱའོ།། གཏི་མུག་ལ་སྤྱོད་པ་ནིའང་རྨོངས་པ་ཤས་ཆེ་བས་སེམས་པ་བྱ་ཆུང་བ་དང་དབང་པོ་ཞན་པར་འགྱུར་བའོ།། དེ་ནི་མིང་དང་གཟུགས་ཙམ་ཉིད་ཤེས་པ་དང་སྤོང་བ་དང་། མི ་དང་བ་དང་མི་རྨོངས་པར་འགྱུར་བའོ།། སེམས་པ་དང་དབང་པོ་རྒྱ་ཆེ་བ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ནི། མཆོག་ཏུ་ཟབ་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ནས་འཇུག་ཅིང་བཟོད་པ་སྤྱད་པ་བསྒོམ་པའོ།། དེ་ལ་ཕུང ་པོའི་སྒོ་ནས་བཟོད་པ་སྒོམ་པའི་རྣ་ལ་འབྱོར་པས། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པའི་བདེན་པ་ལ་སོ་སོར་སུམ་ཅུ་རྩ་གཅིག་སྦྱར་བར་བྱའོ།། ཇི་ལྟར་སྦྱར་ཞེ་ན་བརྗོད་དེ། རྣམ་པ་གཉིས་ཀྱིས་བཟོད་པ་བསྒོམ ་པར་བྱའོ།། འདི་ལྟ་སྟེ། རྒྱས་པ་དང་། བསྡུས་པའོ།། དེ་ལ་སོ་སོ་ནི་དང་པོ་ཉིད་དུ་རེ་ཞིག་རྣལ་འབྱོར་པས། སྐྱེ་བ་དང་འགག་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། རྒྱུའི་སྟོབས་ཀྱིས་རྣམ་པར་གནས་པའི་ཕྱིར་དང་། ་མ་བྱུང་བ་སྐྱེས་པས་དང་། བྱུང་བ་རྣམ་པར་ཉམས་པས་དང་། རྡུལ་ཕྲན་བསགས་པ་ཡིན་པས་དང་། ཡན་ལག་དུ་མ་བསྡུས་པ་དང་། སྐྱེ་བ་གནས་པ་མི་རྟག་པའི་རྗེས་སུ་བགྲོད་པའི་ཕྱིར་གཟུགས་ནི་མི་རྟག་པའོ།། ་ཞེས་ངེས་པས་བསམ་པར་བྱའོ།། ཚོར་བ་ཡང་མ་བྱུང་བ་སྐྱེ་བས་དང་། གསུམ་ཉིད་ཉེ་བར་དམིགས་པས་དང་། གཅིག་ཉམས་སུ་མྱོང་བས་དང་། གཟུགསོ་ལ་སོགས་པ་ཐ་དད་པས་ཐ་དད་པ་དང་། སྤྱོད་ཡུལ་དམིགས་པའི་རྣམ ་པར་རྟོག་པའི་དབང་གིས་སྐྱོ་བས་དང་འགག་པའི་ཆོས་ཅོན་ཉིད་ཀྱི་ཕྱིར་མི་རྟག་པའོ།། ཞེས་སྤྱད་པར་བྱའོ།། འདུ་ཤེས་ནི་ཉེ་བར་མཚོན་པ་དཀའ་བས་ཚོར་བའི་རྒྱུ་བའི་དམིགས་པའི་རྣམ་པས་ཁྱད་པར་འཛིན་པ་ནི་ཉེ་བར་མཚོན ་པའི་ཕྱིར་དང་། ཚོར་བ་དང་གྲུབ་པ་དེ་གཅིག་པ་ཉིད་ཀྱིས་སོ།། ཚོར་བ་སྐྱེ་བ་དང་འཇིག་པའི་རྗེས་སུ་འབྲེལ་པའི་ཕྱིར་མི་རྟག་པའོ་ཞེས་བསྒོམ་པར་བྱའོ།། དེས་ན་འདུ་བྱེད་ནི་སེམས་ཀྱི་འདུ་བྱེད་སོ་སོར་འབྲལ་པས། སེམས ་ཀྱི་འདུ་བྱེད་སྐྱེ་བ་དང་ཉམས་པའི་རྗེས་སུ་འབྲེལ་པས་དང་། སེམས་ཀྱི་འདུ་བྱེད་ནི་ཚོར་བ་དང་འདུ་ཤེས་སོ།། ལྐོག་མ་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ནི་དེ་དག་དང་སོ་སོར་འབྲེལ་པའི་ཕྱིར། ཚོར་བ་དང་འདུ་ཤེས ་བཞིན་དུ་མི་རྟོག་པའོ།། ཞེས་བདེ་བར་དཔྱད་པར་བྱའོ།། དེས་ན་རྣམ་པར་ཤེས་པ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཀྱི་སྔོན་དུ་ཡིད་འགྲོ་བས་གང་ལས་ཡིད་གྱུར་པ་དེ་ལས་དེ་རྣམས་སོ།། རྣམ་པར་ཤེས་པ་རྟག ་པ་ན་མི་རྟག་པའི་ཚོར་བ་ལ་སོགས་པ་མི་འཚོག་པ་ཉིད་དོ།། དེས་ན་རྣམ་པར་ཤེས་པ་དེ་ཡང་ཚོར་བ་ལ་སོགས་པ་བཞིན་དུ་མི་རྟག་པའོ་ཞེས་མི་རྩོན་པར་སྐྱེའོ།། ཕྱིས་ནི་རྣམ་པར་ཤེས་པ་མི་རྟག་པའོ་ཞེས་བསམ་པར་བྱའོ།། དེ ་ལྟར་དེ་རྣམས་ལ་རེ་རེ་ནས་མི་རྟག་པ་ཉིད་དོ་ཞེས་དགའ་བ་བྱུང་བ་ན། ཡང་གཉིས་གཉིས་མི་རྟག་པ་ཉིད་དོ་ཞེས་ཀྱང་སྒོམ་པར་བྱེད་དོ།། འདི་ལྟ་སྟེ། གཟུགས་ནི་ཚོར་བ་དང་། གཟུགས་ནི་འདུ་ཤེས་དང་། གཟུགས་ནི་འདུ་བྱེད ་དང་། གཟུགས་ནི་རྣམ་པར་ཤེས་པ་དང་། ཚོར་བ་ནི་འདུ་ཤེས་དང་། ཚོར་བ་ནི་འདུ་བྱེད་དང་། ཚོར་བ་ནི་རྣམ་པར་ཤེས་པ་དང་། འདུ་ཤེས་ནི་འདུ་བྱེད་དང་། འདུ་ཤེས་ནི་རྣམ་པར་ཤེས་པ་དང་། འདུ་བྱེད་ནི་རྣམ་པར་ཤེས་པ ་དང་མི་རྟག་པ་ཉིད་དོ།། ཞེས་བསམ་མོ།། ཡང་གསུམ་གསུམ་མི་རྟག་པར་བསམ་མྱོ་འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་དང་། གཟུགས་ཚོར་བ་འདུ་བྱེད་དང་། གཟུགས་ཚོར་བ་རྣམ་ཤེས་དང་། གཟུགས་འདུ་ཤེས་འདུ་བྱེད ་དང་། གཟུགས་འདུ་ཤེས་རྣམ་ཤེས་དང་། གཟུགས་འདུ་བྱེད་རྣམ་ཤེས་དང་། ཚོར་བ་འདུ་ཤེས་འདུ་བྱེད་དང་།། ཚོར་བ་འདུ་ཤེས་རྣམ་ཤེས་དང་། ཚོར་བ་འདུ་བྱེད་རྣམ་ཤེས་དང་། འདུ་ཤེས་འདུ་བྱེད་རྣམ་ཤེས་སོ།། ཡང ་བཞི་བཞི་མི་རྟག་པ་ཉིད་དུ་བསམ་མོ་འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་དང་། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་དང་། གཟུགས་ཚོར་བ་འདུ་བྱེད་རྣམ་ཤེས་དང་། གཟུགས་འདུ་ཤེས་འདུ་བྱེད་རྣམ་ཤེས ་དང་། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་སོ།། ཡང་ལཱ་ནི་མི་རྟག་པ་ཉིད་དུ་བསམ་མོ།། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་རྣམས་མི་རྟག་པ་ཉིད་དུ་བསྐམ་པར་བྱའོ།། དེ་ལྟར་རྣལ་འབྱོར་པ་དེ་མི་དང ་བའི་དོན་ལ་དགའ་བ་སྐྱེ་བར་འགྱུར་བ་ན། སོ་སོར་ཐམས་ཅད་ལ་ཡང་བཟོད་པ་ཞེས་བརྗོད་དོ།། གང་གི་ཚེ་ཕུང་པོ་ལྔ་ཆར་ཡང་དེ་རྣམས་བསྡུས་ཏེ་མི་རྟག་པའོ་ཞེས་དགའ་བ་འབྱུང་བ་དེའི་ཚེ་སྤྱི་ནས་སྡུག་བསྔལ་གྱི་བདེན་པ་ལ་དམིགས ་པའི་བཟོད་པར་བྱའོ།། སོ་སོ་བཟོད་པ་ནས་སྤྱིའི་བཟོད་པར་འཕོ་བ་ན་བཅོས་པའི་འགྲོན་བུ་དང་རྐུ་བ་ཁན་ཏེ་དང་སྲིན་བུའི་བུག་པ་དང་རྐན་ནག་པོའི་དཔེ་བརྗོད་པར་བྱའོ།། དེ་ལྟར་སྡུག་བསྔལ་ནི་མི་རྟག་པར་ངེས་པ་ན། ཕྱིས་སྡུག ་བསྔལ་འདི་གང་ལས་འབྱུང་ཞེས་རྣམ་པར་དཔྱད་པར་བྱའོ།། དེ་ཉིད་ཀྱིས་ན་ཕུང་པོ་ལྔ་ལས་སྡུག་བསྔལ་འབྱུང་བའོ།། ཞེས་ངེས་པ་རྙེད་ནས། ཀུན་འབྱུང་ལ་སོ་སོ་དང་སྤྱི་ནས་བཟོད་པ་སྒོམ་པར་བྱའོ།། འདི་ལ་ཡང་སུམ་ཅུ་རྩ ་ཅིག་སྦྱར་བར་བྱའོ།། དང་པོ་རེ་ཞིག་གཟུགས་ནི་སྡུག་བསྔལ་གྱི་རྒྱུའོ་ཞེས་བསམ་པར་བྱའོ།། གང་ལས་འབྱུང་བ་ཆེན་པོའི་རྡུལ་ཕྲན་རྣམས་ནི་ཕན་ཚུན་རྒྱུ་ཉིད་དོ།། དེ་བཞིན་དུ་ནང་གི་སྐྱེ་བ་ལ་སོགས་པའི་བདུན་གྱི་རྒྱུའོ།། ་འདི་ལྟ་སྟེ། གཟུགས་ནི་སྐྱེ་བ་དང་། གནས་པ་དང་མི་རྟག་པ་དང་ཡང་དག་པར་འཚོགས་པ་དང་། རྒ་བ་དང་ལོག་པའི་རྣམ་གྲོལ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣམས་ཀྱི་རྒྱུའོ།། ལོག་པའི་རྣམ་གྲོལ་དང་ངེས་པར་འབྱིན་པ ་མ་ཡིན་པ་སྤངས་ཏེ། གཞན་ལྔ་པོ་རྣམས་ཉིད་ཀྱི་རྣམ་པར་སྨིན་པས་མཚུངས་པར་ལྡན་པའི་ཚུལ་ཁྲིམས་རྣམས་ཀྱིའོ།། ཚོར་བ་ལ་སོགས་པ་ཡང་གང་གང་གི་རྒྱུ་ཡིན་པའི་ཆོས་དེ་ཅི་རིགས་པར་རྟོགས་པར་བྱའོ།། འདི་ལྟ་སྟེ། ཚོར་བ ་སྡུག་བསྔལ་གྱི་རྒྱུའོ།། འདུ་ཤེས་སྡུག་བསྔལ་གྱི་རྒྱུའོ།། འདུ་བྱེད་སྡུག་བསྔལ་གྱི་རྒྱུའོ།། རྣམ་པར་ཤེས་པ་སྡུག་བསྔལ་གྱི་རྒྱུའོ།། དེ་བཞིན་དུ་ལྔ་པོ་རྣམས་རེ་རེ་ནས་རྒྱུ་ཉིད་དུ་དགའ་བར་གྱུར་པ་ན། ཡང་གཉིས་གཉིས་ཀྱང་རྒྱུ ་ཉིད་དུ་དཔྱིད་པར་བྱའོ།། འདི་ལྟ་སྟེ། གཟུགས་ཚོར་བ་ནི་མི་རྟག་པའི་རྒྱུའོ།། དེ་བཞིན་དུ་གཟུགས་འདུ་ཤེས་དང་། གཟུགས་འདུ་བྱེད་དང་། གཟུགས་རྣམ་ཤེས་དང་། ཚོར་བ་འདུ་ཤེས་དང་། ཚོར་བ་འདུ་བྱེད་དང་། ཚོར་བ ་རྣམ་ཤེས་དང་། འདུ་ཤེས་འདུ་བྱེད་དང་། འདུ་ཤེས་རྣམ་ཤེས་དང་། འདུ་བྱེད་རྣམ་ཤེས་དང་། རྒྱུ་ཡིན་ནོ་བསམ་པར་བྱའོ།། གཞན་ཡང་གསུམ་གསུམ་ཡང་ངོ་།། འདི་ལྟ་སྟེ། ཚོར་བ་འདུ་ཤེས་དང་། གཟུགས་ཚོར་བ་འདུ ་བྱེད་དང་། གཟུགས་ཚོར་བ་རྣམ་ཤེས་དང་། གཟུགས་འདུ་ཤེས་འདུ་བྱེད་དང་། གཟུགས་འདུ་ཤེས་རྣམ་ཤེས་དང་། གཟུགས་འདུ་བྱེད་རྣམ་ཤེས་དང་། ཚོར་བ་འདུ་ཤེས་འདུ་བྱེད་དང་། ཚོར་བ་འདུ་ཤེས་རྣམ་ཤེས་དག ་ཚོར་བ་འདུ་བྱེད་རྣམ་ཤེས་དང་། འདུ་ཤེས་འདུ་བྱེད་རྣམ་ཤེས་དང་། ཡང་བཞི་བཞི་ཡང་ངོ་།། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་དང་། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་དང་། གཟུགས་ཚོར་བ ་འདུ་བྱེད་རྣམ་ཤོས་དང་། གཟུགས་འདུ་ཤེས་འདྲ་བྱེད་རྣམ་གྲོས་དང་། ཚོར་བ་འདུ་ཤེས་འདུ་བྱེང་རྣམ་ཤེས་དང་། རྒྱུ་ཉིད་དུ་བསམ་མོ།། དེ་བཞིན་དུ་དེ་ལ་རྒྱུའི་དོན་དུ་སྲེད་པ་སྐྱེ་བར་འགྱུར་བ་ན། སོ་སོ་བཟོད་པ་ཞེས ་བརྗོད་དོ།། གླང་གི་ཚེ་ཕུང་པོ་ལྔ་ཆར་ཡང་བསྡུས་ཏེ་སྡུག་བསྔལ་གྱི་རྒྱུའོ།། ཞེས་སྲེད་པ་དེའི་ཚེ་ཀུན་འབྱུང་བདེན་པ་ལ་དམིགས་པའི་སྤྱི་ནས་བཟོད་པར་རིག་པར་བྱའོ།། དེའི་རྗེས་སུ་གཟུགས་ཀྱི་ཕུང་པོའི་མི་འཇུག་པ་དང་། གཟུགས ་ཀྱི་ཕུང་པོའི་མི་སྐྱེ་བ་དང་། གཟུགས་ཀྱི་ཕུང་པོའི་འགོག་པ་ནི་མྱ་ངན་ལས་འདས་པ་རྟག་པ་ཉིད་དུ་བསམ་མོ།། དེ་ཁོ་ན་བཞིན་དུ་ཚོར་བའི་འགོག་པ་དང་། འདུ་ཤེས་ཀྱི་འགོག་པ་དང་། འདུ་བྱེད་ཀྱི་འགོག་པ་དང་། རྣམ་པར ་ཤེས་པའི་འགོག་པ་དང་། ཡང་གཉིས་གཉིས་ཏེ། འདི་ལྟ་སྟེ། གཟུགས་ཚོར་བའི་འགོག་པ་དང་། གཟུགས་འདུ་ཤེས་འགོག་པ་དང་། གཟུགས་འདུ་བྱེད་འགོག་པ་དང་། གཟུགས་རྣམ་ཤེས་འགོག་པ་དང་། ཚོར ་བ་འདུ་ཤེས་ཀྱི་འགོག་པ་དང་། ཚོར་བ་འདུ་བྱེད་ཀྱི་ཕུང་པོའི་འགོག་པ་དང་། ཚོར་བ་རྣམ་ཤེས་འགོག་པ་དང་། འདུ་ཤེས་འདུ་བྱེད་ཕུང་པོའི་འགོག་པ་དང་། འདུ་ཤེས་རྣམ་ཤེས་ངག་གི་འགོག་པ་དང་། འདུ་བྱེད ་རྣམ་ཤེས་ཀྱི་འགོག་པ་རྟག་པ་ཞེས་བསམ་མོ།། ཡང་གསུམ་གསུམ་ཡང་ངོ་།། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འགོག་པ་དང་། གཟུགས་ཚོར་བ་འདུ་བྱེད་འགོག་པ་དང་། གཟུགས་ཚོར་བ ་རྣམ་ཤེས་འགོག་པ་དང་། གཟུགས་འདུ་ཤེས་འདུ་བྱེད་འགོག་པ་དང་། གཟུགས་འདུ་ཤེས་རྣམ་ཤེས་འགོག་པ་དང་། གཟུགས་འདུ་བྱེད་རྣམ་ཤེས་འགོག་པ་དང་། ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་དང་། ཚོར་བ་འདུ་ཤེས ་རྣམ་ཤེས་འགོག་པ་དང་། ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་དང་། འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་དང་། ཡང་བཞི་བཞི་སྟེ། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་འགྲོག་པ་དང་། གཟུགས་ཚེར ་པ་འདུ་ཤེས་རྣམ་ཤེས་འགོག་པ་དང་།། གཟུ་ཚོར་བ་འདུ་བྱེད་ནས་ཤེས་འགོག་པ་དང་། གཟུཊ་འདུ་ཤེས་འདུ་བྱེད་རྣམ་ན་འགོག་པ་དང་། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་དང་། མྱ་ངན་ལས་འདས་པ་མི་རྟོག་པ་ཞེས་པསམ་མོ།། དེ་རྣམས ་ཀྱི་འགོག་པ་རྟག་པ་ཞེས་སྲེད་པ་སྐྱེ་བར་གྱུར་པ་ན། སོ་སོར་ཐམས་ཅད་ལ་ཡང་བཟོད་པ་ཞེས་བརྗོད་དོ།། གང་གི་ཚེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡང་འགོག་པ་འདི་ནི་མི་ཏགས་པ་ཞེས་སྲེད་པ་བྱུང་བ་དེའི་ཚེ ་བསྡོམ་པའི་འགོག་པའི་བདེན་པ་དམིགས་པའི་བཟོད་པ་ཞེས་བརྗོད་དོ།། ལམྦ་ལ་བཅོ་ལྔ་སྦྱར་བར་བྱའོ།། ལམ་ནི་ཕུང་པོ་བཞིའི་ངོ་བོ་ཏེ། གང་ལས་གཟུགས་ནི་ངེས་པར་འབྱིན་པ་མ་ཡིན་ཞིང་ཟག་པ་མེད་པ་ཡང་མ་ཡིན་ནོ།། ་དེས་ན་ལམ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞིས་བཅོ་ལྔར་འགྱུར་རོ།། འདི་ལྟ་སྟེ། ཚོར་བ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ།། དེ་བཞིན་དུ་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས ་པ་དང་། དེ་ལྟར་རེ་རེ་ནས་ལམ་ཉིད་དུ་མེད་པ་འབྱུང་བ་ན་ཡང་གཉིས་གཉིས་ཡང་ངོ་།། འདི་ལྟ་སྟེ། ཚོར་བ་འདུ་ཤེས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བསམ་མོ།། དེ་བཞིན་དུ་ཚོར་བ་འདུ་བྱེད་དང་། ་ཚོར་བ་རྣམ་ཤེས་དང་། འདུ་ཤེས་འདུ་བྱེད་དང་། འདུ་ཤེས་རྣམ་ཤེས་དང་། འདུ་བྱེད་རྣམ་ཤེས་དང་། ཡང་གསུམ་གསུམ་ཡང་སྟེ། འདི་ལྟ་སྟེ། ཚོར་བ་འདུ་ཤེས་འདུ་བྱེད་དང་། ཚོར་བ་འདུ་ཤེས་རྣམ་ཤེས་དང་། ཆོར་འདུ ་དུ་བྲེ་འདུ་བྱེང་ནམ་ཤེས་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ།། དེ་བཞིན་དུ་དུ་ལ་སྲེད་པ་འབྱུང་བ་ནི།། ལམ་གྱི་བདེན་པ་ཐམས་ཅད་ལ་ཡང་དམིགས་པ་སོ་སོར་བརྗོད་པ་ཞེས་བརྗོད་དོ།། གང་གི་ཚེ་ཚོར ་པབ་ལ་སོགས་པའི་ཕུང་པོ་བཞི་ཆར་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་སྲེད་པ་དེའི་ཚེ་ལམ་གྱི་བདེན་པ་དམིགས་པ་བསྡོམས་པའི་བཟོད་པ་ཞེས་བརྗོད་དོ།། གང་གི་ཚེ་གཟུགས་འགོག་པར་འགྲོ་བ་ངེས་པར ་འབྱིན་པའི་ལམ་མོ་ཞེས་འདོད་ན། ཚོར་བ་འགོག་པར་འགྲོ་བའོ།། འདུ་ཤེས་འགོག་པ་འགྲོ་བྱའོ།། འདུ་བྱེད་འགོག་པ་འགྲོ་བའོ།། རྣམ་ཤེས་འགོག་པ་འགྲོ་བའི་ལམ་མོ་ཞེས་བསམ་མོ།། དེ་བཞིན་དུ་རེ་རེ་ནས་སྡུག་བསྔལ ་འགོག་པ་བགྲོད་པའི་ལམ་ཉིད་དུ་སེང་ནས། ཡང་གཉིས་གཉིས་སོ།། འདི་ལྟ་སྟེ། གཟུགས་ཚོར་བ་སྡུག་བསྔལ་འགོག་པ་འགྲོ་བའི་ལམ་མོ་ཞེས་བསམ་མོ།། གཟུགས་འདུ་ཤེས་འགོག་པ་འགྲོ་བའོ།། གཟུགས་འདུ ་བྱེད་འགོག་པ་འགྲོ་བའོ།། གཟུགས་རྣམ་ཤེས་འགོག་པ་བགྲོད་པའོ།། ཚོར་བ་འདུ་ཤེས་འགོག་པ་བགྲོད་པའོ།། ཚོར་བ་འདུ་བྱེད་འགོག་པ་བགྲོད་པའོ།། ཚོར་བ་རྣམ་ཤེས་འགོག་པ་བགྲོད་པའོ།། འདུ་ཤེས་འདུ་བྱེད་འགོག་པ ་བགྲོད་པའོ།། འདུ་ཤེས་རྣམ་ཤེས་འགོག་པར་བགྲོད་པའོ།། འདུ་བྱེད་རྣམ་ཤེས་འགོག་པ་བགྲོང་བའི་ལམ་མོ་ཞེས་བསམ་མོ།། ཡང་གསུམ་སྟེ། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འགོག་པ་བགྲོད་པའི་ལམ་མོ་ཞེས ་བསམ་མོ།། གཟུགས་ཚོར་བ་འདུ་བྱེད་འགོག་པ་བགྲོད་པའོ།། གཟུགས་ཚོར་བ་རྣམ་ཤེས་འགོག་པ་བགྲོད་པའོ།། གཟུགས་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའོ།། གཟུགས་འདུ་ཤེས་རྣམ་ཤེས་འགོག་པ་བགྲོད་པའོ།། ། ་གཟུགས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ།། ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའོ།། ཚོར་བ་འདུ་ཤེས་རྣམ་ཤེས་འགོག་པ་བགྲོད་པའོ།། ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ།། འདུ ་ཤྲཱིས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ལམ་མོ་ཞེས་བསམ་མོ།། ཡང་བཞི་བཞི་སྟེ། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའི་ལམ་མོ་ཞེས་བསམ་མོ།། གཟུགས་ཚོར་བ་འདུ ་ཤེས་རྣམ་ཤེས་འགོག་པ་བགྲོད་པའི་ལམ་དང་།། གཟུགས་ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ལམ་མོ།། གཟུགས་འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ།། ཚོར་བ་འདུ་ཤེས་འདུ་བྱེད ་རྣམ་ཤེས་འགོག་པ་བགྲོད་པའི་ལམ་ངེས་པར་འབྱིན་པའོ།། ཞེས་བསམ་མོ།། དེ་བཞིན་དུ་རྣལ་འབྱོར་པ་ངེས་པར་འབྱིན་པའི་དོན་ལ་སྲེད་པ་སྐྱེ་བ་དེའི་ཚེ་ལམ་གྱི་བདེན་པ་དམིགས་པ་སོ་སོར་བཟོད་པ་ཞེས ་བརྗོད་དོ།། གང་གི་ཚེ་བསྡུས་ནས་ཕུང་པོ་ལ་འགོག་པ་བགྲོད་པའི་ལོམ་ངེས་པར་འབྱིན་པ་ཞེས་སྲིད་པ་འབྱུང་བ་དེའི་ཚེ་ལམ་གྱི་བདེན་པ་དམིགས་པ་བསྡུས་པའི་བཟོད་པ་པར་འགྱུར་བ་ཡིན་ནོ་ཞེས་པ་ནི་སུམ་ཅུ་རྩ་གཅིག ་སྦྱར་བའོ།། འདིར་གྲོལ་བ་འདོད་པས་བཟོད་པ་རྣམ་པ་བཞི་རྣམས་འདི་ནི་རྣམ་པའི་དབྱེ་བ་གཉིས་ཀྱིས་བསྒོམ་པར་བྱའོ།། འདི་ལྟ་སྟེ། ཆོས་ཤེས་པའི་རྣམ་པ་དང་། རྗེས་སུ་ཤེས་པའི་རྣམ་པའོ།། དེ་ལ་འདོད་པས ་བསྡུས་པའི་གཟུགས་མི་རྟག་ཞེས་པ་ནི་ཆོས་ཤེས་པའི་རྣམ་པའོ།། གཟུགས་ན་སྤྱོད་པའི་གཟུགས་མི་རྟག་ཞེས་པོ་ནི་རྗེས་སུ་ཤི་པའི་རྣམ་པའོ།། དེ་བཞིན་དུ་ཕུང་པོ་ལྷག་མ་ལ་སོ་སོ་དང་སྤྱི་ནས་སྔོན་བཞིན་དུ་སྦྱར ་བབར་བྱའོ།། དེ་བཞིན་དུ་ཀུན་འབྱུང་ལ་སཊ་པ་ལ་ཅི་རིགས་པར་སྔོན་བཞིན་དུ་སྦྱ་བ་རྒྱམ་པའི་དོན་དུ་བཟོད་པ་རྣམ་པ་གཉིས་ཨཱིཾ་པ་བྱ་ན་ག་ལས་བསྡུས་ནས་དཱཀྲིས་པ་རྣམ་པ་གཉིས་ཀྱིས་བདེན་པ་མངོན་པར་རྟོགས་པའོ།། དེས་ན་བདེན་པ་རྣམས་ཀྱིས་རྗེས་མཐུན་པར་བྱ ་བའི་དོན་དུ་བཟོད་པ་རྣམ་པ་གཉིས་ཀྱང་སྒོམ་པར་བྱའོ།། འོ་ན་བསྡུས་ནས་བཟོད་པ་བསྒོམ་པའི་རྟགས་ཅི་ཞེ་ན། བརྗོད་དེ། བཟོད་པ་རྣམ་པ་བཞི་སྒོམ་པའི་རྟགས་དེ་ནི། འདི་ལྟ་སྟེ། ཕུང་པོ་ནི་མི་རྟག་པའོ་ཞེས ་སྲེད་པ་དང་། ཕུང་པོ་ནི་སྡུག་བསྔལ་གྱི་རྒྱུའོ་ཞེས་སྲེང་པ་དང་། སྡུག་བསྔལ་འགོག་བྱ་ནི་རྟག་པའོ་ཞེས་སྲེད་པ་དང་། སྡུག་བསྔལ་འགོག་པ་བགྲོད་པའི་ལམ་ནི་མི་ངེས་པར་འབྱིན་པའོ་ཞེས་སྲེད་པའོ།། ཡང་། དེ་ལྟར་གོམས་པའི་རྣལ་འབྱོར་པ།། ་བཟོད་པའི་སྤྱད་པ་ལེགས་གོམས་པས།། ཀུན་ནས་སྐྱོ་བ་དང་བརྩོན་པ་དང་།། འཁོར་ལོ་བཞི་དང་ཡང་དག་ལྡན།། དུས་གསུམ་ལ་ནི་མཁས་པ་དང་།། སྒྲིབ་པ་ཐམས་ཅད་ནི་གྲོལ་ཞིང་།། བདག་གི་ཚོགས་རྣམས་བསོགས་པ་དང་།། རྟོག་ཏུ ་དམ་པར་བྱེད་ལྡན་དང་། མཆོག་ཏུ་ངེས་པར་འབྱུང་འདོད་པའི།། གསལ་བའི་བཟོད་པ་སྐྱེ་བར་འགྱུར།། འདུས་བྱས་ཐམས་ཅད་མི་རྟག་ཞེས།། སྡུག་བསྔལ་རྣམ་པར་གཞིལ་བ་ཡི།། བདེན་པ་མངོན་རྟོགས་མངོན་དུ་བྱེད།། ཞེས་གསུངས། ་སྤྱོ།། དེ་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། བཟོད་པའི་དཔྱད་པ་ལེགས་གོམས་པས།། ཞེས་པ་ནི། གང་གིས་བཟོད་པའི་དོན་དུ་ཤིན་ཏུ་གོམས་པར་གྱུར་པ་དེ་ལ། ཀུན་ཏུ་སྐྱོ་བ་ཞེས་པ་ནི། གང་ལ་ཡང་དག་པར་སྐྱོ་བ་ཡོད་པ་སྟེ། མགོའི ་ཟོཐོད་ལ་མི་འབར་བ་བཞིན་ནོ།། བརྩོན་པ་ནི་ཁུར་མོ་བོར་བའོ།། འཁོར་ལོ་བཞི་ཞེས་པ་ནི། འཁོར་ལོ་ཆེན་པོ་བཞི་སྟེ། འདི་ལྟར། མཐུན་པའི་ཡུལ་དུ་གནས་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། བདག་གི་སྨོན་ལམ ་ཡང་དག་པ་དང་། སྔོན་བསོད་ནམས་བྱས་པའོ།། དེ་དང་ཡང་དག་པར་ལྡན་པའོ།། དུས་གསུམ་ལ་ནི་མཁས་པ་ཞེས་པ་ནི། དུས་གསུམ་ནི་འདི་ལྟ་སྟེ། ཞི་གནས་ཀྱི་དུས་དང་། རབ་ཏུ་བསླང་བའི་དུས་དང་། བཏང་སྙོམས ་ཀྱི་ངས་སོ།། ཡང་ནུ་སྙོམས་པར་འཇུག་པའི་དུས་དང་། སྙོམས་པར་འཇུག་པའི་གནས་པའི་དུས་དང་། སྙོམས་པར་འཇུག་པ་ལས་ལྡང་བའི་དུས་སོ།། གསུམ་པོ་ང་ལ་མཁས་པའོ།། སྒྲིབ་པ་ཐམས་ཅད་ནི་གྲོལ་ཞེས་པ་ནི། ་བདེན་པ་མཐོང་བའི་སྒྲིབ་པ་ནི་བཞི་སྟེ། འདི་ལྟ་སྟེ། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། འགྲོ་བའི་སྒྲིབ་པའོ།། དེ་ལས་གྲོལ་བའོ།། བདག་གི་ཚོགས་ནི་འཚོགས་པ་དང་ཞེས་པ་ནཱི། ་ཚོགས་ནི་གཉིས་ཏེ་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ།། དེ་ལ་བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ཚུལ་ཁྲིམས་བསྒོམས་པའི་རང་བཞིན་གྱི་ཡོན་ཏན་ནོ།། ཡེ་ཤེས་ཀྱི་ཚོགས་ནི། ཐོས་བསམ་སྒོམ ་པའི་རང་བཞིན་གྱི་ཡོན་ཏན་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལུས་སྐྱེས་པའི་ཡེ་ཤེས་ཏེ། དེའི་རང་བཞིན་གྱི་ཡོན་ཏན་ནོ།། ཡང་ཚོགས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཚོགས ་དང་། ལྟ་བ་རྣམ་པར་དག་པའི་ཚོགས་སོ།། དེ་ལ་གཞན་ཉེ་བར་མི་གནོད་པོའི་མཚན་ཉིད་དང་། གཞན་རྗེས་སུ་འཛིན་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་སོ།། དེ་དག་བདེན་པ་དང་སྤོང་བ་རྣམ་པར་དག་པ་ཡིས།། གང་ཞིག ་རྣམ་པ་དག་པ་འདི་ནི་ཚུལ་ཁྲིམས་རྣམ་པར་དག་པའོ།། ཉེ་བར་ཞི་བ་དང་ཤེས་རབ་དག་གིས་ལྟ་བ་རྣམ་པར་དག་པའོ།། ཤེས་རབ་མེད་ལ་བསམ་གཏན་མེད་།། བསམ་གཏན་མེང་ན་ཤེས་རབ་མིན།། གསུངས་པའི་ཕྱིར་རོ།། ་དེ་ཉིད་ཀྱི་ཕྱིར་ཚོགས་དེ་ནི་བྱིན་རླབས་རྣམ་པ་བཞིར་རྣམ་པར་བཞག་སྟེ། འདི་ལྟར། ཚུལ་ཁྲིམས་རང་བཞིན་ཡོན་ཏན་ནི་བདེན་པའི་བྱིན་ཆུབས་སོ།། སྦྱིན་པའི་རང་བཞིན་ཡོན་ཏན་ནི་སྤོང་བའི་བྱིན་རླབས་སོ།། ཏིང་ངེ་འཛིན་ཐམས ་ཅད་ཀྱི་རང་བཞིན་ཡོན་ཏན་ནི་ཉེ་བར་ཞི་བའི་བྱིན་རླབས་སོ།། ཐམས་ཅད་ཤེས་པའི་རང་བཞིན་ཡོན་ཏན་ནི་ཤེས་རབ་ཀྱི་བྱིན་ནཐོས་སོ།། ཚོགས་དྲི་རྣམས་དམན་པས་ཉན་ཐོས་ཀྱི་བྱང་ཆུབ་བོ།། འབྲིང་གིས་རང་རྒྱལ་གྱི་བྱང ་ཆུབ་པའོ།། ཁྱད་པར་དུ་འཕགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་བྱེད་དོ།། རྟག་ཏུ་དམ་པར་བྱེང་བ་དང་། མཆོག་ཏུ་ངེས་འབྱུང་ཚོལ་བའོ།། ཞེས་པ་ནྀ། རྣམ་པར་ཆད་པ་མེད་པར་ངེས་འབྱུ ་ཆོས་པ་ད་།། གྲུས་པས་མྦྷ་འབྱུང་ཚུལ་བ་རྙེད་། མཆོག་ཏུ་ཉེས་པ་ནི་སྣོང་དུ་ཕྱུགས་པའི་ངས་ཏྭཱ་བྱུ་ཚལ་བའོ་ཞེས་རིམ་བྱ་བཞིན་དུ་སྦྱར་བར་བྱའོ།། གསལ་བཞེས་པ་ནི་འཛིན་པའི་རང་བཞིན་རྟོགས་བརྙན་པའོ།། ་བདེན་པ་མངོན་རྟོགས་མངོན་དུ་བྱེང་ཞེས་པ་ནི། བདེན་པའི་མངོན་པར་རྟོགས་པ་ནི་སོ་སོར་ངེས་པའོ།། ཇི་ལྟར་ངེས་ཞེ་ན། བརྗོད་ཏེ། འདུས་བྱས་ཐམས་ཅད་མི་རྟག་ཞེས་པ་དང་། སྡུག་བསྔལ་རྣམ་པར་བཞི་ལ་བ ་ཞེས་སྨོས་ཏེ། སྡུག་བསྔལ་ལོ་ཡང་དག་པར་འདོན་པ་སྟེ་སྡུག་བསྔལ་གི་རྣམ་པ་ཞེས་པའི་དོན་ཏོ།། འདིར་བཟོད་པ་དཔྱད་པ་ངེས་པར་བྱེད་པ་ཀུན་ཏུ་སྤྱོད་པ་འཇུག་ན་འདུ་ཤེས་གསུམ་སྟེ། འདི་ལྟ་སྟེ། དངོས་པ ་འདུ་ཤེས་དང་། སྐྱེ་བའི་འདུ་ཤེས་དང་། འགག་པའི་འདུ་ཤེས་སོ།། ལྷག་བསྔལ་ཡང་དག་པར་གཎྜཱིའི་བཟོད་པ་ལ་ནི་འགག་པའི་འདུ་ཤེས་གསལ་བའོ།། ཅིག་ཤོས་འདུ་ཤེས་གཉིས་ནི་ཉན་པ་ན།། མང་བ་འདུགས ་ལ་ནི་སྐྱེ་བའི་འདུ་ཤེས་ནི་མེད་དེ། འགག་པའི་འདུ་ཤེས་ཁོ་ནའོ།། འགག་པ་ནི་དངོས་པོ་ལ་བརྟེན་པའི་ཕྱིར་དངོས་པོ་འདུ་ཤེས་ནི་རྗེས་སུ་འཇུག་པའོ།། དེ་བཞིན་དུ་མཚན་མའི་འདུ་ཤེས་ལ་སོགས་པའོ།། དེ་ལྟར་དེའི་སྡུག་བསྔལ ་ཡང་དག་པར་གཞོལ་བའི་བཟོད་པ་དེ་དག་སྒོམས་པ་ལས། ཞི་གནས་དང་གཟེངས་སྟོད་པ་དང་། བཏུད་སྙོམས་ཀྱི་དྲིས་ལ་མཁས་པ་ཆེས་མང་དུ་འགྱུརཏེ། དེ་ཡང་། སེམས་དགོད་པ་ན་མི་དགོད་པར་བྱ་བའི་ཆེད་དུ་འདི་ནི ་ཞི་བར་གནས་པའི་དུས་སོ་ཞེས་ཤེས་པར་བྱ་སྟེ། རྒོད་པ་ཉེ་བར་ཞི་བའི་དོན་དུ་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་སྒོམ་པར་བྱའོ།། སེམས་བྱིང་བར་གྱུར་པ་འམ་སོམ་ཉིར་གྱུར་པ་ན། འདི་ནི་རབ་ཏུ་གཟེངས་སྟོང་པའི་དུས་སོ ་ཞེས་ཤེས་པར་བྱ་སྟེ། སེམས་གཟེངས་སྟོང་པའི་དོན་དུ་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་སྒོམ་པར་བྱའོ།། སེམས་མཉམ་པ་ཉིད་ཐོབ་པ་ན་ཟུང་འཇུག་གི་རྒྱུ་བ་རྟག་ཏུ་བསྒོམས་པས་གཉི་ག་རངས ་པར་གྱུར་པ་ན། འདི་ནི་བཏང་སྙོམས་ཀྱི་དུས་སོ་ཞེས་ཤེས་པར་བྱ་སྟེ། བཏང་སྙོམས་སྒོམ་པར་བྱའོ།། དེ་ལས་ཕྱོགས་གཉི་ག་རྩོལ་བ་མེད་ཅིང་མྱུར་བར་དམིགས་པ་མངོན་དུ་འགྱུར་བ་དང་རབ་ཏུ་དང་བར་འགྱུར་རོ།། ་དྲན་པ་ནི་དུས་ཐམས་ཅད་སྒོམ་པར་བར་བྱའོ།། དེ་བཞིན་དུ་བཟོད་པ་སྤྱད་པ་འདི་རྫོགས་པས་དགེ་བའི་རྩ་བ་ཉེ་བར་བརྟན་པ་ཕན་པའི་སེམས་ཀྱི་རྒྱུད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་བསྐྱེད་པའི་དོན་དུ། དབང་པོ་གསལ་བས་སམ ་སྤྱོད་ཡུལ་གི་ཤུགས་ལ་སྣ་སྡུག་བསྔལ་ལ་ཡིད་ཡང་དག་པར་དཀྲིས་ཏེ། དུས་གསུམ་པའི་ཡང་འདོད་པའི་ཁམས་མི་རྟག་པའོ་ཞེས་འཇོག་པའོ།། དེ་ལྟར་སྒོམ་པར་བྱེད་པ་ནི། གང་གི་ཚེ་ཡི་གེ་གཅིག་ཉིད་ཀྱིས་འདོང་པའི་ཁམས་མི ་རྟོག་པ་ཉིད་དུ་འཛིན་པ་སྟེ། ཚིགས་བཅད་ལེགས་པར་གོམས་པའི་རིགས་པས་སོ།། སྤྱོད་ཡུལ་དེ་ལ་འདུ་ཤེས་གང་ཡིན་པ་དེ་ནི་མིང་གི་འདུ་ཤེས་ཞེས་བཤད་དོ།། མིང་གི་འདུ་ཤེས་ལས་ཕ་རོལ་ཡི་གེ་མང་བར་འདོད་པའི་ཁམས་མི ་རྟག་པ་ཉིད་བརྗོད་པར་བྱེད་པའི་མཚན་མ་ཀུན་ཏུ་སྐྱེས་པ་གང་ཡིན་པའི་འདུ་ཤེས་དེ་ནི་མཚན་མའི་འདུ་ཤེས་ཞེས་བཤང་ངོ་།། དེ་ཡང་དམན་པ་ལ་སོགས་པའི་དབྱེ་བས་གསུམ་དུ་འགྱུར་རོ།། འདི་ལྟ་སྟེ། དམན་པའི་མཚན་མའི་འདུ ་ཤེས་དང་། འབྲིང་དོང་ཁྱད་པར་ཅན་གྱི་མཚན་མོའི་འདུ་ཤེས་སོ།། ཡང་སོ་སོར་དམན་པའི་དམནྡ་པ་ལ་སོགས་པའི་དབྱེ་བས་ཕྱེ་བས་མཚན་མའི་འདུ་ཤེས་ནི་དབྱེ་བ་དགུའོ།། དམན་པའི་དམན་པ་མཚན་མཚན་མའི་འདུ་ཤེས ་དང་། དམན་པའི་འབྲིང་པོ་དང་། དམན་པའི་ཁྱད་པར་ཅན་དང་། འབྲིང་གི་དམན་པ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཁྱད་པར་ཅན་དང་། ཁྱད་པར་ཙན་དམན་པ་དང་། ཁྱད་པར་ཅན་འབྲིང་དང་། ཁྱད་པར་ཅན་གྱི ་ཁྱད་པར་ཅན་མོ།། འདིར། འདི་ལ་གནས་པའི་རྣལ་འབྱོར་པ་ནི། དང་པོ་གསུམ་ལས་དང་། འབྲིང་པོ་གསུམ་ལས་བརྒྱ་ལམ་ན་ཉམས་པ་ཡང་ངོ་།། ཕྱི་མ་འདུ་ཤེས་རྣམ་པ་གསུམ་ནི་ཡང་ངེས་པར་མི་གཡོ་བའོ།། ངས ་ནི་ཉམས་པར་མི་འགྱུར་རོ།། ཁྱད་པར་ཅན་ཁྱད་པར་ནྡན་གྱི་འདུ་ཤེས་ནི་ཟག་པ་དང་བཅས་པའི་ཆོས་མཆོག་གོ།། ཆོས་མཆོག་དེའི་རྗེས་སུ་འགྲོ་བ་ནི་སྒོམ་པའི་རོང་བཞིན་མཚུངས་པར་ལྡན་པ་དང་མི་ལྡན་པའོ།། དེ་ཡང་མཚུངས ་ལྡན་ནི་དགེ་བའི་རྩ་བ་ལ་སོགས་པའོ།། འོ་ན་གྲོང་གི་ཕྱིར་འདི་ལ་ཆོས་མཆོག་ཞེས་བརྗོད་ཅེ་ན། བརྗོད་དེ། གང་ལས་དེ་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་ནང་ན་འདི་ནི་སྙིང་པོར་གྱུར་པ་སྟེ། མར་གྱི་ཉིང་ཁུ་བཞིན་ནོ།། དེས ་ནི་དེའི་ཕྱིར་ཆོས་མཆོག་ཞེས་བརྗོད་དོ།། འདིར་ཡང་མངོན་པར་རྟོགས་པའི་ཉེ་བར་སྤྱོད་པ་ལ་བཅུ་གཉིས་པ་གསུམ་སྟེ་སུམ་ཅུ་རྩ་དྲུག་དུ་བཤད་དོ།། འདི་ལྟ་སྟེ། འདོད་པ་ལ་ཆགས་བྲལ་མིན་པར་གྱུར་པའི་འདོད་པས ་བསྡུས་པའི་བཟོད་པ་དང་། འདོད་པས་བསྡུས་པའི་མིང་གི་འདུ་ཤེས་དང་། འདོད་པས་བསྡུས་པའི་མཚན་མའི་འདུ་ཤེས་དང་། ཆོས་མི་ཚིག་གོ། འདོད་པ་ལ་ཆགས་བྲལ་མིན་པར་གྱུར་པའི། གཟུགས་ཀྱིས་བསྡུས ་པོའི་བཟོད་པ་དང་། མིང་གི་འདུ་ཤེས་དང་། མཚན་མའི་འདུ་ཤེས་དང་། ཆོས་མཆོག་གོ།། འདོད་པ་ལ་ཆགས་བྲལ་མིན་པར་གྱུར་པའི། གཟུགས་མེད་པས་བསྡུས་པའི་བཟོད་པ་དང་། མིང་གི་འདུ་ཤེས་དང་། མཚན་མོའོ ་འདུ་ཤེས་དང་། ཆོས་མཆོག་ཞེས་བྱ་སྟེ་བཅུ་གཉིས་སུ་འགྱུར་རོ།། དེ་བཞིན་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་བཅུ་གཉིས་སོ།། འདི་ནི་བཅུ་གཉིས་པ་གསུམ་པ་ནི། སུམ་ཅུ་རྩ་དྲུག་དུ་འགྱུར་ཞེས་ཅི་རིགས་པར་བརྗོད་པར་བྱའོ།། འོ་ན་དེ་ལྟར ་མངོན་པར་རྟོགས་པའི་ཉེ་བར་སྦྱོང་བ་ཡོངས་སུ་སྦྱངས་པའི་རྣལ་འབྱོར་པ། སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་སྤྱི་བོར་གནས་པ་ཉིད་དོ།། འདི་ལས་ཕན་ཆད་ངུ་ཅི་འབྱུང་ཞེ་ན་བརྗོད་དེ།། ཆོས་མཆོག་དེ་ལས་བར་མེད་པར་རྣལ་འབྱོར་པོས་ཡང ་བདེན་པ་རྣམས་རྗེས་སུ་མཐུན་པ་བྱེད་པ་ལས། འདོད་པས་བསྡུས་པའི་སྡུག་བསྔལ་ལ་ཆོས་ཤེས་པ་ཟག་པ་མེད་པ་སྐྱེ་བར་འགྱུར་རོ།། དེ་ལ་ཆོས་ནི་ཆོས་ཉིད་ཁོ་ན་ཏེ། དེ་ལས་སྐྱེ་ཞིང་། སྣརུམས་པ་ལས་མ་ཡིན་པས།། དེ་ལས་ཆོས་ཤེས ་པསྐྱེའོ།། ཆོས་ནི་སྡུག་བསྔལ་བདེན་པ་སྟེ། དེ་ནི་དང་པོ་ཉིད་དུ་ཤེས་པ་ནི་ཆོས་ཤེས་པ་བུམ། ཆོས་ཏེ་འཕགས་པའི་བདེན་པ་བཞིའོ།། གང་དེ་རྣམས་དང་པོ་ཉིད་དུ་འདོད་པའི་ཁམས་མི་རྟག་པའོ་ཞེས་པ་ཟག་པ་མེད་པའི་ཤེས ་པདེ་ནི་ཆོས་ཤེས་པའོ།། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་དག་པར་རྫོགས་ཏེ་གནས་པའི་རྣལ་འབྱོར་པ་དེ་མི་སོ་སོ་སྐྱེ་བོ་ཉིད་འགག་ཅིང་། དེ་འགགས་པ་ལས། རྒྱུ་འཕགས་པ་བརྒྱད་ཀྱི་དང་པོར་གྱུར་པས་བརྒྱད་པ། ཞེས ་བརྗོད་དོ།། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཆེང་བུ་ཞུགས་པའོ།། སྡུག་བསྔལ་ལ་ཆོས་ཤེས་པའི་ཡང་དག་པར་ཐོབ་པ་ན། གཁོར་བའི་རྒྱུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བསྡུས་པ་བག་ལ་ཉལ་ཉོན་མོངས་པ་བཅུ་སྤོང་བ་སྟེ། འདི་ལྟར། ་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལོག་པར་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཁྲིམས་བརྟུལ་མཆོག་ཏུ་འཛིན ་པ་དང་། ཐེ་ཚོམ་མོ།། བག་ལ་ཉལ་མ་ཡིན་པ་ཉི་ཤུ་ཟད་པར་འགྱུར་ཏེ། འདི་ལྟར། མ་དད་པ་དང་། ངོ་ཚ་མེད་པ་དང་། སྒྱུ་དང་། གཡོ་དང་། མི་བརྟན་པ་དང་། རྒོད་པ་དང་། བག་མེད་པ་དང་། དྲེགས་པ་དང་། ཁྲེལ་མེད་པ་དང་། ཤིན་ཏུ ་འཛིན་པ་དང་། འཆང་བ་དང་། རྨུགས་པ་དང་། བྱིང་བ་དང་། ལེ་ལོ་དང་། གཉིད་དང་། ཕྲག་དོག་དང་། འགྱོད་པ་དང་། སེ་རཱི་སྣ་དང་། མི་བཟོད་པ་དང་། ཁོན་དུ་འཛིན་པ་སྟེ། དེ་ཉོན་མོངས་པ་དེ་རྣམས་རབ་ཏུ་སྤོང་བར་འགྱུར་རོ།། སྡུག ་བསྔལ་ལ་ཆོས་ཤེས་པ་ད་མ་ཐག་ཏུ། རྗེས་སུ་ཤེས་པ་སྐྱེད་པའི་དོན་དུ་སྡུག་བསྔལ་ལ་སོ་སོར་རྟོག་པའི་ཤེས་པ་སྐྱེའོ།། ཇི་ལྟར་ཞེ་ན། དེ་དག་བཞིན་དུ་འདིས་དེ་བཞིན་དུ་ལྷག་མའོ།། ཞེས་པ་མེད་པར་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ།། དེས་ན ་རྗེས་སུ་ཤེས་པ་འགྲུབ་པའི་དོན་དུ། སོ་སོར་རྟོག་པའི་ཤེས་པ་སྐྱེའོ།། དེ་ཡང་སྤངས་པ་ལ་ལྟ་བས་ཉོན་མོངས་པོ་འཇིག་བྱེང་ནི་མ་ཡིན་ནོ།། སོ་སོར་རྟོག་པའི་ཤེས་པའི་བར་མེད་པར་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྐྱེ་བའོ།། ་དེ་སྐྱེས་པ་ན། བག་ལ་ཉལ་དེ་ཉིད་ལ་ཁོང་ཁྲོ་སྤངས་པའི་གཟུགས་ཀྱིས་སྡུས་པ་དགུ་དང་། བག་ལ་ཉལ་མ་ཡིན་པ་བཅུ་གཅིག་སྤོང་ངོ་།། འདི་ལྟ་སྟེ། མ་དད་པ་དང་།། ངོ་ཚ་མེད་པ་དང་། རྒྱུ་དང་། གཡོ་དང་། མི ་རྟེན་པ་དང་། རྒོད་པ་དང་། བག་མེད་པ་དང་། དྲེགས་པ་དང་། ཁྲེལ་མེད་པ་དང་། ཤིན་ཏུ་འཛིན་པ་དང་། འཆབ་པའོ།། དེ་དང་འདི་སྟེ་ཉོན་མོངས་པ་ཉི་ཤུར་འགྱུར་རོ།། གཟུགས་མེད་པས་བསྡུས་པ་བག་ལ་ཉལ་དགུ་པོ་དེ་ཉིད། བག་ལ་ཉལ ་མིན་བརྒྱད་དེ་འདི་ལྟར། མ་དད་པ་ལ་སོགས་པ་དེ་ཉིད་དོ།། དེང་བདི་སྟེ་ཉོན་མོངས་བཅུ་བདུན་སྤོང་ངོ་།། དེ་ལྟར་སྡུག་བསྔལ་ལ་ཤྭེ་པ་གསུམ་པོ་འོང་སྐྱེའོ།། དེས་ན་ཁམས་གསུམ་གྱི། ཉོན་མོངས་པ་དྲུག་ཅུ་རྩ་བདུན་རབ་ཏུ་སྤོང་ངོ་།། ། ་གཞན་བདེན་པ་གསུམ་ལ་སོ་སོར་ཤེས་པ་གསུམ་གསུམ་སྐྱེའོ།། དེའི་རྗེས་སུ་ཀུན་འབྱུང་ལ་ཆོས་ཤེས་པ་ཡང་ངག་གྲུབ་པ་ན། ལུས་ལ་དམ་པ་དང་། མཐར་འཛིན་པ་དང་། ཁྲིམས་བརྟུལ་མཆོག་ཏུ་འཛིན་པ་སྤངས་པའི་འདོད ་པས་བསྡུས་པའི་བག་ལ་ཉལ་བདུན་པོ་དེ་ཉིད་དང་། བག་ལ་ཉོལ་མིན་མ་དད་པ་ལ་སོགས་པ་ཉི་ཤུ་སྟེ་ཉོན་མོངས་པ་ཉི་ཤུ་བདུན་པོ་དེ་རྣམས་རབ་ཏུ་སྤོང་ངོ་།། དེའི་རྗེས་སུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེས་པ་ན། ལུས་དམ་པ། ་མཐར་འཛིན་ཁྲིམས་བརྟུལ་མཆོག་འཛིན་ཞེ་སྡང་སྤངས་པ་བག་ལ་ཉལ་དྲུག་དང་། བག་ལ་ཉལ་མིན་བཅུ་གཅིག་ཟད་ང། འདི་ལྟར། མ་དད་པ། ངོ་ཚ་མེད་པ། སྒྱུ་དང་། གཡོ་དང་། མི་བརྟན་པོ་དང་། རྒོད་པ་དང་། ་བག་མེད་པ་དང་། དྲེགས་པ་དང་། ཁྲེལ་མེད་པ་དང་། ཤིན་ཏུ་འཛིན་པ་དང་། འཆབ་པའོ།། གཟུགས་མེད་པས་བསྡུས་པ་བག་ལ་ཉལ་དྲུག་པོ་དེ་ཉིད་དང་། བག་ལ་ཉལ་མིན་བརྒྱད་དེ། འདི་ལྟར། མ་དད་པ། ངོ་ཚ་མེད་པ། སྒྱུ། ་གཡོ། མི་བརྟན་པ། རྒོད་པ། བག་མེད། དྲེགས་པ་སྟེ། ཉོན་མོངས་པ་བཅུ་བཞི་པོ་དེ་རྣམས་རབ་ཏུ་སྤོང་ངོ་།། ཀུན་འབྱུང་གི་ཤེས་པ་ཐམས་ཅད་ལ་ཉོན་མོངས་པ་ལྔ་བཅུ་རྩ་བརྒྱད་དུ་འགྱུར་རོ།། དེའི་རྗེས་སུ་འགོག་པའི ་ཤེས་པ་ལ་ལྔ་བཅུ་རྩ་བརྒྱད་དོ།། དེའི་རྗེས་སུ་ལམ་ལ་ཆོས་པ་ཡང་དག་ཐོབ་པ་ན། དེ་ཉིད་ལ་རང་ལུས་དམ་པ། མཐར་འཛིན་པ་ལྟ་བ་སྤོངས་པ། འདོད་པས་བསྡུས་པའི་བག་ལ་ཉལ་བརྒྱད་དང་། བག་ལ་ཉལ་མིན་ཉི་ཤུ་སྟེ། ཉོན་མོངས་པ ་ཉི་ཤུ་ཉེར་བརྒྱད་རབ་ཏུ་སྤོང་ངོ་།། དེ་རྗེས་སུ་ལམ་ལ་རྗེས་སུ་ཤེས་པ་སྐྱེས་པ་ན། དེ་ཉིད་ལ་རང་ལུས་དམ་པ་དང་། མཐར་འཛིན་པར་ལྟ་བ་དང་། ཞེ་སྡང་སྤངས་པ་གཟུགས་ཀྱིས་བསྡུས་པའི་བག་ལ་ཉལ་བདུན་དང་། བག་ལ་ཉལ ་མིན་བཅུ་གཅིག་པོ་དེ་ཉིད་དོ།། དེ་དང་འདི་ལྟ་སྟེ། གཟུགས་མེད་པས་བསྡུས་པ་དང་བག་ལ་ཉལ་བདུན་དང་བག་ལ་ཉལ་མིན་མ་དད་པ་ལ་སོགས་པ་ནས་བག་མེད་པའི་མཐར་ཐུག་པ་བརྒྱད་དོ།། དེ་འདི་སྟེ། ལམ་གྱི་ཤེས་པ་ལ་ཉོན ་མོངས་པ་དྲུག་ཅུ་རྩ་གཅིག་རབ་ཏུ་སྤོང་ངོ་།། དེས་ན་སྡུག་བསྔལ་ལ་ཆོས་ཤེས་ནས་བཟུང་ཏེ། བགྲངས་ན་ལམ་ལ་རྗེས་སུ་ཤེས་པ་བཅུ་གཉིས་པ་ཡིན་ནོ།། སྡུག་བསྔལ་ལ་ཆེས་ཤེས་པ་དང་། སྡུག་བསྔལ་ལ་སོ་སོར་རྟོག ་པའི་ཤེས་པ་དང་། སྡུག་བསྔལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་སོ་སོར་རྟོག་པའི་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ ་སོ་སོར་རྟོག་པའི་ཤེས་པ་དང་། འགོག་པ་ལ་རྗེས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་སོ་སོར་རྟོག་པའི་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའོ།། དེ་མ་ཐག་ཏུ་བཅུ་གསུམ་པ་ནི་འབྲས་བུའི་སེམས་ཏེ་ཉོན་མོངས་པ ་འཇོམས་བྱེད་ནི་མ་ཡིན་ནོ།། དེས་ན་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་རྣལ་འབྱོར་པ་ངེས་པ་ཞུགས་པ་རྒྱུན་ཏུ་ཞུགས་པ་འབྲས་བུའི་སེམས་སུ་རྣམ་པར་བཞག་གོ། འབྲས་བུའི་སེམས་དེ་ཉིད་ནི། འཇིག་རྟེན་པ་འི་ལམ ་གྱི་འདོད་ཁམས་ལ་ཆགས་བྲལ་ཕྱེད་པ་ངེས་པ་ལ་ཞུགས་པ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སེམས་སུ་རྣམ་པར་བཞག་གོ།། བཅུ་གསུམ་པའི་སེམས་དེ་ཉིད་ནི། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང ་བྲལ་བའི་རྣལ་འབྱོར་པ་ངེས་པ་ལ་ཞུགས་པ་ཕྱིར་མི་འོང་བའི་འབྲས་བུའི་སོག་ནར་བན་། དེ་བཞིན་དུ་འདེང་བ་དང་། གཟུགས་ལ་འདོད་ཆགས་དྲང་བྲལ་བའི་ངེས་པ་ཞུགས་པའི་རྣལ་འབྱོར་པའི། གང་བཅུ་གསུམ་པའི་འབྲས་བུའི ་སེམས་ནི་ཕྱིར་མི་འོང་བ་འབྲས་བུའི་སེམས་སུ་རྣམ་པར་བཞག་གོ། ཡང་། དེ་ལས་བར་མེད་སྡུག་བསྔལ་ལ།། ཆོས་ཤེས་ཟག་པ་མེད་པ་ནི།། དེར་གནས་སོ་སོ་སྐྱེ་བ་ཡི།། ས་འཚམས་ཤིན་ཏུ་རྒལ་བར་འགྱུར།། བརྒྱད ་པར་འགྱུར་རོ་འཕགས་པ་ཡི།། འབྲས་བུ་དོན་དུ་རྒྱུན་ཞུགས་པའོ།། ཆོས་ཤེས་སོ་སོར་རྟོག་པ་ཞེས།། དེ་ནས་ཤེས་པ་རྗེས་སུ་སྐྱེས།། དེ་ལྟར་རྒྱུ་དང་ཞི་བ་ཐབས།། གསུམ་ལ་བློ་གསུམ་རིམ་པས་སོ།། དེ་མ་ཐག་ཏུ་བཅུ ་གསུམ་པ།། ཤེས་པ་དག་པསྐྱོན་སྤོང་མིན།། སེམས་དེ་འབྲས་བུ་གསུམ་དུ་འགྱུར།། ཆགས་བཅས་ཕྱེད་བཅས་ཆགས་བྲལ་ལོ།། ཞེས་གསུངས་སོ།། མངོན་པར་རྟོགས་པའི་དོན་གང་ཞེ་ན། བརྗོད་པ། འཇིག་རྟེན་དྲ་ཏྲ། ་ཆོས་མཆོག་དང་བཅུ་གསུམ་པ་འབྲས་བུའི་སེམས་དང་ཤེས་པ་བཅུ་གཉིས་དང་འཕགས་པའི་བདེན་པ་རྣམས་ཀྱི་ཤེས་བྱ་རྣམས་རྣལ་འབྱོར་པས་མངོན་སུམ་དུ་རྟོགས་པའོ།། ཡང་། འདི་རུ་དེ་སྙེད་མངོན་རྟོགས་ནི།། ཤེས་པ་ཤེས ་བྱ་མཉམ་རྟོགས་ཉིད།། ཅེས་གསུངས་སོ།། མངོན་པར་རྟོགས་པ་དེ་ཡང་རྣམ་པ་ལྔ་སྟེ། མཐོང་བའི་མངོན་རྟོགས་དང་།། སྤོངས་པའི་མངོན་རྟོགས་དང་། མངོན་དུ་བྱེད་པའི་མངོན་རྟོགས་དང་། ཡོངས་སུ་ཤེས་པའི་མངོན་རྟོགས ་དང་སྒོམ་པའི་མངོན་རྟོགས་སོ།། ཡང་། དེ་ནི་རྣམ་པ་ལྔ་རུ་འདོད།། མཐོང་བ་དང་ནི་སྤོང་བ་དང་།། མངོན་དུ་བྱེད་པ་ཉིད་དང་ནི།། ཡོངས་སུ་ཤེས་པ་དང་བསྒོམ་པའོ།། ཞེས་གསུངས་སོ།། དེ་ལ་མཐོང་བ་ནི་རྣམ་པ་བཞི་སྟེ། འདི་ལྟར། དམིགས་སུ ་འཛིན་པའི་མཐོང་བ་དང་། མངོན་པར་འཛིན་པ་མཐོང་བ་དང་། དོན་གྱི་རྟོགས་པ་མཐོང་བ་དང་། མཚན་ཉིད་མཐོང་བའོ།། སྤོང་བ་རྣམ་པ་བཞི་སྟེ། འདི་ལྟར། རྣམ་པ་རེངས་པའི་སྤོང་བ་དང་། བདུན་པ་འདོད་ཆགས་ཀྱི་སྤོང་བ་དང་། འགྲོ་བ ་པའི་སྤོང་བ་དང་། འགོག་པའི་སྤོང་བའོ།། མངོན་དུ་བྱེད་པ་རྣམ་པ་གཉིས་ཏེ། འདི་ལྟར། ལུས་ཀྱི་མངོན་དུ་བྱེད་པ་རྙེད་པ་དང་། ཤེས་རབ་ཀྱིས་སོ་སོར་རྟོག་པའོ།། ཡོངས་སུ་ནི་ཐམས་ཅད་དོ།། དེ་ཁོ་ན་ཉིད་དུ་མཁྱེན་ཅིང་ཟག ་པ་དང་བཅས་པ་རྣམ་པར་བྲལ་བ་དེ་ནི་ཡོངས་སུ་ཤེས་པའོ་སྟེ་རྣམ་པ་དགུའོ།། འདི་ལྟ་སྟེ། ཀུན་འབྱུང་ལ་ཆོས་ཤེས་པ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པ་ཡོངས་སུ་ཤེས ་པ་དང་། འགོག་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པ་ཡོངས་སུ་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང་། སྒོམ་པའི་ལམ་ལ་འདོད་པའི་ཆགས་པ་བྲལ་བ་ཡོངས་སུ་ཤེས་པ་དང་། སྒོམ ་བའི་ལམ་ལ་གཟུགས་ཀྱི་ཆགས་པ་བྲལ་བ་ཡོངས་སུ་ཤེས་པ་དང་། སྒོམ་པའི་ལམ་ལ་གཟུགས་མེད་པའི་ཆགས་པ་བྲལ་བ་ཡོངས་སུ་ཤེས་པའོ།། དེ་སྒོམ་པ་སྒོམ་པ་བཞི་སྟེ། འདི་ལྟར། སྐྱེ་བ་སྒོམ་པ་དང་། ཀུན་ཏུ་རྟེན་པ་སྒོམ་པ ་དང་། སྦས་པ་སྒོམ་པ་དང་། རྣམ་པར་ལྡོག་པ་སྒོམ་པའོ།། འདིར་བཅུ་གསུམ་པས་འབྲས་བུ་སེམས་ལ་གནས་པའི་རྣལ་འབྱོར་པ་ནི་རྒྱུན་ཏུ་ཞུགས་པ་སྲིད་པ་ཐ་མ་ལན་བདུན་པའོ།། ཐོག་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ལས། སྲིད་པའི ་རྟེན་བདུན་ཕྲག་བཞི་ཉིད་དོ།། ཞེས་པའི་དོན་ཏོ།། དེ་ལ་བདུན་ཕྲག་བཞི་ནི། འདི་ལྟ་སྟེ། མའི་སྲིད་པ་བདུན་དང་། མིའི་བར་གྱི་སྲིད་པ་བདུན་དང་། ལྷ་རུ་སྲིད་པ་བདུན་དང་། ལྷའི་བར་མའི་སྲིད་པ་བདུན་ནོ།། འདིར་རྒྱུན་ཏུ་ཞུགས་པའི ་འབྲས་བུ་སེམས་ལ། འབྲས་བུ་བསྡུས་པ་བསམ་གཏན་གྱི་ལམ། ཟག་པ་མེད་པ་ཐོབ་པར་གྱུར་ཅིང་།། དེའི་བཅུ་གསུམ་པ་འབྲས་བུ་སེམས་ལས་ཕ་རོལ་ཏུ་འདོད་པས་བསྡུས་པའི་ཀུན་ནས་དཀྲིས་པ་སྐྱེ་བོར་གྱུར་ནི། གང་ལས ་ཟུག་པ་མེད་པའི་བསམ་གཏན་གྱི་ལམ་ཐོབ་པ་དེ་འགག་གོ།། ཆ་ཤས་ལྷག་མ་ནཱི་མ་ཡིན་ནོ།། ཡང་། བསམ་གཏན་གྱི་འབྲས་ཐོབ་པ།། ཉམས་འགྱུར་འདིར་ཡང་འགའ་ཞིག་གོ།། དེ་ལ་བརྟེན་པའི་འབྲས་ཐོབ་པའོ།། ཉན་མོངས ་སྐྱེད་པར་བྱེད་པའོ།། ཞེས་གསུངས་སོ།། འདིས་ནི་ལམ་རྣམ་པ་གཉིས་གསུངས་པར་འགྱུར་བ་ཡིན་ཏེ། འདི་ལྟར། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ།། དེ་ལ་ཟག་པ་དང་བཅས་པ་ནི་བཞི་སྟེ། འདི་ལྟར། བཟོད་པ་དབང་བ་དང་། ་མིང་གི་འདུ་ཤེས་དང་། མཚན་མའི་འདུ་ཤེས་དང་། ཆོས་མཆོག་གོ།། ཟག་པ་མེད་པའི་ལམ་ནི་གཉིས་ཏེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་མོ།། དེ་ལ་མཐོང་བའི་ལམ་ནི་སྡུག་བསྔལ་བདེན་པ་ལ་སོགས་པ་ཤེས་པ་བཅུ་གཉིས་བཤད ་ཟིན་ཏོ།། སྒོམ་པའི་ལམ་བཤད་པར་བྱའོ།། གལ་ཏེ་དེའི་རྗེས་སུ་རྣལ་འབྱོར་པ་བདེན་པ་མཐོང་བ་ཐོབ་པ་དེས། དེ་བཞིན་དུ་མཐོང་བས་སྤང་བར་བ་བ་བག་ལ་ཉལ་ལ་སོགས་པ་འཁོར་བའི་རྒྱུ་དང་བཅས་པ་རྣམས། འདུན་པ་ཆགས་པ ་སྦྱོསྤོང་བ་དང་ཡོངས་སུ་ཤེས་པའི་སྤོང་བ་དག་གི་རྩ་བ་མེད་པས་ན་ཅི་བྱེད་ཞེ་ན། བརྗོད་དེ། ཇི་སྲིད་དུ་འཁོར་བ་འཇུག་པ་དེ་སྲིད་དུ་སྡུག་བསྔལ་འཇུག་གོ་ཞེས་ཤེས་པར་བྱ་སྟེ། སྒོམ་པས་སྤང་བར་བྱ་བ་ཡང་འཁོར་བའི་རྒྱུ་ཡིན་པས་བག་ལ་ཉལ་ལ ་སོགས་པ་རྒྱུ་དང་བཅས་པ་རྣམས་སྤང་བའི་ཕྱིར། མཐོང་བའི་དེ་ཁོ་ན་ཉིད་ཡང་དང་ཡང་དུ་རྩོལ་བའི་མཚན་ཉིད་ཀྱིས་སྒོམ་པའི་ལམ་གོམས་པའི་དོན་དུ་རྩོམ་པའོ།། སྒོམ་པའི་ལམ་དེ་ནི་རྣམ་པ་གཉིས་ཏེ། འདི་ལྟར། བྱང་ཆུབ་ཀྱི། ་ཡན་ལག་ལས་བྱུང་བ་དང་། བྱང་ཆུབ་ཀྱི་ཡན་ལག་ལས་བྱུང་བ་མ་ཡིན་པའོ།། དེ་ལ་གང་བསྒོམས་པའི་ལམ་འཕགས་པའི་བདེན་པ་བཞིའི་གཞན་གང་ཡང་རུང་བ་དམིགས་སུ་འཛིན་པ་དང་མངོན་པར་ངེས་འཛིན་དག་གི་རྩོམ་པས་སྐྱེ་བ་དེ ་ནི་ཡན་ལག་ཅན་ནོ།། གང་ཡང་སྒོམ་པའི་ལམ་རགས་པ་དང་ཞི་བའི་རྣམ་པ་ལ་སོགས་པས་དམིགས་པ། སྒོམ་པའི་ལམ་གང་དག་གི་མཚན་མ་འམ་ཡོངས་སུ་དག་པས་མངོན་པར་ངེས་འཛིན་ནི་བྱང་ཆུབ་ཡན་ལག་ཅན་མ་ཡིན་པའོ།། དེ ་ལ་ཐམས་ཅད་ཞན་པའི་ལམ་གྱིས་ཀྱང་སེམས་གསུམ་ཉེ་བར་བསགས་པས་ཀུན་ཏུ་སྦྱོར་བ་སྤོང་བའོ།། འདི་ལྟ་སྟེ། ཞན་པའི་སྒོམ་པའི་ལམ་སྐྱེ་བའི་ཆ་དང་། གནས་པའི་ཆ་དང་། འགག་པའི་ཚེ་རྣམས་བསྡོམས་པས་ཀུན་ཏུ་སྦྱོར་བ་སྤོང ་བའོ།། གསལ་བའི་སྒོམ་པའི་ལམ་ནི་སྐྱེ་བའི་ཆ་ཉིད་ཀྱིས་འདོད་པས་སྡུས་པ་སྒོམ་པའི་ལམ་གྱི་སྤང་བྱ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོང་བའོ།། དེ་བཞིན་དུ་གཟུགས་ཀྱི་བསྡུས་པའི་ཀུན་ཏུ་སྦྱོར་བ་སྤོང་བའོ།། དེ་བཞིན་དུ་གཟུགས་མེད་པས་བསྡུས ་པའི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོང་བའོ།། དུས་གཅིག་ཏུ་ཁམས་གཉིས་སམ་ཁམས་གསུམ་གྱི་ཀུན་ཏུ་སྦྱོར་བ་སྤོང་བ་ནི་མེད་དོ།། དེ་ལ་འདོད་པས་བསྡུས་པའི་འདོད་ཆག་པ་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པའི་མཚན་ཉིད་དྲི ་བག་ལ་ཉལ་མིན་ཉི་ཤུའི་མཚན་ཉིད་ངག་གི་ཉོན་མོངས་པའི་ཕུང་པོ་ཀུན་ཏུ་བཟླུམས་པ་རྣམས། ལམ་གྱི་དབང་གིས་ཆ་བཅུར་ཕྱེ་བའི། ཆ་དང་པོ་གསུམ་སྤངས་པ་ནི་སྲིད་པ་ཐ་མ་ལན་བདུན་པར་འགྱུར་རོ།། ཆ་བཞི་པ་ཀུན་ཐོབ་པ་ནི་རིགས ་ནས་རིགས་སོ།། བཞི་པ་དང་ལྔ་པ་སྟོང་ནིང་སྤངས་པ་ནི་རིགས་ནས་རིགས་ཁོ་ནའོ།། རྩཝ་དྲུག་པ་ཐོབ་པ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ།། དེའི་ཚེ་རྒྱུན་ཏུ་ཞུགས་པཥྚི་འབྲགྶ་བུ་འགག་པའོ།། མ་བདུན་པ་ཡང་འང་ཉིང་ངོ་།། ་ཆ་ཕྱི་མ་གསུམ་སྤོང་བ་ནི་ས་བོན་གཅིག་པའོ།། འདོད་པས་བསྡུས་པ་ཀུན་ཏུ་སྦྱོར་བ་མ་ལུས་པ་སྤངས་པ་ནི་གོང་དུ་འཕོ་བ་ཡིན་ཏེ། འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའོ།། གཟུགས་ཀྱིས་སྡུས་པ་འདོད་ཆགས་དང ་ང་རྒྱལ་དང་མ་རིགས་པའི་མཚན་ཉིད་བག་ལ་ཉལ་དང་། མ་དད་པ་དང་ངོ་ཚ་མེད་པ་སྒྲ་དང་གཡོ་དང་མི་བརྟན་པ་དང་རྒོད་པ་དང་བག་མེད་པ་དང་དྲེགས་པ་དང་ཁ་ཟས་ཀྱི་རྒྱགས་པའི་མཚན་ཉིད་བག་ལ་ཉལ་མིན་རྣམས་ཀུན་ནས་བཟླུམས་ཏེ། ་གཟུགས་ཀྱིས་སྡུས་པའི་ཀུན་ཏུ་སྦྱོར་བ་རྣམས་སྔོན་བཞིན་དུ་རྣམ་པ་བཅུར་བྱའོ།། དེ་ལ་ཆ་དང་པོ་གསུམ་སྤངས་པ་ནི་གོང་དུ་འཕོ་བ་ཡིན་ནོ།། ཆ་གཞན་གཉིས་སྤངས་པ་ནི་འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར ་རོ།། གཞན་ཆ་གཉིས་སྤངས་པ་ནི་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ།། གཞན་ཡང་ཆ་གཉིས་སྤངས་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ།། ཆ་བཅུ་པ་ཐོབ་པ་ནི་བར་མཽ་དོར་ཡོངས་སུ་མྱ་ངན་ལས ་འདའ་བའོ།། ཆ་བཅུ་པ་རབ་ཏུ་སྤངས་པོ་ནི་ཁམས་གཉིས་ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་བའོ།། གཟུགས་མེད་པོ་ཡང་འདོད་ཆགས་དང་ང་རྒྱལ་དང་མ་རིག་པའི་མཚན་ཉིད་བག་ལ་ཉལ་དང་མ་དད་པ་ལ་སོགས་པ ་བདུན་དྲེགས་པ་དང་བཅས་པའི་མཚན་ཉིད་ཀྱི་ཀུན་ཏུ་སྦྱོར་བ་རྣམས་སྔོན་བཞིན་དུ་རྣམ་པ་བཅུར་བྱའོ།། གང་ཟག་ཀྱང་བཞི་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྤངས་པའོ།། གལ་ཏེ་གཟུགས་མེད་པ་ལ་ཆགས་བྲལ་བར་དོར་ཡོངས་སུ ་མྱ་ངན་ལས་འདའ་བ་མེད་དམ། མེད་པ་ཉིད་དེ། དེ་བཞིན་དུ། གཟུགས་མེད་ཁམས་སུ་གཟུགས་བྲལ་ཕྱིར།། བགྲོད་བྱ་ཡུལ་དག་མེད་པའི་ཕྱིར།། བར་མའི་སྲིད་པ་མེད་པའོ།། དེས་ན་བར་ངོར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའོ།། ཡང ་གཟུགས་ཀྱི་ཆགས་པ་ཀུན་བྲལ་ཕྱིར།། གཟུགས་མེད་པ་ལ་བར་སྲིད་མེད།། གང་དང་ང་རུ་ཡོང་མིན་པསོ།། མྱ་ངན་འདའ་མེད་པར་སྲིང་འདིར།། ཞེས་གསུངས་སོ།། སྤངས་པའི་གང་ཟག་གི་རྣམ་པར་བཞག་པ་ནི། གཟུགས་ཀྱི་ཁམས་ཅི་བཞིན ་ནོ།། ཐ་མའི་ཆ་གསུམ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ།། ཞེས་པ་ནི་ཁྱད་པར་རོ།། འདིར་སྒོམ་པའི་ལམ་གང་ཞེ་ན་བརྗོད་དེ། དེ་ལ་འདོད་པས་སྡུས་པ་ཆོས་རྣམས་ཡོངས་སུ་ཤེས་པ་རྣམས། དེའི་ཆ་ཟག་པ་མེད་པ་རྣམས། ་མི་རྟག་པ་ལ་སོགས་པའི་རྣམ་པས་ཡིད་ལ་བྱེད་པ་ན། འདོད་པས་སྡུས་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བའོ།། གཟུགས་མེད་པས་སྡུས་པའི་ཆོས་རྣམས་ཡོངས་སུ་ཤེས་པ་རྣམས། དེའི་ཆ་ཟག་པ་མེད་པ་རྣམས་མི་རྟག ་པ་ལ་སོགས་པའི་རྣམ་པས་ཡིད་ལ་བྱེད་པས། འདོད་པ་དང་གཟུགས་ཀྱིས་བསྡུས་པ་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བའོ།། གཟུགས་མེད་པས་སྡུས་པའི་ཆོས་རྣམས་ཡོངས་སུ་ཤེས་ཅིང་དེ་བཞིན་དུ་བསམ་པས་ཁམ ་གསུམ་རྒྱུནན་མྱོངས་སྨོས་པས་སྦྱང་བྱུང་བྱ་བ་རྣམས་རུང་།། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤང་བས་པར་ཆུད་མེད་པའི་ལམ་སྐྱའོ།། འདིར་བར་ཆད་མེད་པའི་ལམ་ལ་གནས་པ་རྣམ་འབྱོར་པ་ཁམས་གསུམ ་ལ་འདོད་ཆགས་དང་བྲལ་བ་ཡིན་ནོ་དགྲ་བཅོམ་པ་ནི་མ་ཡིན་ནོ།། བར་ཆད་མེད་པའི་ལམ་འགགས་པ་ན་འབྲས་བུ་ཐ་མ་དགྲ་བཅོམ་པ་ཉིད་ཐོབ་བོ།། ཁམས་གསུམ་པ་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡིན་ནོ།། དགྲ་བཅོམ་པ་དེ་ཡང ་རྣམ་པ་དྲུག་ཡིན་ཏེ། འདི་ལྟར། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་། གནས་པ་མི་སྐྱོང་པ་དང་། མངོན་དུ་བྱེད་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ།། ་དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་འབྲས་བུ་ཡོངས་སུ་ཉམས་པའི་སྐལ་པ་ཅན་གང་ཡིན་པའོ།། འཆི་བར་སེམས་པའི་སྐལ་པ་ཅན་ནི་གང་བདག་ཉིད་མྱ་ངན་ལས་འདའ་བར་འདོད་པའི་སྐལ་པ་ཅན་ནོ།། རྗེས་སུ་བསྲུང་བའི་སྐལ་པ ་ཅན་ནི་གང་འབྲས་བུ་རྗེས་སུ་བསྲུང་བའི་སྐལ་པ་ཅན་ནོ།། གནས་པར་རྟོག་པ་ནི་གནས་པའི་སྐལ་པ་ཅན་མི་ཉམས་ཤིང་མངོན་དུ་མི་བྱེད་པའོ།། མངོན་དུ་བྱེད་པའི་སྐལ་པ་ཅན་ནི་གང་མི་གཡོ་བ་མངོན་དུ་བྱིང་པའི་སྐལ་པ་ཅན་ནོ།། ་མི་གཡོ་བ་ནི་གང་གིས་མི་སྐྱེ་བའི་ཡེ་ཤེས་སྐྱེད་པའོ།། མི་གཡོ་བའི་ཆོས་ཅན་དེ་ཡང་རྣམ་པ་གསུམ་ཏེ་འདི་ལྟར། ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་གྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། གལ་ཏེ ་མི་གཡོ་བ་ཇི་ལྟ་བུ་ཞེ་ན་བརྗོད་དེ། ཉོན་མོངས་པ་མི་སྐྱེ་བར་ཤེས་པ་མི་གཡོ་བ་ནི་ཉན་ཐོས་ཀྱིའོ།། ཀུན་ནས་ཉོན་མོངས་པ་དང་ཐེ་ཚོམ་མི་སྐྱེ་བར་ཤེས་པ་མི་གཡོ་བ་ནི་རང་རྒྱལ་བྱང་ཆུབ་གྱིའོ།། ཀུན་ནས་ཉོན་མོངས་པ་ཐེ་ཚོམ་མི་སྐྱེ་བར་ཤེས་པ ་མི་གཡོ་བ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་སོ།། དེ་རྣམས་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་འབྲས་བུ་ལ་ཡོངས་སུ་ཉམས་པ་ཡིན་གྱི་དགྲ་བཅོམ་གཞན་ནི་མ་ཡིན་ནོ།། དེ་ཡང་རྟོགས་པའི་ཁྱད་པར་ལས་ཏེ་སྙོམས་པོར་འཇུག་པའི ་ཁྱད་པར་ལས་ཞེས་བརྗོད་པ་དེ་ལས་ཡོངས་སུ་ཉམས་པར་འགྱུར་བའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ལས་ཀྱང་ཡོངས་སུ་ཉམས་པ་མ་ཡིན་ཏེ། ཀུན་ནས་སྙེལ་བ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ།། གལ་ཏེ་ལུང་ལས ་འབྲས་བུ་བཞི་བརྗོད་དེ། འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའོ།། འདིར་འབྲས་བུ་ལ་མང་དུ་བཤད་པ་འགལ་ལོ་ཞེ་ན། ་བརྗོད་དེ། འགལ་སྡེ་མེད་དེ། ཅིག་ཤོས་རྣམས་ནི་འབྲས་བུ་བཞིའི་ཁྱད་པར་ཡིན་འདོད་པས། འབྲས་བུ་རྣམས་ནི་མང་པོར་འགྱུར་མིན་ཁྱད་པར་ཉེར་སྐྱེ་ཉིད། ཞེས་སོ།། གང་གི་ཚེ་དེ་ལྟ་ན་འབྲས་བུ་གང་གི་ཁྱད་པར་གང་ཡིན་ཞེ་ན།། ་རྒྱུན་ཏུ་ཞུགས་པའི་ཁྱད་པར་ནི་རིགས་ནས་རིགས་སོ།། ས་བོན་གཅིག་པ་ནི་ལན་ཅིག་ཕྱིར་འོང་བའི་འོ།། གཟུགས་ཀྱི་ཁམས་སུ་ཕྱིར་མི་འོང་བའི་ཁྱད་པར་ལྔ་ནི། འདི་ལྟ་སྟེ། གོང་དུ་འཕོ་བ་དང་། འདུ་བྱེད་དང་བཅས་པར་ཡོངསུ ་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདབ་པ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་དང་། བྱར་དོར་མྱ་ངན་ལས་འདབ་པའོ།། གཟུགས་མེད་པའི་ཁམས་སུ་བར་དོར་མྱ་ངན་ལས ་འདའ་བ་སྤངས་ཏེ་བཞི་པོ་དེ་ཉིད་དོ་ཞེས་ཁྱད་པར་དགུའོ།། དགྲ་བཅོམ་པ་རྣམ་པ་དྲུག་ནི་སྔོན་བཞིན་ནོ།། དེས་ན་མཐོང་ལམ་གྱི་སྤང་བྱ་ཉོན་མོངས་པ་སྤངས་པ་ལ་རྫོགས་པའི་སངས་རྒྱས་དང་། རང་སངས་རྒྱས་རྣམས་ལ ་ཁྱད་པར་མེད་དོ།། དེ་སྲིད་དུ་འདི་ནི་འཕགས་པའི་ལམ་གྱི་མངོན་པར་རྟོགས་པའི་རིམ་པའོ།། རྣལ་འབྱོར་པ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་ན་སྤྱོད་པའི་སྒོམ་བས་སྤང་བར་བྱ་བའི་ཉོན་མོངས་པ་ཕྱོགས་ཅིག་སྤངས་ཏེ། ་མཐོང་བའི་ལམ་གྱིས་མཐོང་བས་སྦྱང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་བཅུ་གསུམ་པ་འབྲས་བུའི་སེམས་ལ་ལན་ཅིག་ཕྱིར་འོང་བ་ཡིན་ནོ།། ཕྱོགས་འདི་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ ་དང་། རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་ཏུ་ཞུགས་པ་དྲུག་ནི་མེད་དོ།། དེ་བཞིན་དུ་འདོད་པའི་ཁམས་པའི་སྒོམ་པས་སྤང་བར་བྱ་བླ་མ་ལུས་པ་སྤངས་ཏེ། དེ་ཁོ་ན་བཞིན་དུ་མཐོང་བས་སྤང་བར་བྱ་བའི་ཉོན ་མོངས་པ་སྤངས་ནས་བཅུ་གསུམ་པོའི་སེམས་ཕྱིར་མི་འོང་བར་འགྱུར་རོ།། ཕྱོགས་འདི་ལ་ལན་ཅིག་ཕྱིར་འོང་བ་དང་ས་བོན་གཅིག་པ་མེད་དོ།། དེ་བཞིན་དུ་འདོད་པའི་ཁམས་པ་དང་གཟུགས་ཀྱི་ཁམས་པ ་ངག་གི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་ཁམས་གཉིས་ལ་ཆགས་བྲལ་དུ་གྱུར་པ་ཉིད་དེ་ཁོ་ན་བཞིན་དུ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་ནས་བཅུ་གསུམ་པའི་སེམས་ལ་ཕྱིར་མི་འོང་བར་འགྱུར་རོ།། ། ་ཕྱོགས་འདི་ལ་གཟུགས་ཁམས་ཀྱི་ཕྱིར་མི་འོང་བ་ལྔ་པོ་མང་ངོ་།། འདོད་པའི་ཁྱམས་སུ་བར་མ་དོར་མྱ་ངན་ལས་འདའ་བ་སྤངས་ཏེ། ལྷག་མ་ལུས་པ་ནི་ཕྱིར་མི་འོང་བ་བཞི་ཉིད་དོ།། ངས་ན་ཕྱི་རོལ་གྱི་ལོམ་གྱིས་ཁམས་གཉིས ་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ཉིད་དོ།། གཟུགས་མེད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བར་ནུས་པ་ནི་མ་ཡིན་མོ།། ཆོས་དེ་ལྟ་བུ་ཡིན་པས་སོ།། འཕགས་པའི་ལམ་གྱི་ནི་ཁམས་གསུམ ་ཀའི་སྤོང་བའོ།། ཞེས་རྣམ་པར་བཞག་པ་ནི་ལུགས་བཟང་པོའོ།། འདི་ནི་སྲིད་ཉན་ཐོས་ཀྱི་སྒོམ་པའི་ལམ་གྱིས་ཉོན་མོངས་པ་སྤོང་བའི་ཚུལ་ལོ།། རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཡང་ཕྱི་རོལ་གྱི་ལམ་གྱིས་འདོད་པ་དང་གཟུགས ་དག་ན་སྤྱོད་པ་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ནས། དེའི་རྗེས་སུ་མཐོང་བའི་ལམ་གྱིས་མཐོང་བས་སྤང་བ་ཉོན་མོངས་པ་སྤངས་ཏེ། འཕགས་པའི་ལམ་གྱིས་གཟུགས་མེད་པ་ན་སྤྱོད་པ་རྣམས་སྤངས་ཏེ་རང་སངས་རྒྱས ་ཀྱི་བྱང་ཆུབ་མངོན་དུ་བྱེད་དོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་སྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་དགའ་ལྡན་དུ་གནས་པ་ལ་སོགས་པ ་བགྱིས་ཏེ། བྱང་ཆུབ་སྙིང་པོ་ལ་བཞུགས་ཏེ་ལྷའི་བུའི་བདུད་བཏུལ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་རྣམ་པར་གཟིགས་ནས། བཟོད་པ་སྤྱད་པ་ལ་སོགས་པ ་རྫོགས་པར་བྱས་ཏེ། ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་ནས་སེམས་བཅུ་གསུམ་པ་ལ་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤུངས་པས་འདོད་པའི་འདོད་ཚོགས་དང་བྲལ་བའོ།། ། ་བཅུ་བཞི་པ་ལ་གཟུགས་ན་སྦྱོང་བ་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་པས་གཟུགས་ལ་ཆགས་པ་དང་བྲལ་བའོ།། སེམས་བཅོཾ་ལྔ་པ་ལ་གཟུགས་མེད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤུངས་པས ་གཟུགས་མེད་པའི་ཁམས་སུ་ཚོགས་པ་དང་བྲལ་བྱ་བགྱིས་ནས། སེམས་བཅུ་དྲུག་པ་ནི་བཙལ་བྱ་ཡིན་པས་ལམ་མོ།། མི་སློབ་པ་འབྲས་བུའི་གནས་སྐབས་ཏེ་རྟོགས་པའི་ཁྱད་པར་ཐམས་ཅད་ཐོབ་པ་དགྲ་བཅོམ་པ་ཉིད་ཐོབ་པའི ་སེམས་སོ།། དེ་ཀུན་ཏུ་སྒྲུབས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།། ཞེས་སོ།། མངོན་པར་རྟོགས་པའི་ཤེས་པ་བཅུ་གཉིས་པ་དང་བཅུ་གསུམ་པ་ལ་སོགས་པའི་སེམས་བཞི་དང་སྟེ་བཅུ་དྲུག་གིས་སངས ་རྒྱས་ཉིད་དུ་རྣམ་པར་གནས་སོ་ཞེས་སོ།། ཡང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན།། རྡོ་རྗེ་ལྟ་བུའི་སེམས་ཀྱི་ཆས།། ཟག་པ་ཐམས་ཅད་སྤོང་ནུས་ཀྱང་།། མི་སྲིད་ཕྱིར་ན་དེ་དེས་མིན།། ཞེས་གསུངས་སོ།། འདིའི་དོན་ནི། རྡོ་རྗེ ་སྣ་ཐུན་ཏིང་ངེ་འཛིན་དང་ལྡན་པ་ནི་དེ་བཞིན་གཤེགས་པའོ།། སེམས་ཀྱི་ཆས་ཅེས་བྷཱ་ནཱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཀྱི་སྐྱེ་བའི་ཆ་ཤས་ཀྱིས་སོ།། ཟུག་པ་ཐམས་ཅད་ཞེས་པ་ནི་ཉོན་མོངས་པའོ།། ནུས་ཞེས་པ་ནི་དོན་བྱེད་པའོ།། ་དེ་དེས་མིན་ཞེས་པ་ནི་དེ་ལྟ་མོད་ཀྱི་མི་སྦྱོང་ཞེས་པའི་དོན་ཏོ།། གང་ལས་ཞེ་ན། མྱི་སྲིད་པའི་ཕྱིར་རོ་ཞེས་སོ།། འོ་ན་མི་སྲིད་པའི་དོན་གང་ཞེ་ན་བརྗོད་དེ། གཞན་གྱིས་གཞན་མིན་གྲོམས་པ་ལས།། གཅིག་གིས་སྤྲིང་མིན་ཁམས་གཉིས་ཀྱི ་སྐལ་མི་མཉམ་མིན་དེ་ཡི་ཕྱིར། སངས་རྒྱས་སྐད་ཅིག་བཅུ་དྲུག་ཉིད། ཞེས་སོ།། འདིའི་དོན་ནི་གང་ལས་གཞན་གྱིས་སྤོང་བ་ནི་མ་ཡིན་ནོ།། དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ནུས་ཀྱང་གཞན་གྱི་རྒྱུད་ཀྱིས་ཉོན་མོངས་པ་པཾ་སེལ ་བ་ནི་མ་ཡིན་ནོ།། འོ་ན་སེམས་ཀྱི་ཆ་ཤས་གཅིག་གིས་རང་རྒྱུད་ཀྱི་སེལ་ལམ་ཞེ་ན་བརྗོད་དེ། གོམས་པ་ལས་གཅིག་གོས་ཁམས་གཉིས་ཀྱི་སྤོང་བ་ནི་མྱ་ཡིན་ནོ།། གང་ལྔས་གོམས་པ་ཡིན་ཀྱང་སེམས་གཅིག་གིས་ཁམས ་གཉིས་ཀྱི་སྒོམ་པས་སྤང་བར་བྱ་བ་སྤོང་བ་ནི་མི་སྲིད་དོ།། དེ་བཞིན་དུ་སྒོམ་བྱའི་ཡུམ་གྱིས། སྐལ་བ་མི་མཉམ་པ་སྟེ་མཐོང་བསྟྲ་སྤང་བར་བྱ་བྱ་ཉོན་མོངས་པ་སྦྱོང་བ་ནི་མི་སྲིད་དོ།། དེའི་ཕྱིར་ཞེས་པ་ནི་མི་སྲིད་པའི་ཕྱིར་རོ།། ་སངས་རྒྱས་ཉིད་སྐད་ཅིག་བཅུ་དྲུག་སྟེ་བཅུ་གསུམ་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། འོ་ན་མཐོང་བས་སྤང་བར་བྱ་བ་ཡང་ཕྱི་རོལ་གྱི་ལམ་གྱིས་སྤོང་ངམ་ཞེ་ན་བརྗོད་དེ། འཕགས་པ་ནི་ལོ་མ་གཉི་ག་དང་འདོད་པས་སྡུས་པ ་དང་གཟུགས་ཀྱིས་བསྡུས་པ་སྒོམ་པས་བླང་བར་བྱ་བ་སྤོང་བའོ།། འཕགས་པ་མ་ཡིན་པ་ཡང་ཕྱི་རོལ་གྱི་ལམ་གྱིས་འདོད་པས་བསྡུས་པ་བསྒོམ་པས་སྤང་བར་བྱ་བ་དང་གཟུགས་ཀྱིས་བསྡུས་པ་སྒོམ་པས ་སྤང་བར་བྱ་བ་སྟོང་བྱའོ།། གཟུགས་མེད་པས་བསྡུས་པ་ནི་མ་ཡིན་ཏེ། དེ་ནི་འཕགས་པའི་ལམུ་ཉིད་ཀྱིས་སྤང་བ་ཡིན་པའི་ཕྱིར་རོ།། འོ་ན་ཕྱི་དང་འཕགས་པའི་ལམ་དྲུག་རྣམ་པའི་ཁྱད་པར་གང་ཞེ་ན། བརྗོད་དེ། ཞི་བ་དང་རགས ་པའི་རྣམ་པ་ནི་ཕྱི་རོལ་གྱི་ལམ་མོ།། འདི་ལྟར། འདོད་པའི་ཁམས་ནི་རགས་པའོ་ཞེས་པ་ནི་རིགས་པའི་རྣམ་པའོ།། གཟུགས་ཀྱི་ཁམས་ནི་ཞི་བའོ་ཞེས་པ་ནི་ཞི་བའི་རྣམ་པའོ།། ཞེས་པ་ལ་སོགས་པ་སྟེ་ཕྱི་རོལ་གྱི་ལམ་ལ་རྣམ་པ ་མང་ངོ་།། འཕྱགས་པའི་ལམ་ནི་རྣམ་པ་བཞི་སྟེ་འདི་ལྟར། མི་རྟག་པའི་རྣམ་པ་དང་། རྒྱུ་ཉིད་ཀྱི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། ངེས་པར་འབྱིན་པའི་རྣམ་པའོ།། འདི་ནི་དེ་མ་ཐག་ཏུ་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ།། ། ་ཡང་། དད་རྩོན་དྲན་པ་ཤེས་རབ་དང་། ཏིང་འཛིན་ལ་སོགས་མངོན་འགྲོ་བའོ།། ལམ་ནི་ཟག་པ་ཀུན་སྤོང་བ།། གང་གིས་སྟོང་པའི་ཕྱིར་རྒོལ་རྣམས།། ཞེས་གསུངས་པའི་ལམ་འདི་ནི་འཕགས་པའི་ལམ་མོ།། གང་གིས་ཞེས ་པབ་ནི་འཕགས་པའི་ལམ་གྱིས་སོ།། སྟོང་པ་ཞེས་པ་ནི་མ་ཚང་བའོ།། ཕྱིར་རྒོལ་ཞེས་པ་ནི་ཕྱི་རོལ་པའི་གྲོལ་བས་མངོན་པར་ང་རྒྱལ་བ་དབང་ཕྱུག་ལ་སོགས་པ་དང་། དྲང་སྲོང་བྱ་ས་དང་བ་ཤི་སྟ་ལ་སོགས་པ་རྣམས་སོ།། ། ་དེ་ལྟར་ཡང་ལམ་རྣམ་པ་གཉིས་ཀྱིས་ཀྱང་འདོད་ཁམས་ལ་ཆགག་བྲལ་བ་ནི་གཟུགས་ཁམས་ཐམས་ཅད་དུ་སྐྱེ་སྟེ། ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པའི་སེམས་ཅན་ནི་མི་རྟོགས་སོ།། འཕགས་ཕྱིར་མི་འོང་བ་དེ་ཉིད་གང་གང་གི ་ཚེ་གཟུགས་ཁམས་ལ་ཆགས་པ་དང་བྲལ་བ་ཐོབ་པ་དེའི་ཚེ་གཟུགས་མེད་པའི་ཁམས་སུ་ཉེ་བར་སྐྱེའོ།། འོ་ནི་གཟུགས་མེད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་འཕགས་པ་འདི་ཇི་ལྟར་ཞེ་ན། བརྗོད་དེ། དེ་ལྟར་ཡང ་རབ་ཏུ་འབར་བའི་ལྕགས་ཀྱི་གོང་བུ་ནི་ཤིན་ཏུ་ཆེས་ཆེ་བའི་བུད་ཤིང་དུབཅུག་པ་ནཱ། བུད་ཤིང་དེ་རྣམས་མ་ལུས་པར་སྲེགས་ཏེ་ཐལ་བར་གྱུར་པ་ཡང་བུད་ཤིང་གི་ཀུན་ཏུ་ཚ་བ་ཉིད་རིམས་ཀྱིས་བསིལ་བར་འགྱུར་རོ།། དེ་བཞིན་དུ ་འཕགས་པ་ཉན་ཐོས་ལྕགས་ཀྱི་གོང་བུ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་ལམ་གྱི་མེ་ཀུན་ཏུ་འབར་བ། ཉོན་མོངས་པའི་བུད་ཤིང་ཕུང་པོ་ཆེས་ཡང་ཆེ་བ་མཐོང་བ་སྒོམ་པས་སྤང་བར་བྱ་བར་བཅུག་པ་ན། དེ་རྣམས ་མ་ལུས་པ་མཐའ་ཐུག་པ་བསྲེགས་ནས་ཉོན་མོངས་པའི་བུད་ཤིང་རབ་ཏུ་ཞི་བ་ཡང་ཀུན་ཏུ་འབར་བ་ཉིད་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས་པ་མི་སློབ་པའི་ལམ་གྱི་མེའི་ལྷག་མ་ཡིན་པས ་སོ།། རིམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་མ་ལུས་པ་ཉེ་བར་ལོངས་སྤྱད་ནས་རང་གི་ལུས་བོར་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བ་བགྲོད་པས་བསིལ་བར་འགྱུར་བའོ།། རབ་ཏུ་འབར་བའི་ལྕགས་གོང ་བཞིན། ཉོན་མོངས་བུད་ཤིང་ཀུན་སྲེགས་པས།། དགྲ་བཅོམ་ལྷག་བཅས་ལ་གནས་པ། རིམ་གྱིས་བསིལ་བར་འགྱུར་བའོ།། དེ་ཚེ་ཕུང་པོ་མེད་པ་ཡིའང་།། དེ་ཡི་སྔོན་མ་འང་འགག་འགྱུར་ཏེ།། སྡུག་བསྔལ ་གཞན་ནི་མི་སྐྱེ་སྟེ།། རྒྱུ་རྣམས་ཡང་དག་ཟད་ཕྱིར་རོ།། ཞེས་གསུངས་སོ།། གལ་ཏེ་གང་གི་ཚེ་དེ་ལྟར་ཕུང་པོ་ལྷག་ལ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་ན། ཅི་ལྷ་འམ་མི་འམ་གཞན་ཞེས་ཇི་ལྟར་ཐ་སྙད་བྱ་ཞེ་ན ་བརྗོད་དེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་གྱི་རྒྱུ་རྣམས་རབ་ཏུ་ཞི་བས་ཉེ་བར་ལེན་པ་མེད་པའི་ཕྱིར་འགྲོ་བ་དྲུག་དུ་གནས་པ་མེད་དོ།། འགྲོ་བ་མེད་པས་ཐ་སྙད་ཐམས་ཅད་ལྡོག་པ་ཡིན་ནོ།། ལྷ་དང ་མི་ཞེས་པ་ལྔ་སོགས་པ་ཐ་སྙད་གྲི་རྟེན་ནི་འགྲོ་བ་ཡིན་ནོ།། དེའི་ཕྱིར་འགྲོ་བ་ཐམས་ཅད་མེད་པས་འདི་འམ་གཞན་ཞེས་པའི་ཐ་སྙད་ནི་གྲོལ་བ་འདི་ལས་ལྡོག་པའོ།། དཔེར་ན་མེའི་སྲེག་བྱེད་ལ་སོགས་པའི་ཐ་སྙད་ཐམས ་ཅད་ཀྱི་རྟེན་ནི་བུད་ཤིང་ངོ་།། དེ་བཞིན་དུ་ཉེ་བར་ལེན་པ་དང་བཅས་པའི་གང་ཟག་ལ་ཐ་སྙད་ཐམས་ཅད་ཡིན་ནོ།། ཉེ་བར་ལེན་པ་མེད་པ་ནི་མ་ཡིན་ནོ།། ཡང་། ཐེ་སྙད་བྱ་བ་མ་ལུས་པ།། དེ་ཡི་རྟེན་ནི་འགྲོ་དངོས་སོ།། འགྲོ་བ་མེད ་ཕྱིར་ལྡོག་པ་སྟེ།། བུད་ཤིང་ཟད་པའི་མ་བཞིན་ནོ།། ཞེས་གསུངས་སོ།། འདི་ལྟར་ཡང་དེ་ཉིད་ཀྱིས་ན་འདི་ནི་གཅིག་ཉིད་དམ་གཞན་ཉིད་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ།། སེམས་ཅན་མ་ཡིན་སེམས་ཅན་མ་ཡིན ་པ་མ་ཡིན་ཐམས་ཅད་དུ་གྲངས་ལས་འདས་པའོ།། མྱ་ངན་ལས་འདས་པ་རྣམས་ལ་ཐམས་ཅད་དུ་ཐ་སྙད་མེད་པ་ཅི་ཞེ་ན། བརྗོད་དེ། ཐ་སྙད་ཡོད་དེ། འོན་ཀྱང་ཉེ་བར་ལེན་པའི་ཐ་སྙད་ཀྱིས་ཐ་སྙད་བྱར་མེད་དོ།། ཉེ་བར་ལེན་པ་མེད་པའི ་ཐ་སྙད་ཀྱི་ཐ་སྙད་དུ་བྱའོ།། ཉེ་བར་ལེན་པ་མེད་པའི་ཐ་སྙད་ནི་གསུངས་ཏེ། དེ་ཡང་། གྲོལ་བ་ཞི་བ་བདུད་རྩི་སོནྡེ།། སྐྱོན་མེད་ཡོངས་སུ་མྱ་ངན་འདས།། སངས་རྒྱས་བདེ་གཤེགས་སྐྱོབ་པ་རྣམས།། དེ་ཚེ་བརྗོད་ཀྱི་གཞན་དུ་མིན།། ་ཞེས་སོ།། འདིར་མདོར་བསྡུས་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། བག་ལ་ཉལ་དང་། བག་ལ་ཉལ་མ་ཡིན་པའོ།། དེ་ལ་བག་ལ་ཉོལ་ཇི་ལྟ་བུ་བག་ལ་ཉལ་མ་ཡིན་པ་ཇི་ལྟར་ཞེ་ན། བརྗོད་དེ། བརླན་ཅན་རས་ཀྱི་རྡུལ་བཞིན་དུ།། ། ་བག་ལ་ཉལ་འདི་རྣམས་ཁམས་གསུམ་དུ་ཤིན་ཏུ་རྟེན་པར་རྗེས་སུ་ཐིམ་ཞིང་འབྲེལ་པར་འགྱུར་བས་བག་ལ་ཉལ་ཞེས་བརྗོད་དོ།། ཡང་། ཁམས་གསུམ་དུ་བག་ལ་ཉལ་བ་དང་།། འབྲེལ་ཕྱིར་བག་ལ་ཉལ་ཞེས་བརྗོད་དོ།། ། ་ཞེས་གསུངས་སོ།། བག་ལ་ཉལ་མ་ཡིན་པ་ནི་ཉོན་མོངས་པ་ཉིད་ཡིན་ཏེ། ཀུན་ནས་དཀྲིས་པ་ཙམ་ཡིན་པས། དེ་བཞིན་དུ་བག་ལ་ཉལ་བ་ནི་མ་ཡིན་ནོ།། དེའི་ཕྱིར་བག་ལ་ཉལ་མ་ཡིན་པ་ཞེས་བྱའོ།། བག་ལ་ཉལ་ནི་ཡང ་གང་ལས་དེ་བཞིན་དུ་རྗེས་སུ་ཉལ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ།། དེས་ན་དེ་ནི་རྣམ་པ་གཉིས་ཡིན་ཏེ་འདི་ལྟར། སེམས་དང་ལྡན་པ་དང་། སེམས ་དང་མི་ལྡན་པ་དང་། ཡང་། དེ་ནི་སེམས་དང་ལྡན་པ་དང་། མི་ལྡན་དྲུག་པུ་ཤེས་པར་བྱ།། ཞེས་གསུངས་སོ།། འོ་ན་སེམས་དང་ལྡན་པའི་དོན་ཅི་ཡིན་ཞེ་ན། བརྗོད་དེ། དཔེར་ན་གྲོག་མཁར་གི་རྟེན་པའི་མཐའ ་ནི་རྣམ་པར་རྟེན་པ་སྦྱང་དཀའ་བ་གློག་མ་རྣམས་ཀྱི་གནས་རང་གི་མཁར་མཐོ་བའི་རྒྱུ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ལྡན་པའི་བག་ལ་ཉལ་ནི། དེ་ནི་རྣམ་པར་རྟེན་པ་སྤྱང་དཀའ་བ་ཉེས་པ་འབྱུང་བ་རྣམས ་ཀྱི་ས་བོན་དུ་གྱུར་པའོ།། གང་གི་ཉོན་མོངས་པ་ཅན་སྤངས་པ་མ་ཡིན་པའི་སེམས་ཀྱང་བརྒྱལ་བ་དང་གཉིད་འཐུག་པོ་ལོག་པ་ཡང་སེམས་མེད་པའི་གཉིད་ཀྱིས་ནོན་པ་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག ་པ་ལ་ཞུགས་པ་ཡང་འདུ་ཤེས་མེད་པའི་སེམས་ཅན་ཀྱང་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་ཞུགས་པ་ཡང་། དེ་རྣམས་ནི་མི་ལྡན་པའི་བག་ལ་ཉལ་དང་བཅས་པ་ཡིན་པར་བཤད་དོ།། དཔེར་ན་གྲོག ་མཁར་རྣམས་ཀྱི་རྩེ་མོ་ནི་རྣམ་པར་མི་རྟེན་པ་སྦྱང་སླ་བ་རང་གི་རྟེན་ལས་ཀུན་ཏུ་གཞེངས་པ་དེ་བཞིན་དུ་མཚུངས་པར་ལྡན་པའི་བག་ལ་ཉལ་འམ། ཉོན་མོངས་པ་གཞན་ནམ་ཉེ་བའི་ཉོན་མོངས་པ་ལ་སོགས་པ་རྣམས་ནི་རྣམ ་པར་མི་རྟེན་པ་ཀུན་ཏུ་སྤྱོད་པ་ཙམ་དང་སྦྱང་སླ་ང་གི་རྟེན་དུ་རྟོགས་པའི་སོ་བོན་ཏུ་གྱུར་པར་རིག་པར་བྱའོ།། ཡང་། མི་ལྡན་པའི་ལྷག་བརྟེན་དོན།། གྲོག་མཁར་རྣམས་ཀྱི་སྟེང་བཞིན་འདོད།། ཞེས་གསུངས་སོ།། དེ་བཞིན ་དུ་ལྡན་པ་ཀུན་ཏུ་སྤྱོད་པ་ཙམ། གོ་བྱ་གྲོག་མཁར་ཅོག་བཞིན་ནོ།། ཞེས་སོ།། གལ་ཏེ་དེ་ལྟར་མི་ལྡན་པའི་བག་ལ་ཉལ་ནི་རྟག་ཏུ་ཡོད་པ་ཉིད་ཡིན་ན་ཅི་ཀུན་ནས་དཀྲིས་པ་རྟག་ཏུ་འབྱུང་བ་མ་ཡིན་ཞེ་ན་བརྗོད་དེ། ཉོན་མོངས་པའི ་རྒྱུ་ནི་གསུམ་སྟེ་འདི་ལྟར། ཡུལ་དང་ཡུལ་ཅན་འཕྲད་པ་དང་། མི་ལྡན་པའི་བག་ལ་ཉལ་མ་སྦེངས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ།། གང་ལས་འདི་གསུམ་ནི་ཉོན་མོངས་པའི་རྒྱུ་ཚང་བའོ།། རྒྱུ་རྣམས ་ཀྱི་འཚོགས་པ་ནི་རེས་འགའ་བ་ཡིན་པས་ཀུན་ནས་དཀྲིས་པ་དུས་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ།། ཡང་། ཡུལ་ནི་ཡུལ་ཅན་གྱིས་ཐོབ་དང་།། མི་ལྡན་བག་ཉལ་རྟེན་པ་དང་།། ཚུལ་བཞིན་མ་ཡིན་ཡིད་བྱེད་དང་།། ་གསུམ་ནི་ཉོན་མོངས་རྒྱུ་ཡིན་ནོ།། ཞེས་གསུངས་སོ།། གལ་ཏེ་འཕགས་པའི་ལཾ་འམ་ཕྱི་རོལ་གྱི་ལམ་གྱིས། ཅི་མཚུངས་པར་ལྡན་པ་སྤོང་ངམ་མི་ལྡན་པ་སྤོང་ཞེ་ནི་བརྗོད་དོ།། མི་ལྡན་པ་རྣམས་སྤོངས་ཏེ། ལྡན་པའི་ས་བོན་གྱི ་གནས་ཡིན་པས་དང་སྒྲུབ་དཀའ་བའི་ཕྱིར་དང་རྣམ་པར་བརྟན་པའི་ཕྱིར་རོ།། དེ་རྣམས་སྤངས་པ་ལས་མཚུངས་པར་ལྡན་པར་ཉིད་སྤོང་བའོ།། ས་བོན་ཟད་པ་ལས་མྱུ་གུ་རྣམས་བཞིན་ནོ།། པཎྜི་ཏ་ཆེན་པོ་སྟོབས་བཅུ ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདས་མ་བྱས་རྣམ་པར་ངེས་པ་ལ་འཕགས་པ་མང་པོས་བསྐུར་བའི་སྡེ་པའི་ལུང་གི་ཚུལ་ལས་འཕགས་པའི་བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི ་ཤུ་རྩ་གཅིག་པའོ།། བྱང་ཆུབ་སེམས་དཔའི་ཐེག་པའི་ལམ་རབ་ཏུ་དབྱེ་བ་ནི་མང་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྟོང་པ་ཉིད་དང་། བསམ་གཏན་དང་། གཟུགས ་མྱེམེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་སྙོམས་པར་འཇུག་པ་རྣམས་དང་། ཟིལ་གྱིས་གནོན་པ་རྣམས་དང་།། ཟད་པར་དང་། ཏིང་ངེ་འཛིན་རྣམས་དང་ཡེ་ཤེས་དང་། དབང ་བྲོ་རྣམས་དང་། ཏིང་ངེ་འཛིན་དང་།། ཚད་མེད་པ་རྣམས་དང་། ནོར་རྣམས་དང་། རྣམ་པར་རྟོག་པ་དང་། སྤྱན་རྣམས་དང་། མངོན་པར་ཤེས་པ་དང་། གཟུངས་དང་། དབང་དུ་གྱུརྱ་པ་ལ་སོགས་པ་རྣམས་དང་། ཚོ་ཪྴ་བ ་སེམ་པ་ལ་སོགས་པའི་འདུ་བྱེད་དང་། འདི་ལྟ་སྟེ། ཚོརེ་བ་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། ལྷག་པར་མོས་པ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན ་དང་། དང་། རྣམ་པ་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། བྲག་ཡོད་པ་དང་། སྐྱོ་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། མི་འཚེ་བ་དང་། ངོ་ཚ་བ་དང་། ཁྲེལ་ཡོད་པ་དང་། རྣམ་པར་གྲོལ་བྱ་དང་། དག ་བའི་རྩ་བ་དང་། ཡེ་ཤེས་དང་། བཟོད་པ་རྣམས་ཏེ་འདི་དག་ལ་སོགས་པའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་ནི་དྲུག་སྟེ། འདི་ལྟར། སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་རྒྱུ་མཚན་གཉིས་ལས་སྦྱིན་པ་འབྱུང་བ་སྟེ། འདི་ལྟར། མཆོད་པའི་ཆེད་དུ་སྦྱིན་པ་དང་། རྗེས་སུ ་འཛིན་པའི་ཆེད་དུ་སྦྱིན་པའོ།། རྒྱུ་བྲི་ཞིས་སྦྱིན་པ་ངན་པར་འགྱུར་ཏེ། འོད་ལྟབ་རྙེད་པ་འདོད་པས་སྦྱིན་པ་དང་། འཇིགས་པས་སྦྱིན་པ་དང་། ཆགས་པས་སྦྱིན་པ་དང་། རྟེན་པའི་དོན་དུ་སྦྱིན་པའོ།། ཡ་བྱིན་པ་རྣམ་པ་གཉིས ་འདི་ལྟར། ཡང་དག་མིནྡེ་པའི་སྦྱིན་པ་དང་། སྣང་དག་པའི་སྦྱིན་པའོ།། དང་པོ་ལ་རྣམ་པ་བདུན་ཏེ། འདྲི་ལྟར། འཇིགས་པའི་སྦྱིན་པ་དང་། བདག་ལ་བྱིན་པའི་སྦྱིན་པ་དང་། བདག་པོ་སྟེར་བར་འགྱུར་བས་སྦྱིན་པ་དང་། བདག ་པ་སྟེར་བར་འགྱུར་བས་སྦྱིན་པ་དཱིང་། བདག་གི་སྔོན་མ་རྣམས་ཀྱིས་བྱིན་པས་རྨྨཱ་ནཱི་བྱཱ་དང་། སྔོན་མ་ཞེ་སྡེ་པ་ནི་ཕྱཝ་དང་མེས་པོ་དང་ཡང་མེསྣ་རྣམས་ཀྱིས་བློན་པོས་སྦྱིན་བུའོ།། བདྨ་འདྲའི་དོན་དུ་སྦྱིན་པ་དང་། གྲགས་པ ་དོན་དུ་སྦྱིན་པདྨོ།། ཡང་དག་པ་ནི་སྦྱིན་པ་ནི་བཞི་སྟེ། འདི་སྟེར། སེམ་སོ་བརྒྱན་པོའི་དོན་དུ་སྦྱིན་པ་དང་། སེམས་ཡོངས་སུ་སྦྱང་བའི་དོན་དུ་སྦྱིན་པ་དང་། རྒྱུར་བ་ཚོགས་ཀྱི་དོནྣ་དུ་སྦྱིན་པ་དང་། དམ་པའི་དོན་ཐོབ་པའི་དོན་དུ ་སྦྱིན་པོའོ།། སྦྱིན་པའི་འབྲས་བུ་ནི་ནོམ་པ་དེཉིས་སྟེ། འདི་ལྟར། གྲོལ་བ་འབྲས་བུ་དང་། ལོངས་སྤྱོད་ཆེན་པོ་འབྲས་ཐུག།། དེ་ལ་ཡོངས་སུ་རྡོ་རྗེ་པ་རྣམ་པ་གཉིས་ཀྱིས་སྦྱིན་པའི་འབྲས་བུ་ནི་ཐར་པ་སྟེ། འདི་ལྟར་མྱ་ངན་པ ་བདའ་བའི་དོན་དུ་བསྔོས་པ་དང་། སེམས་ཅན་གྱི་དོན་དུ་བསྔོས་པའོ།། རྒྱུ་བརྒྱད་ཀྱིས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར་ཏེ། འདི་ལྟར། ཞིང་དང་། དངོས་པོ་དང་། ཡིད་ལ་བྱེད་པ་དང་། བསམ ་པ་དང་། དེ་ལས་གཞན་ཡོངས་སུ་འཛིན་པ་དང་། རྟེན་དང་། མང་དུ་བྱེད་པ་དང་། སྐྱེ་བོ་མང་པོ་ལས་སོ།། དེ་ལ་ཞིང་ཞེས་པ་ཁྱད་པར་བཞིས་འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་ཏེ། འདི་ལྟར། འགྲོ་བའི་ཁྱད་པར་དང་། ་སྡུག་བསྔལ་གྱི་ཁྱད་པར་དང་། ཕན་འདོགས་པ་ཉིད་ཀྱི་ཁྱད་པར་དང་། ཡོན་ཏན་དང་ལྡན་པའི་ཁྱད་པར་རོ།། དེ་ལ་འགྲོ་བའི་ཁྱད་པར་ནི་མཱང་སྟེ། འདི་ལྟར། དུད་འགྲོ་ལ་བྱིན་པས་བརྒྱ་འགྱུར་དང་། ཚུལ་ཁྲིམས་འཆལ ་པར་གྱུར་པའི་མི་ལ་བྱིན་པས་སྟོང་འགྱུར་ཞེས་པ་ལ་སོགས་པའོ།། སྡུག་བསྔལ་གྱི་ཁྱད་པར་གྱི་འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར་བའི་རྒྱུ་མཚན་ནི། ཉེ་བར་ལྷག་པའི་དངོས་པོ་ལས་བྱུང་བའི་བསོད་ནམས་བྱ་བའི ་དངོས་པོ་བདུན་ཏེ། འོད་ལྟར། ཕྱོགས་བཞི་དགེ་སློང་གི་དགེ་འདུན་གྱི་ཚོད་དུ་ཀུན་དགའ་རྭ་བྱ་རྩོམ་པ་དང་། ཀུན་དགའ་ར་བ་དེར་གཙུག་ལག་ཁང་བཞེངས་པ་དང་། གཙུག་ལག་ཁང་དེར་ཉལ་སྟན་ཁྲི་སྟན་སྦྱིན་པོ་དང ་གཙུག་ལག་ཁང་དེར་རྟག་ཏུ་ཟས་སྦྱིན་པ་དང་། གཙུག་ལག་ཁང་དེར་འོང་བ་དང་འགྲོ་བའི་དོན་དུ་སྦྱིན་པ་དང་། གཙུག་ལག་ཁང་དེར་དགེ་སློང་ནད་པའི་ཕྱིར་རམ་ནད་པའི་ཉེ་གནས་ཀྱི་ཕྱིར་སྦྱིན་པ་དང་། གཙུག་ལག་ཁང ་དེར་བསིལ་དུས་དང་སྤྲིན་ཁེབས་དུས་སམ། རླུང་གི་དུས་སམ་ཆར་གྱི་དུས་སུ་ཟས་ལ་སོགས་པ་སྦྱིན་པའོ།། ཕན་འདོགས་པའི་ཁྱད་པར་ནི་གསུམ་སྟེ། འདི་ལྟར། མ་དང་། ཕྱ་དང་། གཞན་ཕན་འདོགས་པའོ།། ཡོན་ཏན་གྱི་ཁྱད་པར་ནི་བརྒྱད ་དེ་འདི་ལྟར། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སློབ་བཞིན་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། བསྙེན་གནས་ཀྱི་སྡོམ་པ་ཅན་ནོ།། ཡོན་ཏན་ཅན་སྦྱིན་གནས་ཀྱི་ཞིང་ནི་རྣམ་པ་བཞི་སྟེ། འདི་ལྟར། ་སངས་རྒྱས་དང་། ཆོས་དང་། འཕགས་པའི་དགེ་འདུན་དང་། གང་ཟག་ཁྱད་པར་ཅན་ནོ།། དངོས་པོ་ཞེས་པ་དངོས་པོ་རྣམ་པ་གཉིས་ཏེ། འདི་ལྟར། དངོས་པོ་གྱིགྱ་ནོམ་པ་དང་། དངོས་པོ་རབ་ཏུ་མང་བའོ།། ཡང་རྣམ་པ་ལྔ་སྟེ། འདི་ལྟར། མདོག ་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་། རེག་བྱ་ཕུན་སུམ་ཚོགས་པ་དང་། དུས་སུ་བདེ་བར་བྱེད་པའོ།། ཡིད་ལ་བྱེད་པ་ལས་འབྲས་བུ་ལོངས་སྤྱོད་ཆེན་པོ་ནི་ལྔ་སྟེ། དད་པས་སྦྱིན་པ་དང་། ་དམ་པར་བྱེད་པས་སྦྱིན་པ་དང་། རང་གི་ལག་ནས་སྟེར་བ་དང་། དུས་སུ་སྦྱིན་པ་དང་། ཉེ་བར་གནོད་པ་མེད་པར་སྦྱིན་པའོ།། བསམ་པ་ལས་འབྲས་བུ་ལོངས་སྤྱོད་ཆེན་པོ་ནི་གཉིས་ཏེ། འདི་ལྟར། མྱ་ངན་ལས་འདས་པའི་བསམ་པས ་སྦྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོ་བའོ།། འདི་ལས་གཞན་སྦྱིན་པ་དམན་པ་ནི་གཉིས་ཏེ། འདི་ལྟར། བདེ་འགྲོའི་དོན་དུ་སྦྱིན་པ་དང་། ལོངས་སྤྱོད་ཀྱི་ཆེད་དུ་སྦྱིན་པའོ།། དེ་ལས་གཞན་ཡོངས་སུ་འཛིན་པས ་སྦྱིན་པ་ནི། དཔེར་ན་སྦྱིན་བྱེ་དྲ་ཚུལ་ཁྲིམས་དང་ལྡན་པས་སྦྱིན་པའོ།། རྟེན་ལས་སྦྱིན་པ་ནི། དཔེར་ན་སྦྱིན་བྱེད་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་དུ་གྱུར་པས་སྦྱིན་པའོ།། ལན་མང་དུ་བྱེད་པས་སྦྱིན་པ་ནི་གཉིས་ཏེ། ་འདི་ལྟར། གང་གི་ཚེ་ཡང་དང་ཡང་དུ་གོམས་པས་སྦྱིན་པ་དང་། ཡང་དང་ཡང་དུ་རྗེས་སུ་རྣམ་པར་བརྟགས་ཏེ་སྦྱིན་པའོ།། སྐྱེ་བོ་མང་པོ་ལས་སྦྱིན་པ་ནི་གཉིས་ཏེ་འདི་ལྟར། རང་གིས་བྱས་པའི་སྦྱིན་པ་དང་། གཞོན་བྱེད་དུ་བཅུག་པའི་སྦྱིན ་པའོ།། འདི་ནི་སྦྱིན་པའི་བྱེ་བྲག་རྣམས་སོ།། ཡང་སྦྱིན་པ་རྣམས་གསུམ་སྟེ་འདི་ལྟར། ཟང་ཟིང་གི་སྦྱིན་པ་དང་མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ།། འདི་རྣམས་སུ་ཐབས་ཀྱི་སྦྱིན་པ་དང་། མཁས་པོའི་སྦྱིན་པ་དག་བསྡུས་ཏེ། ་སྦྱིན་པ་རྣམ་པ་ལྔ་ཞེས་གཞན་དག་གོ།། དེ་ལ་ཟོང་ཟིང་གི་སྦྱིན་པ་ནི་རྣམ་པ་བཞི་སྟེ། འདི་ལྟ། དོན་སྦྱིན་པ་དང་། དོན་མཆོག་སྦྱིན་པ་དང་། ཡན་ལག་སྦྱིན་པ་དང་། ཡན་ལག་མཆོག་སྦྱིན་པའོ།། ཆོས་ཀྱི་སྦྱིན་པ་ནི་རྣམ་པ་གསུམ་སྟེ།། ་འདི་ལྟར། ཆོས་སྟོན་པ་དང་། ཐབས་བཤད་པ་དང་། མཁས་པར་བྱ་བ་ལ་གཞན་སྦྱོར་བའོ།། སྦྱིན་བྱ་མ་ཡིན་པའི་དངོས་པོ་ནི་གསུམ་སྟེ། འདི་ལྟར། ཆང་དང་། དུག་དང་། མཚོན་བྱའོ།། ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། འདི་ལྟར། ་ལུས་ཀྱི་དང་། ངག་གིའོ།། དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ། འདི་ལྟར། སྲོག་གཅོད་པ་ལས་ལྡོག་པ་དང་། མ་བྱིན་པར་ལེན་པ་ལས་ལྡོག་པ་དང་། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པའོ།། ངག་གི་ལས་ལ་རྣམ་པ་བཞི་སྟེ་འདི ་སྦྱ། བདྡྷཱན་སྒྲ་བྱཱ་ལས་ལྡོག་པ་དང་། ཚིག་ཕྲ་མ་ལས་ལྡོགས་པ་དང་། ཚིག་རྩུབ་པོ་ལས་ལྡོག་པ་དང་། ངག་བཀྱིལ་བ་ལས་ལྡོག་པའོ།། ཡང་རྣམ་པ་ལྔ་སྟེ་འདི་ལྟར། སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའི་མཚན་ཉིད་ལྡོག་པའི་ཚུལ ་ཁྲིམས་ཀྱི་ངོ་བོ་སྡོམ་པའི་ཚུལ་ཁྲིམས་དང་། འཇུག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་དགེ་བའི་ཆོས་སྡུད་པར་བྱེད་པའི་ཚུལ་ཁྲིམས་དང་།། སེམས་ཅན་དོནི་བྱེད་པའི་ཚུལ་ཁྲིམས་དང་། ཚོགས་ཀྱི་ཚུལ་ཁྲིམས་དང་། ཀུན་ནས་སློང་བར་བྱེད ་པའི་ཚུལ་ཁྲིམས་སོ།། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་རྣམ་པ་བརྒྱད་དེ། འདི་ལྟར། དགེ་བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་ཚུལ་མའི་སྡོམ་པ་དང་། བར་སློབ་མའི་སྡོམ་པ ་དང་། དགེ་སློང་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པའོ།། ཡང་སྡོམ་པ་རྣམ་པ་ལྔ་སྟེ། འདི་ལྟར། སོ་སོར་ཐར་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་བསྐུར་བའི་སྡོམ་པ་དང་། ་བསམ་གྷཏན་གྱི་སྣོམ་པ་དང་། ཟག་པ་མེད་པའི་སྡོམ་བྱའོ།། ཚོགས་ཀྱི་ཚུལ་ཁྲིམས་ནི་རྣམ་པ་བཞི་སྟེ། འདི་ལྟར། ཉེ་བར་འཚེ་བ་རྣམ་རྟོག་གི་གཉེན་པོ་དབང་བ་རྣམས་སྒྲོ་སྡོམ་པ་དང་། ཉེ་བར་འཚེ་བློ་རྟེན་ལས་སུ་མི་རུང་བའི ་གཉེན་པོ་ཟས་ཀྱི་ཚོད་རིག་པ་དང་། ཉེ་བར་འཚེ་བ་མངོན་པར་མི་བརྩོན་པའི་གཉེན་པོ་སྲིད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་རྗེས་སུ་ལྡན་པ་ཉིད་དང་། ཉེ་བར་འཆི་བ་འགྱོད་པའི་གཉེན་པོ་ཤེས་བཞིན་ལ་གནས་པའོ།། སློང ་བར་བྱེད་པའི་ཚུལ་ཁྲིམས་ནི་སེམས་ལ་བྱུང་བ་སྟེ་རྣམ་པ་གསུམ་མོ།། འདི་ལྟར། བརྣབ་སེམས་ཀྱི་གཉེན་པོ་མ་ཆགས་པའི་རང་བཞིན་བརྣབ་སེམས་མེད་པའོ།། གནོད་སེམས་ཀྱི་གཉེན་པོ་ཞེ་སྡང་མེད་པའི་རང ་བཞིན་མི་གནོད་པའི་སེམས་སོ།། ལོག་པར་ལྟ་བའི་གཉེན་པོ་མ་རྨོངས་པའི་རང་བཞིན་ཡང་དག་པའི་ལྟ་བའོ།། ཚུལ་ཁྲིམས་དྲི་མ་མེད་པ་ནི་དྲུག་ཏེ། འདི་ལྟར། སྐྱོན་མེད་པ་དང་། མ་ཉམས་པ་དང་། མ་འདྲེས་པ་དང་། མ ་ནོགས་པ་དང་།། ཐུན་ཚགས་མ་ཡིན་པ་དང་། རང་དབྱུང་ཅན་ནོ།། གནས་བརྟན་པའི་སྡེ་པ་ཆོས་མངོན་པ་བས་གསུངས་ཏེ། ཚུལ་ཁྲིམས་ནི་གསུམ་སྟེ། འདི་ལྟར། སེམས་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས ་དང་། མི་འདའ་བའི་ཚུལ་ཁྲིམས་སོ།། ཡང་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། འདི་ལྟརྱ། སྡོམ་པའི་དོན་གྱིས་ན་ཚུལ་ཁྲིམས་དང་། སྤོང་བའི་དོན་གྱིས་ན་ཚུལ་ཁྲིམས་སོ།། དེ་ལ་སྡོམ་པའི་དོན་གྱིས་ན་ཚུལ་ཁྲིམས ་ནི་བཞི་སྟེ། འདི་ལྟ་སྟེ། རྣམ་པར་ལྡོག་པའི་ཚུལ་ཁྲིམས་དང་། སེམས་པའི་ཚུལ་ཁྲིམས་དང་། ཡང་དག་པར་བསྡམས་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་སོ།། སྲིང་བའི་དོན་གྱིས་ན་ཚུལ་ཁྲིམས་ནི། ་རྣམ་པ་སུམ་ཅུ་རྩ་བདུན་ཏེ། འདི་ལྟར། ངེས་པར་འབྱུང་བས་འདོད་པ་ལ་འདུན་པ་སྤངས་པའི་ཚུལ་ཁྲིམས་དང་། གནོད་སེམས་མེད་པས་གནོད་སེམས་སྤངས་པའི་ཚུལ་ཁྲིམས་དང་། སྣང་བའི་འདུ་ཤེས་ཀྱི ་རྨུགས་པ་དང་གཉིས་སྤངས་པའི་ཚུལ་ཁྲིམས་དང་། མཱི་གཡེང་བས་རྒོད་པ་སྤངས་པའི་ཚུལ་ཁྲིམས་དང་། ཆོས་རྣམ་པར་བཞག་པས་ཐེ་ཚོམ་སྤངས་པའི་ཚུལ་ཁྲིམས་དང་། ཡེ་ཤེས་ཀྱིས་མ་རིག་པ་སྤངས་པའི་ཚུལ་ཁྲིམས ་དང་། རབ་ཏུ་དགའ་བས་མི་དགའ་བ་སྤངས་པའི་ཚུལ་ཁྲིམས་དང་། བསམ་གཏན་དང་པོས་སྒྲིབས་པ་རྣམས་སྦྱངས་པའི་ཚུལ་ཁྲིམས་དང་། བསམ་གཏན་གཉིས་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་རྣམས་སྤངས་པའི ་ཚུལ་ཁྲིམས་དང་། བསམ་གཏན་གསུམ་པས་དགའ་བ་སྤངས་པའི་ཚུལ་ཁྲིམས་དང་། བསམ་གཏན་བཞི་པས་བདེ་བ་སྡུག་བསྔལ་དག་སྤངས་པའི་ཚུལ་ཁྲིམས་དང་། ནམ་མཁའ་མཐའ་ཡས་ལ་སྙོམས་པར་འཇུག་པས ་གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་དང་། ཐ་དད་པའི་འདུ་ཤེས་རྣམས་སྤངས་པའི་ཚུལ་ཁྲིམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ ་ས་སྦྱངས་པའི་ཚུལ་ཁྲིམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སྤོངས་པའི་ཚུལ་ཁྲིམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ ་སྙོམས་པར་འཇུག་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས་དང་། མི་རྟག་པ་རྗེས་སུ་མཐོང་བས་རྟག་པའི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས་དང་། སྡུག་བསྔལ་རྗེས་སུ་མཐོང་བས་བདེ་བའི ་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང་། བདག་མེད་པ་རྗེས་སུ་མཐོང་བས་བདག་གི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང་། ཡིད་འབྱུང་རྗེས་སུ་མཐོང་བས་དགའ་བ་སྟོང་བའི་ཚུལ་ཁྲིམས་དང་། ཆགས་བྲལ་རྗེས་སུ ་མཐོང་བས་ཆགས་པ་སྤོང་བའི་ཚུལ་ཁྲིམས་དང་། འགོག་པ་རྗེས་སུ་མཐོང་བས་ཀུན་འབྱུང་སྤོང་བའི་ཆུལྔ་ཁྲིམས་དང་། སོ་སོར་སྤོང་བ་རྗེས་སུ་མཐོང་བས་ཉེ་བར་ལེན་པ་སྤོང་བའི་ཚུལ་ཁྲིམས་དང་། ཟད་པ་རྗེས་སུ་མཐོང་བས ་སྡུག་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང་། འགག་པ་རྗེས་སུ་མཐོང་བས་ཀུན་ཏུ་འདུ་བྱེད་པ་སྤོང་བའི་ཚུལ་ཁྲིམས་དང་། ཡོངས་སུ་འགྱུར་བ་རྗེས་སུ་མཐོང་བས་བརྟན་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང་། མཚན ་མཱ་མེད་པ་རྗེས་སུ་མཐོང་བས་མཚན་མའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང་། སྨོན་པ་མེད་པོ་རྗེས་སུ་མཐོང་བས་སྨོན་པ་སྤོང་བའི་ཚུལ་ཁྲིམས་དང་། སྟོང་པ་ཉིད་རྗེས་སུ་མཐོང་བས་བདག་ཏུ་མངོན་པར་ཞེན་པ་སྤོང་བའི་ཚུལ ་ཁྲིམས་དང་། ལྷག་པའི་ཤེས་རབ་ཀྱི་ཆོས་རྣམས་ངེས་པར་མཐོང་བས་དཔའི་ཞུམ་པའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང་། ཡང་དག་པ་ཇི་ལྟ་བར་ཤེས་པ་མཐོང་བས་རྨོངས་པའི་མངོན་པར་ཞེན་པ་སྤོང་བའི ་ཚུལ་ཁྲིམས་དང་། མཚོ་བ་རྗེས་སུ་མཐོང་བས་གནས་ལ་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང་། སོ་སོར་རྟོག་པ་རྗེས་སུ་མཐོང་བས་སོ་སོར་རྟོག་པ་མ་ཡིན་པ་སྤོང་བའི་ཚུལ་ཁྲིམས་དང་། རྣམ་པར་རྟོག་པ ་རྗེ་སུ་མཐོང་བས་ཀུན་ཏུ་སྦྱོར་བའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་གྱིས་ལྟ་བ་དང་གནས་གཅིག་པའི་ཉོན་མོངས་པ་རྣམས་སྤོང་བའི་ཚུལ་ཁྲིམས་དང་། ལན་ཅིག་ཕྱིར་འང་ངར ་ལམ་གྱིས་ཉོན་མོངས་པ་རིགས་པ་རྣམས་སྤོང་བའི་ཚུལ་ཁྲིམས་དང་། ཕྱིར་མྱི་འོང་བའི་ལམ་གྱིས་བག་ལ་ཉལ་དུ་གཏོགས་པའི་ཉོན་མོངས་པ་རྣམས་སྤྱོང་བའི་ཚུལ་ཁྲིམས་དང་། དགྲ་བཅོམ་པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད ་སྤོང་བའི་ཚུལ་ཁྲིམས་སོ།། ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ།། བཟོད་པ་རྣམ་པ་གསུམ་སྟེ། གཞན་གྱི་གནོད་པ་ཇི་མོ་མཉམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས ་པར་སེམས་པའི་བཟོད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ།། བརྩོན་འགྲུས་རྣམ་པ་གསུམ་སྟེ། འདི་ལྟར། གོ་ཆ་སྦྱོར་བའི་བརྩོན་འགྲུས་དང་། དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་དོན་སྦྱོར ་བའི་བརྩོན་འགྲུས་སོ།། བརྩོན་འགྲུས་ཕ་རོལ་ཕྱིན་པ་མཐར་ཐུག་པའོ།། བསམ་གཏན་ལ་རྣམ་པ་གསུམ་སྟེ། འདི་ལྟར། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་དོན་མངོན་པར་སྒྲུབ་པའི་བསམ ་གཏན་དང་། ཉོན་མོངས་པའི་གཉེན་པོ་བདེ་བོ་མངོན་པར་སྒྲུབ་པའི་བསམ་གཏན་ནོ།། བསམ་གཏན་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ།། ཤེས་རབ་རྣམ་པ་གསུམ་སྟེ། འདི་ལྟར། ཀུན་རྫོབ་བདེན་པ་ལ་དམིགས་པ་དང་། ་དོན་དམ་པའི་བདེན་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་ལ་དམིགས་པའོ།། ཡང་ཤེས་རབ་རྣམ་པ་གཉིས་ཏེ། འདི་ལྟར། རྒྱུའི་རང་བཞིན་དང་། འབྲས་བུའི་ངོ་བོའོ།། དེ་ལ་རྒྱུ་ངོ་བོ་ནི་གཉིས ་ཏེ། འདི་ལྟར། མོས་པ་ལ་སྤྱོད་པའི་དང་། སཱ་ལ་རབ་ཏུ་ཞུགས་པའིའོ།། དེ་ལྔ་དང་པོ་ནི་གསུམ་སྟེ། འདི་ལྟར། ཐོས་པའི་རང་བཞིན་གྱི་ཤེས་རབ་དང་། བསམ་པའི་རང་བཞིན་གྱི་ཤེས་རབ་དང་། སྒོམ་པའི་རང་བཞིན་གྱི་ཤེས་རབ་བོ།། ་དེ་ལ་སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་དབྱེ་བ་གསུམ་ཏེ། འདི་ལྟར། ཞི་གནས་ཀྱི་ངོ་བོ་དང་། ལྷག་མཐོང་གི་ཡང་བཞིན་དང་། ཞི་གནས་དང་ལྷག་མཐོང་གི་ངོ་བོའོ།། འབྲས་བུར་གྱུར་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་པའོ།། འཕགས་པ་གནས་བརྟན་པ་ནི་དྲོ་བ་དགུ་དང་། ལྡན་དགུས་ཤེས་རབ་རྣམ་པར་བཞག་པ་བྱེད་དོ།། དེ་ལ་དྲི་པ་དགུ་ནི་འདི་ལྟར། ཤེས་རབ་གང་ཡིན། ཤེས་རབ་མཚན་ཉིད་ཅི། རོ་ཅི་ཡིན། ཉེ་བར་གནས་པ་ཅི། ཤེས ་རཱི་བ་འདིའི་གོ་འཕང་གི་གནས་ཙཾ། ཤེས་རབ་ཕན་ཡོན་ཅི། ཤེས་རབ་ཅེས་པའི་དོན་གང་ཡིན། ཤེས་རབ་ཐོབ་པའི་ཉེ་བའི་རྟེན་དུ་ཡིན། ཤེས་རབ་ཀྱི་དབྱེ་བ་དུ་ཞེ་ན། ལྡན་ནི་འདི་ལྟ་སྟེ། ཤེས་རབ་གང་ཡིན་ཅེས་པ་བརྗོད་། ་ཡིད་ཀྱིས་ཇི་ལྟ་བ་བཞིན་དུ་དམིགས་པ་མཐོང་བ་ནི་ཤེས་རབ་ཞེས་བརྗོད་དོ།། ཡང་ན་ཕན་པ་དང་མི་ཕན་པ་ཡིད་ལ་བྱེད་པས་ཡིད་ཀྱི་རྒྱུ་རྣམ་པ་མང་དུ་བྱེད་པ་འདི་ནི་ཤེས་རབ་ཞེས་བརྗོད་དོ།། དེ་ལྟར་ཡང་ཆོས་མངོན་པ ་ལས་གསུངས་ཏེ། དེ་ལ་སྨྲས་པ། ཤེས་རབ་གང་ཞེ་ན། གཅིག་མེད་པའི་སུམ་ཅུའི་རྣམ་གྲངས་གྱིས་བརྗོད་དེ། འདི་ལྟར། གང་ཤེས་རབ་བོ།། རབ་ཏུ་ཤེས་པ་དང་། རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཆོས་རྣམ་པར ་འབྱེད་པ་དང་། ཡང་དག་པར་མཚོན་པ་དང་། ཉེ་བར་མཚོན་པ་དང་། སོ་སོར་ཡང་དག་ཉེ་བར་མཚོན་པ་དང་། རིག་པ་དང་། མཁས་པ་དང་། མཐར་ཕྱིན་པ་དང་། རྣམ་པར་འཁྲལ་བ་དང་། སེམས་ཉེ་བར་ཡོངས་སུ་རྟོག་པ་དང་། ཆེན་པོ་དང་། ་ཡོཡིད་གསུངས་པ་དང་། ཡོངས་སུ་འདྲེན་བྱེད་དང་། རྣམ་པར་མཐོང་བ་དང་། ཡང་དུག་པར་ཤེས་པ་དང་། ཤེས་རབ་ལྕག་དང་། ཤེས་རབ་དབང་པོ་དང་། ཤེས་རབ་སྟོབས་དང་། ཤེས་རབ་མཚོན་ཆ་དང་། ཤེས་རབ་ཏུ་དང་བུ་དང་། ་རབ་བྱུསྩལཾ་བྷ་དང་། ཤེས་རྒྱབ་སྣང་པ་དང་།། ཤེས་རབ་སྒྲོན་མྦྷ་དང་། ཤེས་རབ་དེ་ཁོ་ན་ཉིད་དང་། མ་མོངས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེང་བ་པ་དང་། ཡང་དགེ་པའི་ལྟ་བ་འཛིན་ཤེས་རབ་ཞེས་བརྗོད་དེ།། མཚན་མིང་ཅི་ཞེམ ་པ་བརྗོད་དེ། རིགས་པས་མངོན་དུ་བྱེད་པ་ནི་ཤེས་རབ་བོ།། རོ་ཅི་ཡིན་ཞེས་སྨྲ་བ་བརྗོད་དེ། རབ་ཏུ་རྣམ་པར་འབྱེང་བའི་ཤེས་རབ་བོ།། ཉེ་བོར་གནས་པ་གང་ཡིནྡ་ཞེས་སྨྲ་བ་བརྗོད་དེ། ཀུན་ནས་མ་རྨོངས་པ་ཉེ་བར་གནས་པ་ནི་ཤེས ་རབ་བོ།། ཤེས་རབ་འདིའི་གོ་འཕང་གནས་གང་ཡིན་ཞེས་སྨྲ་བ་བརྗོད་དེ། འཕགས་པའི་བདེན་པ་བཞི་ནི་ཤེས་རབ་དེའི་གོ་འཕང་གནས་སོ།། ཡང་ན་ཤེས་རབ་ཀྱི་མཚན་ཉིད་ནི་ཤེས་རབ་རྣམ་པར་གསལ་བའོ།། ཤེས་རབ་ཀྱི་རོ་ནི ་གཏིང་ཡོངས་སུ་དཔག་པའོ།། ཤེས་རབ་ཉེ་བར་གནས་པ་ནི་མ་རིག་པའི་མུན་པ་འཇོམས་པའོ།། ཤེས་རབ་དེའི་གོ་འཕང་གནས་ནི་སོ་སོར་ཡང་དག་པ་རིག་པ་བཞིའོ།། ཕན་ཡོན་གང་ཡིན་ཞེས་སྨྲ་བ་བསྡུས་ནས ་བརྗོད་དེ། ཤེས་རབ་ཀྱི་ནི་ཚུལ་ཁྲིམས་སྦྱོང་བྱེད་བསམ་གཏན་ལ་འཇོག་བྱེད། ཤེས་རབ་ཀྱིས་ནི་ལམ་རྣམས་སྒོམ་བྱེད་འབྲས་བུ་མཐོང་བར་བྱེད། ཤེས་རབ་ཀྱིས་ནི་ཤེས་རབ་གོང་མ་དགེ་སྤྱན་བླ་མེད་པ།། ཉམས་པའི་ཤེས་རབ་སེལ ་ཅིང་བླ་མེད་ཤེས་རབ་འཕེལ།། ཕ་རོལ་རྒོལ་པོ་འཇུག་བྱེད་ཅིང་།། འཇིག་རྟེན་ཆོས་ཀྱིས་མི་གོས་པ།། ཤེས་རབ་ལྡན་པ་སླུ་བ་ན།། ལེགས་པར་སྨྲས་པ་ཤིན་ཏུ་སྲེད།། འཇིག་རྟེན་འདི་དང་འཇིག་རྟེན་གཞན།། གྲོལ་བ་གྲགས་པ་ཐོབ་པ་བདེ།། ་དོན་དང་རྩོལ་བ་དཔའ་བ་ཉིད།། ཤེས་རབ་ལྡན་པ་རྣམ་པར་རྟག། རྟེན་ཅིང་འབྲེལ་པར་འབྱུང་བ་བཤད།། མིང་དང་གཟུགས་ནི་སྟོན་པའོ།། སེམས་ཅན་སོ་སོར་བདེན་པ་སྟོན།། དེ་རྣམས་ཤེས་རབ་ཅན་དཔོང་ཡུལ།། ཤེས་རབ་ཀྱིས་ནི་སྡིག་པ ་སྤོང་། ཤེས་རབ་ཀྱིས་ནི་ཆགས་དང་སྡང་།། རྨོངས་དང་དྲང་སྐྱེ་འཆི་མ་ལུས་པ།། ཤིན་ཏུ་རྒྱལ་དཀའ་རྒྱལ་བར་བྱེད་།། ཤེས་རབ་ཞེས་པའི་དོན་གང་ཡིན་ཞེ་ན།། བརྗོད་དེ། རབ་ཏུ་ཤེས་པ་འདི་ནི་ཤེས་རབ་བྲམ། ཉེས་པ་ཐམས་ཅད ་རབ་ཏུ་སྤོང་བས་འདི་ནི་ཤེས་རབ་བོ།། ཤེས་རབ་ཏུ་རྙེས་པའི་ཕྱིར་ཉེ་བའི་རྟེན་གང་ཞེ་ན་ཞེས་པ་བརྗོད་དེ། ཉེ་བའི་རྟེནོ་བཅུ་གཅིག་སྟེ། འདི་ལྟར། མདོའི་དོན་ཚོལ་བ་ཉིད་དང་། ཡང་དག་པ་མང་དུ་གཏམ་པ་ཉིད་དང་། གཏོགས་གནས ་སུ་གནས་པ་ཉིད་དང་། བདེན་པ་ལ་རྟོག་པ་དང་། དངོས་པོ་དང་རྣམ་པར་དྲང་བའི་བྱ་བ་ལ་གནས་པའི་ཚུལ་ཁྲིམས་ཉིད་དང་། བསམ་གཏན་རྗེས་སུ་སྦྱོར་བ་དང་། སྒྲིབ་པ་རྣམ་པར་བྲལ་བའི་སེམས་ཉིད་དང་། ཤེས་རབ་འཆལ་པའི་གང་ཟག ་ཡོངས་སུ་སྤངས་པ་དང་། ཤེས་རབ་ཅན་གྱི་གང་ཟག་བསྟེན་པ་དང་། དེ་ལ་ལྷག་པར་མོས་པའོ།། ཤེས་རབ་རྣམ་པར་དབྱེ་བ་དུ་ཞེ་ན་ཞེས་པ་བརྗོད་དེ། ཤེས་རབ་རྣམ་པ་གཉིས་ཏེ། འདི་ལྟར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ།། ། ་དེ་ལ་འཇིག་རྟེན་པའི་ཤེས་རབ་ནི་འཕགས་པའི་ལམ་དང་འབྲས་བུ་དང་མི་ལྡན་པ། ཟག་པ་དང་བཅས་པ། ཀུན་ཏུ་སྦྱོར་བར་བྱ་བ། མདུད་པར་བྱ་བ། ཀླུང་དུ་འབབ་པར་བྱ་བ། སྒྲིབ་པར་བྱ་བ། མཆོག་ཏུ་གཟུང་བ། ཉེ་བ་རྭ་བསླང ་བཱ། ཀུན་ནས་ཉོན་མོངས་པ་ལ་བྱུང་བའོ།། འཇིག་རྟེན་ལས་འདས་པའི་ཤེས་རབ་ནི། ལམ་དང་འབྲས་བུ་དང་ལྡན་པ། དེ་ནི་ཟག་པ་མེད་པ། སྦྱོར་བར་བྱ་བ་མ་ཡིན་པ། མདུད་པར་བྱ་བ་མ་ཡིན་པ། ཀླུང་དུ་འབབ་པར་བྱ་བ་མ་ཡིན་པ།། ་སྒྲིབ་པར་བྱ་བ་མ་ཡིན་པ། མཆོག་ཏུ་བཟུང་བར་བྱ་བ་མ་ཡིན་པ། ཉེ་བར་བླང་བ་མ་ཡིན་པ། ཉོན་མོངས་པ་ཅན་ལེ་བྱུང་བ་མ་ཡིན་པའོ།། ཡང་ཤེས་རབོ་རྣམ་པ་གསུམ་སྟེ། འདི་ལྟར། བསམ་པའི་རང་བཞིན་དང་། ཐོས་པའི་རང་བཞིན ་དང་། སྒོམ་པའི་རང་བཞིན་ནོ།། དེ་ལ་གཞན་ལ་མ་ཐོས་པར་རང་གི་ལས་ལས་ཤེས་པ་འམ། བདེན་པ་དང་རྗེས་སུ་མཐུན་པའི་ཤེས་པ་སོ་སོར་ཐོབ་པ་འམ། བཟོའི་སྐྱེ་མཆེད་རིག་པའི་གནས་ལ་ཤེས་རབ་སོ་སོར་ཐོབ་པ་འདི་ནི ་བསམ་པའི་རང་བཞིན་གྱི་ཤེས་རབ་ཞེས་བརྗོད་དོ།། དངོས་པོ་དེ་ཉིད་ལ་གཞན་ལས་ཐོས་ནས་ཤེས་རབ་སོ་སོར་ཐོས་པ་འདི་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཞེས་བརྗོད་དོ།། སྙོམས་པར་འཇུག་པ་ཐམས ་ཅད་ཀྱི་ཤེས་རབ་ཀྱང་དེ་ནི་སྒོམ་པའི་རང་བཞིན་ཞེས་བརྗོད་དོ།། གཞན་ཡང་རྣམ་པ་གསུམ་སྟེ། འདི་ལྟར། སྐྱེ་བ་ལ་མཁས་པ་དང་། མི་འབྱུང་བ་ལ་མཁས་པ་དང་། ཐབས་ལ་མཁས་པའོ།། དེ་འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས ་ཡོངས་སུ་སྤོང་བ་དང་། དགེ་བའི་ཆོས་ཡོངས་སུ་འཕེལ་བའོ།། ཞེས་པ་ཤེས་རབ་གང་ཡིན་པ་འདི་ནི་སྐྱེ་བ་ལ་མཁས་པའོ།། ཆོས་འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས་མངོན་པར་འཕེལ་ཞིང་དགེ་བའི་ཆོས་ཡོངས་སུ་ཉམས་པའོ།། ་ཞེས་པ་ཤེས་རབ་གང་ཡིན་པ་དེ་ནི་མི་འབྱུང་བ་ལ་མཁས་པའོ།། ཆོས་དེ་རྣམས་ཉེ་བར་བཟུང་སྟེ་ཤེས་རབ་ཐམས་ཅད་ཀྱང་དེ་ནི་ཐབས་ལ་མཁས་པའོ།། ཡང་ཤེས་རབ་རྣམ་པ་གསུམ་སྟེ། ཀུན་ཏུ་འཕེལ་ཏྲ་བགྲོད་པ་དང་། འགྲིབ ་པར་བགྲོད་པ་དང་། འགྲིབ་པར་འགྲོ་བ་མ་ཡིན་པའོ།། དེ་ལ་གང་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ས་གསུམ་གྱི་ཤེས་རབ་དེ་ནི་ཀུན་ཏུ་འཕེལ་བར་བགྲོད་པའོ།། གང་རྒྱུན་ཏུ་ཞུགས་པ་དང ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པའི་ལམ་བཞི་ཡི་ཤེས་རབ་གང་ཡིན་པ་དེ་ནི་འགྲིབ་པོར་བགྲོད་པའོ།། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པས་བཞིའི ་རྣམ་པར་སྨིན་པ་དང་། ས་བཞིའི་བྱ་བ་ལུང་དུ་མ་བསྟན་པ་ཤེས་རབ་གང་ཡིན་པ་དེ་ནི་ཀུན་འཕེལ་བར་བགྲོད་པ་མ་ཡིན་འགྲིབ་པར་བགྲོད་པ་མ་ཡིན་ནོ།། སྣང་ཤེས་རབ་རྣམ་པ་བཞི་སྟེ་འདི་ལྟར། རང་གི་ལས་ལས་ཤེས་པ་དང་། བདེན ་པ་རྗེས་སུ་མཐུན་པ་ཤེས་པ་དང་། ལམ་དང་ལྡན་པ་ཤེས་པ་དང་། འབྲས་བུ་དང་ལྡན་པར་ཤེས་པའོ།། དེ་ལ་རང་གི་ལས་ཀྱིས་ཤེས་པ་ནི་དངོས་པོ་བཅུའི་ཡང་དག་པའི་ལྟ་བའོ།། དེ་ལ་དངོས་པོ་ནི་བཅུ་སྟེ། འདི་ལྟརྱ། སྡུག་བསྔལ ་བདེན་པ་ཤེས་པ་དང་། ཀུན་འབྱུང་བདེན་པ་ཤེས་པ་དང་། འགོག་པའི་བདེན་པ་ཤེས་པ་དང་། ལམ་གྱི་བདེན་པ་ཤེས་པ་དང་། འཕགས་པའི་ལམ་བསྒོམས་པ་ལས་གང་མྱ་ངན་ལས་འདས་པའི་ཡེ་ཤེས་མཐོང་བ་དང་། ཤེས ་རབ་ཀྱི་དབང་པོ་དང་། ཤེས་རབ་ཀྱི་སྟོབས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་། ཆོས་རྣམ་པ་བྱང་ཆུབ་ཀྱི་ཡན་ལག་དང་། དཀོན་མཆོག་གསུམ་ལ་ཡིད་ཆེས་པའོ།། བདེན་པ་རྗེས་སུ་མཐུན་པ་ཤེས་པ་ནི། ཕུང་པོ་ལྔ ་མི་རྟག་ཞེས་པའམ་སྡུག་བསྔལ་ཞེས་པ་འམ་བདག་མེད་པའོ་ཞེས་རྣམ་པར་ལྟ་བའོ།། གང་དེ་ལྟ་བུའི་ངོ་བོ་རྗེས་སྒྲ་མཐུན་པའི་བཟོད་པ་འདི་ནི་བདེན་པ་རྗེས་སུ་མཐུན་པ་ཤེས་པའོ།། ལམ་བཞིའི་ཤེས་རབ་ནི་ལམ་ཡང་དག་པར ་ལྡན་པའི་ཤེས་རབ་བོ།། དེ་ལམ་བཞི་ནི་འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་དང་། ལན་ཅིག་ཕྱིར་འོང་བ་འབྲས་བུའི་ལམ་དང་ཕྱིར་མི་འོང་བའི་འབྲས་བུའི་ལམ་དང་། དགྲ་བཅོམ་པའི་འབྲས་བུའི་ལམ་མོ།། འབྲས ་བུ་བ་ཞིའི་ཤེས་རབ་ནི་འབྲས་བུ་དང་ལྡན་པའི་ཤེས་པའོ།། དེ་ལ་འབྲས་བུ་བཞི་ནི། འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལྷན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ ་བཅོམ་པའི་འབྲས་བུའོ།། ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པ་དང་། ཡོངས་སུ་མི་སྡུས་པའོ།། དེ་ལ་འདོད་པ་ན་སྤྱོད་པ་དགེ་བ་དང་ལུང་དུ་མ་བསྟན ་པའི་ཤེས་རབ་ནི་འདོད་པ་ན་སྤྱོད་པའོ།། གཟུགས་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་ནི་གཟུགས་ན་སྤྱོད་པའོ།། གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་ནི་གཟུགས་མེད་པ་ན་སྤྱོད ་པའོ།། ལམ་དང་འབྲས་བུ་ནི་ཡོངས་སུ་མ་བསྡུས་པོའོ།། ཡང་ཤེས་རབ་རྣམ་པ་བཞི་ནི་འདི་ལྟ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པའོ།། དེ་ལ་ལམྱ་བཞི་དང་འབྲས་བུ ་བཞིའི་ཤེས་རབ་ནི་ཆོས་ཤེས་པའོ།། དེ་ཆོས་ཤེས་པ་འདི་དང་ལྡན་པ་འདས་པ་དང་མ་འོངས་པའི་ཚུལ་ལེན་པའོ།། དེ་ལྟར་ཡང་། གང་ཁ་ཅིག་འདས་པའི་དུས་ཀྱི་བདེན་པ་མངོན་པར་ཤེས་པ་དེ་ནི་བདེན་པ་མངོན་པར་ཤེས་པ་འདི ་ཉིད་དོ།། གང་ཁ་ཅིག་མ་འོངས་པའི་དུས་སུ་བདེན་པ་མངོན་པར་ཤེས་པར་འགྱུར་བ་དེ་ནི་བདེན་པ་མངོན་པར་ཤེས་པར་འགྱུར་བ་འདི་ཉིད་ངོ་ཞེས་པའི་ཤེས་རབ་གང་དེ་ནི་རྗེས་སུ་ཤེས་པའོ།། གཞན་གྱི་སེམས་ལ་ཤེས་པ་དེ་ནི ་གཞན་གྱི་སེམས་ཤེས་པའོ།། ཤེས་པ་འདི་གསུམ་མ་རྟོགས་པ་ལྷག་མའི་ཤེས་རབ་དེ་ནི་ཀུན་རྫོབ་ཤེས་པའོ།། ཡང་ཤེས་རབ་རྣམ་པ་བཞི་སྟེ་འདི་ལྟར། གང་འཕེལ་བ་མ་ཡིན་ཞིང་འགྲིབ་པའི་ཤེས་རབ་ཡོད་དོ།། གང་ཉེ་བར་འཕེལ ་ཞིང་འགྲིབ་པ་མ་ཡིན་པའི་ཤེས་རབ་ཡོད་དོ།། གང་འགྲིབ་པ་དང་འཕེལ་བ་དག་གི་ཤེས་རབ་ཡོད་དོ།། གང་འཕེལ་བ་ཡང་མ་ཡིན་འགྲིབ་པ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ།། དེ་ལ་འདོད་པ་ན་སྤྱོད་པ་པ་གླང་དག་དགེ་བའི་ཤེས ་རབ་དེ་ནི་འགྲིབ་པ་ཡིན་ཞིང་ཉེ་བར་མི་འཕེལ་བའོ།། ལམ་བཞིའི་གང་ཤེས་རབ་དེ་ནི་ཉེ་བར་འཕེལ་ཞིང་འགྲིབ་པ་མ་ཡིན་པའོ།། གཟུགས་དང་གཟུགས་མྱེད་པ་ན་སྤྱོད་པ་གང་དགེ་བའི་ཤེས་རབ་དེ་ནི་འཕེལ་བ་ཡིན་ཞིང་འགྲུབ་པ་ཡང ་ཡིན་ནོ།། ས་བཞིའི་རྣམ་པར་སྨིན་པ་དང་། ས་གསུམ་གྱི་རྣམ་པར་སྨིན་པ་ལུང་མ་བསྟན་གང་ཤེས་རབ་དེ་ནི་འགྲིབ་པ་མ་ཡིན་ཉེ་བར་འཕེལ་བ་མ་ཡིན་པའོ།། ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། གང་སྐྱོ་ཞིང་མངོན་དུ་བྱེད ་པ་མ་ཡིན་པ་དྲུག་གི་ཤེས་རབ་ཡོད་དོ།། གང་མངོན་དུ་བྱེད་ཅིང་སྐྱོ་བ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ།། གང་སྐྱོ་བ་དང་སྔོན་དུ་བྱེད་པའི་ཤེས་རབ་ཡོད་དོ།། གང་སྐྱོ་བ་མ་ཡིན་སྔོན་དུ་བྱེད་པ་མ་ཡིན་པ་དག་གི་ཤེས་རབ་ཡོད ་དོ། དེ་ལ་གང་གིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཤེས་རབ་དེ་ནི་མངོན་ཤེས་དང་བདེན་པ་མངོན་དུ་བྱེད་པ་མ་ཡིན་ཞེས་པ་ཤེས་རབ་འདི་ནི་ཡིད་འབྱུང་ཞིང་མངོན་དུ་བྱེད་པ་མ་ཡིན་པའོ།། འདོད་པ་འདོད ་ཆགས་དང་བྲལ་བ་བདེན་པའི་ཤེས་རབ་ཀྱིས་མངོན་པར་ཤེས་པ་མངོན་དུ་བྱེད་ཅིང་བདེན་པ་མ་ཡིན་པ་ཤེས་རབ་འདི་ནི་མངོན་དུ་བྱེད་པ་ཡིན་ཅིང་སྐྱོ་བ་མ་ཡིན་པའོ།། ལམ་བཞིའོ་ཤེས་རབ་ནི་ཡིད་འབྱུང ་བཔ་དང་མངོན་དུ་བྱེད་པའོ།། ལྷག་མ་ཤེས་རབ་ནི་སྐྱོ་བ་མ་ཡིན་ཅིང་མངོན་དུ་བྱེད་པ་མ་ཡིན་པའོ།། ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས ་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོར་ཡང་དག་པར་རིག་པའོ།། དེ་ལ་དོན་ཤེས་པ་ནི་དོན་སོ་སོར་ཡང་དག་པར་རིག་པའོ།། ཆོས་ཤེས་པ་ནི་ཆོས་སོ་སོར་ཡང་དག་པར་རིག་པའོ།། ངེས་པའི་ཚིག ་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ།། ཤེས་པ་ཤེས་པ་ནི་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ།། ཚུལ་གཞན་ཡང་། དེ་ཡང་། རྫུ་དང་འབྲས་བུ་ཤེས་པ་ནི་དོན་སོ་སོར་རིག་པའོ།། རྒྱུ ་ཤེས་པ་ནི་ཆོས་སོ་སོར་རིག་པའོ།། ངེས་པའི་ཚིག་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིགས་སོ་སོར་རིག་པའོ།། ཤེས་པ་ཤེས་པ་ནི་སྤོབས་པ་སོ་སོར་རིག་པའོ།། ཚུལ་གཞན་ཡང་དེ་ལྟར་ཡང་། སྡུག་བསྔལ་དང ་འགོག་པ་ཤེས་པ་ནི་དོན་སོ་སོར་རིག་པའོ།། ཀུན་འབྱུང་དང་ལམ་ཤེས་པ་ནི་ཆོས་སོ་སོར་རིག་པའོ།། གཉིས་ནི་སྔོན་བཞིན་ནོ།། ཚུལ་གཞན་ཡང་། དེ་ལྟར་ཡང་། མདོའི་སྡེ་དང་། དབྱངས་ཀྱིས་བསྐྱེད་པའི་སྡེ་དང་། ་ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟར་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་ཏེ་ཆོས་འདི་རྣམས་ཤེས་པ་ནི་ཆོས ་སོ་སོར་ཡང་དག་པར་རིག་པའོ།། དེ་དེ་བཞིན་དུ་གསུངས་པ་དེའི་དོན་འདིའི་དོན་ནི་འདིའོ་ཞེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ།། དེ་ལ་ཆོས་ངེས་པའི་ཚིག་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར ་རིག་པའོ།། ཤེས་པ་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། ཚུལ་གཞན་ཡང་། དེ་ལྟར་ཡང་། མིག་ཤེས་པ་ནི་ཆོས་སོ་སོར་ཡང་དག་པར་རིག་པའོ།། མཐོང་བའི་དོན་གྱིས་མིག་ཤེས་པ་ནི་དོན་སོ་སོ་ཡང་དག་པར ་རིག་པའོ།། གཉིས་ནི་སྔོན་བཞིན་ནོ།། ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་ཤེས་པ་དང་། སྡུག་བསྔལ་ཀུན་འབྱུང་ཤེས་པ་དང་། སྡུག་བསྔལ་འགོག་པ་ཤེས་པ་དང་། སྡུག་བསྔལ་འགོག་པ་བགྲོད ་པའི་ལམ་ཤེས་པ་ཞེས་པ་ལ་སོགས་པ་རྒྱས་པར་རོ།། དེ་ལ་རྒྱུ་དྲུག་གིས་སྦྱིན་པ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། འདི་ལྟར། བསམ་པ་དམ་པ་ལས་དང་། གཞི་དམ་པ་ལས་དང་། ཐབས་ལ་མཁས ་པ་དམ་པ་ལས་དང་། ཡོངས་སུ་བསྔོ་བ་དམ་པ་ལས་དང་། རྣམ་པར་དག་པ་དམ་པ་ལས་སོ།། རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་རྣམས་གོ་རིམ་ངེས་པ་བསྟན་ཏེ། འདི་ལྟར། སྔོན་མ་ལ་ཀུན་ཏུ་བརྟེན་ནས་ཕྱི་མ་སྐྱེ་བའི ་ཕྱིར་དང་། སྔོན་མ་དམན་པའི་ཕྱིར་དང་། ཕྱི་མ་མཆོག་ཡིན་པའི་ཕྱིར་རོ།། སྔོན་མ་རགས་པའི་ཕྱིར་དང་ཕྱི་མ་ཕྲ་བའི་ཕྱིར་རོ།། བསླབ་པ་གསུམ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་སུ་རྟོགས་པའི་བསླབ་པ་དང་། ་སེམས་སུ་རྟོགས་པའི་བསླབ་པ་དང་། ཤེས་རབ་ཏུ་རྟོགས་པའི་བསླབ་པའོ།། དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། འདི་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ ་ཏུ་ཕྱིན་པའོ།། གཉིས་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་སྟེ། འདི་ལྟར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་སྟེ། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ནི་བསླབ་པ་གསུམ་གའི་ཡང་གྲོགས་སུ་གྱུར་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རྣམ་པ་གཉིས་ཏེ། འདི་ལྟར། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། ཡང་རྣམ་པ་གཉིས་ཏེ། འདི་ལྟར། རྒྱུའི་ངོ་བོ་དང་། འབྲས་བུའི ་དོངོ་བོ|། ཡང་རྣམ་པ་གསུམ་སྟེ། འདི་ལྟར། མ་དག་པ་དང་། མ་དག་པ་དང་དག་པ་དང་། དག་པའོ།། བསོད་ནམས་བྱ་བའི་དངོས་པོ་ནི་གསུམ་སྟེ། འདི་ལྟར། སྦྱིན་པའི་རང་བཞིན་གྱི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ ་ཁྲིམས་ཀྱི་རང་བཞིན་གྱི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པའི་རང་བཞིན་གྱི་བསོད་ནམས་བྱ་བའི་དངོས་པོའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་། ཕ་རོལ་ཏུ་འབྱུང་བའི་དངོས་པོ་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟར། ་གཙོ་བོ་དང་། ཕལ་པའོ།། དེ་ལ་སྦྱིན་པའི་གཙོ་བོ་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ།། ཕལ་པ་ནི་བདེ་འགྲོ་ལ་སོགས་པའོ།། ཚུལ་ཁྲིམས་ཀྱི་གཙོ་བོའི་འབྲས་བུ་བདེ་འགྲོའོ།། ཕལ་བ་ནི་གཞན་ནོ།། བཟོད་པའི་གཙོ་བོའི་འབྲས ་བུ་ནི་ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་ཉིད་དོ།། ཕལ་པ་ནི་གཞན་ནོ།། བརྩོན་འགྲུས་ཀྱི་གཙོ་བོའི་འབྲས་བུ་མི་ཆོད་པའི་ལོངས་སྤྱོད་ལ་སོགས་པ་ཉིད་དང་། པལ་པ་ནི་གཞན་ནོ།། བསམ་གཏན་གྱི་གཙོ་བོའི་འབྲས་བུ་ནི་གནོད་པ ་མེད་པའི་ལུས་སུ་སྐྱེས་པའོ།། ཕལ་པ་ནི་གཞན་ནོ།། ཤེས་རབ་ཀྱི་གཙོ་བོའི་འབྲས་བུ་ནི་དབང་པོ་ཐམས་ཅད་རྣོ་བ་ཉིད་ཀྱིས་བདེ་ཞིང་ཡིད་དགའ་བ་མང་དུ་གྱུར་པ་ཉིད་དང་། སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་གྱུར་པ་ཉིད་།། ་པལ་པ་ནི་གཞན་ནོ།། འདྲིའི་མཐོང་བའི་ཆོས་ཀྱི་འབྲས་བུ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའོ།། ཚོགས་གཉིས་ཏེ། འདི་ལྟར། སྦྱིན་པ་ཚུལ་ཁྲིམས་བཟོད་པ་ཕ་རོལ་ཏུ་ཕྱིན་པ་གསུམ་དང་། བརྩོན་འགྲུས་བསམ་གཏན ་ཕ་རོལ་ཏུ་ཕྱིན་པ་དག་གི་ཆ་ཤས་ནཱི། བསོད་ནམས་ཀྱི་ཚོགས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་བསམ་གཏན་ཕ་རོལ་ཏུ་ཕྱིན་པ་ངག་གི་ཆ་ཤས། ནི་ཡེ་ཤེས་ཀྱི་ཚོགས་སོ།། དེ་ལ་རྫས་ལས་ཕ་རོལ་ཏུ ་ཕྱིན་པ་དྲུག་ཏུ་བཤད་དོ།། མིང་དུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུར་འགྱུར་རོ།། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉེ་བར་བསོགས་པའི་དགེ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། ཡོངས་སུ་བསྔོ་བ་བླ་ན་མེད་པས་ཡོངས་སུ་བསྔོ་བ་ནི། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་སྨོན་ལམ་ཆེན་པོ་བཅུ་ལོ་སོགས་པ་སྨོན་ལམ་མཐའ་མེད་པ་ནི། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་སྨོན་ལམ་ཆེན་པོ་བཅུ་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་འགྲོའི་ཕྱིར་རྣམ་པ་ཐམས་ཅད་མཆོག་དང ་ལྡན་པ་རྒྱ་ཆེ་བའི་མོས་པ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རྣམ་པར་སྤངས་པ་ནམ་མཁའི་དབྱིངས་ཀྱི་མཐིར་ཕྱིན་པ་ཕྱི་མའི་མཐའི་མུར་ཐུག་པ་གྲངས་ཐམས་ཅད་ཀྱིས་མཆོད་པ་མཆོད་པ་ཆེན་པོ་དང་རིམ་འགྲོའི་ཕྱིར་སྨོན་ལམ ་ཆེན་པོ་མངོན་པར་སྒྲུབ་པ་ནི་དང་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་སྤྱན་ཡང་དོག་པར་གཟུང་བའི་ཕྱིར་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བཟུང་བ། ་ཕྱིར་དང་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ནི་གཉིས་པའོ།། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གནས་སུ་གནས་པ་ལ་སོགས་པ་བྱས་ཏེ་འཕོ་བ ་ད་མངས་དུ་འཇུག་པ་དང་ལྷུམས་སུ་གནས་པ་དང་། གཞོན་ནུར་རོལ་པ་དང་པོ་བྲང་ནང་དུ་གནས་པ་དང་མངོན་པར་འབྱུང་བ་དང་དཀའ་བ་སྤྱོད་པ་དང་བྱང་ཆུབ་སྙིང་པོར་བརྒྱུད་པ་དང་བདུད་བརྟུལ་བ་དང་མངོན་པར་བྱང་ཆུབ་པ་དང ་བསྐུལ་བ་དང་ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོར་ཉེ་བར་ཕྱིན་པའི་སྨོན་ལམ་ནི་གསུམ་པོའོ།། བྱང་ཆུབ་སེམས་དཔས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པས་བསྡུས་པའི་ས་ཡོངས་སུ་སྦྱོང་བ ་ཡནི་ལག་དང་ཉེ་བའི་ཡན་ལག་དང་བཅས་པ་ཡོངས་སུ་སྦྱངས་པ་གདམས་པ་རྗེས་སུ་བསྟན་པ་རབ་ཏུ་ལྡནྡོ་པ་ཉེ་བར་རྒྱས་པའི་སེམས་བསྐྱེད་པ་མངོན་པར་སྒྲུབ་པའི་ཕྱིར་སྨོན་ལམ་ནི་བཞི་པའོ།། ཁམས་འགྲོ་བ་སྐྱེ་གནས་སྐྱེ་བོར ་གཏོགས་པ་མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པའི་ཕྱིར་དང་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་ཕྱིར་དང་། འགྲོ་བ་ཐམས་ཅད་ཀྱི་གྲངས་རྣམ་པར་གཅད་པའི་ཕྱིར་དང་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར་སྨོན་ལམ་ནི་ལྔ་པའོ།། འཇིག་རྟེན་གྱི་ཁམས་རྒྱས་པ་བསྡུས་པ་ཚད་མེད་པ་ཕྲ་བ་རགས་པ་སྨེར་གཞི་སྤྱིའུ་གཅུགས་གཞི་མཉམ་འཇུག་པ་ཡང་དག་པརོ་འཇམ་ཀླས་པ་རྗེས ་སུ་གཞལ་ཏེ། དབང་པོ་དྲན་པ་རྣམ་པར་ཐོ་དང་པོ་ཕྱོགས་བཅུ་མ་ལུས་པ་དབྱེ་བ་མི་འདྲ་བ་སྣ་ཚོགས་པ་འཇུག་པ་རྣམ་པ་ཐ་དད་པ་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་མངོན་སུམ་དུ་བྱ་བའི་ཕྱིར་སྨོན་ལམ་ནི་དྲུག་པའོ།། སངས་རྒྱས ་ཀྱི་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་གཞོལ་བ་རབ་ཏུ་སྦྱོང་བ་དང་། ཚད་མེད་པའི་སངས་རྒྱས་ཀྱི་ཞིང་འོད་ཟེར་བཀོད་པའི་རྒྱུན་གྱིས་རབ་ཏུ་བརྒྱན་པ་དང་། ཉོན་མོངས་པ་སེལ་བ་ཡོངས་སུ་དག ་པའི་ལམ་དང་ལྡན་པ་དང་། ཚད་མེད་པའི་ཡེ་ཤེས་ཀྱི་རྣམ་པའི་སེམས་ཅན་གྱིས་ཡོངས་སུ་གང་བ་དང་། རྒྱ་ཆེ་བའི་སངས་རྒྱས་ཀྱི་ཞིང་ན་གཞོལ་བའི་སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན ་པ་དང་ཀུན་ཏུ་མཉེས་པར་བྱ་བའི་ཕྱིར་སྨོན་ལམ་ནི་བདུན་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བསམ་པ་དང་སྦྱོར་བ་གཅིག་པའི་ཕྱིར་དང་། འགྲན་བཟོད་མེད་པའི་དགེ་བའི་རྩ་བ་བསགས་པའི་ཕྱིར་དང་། རྟག་ཏུ་བར ་མ་ཆད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཡང་དོག་པར་འགྲོགས་ཤིང་མི་འབྲལ་བའི་ཕྱིར་དང་། ཇི་ལྟར་འདོད་པར་སངས་རྒྱས་འབྱུང་བ་ཡང་དག་པར་མཐོང་བའི་ཕྱིར་དང་། རང་གི་སེམས་བསྐྱེད ་པ་དེ་བཞིན་གཤེགས་པའི་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་བགྲོད་པའི་ཕྱིར་དང་། མི་ཉམས་པ་རྗེས་སུ་འགྲོ་བའི་མངོན་པར་ཤེས་ཐོབ་པར་བྱ་བའི་ཕྱིར།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཐུན་པར་རྒྱུ་བར་བྱ་བའི་ཕྱིར། ་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྣང་བ་ཐོབ་པའི་ཕྱིར། བསམ་དུ་མེད་པའི་ཐེག་པ་ཆེན་པོ་དང་ལྡན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་ཆད་པ་མེད་པར་སྤྱད་པའི་ཕྱིར་སྨོན ་ལམ་ནི་བརྒྱད་པའོ།། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཕྱིར་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པའི་ཕྱིར་དང་། མཐོང་བ་དང་ལྷན་ཅིག་ཏུ་སངས ་རྒྱས་ཀྱི་ཆོས་ངེས་པ་ཉིད་ཀྱི་ཕྱིར་དང་། དབྱངས་དང་ལྷན་ཅིག་ཏུ་རྒྱ་ཆེ་བའི་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་བགྲོད་པའི་ཕྱིར་དང་། མཐོང་བ་དང་ལྷན་ཅིག་ཏུ་སེམས་ཅན་རབ་ཏུ་དང་བ་ཐོབ་པ་དང་ཉོན་མོངས་པ་རྣམས་ཟློག ་པའི་ཕྱིར་དང་། སྨན་གྱི་རྒྱལ་པོ་ལྟ་བུའི་རྟེན་ཐོབ་པའི་ཕྱིར་དང་། ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ལུས་ཐོབ་པོའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་སྤྱད་པའི་ཕྱིར་སྨོན་ལམ་ནི་དགུ་པའོ།། ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དོག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པོའི་ཕྱིར་ཏེ། སྒོའི་ཁྲོན་གཅིག་ལ་མི་འདའ་ཞིང་སྒྲའི་ཁྲོན་ཐམས་ཅད་དུ་སྐྱོ་བ་སྐྱེ་བ་གཞོན་ནུ ་རོལ་པ་ཕོ་བྲང་ནང་དུ་གནས་པ་མངོན་པར་འབྱུང་བ་དཀའ་བ་སྤྱོད་པ་བྱང་ཆུབ་སྙིང་པོར་ཉེ་བར་འགྲོ་བ་བདུད་འདུལ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྐུལ་བ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་མྱ་ངན་ལས་འདའ ་བ་ཆེན་པོ་ཉེ་བར་བསྟེན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཆེན་པོ་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་དང་། ཆོས་ཀྱི་དབྱིངས་ཡོངས་པ་ནམ་མཁའི་མཐས་གཏུགས་པ་ཕྱི་མའི་མཐའི་མུར་ཐུག་པར་བསྐལ ་པའི་གྲངས་ཐམས་ཅད་དུ་སངས་རྒྱས་འབྱུང་བའི་གྲངས་ཆད་པ་མེད་པའི་ཕྱིར་དང་། ཡེ་ཤེས་ཆེན་པོ་མངོན་པར་སྒྲུབ་པའི་ཕྱིར་སྨོན་ལམ་ཆེན་པོ་བཅུ་པ་མངོན་པར་སྒྲུབ་པའོ།། སྨོན་ལམ་ཆེན་པོ་དེ་རྣམས་ནི ་འབྱད་རྩོལ་ཆེན་པོ་བཅུའོ།། དེ་ལ་སོགས་པ་སྨོན་ལམ་རེ་རེ་ལ་འཁོར་ནི་སོ་སོ་ཡོངས་སུ་སྦྱོང་བར་བྱེད་པ་གྲངས་མེད་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དང་གང་གིས་བྱང་ཆུབ་སེམས་དཔའི་མངོན་པར་སྒྲུབ་པར་བྱེད་པ་ཐོབ་པ་འདི ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཏེ། འདི་ལྟར། སོ་སྦྱོར་རྟོག་པའི་སྟོབས་དང་། སྒོམ་པའི་སྟོབས་སོ།། ཡང་སྟོབས་བཅུ་གཉིས་ཏེ། འདི་ལྟར། བསམ་པའི་སྟོབས་དང་། ལྷག ་པའི་བསམ་པའི་སྟོབས་དང་། གཟུངས་ཀྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཕུན་སུམ་ཚོགས་པའི་སྟོབས་དྲང་། དབང་གི་སྟོབས་དང་། སྤོབས་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་དང་། ཕ་རོལ་ཏུ་ཕྱིན་པའི ་སྟོབས་དང་། བྱམས་པ་ཆེན་པོའི་སྟོབས་དང་། སྙིང་རྗེ་ཆེན་པོའི་སྟོབས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་སོ།། ཞེས་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་གཤེགས་པའི ་དག་མ་ལུས་པ་དགོངས་པ་དང་བཅས་པ་ངེས་པར་རྟོགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་སྤྲོས་པ་འདུས་བྱས་དང་འདུས་མ་བྱས་རྣམ ་པར་ངེས་པ་ལས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཕུང་པོ་བདུན་ཏེ། འདི་ལྟར་དྲན་པ་ཉེ་བར་བཞག་པ་དང་། ཡང་དག ་པའི་སྤོང་བ་དང་། རྫུ་འཕྲུལ་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ།། དེ་ལ་དྲན་པ་ཉེ་བར་བཞག་པ་ནི་བཞི་སྟེ། འདི་ལྟར། ལུས་དྲན་པ་ཉེ་རཱ་བཞག་དང་། ་ཚོར་བ་དྲན་པ་ཉེ་རེ་བཞག་པ་དང་། སེམས་དྲན་པ་ཉེ་ར་བཞག་དང་། ཚེསྣ་དྲན་པ་ཉེ་ར་བཞག་གོ།། ཡང་དག་པའི་སྤོང་བ་ནི་བཞི་སྟེ། འདི་ལྟར། མ་སྐྱེས་པའི་མི་དགེ་བ་མི་སྐྱེད་པའི་ཕྱིར་འདུན་པ་དང་། སྐྱེས་པའི་མི་དགེ་བ ་རྣམས་སྤང་བའི་ཕྱིར་འདུན་པ་དང་། མ་སྐྱེས་པའི་དགེ་བ་རྣམས་བསྐྱེད་པའི་ཕྱིར་འདུན་པ་དང་། སྐྱེས་པའི་དགེ་བ་རྣམས་སྤེལ་བའི་ཕྱིར་འདུན་པའོ།། རྫུ་འཕྲུལ་རྐང་པ་བཞི་ནི། འདི་ལྟ་སྟེ། འདུན་པ་རྫུ་འཕྲུལ་རྐང་པ་དང་། བརྩོན ་འགྲུས་རྫུ་འཕྲུལ་རྐང་པ་དང་། སེམས་རྫུ་འཕྲུལ་རྐང་པ་དང་། དཔྱོད་པ་རྫུ་འཕྲུལ་རྐང་པའོ།། དེ་ལོ་བར་དུ་སྤོང་བའི་འདུ་བྱེད་བརྒྱད་སྐྱོ་ཏེ། འདི་ལྟར། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན ་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ།། དབང་པོ་ལྔ་ནི། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། ་སྟོབས་ལྔ་ནི་འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ།། དེ་རྣམས་ནི་འཇིག་རྟེན་པའོ།། བྱང་ཆུབ་ཀྱི་ཡན་ལག ་བདུན་ནི་འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལོག་གོ།། ལམ་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པོའི་ངག་དང་། ཡང་དག་པའི་ལུས ་ཀྱི་མཐའ་དང་། ཡང་དག་པའི་ཚོར་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། དེ་ཉིད་ཀྱིས་ན་སྤོང་བའི་འདུ་བྱེད་སྤངས་པའི་སུམ་ཅུ་རྩ་བདུན་དུ་འགྱུར་རོ།། སྟོང་པ་ཉིད་ནི་བཅུ ་དྲུག་སྟེ། འདི་ལྟར། ནང་གི་ཆོས་ནི་མིག་ལ་སོགས་པ་དྲུག་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ལ་ནི་ནང་སྟོང་པ་ཉིད་དོ།། ཕྱིའི་ཆོས་ནི་གཟུགས་ལ་སོགས་པ་དྲུག་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ཕྱི་སྟོང་པ་ཉིད ་དོ། དེ་ནི་ནང་ཡིན་ཏེ་སེམས་ཀྱིས་ཟིན་པའི་ཕྱིར་རོ།། ཕྱི་རོལ་ཡིན་ཏེ་དབང་པོས་བསྡུས་པ་མ་ཡིན་པའི་ཕྱིར་རོ།། གང་དབང་པོའི་རྟེན་དུ་གྱུར་པ་ཕྱི་རོལ་དང་ནང་གིས་བསྡུས་པ་དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་ཕྱི་ནང་སྟོང་པ ་ཉིད་དོ།། གང་སྟོང་པ་ཉིད་ཉེ་བར་དམིགས་པའི་སྟོང་པ་ཉིད་ནི་དམིགས་པའི་ཤེས་པའི་མཚན་ཉིད་སྟོང་པ་ཉིད་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ།། ཕྱོགས་བཅུ་རང་བཞིན་གྱིས་སྟོང་པ་དང་། སྨོད་ནི་སྣོད་ཀྱིས་རང་བཞིན་གྱིས་སྟོང་པ་འདི་ནི ་ཆེན་པོ་སྟོང་པ་ཉིད་དོ།། དོན་དམ་པ་ནི་མྱ་ངན་ལས་འདས་པའོ།། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དོ།། འདུས་བྱས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ་དེ་ནི་དེའི་རང་བཞིན་གྱིས་སྟོང ་འདི་ནི་འདུས་བྱས་སྟོང་པ་ཉིད་དོ།། གླང་མོ་སྐྱེ་བ་མེད་འགག་པ་མང་གནས་པ་མེད་པ་གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་ཏེ། དེ་ནི་དེའི་རང་བཞིན་གྱི་ས་སྟོང་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ།། གང་གིས་རྟག ་པ་དང་ཆད་པའི་མཐའ་ཉེ་བར་མི་དམིགས་པོ་དེ་ནི་མཐའ་ལས་འདས་པ་སྟེ། དབུས་ཞེས་བརྗོད་དོ།། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ།། འཁོར་བའི་ཐ་མ་མེད་པ་ཐོག་མ་མེད་པ་ཉིད་དོ།། དེ ་ལ་ནི་དབུས་མེད་པའོ།། དེས་ན་ཐོག་མ་དང་ཐ་མ་དང་དབུས་ནི་དེའི་རང་བཞིན་གྱིས་སྟོང་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ།། གང་དགེ་བའི་ཕྱོགས་མི་སྦྱོང་བ་དེ་ནི་དོར་བ་མེད་པ་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི ་ནི་ངོར་བ་མེད་པ་སྟོང་པ་ཉིད་དོ།། གང་ཆོས་ཐམས་ཅད་ཀྱི་རང་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མ་བྱས་པའིམ་མ་སྒྱུར་བ་དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་རང་བཞིན་སྟོང་པ་ཉིད་དོ།། ཆོས་ཐམས་ཅད་ནི་དེའི ་རང་བཞིན་གྱིས་ཆོས་ཐམས་ཅད་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ།། གཟུགས་སུ་ཡོད་པའི་མཚན་གྱིས་གཟུགས་ཞེས་པ་ལ་སོགས་པ་རྒྱས་པར་རོ།། ཆོས་དེ་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད ་ཀྱིས་རང་བཞིན་གྱིས་དང་སྤྱིའི་མཚན་ཉིད་ཀྱིས་རང་བཞིན་གྱིས་སྟོང་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ།། དུས་རྣམས་ནི་གདོང་ནས་རྣམ་པར་དག་པའི་ཕྱིར་དང་། དངོས་པོ་བཏགས་པ་ཙམ་ཡིན་པའི་ཕྱིར་འདས་མ་འོངས་ད ་ལྟར་ཉེ་བར་དམིགས་ཏེ་ཞེས་མི་དམིགས་པ་དེའི་གང་སྟོང་པ་ཉིད་དེ་ནི་མི་དམིགས་པ་སྟོང་པ་ཉིད་དོ།། ཀུན་ནས་འཚོགས་པ་ལས་བྱུང་བའི་ཆོས་རྣམས་ནི་རང་བཞིན་ཡོད་པ་མ་ཡིན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ།། ་དེས་ན་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། དེ་ནི་རླུང་གིས་སྟོང་པས་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།། དངོས་པོ་ནི་ཕུང་པོ་ལྔ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པས་འདི་ནི་དངོས ་པོ་སྟོང་པ་ཉིད་དོ།། དངོས་པོ་མེད་པ་ནི་འདུས་མ་བྱས་ཏེ་ནམ་མཁའ་ལ་སོགས་པའོ།། དེ་ནི་དེའི་རང་བཞིན་གྱིས་སྟོང་པས་འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ།། རང་བཞིན་སྟོང་པ་ཉིད་ནི། དེ་དེས་སྟོང་པས་འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ།། ། ་ཕ་རོལ་ཞེས་པ་ནི་འདིར་དམ་པ་ཉིད་དོ།། ངོ་བོ་ཞེས་པ་ནི་གཞན་གྱིས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ཕ་རོལ་ངོ་བོ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཉིད་དོ།། དེ་དེས་སྟོང་པ་འདི་ནི་ཕ་རོལ་ངོ་བོ་སྟོང་པ་ཉིད་དོ།། བསམ་གཏན ་བཞིསྟེ། འདི་ལྟར། བསམ་གཏན་རྔུ་བ་དང་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བན་པའོ།། དེ་ལ་བསམ་གཏན་པ་ནི་ནི་རྣམ་པ་གནས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། ་དེ་ལ་བསམ་གཏན་དང་གཟུགས་མེད་ནི་རྒྱུ་བཞིས་འཇིག་རྟེན་པར་འགྱུར་ཏེ། འདི་ལྟར། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་བཞག་པ་དང་། རྣམ་པར་དག་པའོ།། དེ་ལ་ལུང་དུ་མ་བསྟན་པའི་རྩ་བ་བཞི་ནི་ཀུན ་ནས་ཉོན་མོངས་པ་སྟེ། དེ་རྣམས་ཀྱིས་ཉོན་མོངས་པའི་སེམས་ཀྱིས་ཉོན་མོངས་པའི་བསམ་གཏན་གྱི་སྒོ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྒྲིབས་པ་མ་ཡིན་པའི་ལུང་དུ་མ་བསྟན་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ ་འཇུག་པའི་ཕྱིར་རོ།། འདི་ལྟ་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པའོ།། དེ་ལ་སྲེད་པས་སྲེད་པ་མཆོག་གི་བསམ་གཏན་པས་བསམ་གཏན་ཀུན་མྱང་བའི་སྒྲམ་ས་ཉོན་མོངས་པར་འགྱུར་ཏེ་ཤིན་ཏུ་སྦྱངས་པའི་བདེ་བ་ཀུན ་མྱང་བའི་ཕྱིར་རོ།། ལྟ་བས་ལྟ་བ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་པ་ཅན་དུ་འགྱུར་ཏེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པ་ལ་སོགས་པ་ལྟ་བ་ཀུན་ནས་ལྡང་བའི་ཕྱིར་རོ།། ང་རྒྱལ་གྱིས་ང་རྒྱལ ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་པ་ཅན་དུ་འགྱུར་ཏེ། དེས་ཁྱད་པར་ལྷག་པར་རྟོག་པ་མཐོ་བར་འགྲོ་བའི་ཕྱིར་རོ།། མ་རིག་པ་ཐེ་ཚོམ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་ཅན་དུ་འགྱུར་ཏེ། ་དེ་ཁོ་ན་ཉིད་མ་རྟོགས་པས་གྲོལ་བ་འདོད་པའི་ཁྱད་པར་ལྷག་པ་རྟོགས་པ་ལ་ཐར་པ་འམ་ཐར་པ་མ་ཡིན་པ་ཞེས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ།། དེ་ལྟར་ཀུན་ནས་ཉོན་མོངས་པའི་སེམས་འདོད་པ་དང་གཟུགས་མེད ་པ་ན་སྤྱོད་པའི་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་འཇུག་གོ། རྣམ་པར་བྱང་བ་ནི་ཀ་བའི་བསམ་གཏན་ལ་སོགས་པ་རྣམས་ནི་འཇིག་རྟེན་པ་ཡིན་ཡང་དགེ་བ་ཉིད་དེ། ཀུན་ནས་ཉོན་མོངས་པ་ལ་སོགས་པའི་སྐྱོན་དང ་བྲལ་བའི་ཕྱིར་རོ།། རྒྱུ་གཉིས་དག་ལས་རྣམ་པར་བྱང་བར་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་ལ་སོགས་པའི་སྐྱོན་དང་བྲལ་བས་དང་། ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ།། རྣམ་པར་བཞོག་པ ་ནི་རྣམ་པ་བཞི་སྟེ། འདི་ལྟར། ཡན་ལག་རྣམ་པར་བཞག་པ་དང་། སྙོམས་པར་འཇུག་པ་རྣམ་པར་བཞག་པ་དང་། ཚད་བཟུང་བ་རྣམ་པར་བཞག་པ་དང་། མིང་དུ་བྱ་བའོ།། དེ་ལ་ཡན་ལགོ་རྣམ་པར་བཞག་པ་ནི། ་བསམ་གཏན་དང་པོ་ནི་ཡན་ལག་ལྔའོ།། ཞེས་པ་ལ་སོགས་པའོ།། དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔ་ཏེ། འདི་ལྟར། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག ་བཔ་ཉིད་དོ།། དེ་རྣམས་ལ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དག་གཉེན་པོའི་ཡན་ལག་གོ།། དགའ་བ་དང་། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། སེམས་རྩི་གཅིག་པ་ནི་གཉེན་པོའི་ཡན་ལག་དང་ཕན་ཡོན་གྱི ་ཡན་ལག་དག་གི་རྟེན་གྱི་ཡན་ལག་གོ།། ཡན་ལག་ལྔ་པོ་དེ་དང་ལྡན་པས་བསམ་གཏན་དང་པོ་ནི། སྐྱོན་གཉིས་དང་རྣམ་པར་བྲལ་བར་འགྱུར་ཏེ། འདི་ལྟར། འདོད་པས་དབེན་པ་དང་། སྡིག་པ་མ་དག་པའི་ཆོས་ཀྱིས་དབེན་པའོ།། ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་། ཉེ་བར་ཞི་བའི་ཕྱིར་རྣམ་རྟོག་མེད་ཅིང་རྣམ་པར་དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ནི་ཡན་ལག་བཞི་སྟེ། ཡན་ལག་བནི་ནི་འདི་ལྟར། ནང་རབ་ཏུ་དང་བ་དང་། དགའ་བ་དང་། བདེ་བ་དང་། ་སེམས་རྩེ་གཅིག་པའོ།། དེ་ན་མོས་ལ་ནང་རབ་ཏུ་དང་པོ་ནཱི་གཉེན་པོའི་ཡན་ལག་གོ། དགོའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ།། སེམས་རྩེ་གཅིག་པ་ནི་རྟེན་གྱི་ཡན་ལག་གོ།། བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་ཏེ། ་དེ་ལ་ཡན་ལག་ལྔ་ནི་འདི་སྟེ། དཀའ་བ་ཡང་བཏང་སྙོམས་སུ་བྱེད་པའི་ཕྱིར་བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ།། དེ་རྣམས་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན ་གཉེན་པོ་ཡན་ལག་གོ།། བདེ་བ་ནི་ཕན་ཡོན་གྱི་ཡན་ལྷག་གོ།། སེམས་རྩེ་གཅིག་པ་ནི་རྟེན་གྱི་ཡན་ལག་གོ།། བསམ་གཏན་བཞི་པ་ནི་ཡན་ལག་བཞི་སྟེ། དེ་ལ་ཡན་ལག་བཞི་ནི་འདི་ལྟ་སྟེ། བཏང་སྙོམས་རྣམ་པར་དག་པ ་དང་། དྲན་པ་རྣམ་པར་དག་པ་དང་། སྡུག་བསྔལ་ཡིད་དགའ་བ་ཡིད་མི་བདེ་བ་རྣམས་སྔོན་བཞིན་དུ་སྤངས་པ་ཉིད་ཀྱི་ཕྱིར། སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པའོ།། འདི་རྣམས་ལ ་བཏང་སྙོམས་རྣམ་པར་དག་པ་དང་དྲན་པ་རྣམ་པར་དག་པ་ནི་གཉེན་པོ་ཡན་ལག་གོ།། སྡུག་བསྔལ་མིན་བདེ་བ་མིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ།། སེམས་རྩ་གཅིག་པ་ནི་རྟེན་གྱི་ཡན་ལག་གོ།། འཕགས ་པ་གནས་བརྟན་པའི་སྡེ་པའི་ལུང་ལས་བསམ་གཏན་ལྔ་བཤད་དེ། དེ་ལ་རྣམ་རྟོག་དཔྱོད་པ་དགའ་བ་བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་དང་པོ་ནི་ཡན་ལག་ལྔ་ལྡན་ནོ།། དཔྱོད་པ་དགའ་བ་བདེ་བ་སེམས་རྩེ ་གཅིག་པ་དང་ལྡན་པའི་བས་མ་གཏན་གཉིས་པ་ནི་ཡན་ལེག་བཞི་ལྡན་ནོ།། དགའ་བ་བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་གསུམ་པ་ནི་ཡན་ལག་གསུམ་ལྡན་ནོ།། བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ།། ་གཏན་བཞི་པ་ནི་ཡན་ལག་གཉིས་ལྡན་ནོ།། བཏང་སྙོམས་དང་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་ལྔ་པ་ནི་ཡན་ལག་གཉིས་ལྡན་ནོ།། སྙོམས་པར་འཇུག་པ་རྣམ་པར་བཞག་པ་ནི། ཡིད་ལ་བྱེད་པ་བདུན་གྱིས་བསམ ་གཏན་དང་པོ་ལ་སྙོམས་པར་འཇུག་གོ།། དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུའོ།། དེ་ལ་ཡིད་ལ་བྱེད་པ་བདུན་ན་འདི་ལྟ་སྟེ། མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་དང་། ལྷག་པར་གྲོལ་བ ་དང་རྣམ་པར་དབེན་པ་དང་། དགའ་བ་བདུད་པར་བྱེད་པ་དང་ཁྱོད་པ་དང་ཁྱོར་དྲིམ་པར་ཐུག་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུའོ།། དེ་ལ་མཉམ་པར་བཞག་པའི་ཡིད་ལ་བྱེད་པས་འདོད་པ་ལ་སྐྱོན་དུ་ཡང་དག་པར་མཐོང་བས་དང་། རགས ་པའོ་མཚན་ཉིད་སོ་སོར་མྱོང་བར་བྱེད་དོ།། དེ་དག་དངོས་པོ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་སོ་སོར་མྱོང་བར་བྱེད་དོ།། འདི་ནི་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པའོ།། དེ་ཡང་ཐོས་པ་དང་བསམ་པ་མང ་པར་ཤེས་པར་བྱའོ།། དེ་ལས་གོང་དུ་ཐོས་བསམ་ལས་འདས་ཏེ། མཐའ་གཅིག་ཏུ་སྒོམ་པའི་རྣམ་པ་ཡིས་ཞི་བའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་ལྷག་མཐོང་བསྒོམས་པ་ནས་ཡང་ཇི་ལྟར་བཙལ་བའི ་རགས་པ་དང་ཞི་བ་ཉིད་ལྷག་པར་མོས་པར་བྱེད་པ་འདི་ནི་ལྷག་པར་གྲོལ་བའོ།། དེ་དག་དང་པོ་ཉིད་དུ་གོམས་པའི་ལས་སྤོང་བའི་ལམ་དང་ལྷན་ཅིག་ཏུ་ཡིད་ལ་བྱེད་པ་ནི། རབ་ཏུ་དབེན་པ་སྟེ། དེས་ཉོན་མོངས་པའི་རྣམ་པ་མཆོག ་སྤངས་པའི་ཕྱིར་དང་། བཏང་སྙོམས་ཀྱི་གནས་ངན་ལེན་སྤངས་པའི་ཕྱིར་རོ།། རྣལ་འབྱོར་པ་དེ་ནི་དེ་ལ་གོང་དུ་སྤོང་བ་དང་སྤོང་བའི་ཕན་ཡོན་མཐོང་བ་དགའ་བར་འགྱུར་ཞིང་། རབ་ཏུ་དབེན་པ་ཆུང་ངུ་དགའ་བ་བདེ་བ་དང་ལྡན་པས། ་དུས་དང་དུས་སུ་རབ་ཏུ་དང་བྱའི་ཡིད་ལ་བྱེད་པས། རྨུགས་པ་དང་རྒོད་པ་བསལ་གྱི་བར་དུ་སེམས་ཀུན་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པར་བྱེད་པའོ།། དགེ་བའི་སྦྱོར་བ་ཉེ་བར་བརྟན་པ་ཡང་དག་པར་ལྡན་པའི་རྣལ་འབྱོར ་པ་དེ་ཉིད་ཀྱི། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཀུན་ཏུ་སྤྱོད་པ། དེ་དག་རབ་ཏུ་སྤངས་པ་ཉིད་རྟོགས་པའི་དོན་དུ། དེ་དག་མི་འབྱུང་བའི་རྗེས་སུ་མཐུན་པ་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག ་པ་ནི་དཔྱོད་པ་ཡིད་ལ་བྱེད་པའོ།། རྣལ་འབྱོར་པ་དེ་ཉིད་གཉེན་པོ་དཔྱོད་པ་བསྒོམས་པ་ལས། སྦྱོར་བ་དེ་སྐྱིད་པ་ཡིན་གྱི། འདོད་པ་སྤྱོད་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ནི་མ་ཡིན་ནོ།། བསམ་གཏན་དང་པོའི་སྦྱོར་བ ་མཐར་ཐུབ་པར་ཕྱིན་པ་གཉེན་པོ་ཡིད་ལ་བྱེད་པ་ནི། སྦྱོར་བ་མཐར་ཐུག་པ་པའོ།། དེ་མ་ཐག་ཏུ་དངོས་བཞི་བསམ་གཏན་དང་པོ་ལྔ་སྙོམས་པར་འཇུག་པ་རྟོགས་པའི་ཕྱིར། དེས་ན་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཞེས་སོ།། ཇི་ལྟར ་བསམ་གཏན་དང་པོ་ཐོབ་པའི་ཕྱིར་ཡིད་ལ་བྱེད་པ་དེ་བཞིན་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པའི་ཕྱིར་ཡིད་ལ་བྱེད་པ་ཅི་རིགས་པར་སྦྱར་བར་བྱའོ།། ས་འོག་མ་ཐམས་ཅད་རགས་པའི་མཚན་ཞེས་པ་ནི་ཇི་ཡང་མེད ་བྷྱ་པ་། རྣམ་པོ་སྒྲུ་ན་ས་མ་རྣཾ་། སློ་སྨ་མ་པས་རྫུས་པའི་མ་ནན་དུན་དུ། ནུ་པ་སྩ ་པས་ཚངས་པ་ཆེན་པོར་སྐྱེ་བའོ།། དེ་ལ་སྩོགས་པ་སྔོན་དུ་གསུངས་པ་ཇི་ལྟ་བ་བཞིན་ནོ།། གཟུགས་མེད་པ་ལ་གནས་གཞན་མེད་པས་སྐྱེ་བ་ཐ་དད་པ་མེད་པའོ།། སྙོམས་པར་འཇུག་པ་ཆུང་ངུ་འབྲིང་ཆེན་པོ་ཡོངས་སུ་བསྒོམས་པས ་གཟུགས་མེད་པ་རྣམས་ཀྱི་སྐྱེ་བ་ལ་མཐོ་བ་དང་དམའ་བ་དང་གྱི་དམན་པ་དང་གྱ་ནོམ་པ་ཉིད་ནི་ཤེས་སོ།། དེ་ལ་དམའ་བ་དང་མཐོ་བ་ནི་ཚེ་ལ་སོགས་པའི་ཁྱད་པར་བགྱིས་སོ།། དམན་པ་དང་གྱ་ནོམ་པ་ནི་ཉོན་མོངས་པ་དང་ཉོན་མོངས ་པ་མེད་པ་དང་མང་བ་ཁྱད་པར་གྱིས་པ།། ཡང་དུ་བྱ་བ་རྣམ་པར་བཞག་པ་ནི། བསྣམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་དུ་སྐྱེད་ལ་སངས་རྒྱས་བཅོམ་ལྡན་འདས་དང་མཐུ་ཆེན་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྙོམས ་པར་འཇུག་གོ།། ཉན་ཐོསྣ་དང་རང་སངས་རྒྱས་ཀྱིས་ཏིང་ངེ་འཛིན་དེ་རྣམས་ཀྱི་མིང་ཡང་མི་ཤེས་ནཱ། སྙོམས་པར་འཇུག་པ་བམ་གྲངས་ཤེས་པར་ག་ལ་འགྱུརརོ། ཇི་ལྟར་བསམ་གཏན་དང་པོས་བསྡུས་པ་དེ་བཞིན་དུ། ལྷག་མ་བསམ ་གཏན་དང་གཟུགས་མེད་པས་བསྡུས་པ་ཉིད་དོ།། འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བརྟེན་པའོ་ཞེས་སོ།། རྣམ་པར་དག་པ་ནི་བསམ་གཏན་དང་པོ་ནི་རབ་ཀྱི་མཐར་ཕྱིན་པའོ་ཞེས་པ་ནས་འདུ་ཤེས་མེད་འདུ་ཤེས ་མེད་མིན་སྐྱེ་མཆེད་ཀྱི་བར་དུའོ།། དེ་ལྟར་བསམ་གཏན་དང་གཟུགས་མེད་པ་དང་། གཞན་ཏིང་ངེ་འཛིན་རྣམ་པ་དབྱེ་བ་མཐའ་མེད་པ། བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་ཐམས་ཅད་ནི་འཇིག་རྟེན་པའོ།། གཟུགས་མེད་པ་ནི ་བཞི་སྟེ། འདི་ལྟར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ།། དེ་ལ་ནམ་མཁའ་མཐའ ་ཡས་སྐྱེ་མཆེད་ནི་འདུ་ཤེས་གསུམ་དང་བྲལ་བ་དེ། འདི་ལྟར། སྔོན་པོ་ལ་སོགས་པ་གཟུགས་ཀྱི་འདུ་ཤེས་དང་། རྩིག་པ་མཁར་ལ་སོགས་པ་སྒྲིབ་པའི་འདུ་ཤེས་དང་། ཕོ་བྲང་སྐྱེད་མོས་ཚལ་རི་མཚོ་ཟླ་བ་ཉི་མ་ལ ་སོགས་བྱ་ཐ་དད་པའི་འདུ་ཤེས་སོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ནམ་མཁའི་འདུ་ཤེས་དང་བྲལ་བའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་ཤེས་ཀྱི་འདུ་ཤེས་དང་བྲལ་བའོ།། འདུ་ཤེས་མེད་འདུ་ཤེས་མེད ་མིན་སྐྱེ་མཆེད་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དང་ཡང་བྲལ་བའོ།། གཟུགས་མེད་པ་དེ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བ་དང་རྣམ་པར་དྲུག་པ་དང་རྣམ་པར་བཞག་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ ་འགྱུར་རོ།། ཡན་ལག་རྣམ་པར་བཞག་པ་འབའ་ཞིག་ནི་མེད་པ་སྟེ། ཞི་གནས་གཅིག་པུའོ་རོ་དང་ལྡན་པའི་ཕྱིར་རོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་མྱ་གཏོགས་པ། གང་བསམ་གཏན ་དུང་གཟུགས་མེད་པའི་སྙོམས་པར་འཇུག་པ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དེ་ནི་འཇིག་རྟེན་ལས་འདས་པའོ།། གལ་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་གཏོགས་པ་ཇི་ལྟར་ཞེ་ན། བརྗོད་དེ། འདུ་ཤེས ་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་ནི་འཇིག་རྟེན་པ་ཉིད་དུ་འགྱུར་ཏེ། འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་གསལ་བ་མ་ཡིན་པས་ཉེས་པ་འཇོམས་བྱེད་མ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན། བཅོམ་ལྡན་འདས་ཀྱིས། ཇི་སྲིད་དུ ་འདུ་ཤེས་ཉིད་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་མངོན་དུ་བྱེད་དོ་ཞེས་གསུངས་སོ།། དག་པའི་བསམ་གཏན་ནོ་རྣམ་པ་བཞི་སྟེ། འདི་ལྟར། སྤོ་ང་བའོ་ཆ་དང་མཐུན་པ་དང་། གནས་པའི་ཆ་དང་མཐུན་པ་དང་། ་ཁྱད་པར་གྱི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། སྲིད་པའི་རྩེ་མོ་ནི་དག་པ་རྣམ་པ་གཉིས་ཏེ། ཐ་མ་ནི་མི་སྲིད་པས་ཁྱད་པར་གྱི་ཆ་དང་མཐུན་པ་ལས་གཞན་ནོ།། དག་པ་འདིའི་མཚན་ཅི་ཞེ་ན། བརྗོད་དེ། ་ཉོན་མོངས་པ་མི་སྐྱེ་བ་དང་རྗེས་སུ་མཐུན་པ་ནི་སྤོང་བའི་ཆ་དང་མཐུན་པའོ།། རང་གི་ས་དང་རྗེས་སུ་མཐུན་པ་ནི་གནས་པའི་ཆ་དང་མཐུན་པའོ།། ས་གོང་མ་དང་རྗེས་སུ་མཐུན་པ་ནི་ཁྱད་པར་གྱི་ཆ་དང་མཐུན་པའོ།། ཟག་པ་མེད་པ་དང་རྗེས་སུ ་མཐུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། ཏིང་ངེ་འཛིན་གྱི་ཉེས་པ་ནི་དྲུག་སྟེ། འདི་ལྟར། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བ་དང་། ཏིང་ངེ་འཛིན་གྱི་དྲི་མ་བདུན་ཏེ། ་འདི་ལྟར། རྣམ་པར་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། བདེ་བ་དང་། དབུགས་འཇུག་པ་དང་། དབུགས་འབྱུང་བའོ།། རྣམ་པར་ཐར་པ་ཞེས་པ་ནི། རྣམ་པར་ཐར་པ་བརྒྱད་དེ། འདི་ལྟ་རུ། གཟུགས ་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པོར་ཐར་པ་དང་པོའོ།། ནང་གཟུགས་མེད་པས་ཕྱི་རོལ་གཟུགས་ལ་ལྟ་བ་འདི་ནི་གཉིས་པའོ།། སྡུག་པའོ་ཞེས་མོས་པར་གྱུར་པ་འདི་ནི་གསུམ་པའོ།། དེ་གསུམ་ནི་སྤྲུལ་པའི་སྒྲིབ་པའི་གཉེན ་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པ་སྟེ་གཟུགས་ཅན་ནོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་རྣམ་པར་ཐར་པ་བཞི་པའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་རྣམ་པར་ཐར་པ་ལྔ་པའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་པར ་གྱུར་པ་དྲུག་པའོ།། འདུ་ཤེས་མྱེད་འདུ་ཤེས་མེད་མིན་ནི་རྣམ་པར་ཐར་པ་བདུན་པའོ།། འདུ་ཤེས་དང་ཚོར་བ་འགོག་པ་ནི་བརྒྱུང་བའོ།། དེ་ལྔ་ནི་གཟུགས་མེད་པའི་རྣམ་པར་ཐར་པའོ།། དེ་ལ་དག་པའི་གཟུགས ་མེད་པ་བཞི་ནི། དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པའོ།། ཞི་བ་ལ་གནས་པ་ཞེས་བརྗོད་དོ།། འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་འདྲ་བའི་གནས་པའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ ་མཆེད་ལ་རྟེན་ཏེ་འདས་ནས། གང་སེམས་དང་སེམས་ལ་བྱུང་བ་རྣམས་འགགས་ཏེ། ལྡང་བ་ཚུན་ཆད་དུ་མཆོག་ཏུ་ཞི་བར་གནས་པའི་ཕྱིར་རོ།། དེའི་སྒྲིབ་པ་སྤོང་བའི་ཕྱིར་རྣམ་པར་ཐར་པ་ཞེས་སོ།། མཐར་གྱིསྐྱེ་སྙོམས་པར་འཇུག ་པ་དགུ་ནི། འདི་ལྟ་སྟེ། བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པའོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི་འདི་ལྟ་སྟེ།། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུ ་ངུལ་ལྕི་ཞིང་ཟིལ་གྱིས་མནན་ནས་ཤེས་ཅིང་མཐོང་བ་འདི་ནི་ཟིལ་གྱིས་མནོན་པའི་སྐྱེ་མཆེད་དང་པོའོ།། ནང་གཟུགས་སུ་ཤེས་ནས་ཕྱི་རོལ་གཟུགས་ཆེན་པོ་ལྟ་ཞིང་། དེ་དག་ཟིལ་གྱིསེ་མནན་ནས་ཤེས་ཅིང་མཐོང་སྟེ། ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་གཉིས་པའོ།། ནང་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང་དེ་དགོ་ཟིལ་གྱིས་མནན་ནས་ཤེས་ཅིང་མཐོང་བ་འདི་ནི་གསུམ་པའོ།། དེ་བཞིན་དུ་ཆེན་པོ ་ཞེས་པ་ནི་བཞི་པའོ།། ནང་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གཟུགས་སྔོན་པོ་ལ་ལྟ་ཞིང་དེ་དྲུག་ཞེས་པ་ནི་ལྔ་པའོ།། དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་པའོ།། དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན་པའོ།། དེ་བཞིན་དུ་དཀར་པོ ་ཞེས་པ་ནི་བརྒྱད་པའོ།། དེ་ལ་གཟུགས་ཆུང་ངུ་ན་སེམས་ཅན་དུ་བརྗོད་པ་སྟེ་ཚད་ཆུང་ངུ་ཉིད་ཡིན་པའི་ཕྱིར་རོ།། ཆེན་པོ་ནི་སེམས་ཅན་དུ་བརྗོད་པ་མ་ཡིན་པ་སྟེ་ཁང་པ་དང་གཞལ་ཡས་ཁང་དང་རི་ལ་སོགས་པ་སྟེ། ཚང་ཆེན་པོ་ཉིད ་ཡིན་པའི་ཕྱིར་རོ།། ཟད་པར་བཅུ་ནི་འདི་ལྟ་སྟེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཟུང་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། ཏིང་ངེ་འཛིན་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ནོ།། འདི་ལྟར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི ་སྒོ་སྟོང་པ་ཉིད་དོ།། མཚན་མེད་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ།། འགའ་ཞིག་དུ་རྣམ་པར་ཐར་པའི་སྒོ་བཞི་པ་ཡང་སྟེ། འདི ་ལྟར། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོའོ།། ཤེས་པ་བཅུ་གཉིས་ནི། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས ་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཡོངས་སུ་སྦྱངས་པ་ཤེས་པ་དང་། སྐུ་ཅི་བཞིན་པ་ཤེས་པའོ།། དབང་པོ་ནི་གསུམ་སྟེ། འདི་ལྟམ་མི་ཤེས ་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ།། རིམ་པ་བཞིན་དུ་མཐོང་བ་དང་སྒོམ་པཱ་ད་རུ་མི་སློབ་པ་ལམ་རྣམས་སུའོ།། ཏིང་ངེ་འཛིན་ནི་གསུམ་སྟེ། འདི་ལྟར ་རྟོག་པ་དང་དཔྱོད་པོ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ནོ།། རྗེས་སུ་དྲན་པ་ནི་བཅུ་སྟེ། འདི་ལྟར། སངས་རྒྱས་རྗེས་སུ་དྲན་པ་དང ་ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས ་པ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའོ།། དེ་ལ་ལུས་སུ་སོན་པ་རྗེས་སུ་དྲན་པ་ནི། ལུས་ཀྱི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ངེས་པར་སེམས་པ་སྟེ། འདི་ལྟ་སྟེ། ལུས་འདི་ཉིད་ནི་རྐང་པའི་མཐིལ ་ནས་སྤྱི་བོ་དང་སྒྲ་དང་ཀླང་པ་ནས་འོག་ཏུ་དང་། སེན་མོ་དང་སྤུ་དང་སྒྲའི་མཐར་ཐུག་པར་མི་གཙང་བའི་རྣམ་པ་སྣ་ཚོགས་ཀྱིས་གང་བ་རྣམས་ཡང་དག་པ་ཇི་ལྟ་བ་སོ་སོར་རྟོགས་པ་སྟེ། འདི་ལྟ་སྟེ། ལུས་འདི་ལ་ཡོད་དེ། ་སྒྲ་དང་། སྥུ་དང་། སེན་མོ་དང་། སོ་དང་། སྒྲ་དང་། པགས་པ་དང་། ཤ་དང་། ཆུ་རྒྱུས་དང་། ཆུ་སེར་དང་། རུས་པ་དང་། རྐང་གཞུངས་དང་། སྙིང་དང་། མཁལ་མ་དང་། མཚེར་པ་དང་། གློ་བ་དང་། མཆིན་པ་དང་། ཕོ་བཱ་དང་། རྒྱུ་མ་དང་། གཉེ ་མེ་དང་། གྲོད་པ་དང་། ཕྱི་ས་དང་། གཅན་དང་། མཆི་མ་དང་། རྡུལ་དང་། ཚིལ་དང་། མཆིལ་མ་དང་། བརྣབས་དང་། རྣག་དང་། ཁྲག་དང་། མཁྲིས་པ་དང་། བད་ཀན་དང་། ཞྭག་དང་། དྲི་མེ་དང་། ཀླད་པ་དང་། མིག་རྣག་དང་། རྣ་སྤབས་སོ།། ་ལུས་འདི་ལ་སོ་སོར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ་ཞེས་སོ།། དེ་ལ་དཀོན་མཆོག་གསུམ་ནི་རྟེན་ནོ།། ཚུལ་ཁྲིམས་དང་གཏོང་བ་ནི་བཞིའོ།། ལྷ་ནི་དབང་པོའོ།། ཡིད་འབྱུང་བ་དང་འཆི་བ་དང་དབུགས་མི་འབྱིན་པའོ།། ལུས་སུ ་སོན་པ་དང་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དག་གིས་ནཱ་རྣམ་པར་མི་བརྗེད་པའོ།། དེ་ལ་རྒྱུ་བཞིས་ཉིན་མོ་སངས་རྒྱས་རྗེས་སུ་དྲན་པ་སྟེ། འདི་ལྟར། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དང་། མཆོད་པའོ་ཆོ་ག་དང་། རྣམ ་པ་རྗེས་སུ་དྲན་པ་དང་། ཕནའི་དོགས་པ་རྗེས་སུ་དྲན་པའོ།། ཇི་ལྟར་ཉིན་མོ་མེ་ཉལ་བར་སངས་རྒྱས་རྗེས་སུ་དྲན་པ་གོམས་པ་དེ་ལས་ཉལ་བ་ན་འདི་དེ་ཁོ་ན་ལྟར་རྨི་ལམ་མཐོང་བའོ།། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ ་རྣམས་ནི་ཕན་ཡོན་བདུན་ཏེ། འདི་ལྟར་སྐྱེ་བ་དྲན་པར་འགྱུར་བ་དང་། རབ་ཏུ་དང་བ་མང་བ་ཉིད་དང་། དམན་པའི་ཆོས་ལ་འགྱོད་པ་དང་བཅས་པར་འཆི་བའི་དུས་མི་བྱེད་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ། ་ལྷ་རྣམས་སུ་སྐྱེ་བའོ།། འདོད་ཁམས་དང་གཟུགས་ཁམས་ཀྱི་སེམས་ཅན་ལ་དམིགས་པས་ཚངས་པའི་གནས་བ་ཞིའོ།། དེ་ཉིད་ཚད་མེད་པའི་སེམས་ཅན་ལ་དམྱིགས་པས་ཚད་མེད་པ་བཞིན།། འདི་ལྟ་སྟེ། བྱུང ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ།། དེ་ལ་བདེ་བ་དང་ལྡན་པར་འདོད་པས་ནི་བྱམས་པའོ།། སྡུག་བསྔལ་དང་བྲལ་བར་འདོད་པས་ནི་སྙིང་རྗེའོ།། བདེ་བ་དང་མི་འབྲལ་བར་འདོད་པས་ནི་དགའ་བའི།། ཉོན་མོངས་པ་མེད་པར་འདོད ་པས་ནི་བཏང་སྙོམས་སོ།། བཞི་པོ་དེ་རྣམས་ནི་མོས་པས་སྤྱོད་པའི་ས་རུ་ནི་སེམས་ཅན་ལ་དམིགས་པའོ།། རབ་ཏུ་དགའ་བྱ་ལ་སོགས་པའི་ས་བདུན་དུ་ནི་ཆོས་ལ་དམིགས་པའོ།། དེ་ལས་གོང་དུ་ནི་དམིགས་པ་མེད་པའོ།། འཕག་པ་བློ་གྲོས་མི ་ཟད་པའི་མདོ་ལས་ཀྱང་། བཏང་སྙོམས་རྣམ་པ་གསུམ་བཤད་དེ། འདི་ལྟར། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ལ་སོགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཉོན་མོངས་བཏང་སྙོམས་སོ།། བཟོད་པ་བྱེད་པའི་ཕྱིར་རང ་གཞན་ཀུན་ཏུ་བསྲུང་བའི་བཏང་སྙོམས་སོ།། དུས་དང་དུས་མ་ཡིན་པའི་བཏང་སྙོམས་སོ།། དུས་དང་དུས་མ་ཡིན་པའི་བཏང་སྙོམས་ནི་དྲུག་སྟེ། འདི་ལྟར། སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སོ།། ཚུལ་ཁྲིམས་དུས་སུ་སྦྱིན་པ་བཏང ་སྙོམས་སོ།། བཟོད་པའི་དུས་སུ་བརྩོན་འགྲུས་བཏང་སྙོམས་སོ།། བརྩོན་འགྲུས་དུས་སུ་བསམ་གཏན་བཏང་སྙོམས་སོ།། བསམ་གཏན་དུས་སུ་སྦྱིན་པ་བཏང་སྙོམས་སོ།། ཤེས་རབ་དུས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་བཏང་སྙོམས་སོ།། ནོར ་ནི་བདུན་ཏེ། འདི་ལྟར། དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ཐོས་པའི་ནོར་དང་། བཏོང་བའི་ནོར་དང་། ཤེས་རབ་ཀྱི་ནོར་དང་། ངོ་ཚ་བའི་ནོར་དང་། ཁྲེལ་ཡོད་པའི་ནོར་རོ།། སྤྱན་ལྔ་ནི་འདི་ལྟ་སྟེ། ཤའི་སྤྱན་དང་། རྣམ་པར་སྨིན་པའི་ལྷའི་སྤྱན ་དང་། ཤེས་རབ་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ།། མངོན་པར་ཤེས་པ་དྲུག་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས ་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་ཤེས་པའི་མངོན་པར་ཤེས་པའོ།། གཟུངས་ནི་བཞི་སྟེ། འདི་ལྟར། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན ་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་སོ།། ཡང་གཟུངས་ནི་བཅུ་སྟེ། འདི་ལྟར། དོན་གྱི་གཟུངས་དང་། གཞུང་གི་གཟུངས་དང་། མངོན་ཤེས་ཀྱི་གཟུངས་དང་། འོད་ཟེར་རྣམ་པར་འགྱེད་པའི་གཟུངས་དང་། ཕ་རོལ་རྒོལ ་བ་ཚར་གཅོད་པའི་གཟུངས་དང་། དེ་བཞིན་གཤེགས་པའི་མཆོད་པ་དང་དབུལ་པོ་སེམས་ཅན་རྗེས་སུ་བསྒྲུབ་པ་ཉེ་བར་སྒྲུབ་པའི་གཟུངས་དང་། ཐེག་པ་ཆེན་པོ་ལ་གཞོལ་བའི་སེམས་ཅན་ཡང་དག་པར་གཟེངས་སྟོང་པའི ་གཟུངས་དང་། མ་ཆགས་པའི་སྨོན་ལམ་གྱི་གཟུངས་དང་། སྤོབས་པ་མི་ཟད་པའི་གཟུངས་དང་། དོན་སྣ་ཚོགས་པའི་སྤོབས་པའི་གཟུངས་སོ།། འཆི་བ་དང་། ཉོན་མོངས་པ་དང་། དབུལ་བ་དང་། ཉེ་བར་སྤྱོད་པ་དང་། ང་ནི་འགྲོ་དང་། ་ཡོངས་སུ་ཚོལ་བའི་འབད་པ་དང་། ཆོས་ཀྱི་ཕོངས་པའི་ལས་ཀྱི་སྒྲིབ་པ་དང་། འདོད་པ་རྣམ་པར་ཉམས་པ་དང་། སྤ་གོང་བ་དང་། ཐེ་ཚོམ་སྟེ། ཉེ་བར་འཚེ་བ་བཅུའི་གཉེན་པོ་ནི་རིམ་པ་བཞིན་དུ་དབང ་བཅུ་སྟེ། འདི་ལྟར། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ལྷག་པར་མིས་པ ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བའོ།། །། པཎྜི་ཏ་ཆེན་པོ་གནས་བརྟན་དགེ་སློང་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ ་ལ་བྱང་ཆུབ་སེམས་དཔའི་ལམ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུར་བཅད་པ་ཉི་ཤུ་གསུམ་པའོ།། །། བྱང་ཆུབ་སེམས་དཔའི་ཐེག་པ་ལ་རྟོགས་པར་བྱེད་པའི་གང་ཟག་གི་དབྱེ་བས་བྱང་ཆུབ་སེམས་དཔའི་རྣམ་པར ་བཞག་པ་གཉིས་ཏེ། འདི་ལྟར། གང་ཟག་རྣམ་པར་བཞག་པ་དང་། མངོན་པར་རྟོགས་པ་རྣམ་པར་བཞག་པའོ།། དེ་ལ་གང་ཟག་གི་རྫས་མེད་ཀྱང་རྒྱུ་རྣམ་པ་བཞི་ས་གང་ཟག་རྣམ་པར་བཞོག་སྟེ། འདི་ལྟ་སྟེ། ཐ་སྙད་བདེ་བའི་དོན ་དུ་དང་། འཇིག་རྟེན་རྗེས་སུ་འཇུག་པའི་དོན་གྱི་དང་། མི་སྐྲག་པའི་དོན་དུ་དང་། བདག་དང་གཞན་གྱི་སྐྱོན་ཅན་ཡོན་ཏན་ཅན་བསྟན་པའི་དོན་དུའོ།། དེ་ལ་ཐ་སྙད་བདེ་བའི་དོན་དུ་ཞེས་པ་ནི། གཟུགས་ལ་སོགས་པ་མང་པོ་རྣམ ་ཀྱིས་མཚན་ཉིད་ཐ་དད་པ། མིང་ཐ་དད་པ་མང་པོ་རྣམས་གཅིག་ཏུ་བསྡུས་པའི་སེམས་ཅན་གྱི་མིང་གིས་བརྗོད་པས་ཐ་སྙད་ཚེགས་མེད་པའི་ཕྱིར་རོ།། འཇིག་རྟེན་རྗེས་སུ་འཇུག་པའི་དོན་གྱིས་ཞེས་པ་ནི། འཇིག་རྟེན་ཆོས་ཙམ་གྱི་མིང་ནི ་སེམས་ཅན་མེད་པ་ཐ་སྙད་གནས་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཕལ་ཆེར་ནི་སེམས་ཅན་གྱི་ཐ་སྙད་གྱིས་སོ།། དེའི་ཕྱིར་འཕགས་པས་ཀྱང་ངེས་པར་འཇིག་རྟེན་དང་ལྷན་ཅིག་ཏུ་ཐ་སྙད་བྱ་ཞིང་། དེ་འཇིག་རྟེན་རྗེས་སུ་འཇུག་པར་བྱའོ།། ། ་འཇིག་རྟེན་མི་སྐྲག་པའི་དོན་དུ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མི་མཁས་པ་རྣམས་ཐམས་ཅད་དུ་སེམས་ཅན་མེད་པ་ཐོས་ནས་སྐྲག་པར་འགྱུ་རཱ་བའི་ཕྱིར་རོ།། བདག་གཞན་གྱི་སྐྱོན་ཡོན་བསྟན་པ་ནི ་གྲང་གི་གང་ཟག་གི་རྣམ་པར་བཞག་པ་མི་བྱེད་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཙ་མ་བསྟན་མོད། སེམས་ཅན་དུ་བཏགས་པ་མེད་པས་སེམས་ཅན་འདི་རྣམས་ཀྱི་སྐྱོན་རྣམས་ནི་སྤངས་སོ།། ཡོན་ཏན་འདི་རྣམས ་ནི་བསྐྲུན་ནོ་ཞེས་ཤེས་པར་མི་ནུས་སོ།། དེ་ལ་གང་ཟག་རྣམ་པར་བཞག་པ་ནི་རྣམ་པ་བདུན་ཏཾ། འདི་ལྟར། སྤྱོད་པའི་དབྱེ་བས་དང་། ངེས་པར་འབྱུང་བའི་དབྱེ་བྱས་དང་། ཉེ་བར་སྟོན་པའི་དབྱེ་བས་དང་། སྦྱོར་བའི་དབྱེ་བས་དང ་འབྲས་བུའི་དབྱེ་བས་དང་། ཁམས་ཀྱི་དབྱེ་བས་དང་། བྱ་བའི་དབྱེ་བས་སོ།། དེ་ལ་སྤྱོད་པའི་དབྱེ་བས་གང་ཟག་བདུན་ཏེ། འདི་ལྟར། འདོད་ཆགས་ལོ་སྤྱོད་པ་དང་། ཞེ་སྡང་ལ་སྤྱོད་པ་དང་། གཏི་མུགོ་ལ་སྐྱོང་པོ་པང ་རྒྱལ་ལ་སྤྱོད་པ་དང་། རྣམ་རྟོག་ལ་སྤྱོད་པ་དང་། ཆ་མཉམ་པ་སྤྱོད་པ་དང་། ཞན་པའི་སྡུག་བསྔལ་ཅན་ནོ།། དེ་ལ་ཆགས་པར་བྱ་བའི་དངོས་པོ་དམན་པ་ལ་ཡང་འདོད་ཆགས་ཆེན་པོ་སྐྱེ་བའི་ཕྱིར་དང་། སྐྱེས་པའི ་འདོད་ཆགས་ཡུན་རིང་དུ་རྗེས་སུ་འབྲེལ་པའི་ཕྱིར་དྲག་ལ་རྒྱུན་རིང་བའི་འདོད་ཆགསོ་ནི་འདོད་ཆགས་ལ་སྤྱོད་པའོ།། དེ་བཞིན་དུ་ཞེ་སྡང་དྲག་རིངས་དང་། དེ་བཞིན་དུ་གཏི་མུག་དྲག་རིངས་དང་། དེ་ཁོ་ན་བཞིན་དུ་ང་རྒྱལ་དྲག་རིངས ་དང་། དེ་བཞིན་དུ་རྣམ་རྟག་དྲག་རིངས་སོ།། གང་ཉོན་མོངས་ཐ་མལ་དུ་གནས་པ་མཉམ་པའི་ཆ་ལ་སྤྱོད་པ་སྟེ་ཉོན་མོངས་པ་མཉམ་པར་རྣམ་པར་གནས་པ་ཞེས་པའི་དོན་ཏོ།། གང་ཉོན་མོངས་པ་ཤིན་ཏུ་ཆུང་བ་ཐ་མལ་དུ་གནས་པ་ནི ་ཞན་པའི་རྡུལ་ཅན་ནོ།། ངེས་པར་འབྱུང་བའི་དབྱེ་བས་གང་ཟག་གསུམ་སྟེ། འདི་ལྟར། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པཱ་དང་། ཐེག་པ་ཆེན་པོ་པའོ།། དེ་ལ་ཉན་ཐོས་ཀྱི་ཐེག་པཱ་པ་ནི། རང་བཞིན་གྱིས ་དབང་པོ་རྟུལ་བ། ཉན་ཐོས་ཀྱི་ཆོས་ཉིད་ལ་ངེས་པ་འམ་མ་ངེས་པར་གནས་པ། བདག་ཉིད་འབའ་ཞིག་གྲོལྔ་བའི་ཕྱིར་སྨོན་ལམ་མཛད་པ། སྐྱོ་བའི་བསམ་པ་དང་ཆགས་བྲལ་གྱི་བསམ་པ་དང་གྲོལ་བའི་བསམ་པས། ཉན་ཐོས ་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ཅིང་དེ་སྡུག་བསྔལ་གྱི་མཐར་ཕྱིན་པ་རྗེས་སུ་ཐོབ་བོ།། རང་བཞིན་གྱིས་དབང་པོ་ཞན་པ་ནི་ཡང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དབང་བ ་སྱ་བལྟོས་ནས་སོ།། རང་རྒྱུ་ལ་བའི་ཐེག་པ་པ་ནི། གང་རང་སངས་རྒྱས་ཀྱི་ཆོས་ཉིད་དུ་ངེས་པ་འམ་མ་ངེས་པའི་གནས་པ། རང་བཞིན་གྱིས་དབང་པོ་འབྲིང་དུ་གྱུར་པ་བདག་ཁོ་ན་གྲོལ་བའི་ཕྱིར་སྨོན་ལམ་མཛད་པ་སྐྱོན་བཞིན་ནོ།། ་སྐྱོ་བ་ཆགས་བྲལ་རྣམ་གྲོལ་གྱི་བསམ་པས། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བགྱིས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་སྐྱེས་པ་འམ། ངེས་པར་འབྱེད་པའི་ཆ་དང ་མཐུན་པ་སྐྱེས་པ་འམ། སྔོན་དུ་འབྲས་པ་མ་ཐོབ་པ། སངས་རྒྱུ་ས་འབྱུང་བ་མེད་པ་རུ་རང་ཉིད་ཀྱིས་ལམ་སྔོན་དུ་བྱས་ཏེ། བསེ་རུ་ལྟར་གླཅིག་ཏུ་གནས་པ་འམ། ཚོགས་པ་དང་སྤྱོད་པར་གྱུ་རོ་ཏེ་སྡུག་བསྔལ་གྱི་མཐའོ་རྗེས་སུ་འཐོབ ་པོ།། ཐེག་པ་ཆེན་པོ་པའི་གང་ཟླག་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་དུ་ངེས་པ་འམ་མ་ངེས་པར་རྣམ་པར་གནས་པ་ཉིད་དོ།། རང་བཞིན་གྱིས་དབང་པོ་རྣོ་བྷ། ཕྱོགས་ཐམས་ཅད་དུ་མཐའ་མེད་པའི་ཁམས་གསུམ་པའི་སེམས ་ཅན་རྣམས་རྣམ་པར་གྲོལ་བའི་ཕྱིར་སྨོན་ལམ་མཛད་པ། མི་གནས་པའི་མྱ་ངན་ལས་འདའ་བའི་བསམ་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ཏེ། སེམས་ཅན ་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་ལུང་བསྟན་པ་རབ་ཏུ་ཐོབ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ།། ལུང་བསྟན་པ་རབ་ཏུ་ཐོབ ་ཅེས་པ་ནི་ས་བརྒྱད་པ་ལའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ཅེས་པའི་དོན་ཏོ།། ཉེ་བར་སྟོན་པའི་དབྱེ་བས་གང་ཟག་གསུམ་སྟེ། འདི་ལྟར། ཚོགས་མ་བསགས་པ་དང་། ཚོགས་བསགས་པ་དང་ཚོགས ་མ་བསགས་པ་དང་། ཚོགས་བསགས་པའོ།། དེ་ལ་ཚོགས་མ་བསྔགས་པ་ནི་གང་བདེན་པའི་བདག་པོའི་ཆོས་འདི་ལྔ་དམིགས་པ་མོས་པ་རབ་ཏུ་དང་བ་ཆུང་བ། ཆུང་ངུ་དེས་ངེས་པ་མེད་པའི་སྐྱེ་བ་དང་དུས་ཀྱིས་ཐར་པའི་ཆ་དང་མཐུན་པ ་དང་ལྡན་པའོ།། ཚོགས་བསགས་པ་དང་ཚོགས་མ་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་པ། མོས་པ་དང་རབ་ཏུ་དང་བ་འབྲིང་བ། འབྲིང་ངེས་དུས་དང་སྐྱེ་བ་ངེས་པར་ཐར་པའི་ཆ་དང་མཐུན་པ་དང་ལྡན་པའོ།། ་ཚོགས་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་པས། མོས་པ་དང་རབ་ཏུ་དང་བ་རབ་ཏུ་གྱུར་པ། རབ་དེས་སྐྱེ་བ་དང་དུས་དེ་ལ་ཐར་པའི་ཆ་དང་མཐུན་པ་དང་ལྡན་པའོ།། གཞན་ཡང་། ཚོགས་མ་བསགས ་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་ནས། བདེན་པ་ལ་ཆོས་ལ་ངེས་པར་སྙེམས་པའི་བཟོད་པ་ཆུང་ངུ་དང་ལྡན་པས། ཆུང་ངུ་དེས་སྐྱེ་བ་དང་དུས་ངེས་པ་མེད་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན ་པའོ།། ཚོགས་བསགས་པ་དང་མ་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་ནས། ཆོས་ངེས་པར་སེམས་པའི་བཟོད་པ་འབྲིང་པོ་དང་ལྡན་པས་འབྲིང་དེས་སྐྱེ་བ་དང་དུས་ངེས་པས་ངེས་པར་འབྱེད་པའི ་ཆ་དང་ལྡན་པའོ།། ཚོགས་བསགས་པ་ནི་གང་བདེན་པའི་བདག་པོའི་ཆོས་ལ་དམིགས་པ་ནས་བདེན་པ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་རབ་དང་ལྡན་པས། རབ་དེས་སྐྱེ་བ་དེ་ལ་ངེས་པར་འབྱེད་ད་པའི་ཆ་མཐུན་དང་ལྡན་འོ།། ། ་དེ་ལ་ཕྱོགས་དང་པོ་ནི། བདེན་པའི་བདག་པོའི་ཆོས་ལ་མོས་པ་དང་རབ་ཏུ་ངང་བའི་མཚན་ཉིད་ཀྱིས་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་སྟེ། དད་པ་གཙོ་བོ་ཡིན་པའི་ཕྱིར་རོ།། ཕྱོགས་གཉིས་པ་ནི་བདེན་པའི་བདག་པོའི་ཆོས་ལ་ཆོས ་ངེས་པོར་སེམས་པའི་བཟོད་པའི་མཚན་ཉིད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ་ཤེས་རབ་གཙོ་བོ་ཡིན་པོའི་ཕྱིར་རོ།། འཇིག་རྟེན་ཆོས་མཆོག་ནི་མ་གཏོགས་ཏེ། འཇིག་རྟེན་ཆོས་མཆོག་ནི་རང་བཞིན་གྱིས་སྐད་ཅིག་ཉིད་ཡིན ་པས་རྒྱུན་མེད་པའི་ཕྱིར་རོ།། དེ་ཡང་སྐྱེ་བ་དུས་དེ་ཉིད་པ་ཡིན་གྱི་སྔོན་ནཱི་མ་ཡིན་ནོ།། དེ་ལ་དགེ་བའི་ཆོས་ལ་འདུན་པ་ཉེ་བར་བཟུང་སྟེ། གང་ཐར་པའི་དོན་དུ་བྱེད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་ནི་རྣམ་པ་བཞི་སྟེ། འདི་ལྟར།། ་ལྷག་པའི་སྐལ་པ་ཙྪིན་དང་། ལྷག་པའི་མོས་པ་ཅན་དང་། ལྷག་པའི་འདོད་པ་དང་། ལྷག་པའི་རྟོགས་པ་ཅན་ནོ།། དགེ་བའི་ཆོས་ལ་འདུན་པ་ནས་ཉེ་བར་བཟུང་སྟེ། གླང་ཐར་པའི་དོན་དུ་བྱེད་པ་དེ་ནི་ལྷག་པའི་སྐལ་པ་ཅན་ནོ།། ་གྲོལ་བ་དང་ལྡན་པའི་བསྟན་པ་ལ་ལྷག་པར་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ལྷག་པའི་མོས་པ་ཅན་ནོ།། དགའ་བ་དང་ལྡན་པའི་ཐར་པ་ལ་དམིགས་པ་མང་དུ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ལྷག་པའི་འདོད་པ་ཅན་ནོ།། ་སྐྱེ་བ་དེ་ཉིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེད་པ་གང་ཡིན་པ་དེ་ནི་ལྷག་པའི་རྟོགས་པ་ཅན་ནོ།། ངེས་པར་འབྱེད་པ་ནི་རྣམ་པ་དྲུག་སྟེ། འདི་ལྟར། རྗེས་སུ་མཐུན་པ་པ་དང་། ཁྱད་དུ་འཕགས་པ་པ་དང་། མངོན་དུ་བྱེད ་པ་ཅན་དང་། གཞན་དུ་ཡོངས་སུ་བསྔོ་བ་ཙནྡ་དང་། སྐྱེ་བ་གཅིག་པ་དང་། སྟན་གཅིག་པའོ།། དེ་ལྔ་གང་དང་པོ་ཉིད་དུ་བདེན་པ་དམིགས་པའི་རྣམ་པ་དགེ་བའི་རྩ་བ་ཆུང་ངུ་སྐྱེ་བ་དེ་ནི་རྗེས་སུ་མཐུན་པ་པོའོ།། གང་འབྲིང་དེ་ནི་ཁྱད་པར་དུ་འཕགས ་པ་སྟེ། ཆུང་ངུ་ལས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ།། གང་བདེན་པ་མངོན་དུ་བྱ་བའི་ཕྱིར་སྐྱེ་བ་དེ་ཉིད་དུ་ཆེན་པོ་ཡང་དག་པར་འཇུག་པ་དེ་ནི་མངོན་དུ་བྱེད་པ་ཅན་ནོ།། དེ་ནི་ཡང་། གང་རིགས་མ་ངེས་པ་རྣམས་ཁྱད་པར་ཅན་གྱི་བྱང་ཆུབ་ཕྱིར ་ཡོངས་སུ་བསྔོ་བ་དང་། མཁན་པོ་མེད་པའི་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པའི་ཕྱིར་སྐྱེ་བ་གཞན་དུ་ཡོངས་སུ་བསྔོ་བ་དེ་ནི་གཞན་དུ་ཡོངས་སུ་བསྔོ་བའོ།། གང་སྐྱེ་བ་དེ་ཉིད་དུ་བདེན་པ་མངོན་དུ་བྱ་བའི་ཕྱིར་ཡང་དག་པར་འཇུག་པ ་དེ་ནི་སྐྱེ་བ་གཅིག་པའོ།། གང་སྟན་གཅིག་ལ་བདེན་པ་མངོན་དུ་བྱ་བའི་ཕྱིར་ཡང་དག་པོར་འཇུག་པ་དེ་ནི་སྟན་ཅིག་པའོ།། སྦྱོར་བ་ལས་གང་ཟག་རྣམ་པ་གཉིས་ནི་འདི་ལྟ་སྟེ། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང ་བའོ།། དེ་ལ་གང་ཚོགས་བསགས་པ་དབང་པོ་རྟུལ་པོ་གཞན་གྱིས་ཉེ་བར་བསྟན་པ་ལ་རྗེས་སུ་རྟེན་ནས་བདེན་པ་མངོན་པར་རྟོགས་པའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་དད་པས་རྗེས་སུ་འབྲང་བའོ།། གང་ཚོགས་བསགས་པ་དབང་པོ་རྣོན་པོ ་རང་ཉིད་ཀྱིས་བདེན་པའི་བདག་པོས་ཆོས་འདི་ལ་རྗེས་སུ་རྟེན་ནས་མངོན་པར་རྟོགས་པའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་ཆོས་ཀྱིས་རྗེས་སུ་འབྲང་བའོ།། འབྲས་བུའི་དབྱེ་བས་གང་ཟགས་བཅུ་གསུམ་སྟེ། འདི་ལྟར། དད་པས་ལྷག་པར་མོས ་པ་དང་། མཐོང་བ་སྡེ་ཐོབ་པ་དང་། ལུས་ཀྱིས་མངོན་དུ་བྱེད་པ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན ་ཅིག་ཕྱིར་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པ་དང་། ལྷན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། ཕྱིར་མི་ཐོང་པ་དང་། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པ ་དེ་ལ་རྒྱུན་ཏུ་ཞུགས་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པོ་དང་། རིགས་ནས་རིགས་སོ།། ལ་ནི་ཅིག་ཕྱིར་འོང་བ་ནི་ཅིག་སྟེ། འདི་ལྟ་སྟེ། བར་ཆད་ཅིག་པའོ།། ཕྱིར་མི་འོང་བ་ནི་རྣམ་པ་ལྔ་སྟེ། འདི་ལྟར། བར་མ་དོར ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལུས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ ་བ་དང་། གོང་དུ་འཕྲོ་བའོ།། དགྲ་བཅོམ་པ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་པོའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བ་དང ་མངོན་དུ་བྱེད་པའི་བསྐལ་པ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ།། དེ་ལ་གང་འབྲས་བུ་དུས་སུ་དད་པས་རྗེས་སུ་འབྲང་བའི་གང་ཟག་དེ་ནི་དད་པས་ལྷག་པར་མོསྣ་པའོ།། གང་འབྲས་བུ་དུས་སུ་ཆོས་ཀྱིས ་རྗེས་སུ་འབྲང་བ་དེ་ནི་མཐོང་བས་ཐོབ་པའོ།། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པའི་གང་ཟག་ཕྱིར་མི་འོ་འདི་ནི་ལུས་ཀྱིས་མངོན་དུ་བྱེད་པ་སྟེ། རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ་བྱས་ཅིང་སྙོམས་པར་འཇུག ་པ་རྣམ་པར་གནས་པའི་ཕྱིར་རོ།། རྣམ་པར་ཐར་པ་བརྒྱད་ནི་བཤད་ཟིན་དང་བཤད་པར་བྱའོ།། གང་ཞིག་ཟག་པ་ཟད་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པ་མ་ཡིན་པ་དེ་ནི་ཤེས་རབ་རྣམ་པོར་གྲོལ་བ་སྟེ། ཤེས་རབ ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་ཙམ་ལྷག་མ་མེད་པར་སྤངས་པའི་ཕྱིར་རོ།། གང་ཞིག་ཟག་པ་ཟད་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པ་དེ་ནི་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད ་དག་ལས་རྣམ་པ་རོ་གྲོལ་བའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ།། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་རྣམས་ཀྱིས་གང་ཟག་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར ་ཞུགས་པའོ།། སྟན་གཅིག་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནས་བརྩམས་ཏེ་འབྲས་བུ་དང་པོ་ཐོབ་ཀྱི་བར་དུའོ།། མཐོང་ལམ་དེ་ནི་ཡང་དག་པ་ཉིད་དུ་ངེས་པ་རྣམ་པར་གནོན་པ་དང་།། ཆོས་མངོན་པར་རྟོགས་པ་ཡང་ངོ་།། ། ་ཡང་མཐོང་བའི་ལམ་གྱི་འཇུག་དུ་འབྲས་བུ་དང་པོ་ཐོབ་པའི་གང་ཟག་གང་ཞེ་ན། གང་མཐར་གྱིས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ། ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པ་ན་རྒྱུན་ཏུ་ཞུགས་པར་གྱུར་པའོ།། ཆགས ་པ་དང་བྲལ་བའི་ཕྱོགས་གཅིག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པའོ།། གང་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་དང་པོ་དྲུག་སྤངས་པ་ནི་སླར་ཡང་འདོད་། ་ཆགས་དང་བྲལ་པོ། ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་ན་ལན་ཅོག་ཕྱིར་འོང་བར་འགྱུར་རོ།། ཡང་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་དང་པོ་དྲུག་དག་སྤངས ་གང་ལས་སླར་ཡང་འདོང་བ་ལ་འདོད་ཆགས་དང་བྲལ་བར་གྱུར་པ་ནི།། ཕྱིས་ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་དེ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཉིད་དུ་འགྱུར་རོ།། འདོད་པ་ལ་འདིད་ཆགས་ད ་བྲལ་བ། ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་ན་ཕྱིར་མི་འོང་བར་འགྱུར་རོ།། གང་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་རྣམ་སོ།། འཇིག་རྟེན་པོའི་ལམ་གྱིས་སྤངས་ཏེ་འདོད་པ་ལ་འདོད ་གས་དང་བྲལ་བར་གྱུར་པ་ན་ངེས་པ་ལ་ཞུགས་པོ། དེ་ཕྱིར་མི་འོང་བ་ཉིད་དུ་འགྱུར་རོ།། གང་གི་ཚེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་རྒྱུན་ཏུ་ཞུགས་པར་ཡིན་གྲང་ན། དེ་རྒྱུ་གང་གིས་ཀུན་ཏུ ་སྦྱོར་བ་གསུམ་སྤངས་པས་རྒྱུན་ཏུ་ཞུགས་པ་ཞེས་བརྗོད་ཅེ་ན། བརྗོད་པར་བྱ་སྟེ། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོའི་ཕྱིར་རོ།། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་དང་པོ་ལྔ་རྣམས ་སྤུསྤངས་པའི་ལམ་གྱི་གང་ཟག་ནི་ལྷན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ།། གླེང་སྒོམ་པའི་ལམ་ལ་འདོད་པ་ན་སྟོང་པའི་ཉོན་མོངས་པ་རྣམ་པ་དྲུག་པ་སྤངས་པ་ཡོངས་སུ་རྫོགུས་པའི་གང་ཟག་ནི་ལན་ཅིག་ཕྱིར་འོང ་བའོ། |གང་སྒོམ་པའི་ལམ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟེང་དུ། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་བདུན་པ་དང་བརྒྱད་པ་དག་སྤངས་པའི་ལམ་གྱི་གང་ཟག་ནི་ཕྱིར་མི་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པའོ།། ། ་གང་སྒོམ་པའི་ལཱམ་ལ་འདོད་པ་ན་སྤྱོད་པོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་གྱི་གང་ཟག་ནི་ཕྱིར་མི་འོང་བའོ།། འདིར་སྨྲས་པ། གང་ཚེ་འདོད་པ་ན་སྤྱོད་པའི་སྦོམ་པོས་སྤང་བར་བྱ་བ་ཉོན་མོངས་པ་ཐམས་ཅད ་སྤངས་པས་ཕྱིར་མི་འོང་བར་འགྱུར་གྲོང་ན། དེ་རྒྱུ་གང་གིས་འོག་མའི་ཚེ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་རྣམས་སྦྱངས་པའི་ཕྱིར་མི་འོང་བ་ཞེས་བརྗོད་ཅེ་ན། བརྗོད་དེ། གཙོ་བོར་བསྡུས་པ་ཉེ་བར་བཟུང་བའོ།། སྨྲས་པ ་གཙོ་བོ་ཉེ་བོར་བཟུང་བ་ཅི་ཞེ་ན། བརྗོད་དེ། འགྲོ་བ་དམན་པའི་རྒྱུ་དང་ཁམས་དམན་པའི་རྒྱུ་དག་ཉེ་བར་བཟུང་བའོ།། དེ་ལ་འགྲོ་བ་དམན་པ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སོ།། ཁམས་དམན་པ་ནི་འདོད་པའི་ཁམས་། ་དེ་ལ་འཇིག་ཚོགས་ལ་ལྟ་བ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐེ་ཚོམ་རྣམས་ཀྱིས་འགྲོ་བ་དམན་པ་ལས་མི་འདའ་བས། འཇིག་ཚོགས་ལྷ་ལྟ་བ་ལ་སོགས་པ་དེ་རྣམས་ནི་འགྲོ་བ་དམནྡ་པའི་རྒྱུ་ཉིད་དོ།། ་འདོད་པ་ལ་འདུན་པ་དང་གནོད་སེམས་དག་གིས་ཁམས་དམན་པ་ལས་ཡང་དག་པར་འདའ་བ་མ་ཡིན་པས་འདོད་པ་ལ་འདུན་པ་དང་གནོད་སེམས་དེ་དག་ནི་ཁམས་དམུན་པའི་རྒྱུ་ཉིད་དོ།། ཕྱིར་མྱི་འོང་བའི་འབྲས་བུ་དེ་མ ་ཐུག་ཏུ་གང་སྒོམ་པའི་ལམ་ལ། བསམ་གཏན་དང་པོའི་ཉོན་མོངས་པའི་རྣམ་པ་དང་པོ་ནས་བརྩམས་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་བརྒྱད་པའི་བར་དུ་སྦྱངས་པའི་ལམ་གྱིས་གང་ཟག་དེ་ནི་དགྣ་བཅོམ་པའི་འབྲས་བུའི ་ཕྱིར་ཞུགས་པའོ།། གང་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པ་ཡོངས་སུ་རྫོགས་པའི་གང་ཟག་དེ་ནི་དགྲ་བཅོམ་པའོ།། འདིར་སྨྲས་པ། གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས ་པོས་དགྲ་བཅོམ་པ་ཡིན་གྲང་ན། རྒྱུ་གང་གིས་གོང་མའི་ཆ་དང་མཐུན་པོའི་ཀུན་ཏུ་སྦྱོར་བ་ལྔ་རྣམས་སྤངས་པས་དགྲ་བཅོམ་པར་འགྱུར་རོ་ཞེས་བཤད་ཅེ་ན། བརྗོད་དེ། གཙོ་བོ་བསྡུས་པ་ཉེ་བར་བཟུང་བའོ།། སྨྲས་པ། གཙོ་བོ ་ཉེ་བར་བཟུང་བ་ཅི་ཞེ་ན། བརྗོད་དེ། གོང་མ་ཉེ་བར་ལེན་པའི་རྒྱུ་ཉིད་དང་། གོང་མ་ཡོངས་སུ་མི་སྤོང་བའི་རྒྱུ་དག་ཉེ་བར་བཟུང་བའོ།། དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དག་ལས་འདོད་པའི་ཁམས་ཀྱི ་གོང་མ་ཉེ་བྱར་ལེན་པ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉེ་བར་སྐྱེ་བའོ།། ཅེས་པའི་དོན་ཏོ།། སྲེད་པ་མཆོག་གི་བསམ་གཏན་པས་ཀྱིས་དེ་རུ་ཀུན་ནས་ཉོན་མོངས་པས་སོ།། རྒོད་པ་དང་། ང་རྒྱལ ་དང་ཐེ་ཚོམ་རྣམས་ཀྱིས་གོང་མ་ཡོངས་སུ་མི་སྤོང་བ་སྟེ་ཐེ་ཚོམ་མཆོག་གི་བསམ་གཏན་པས་ཀྱིས་དེ་རུ་ཀུན་ནས་ཉོན་མོངས་པའི་ཕྱིར་རོ།། གང་རྒྱུན་ཏུ་ཞུགས་པ་ཉིད་འདྲེས་པ་དང་ཉོ་བར་འདྲེས་པས་ལྟ་རུ་བདུན་དང་མིའི་བདུན་གྱི ་སྲིད་པ་ལ་བརྟེན་ནས་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པའི་གང་ཟག་དེ་ནི་སྲིད་པ་ཐ་མ་ལན་བདུན་པའོ།། གང་ལྷ་རུ་འམ་མི་རུ་རིགསོ་ནས་རིགས་སུ་སོང་སྟེ་མིའི་ནང་དུ་སྡུག་བསྔལ་གྱི་མཐར་རྗེས་སུ་སོན་པ་དེ་ནི་རིགས་ནས་རིགསོ།། ་གླང་རྒྱུན་ཏུ་ཞུགས་པ་ཉིད་ལྷ་རུ་འམ་མཱི་རུ་སྲིང་པོ་གཉིས་ལ་བརྟེན་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པའོ།། གྲོང་ལན་ཅིག་ཕྱིར་འོང་བ་ཉིད་ཕྱིར་མི་འོང་བའི་འབྲས་བུའི ་ཕྱིར་ཞུགས་པ་ལྷའི་ནང་ཉིད་དུ་སྲིད་པ་གཅིག་ལ་བརྟེན་ཏེ་ཡོངས་སུ་མྱ་ངན་ལྔས་འོདའ་བ་དེ་ནི་བྱར་ཆད་གཅིག་པའོ།། བེརརྱ་ཆང་གཅིག་ནི་སྐྱེ་བ་གཞན་གང་གི་གོ་སྐབས་དེ་ནི་བར་ཆད་གཅིག་ཅེས་བྱའོ།། བར་དོར་ཡོངས་སུ་མྱ་ངན ་ལས་འདའ་བ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ། མངོན་པར་གྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པས་བར་མའི་སྲིད་པ་མངོན་པར་གྲུབ་པ་ཉིད་ན་སྔོན་དུ་གོམས་པའི་ལམ་མངོན་དུ ་བྱས་ཏེ། སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་ནི་གཅིག་གོ།། གང་ཞིག་བར་ངོའི་སྲིད་པ་མངོན་པར་གྲུབ་སྟེ། སྐྱེ་བའི་སྐྱེད་པར་འགྲོ་བའི་ཕྱིར་སེམས་པ་ཉིད་ན་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་ནི་གཉིས་པའོ།། ་གང་ཡང་སྐྱེ་བའི་སྲིད་པ་ཀུན་ཏུ་བསམ་ཏོ་མངོན་དུ་གནས་པ་ཉིད་དེ། སྐྱེ་བའི་སྲིད་པ་ཐོབ་པ་ནི་མ་ཡིན་པ། ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པ་ནི་གསུམ་པའོ།། གང་སྐྱེ་བའི་ཀུན་ཏུ་སྦྱོར་བ་མ་སྦྱངས་ཤིང ་མངོན་པརརོ་གྲུབ་པའི་ཀུན་ཏུ་སྦྱོར་བ་མ་སྤངས་པས་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཙམ་ཉིད་ན་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ།། གང་སྐྱེས་ནས ་མངོན་པར་འདུ་བྱེད་པ་མྱེད་པ་སྟེ་བབད་པ་མེད་པར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་སོན་པ་དེ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངནཱ་ལས་འདའ་བོའོ།། གང་སྐྱེས་ནས་མངོན་པར་འདུ་བྱེད་པ ་སྟེ་འབད་པས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་རྗེས་སུ་ཐོད་པ་དེ་ནི་མངོན་པར་འདུ་བྱེང་བ་ཡོངས་སུ་མྱ་ངན་ལས་འདའ་བོའོ།། གོང་བུ་འཕོ་བ་རྣམ་པ་གཉིས་ཏེ། འདི་ལྟར། འོག་མིན་དུ་འགྲོ་བ་དང་། སྲིད་པའི ་རྩེ་མོར་འགྲོ་བའོ།། དེ་ལ་གང་རོ་མྱང་བ་མང་དུ་སྐྱེ་བ་གྲུབ་པས། བསམ་གཏན་དང་པོའི་རོ་མྱང་པོ་ཆུང་ངུས་ཚངས་རིགས་སུའོ།། འབྲིང་གིས་ཚངས་པའི་མདུན་ན་འདོན་དུའོ།། ཆེན་པོས་ཚངས་པ་ཆེན་པོ་རུའོ།། དེ་བཞིན་དུ་བསམ ་གཏན་གཉིས་པའི་རོ་མྱང་བ་ཆུང་ངུས་འོད་ཆུང་ངུའོ།། འབྲིང་གིས་ཚད་མེད་འོད་དུའོ།། རབ་ཀྱིས་འོད་གསལ་དུའོ།། བསམ་གཏན་གསུམ་པ་རོ་ཆུང་ངུ་མྱངས་པས་དགེ་ཆུང་ངུའོ།། འབྲིང་གིས་ཚད་མེད་དགེའོ།། ར་བ ་ཀྱིས་དྲུག་རྒྱས་སུའོ།། བསམ་གཏན་བཞི་པ་རོ་མྱང་བ་ཆུང་ངུས་སྦྱིན་མེད་དུའོ།། འབྲིང་གིས་བསོད་ནམས་འཕེལ་དུའོ།། རབ་ཀྱིས་འབྲས་བུ་ཆེ་བ་རུའོ།། རྣམ་པར་བཀྲམས་པ་སྒོམ་པས་བསམ་གཏན་བཞི་པ་ཡོངས་སུ་གོམས་པས་ཆུང ་མི་ཆེ་བཱིར་རོ།། ཡོངས་སུ་གོམས་པ་འབྲིང་གིསཽ་མི་གདུང་བར་རོ།། རབ་ཡོངས་སུ་གོམས་པས་ཤིན་ཏུ་མཐོང་དུའོ།། ཆོས་རབ་ཏུ་གོམས་པས་གྱ་ནོམ་སྣང་དུའོ།། འདི་རྣམས་སུ་བར་མེད་པར་ལན་རེ་རེ་སྐྱེའོ།། ཤིན་ཏུ་ཆེས་རབ་ཏུ་གོམས ་པས་འོག་མིན་དུ་ཞུགས་ཏེ་ལམ་མངོན་དུ་བྱས་ཤིང་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་འོག་མིན་མཐར་ཐུག་པའོ།། གང་ཡང་ཚངས་རིས་ལ་སོགས་པ་ནས་འབྲས་བུ་ཆེ་བའི་མཐར་ཐུག་པར་ལྡན་རེ་རོ་སྐྱེས་ནས། རྣམ་པར་བཀྲམ་པ་མ ་ཡིན་པའི་བསམ་གཏན་བཞི་པ་བསྒོམས་པས་གནས་གཙང་མ་འབའ་ཞིག་ཡོངས་སུ་སྤངས་ཏེ། དེ་བཞིན་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམས་སུ་ལན་རེ་རེ་སྐྱེས་ནས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན ་ལས་འདའ་བ་དེ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པའོ།། གང་དབང་པོ་རྟུལ་པོ་བག་མེད་པའམ་བག་ཡོད་པ་འམ་སེམས་པ་འམ་མི་སེམས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་ལས་ཡོངསུ ་ཉམས་པའི་སྐལ་པ་ཙཱན་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ།། དེ་ལ་སེམས་པ་འམ་མཾ་སེམས་པ་ཞེས་པ་ནི་རང་བདག་ཉིད་ཀྱི་ཉེ་བར་གནོན་བཞིན་པ་མ་ཡིན་པ་ཅེས་པའི་དོན་ཏོ།། གང་དབང་པོ་རྟུལ་པོ་ཉིད་བག་མེད་པ་འམ་བག་ཡོད་པ། ་མི་སེམས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ།། དེ་ལ་སེམས་པའམ་མི་སེམས་པ་ཞེས་པ་ནི་རང་བདག་ཉིད་ཀྱི་ཉེ ་བར་གནོན་བཞིན་པའི་ཉེ་བར་གནོན་བཞིན་པ་མ་ཡིན་པ་ཅེས་པའི་དོན་ཏོ།། གང་དབང་པོ་རྟུལ་པོ་ཉིད་བག་མེད་པ་འམ་བགྲ་ཡོད་པ། མི་སེམས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན།། ་སེམས་པས་སྐལ་པ་ཅན་མ་ཡིན་པ་དེ་ནི་སེམས་དཔའི་ཆོས་ཅན་ནོ།། གང་དབང་པོ་རྟུལ་པོའི་ཉིད་ཕྱག་མེད་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་ཏེ། བག་ཡོད་པས་སྐལ་པ་ཅན ་མ་ཡིན་པ་དེ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ནོ།། གང་དབང་པོ་རྟུལ་པོ་བག་མེད་པ་ཉམ་བག་ཡོད་པ་དག་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་མ་ཡིན་པ། དབང་པོ་རྣམས་ཤིན་ཏུ ་འབར་བར་བྱ་པའི་སྐལ་པ་ཅན་དེ་ནི་གནས་པ་ལས་མི་བསྐྱོད་པའོ།། དེ་ལ་དབང་པོ་ཤིན་ཏུ་འབར་བར་བྱ་བ་ནི་རབ་ཉིད་དུ་དྲང་བར་བྱ་ཞིང་རྣོ་བར་བྱ་བ་ཉིད་ཀྱི་བར་དུའོ།། དེ་ཉིད་ཀྱིས་མི་གཡོ་བའི་ཆོས་ཅན་ནི་དབང་པོ་ཤིན ་ཏུ་འབར་བའི་སྐལ་པ་ཅན་དུ་ནི་མ་གསུངས་ཏེ། དེ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཉིད་ཡིན་པའི་ཕྱིར་རོ།། གང་དབང་པོ་རྟུལ་པོ་བག་མེད་པ་འམ་བག་ཡོད་པ་དག་མཐོང་བའི་ཆོས་ལ་བདེ་བ་པར་གནས་པ ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་པ། དབང་པོ་རྣམས་ཤིན་ཏུ་འབར་བར་བྱ་བའི་སྐལ་བ་ཅན་དེ་ནི་མངོན་དུ་བྱེད་པའི་ཆོས་ཅན་ནོ།། གང་རང་བཞིན་གྱིས་དབང་པོ་རྣོ་བ་བག་མྱེད་པ་འམ་བག་ཡོད་པ་དག ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་པ་དེ་ནི་མི་གཡོ་བའི་ཆོས་ཅན་ནོ།། ཁམས་ཀྱི་དབྱེ་བས་གང་ཟག་བཅུ་གསུམ་སྟེ། འདི་ལྟར། འདོད་པ་ན་སྤྱོད་པའི་སོ་སོ་སྐྱེ་བོ ་དང་། སློབ་པ་དང་མི་སློབ་པའོ།། དེ་བཞིན་དུ་གཟུགས་ན་སྤྱོད་པ་གསུམྦྷ་དང་། དེ་བཞིན་དུ་གཟུགས་མེད་པ་ན་སྐྱེད་པ་གསུམ་དང་། འདོད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའི་དང་། གཟུགས་ནི་སྤྱོད་པའི་བྱང་ཆུབ ་སེམས་དཔའ་དང་། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའོ།། གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་འཕགས་པའི་ཆོས་མ་རྙེས་པ་དེ་ནི་འདོད་པ་ན་སྤྱོད་པའི ་སོ་སོ་སྐྱེ་བོའོ།། གང་འདོད་པའི་ཁོམས་སུ་སྐྱེ་བར་གྱུར་པ་འཕགས་པའི་ཆོས་རྣམས་ཐོབ་པ་ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པ་དེ་ནི་འདོད་པོ་ན་སྤྱོད་པའི་སློབ་པའོ།། གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་འཕགས ་པའི་ཆོས་རྣམས་ཐོབ་པ་ཀུན་ཏུ་སྦྱོར་བ་ལྷག་མ་མེད་པ་དེ་ནི་འདོད་པ་ན་སྤྱོད་པའི་མི་སློབ་པའོ།། དེ་བཞིན་དུ་གཟུགས་ན་སྤྱོད་པ་གསུམ་དང་། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པ་གསུམ་མོ།། གང་གཟུགས་མེད་པའི ་འགྲིབ་པའི་བསམ་གཏན་དང་ལྡན་པ་བས་མ་གཏན་བདེ་བས་གནས་པ་དག་འདོད་པའི་ཁམས་སུ་སྐྱེ་བ་དེ་ནི་འདོད་པ་ནི་སྤྱོད་པའི་བྱང་ཆུབ་སེམས་དཔའོ།། གང་གཟུགས་མེད་པའི་འགྲིབ་པའི་བསམ་གཏན་དང་ལྡན་པ་བསམ ་གཏན་བདེ་བས་གནས་པ་དག་གཟུགས་ཀྱི་ཁམས་སུ་སྐྱེ་བ་དེ་ནི་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔེའོ།། འདིར་སྨྲས་པ། གཟུགས་མེད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་མེད་པ་རྒྱུ་ཅི་ཞེ་ན། བརྗོད་དེ། ནུས་པ་ཁྱད ་པར་ཅན་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱེ་མཆེད་ཉེ་བར་བཟུང་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་གཟུགས་མེད་པའི་ཁམས་སུ་མི་སྐྱེ་བའི་ཕྱིར་རོ།། གཟུགས་མེད་པའི་འགྲིབ་པའི་བསམ་གཏོན ་ཞེས་པ་ནི། བསམ་གཏན་གང་གིས་གཟུགས་མེད་པར་སྐྱེ་བ་བཀག་པའི་དོན་ཏོ།། བསམ་གཏན་བདེ་བས་གནས་པ་ཞེས་པ་ནི་བསམ་གཏན་ལས་ཡོངས་སུ་མི་ཉམས་པ་ཉིད་དང་བསམ་གཏན་ལྡོག་པ་ལ་མཁས་པ་ཉིད་ཀྱིས ་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་བྱང་ཆུབ་སེམས་དཔའོ་འདོད་པའི་ཁམས་སུ་སྐྱེ་བར་རིག་པར་བྱའོ།། གང་སངས་རྒྱས་འབྱུང་བ་མེད་པའི་འདོད་པའི་ཁམས་སུ་སྐྱེ་བར་གྱུར་ནས་རང་རྒྱལ་བའི་བྱང་ཆུབ་མངོན ་དུ་བྱེད་པ་དེ་ནི་འདོད་པ་ན་སྤྱོད་པའི་རང་སངས་རྒྱས་སོ།། གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་དགའ་ལྡན་གནས་སུ་གནས་བཅས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་དང་། སྔོན ་དུབྱང་ཆུབ་སེམས་དཔའི་སྤྱོད་པ་དང་རང་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་སྟོན་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། དེ་ལ་བྱང་ཆུབ་སེམས་དཔའི ་སྤྱོད་པ་ཞེས་པ་ནི། དགའ་ལྡན་གནས་སུ་གནས་པ་ནས་བཟུང་སྟེ་བདུད་ཕམ་པར་བྱས་པའི་བར་དུའོ།། སངས་རྒྱས་སྤྱོད་པ་ཞེས་པ་ནི་མངོན་པར་སངས་རྒྱས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདའོ་བ་ཆེན་པོའི་བྱར་རོ།། ་སྤྱོད་པ་ཡོངས་སུ་དབྱེ་བས་བྱང་ཆུབ་སེམས་དཔའ་ལྔ་སྟེ། འདི་ལྟར། ལྷག་པར་མོསྔོ་པ་སྤྱོད་པ་དང་། ལྷག་པའི་བསམ་པ་སྤྱོད་པ་དང་། མཚན་མ་དང་བཅས་པ་ལ་སྤྱོད་པ་དང་། མཚན་མ་མེད་པ་ལ་སྤྱོད་པ་དང་། མངོན་པར ་འདུ་བྱེད་པ་མེད་པ་སྤྱོད་པའོ།། དེ་ལ་གང་མོས་པ་སྤྱོད་པའི་ས་ལ་བཟོད་པ་ཆུང་ངུ་འབྲིང་ཚོན་པོ་དང་ལྡན་ཞིང་རིགས་ལ་གནས་པ་དང་པོ་ཉིད་དུ་བྱང་ཆུབ་ཆེན་པོར་སྨོན་ལམྦ་བཏབ་པ་ནས་བཟུང་སྟེ་ཇི་སྲིད་དུ་རབ་ཏུ་དགའ་བའི ་ས་ལ་མ་ཞུགས་པ་སྟེ། སོ་སོ་བདག་ཉིད་འཇིག་རྟེན་ལས་འདས་པའི་རྟོགས་པ་མེད་པས་དེ་ནི་ལྷག་པར་མོས་པ་སྤྱོད་པའོ།། གང་བྱང་ཆུབ་སེམས་དཔའི་ས་བཅུ་ལ་འཇིག་རྟེན་ལས་འདས་པའི་རྟོགས་པས་བསམ་པ་རྣམ ་བརླ་དག་པའི་གང་ཟག་དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་སྤྱོད་པའོ།། གང་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་སྣང་བར་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་གང་ཟག ་དེ་ནི་མཚན་མ་དང་བཅས་པཾ་ལ་སྦྱོང་པའོ།། འདིར་སྨྲས་པ། དེ་ཅི་ལྟར་མཚན་མ་དང་བཅས་པ་ལ་སྦྱོང་ཞེ་ན། བརྗོད་དེ། སོ་དྲུག་ལ་མི་འདྲིད་ཀྱང་མཚན་མ་ཐ་སྙད་དུ་འཇུག་པའི་ཕྱིར་རོ།། གླང་བྱང་ཆུབ་སེམས་དཔའི་སྐུ་བདུན་པ ་རིང་དུ་སྟོང་པ་ལ་གང་ཟག་འབད་པ་བྱེད་པ་ན་མཚན་མ་མངོན་དུ་རྒྱུ་བ་མེད་པས་དེ་ནི་མཚན་མ་མེད་པ་སྤྱོད་པའོ།། གང་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་དང་ལེགས་པའི་བློ་གྲོས་དངོ་ཆོས་ཀྱི་སྤྲིན་རྣམས་ལ་གང་ཟག་དེ་ནི་མངོན་པར ་འདུ་བྱེད་པ་མེད་པ་སྤྱོད་པ་སྟེ། རྣམ་པར་སྨིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་བརྙེས་པའི་ཕྱིར་རོ།། གང་རྒྱུན་ཏུ་ཞུགས་པའི་གང་ཟག་ཞེས་གསུངས་པ། རྒྱུན་ཏུ་ཞུགས་པའི་རྣམ་པ་གཉིས་ཏེ། འདི་ལྟར་མཐར་གྱིས ་བྱ་དང་། ལན་ཅིག་གིས་ངེས་པར་འབྱུང་བའོ།། དེ་ལ་མཧཱར་གྷས་པྲ་ནི་ཇི་ལྟར་བསྟན་པའོ།། གང་བདྲེན་པ་མངོན་པར་རྟོགས་པ་མི་ལྕོགས་པ་ལ་བརྟེན་ནས་འཇིག་རྟེན་ལས་འོངས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི ་ཉོན་མོངས་པ་རྣམས་ལན་ཅིག་གོསོ་སྤོང་བ་དེ་ནི་ལན་ཅིག་གིས་ངེས་པར་འབྱིན་པ་དང་སྟབས་ཅིག་པའོ།། དེ་དང་འབྲས་བུ་གཉིས་སུ་རྣམ་པར་བཞག་སྟེ། འདི་ལྟར། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པར ་འབྲས་བུའོ།། སྟབས་ཅིག་པ་ཞེས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཆེན་པོ་ནས་ཆུང་ངུ་བར་དུ་མཐོང་བས་སྤང་བྱ་ལྟར་སྤོང་བའོ།། འཇིག་རྟེན་པའི་ལམ་བཞིན་དུ ་ས་ཡི་རབ་ཏུ་དབྱེ་བས་ཐ་དང་ཐ་དད་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། སོར་མོ་རྩེ་མོའི་མདོ་ལྔས་ཇི་སྐད་དུ་གསུངས་ཏེ། གང་ཇི་སྙེད་གཟུགས་དང་ཇི་སྲིད་དུ་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་ཞེས་པ་ལ་སོགས་པ ་རྒྱས་པར་ཇི་སྲིད་དུ་རིང་བ་འམ་ཉེ་བ་འམ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཅིང་ཆ་གཅིག་ཏུ་བྱས་ཏེ་གཅིག་ཏུ་ཟླུམས་ནས་གཅིག་ཏུ་སྡོམས་ཤིང་གཅིག་ཏུ་སྤུངས་ཏེ། ཆ་གཅིག་ཟླུམས་པ་གཅིག་ཕུང་པོ་གཅིག་ཏུ་བྱས་ནས། འདི ་དགྲ་ཐམས་ཅད་མི་རྟག་ཅིང་ཐམས་ཅད་སྡུག་བསྔལ་བའོ།། ཞེས་པ་ལ་སོགས་པ་རྒྱས་པར་སོ་སོར་ལེགས་པར་བསླབ་བོ།། ལན་ཅིག་གིས་ངེས་པར་འབྱིན་པ་ནི་ཐོག་མ་དང་ཐ་མྲའི་འབྲས་བུ་གཉིས་སུ་བཏགས་པ་བྱས་ཏེ། འབྲས ་བུ་དེ་གཉིས་གྲངས་བཞིན་དུ་ཁམས་གསུམ་ཐམས་ཅད་ཀྱི་མཐོང་བ་དང་སྙོམས་བྱས་སྤང་བྱར་བྱ་བ་ཉོན་མོངས་པ་སྤངས་པ་རབ་ཏུ་སྐྱེད་པའི་ཕྱིར་རོ།། དེ་ལ་ན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ཟླ་སྐད་མྱེད་དེ། ལན་ཅིག་ཕྱིར ་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དེ་དག་ནི་བདེན་པ་མཐོང་བ། འདོད་པ་ན་སྤྱོད་པའི་སྒོམོས་པས་སྤང་བར་བྱ་བ་ཁོ་ན་ལྷག་མ་དང་བཅས་པ་དང་ལྷག་མེད་པ་སྤངས་པ་རབ་ཏུ་སྒྲུབས་པའི་ཕྱིར་རོ།། ལན་ཅིག་གིས་ངེས ་པར་འབྱིན་པའི་དབང་དུ་བྱས་ཏེ། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་ཏུ་ཞུགས་པའི་དེ་མ་ཐག་ཏུ་དགྲ་བཅོམ་པའི་རྣམ་པར་བཞག་པ་རིག་པར་བྱའོ།། དེ་གང་མཐོང་བའི་ཆོས་ལྷ་ཀུན་ཤེས་པ་མཉེས་པ་ལན་མང་དུ་བྱེད་དོ།། @ ་ལམ་ནོ་མཉེས་པར་མི་བྱེད་ན། ཐམས་ཅད་ལས་མཱ་ལུས་པར་འདོད་ཆགས་དྲུང་བྲལ་བ་ཉིད་མ་ཡིན་པའི་ཕྱྀར། མྱུར་དུ་མྱ་ངན་ལྔས་འང་མཐོ་ངན་ནི་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་ཉེ་བར་སྐྱེའོ།། དེ་ལྟ་གང་མ ་བའི་ཆོས་ལ་ཀུན་ཤེས་པ་མཉེས་པ་ལནཱ་མང་དུ་བྱེད་དུ་ཞེས་པ་ནི། མཐོང་བའི་ཆོས་ལ་དགྲ་བཅོམ་པ་མངོན་དུ་བྱིང་ངོ་།། ཐ་ན་འཆི་བའི་ངས་པའོ།། བརྒྱལ་མཉེས་པར་མི་བྱེད་ན། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བུའི་པྲཱྀ་དེ་སྣརོན ་ལམ་སྟོབས་དང་ལྡན་པར་འགྱུར་རོ།། སྨོན་ལམོ་གྱི་སྟོབས་ཀྱིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་པའི་ཞིང་དུ་རང་སངས་རྒྱས་སུ་འགྱུར་རོ།། མངོན་པར་རྟོགས་པའི་རྣམ་པོར་བཞག་པ་ལས་ཞེས་པ་ནི་མངོན ་པར་རྟོགས་པ་བཅུ་སྟེ། འདི་ལྟར། ཆོས་མངོན་པར་རྟོགས་པ་དང་། དོན་མངོན་པར་རྟོགས་པོ་དང་། དེ་ཁོ་ན་ཉིད་མངོན་པར་རྟོགས་པ་དང་། རྗེས་མངོན་པར་རྟོགས་པ་དང་། དཀོན་མཆོག་མངོན་པར་རྟོགས་པ་དང་། ཀུན་ཏུ་སྤྱོད་པ་མ ་ཡིན་པའི་མངོན་པར་རྟོགས་པ་དང་། མཐར་ཐུག་མངོན་པར་རྟོགས་པ་དང་། ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང་། རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ།། དེ་ལ་གང་དང ་པའི་རྗེས་སུ་འབྲང་བའི། མདོ་སྡེ་ལ་སོགས་པ་རྣམས་སུ་ཆོས་བདེན་པ་བཞི་དབང་དུ་བྱ་བ་ལ། གཞན་གྱིས་བསྟན་པ་དབང་དུ་གྱུར་པ་ལྷག་པར་མོས་པ་རབ་ཏུ་དང་བ་རབ་ཉིད། ཐར་པའི་ཆ་དང་མཐུན་པས་བསྡུས་པའི ་མཐའ་བརྙེས་པ་དེ་ནི་ཆོས་མངོན་པར་རྟོགས་པའོ།། གང་མདོ་སྡེ་ལ་སོགས་པའི་ཆོས་བདེན་པ་དབང་དུ་བྱ་བ་ལ་ཚུལ་བཞིན་ཡང་ལ་བྱེད་པའི་བདག་པོའི་དབང་ལས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཆོས་ངེས་པར་སེམས ་པའི་བཟོད་པ་རབ་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པའི་མཐའ་རྙེས་པ་དེ་ནི་དོན་མངོན་པར་རྟོགས་པའོ།། དེ་ཡང་ཚུལ་བཞིནོ་ཡིད་ལ་བྱེད་པ་རབ་ཀྱི་ཆུང་ངུས་རབ་ཏུ་བསྒྲུབས་ཏེ། དུས་དང་སྐྱེ་བ་དེ་ལ་དྲོང་ཐོབ་པ་ལ་ཆོས་ངེས་པར ་སེམས་པའི་བཟོད་པའོ།། ཚུལ་བཞིན་ཡིང་ལ་བྱེད་པ་རབ་ཀྱི་འབྲིང་གིས་རབ་ཏུ་བསྒྲུབས་ཏེ་རྩེ་མོ་དང་བཟོད་པ་དག་ལ་ཆོས་ངེས་པར་སེམས་པའི་བཟོད་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཀྱི་རབ་ཀྱིས་བསྐྲུན་པའི་འཛིན་རྟེན་ཆོས་མཆོག ་ལ་ཆོས་ངེས་པར་སེམས་པའི་བཟོད་པའོ།། གྲོང་མཐོང་བའི་ལམ་སེམས་སྐད་ཅིག་མ་བཅུ་དྲུག་རྣམས་བརྙས་པ་དེ་ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་སྟེ་མཐོང་ལམ་ཁོ་ནའོ།། གང་མཐོང་བའི་ལམ་ལས་གོང་དུ་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་སྒོམ་པའི་ལམ་མ་ལུས་པ་དེ་ནི་རྗེས་ཀྱི་མངོན་པར་རྟོགས་པའོ།། དཀོན་མཆོག་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། འདི་ལྟར། སངས་རྒྱས་ལ་མི་ཕྱེད་པའི་ངང་པ་དང་། ཆོས་ལ་མི་ཕྱེད་པའི་དང་བ་དང་། དགེ་འདུན ་ལ་མི་ཕྱེད་པའི་དང་བའོ།། དེ་ལ་ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་འདི་ནི་ལེགས་པར་གསུངས་པའོ་ཞེས་པ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི ་དགེ་འདུན་ནི་ལེགས་པར་རབ་ཏུ་ཞུགས་པའོ་ཞེས་པའོ།། དེ་ལྟར་མྱི་ཕྱུང་བ་ནི་ངེས་པོ་སྟེ་འཕགས་པ་ཉན་ཐོས་ཀྱིའོ།། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རབ་ཏུ་དང་བྱ་དེ་ནི་དཀོན་མཆོག་མངོན་པར་རྟོགས་པའོ།། གང་འཕགས་པ ་བཞེད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་སླན་ཆད་མི་བྱེད་པའི་བསྡོམ་པ་རབ་ཏུ་བརྙེས་ནིས་སློབ་པའི་བདག་གི་དམྱལ་བ་ཟད་དོ་དུད་འགྲོ་ཟད་ངོ་ཡི་ངགས་ཟད་དོ།། ངན་སོང་ངན་འགྲོར་ལོག་པར་ལྟུང་བ་ཟད་ངོ་།། བདག་ནི་ངན་སོང ་གི་ལས་བྱས་ཏེ་ངན་སོང་དུ་རྣམ་པར་སྨིན་པ་མངོན་པོར་འགྲུབ་པའི་སྣོད་མ་ཡིན་པར་ངེས་སོ་ཞེས་པ་དེ་ནི་ཀུན་ཏུ་སྤྱོད་པ་མ་ཡིན་པའི་མངོན་པར་རྟོགས་པའོ།། ཇི་ལྟར་ལམ་གྱི་བདེན་པ་ལ་མཐར་ཐུག་པའི་ལམ་བསྟན་པ ་དེ་ནི་མཐར་ཐུག་པའི་མངོན་པར་རྟོགས་པ་སྟེ། གནས་ངན་ལེན་ཐམས་ཅིང་རྒྱུན་ཆད་པ་དང་། མི་ལྡན་པ་ཐམས་ཅད་ཐོབ་པ་རབ་ཏུ་རྙེས་པའི་ཕྱིར་རོ།། མངོན་པར་རྟོགས་པ་བདུན་བསྡོམས་པ་དེ་ཉིད་ནི་ཉན་ཐོས་ཀྱི་མངོན་པར ་རྟོགས་པ་ཏེ། ཉན་ཐོས་ཀྱི་གཞན་ལས་ཐོས་པ་རྟོགས་པ་ནས་རྙེས་པའི་ཕྱིར་རོ།། མངོན་པར་རྟོགས་པ་བདུན་པོ་དེ་ཉིད་གཞན་ལས་ཐོས་པ་རྟོགས་པ་མ་ཡིན་པ་རབ་ཏུ་ཐོབ་པའི་ཕྱིར། རང་སངས་རྒྱས་རྣམས་ཀྱི་མངོན ་པར་རྟོགས་པའོ།། མངོན་པར་རྟོགས་པ་བདུན་པོ་དེ་ཉིད་ལྔ་གང་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ཡང་དག་པར་ཐོབ་པ་ནི། ཉན་ཐོས་རང་སངས་རྒྱས་དག་རྣམ་པར་དྲང་བའི་ཐབས་ལ་མཁས་པའི་དོན་དུ་ཡིན ་གྱི་མངོན་དུ་བྱ་བའི་དོན་དུ་ནི་མིན་ཏེ་ཐེག་པ་དམན་པས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ།། འོན་ཀྱང་རབ་ཏུ་དགའ་བའི་ས་ལ་བྱང་ཆུབ་སེམས་དཔའ་ངེས་པ་ལ་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ།། ་འདིར་སྨྲས་པ། ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཞེ་ན། བརྗོད་དེ། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ནི་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས ་ཁྱད་པར་བཅུ་གཅིག་གིས་ཁྱད་པར་དུ་འཕགས་ཏེ། འདི་ལྟར། དམིགས་པའི་ཁྱད་པར་དང་། ཉེ་བར་སྟོན་པའི་ཁྱད་པར་དང་། མངོན་དུ་བྱེད་པའི་ཁྱད་པར་དང་། ཁས་བླངས་པའི་ཁྱད་པར་དང་། ངེས་པར་འབྱུང་བའི ་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་དང་། གནས་ཀྱི་ཁྱད་པར་དང་། འཁོར་གྱི་ཁྱད་པར་དང་། རིགས་རྒྱུད་ཀྱི་ཁྱད་པར་དང་། སྐྱེ་བྱའི་ཁྱོད་པར་དང་། འབྲས་བུའི་ཁྱད་པར་རོ།། དེ་ལ་དམིགས་པ་རྣམ་པར ་སྤོངས་པ་ཉིད་ཀྱི་ཕྱིར་དམིགས་པ་ཁྱད་པར་རོ།། བསྐལ་པ་གྲངས་མེད་ཆེན་པོ་ཡོངས་སུ་རྫོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚེགསོ་ཡོངས་སུ་རྫོགས་པའི་ཕྱིར་ཉེ་བར་བརྟན་པ་ཁྱད་པར་རོ།། འཇིག་རྟེན་ལས ་འདས་པའི་ཡེ་ཤེས་ཀྱི་གང་ཟག་དང་ཆོས་ལ་བདག་མེད་པ་མངོན་དུ་བྱེད་པའི་ཁྱད་པར་རོ།། རང་བདག་ཉིད་དང་མཉམ་པ་ཉིད་དུ་སེམས་ཅན་ཐམས་ཅད་ཁས་བླངས་པས་ཁས་བླངས་པའི་ཁྱད་པར་རོ།། ས་བཅུས་ངེས་པར ་འབྱུང་བས་ངེས་པར་འབྱུང་བ་ཁྱད་པར་རོ།། མི་གནས་པའི་མྱ་ངན་ལས་འདའ་བ་ཡོངས་སུ་འཛིན་པས་ཡོངས་སུ་འཛིན་པ་ཁྱད་པར་རོ།། སངས་རྒྱས་ཞིང་ཡོངས་སུ་དག་པར་བྱེད་པས་གནས་ཀྱི་ཁྱད་བར་རོ།། གདུལ ་བྱའི་སྐྱེ་བོ་ཉེ་བར་འཛིན་པས་འཁོར་གྱི་ཁྱད་པར་རོ།། ཕ་བཞིན་དུ་རང་གི་རྒྱུད་ཡང་དག་པར་འཛིན་པར་བྱེད་ཅིང་ཐུགས་ལས་སྐྱེས་པའི་སྲས་ཀྱི་མཚན་ཉིད་ལྡན་པས་རིགས་རྒྱུད་ཀྱི་ཁྱད་པར་རོ།། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ ་ཉེ་བར་སྐྱེ་བས་སྐྱེ་བའི་ཁྱད་པར་རོ།། འབྲས་བུའི་ཁྱད་པར་ནི་ཁྱད་པར་གཅིག་གིས་ཁྱད་པར་དུ་འཕགས་ཏེ། འདི་ལྟར། ཡོངས་སུ་འགྱུར་བའི་ཁྱད་པར་དང་། ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང་།། རྣམ་པ་ལྔའི་ཁྱད་པར་དང་། ་སྐུ་གསུམ་གྱི་ཁྱད་པར་དང་། མྱ་ངན་ལས་འདའ་བའི་ཁྱད་པར་དང་། ཡེ་ཤེས་སྐྱེ་བ་ཉེ་བར་སྲེ་བའི་ནུས་པ་ཐོབ་པའི་ཁྱད་པར་དང་། སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་དང་། སྲེ་བ་དང་ཉེ་བར་སྲེ་བའི་ལས་དང་བྱེ་བོའི་ཁྱད་པར ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་མྱ་ངན་ལས་འདའ་བ་ཀུན་ཏུ་སྟོན་པའི་ཐབས་ཀྱི་ཁྱད་པར་དང་། ཡོངས་སུ་སྐྱོབ་པ་རྣམས་པ་ལྔའི་ཁྱད་པར་རོ།། དེ་ལོ་གང་གནས་ངན་ལེན་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ ་ཡིན་པའི་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར་དང་བླ་ན་མེད་པའི་ཡོན་ཏན་གྱི་རྟེན་ཡིན་པས་རྟེན་ཡོངས་སུ་འགྱུར་བས་དེ་ནི་ཡོངས་སུ་འགྱུར་བའི་ཁྱད་པར་རོ།། སྟོབས་མི་འཇིགས་པ་སངས་རྒྱས་ཆོས་མ་འདྲེས ་པ་ལ་སོགས་པ་དཔག་ཏུ་མེད་པའི་ཡོན་ཏན་རྫོགས་པས་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་རོ།། རྣམ་པ་ལྔའི་ཁྱད་པར་ནི་ལྔ་སྟེ། འདི་ལྟར། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་རྣམ་པ་དག་པའི་ཁྱད་པར ་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བས་ཡོངས་སུ་དག་པའི་ཁྱད་པར་དང་། ཆོས་ཀྱི་སྐུ་ངེས་པར་རྫོགས་པའི་ཕྱིར་སྐུའི་ཁྱད་པར་དང་། རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་དུ་ཆོས ་སྣ་ཚོགས་ལ་ལོངས་སྤྱོད་པས་ལོངས་སྦྱོང་བའི་ཁྱད་པར་དང་། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཁོར་ཡུག་ཏུ་ཇི་ལྟར་འོས་པའི་སྤྲུལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱ་བ་རྗེས་སུ་སྒྲུབ་པའི་ཕྱིར་ལས་ཀྱི་ཁྱད་པར་རོ།། ་ཉིད་ལོངས་སྤྱོད་པ་སྤྲུལ་པའི་སྐུ་ཡོངས་སུ་རྫོགས་པ་བརྙེས་པའི་ཕྱིར་སྐུ་གསུམ་གྱི་ཁྱད་པར་རོ།། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཡོན་ཏན་ཐམས་ཅད ་རྒྱུན་མི་འཆད་པས་མྱ་ངན་ལས་འདའ་བའི་ཁྱད་པར་རོ།། ཆོས་ཀྱི་དམིགས་ཤིན་ཏུ་རྣམ་པར་དག་པ་ཁྱད་པར་དུ་གྱུར་པ་དེ་ལ་རྟེན་པོའི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོ་སོར་སངས་རྒྱས་རྣམས་ནུས་པ་ལྡན་པས་སྲེ་བ་དང་ཉེ ་བར་སྲེ་བ་ཡེ་ཤེས་ནུས་པ་ཐོབ་པའི་ཁྱད་པར་རོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་རོ།། གདུལ་བྱའི་སེམས་ཅན་རེ་རེའི་ཆེད་དུ་སངས་རྒྱས་ཀྱི་བདག་པོ་ལས་སྲེ་བ་དང་ཉེ་བར ་སྲེ་བའི་ལས་བྱ་བའི་ཁྱད་པར་རོ།། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་སུ་ཇི་སྲིད་དུ་མཐར་ཐུག་པར་ཡང་དང་ཡང་དུ་སངས་རྒྱས་འབྱུང་ལ་སོགས་པ་སྟོན་པས་གདུལ་བྱོའི་སྐྱེ་བོ་ཡོངས་སུ་སྨྱིན་པ་དང་གྲོལ ་བར་བྱེད་པས་མངོན་པར་བྱང་ཆུབ་པོ་མྱ་ངན་ལུས་འདའ་བ་སྟོན་པའི་ཐབས་ཀྱི་ཁྱད་པར་རོ།། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པ་ནི་ཡོངས་སུ་སྐྱོབ་པ་ལྔ་ཏོ། འདི་ལྟར། གྲོང་ཁྱེར་དུ་འཇུག་པོ་ལ་སོགས་པས་ལོང་བ་ལ་སོགས་པ ་རྣམས་མིག་ལ་སོགས་པ་བརྙེས་པས་ཉེ་བར་འཚེ་བ་ཡོངས་སུ་སྐྱོབ་པའོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རབ་ཏུ་བསྒྲུབས་པས་ལྟ་བ་ངན་པོ་ཐམས་ཅད་རྣམ་པར་སེལ་བས་ཐབས་མེད་པ་ཡོངས་སུ་སྐྱོབ་པའོ།། མཐོང་བའི ་ལམ་སྐྱེད་པས་ངན་འགྲོ་ལས་ཡང་དག་པར་འདས་པས་ངན་སོང་ལས་ཡོངས་སུ་སྐྱོབ་པའོ།། དགྲ་བཅོམ་པ་མངོན་དུ་བྱེད་པས་ཁམས་གསུམ་ལས་རྣམ་པར་གྲོལ་བ་བས་ལུས་ངན་པ་ལས་ཡོངས་སུ་སྐྱེ་བོ་པའོ།། བྱང་ཆུབ་སེམས ་དཔའ་རྣམས་ཐེག་པ་དམན་པ་ལ་འདུན་པ་ལྡོག་པའི་ཕྱིར་ཐེག་པ་ཡོངས་སུ་སྐྱོབ་པའོ།། ། པིཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས ་བ་ལ་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལས་གང་ཟག་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་བཞི་པའོ།། །། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་མཚན་ཉིད་ནི་རྣམ་པ་གཉིས ་ཏེ། འདི་ལྟར། བྱ་བའི་དབང་དུ་བྱས་པ་དང་། རབ་ཏུ་དབྱེ་བའི་དབང་དུ་བྱས་པའོ།། དེ་ལ་བྱ་བའི་དབྱུང་དུ་བྱས་པ་ནི་ལམ་གྱི་བྱ་བ་བཞི་སྟེ། འདི་ལྟར། ལམ་གྱི་སྡུག་བསྔལ་རབ་ཏུ་ཤེས་སོ།། ཀུན་འབྱུང་རབ་ཏུ་སྤོང་ངོ་།། འགོག ་པ་མངོན་དུ་བྱེད་དོ།། ལམ་སྒོམ་པར་བྱེད་དོ།། རབ་ཏུ་དོ་བྱེ་བས་ལམ་རྣམ་པ་ལྔ་ནི་འདི་ལྟ་སྟེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལཱམ་དང་། མཐར་ཐུག་པའི་ལམ་མོ།། དེ་ལ་སྨོ ་སོ་སྐྱེ་བོས་དྲོད་ལ་སོགས་པ་མཐར་ཚོགས་ཀྱིས་བདེན་པ་མཐོང་བའི་ཕྱིར་ཚོགས་སོག་པར་བྱེད་པས་ཚོགས་སོ།། འདིར་བདེན་པ་མཐོང་བ་ཚོལ་བར་བྱེད་པས་ལམ་སྟེ། དེ་དག་ནི་ཚོགས་ཀྱི་ལམ་མོ།། དེ་ནི་ཆོས་ལྔ་སྟེ། འདི ་ལྟ་ཚུལ་ཁྲིམས་དང་དབང་པོའི་སྒོ་བསྡམས་པ་དང་། ཁ་ཟས་ཀྱི་ཚོད་རླིག་པ་དང་། མཚན་གྱི་ཆ་སྟོད་སྨད་ལ་རྣལ་འབྱོར་རྗེས་སུ་བརྩོན་པ་དང་། ཤེས་བཞིན་ལ་གནས་པའོ།། ཡང་ན་ཡིད་ཕྱིར་ཕྱོགས་པ་མེད་པ་ལ་སོགས ་པ་ཐོས་པའི་རང་བཞིན་དང་བསམ་པའི་རང་བཞིན་དང་སྒོམ་པའི་རང་བཞིན་གྱིས་ཤེས་ཏེ། དེ་རྣམས་ལེགས་པར་བསྒོམས་པས་མངོན་པར་རྟོགས་པ་དང་། རྣམ་པར་ཐར་པའི་སྣོད་ཉིད་རབོ་ཏུ་བརྙེས་པ་དེ་ནི་ཚོགས ་ཀྱིལམ་མོ།། དེ་བཞིན་དུ་ཚོགས་ཀྱི་ལམ་གྱིས་ཚོགས་བསྩགས་པའི་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྣ་བ་བྱའི་ནཱི་སྦྱོར་བའི་ལམ་སྟེ། འདི་ལྟར། དྲོད་དང་། རྩེ་མོ་དང་། བདེན་པ་རྗེས་སུ་མཐུན་པཥྚི ་བཟོད་པ་དང་། འཇིག་རྟེན་ཆོས་མཆོག་གོ།། མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་བདེན་པའི་དབང་དུ་བྱས་ཏེ། མཉམ་པར་བཞུག་པས་ཡིད་ཀྱི་བརྗོད་པའི་སྒོ་ནས་དོན་གང་ཀུན་ཏུ་བརྗོད་པ། དེ་རུ་ཞི་གནས་དང་ལྷག་མཐོང་ནི་དྲོད་ཐོབ་པའོ།། ་དེ་ཡང་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་སྤྱི། དེ་དང་ལྡན་པའོ།། བདག་རང་ནི་བདེན་པ་ལ་སྣང་བ་འཆང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དེ་དག་འཕེལ་བྱས་རྩེ་མོའོ།། བདག་རང་ནི་བདེན་པཱ་ལ་ཕྱོག་གཅིག ་ཤུགས་པའི་རྗེས་སུ་རྟེན་བྱའི་ཏི་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ། མཐའ་གཅིག་ཏུ་བཟུང་བྱ་མེད་པའི་མཚན་ཉིད་ཡིན་པས་ཕྱོགས་ཅིག་ལ་རབ་ཏུ་ཞུགས་པ། འཛིན་པ་མེད་པའི་མངོན་དུ་བྱེད་པའི་རྗེས་སུ་མཐུན་པ ་གནས་སྐབས་ལྡན་པས་བཟོད་པའོ།། རང་བདེན་པ་ལ་བར་མེད་པའི་སེམས་ཏུང་ངེ་འཛིན་དང་ཤེས་རབ་མོཚུངས་པར་ལྡན་པ། འཇིག་རྟེན་ཆོས་མཆོག་སྟེ། གང་དེ་མ་ཐག་ཏུ་འཇིག་རྟེན་ལས་འདས་པའི་ལམ་དང་པོ་ཉིད་སྐྱེ་བའོ།། ་མདོར་བསྡུན་འཇིག་རྟེན་ཆོས་མཆོག་གི་དེ་མ་ཐག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་དཔེ་ཤེས་རབ་མཚུངས་པར་ལྡན་པ། རྣམ་པར་མི་རྟོགས་པའི་ཞི་གནས་དེང་ལྷག་མཐོང་གི་མཚན་ཉིད། མཐོང་བས་སྤང་བྱ་བཟུང་བྱ ་དང་འཛིན་བྱེད་ཀྱི་ངོ་བོ་དེ་བཞིན་ཉིད་མངོན་དུ་མེད་པས་དམིགས་བྱ་དང་དམིགས་བྱེད་ཞི་བ་མཉམ་པ་ཉིད་དུ་ཤེས་པ་ནི་མཐོང་བའི་ལམ་མོ།། རང་རྒྱུད་བདག་གི་མཚན་མར་མི་རྟོགས་པས་བདག་སེམས་ཅན་གྱི ་བརྡ་དམིགས་པ་གསལ་བ་ཆོས་ཤེས་པ་དེ་ཡང་ངོ་།། རང་རྒྱུད་ཉིད་ཀྱི་གཟུགས་ལ་སོགས་པའི་ཆོས་ཀྱི་མཚན་མར་མི་རྟོགས་པའི་ཕྱིར་བདག་ཆོས་ཀྱི་བརྡ་དམིགས་པ་གསལ་བ་ཤེས་པ་དེ་ཡང་ངོ་།། ཐམས་ཅད་དུ་ཁྱད་པར ་མེད་པས་བདག་དང་ཆོས་ཀྱི་མཚན་མར་མི་རྟོག་པས་ཐམས་ཅད་དུ་གཱཉི་གའི་བརྡའ་དམིགས་པ་བསལ་བ་ཆོས་ཤེས་པ་དེ་ཡང་མཐོང་བའི་ལམ་མོ།། རབ་ཏུ་དབྱེན་ཡང་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ། འདི་ལྟར། ་འཇིག་རྟེན་ཆོས་མཆོག་གི་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང ་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས ་པ་དང་། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ ་ཤེས་པའོ།། དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པའོ།། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ཏེ་ཆོས་སྟོན་པ་ནི་ཆོས་སོ།། སྦྱོར་བའི་ལམ་དུ་བདེན་པའི་དབང་དུ་བྱ་བའི་ཆོས་རྣམ་པར་སྤྱོད་པ་ནི་ཤེས་པའོ།། སྔོན་གྱི་རྣམ་པར ་དཔྱོད་པས་བདག་པོ་བྱས་པ། རང་སོ་སོར་སྡུག་བསྔལ་བདེན་པ་ལ་མངོན་སུམ་དུ་ཉམས་སུ་མྱོང་པོ་ཟག་པ་མེད་པའི་ཤེས་རབ་ནི་བཟོད་པའོ།། འདི་སྐད་དུ་གསུངས་པ་ཡིན་ཏེ། སྦྱོར་བའི་ལམ་དུ་མདོ་སྡེ་ལ་སོགས་པའི་ཆོས་སྡུག ་བསྔལ་བདེན་པའི་དབང་དུ་བྱ་བ་རྣམ་པར་སྤྱོད་པའི་ཤེས་པ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ་བདག་པོར་བྱས་ནས། རང་རྒྱུད་ཀྱི་སྡུག་བསྔལ་བདེན་པ་ལ། སྡུག་བསྔལ་གྱི་དེ་བཞིན་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བ་འཇིག ་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པོའི་ལྟེ་བའི་རང་བཞིན་སྐྱེའོ།། གང་གིས་སྡུག་བསྔལ་མཐོང་བས་སྤྱང་པོར་བྱ་བ་ཁམས་གསུམ་གྱི་ཉོན་མོངས་པ་ཉེར་བརྒྱ་དེ་རབ་ཏུ་སྤོང་བ་དེ་ནི་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའོ།། ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའི་དྲི་མ་ཐག་ཏུ་ཤེས་པ་གང་གིས་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། འདི་སྐད་གསུངས་པ་ཡིན་ཏེ། སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་དེས ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་རྟེན་ཡོངས་སུ་འགྱུར་བ་དེ་མོ་ཐག་ཏུ་ཤེས་པ་གང་གིས་ཡོངས་སུ་འགྱུར་བའི་རྟེན་དེ་སོ་སོར་ཉམས་སུ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། ་སྡུག་བསྔལ་ལ་ཆོས་ཤེས་པའི་དེ་མ་ཐག་ཏུ་སྡུག་བསྔལ་ལྔ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་ངག་གི་རྗེས་སུ་འགྲོ་བ་སྟེ། འདི་ནི་སློབ་པ་དང་མི་སློབ་པའི་འཕགས ་པ་རྣམས་ཀྱི་ཆོས་སོ་ཞེས་རང་སོ་སོར་མངོན་སུམ་དུ་ཉམས་སུ་མྱོང་བ་ཟག་པ་མེད་པའི་ཤེས་རབ་ནི་སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པའོ།། རྗེས་སུ་ཤེས་པའི་བཟོད་པ་དེ་ལ་ཤེས་པ་གང་གིས་སོ་སོར ་ཉམས་སུ་མྱོང་བ་དེ་ནི་རྗེས་སུ་ཤེས་པའོ།། དེ་བཞིན་དུ་བདེན་པོ་ལྷག་མ་རྣམས་ལྔ་ཅི་རིགས་ཕྱུར་བཟོད་པ་རྣམས་དང་ཤེས་པ་རྣམས་ལ་རིག་པར་བྱའོ།། འཇིག་རྟེན་ལས་འདས་པའི་ལམ་གྱི་ཡུལ་ནི་རྣམ་པ ་གཉིས་ཏེ། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ།། དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དོ།། རྗེས་སུ་ཤེས་པའི་ཕྱོགས་ལམ་གྱི་ཡུལ་ནི་ཡང་དག་པའི་ཡེ་ཤེས་སོ།། ་དེའི་ཕྱིར་ཆོས་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་དེ་བཞིན་ཉིད་ངེས་པར་རྟོགས་པས་བཟུང་བ་ངེས་པར་རྟོགས་པའོ།། རྗེས་སུ་བཟོད་པ་དང་ཤེས་པོ་རྣམས་ཀྱིས་ཡང་དག་པའི་ཤེས་པ་ཡོངས་སུ་ཤེས ་པས་བཟུང་བ་ངེས་པར་རྟོགས་པའོ།། བཟོད་པ་དང་ཤེས་པ་ཐམས་ཅད་ལ་རྣལ་འབྱོར་པ་མཚན་མ་མེད་པ་ལ་གནས་པ་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་གང་ཟག་དྲུག་པ་ནི་གང་མཚན་མ་མེད་པ ་ལ་གནས་པའོ་ཞེས་གསུངས་པ། དེ་ནི་བཟོད་པ་དང་ཤེས་པ་ལ་འཇུག་བཞིན་པ་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་ཉེ་བར་མི་དམིགས་པའི་ཕྱིར་རོ།། དེ་ལ་མཚན་མ་མེད་པ་ལ་གནས་པ་ནི། མཐོང་བའི་ལམ་སྐད ་ཏིག་མ་བཅུ་དྲུག་སྟེ། སྔོན་མ་མཐོང་བའི་འཕགས་པ་རྣམས་ཀྱི་བདེན་པ་རེ་རེ་ལ་རྣམ་པ་བཞིས་མཐོང་བའི་ཕྱིར་རོ།། སྐད་ཅིག་མ་ཡང་། ཤེས་བྱ་ལྔ་ཤེས་པ་སྐྱེ་བ་ཡོངས་རྫོགས་པ་ཉིད་དུ་རིག་པར་བྱའོ།། དངོས་པོ ་མྱ་བྱུང་བ་རྣམས་བྱུང་བ་ཙམ་གྱི་སྐད་ཅི་ནི་མ་ཡིན་པ་རིག་པར་བྱའོ།། ལམ་གྱི་བདེན་པ་ཐམས་ཅད་རྣམ་པོ་བཞིས་རྗེས་སུ་རྟོགས་པར་བྱའོ།། འདི་ལྟ་སྟེ། རྣམ་པར་བཞག་པ་དང་། རྣམ་པར་རྟོག་པོ་དང་། ཉམས་སུ ་མྱོ་ང་བ་དང་། ཡོངས་སུ་རྫོགས་པའོ།། དེ་ལ་རྣམ་པར་བཞག་པ་ལོས་མི་ཉན་ཐོས་ལ་སོགས་པ་རྣམས་རང་གི་རྟོགས་པ་མཐར་ཐུག་པ་ཇི་ལྟོ་བ་བཞིན་དུ་ཐོབ་པ། དེའི་རྗེས་ལ་ཐོབ་པའི་ཤེས་པས་ཐོབ་པའི་མཚན་མ ་རྣམས་མིང་གི་ཚོགས་དང་ཚིག་གི་ཚོགས་དང་གསལ་བྱེད་ཀྱི་ཚོགས་ཀྱིས་ལམ་གྱི་བདེན་པ་རྣམ་པར་བཞག་པ་བྱེད་པའོ།། རྣམ་པར་རྟོག་པ་ནི་གང་མངོན་པར་རྟོགས་པ་དང་ལྡན་པའི་འཇིག་རྟེན་པའི་ཤེས་པས་རྣམ ་པར་བཞག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅིང་གོམས་པར་བྱེད་པའོ།། ཉམས་སུ་མྱོང་བ་ནི་དེ་བཞིན་དུ་གོམས་པས་གང་དང་པོ་ཉིད་དུ་གང་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་ཞེས་པ་སྤྲོས་པ་མེད་པའི ་གནས་སྐབས་བདག་སོ་སོར་ཉམས་སུ་མྱོང་བའོ།། ཡོངས་སུ་རྫོགས་པའོ།། དེའི་གོང་དུ་ག་ན་ས་ངྒཱ་ས་ལཅཝ་རྫོགས་པ་ཇི་སྲིད་དུ་རྫོགས་པ་མཐར་ཐུག་པ་རབ་ཏུ་ཐོབ་པའོ།། དེ་ཡང་རྟོགས་པ་མཐར ་ཐུག་པ་ཐོབ་པ་དེའི་རྗེས་ལ་ཐོབ་པའི་ཤེས་པས་ལམ་གྱི་བདེན་པ་རྣམ་པར་བཞག་པ་བྱེད་པའོ།། གང་དུ་ཆོས་ལ་ཚྭས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བུ་སྐྱེས་སོ་ཞེས་གསུངས་པ། དེ་ནི་མཐོང་བའི་ལམ་གྱི་དབང་དུ ་བྱས་ཏེ་གསུངས་པའོ།། དེ་ཡང་ཆོས་ལ་བཟོད་པ་ནི་རྡུལ་དང་བྲལ་བ་སྟེ། དེས་ཉོན་མོངས་པའི་རྡུལ་རྣམས་སྤངས་པའི་ཕྱིར་རོ།། ཆོས་ཤེས་པས་དྲི་མ་དང་བྲལ་བ་སྟེ། ཆོས་ཤེས་པ་དེ་རྣམས་ཀྱི་སྒྲིབ་པའི་དྲི་མ་དང་བྲལ་བའི་རྟེན ་སྐྱེས་པའི་ཕྱིར་རོ།། མཐོང་བའི་ལམ་གྱི་གྲོང་དུ་སྒོམ་པའི་ལམ་ནི་རྣམ་པ་དགུ་སྟེ། འདི་ལྟར། འཇིག་རྟེན་པའི་ལོམ་དང་། འཇིག་རྟེན་ལས་བླངས་པའི་ལམ་དང་། ལམ་ཆུང་ངུ་དང་། ལམ་འབྲིང་དང་། ལམ་རབ་དང ་སྦྱོར་བའི་ལམྱ་དང་། བར་ཆད་མེད་པའི་ལཱམཱ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ།། འཕགས་པ་ཉན་ཐོས་རྣམས་ཀྱི་བདེན་པ་མངོན་པར་རྟོགས་པ་བྱེད་པ་ན། བདེན་པ་མངོན་པར་རྟོགས་པའི ་གོང་དུ་ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་ལྡན་པ་འདི་ནི་འཇིག་རྟེན་པ་ལ་སོགས་པའི་ལམ་ནི་སྒོམ་པའི་ལམ་ཞེས་བརྗོད་དོ།། དེ་ལ་བསམ་གཏན་དང་པོ་ལ་སོགས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི ་བར་དུ་ཉོན་མོངས་པ་ལ་སོགས་པའི་རྣམ་པར་བཞག་པ་སྔོན་དུ་གསུངས་པ་ནི་འཇིག་རྟེན་པའི་ལམ་མོ།། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ཤེས་པ་ནི་ཆོས་ཤེས་པ་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་ཕྱོགས་བརྒྱད ་དེ་དག་དང་ལྡན་པའི་ཏིང་ངེ་འཛིན་མི་ལྕོགས་པ་མེད་པས་བསྡུས་པ། བསམྦྷ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ནི་འཇིག་རྟེན་ལྔས་འདས་པའི་སྒོམ་པའི་ལམ་མོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་ནཱཾ་འང ་ལྡིདྲིང་འཇིག་རྟེན་པ་ཁོ་ན་ཏེ། འདུ་ཤེས་ཀྱི་རྒྱུ་བ་མི་གསལ་ཞིང་འཕགས་པའི་ལམ་གྱི་རྒྱུ་བ་མི་གསལ་ལ་རྟེན་པ་མོ་ཡིན་པས། མཐའ་གཅིག་ཏུ་འཇིག་རྟེན་པ་ཁོ་ན་མིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་གླང་ཇི ་སྲིད་ཉིད་དུ་འདུ་ཤེས་སྙོམས་པ་རེ་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་མངོན་དུ་བྱེད་དོ་ཞེས་གསུངས་སོ།། འགོག་པའི་སྙོམས་པར་འཇུག་པ་ཡང་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ།། ། ་དང་པོ་མི་ཉིད་དུ་སྐྱེད་སྟེ། མི་འམ་གཟུགས་ཀྱི་ཁམས་སུ་མངོན་དུ་འགྱུར་བའོ།། སྔོན་བསྐྱེད་པ་ཉིད་ཕྱིས་མངོན་དུ་འགྱུར་བའོ།། མིའི་སྐྱེ་བ་དེ་ཉིད་ལ་འམ་གཟུགས་ཀྱི་ཁམས་སུ་སྐྱེས་ནས་སོ།། ལམ་ཆུང་ངུ་རྣམ་པོ་གསུམ། ་སྟེ། འདི་ལྟར། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་རབ་པོ།། གང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ནོས་ས་རུ་གྲངས་བཞིན་དུ་རབ་ཀྱི་རབ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་ཐ་མའི་ཉོན་མོངས ་པ་རྣམས་སྤོང་བའོ།། ལམ་འབྲིང་ཡང་རྣམ་པ་གསུམ་ནི་འདི་ལྟར། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་བོ།། ལམ་གང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ས་ནས་ས་རུ ་འབྲིང་གི་རབ་དང་འབྲིང་གི་འབྲིང་དང་། འབྲིང་གི་ཆུང་ངུའི་ཉོན་མོངས་པའི་རྣམ་པར་རྣམས་རབ་ཏུ་སྤོང་ངོ་།། ལམ་རབ་ནི་རྣམ་པ་གསུམ་སྟེ། འདི་ལྟར། རབ་ཀྱི་ཆུང་ངུ་དང་། རབ་ཀྱི་འབྲིང་དང་།། རབ་ཀྱི་རབ་བོ།། གང་གིས་ཁམས་གསུ། ་གྱི་ཉོན་མོངས་པ་ས་དང་ས་རུ་ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆུང་ངུ་རྣམ་པའི་ཉོན་མོངས་པ་རབ་ཏུ་སྤོང་བའོ།། སྨྲས་པ། ཡང་ཆུང་ངུའི་ཆུང་ངུ་ལམ་གྱིས་ཆེན་པོའི་ཆེན་པོ་ཉོན་མོངས་པ་སྤོང་བ་རྒྱུ་ཅི་ཞེ་ན་བརྗོད་དེ ་ཉོན་མོངས་པ་ཆེན་པོའི་ཆེན་པོ་དེ་ཡང་ངོ་ཚ་དང་ཁྲེལ་ཡོད་པའི་དོན་ཤིན་ཏུ་རྣམ་པར་ཉམས་པ་ངོ་ཚ་མེད་པའི་རྒྱུད་ལ་ཀུན་ཏུ་སྤྱོད་པ་མཚོན་སླ་བ་དང་འདི་ནི་ཡོངས་སུ་སྤྱད་པ་སླ་བའོ།། དེའི་ཕྱིར་འདི་ནི་དྲི་མ་རིགས་པ་བཞིན་དུ ་གཉེན་པོ་ཆུང་ངུས་ཀྱང་རྣམ་པར་སེལ་བར་བྱེད་དོ།། གང་ཡང་ཡོངས་སུ་བཅད་པར་དཀའ་བའི་ཀུན་ཏུ་སྤྱོང་ཕྲ་བ་རྒྱུད་ལ་ཐིམ་པ་ཉོན་མོངས་པ་ཆུང་ངུ་ནི་དྲི་མ་ཕྲ་མོ་ཐིམ་པ་བཞིན་དུ་ཆེས་ཆེ་བའི་གཉེན་པོའི་སྟོབས་ཀྱིས་སེལ ་བར་བྱེད་དོ།། འདིས་ནི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་བཟློག་པས་གཉེན་པོའི་རྣམ་པ་རྣམ་པར་བཞག་པ་རིག་པར་བྱའོ།། ལམ་གང་གིས་སྒོམ་པར་བྱེད་པས་ཆེན་པོའི་ཆེན་པོ་ལ་སོགས་པའི་ཉོན་མོངས་པའི་རྣམ་པའི ་རིགས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་བསལ་བས་རིམ་གྱིས་རྟེན་ཡོངས་སུ་འགྱུར་བ་དེ་ནི་སྒོམ་པའི་ལམ་གྱི་སྦྱོར་བའི་ལམ་མོ།། ལམ་གང་གི་དེ་མ་ཐག་ཏུ་དེའི་རྣམ་པའི་ཉོན་མོངས་པའི་རིགས་ཀྱི་གནས་ངན་ལེན ་ལྷག་མ་མེད་པར་སྤོང་བས་གནས་དྲན་ལེན་ངེས་གནས་ངན་ལེན་མེད་པར་གྱུར་པའི་རྟེན་ཡོངས་སུ་འགྱུར་བ་དེ་ནི་བཱནྡ་མེད་པའི་ལམ་མོ།། ལམ་གང་གིས་ཉོན་མོངས་པ་སྤངས་པའི་རྣམ་པར་གྲོལ་བ་རྟེན་ཡོངས་སུ་འགྱུར ་བའི་མཚན་ཉིད་མངོན་དུ་བྱེད་པ་དེ་ནི་རྣམ་པར་གྲོལ་བའི་ལམ།། དེའི་གོང་དུ་ཉོན་མོངས་པ་ལྷག་མ་སྤོང་བར་བྱེད་པ་གང་སྦྱོར་བ་དང་པར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ནི་ཁྱད་པར་གྱི་ལམ་མོ།། གང་ཡང་ཉོན ་མོངས་པ་སྤོང་བའི་སྦྱོར་བ་བཏང་སྙོམས་སུ་བྱས་ཏེ། མདོ་ལ་སོགས་པའི་ཆོས་བསམ་པའི་སྔོན་བསམས་པའི་རྟོགས་པའི་ཆོས་སོ་སོར་རྟོག་པའི་གནས་པས་གནས་པ་འམ། སྙོམས་པར་འཇུག་པ་གཞན་ལ་སྙོམས ་བར་འཇུག་བཞིན་པའི་ལམ་དེ་ཡང་ཁྱད་པར་གྱི་ལམ་མོ།། གང་ཡང་ཁྱད་པར་ཅན་གྱི་ཡོན་ཏན་མངོན་ཤེས་པ་ལ་སོགས་པ་མངོན་པར་བསྒྲུབ་པར་བྱེད་པ་འམ་བསྐྱེད་ཟིན་པའི་མངོན་ཤེས་ལ་སོགས་པའི་ཡོན་ཏན་གྱིས ་རྣམ་པར་གནས་པའི་ལམ་དེ་ཡང་ཁྱོད་པར་གྱི་ལམ་མོ།། དེ་ལྟར་སྒོམ་པའི་ལམ་རྒྱས་པར་བསྟན་ནས། གཞན་ཡང་ལམ་བསྒོམ་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། རྩོམ་པ་སྒོམ་པ་དང་། ངེས་པར་རྟེན་པ་སྒོམ་པ ་དང་། ངེས་པར་དག་པ་སྒོམ་པ་དང་། གཉེན་པོ་སྒོམ་པའོ།། དེ་ལ་གང་ལྔ་སྐྱེས་པའི་དགེ་བའི་ཆོས་རྣམས་བསྐྱེད་པའི་ཕྱིར་སྒོམ་པ་དེ་ནི་རབ་ཏུ་རྩོམ་པ་སྒོམ་པའོ།། གང་སྐྱེས་པའི་དགེ་བའི་ཆོས་རྣམས ་གནས་པའི་ཕྱིར་དང་ཀུན་ཏུ་མི་བརྗེད་པའི་ཕྱིར་དང་ཡང་ཡང་འབྱུང་བའི་ཕྱིར་དང་འཇུག་པ་རྒྱས་པའི་ཕྱིར་སྒོམ་པ་དེ་ནི་ངེས་པར་རྟེན་པ་བསྒོམ་པོའོ།། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་སྒོམ་པ་དེ་ནི ་ངེས་པར་དག་པོ་སྒོམ་པའོ།། གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་སྒོམ་པ་དེ་ནི་གཉེན་པོ་བསྒོམ་པའོ།། གཞན་ཡང་རྣམ་གྲངས་ནི། དེ་ཡང་། ལམ་གོང་སྐྱེ་བཞིན་པ་ན་རང་གི་བག་ཚུགས་རྣམ ་པར་འཇོག་པར་བྱེད་པ་དེ་ནི་རཱབ་ཏུ་རྩོམ་པ་བསྒོམ་པའོ།། ལམོ་དེ་ཉིད་མངོན་དུ་གྱུར་གྱུར་པོ་ནཱ་སྒོམ་པར་འགྲོ་བ་དེ་ནི་ངེས་པར་རྟེན་པ་བསྒོམ་པའོ།། ལམ་དེ་ཉིད་མངོན་དུ་གྱུར་པས་རོང་གི་སྒྲིབ་པ་སེལ་བ་དེ་ནི་ངེས་པར ་འཁྲུད་པ་སྒོམ་པ་སྟེ། རང་གི་མི་མཐུན་པའི་ཕྱོགས་གནས་ངན་ལེན་འཁྲུད་པའི་ཕྱིར་རོ།། དེ་ཉིད་སྒྲིབ་པ་སྤངས་པས་མི་སྐྱེ་བའི་ཆོས་ཉིད་ལ་རྣམ་པར་འཇོག་པར་བྱེད་པ་དེ་ནི་གཉེན་པོ་བསྒོམ་པ་སྟེ། རྟེན་ཡོངས་སུ་འགྱུར་བས ་ཕྱིས་མི་སྐྱེ་བའི་ཆོས་ཉིད་ལ་རྣམ་པར་འཇོག་པར་བྱེད་པའོ་ཞེས་པའོ།། གཞན་ཡང་རྣམ་གྲངས་ནི། དེ་ཡང་། གཉེན་པོ་སྒོམ་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། སྤོང་བའི་གཉེན་པོ་དང་། ་རྟེན་གྱི་གཉེན་པོ་དང་། རིང་དུ་བྱེད་པའི་གཉེན་པོའོ།། དེ་ལ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་སྐྱོན་དུ་མཐོང་ནས་ནང་དང་འབྲས་ལ་སོགས་པའི་རྣམ་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་པར་སུན་འབྱིན་པར་བྱེད ་པ་ནི་རྣམ་པར་སུན་འབྱིན་པའི་གཉེན་པོའོ།། སྦྱོར་བ་དང་བར་ཆད་མེད་པའི་ལམ་ནི་སྤོང་བའི་གཉེན་པོ་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བའི་ཕྱིར་རོ།། རྣམ་པར་གྲོལ་བའི་ལམ་ནི་རྟེན་གྱི་གཉེན་པོ་སྟེ། སྤངས་པ་ཐོབ་པ་ཡང ་དག་པར་འཛིན་པའི་ཕྱིར་རོ།། དེའི་སྟེང་དུ་ལམ་གང་ཞིག་ནི་རྙིང་དུ་བྱེད་པའི་གཉེན་པོ་སྟེ། སྤངས་པའི་ཉོན་མོངས་པ་ཐམས་ཅད་རིང་དུ་བྱེད་པའི་ཕྱིར་རོ།། ཡང་ལམ་རྣམ་པ་བཅུ་གཅིག་སྟེ། འདི་ལྟར། དངོས་པོ་ཡོངས་སུ ་རྟོག་པའི་ལུམ་དང་། འབད་རྩོལ་གྱི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་དང་། མངོན་པར་རྟོགས་པའི་སྦྱོར་བ་ལས་བྱུང་བའི་ལོམ་དང་། མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་དང་། མངོན་པར ་རྟོགས་པའི་ལམ་དང་། རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་དང་། བསླབ་པ་གསུམ་ཡོངས་སུ་དག་པར་བྱེད་པའི་ལམ་དང་། ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་དང་། ལུམ་བསྡུས་པའི་ལམ ་མོ།། དེ་ལ་དྲན་པ་ཉེ་བར་བཞག་པ་ནི་དངོས་པོ་ཡོངས་སུ་རྟོག་པའི་ལམ་མོ།། དང་པོ་ཉིད་དུ་མི་སྡུག་པ་ལ་སོགས་པོའི་རྣམ་པས་ལུས་ཚོར་བ་སེམས་ཆོས་ཡོངས་སུ་རྟོག་པའི་ཕྱིར་རོ།། ཡང་དག་པའི་སྤོང་བ་ནི་འབད་རྩོལ ་གྱི་ལམ་མོ།། དེ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་རྟག་སྐྱེ་ལམ་གྱི་སྒྲིབ་པ་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པའི་ཕྱིར་རོ།། རྫུ་འཕྲུལ་རྐང་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་མོ།། དེ་ལྟར ་སྒྲིབ་པ་ཡོངས་སུ་སྦྱངས་པས་ལམ་འདིས་བདུན་པ་བརྩོན་འགྲུས་སེམས་སྦྱང་བའི་སྒོ་ནས་ཏིང་ངེ་འཛིནཱ་ལས་སུ་རུང་བ་བསྐྱེད་པའི་ཕྱིར་རོ།། དབང་པོ་ལྷ་ནི་མྱ་ངན་པར་རྟོག་པ་ལས་བྱུང་བའི་ལམ་སྟྭ~ཾ། དེ་ལྟར་ལམྦྷ་འདུས་ཏུང ་འཛིན་པ་ཡོངས་སུ་སྦྱང་བ་བྱས་པས་འཕགས་པའི་ལམ་ཡང་དག་པར་ཐོབ་པའི་ཕྱིར་དྲོད་དང་རྩེ་མོའི་སྦྱོར་བ་ལས་བདག་པོར་གྱུརརོ་པ་ཐོབ་པའི་ཕྱིར་རཱྀ།། སྟོབས་ལྷ་ནི་མངོན་པར་རྟོགས་པ་དང་འབྲེལྔ་པའི་ལམ་སྟེ། དེ་བཞིན་དུ ་ལམ་འདིས་བདག་པོར་གྱུར་པཱ་ཐོབ་པས་དེ་མ་ཐག་ཏུ་བདེན་པ་མངོན་དུ་བྱ་བའི་ཕྱིར་བཟོད་པ་དྲང་ཆོས་མཆོག་གི་སྦྱོར་བས་མ་དོད་པ་ལ་སོགསྨོ་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནན་པའི་ཕྱིར་རོ།། བྱང་ཆུབ་ཀྱི་ཡན ་ལག་ནི་མངོན་པར་རྟོགས་པའི་ལམ་སྟེ། བདེན་པོའི་བདག་ཉིད་སོར་ཡོང་དག་པར་རྟོགས་པའི་ཕྱིར་རོ།། འཕགས་པའི་ལམ་ཡན་ལག་བརྒྱད་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་སྟེ། དེའི་གོང་དུ་ལ་མོ་དེས་སྒོམ་པས ་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་དང་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བས་སོ།། དེ་རྣམས་ཉིད་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དེ་ལྟར་མཐར་གྱིས་རིག་པར་བྱའོ།། ཁྱད་པར་མེད་པ་བྱང་ཆུབ་ཕྱོགས་ཀྱི ་ཆོས་རྣམས་རྣམ་པར་ལྔས་རྣམ་པར་བཞག་པ་རིག་པར་བྱའོ།། ཞེས་པ་ལྔ་སོགས་པ་མངོན་པ་ཀུན་ལས་བཏུས་པ་ལས་གསུངས་པའི་རྣམ་པར་བཞག་པ་རྣམས་བདག་གིས་འདིར་རྒྱས་པར་མ་བྱིས་ཏེ་མྱངས་པས་འཇིགས ་པས་སོ།། དེ་ལས་རྟོགས་པར་བྱའོ།། རྟེན་གྱི་དབང་པོ་ཐོ་དད་པའི་ལམ་ནི་རྣམ་པ་བཞི་སྟེ། དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་ནི་མངོན་པར་ཤེས་པ་བྲེལ་ལ་དཀ་བའི་ལམ་མོ།། དཔུང་པོ་རྣམ ་དངོས་གཞི་བསམ་གཏན་མ་ཐོབ་པའི་ནི་མངོན་པར་ཤེས་པ་མྱུར་ལ་དཀྲུའ་པའི་ལམ་མོ།། དབང་པོ་རྟུལ་པོ་དངོས་གཞི་བསམ་གཏན་ཐོབ་པ་ནི་མངོན་པར་ཤེས་པ་བུལ་ལ་སླབ་པའི་ལམ་མོ།། དབང་པོ་རྣོན་པོ་དངོས་གཞི ་བསམ་གཏན་ཐོབ་པ་ནི་མངོན་པར་ཤེས་པ་མྱུར་ལ་སླབ་པའི་ལྷམ་མོ།། བསླབ་པ་གསུམ་ཡོངས་སུ་དག་བྱར་བྱེད་པའི་ལམ་ནི། དངོས་པོ་ཆུས་གཞི་སྟེ། འདི་ལྟར། བརྣབ་སེམས་མེད་པ་དང་། གནོད་སེམས་མང ་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ།། དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པར་བྱེད་པ་སྟེ། རྗེས་སུ་ཆགས་པ ་དང་ཁོང་ཁྲོའི་སྒོ་ནས་བསླབ་པའི་གཞི་ཉམས་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་དྲན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་དག་པར་བྱེད་ཏེ་འདིས་ཀུན་ཏུ་མ་རྨོངས་པར་གྱུར་ནས་སེམས་ཏིང་ངེ་འཛིན་པའི་ཕྱིར་རོ།། ཡང ་དག་པའི་ཏིང་ངེ་འཛིན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་པར་བྱེད་དོ།། འདིས་མཉམ་པར་བཞག་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ།། ཡོན་ཏན་ཐམས ་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་ནི་གཉིས་ཏེ། འདི་ལྟར། ཞི་གནས་དང་། ལྷག་མཐོང་ངོ་།། དེ་ལ་ཞི་གནས་ནི་སེམས་ཀྱི་གནས་པ་རྣམ་པ་དགུ་སྟེ། འདི་ལྟ་སྟེ། དེ་ནི་ཇི་ལྟར་ཡང་ནང་དུ་སེམས་འཇོག་པར་བྱེད ་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། རྣམ་པར་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། ཅིག་ཉིད་དུ་བྱེད་པ་དང་། ་མཉམ་པར་འཇོག་པར་བྱེད་པའོ།། དེ་ཕྱི་རོལ་གྱི་དམིགས་པ་ལས་སོ་སོར་བསྡུས་ཏེ་ནང་དུ་སེམས་མངོན་པར་བསྡུས་ནས་ཉེ་བར་འཆིང་བ་ནི་འཇོག་པའོ།། དེ་ལྟར་དང་དང་པོ་ཉིད་དུ་ཉེ་བར་བཅིངས་པའི་སེམས ་དེ་ནི་གཡོ་བ་རགས་པ་སྟེ། དམིགས་པ་དེ་ཉིད་ལ་བརྟན་པའི་སྦྱོར་བས་ཕྲ་བར་བྱེད་པའི་མངོན་པར་སྡུད་པ་ནི་ཡང་དག་པར་འཇོག་པར་བྱེད་པའོ།། དེ་ལྟར་བཞག་པའི་སེམས་དེ་ནི་དྲན་པ་ཀུན་ཏུ་རྨོངས་པས་ཕྱི་རོལ་ཏུ ་རྣམ་པར་གཡེང་བ་ན། ཡང་སོ་སོར་སྡུད་པ་ནི་རྣམ་པར་འཇོག་པའོ།། དང་པོ་ཉིད་དུ་སེམས་དེ་དག་ཕྱི་རོལ་ཏུ་རྣམ་པར་མི་འབྱམ་པའི་ཕྱིར་དྲན་པས་ཉེ་བར་གནས་པ་ནི་ཉེ་བར་འཇོག་པའོ།། སྔོན་གྱི་མཚན་མ་ཉིད ་ལ་རྣམ་པར་གཡེང་བ་ན་གཟུགས་ལ་སོགས་པའི་ཉེས་སྐྱོན་གྱི་འདུ་ཤེས་གཙོ་བོར་བྱས་ཏེ་སེམས་གཡེང་བར་མི་བྱ་བ་ནི་དུལ་བའོ།། སེམས་ཀུན་ཏུ་འཁྲུག་པར་བྱེད་པ་སེམས་ཀྱི་རྣམ་པར་རྟོག་པ་ཉེ་བའི་ཉོན་མོངས་པ ་རྣམས་ལ་ཉེས་སྐྱོན་དུ་ལྟས་ནས་རབ་ཏུ་མི་གཡེང་བ་ནི་ཞི་བའོ།། དྲན་པ་ཀུན་ཏུ་རྨོངས་པས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་ཏུ་སྤྱོད་པ་ན། དེ་དག་ལྷག་པར་ཞི་བར་བྱེད་པ་ནི་ཉེ་བར་ཞི་བའོ།། མངོན་པར་འདུ་བྱེད ་པས་མ་ཉམས་ཤིང་བར་མེད་པར་ཏིང་ངེ་འཛིན་རྒྱུན་ཏུ་རྣམ་པར་གནས་པ་ནི་གཙུག་ཉིད་དུ་བྱེད་པའོ།། ཤིན་ཏུ་གོམས་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་ཅིང་རྩོལོ་བ་མེད་པས་སེམས་ཏིང་ངེ་འཛིན་ལྷུན་གྱིས ་གྲུབ་པ་དང་གིས་རྣམ་པར་གཡེང་བ་མེད་པས་རབ་ཏུ་འཇུག་པ་ནི་མཉམ་པར་འཛིན་པར་བྱེད་པའོ།། ཞེས་སོ།། རྣལ་འབྱོར་པ་ཤེས་རབ་གང་གི་སྡེ་བརྩོན་པས་ཆོས་ལ་དམིགས་པ་ན་ཤེས་པར་བྱ་བ་ཇི་རྙེད་པར ་གཞིགས་པ་དང་། ཤེས་པར་བྱ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་དང་། ཤེས་རབ་དང་ལྷན་ཅིག་པོའི་རྣམ་པར་མི་རྟོག་པའི་ཡིད་ལྔ་བྱེད་པས་རྒྱུ་མཚན་དུ་བྱེད་པ་དང་ཡོངས་སུ་རྣམ་པར ་རྟོག་པར་བྱེད་པ་དང་། ཡང་དག་པོར་སེམས་པ་ཡོངས་སུ་དཔྱོད་པ་ཀུན་ཏུ་སྐྱོ་བ་དེ་ནི་ཤེས་རབ་ལྷག་མཐོང་ཡིན་ནོ།། ལམ་རྣམས་བསྡུས་པའི་ལམ་ནི་དབང་པོ་གསུམ་སྟེ། འདི་ལྟར། ངེས་པར་འབྱེད ་པའི་ཆ་དང་མཐུན་པས་བསྡུས་པ་ལ་དང་མཐོང་བའི་ལམ་སེམས་སྐད་ཅིག་མ་བཅོ་ལྔ་ལ་ནི་སྟོན་མ་ཤེས་པའི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་རབ་ཏུ་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི ་དབང་པོ་དང་། མཐོང་བའི་ལམ་སེམས་སྐད་ཅིག་མུ་བཅུ་དྲུག་མ་ནས་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱི་བར་དུ་སློབ་པའི་ལམ་དེ་རྣམས་ལ་སྔོན་མཱ་ཡིན་པའི་ཤེས་པར་བྱ་བ་མེད་པའི་ཀུན་ཤེས་པའི་དབང་པོ་དང་། ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པའི་དབང་པོ་ཞེས་བྱ་སྟེ། དེ་ནི་མི་སློབ་པའི་ལམྦ་ལ་ནི། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ།། འདི་ཡང་སྒོམ་པ་བྷྲྀ་ལཱམ་གྱི་དབང་དུ་བྱས་ཏེ་བསྟེན་པར་བྱ་སྟེ། ་སོ་གོང་མའི་ལམ་ནི་སྔོན་དུ་གྱུར་པའི་ངོ་བོས་སྒོམ་པར་བྱེད་བཞིན་པ་ན། སྔོན་དུ་མ་གྱུར་པས་འོག་མའི་དགེ་བའི་རྩ་བ་ཡང་སྒོམ་པར་འགྲོ་བ་ཡིན་ཏེ། ཁྱབ་བདག་ཉིད་ཐོབ་པའི་ཕྱིར་རོ།། ཁྱབ་བདག་ནི་ཤིན་ཏུ་ཆེས་གོསལ ་བ་མངོན་དུ་གྱུར་པ་སྟེ་དབང་དུ་གྱུར་པའི་རིག་པར་བྱའོ།། ཀུན་ཏུ་ལྡན་པ་ཐོབ་པ་ཐམས་ཅད་ཡང་དག་པར་ཆད་བའི་ཕྱིར་དང་། བྲལ་བ་ཐོབ་པ་ཐམས་ཅད་བརྙེས་པས་དྲང་།། གང་གནས་ངན་ལེན་ཐམས་ཅད་རྒྱུན ་ཆད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་ནས་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་དེའི་ངོ་མ་ཐག་ཏུ་རྟེན་ཡོངས་སུ་འགྱུར་བ་ཟང་པ་ཤེས་པ་མི་སྐྱེ་བ་ཤེས་པ་མི་སློབ་པའི་ཆོས་བཅུ་སྟེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས ་སྲིད་དུ་མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་དང་མི་སྐྱོབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་མི་སློབ་པའི་ཡང་དག་པའི་ཡེ་ཤེས་ནི་མཐར་ཕྱིན་པའི་ལམ་མོ།། དེ་ལ་གནས་ངན་ལེན་ཐམས་ཅད་ནི་ཉི་ཤུ་བཞི་སྟེ། འདི་ལྟར། ་གང་ཐོག་མ་མེད་པའི་དུས་ནས་མིག་ལ་སོགས་པའི་ཆོས་རྣམས་ཀྱི་བརྗོད་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་ཏུ་གནས་ཅིང་རྗེས་སུ་རྟེན་པ་གང་ཡིན་པ་དེ་ནི་སྤྲོས་པའི་བག་ཚིགས་ཞེས་བརྗོད་དེ། ་གང་ལས་མིག་ལ་སོགས་པའི་ཆོས་རྣམས་ཀྱི་མིང་དང་བཅས་པའི་མངོན་པར་ཞེན་པ་ཡང་ཡང་དུ་འཇུག་པ་ཞེས་པ་དེ་ནི་ཐམས་ཅད་དུ་འགྲོ་བ་མངོན་པར་བརྗོད་པའི་གནས་ངན་ལེན་ནོ།། གང་ཟག་པ་དང་བཅས་པའི་རིག་པ་རྣམས་ཀྱི ་བག་ཆགས་དེ་ནི་རིགས་པའི་གནས་ངན་ལེན་ནོ།། གང་ཉོན་མོངས་པ་རྣམས་ཀྱི་ངག་ལ་ཉལ་ནི་ཉོན་མོངས་པ་གནས་ངན་ལེན་ནོ།། གང་ཟག་པ་དང་བཅས་པའི་ལས་རྣམས་ཀྱི་བག་ཆགས་ད་ནི་ལས་གནས་ངན་ལེན་ནོ།། གང་རྣམ་པར་སྨིན ་པ་ལས་སུ་རུང་བ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་གནས་ངན་ལེན་ནོ།། གང་ཉོན་མོངས་པ་དྲག་ལ་ཆེ་བ་དེ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་གནས་ངན་ལེན་ནོ།། གང་ལམ་གྱི་བར་ཆད་འཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ ་དེ་ནི་ལས་ཀྱི་སྒྲིབ་པ་གནས་ངན་ལེན་ནོ།། གང་བདེན་པ་མངོན་པར་རྟོགས་པ་བྲལ་བ་ཉིད་དམྱལ་བ་ལ་སོགས་པ་བདག་ངོ་བོ་ཐོབ་པ་དེ་ནི་རྣམ་པར་སྨིན་པའི་སྒྲིབ་པ་གནས་ངན་ལེན་ནོ།། གང་དགེ་བའི་ཕྱོགས་སྦྱོར་བའི ་བར་ཆད་འདོད་པ་འདུན་པ་ལ་སོགས་པ་སྒྲིབ་པ་ལྔས་ཟིལ་གྱིས་མནན་པ་ནི་སྒྲིབ་པ་གནས་ངན་ལེན་ནོ།། ཡང་རབ་ཏུ་བྱུང་བའི་གེགས་ཀྱི་ངོ་བོ་འདོད་རྟོག་ལ་སོགས་པས་ཟིལ་གྱིས་མནན་པ་དེ་ནི་རྣམ་པར་རྟོག ་པའི་གནས་ངན་ལེན་ནོ།། གང་ཟས་ཤིན་ཏུ་ཉུང་བ་དང་མང་སྦྱོར་བ་རུང་དེ་ནི་ཟས་གནས་ངན་ལེན་ཏོ།། གང་གཉིས་གཉིས་སྙོམས་པར་འཇུག་པ་བྱས་ནས་ལུས་སེམས་ངལ་བ་དེ་ནི་ལོག་གཡེམ་གྱི་གནས་ངན་ལེན་ཏོ།། ག་རྟེན ་གཞན་དུ་བྱས་ཏེ་བསྐྱེད་པ་དེ་ནི་སྨི་ལམ་གྱི་གནས་ངན་ལེན་ནོ།། གང་ཁམས་མི་མཉམ་པར་བྱས་པས་ལེགས་པར་རུང་བཞིན་དུ་མྱི་གནས་པོ་དེ་ནི་ནང་གནས་ངན་ལེན་ནོ།། ཁམས་མི་མཉམ་པར་བྱས་པས་སྒྲུབ་པར་མི་ནུས ་པ་དེ་ནི་མབའི་གནས་དོན་ལེན་ནོ།། གང་འཚོ་བཞིན་པ་ན་དབང་པོ་ཐམས་ཅད་འ་ཁྲུགས་པ་དེ་ནི་འཆི་བ་གནས་ངན་ལེན་ནོ།། གང་མངོན་པར་བགྲོད་པ་ལ་སྩོགས་པ་བྱས་པས་ལུས་སྐྱེད་པ་དེ་ནི་ཡོངས་སུ་ངལ་བ་གནས་ངན་ལེན་ནོ།། ་མངོན་པར་བརྗོད་པ་གནས་ངན་ལེན་པ་ལ་སྩོགས་པ་ཇི་ལྟར་སྙིང་པ་དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཅན་རྣམས་ཀྱི་ནི་དེ་ནི་བརྟན་པོ་གནས་ངན་ལོན་ཏོ།། འདོད་པ་ན་སྤྱོད་པ་ནི་རགས་པ་གནས ་ངན་ལེན་ཏོ།། གཟུགས་ན་སྤྱོད་པ་ནི་འབྲིང་པོ་གནས་ངན་ལེན་ནོ།། གཟུགས་མེད་པ་ན་སྤྱོང་པོ་ནི་ཕྲ་བ་གནས་ངན་ལེན་ནོ།། གང་ཉན་ཐོས་དང་རང་རྒྱལ་གྱི་མི་མཐུན་པའི་ཕྱོགས་དེ་ཉིད་ཉོན་མོངས་པའི་སྒྲིབ་པ་གནས་ངན ་སྦྱིན་ཏོ།། གང་མཐར་གྱིས་སྙོམས་པར་འཇུག་པ་ལ་གནས་པའི་མྱི་མཐུན་པའི་ཕྱོགས་དེ་སྙོམས་པར་འཇུག་པའི་སྒྲིབ་པ་གནས་ངན་ལེན་ནོ།། གང་ཐམས་ཅད་མཁྱེན་པའི་མི་མཐུན་པའི་ཕྱོགས་དེ་ནི་ཤེས་བྱའི་སྒྲིབ་པ་གནས་ངན་ལེན ་ནོ།། དེ་ལྟར་དྷེ་ནྱེང་གནས་དེན་ལེན་དེ་རྣམས་རྣམས་རྒྱུད་ཀྱི་ནཱི་རིགས་པར་རྒྱུན་ཆུང་བ་དེ་ནཱཾ་མཐར་ཐུག་པའི་ལམ་མོ།། ། གན་ས་ངན་ལྡན་འཕྲུལ་བ་ལ་ལྡན་དེ་ཐོང་པོ་ཞེས་བཏགས་སོ།། གནས་དྲན་ལེན་འགྲུབ ་པ་ལ་བྲལ་བ་ཐོབ་པ་ཞེས་བཏགས་སོ།། གང་སྒོམ་པའི་ལམ་གྱི་མཐའ་སྤོང་བའི་ལམ་གྱི་གནས་སྐབས་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ།། ཏིང་ངེ་འཛིན་འདི་བསྣུན་གཉིས་ཏེ། འདི་ལྟར། སྦྱོར་བའི་ལམ་གྱིས་བསྡུས་པ ་དང་། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ།། དེ་ལ་སྦྱོར་བའི་ལམ་གྱིས་བསྡུས་པ་ནི། གང་ནས་བཟུང་སྟེ་སྒྲིབ་པ་ཐམས་ཅད་ཀྱིས་མི་ཤིགས་ཤིང་། སྒྲིབ་པ་ཐམས་ཅད་འཇིག་པའོ།། བར་ཆུད་མེད་པའི་ལམ་གྱིས ་བསྡུས་པ་ནི་གང་གིས་ངོ་ལ་ཐག་ཏུ་ཟད་པ་ཤེས་པ་དང་མི་སྐྱོ་བ་ཤེས་པ་དག་སྐྱེས་པའོ།། ཏིང་ངེ་འཛིན་དེ་འདི་བྱང་ཆུབ་ཆེན་པོ་ལ་བར་ཆད་མེད་པ་ཆོས་བརྟན་པ་དང་རོ་གཅིག་ཁྱབ་པའོ།། ང་ལ་འཇིག་རྟེན་པའི་ལམ་གྱིས ་དེའི་རྒྱུན་མ་ཉམས་པས་བར་ཚད་མེད་པ་དང་སྒྲིབ་པ་ཐམས་ཅད་ཀྱིས་མི་ཚོང་པའི་ངང་སྒྲིབ་པ་ཐམས་ཅད་འཇོམས་པས་སྙིང་པོ་ཡིན་པའི་ཕྱིར་ཆེས་བསྟན་པའོ།། རྣམ་པར་མི་རྟོག་པ་ཉིད་དུ་རོ་གཅིག་པས་རོ་གཅིག ་ཤེས་བྱ་ཐམས་ཅད་ཀྱི་དེ་བཞིན་ཉིད་དམིགས་པའི་ཕྱིར་ཁྱབ་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ།། དོན་འདི་དག་གཞན་ལ་གསལ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ་དཔེར་ན་བྲག་རི་ཆེན་པོ་མི་ཆོད་པ་མི་ཤིགས་པ་སྦུབས་མེད་པ་གཅིག་ཏུ་མཁྲེགས་པ་ཤིན་ཏུ་ཟླུམ་པ་ཤར་ཕྱོགས་ཀྱི་རླུང་འཇུག་པས་མི་གཡོ་བ་མི་བསྐྱོད་པའོ།། ཇི་ལྟར་ཤར་གྱི་དེ་བཞིན་དུ་ཕྱོགས་ཐམས་ཅུང ་ཀྱིའོ།། དེ་མ་ཐག་ཏུ་རྟེན་ཡོངས་སུ་འགྱུར་བ་ཞེས་པ་ནི་འདི་རྟེན་ཡོངས་སུ་འགྱུར་བ་རྣམ་པ་གསུམ་སྟེ། འདི་ལྟར། མི་སློབ་པའི་ལམ་ཐོབ་པས་སེམས་ཀྱི་རྟེན་ཡོངས་སུ་འགྱུར་བ་དང་། ལམ་གྱི་རྟེན་ཡོངས་སུ ་འགྱུར་བ་དང་། གནས་ངན་ལེན་གྱི་རྟེན་ཡོངས་སུ་འགྱུར་བའོ།། དེ་ལ་ཆོས་ཉིད་ཀྱིས་སེམས་ཀྱི་རང་བཞིན་འོང་གིསལ་བའི་གློ་བུར་བའི་ཉེ་བའི་ཉོན་མོངས་པ་སྤངས་པས་གང་ཡོངས་སུ་འགྱུར་བ་དེ་ནི་མི་སློབ་པའི ་ལྷམ་ཐོབ་པས་སེམས་ཀྱི་རྟེན་ཡོངས་སུ་འགྱུར་བ་སྟེ་དེ་བཞིན་ཉིད་དུ་ཡོངས་སུ་འགྱུར་བ་ཞེས་པའི་དོན་ཏོ།། སྔོན་དུ་འཇིག་རྟེན་པའི་ལམ་ནི་མངོན་པར་རྟོགས་པའི་དུས་སུ་འཇིག་རྟེན་ལས་འདས་པ་ཉིད་དུ ་ཡོངས་སུ་འགྱུར་བ་ནི་སློབ་པ་ཞེས་བརྗོད་དེ་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་རོ།། གང་གི་ཚེ་མི་མཐུན་པའི་ཕྱོགས་མ་ལུས་པ་རྣམ་པ་མེད་པར་གྱུར་ཞིང་ཁམས་གས་མ་ལ་འདོད་ཆགས་དང་བྲལ ་པ་དེའི་ཚེ་ལྡུམ་འདིའི་རང་བཞིན་གྱི་རྟེན་ཡོངས་སུ་འགྱུར་བར་རྣམ་པར་བཞག་པར་བྱས་ཏེ། དེ་ནི་ལམ་གྱི་རྟེན་ཡོངས་སུ་འགྱུར་བའོ།། གང་ཀུན་གཞི་རྣམ་པར་ཤེས་པའི་ཉོན་མོངས་པའི་བག་ལ་ཉལ་སྤངས་པསྣ་ཡོངས་སུ ་འགྱུར་བ་དེ་ནི་གནས་ངན་ལེན་གྱི་རྟེན་ཡོངས་སུ་འགྱུར་བའོ།། གང་ཀུན་འབྱུང་ལྷག་མ་མེད་པར་སྤངས་པའི་ཡེ་ཤེས་སམ། དེའི་གནས་སྐབས་ཀྱི་རྒྱུ་འགོག་པ་ལ་དམིགས་པའི་ཡེ་ཤེས་དེ་ནི་ཟད་པ་ཤེས་པའོ།། འབྲས་བུ ་མི་སྐྱེ་བ་ལ་དམིགས་པའམ། དེ་བཞིན་དུ་སྐྱེ་བ་མེད་པར་གྱུར་ནས་ཤེས་པ་དེ་ལ་འམ་དེ་ནི་མི་སྐྱེ་བ་ཤེས་པའོ།། ཕྱིས་སྡུག་བསྔལ་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་བདེན་པ་ལ་གང་ཤེས་པ་སྟེ། གང ་སྡུག་བསྔལ་བདེན་པ་ལྔ་དམིགས་པ་ཤེས་པ་ཞེས་པའི་དོན་ཏོ།། མི་སློབ་པའི་ཆོས་བཙུན། མྱི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕྱུང ་པི་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དབང་དུ་བྱས་ཏེ་གསུངས་པར་ཤེས་པར་བྱའོ།། དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའོ་འཚེ་བ་ནི་མི་སློབ་པའི ་ཚུལ་ཁྲིམས་ཀྱི་ཕུང་པོའོ།། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་རྣམས་ནི་ཤེས ་རབ་ཀྱི་ཕུང་པོའོ།། ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་སྒྲོལ་བུའི་ཕུང་པོའོ།། ཡང་དག་པའི་ཤེས་པ་ནི་རྣམ་པར་གྲོལ་བྷའི་ཡེ་ཤེས་མཐོང་བའི་ཕུང་པོའོ།། ལམ་གྱི་བདེན་པའི་རྣམ་པ་མཚན་ཉིད་བཞི ་སྟེ། འདི་ལྟར། དེ་ཁོ་ན་ཉིད་ཀྱི་དོནྟ། འདིས་གོམས་པར་བྱེད་པས་ལམ་གྱི་མཚན་ཉིད་དོ།། མི་རིགས་པར་གྱུར་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པས་རིགས་པ་མཚན་ཉིད་དང་། དེ་ཁོ་ན་ཉིད་མ་རྟོགས་པའི་སྐྱོན་གྱིས་བརྟག ་བཾ་ལ་སོགས་པ་ཕྱིན་ཅི་ལོག་གོས་ཕྱིན་ཅི་ལོག་པའི་སེམས་ནི། ཕྱིན་ཅི་མ་ལྡོག་པའི་དེ་ཁོ་ན་ཉིད་རྟོགས་པའི་སྒྲུབ་པའི་ཕྱིར་སྒྲུབ་པ་མཚན་ཉིད་དང་། རྟག་ཏུ་ཤིན་ཏུ་མཆོག་ཏུ་ངེས་པར་འབྱུང་བའི་གོ་འཕང་དུ་འགྲོ་བའི་ཕྱིར ་ངེས་པར་འབྱིན་པོའི་མཚན་ཉིད་དོ།། དེ་བཞིན་དུ་གཞན་ལ་ཡང་རྣམ་པ་བཞི་བཞི་ཞེས་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པར་ཡང་འགྱུར་ཞིང་འཇིག་རྟེན་ལས་འདས་པར་ཡང་འགྱུར་རོ།། དེ་ལ་འཇིག་རྟེན་པའི་ལམ་ལས་འཇིག ་རྟེན་ལས་འདས་པའི་ལམ་རྣམས་ཀྱི་ཁྱད་པར་ཅི་ཞེ་ན། བརྗོད་དེ། དེ་ལ་བདེན་པའི་རྣམ་པ་འཇིག་རྟེན་པ་ནི་དེ་བཞིན་ཉིད་མངོན་དུ་རྟོགས་པ་མེད་པས་ཤེས་བྱ་ལ་ལེགས་པར་མ་ཞུགས་པས་དང་། ཉོན་མོངས་པའི་བག ་ལ་ཉས་ཅན་ཡིན་པས་སྒྲིབ་པ་དང་བཅས་པའོ།། མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པར་བྱ་བས་རྣམ་པར་རྟོག་པ་དང་བཅས་པའོ།། དེ་ལ་བཟློག་པས་བདེན་པའི་རྣམ་པ་འཇིག་རྟེན་ལས་འདས་པ་ནི་ལེགས་པར་རབ་ཏུ ་ཞུགས་པས་སྒྲིབ་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའོ།། ཡང་འདི་རྣམ་པར་མི་རྟོག་ན་ཅི་ལྟར་ཤེས་བྱ་ལ་ལེགས་པར་ཞུགས་པ་ཡིན་ཞེ་ན། བརྗོད་དེ། འཇིག་རྟེན་ལས་འདས་པའི་རྣམ་པ་ལ་འཇུག་བཞིན་པ་མི་རྟག་པའི་དོན ་མཐོང་བ་ནི་ཉམས་སུ་མྱོང་བའོ།། མངོན་པར་བརྗོད་པ་སྤྲོས་པའི་སྒོ་ནས་མི་རྟག་གོ་ཞེས་མཐོང་བ་ནི་མ་ཡིན་ནོ།། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པཪྵ་ངེས ་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ཀྱི་ལམ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་ལྔ་པའོ།། །། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་ངོ་བོ་དང་འཇིག་རྟེན་པ་དང་འཇིག ་རྟེན་ལོས་འདས་པ་བྱང་ཆུབ་སེམས་དཔའ་ཉིད། ཐོག་མ་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོའི་མཐར་ཐུག་པར་གོམས་པས་སྤངས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་དེ་ནི་བྱང་ཆུབ་སེམས་སྤྲོས་པ་དང ་བཅས་པ་བརྗོད་པར་བྱ་སྟེ། འདི་ལྟར། བདག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འགྱུར་བ་དང་གཞན་དོན་སྒྲུབ་པར་བྱ་ཞེས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་མཚན ་ཉིད་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བའོ།། དེ་ཡོད་པ་ལ་བྱང་ཆུབ་སེམས་སྐྱེའོ།། དེ་ལྟར་ཡང་། བསྟན་བཅོས་ལས། སེམས་སྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ་ནས་སོ།། འདིའི་དོན་ནི།། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོང་།། དེ་སངས་རྒྱས་ཉིད་འདོད་པ་ང་པོ་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བའོ།། དེ་ཡོད་པ་ལ་བྱང་ཆུབ་སེམྦྷསྱཱ་སྐྱེའོ་ཞེས་ཤེས ་ནས། བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ཅན་གྱི་རྒྱུ་ལ། འབྲས་བུ་བྱང་ཆུབ་སེམས་བསྐྱེད་པའི་མཚན་ཉིད་ཅན་གྱི་མིང་གིས་བཏགས་པའོ།། དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོ་སྡེ་ཐམས་ཅད་འཕེལ ་བར་འགྱུར་རོ།། ཞེས་ཤེས་པར་བྱ་བའི་དོན་དུ་འམ། བྱང་ཆུབ་དོན་དུ་གཉེར་བ་དང་ལྷན་ཅིག་ཏུ་སྤྱོད་པའི་སེམས་བསྐྱེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཀྱི་སྒྲས་བཏགས་པ་སྟེ། སེམས་བསྐྱེད་པ་ནི་རྫོགས ་པའི་བྱང་ཆུབ་དང་ལྡན་པའོ་ཞེས་ཤེས་པར་བྱ་བའི་དོན་དུའོ།། ཡང་ན། སེམས་ནི་མངོན་པར་འདོད་པ་སྟེ། འདི་ལྟར། བདག་ནི་འགྲོ་བར་སེམས་སོ་ཞེས་འགྲོ་བར་འདོད་པ་སྨྲའོ།། མངོན་པར་འདོད་པ་དེའི་སྐྱོ་བ་ནི་སེམས་སྐྱེད ་བྱ་སྟེ། མངོན་པར་འདོད་པའི་སྐྱེ་བ་ནི་མི་འཁྲུལ་པའི་ཕྱིར་སྐྱེད་པ་བཟུང་བ་ནི་ཁྱད་པར་གཟུང་བར་བྱ་བའི་དོན་དུའོ།། གང་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྟེ། མངོན་པར་འདོད་པ་དེ་ནི་དེ་བཞིན་ནོ།། དེའི་ངོ་བོ་ནི་ཡང་དོག ་རྫོགས་པའི་བྱང་ཆུབ་འདོད་པའོ།། གཞན་དོན་ཆེད་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སེམས་ཀྱི་སྐྱེ་བ་ནི་སེམས་སྐྱེད་པའོ་ཞེས་པ་འདི་ནི་མཚན་ཉིད་དོ།། དེ་སྐད་དུ་ཡང་གསུངས་ཏེ། བདག་དང་ཕུང་སོགས ་བཏགས་པ་ཡི།། རྟོག་པ་རྣམས་ཀྱིས་མ་སྒྲིབས་པ།། སྟོང་ཉིད་མཚན་ཉིད་བྱང་ཆུབ་སེམས།། རྟག་ཏུ་སངས་རྒྱས་རྣམས་ཀྱིས་འདོད།། ཞེས་སོ།། དེ་བཞིན་དུ། ཀུན་རྫོབ་ཉོན་མོངས་ལས་ཀྱིས་བསླང་ལས་ནི་སེམས་ལས་ཀུན་ཏུ་བྱུང་།། ་སེམས་ནི་བག་ཆགས་རྣམས་ཀྱིས་ཟོས།། བག་ཆགས་སྤངས་ལས་བདེ་བའོ།། བདེ་བ་ཞི་བའི་སེམས་ཉིད་དེ།། ཞི་བའི་སེམས་ནི་མི་རྨོངས་སོ།། རྨོངས་མེད་ངེས་པར་དེ་ཉིད་རིག། དེ་ཉིད་རིག་པས་གྲོལ་བ་ཐོབ།། བྱང་ཆུབ་སེམས་ནི་དེ ་ཉིད་མཆོག། སྟོང་པ་ཉིད་ཅེས་ཀྱང་བཤད་དོ།། དེ་བཞིན་ཉིད་དང་ཡང་དག་མཐའ།། དེ་བཞིན་སྡུག་བསྔལ་བདག་མེད་སོགས།། གཞན་དོན་རོ་གཅིག་བྱང་ཆུབ་ནི།། སྙིང་རྗེས་བརྟན་པའི་རྩ་བ་དང་།། བྱང་སེམསྟོ་མྱུ་གུ་ལས་བྱུང་བ།། ་དེ་ནི་རྒྱུ་ལ་སྲས་རྣམས་ཀྱིས་བསྒོམ།། གང་ཞིག་བསྒོམས་པས་མཁས་པ་རྣམས།། བསྣམ་གཏན་བདི་བ་ཡང་སྦྱངས་ཏེ།། མནར་མེད་དམྱལ་བར་ཞུགས་ནས་ནི།། གཞན་གྱི་སྡུག་བསྔལ་ཀུན་སེལ་བ།། འདི་ན་རྨོད་བྱུང་འདི་ལེགས ་པ། འདི་ནི་འཇུག་པ་དམ་པ་མཆོག། རང་གཾ་ལུས་དང་དོན་སྟོང་པ།། དེ་ནི་དེ་ཚར་མཱ་ཡིན་ཉིད།། ཞེས་སོ།། དེ་བཞིན་དུ། དེ་ལྟར་སྙིང་རྗེ་ས་ངེས་བརྙན་པའི།། གང་ཡང་བཟང་སོགས་རྒྱལ་སྲས་རྣམས།། ཚངས་དབང་ཉེ་དབང ་དྲག་པོ་སོགས།། གཟུགས་བརྙན་སྤྲུལ་པའི་མཐུ་རྣམས་ཀྱིས།། འགྲོ་བ་འདྲེན་པའི་སྦྱོར་བ་ཡིས།། སྙིང་རྗེའི་བསམ་པས་གང་བྱེད་དོ་ཞེས་སོ།། བྱང་ཆུབ་སེམས་ཀྱི་སྦྱོར་བས་ཞེས་པ་ནི་ནང་དུ་བསྡུ་བར་བྱའོ།། དེ་ཉིད་ཀྱིས ་ན་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་དང་བྲལ་བའི་བྱང་ཆུབ་སེམས་ཀྱང་འཁོར་བར་འབྲས་བུ་ཆེན་པོ་ཞེས་ཉེ་བར་བསྔགས་ཏེ། ཇི་ལྟར་འཕགས་པ་རྒྱལ་པོ་ལྔ་གདམས་པའི་མདོ་ལས་གསུངས་པ། དེའི་ཕྱིར་རྒྱལ ་བོཔོ་ཆེན་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་འདུན་པ་དང་དད་པ་དང་སྨོན་པ་ང་ཉིད་ནི་འགྲོ་ཡང་བཞེངས་ཀྱང་འདུག་ཀྱང་ཉལ་ཡང་སྐད་ཀྱང་ཟླ་ཡང་འཐུང་ཡང་རྒྱུན་དུ་བར་ཆད་མེད་པར་རྗེས་སུ་དྲན་པ་དང་ཡོད་ལ་བྱེད་པ་དང་བསྒོམ ་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་ནས་བཀའ་སྩལ་པ། དེ་ཡང་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ལན་མང་དུ་ལྷ་རུ་སྐྱེ་བར་འགྱུར་རོ།། ལོན་མང་དུ་མི་རུ་སྐྱེ ་པར་འགྱུར་རོ།། ལྷ་དང་མིའི་སྐྱེ་བ་ཐམས་ཅད་དུ་ལྡོག་པའི་རྒྱལ་པོ་བྱེད་པར་འགྱུར་རོ་ཞེས་སོ།། གང་ལས་ཡང་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ངེས་པར་ལེགས་པ་དང་མངོན་པར་འབྱུང་བའི་རྒྱུ་ཉིད་ཡིན་པ་སོ། ་ཤིན་ཏུ་ཆེས་འབྲས་བུ་ཆེ་བ་ཉིད་དོ་ཞེས་གྲུབ་བོ།། དེས་ན་དཔའ་སྦྱིན་གྱིས་ཞུས་པ་ལས་གསུངས་ཏེ། གང་ཚེ་བྱང་ཆུབ་སེམས་གོང་གི། བསོད་ནམས་དེ་ནི་གཟུགས་ཅན་འགྱུར།། ནམ་མཁའི་ཁམས་ནི་ཀུནི་གང་སྟེ།། དེའི ་ཡང་གོང་དུ་ལྷག་པར་འགྱུར།། གདྷཱའི་བྱེ་མའི་གྲངས་སྙེད་ཀྱི།། སངས་རྒྱས་ཞིང་རྣམས་མི་གང་གིས།། རིན་ཆེན་དམ་པས་ཡོངས་བཀང་ཏེ།། འཇིག་རྟེན་མགོན་ལ་ཕུལ་བ་བས།། གང་གིས་ལན་ཅིག་ཐལ་སྦྱར་ཏེ།། བྱང་ཆུབ་ཆེདུ ་སེམས་བཏུད་ན།། གང་གི་མཐའ་ཡང་ཡོད་མིན་པས།། མཆོད་པ་འདི་ནི་ཁྱད་པར་འཕགས།། ཞེས་སོ།། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན ་དུ་གྱུར་པའོ་ཞེས་རྒྱས་པར་རོ།། དེ་ཡང་བྱང་ཆུབ་སེམས་དཔའ་དཔེར་ན་ལོང་བས་སྒྲོན་མ་འཛིན་པ་གཞན་རྣམས་ལ་ཕན་པར་འགྱུར་པ་དེ་བཞིན་དུ་དོན་མངོན་པར་མི་ཤེས་པ་ཐོས་པ་འཛིན་པ་ཞེས་ཤེས་ན་སྣ་ཐོས་ཤིང་དོན་ངེས ་བྱར་བཟུང་ནས་སྡོམ་པ་ལེན་པ་སྔོན་དུ་འགྲོ་བས་བྱང་ཆུབ་དུ་སེམས་སྐྱེད་པ་ཡིན་ནོ།། དེས་ན་བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི།། དཔེར་ན་སོ་སོར་རྟོག་པར་མི་བྱེད་པའི་མེལ་ཚེ་བ་སྒྲ ་སྒྲོགས་པོར་བྱེད་པོ་ཉུང་སང་བཞིན་དུ་ཆེན་པོས་འཇོམས་ཏེ། དེ་བཞིན་དུ་སོ་སོར་རྟོག་པ་མི་བྱེད་པ་སྨྲ་བ་ཙམ་དང་ལྡན་པའི་སྟོང་དུ་ཐོས་པ་ཉོན་མོངས་པའི་རྐུན་པོས་འཇོམས་པས་བསྒྲུབ་པ་ལོ་བརྩོན་པར་བྱའོ།། གཞོན ་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་དཀའ་བར་འགྱུར་བ་མ་ཡིན་ནོ།། ཞེས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་གསུངས་པའི་ཕྱིར་རོ།། སྒྲུབ་པ་ཡང་མདོར་བསྡུས་ན ་བྱང་ཆུབ་སེམས་བསྒོམས་པ་དང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའོ།། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ། འདི་ལྟར། དེ་ལ་བྱང་ཆུབ་སེམས་དང་པོ་ནི་འདུན་པ ་དང་ལྡན་པ་གཞན་དོན་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ཅན་ས་ལྟ་བུ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཀྱི ་གླཞིར་གྱུར་པའི་ཕྱིར་རོ།། གཉིས་པ་ནི་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟོ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཕན་པ་དང་བདེ་བའི་བསམ་པ་ཕྱིས་དང་ད་ལྟ་དག་གི་རྣམ་པར་འགྱུར་བ་མི་བརྟེན་པའོ། ་ཕྱིར་རོ།། ཨཱུ་ནི་ཡོང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་པའོ།། ཤ་ཡ་ནི་མི་འགྱུར་བཱ་སྟེ། ཨཱ་ཤཽ་ཡི་ཞེས་ཤེས་ནས། བསམ་པ་དེ་ཡང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར ་འདོད་པ་ནི་ཡོངས་སུ་རྫོགས་པའི་བསམ་པོ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོར་བའི་བསམ་པ་དང་། སེམས་ཅན་ཐམས་ཅད་བདྲེ་བའི་བསམ་པའོ།། དེ་བཞིན་དུ་གཞིན་ཡང་བསམ་པའི་དབྱེ་བ་མང་པོ་རྣམས ་འདིར་མི་བཤད་དེ་མངས་པས་འཇིགས་པའི་ཕྱིར་རོ།། གསུམ་པ་ནི་ཁྱད་པར་ལྷག་པར་རྟོགས་པའི་ཆེད་དུ་བསམ་པ་ནི། ལྷག་པའི་བསམ་པ་སྟེ་དེ་དང་ལྡན་པའོ།། དཀར་པོ་ཕྱོགས་ཀྱི་ཚེས་པའི་ཟླ་བ་ལྟ་བུ་སྟེ། ་དཀར་པོ་ཕྱོགས་ཀྱི་ཚེས་པའི་ཟླ་བ་འཕེལ་བ་བཞིན་དུ་སེམས་ངེས་དགེ་བ་རྣམས་སྐྱེ་བ་འཕེལ་བ་བརྙེས་པའི་ཕྱིར་རོ།། བྱང་ཆུབ་སེམས་དེ་གསུམ་ནི་རིམ་པ་བཞིན་དུ་དྲན་པ་ཉེ་བར་བཞག་པ་དང་ཡང་དག་པ ་སྤྱོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའོ།། ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་ཕུལ་དུ་ཕྱིན་པའི་གནས་སྐབས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལས་དང་པོ་པའི་ས་ཚོགས་ཀྱི་ལམ། ཚོགས་ཀྱིས། ་གོ་ཆའི་སྒྲུབ་པ་སྨིན་པའི་སེམས་སོ།། གཞན་བྱང་ཆུབ་སེམས་བཅུ་དགུ་ནི་འཇུག་པའི་སེམས་སོ།། བཞི་པ་ནི་སྦྱོར་བ་དང་ལྡན་པ་དང་ལྷག་པའི་བསམ་པ་དང་ལྡན་པ་ནི་མེ་ལྟ་བུ་སྟེ། བུད་ཤིང་ཁྱད་པར་ཅན་གྱི་མེ་བཞིན་དུ་ངེས ་སྦྱོར་བ་ཁྱད་པར་དུ་འཕགས་པར་འགྲོ་བའི་ཕྱིར་རོ།། དེ་ནི་མོས་པས་དཔྱོང་བའི་སའོ།། རབ་ཏུ་དགའ་བྱའི་ས་ཡི་སྦྱོར་བའི་ལམ། འཇིག་རྟེན་པའི་སྒོམ་པའི་རང་བཞིན་ཟག་པ་དང་བཅས་པའི་སྒོམ་པའི་ལམ། ངེས་པར་འབྱེད ་པོ་ནི་མངོན་དུ་བྱེད་པ་ཞེས་ངེས་པར་འབྱེད་པ་མཐོང་བའི་ལམ་མོ།། དེའི་ཆ་ནི་རྙེད་པ་སྟེ་དེའི་ཕྱིར་ཕན་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་དབང་པོ་ལྟ་དང་སྟོབས་ལྔ་དང་ལྡན་པའི་འཇུག་པའི་སྒྲུབ་པའོ།། ལྔ་པ་ནི་འཇིག ་རྟེན་ལས་འདས་པ་ཟག་པ་མེད་པའི་སྟོན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱི་གཞལ་དུ་མེད་པའི་སེམས་ཅན་ཡང་དག་པར་ཚིམ་པར་བྱེད་པའི་ཕྱིར་དང་མི་ཟད་པའི ་ཕྱིར་རོ།། བྱང་ཆུབ་སེམས་དཔས་འདི་ལ་བདག་བྱང་ཆུབ་དང་ཉེ་བར་མཐོང་བ་དང་། སེམས་ཅན་གྱི་དོན་སྒྲུབ་པ་མཐོང་བ་དགའ་བར་རབ་ཏུ་གྱུར་ཞེས། རབ་ཏུ་དགའ་བའི་ས་མཐོང་བའི་ལམ་བྱང་ཆུབ་ཡན་ལག་དང ་ལྡན་པའོ།། དྲུག་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ།། འདིར་རིན་པོ་ཆེའི་འབྱུང་ཁུངས་ནི་རི་རོ ་ཧ་ན་ལྔ་སོགས་པའོ།། ཚུལ་ཁྲིམས་འཆལ་པ་དྲི་མ་དང་རྩོལ་བ་དྲི་མ་དག་ལས་འདས་པའི་ཕྱིར་དྲི་མ་མེད་པའི་སའོ།། བདུན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྒྱ་མཚོ་ལྟ་བུ་སྟེ། མི་འདོད་པའི་ཉེ་བར་འདུས་པ་ཐམས ་ཅད་ཀྱིས་མི་བསྐྱོད་པའི་ཕྱིར་རོ།། ཏིང་ངེ་འཛིན་སྟོབས་དང་ཚད་མེད་པའི་ཆོས་ཚོལ་བའི་གཟུངས་དག་གིས་ཕ་རོལ་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་འོང་བྱེད་པའི་སའོ།། བརྒྱད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་ལྡན་པ་རྡོ་རྗེ་ལྟ་བུ་སྟེ། རྡོ་རྗེ་བཞིན་དུ་བརྟན་པའི་ཕྱིར་དང་མི་ཕྱེད་པའི་ཕྱིར་རོ།། ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དག་སྲེག་པརོ་བྱེད་པས་འོད་ཟེར་དུ་གྱུར་པ་བྱང་ཆུབ་ཕྱོགས་ཀྱི་བདག་ཉིད་ཀྱི་ཤེས་རབ་དེ ་འདི་ལེ་ཡོད་པས་འོད་འཕྲོ་བའི་སའོ།། དགུ་པ་ནི་བསམོ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྗོན་པ་རི་བོ་ལྟ་བུ་སྟེ། མི་བསྐྱོད་པའི་ཕྱིར་གཡང་པོ་མེད་པས་སེམས་ཅན་ཡོངས་སུ་སྨིན་པོར་བྱེད་པ་དང་རང་སེམས་བསྲུང་བའི ་ཕྱིར་རོ།། གང་ལ་རྒྱལ་བར་དཀའ་ཞེས་སྦྱང་དཀའ་བའི་སའོ།། བཅུ་པ་ནི་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྨོན་གྱི་རྒྱལ་པོ་ལྟ་བུ་སྟེ། སྒྲིབ་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ།། འཁོར་བ་དང་མྱ་ངན ་ལྔས་འདའ་བ་མངོན་དུ་བྱེད་པས་མངོན་དུ་གྱུར་པའི་སའོ།། བཅུ་ཅིག་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་བྱམས་པ་ལ་སོགས་པའི་ཚད་མེད་པ་དང་ལྡན་པ་བཤེས་གཉེན་ལྟ་བུ་སྟེ། གནས་སྐྱབས་ཐམས་ཅད་དུ ་སེམས་ཅན་གྱི་དོན་བཏིང་སྙོམས་སུ་མི་བྱེད་པའི་ཕྱིར་རོ།། བགྲོད་པ་གཅིག་པའི་ལམ་དང་འབྲེལ་པས་སྦྱོར་བ་མཐར་ཐུགས་པར་ཕྱིན་པའི་ཕྱིར་རིང་དུ་སོང་བའི་སའོ།། བཅུ་གཉིས་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང ་ལྡན་པ་དང་མངོན་པར་ཤེས་པ་དང་ལྡན་པ་ཡིད་བཞིན་ནོར་བུ་དང་འདྲ་བ་སྟེ། ཅི་ལྟར་མོས་པའི་འབྲས་བུ་དེ་རྣམས་ཕུན་སུམ་ཚོགས་པའི་ཕྱིར་རོ།། མཚན་མའི་འདུ་ཤེས་དང་མཚན་མ་མེད་པའི་རྩོལ་བའི་འདུ་ཤེས ་ཀྱིས་མི་གཡོ་བའི་ཕྱིར་མི་གཡོ་བའི་སའོ།། བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་དཔྱོད་པ་དང་དོན་མཐུན་པའི་མཚན་ཉིད་བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ཉི་མ་ལྟ་བུ ་སྟེ། གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ།། སོ་སོར་ཡང་དག་པར་རིག་པ་ལེགས་པའི་ཕྱིར་ཞེས་པ་གཙོ་བོ་ཡིན་པའི་ཕྱིར་ལེགས་པའི་བློ་གློས་ཀྱི་སའོ།། བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་ལྡན་པ་དང་སོ་སོར་ཡང་དག་པར་རིག་པ་དང་ལྡན་པ། དྲི་ཟའི་གླུ་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་འི་ཚོགས་པ་རྣམས་ལ་ཆོས་སྟོན་པར་བྱེད་པའི་ཕྱིར་དང་། ཆར་འབབ་པ་དང་ཆོས་མཐུན་པས་སྒྲོན་དང ་བྱུང་བར་བྱིནྡྷ་ས་ག་སྦྱིན་གྱིས་པ།། བཙལྟ་བ་ནི་མ་ན་ཤེས་དང་ལྡན་པ་དང་སྟོན་པ་དང་ལྡན་པ་རྒྱལ་བ་ལྟ་བུན། མཚམས་པ་རྣས་པ་གཞན་དོན་ཉམས་སུ་ལེན་པའི་ཕྱིརྱང་རྣམ་པར་མ ་ཉམས་པའི་རྒྱུ་ཡིན་པས་སོ།། རྒྱལ་པོའི་བཀའི་ལྕགས་ཀྱུས་སྐྱེ་བོ་ལམ་ལོག་པར་མི་ལྟུང་སྟེ། དེ་བཞིན་དུ་སྟོན་པའི་ལྕགས་ཀྱུས་བྱང་ཆུབ་སེམས་དཔའོ།། བཅུ་དྲུག་པ་ནི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་ལྡན ་པ་མཛོད་ཁང་ལྟ་བུ་སྟེ། ཤིན་ཏུ་མྱང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་མཛོད་གནས་ཉིད་ཡིན་པས་སོ།། བཅུ་བདུན་པ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ལམ་པོ་ཆེ་ལྟ་བུ་སྟེ། འཕགས ་པའི་གང་ཟག་ཐམས་ཅད་འགྲོ་བའི་རྗེས་སུ་འགྲོ་བས་སོ།། བཅཝོ་བརྒྱད་པ་ནི་ཞི་གནས་ཅན་དུ་གྱུར་པ་སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཏུ་མི་ལྟུང་བས ་བདེ་བར་ཡང་དག་པར་བགྲོད་པས་སོ།། བཅུ་དགུ་པ་བཟུངས་དང་སྤོབས་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུ་སྟེ། དཀོད་མའི་ཆུ་ནི་མི་ཟད་པའི་ཆུའི་རྒྱུན་ནོ།། ཆུའི་རྒྱུན་མི་ཟད་པ་འབབ་པ་དང་ཆོས་མཐུན་པས། ཐོས་པ་དང ་མ་ཐོས་པའི་ཆོས་ཀྱི་དོན་གཟུངས་མི་ཟད་པ་སྟོན་པ་འབྱུང་བའི་ཕྱིར་རོ།། ཉི་ཤུ་པ་ནི་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་ལོ།། ཆོས་ཐམས་ཅད་ནི་བདག ་མེད་པའོ།། མྱ་ངན་ལས་འདས་པ་ཞི་པའོ།། ཞེས་པ་འདི་ནི་ཆོས་ཀྱི་སྦྱིན་པ་བཞི་སྟེ་དེ་དང་ལྡན་པས་སྙན་པར་སྨྲ་བཱ་ལྟ་བུ་སྟེ། གྲོལ་བ་འདོད་པ་རྣམས་ཀྱི་མཉན་བྱ་སྙན་པ་ཡིན་པས་སོ།། ཉི་ཤུ་གཎྜཱིག་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཐོབ་པ། སཽ་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་དོང་བྱ་བ་མི་ཕྱེད་པས་བགྲོད་པ་གཅིག་པའི་ལམ་མོ།། དེ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུ་སྟེ། རང་གི་ངང་གིས་རྒྱུན་འབབ་པའི་ཕྱིར་རོ།། ཉི་ཤུ་གཉིས་པཱ་ནི། ཐབས ་ལ་མཁས་པ་དང་ལྡན་པ་དགའ་ལྡན་གནས་སུ་གནས་པ་ལ་སོགས་པ་དེ་དོང་ལྡན་པ་དང་ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ་སྟེ། སེམས་ཅན་གྱི་དོན་མ་ལུས་པ་ཀུན་ཏུ་རྫོགས་པ་བྱེད་པ་དེ་ནི་དེ་ལས་འཇུག་པའི་ཕྱིར་རོ།། སྤྲིན ་ལས་སྣོད་ཀྱི་འཇིག་རྟེན་ཕུན་སུམེ་ཚོགས་པ་བཞིན་ནོ།། དེ་རྣམས་ལ་དྲུག་པ་ལ་སོགས་པ་སེམས་སྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པའི་ལས་གྱི་རང་བཞིན་འཕགས་པོའི་ལམ་ཡན་ལག་བརྒྱད་དང་ལྗོན་པའོ།། འདི ་རྣམས་ལ་སེམས་སྐྱེད་པ་དང་པོ་དགུ་ནི་དྲི་མ་མེད་པའི་ལ་སོགས་པའི་ས་དགུ་རྣམས་སོ།། གཞན་སོམས་སྐྱེད་པ་དྲུག་ནི་ཆོས་ཀྱི་སྤྲིན་གྱི་སའི་གནས་སྐྱབས་ཁྱད་པར་ངོ་བོ་ཁྱད་པར་གྱི་ལམ་མོ།། ཁྱད་པར་གྱི་ལམ་གྱི ་མཐའ་མ་སེམས་སྐྱེད་པ་ཉི་ཤུ་པ་ནི་སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་མོ།། སེམས་སྐྱེད་པོ་ཉེར་གཅིག་པ་དང་ཉེར་གཉིས་པ་དག་ནི་དངོས་བཞི་དང་རྗེས་དག་གིས་ཀུན་ཏུ་བཟང་པོ་ཞེས་བྱ་བ་མིང་གཞན ་ཀུན་ཏུ་འོང་ཞེས་སངས་རྒྱས་ཀྱི་སའོ།། དེས་ན་འཇིག་རྟེན་མ་ལུས་པ་ལྔ་འདས་པ་མཐའ་མེད་པ་ངོ་བ་མཚར་བའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་བདག་ཉིད།། འཚམས་མེད་པའི་སེམས་ཅན་གྱི་ཚོགས་ལ ་ཕན་འདོགས་པར་བྱེད་པའི་སྙིང་རྗེའི་སྟོབས་ཆེན་གྱིས་ཡང་དགྲ་པར་བྱི་དོར་དྲི་མ་མེད་པར་བྱས་པའི་ནང་གི་བྱེད་པའི་མེ་ལོང་གི་ནང་དུ་ནམ་མཁའ་ཁྱབ་པའི་ཁམསྡེ་གསུམ་གྱི་འཇུག་པའི་མཐའི་བྱེ་བྲག་མ་ལུས་པའི་གཟུགས ་བརྙན་ཤར་བ། བློ་ན་མེད་པའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ནོར་བུ་མཉམ་པ་མེད་པའི་ཚོགས་ཀྱིས་ཡོངས་སུ་སྤྲས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུའི་མུ་ཏིག་གི་བརྒྱན་གྱིས་སྐུ་ལ་བརྒྱན་པོའི་སྟོན་པ་དེ་ལྟ་བུ་རྨད་དུ་བྱུང ་པབ་བསམ་གྱིས་མི་ཁྱབ་པའི་སྐུ་རྫོགས་པར་བྱ་བའི་ཆེད་དུ་རྩ་བ་རུས་ཤིང་བཙུགས་པ་ལྟ་བུ་བྱང་ཆུབ་ཀྱི་སེམས་སུ་ངེས་པར་རྟོག་པར་བྱའོ།། །། པཎྜི་ཏོ་ཆེན་པོ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས ་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལོ་བྱང་ཆུབ་ཏུ་སེམས་སྐྱེད་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་དྲུག་པའོ།། ། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ལམ་སྒོམས་པའི་རིམ་པ་བཤད་པར་བྱ་སྟེ། དཔེར་ན་རྒྱལ་རིགས་འགའ་ཞོག་རྒྱལ་པོ་འདོད་ཅིང་དེ་ལ་ཕན་པར་འདོད་པ་རྣམས་ཀྱིས་སྤྲོས་པར་བྱེད་པ་ན། དང་པོ་ཉིད་དུ་གོ་ཆ་གྱོན་ཏོ།། དེ་ནས ་རབ་ཏུ་གནས་ཏེ། གླང་པོ་ལ་སོགས་པའི་ཐེག་པ་ལ་ཀུན་ཏུ་གནས་སོ།། དེ་རྗེས་སུ་ཚོག་རྣམས་ཡང་དག་པར་སོག་གོ། དེ་ནས་མི་མཐུན་པའི་ཕྱོགས་ལས་རྒྱལ་ལོ།། ངེས་པར་འབྱུང་བའི་ས་རུ་ངེས་པར་འབྱུང་ངོ་།། རྒྱལ་པོ་ཐོབ ་པཱའོ།། དེའི་རྗེས་སུ་རང་དོན་བྱས་ཅིང་རྩེ་བ་དང་བཅས་པས་ཇི་ལྟར་རིགས་པར་སྐྱེ་བོ་རྣམས་ཡོངས་སུ་སྦྱོང་བར་བྱེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་ཡོད་པ་ཉིད་དུ་ལྷག་པར་མོས་པས་སྐྱེད་པའི་ཡང་དག་པར ་ཡིད་ཆེས་པ་དང་། ཡོན་ཏོན་དང་ལྡན་པ་ཉིད་དུ་ལྷག་པར་མོས་པའི་ཡང་དག་པར་ཐོབ་པའི་ཡིད་རབ་ཏུ་དང་པོ་དང་། ནུས་པ་ཉིད་དུ་ལྷག་པར་མོས་པས་ཐོབ་པའི་མངོན་པར་འདོད་པ་རྣམས་ཀྱི་དད་པ་དང་ལྡན་པ། ཆོས ་དབྱིངས་ཀྱི་རང་བཞིན།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས།། སྒྲུབ་པའི་རྟེན་དགེ་བ་རྣམས་བླང་བྱེ་ཡིན་པས་དང་། མི་དགེ་བ་རྣམས་སྣང་བྱ་ཡིན་པས་སྒྲུབ་པ་དགུ་གི་དམིགས་བཞིན་པ་ན། གཞན ་དོན་ཕྱིར་ཡང་དག་པར་རྫོགསྟྲ་པཥྚི་བྱང་ཆུབ་འདོད་པ། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བྱང་ཆུབ་ཀྱི་སྡོམས་ཉེར་གཉིས། རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲུབ་པའོ།། ཀུན་རྫོབ་དང་དོན་དམ ་བདེན་པ་ལས་མི་འདའ་ཞིང་མི་དམིགས་པའི་སྦྱོར་བས་འཇུག་པ་ཞེས་བསླབ་པ་ཐོབ་པ། སྒྲུབ་པ་དེའི་དམིགས་པའི་ངོ་བོ་བདེན་པ་མཁྱེན་པ། རྟེན་སྐྱབས་གསུམ་རིག་པ་ཁྱད་པར་རྟོགས་པ་ལ་མ་ཆགས་པ། ་མི་ལྡོག་པ་ཆེད་དུ་ཡོངས་སུ་ངལ་བུ་མེད་པ། ཕྱོགས་བཅུ་གཟིགས་པ་ཐོབ་པའོ།། དེ་ནས་དེ་ནི་ཐེག་པ་གཞན་དུ་མི་འགྲོ་བྱའི་ཆེད་དུ་སྒྲུབ་པའི་ལམ་ཡོངས་སུ་འཛིན་པར་ཡང་འགྱུར་རོ།། ་ཇི་ལྟར་རིགས་པར་སྤྱནྡ་ལྔ་དང་མངོན་པར་ཤེས་པ་དྲུག་དང་མཐོང་བ་དང་སྒོམ་པའི་ལམ་དང་འཕགས་པའི་ལམ་རྣམས་ཡང་དག་པར་བགྲོད་པའོ།། ཞེས་གདམས་པའི་རིམ་གྱིས་ཏིང་ངེ་འཛིན་དང་ཤེས་རབ ་ཐོབ་པ་རྣམས་འཕེལ་བའི་ཆེད་དུ་དང་མ་ཐོབ་པ་དེ་རྣམས་ཉིད་ཐོབ་པའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སྤྲོ་བར་བྱེད་བཞིན་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆའི་སྒྲུབ་པས་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལཱ ་ཕ་རོལ་ཏུ་ཕྱིན་པ་མ་ལུས་པ་ཉེ་བར་བཞག་པས་སྦྱིན་བྱ་ལ་སོགས་པ་མི་དམིགས་པའི་རྣམ་པ་ལ་སོགས་པ་གོ་ཆ་ཉིད་ཀྱིས་གོ་གྱོན་ཏེ། འདི་ལ་བར་དུ་གཅོད་པའི་མངའ་ཐམས་ཅད་ཀྱི་གླེགས་བྱེད་དོ།། དེའི ་རྗེས་སུ་གོ་ཚོ་བགོས་ནས་རྣམ་པ་ཐམས་ཅད་སྒོམ་པ་ལ་མངོན་པར་བརྩོན་པས་རབ་ཏུ་གནས་སོ།། བསམ་གཏན་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལ་རྣམ་པར་གནས་ཏེ། དེ་ནས་རྒྱུ་མཐར་ཐུག ་པ་ལྷག་པར་བགྲོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་སོག་གོ།། དེ་ནས་ངེས་པར་འབྱུང་བར་བྱ་བ་འབྲས་བུའི་ས་ལ་ཀུན་ཏུ་གནོན་ཅིང་ངེས་པར་འབྱུང་ངོ་།། རྡོ་རྗེ་ལྟ་བུ་ཞེས་བྱ་བར་ཆད་མེད ་པའི་ལམ་རྟོགས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་མཱ་ལུས་པ་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་རྣམས་སྤངས་པས་སངས་རྒྱས་ཀྱིས་ཀུན་ཏུ་བགྲོད་པའོ།། ཡང་དག་པའི ་མཐའ་མངོན་དུ་བྱས་པོས་བག་ཆགས་ཀྱི་འཚམས་སྦྱོར་བ་རྣམས་སྤོངས་པ་འབྲས་བུའི་རང་བཞིན་འཚམས་མེད་པའི་ཆོས་ཀྱི་རྒྱལྔ་པོ་ཐོབ་བོ།། དེའི་ཚེ་ཡང་འབྲས་བུ་མངོན་པར་རྟོག་པའི་ངོ་བོ་ཆོས་ཀྱི་སྐུ་མངོན་པར ་རྟོགས་པ་ཉིད་ཀྱི་བྱ་བ་བྱས་པས་བྱ་བ་མི་སྲིད་པའི་ཕྱིར་སྒྲུབ་པ་ནི་མེད་དོ།། སྒྲུབ་པ་ནི་བྱ་བ་ཡིན་ནོ།། དེའི་རྗེས་སུ་དམིགས་པ་མེད་པའི་སྙིང་རྗེའི་ཆེན་པོས་སྔོན་གྱི་སྨོན་ལམ་གྱིས་འཕངས་པ་ལས་དང་གདུལ་བྱའི ་བདེན་པའི་བསྟོད་ནོམས་ཀྱི་བདག་པོ་ལས་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་རྒྱུན་མ་ཆུད་པཱར་སེམས་ཅན་གྱི་རློན་ཕུན་སུམ་ཚོགས་པར་བྱེད་དོ།། དེས་ནི་མཐོང་བའི་ལམ་གྱི་བརྒྱུད་པའི་སྦྱོར་བའི་ལོམ ་གྱི་རང་བཞིན་ནི་ཚོགས་ཀྱི་སྲ་སྟེ་གོ་ཆའི་སྒྲུབ་པའོ།། དངོས་ཀྱི་སྦྱོར་བའི་ལམ་གྱི་རང་བཞིན་ནི་མྱོས་པས་སྦྱོང་བའི་ས་སྟེ་འཇུག་པའི་སྒྲུབ་པོའོ།། ཆོས་མཆོག་རབ་ཀྱི་རང་བཞིན་ནི་ཚོགས་ཀྱི་སྒྲུབ་པའོ།། ་མཐོང་བའི་ལམ་གྱི་རང་བཞིན་རབ་ཏུ་དགའ་བའི་ས་ནི་ཚོགས་ཀྱི་སྒྲུབ་པའོ།། སྒོམ་པའི་ལམ་གྱི་རང་བཞིན་རབ་ཏུ་དགའ་བའི་ས་ནི་ཚོགས་ཀྱི་སྒྲུབ་པའོ།། སྒོམ་པའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱི ་ལམ་གྱི་གནས་སྐབས་ཁྱད་པར་སྒོམ་པའི་ལམ་རང་བཞིན་གཉེན་པོ་ནི་ཚོགས་ཀྱི་སྒྲུབ་པའོ།། སྒོམ་པའི་ལམ་གྱིས་བྱིན་གྱིས་བརླབས་ཀྱིས་ངེས་པར་འབྱུང་བར་བྱ་བའི་དངོས་པོ་ལ་ཁྱད་པར ་གྱི་ལམ་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་སེམས་ཀྱི་བར་དུ་སྒོམ་པའི་ལམ་གྱི་རང་བཞིན་ངེས་པར་འབྱུང་བའི་སྒྲུབ་པའོ།། སེམས་བསྐྱེད་པ་མཐའ་མ་གཉིས་ཀྱི་བདག་ཉིད་འབྲས་བུའི་ངོ་བོ་སངས་རྒྱས་ཀྱི་སའི་རང་བཞིན་ནི ་ངེས་པར་འབྱུང་བའི་སྒྲུབ་པ་སྟེ། ངེས་པར་འབྱུང་བ་ལམ་གྱི་སྤྱོད་ཡུལ་ལོ་ཞེས་གསུངས་པའི་ཕྱིར་རོ།། ཡང་འཕགས་པ་ཐོགས་མེད་ཞབས་ཀྱིས་གསུངས་པ། དེ་ལ་གོ་ཆའི་སྒྲུབ་པ་དང་འཇུག་པའི་སྒྲུབ་པ་དག་གི ་གྲངས་བཞིན་དུ་བརྒྱུད་པ་དང་དངོས་ཀྱི་སྦྱོར་བའི་རང་བཞིན་ཆོ་གོས་དང་མོས་པས་སྤྱོད་པའི་ས་དག་གིས་བསྡུས་པའོ།། དངོས་ཀྱི་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་རབ་ཀྱིས་བསྡུས་པ་ནི་ཚོགས་ཀྱི་སྒྲུབ་པའོ།། ་མཐོང་བའི་ལམ་གྱི་བདག་ཉིད་རབ་ཏུ་དགའ་བའི་སའི་རང་བཞིན་ཚོགས་ཀྱི་སྒྲུབ་པའོ།། ས་གཉིས་པ་ལ་སོགས་པའི་རང་བཞིན་གཉེན་པོའི་བདག་ཉིད་ནའང་ཚོགས་ཀྱི་སྒྲུབ་པ་ཉིད་དོ།། ལམ་གཉིས་སྤྱོད་ཡུལ་ལམ་ངེས ་པར་འབྱུང་བའི་སྒྲུབ་པ་སྟེ་སྒོམ་པའི་ལམ་བྱིན་བརླབས་ཀྱིས་སོ་ཞེས་སོ།། ཞར་ལ་བྱུང་བ་སྟེ་བཞག་གོ།། སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དེ་ནི་བྱང་ཆུབ་ཕྱོགས་ཀྱི་རྣམ་པས་ཡོངས་སུ ་བསྐོར་ཏེ་སྒོམ་པར་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔས་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ནང་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྗེས་སུ ་འགྲོ་བའི་སྒོ་ནུས་བསྒོམ་པར་བྱའོ།། དེ་ཉིད་ཀྱིས་ན་བྱང་ཆུབ་ནི་ཐམས་ཅད་མཁྱེན་པ་སྟེ་ཕྱོགས་ནི་རྗེས་སུ་མཐུན་པར་གྱུར་པའོ།། སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཇི་སྐད་དུ་གསུངས་ཏེ། ཤཱ་རིའི་བུ་བཅོམ་ལྡན་འདས་མ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མྱོ་ལ་གནས་པས་དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་ཆུབ་པར་བྱའོ་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ་ནང་དང་ཕྱི་རོལ་གྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ལུས་ལ་སོགས་པ ་རྗེས་སུ་ལྟ་ཞིང་ཞིང་གནས་སོ།། ལུས་ལ་སོགས་པ་དང་ལྡན་པའི་རྣམ་པར་རྟོག་པར་བྱེད་པ་ནི་མ་ཡིན་ནོ།། འདི་ནི་ལུས་པོ་བདག་གི་ལུས་པོ་རྟོག་གོ་མི་རྟག་གོ་བདེ་བའོ་སྡུག་བསྔལ་ལོ་ཞེས་པ་ལ་སོགས་པ་རྣམས་མི་དམིགས ་པའི་སྦྱོར་བས་སོ།། མི་དམིགས་པ་ལྡོག་པའི་སྒོ་ནས་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་སྒོམ་པར་བྱེད་དོ།། དེ་ཡང་། ཉན་ཐོས་ཀྱི་ཐེག་པ་པ་དེ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་ཉིད་ཀྱིས་དམིགས་སོ།། བྱང་ཆུབ་སེམས ་དཔའི་ཐེག་པ་པ་ནིབང་དེ་རྣམས་ཉིད་མི་དམིགས་པའི་སྦྱོར་བས་དམིགས་ཏེ། དེ་ཉིད་ཀྱི་མི་རྟོག་པ་ལ་སོགས་པའི་རྣམ་པ་སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཅན་དུ་འགྱུར་རོ་ཞེས་ཆོས་ཉིད་མངོན་དུ ་གྱུར་པས་ཉན་ཐོས་ཀྱི་ལམ་ཡང་གོམས་པ་ཡིན་ནོ་ཞེས་སོ།། ད་ནི་དེ་བཞིན་དུ་སེམས་སྐྱེད་པ་དང་པོ་གསུམ་གྱིས་གྲངས་བཞིན་དུ་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པའི་སྤོང་བ་བཞི་དང་རྫུ ་འཕྲུལ་རྐང་པ་བཞི་རྣམས་བསྡུས་པའོ།། དེ་ནི་འདི་ལྟར་ཚོགས་ཀྱི་ས་རུ་དགེ་བའི་སེམས་ཀྱི་ངད་པ་ལ་སོགས་པ་ཡོངས་སུ་གོམས་པ་ཉིད་བྱང་ཆུབ་སེམས་ཡང་དག་པར་ལེན་པ་དང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ ་དགེ་བ་བསགས་པ་དང་ལྡན་པ་བསོད་ནམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་དེས་ཡེ་ཤེས་ཀྱི་ཚོགས་གྲུབ་པའི་དོན་དུ་བསྐུལ་པ་གྲངས་མེད་པ་ལས་འདས་པས་སོ།། བརྟན་པའི་མངོན་ཤེས་གདམ་ངག་གིས།། སྤྱོད་པའི ་ས་ལ་རབ་གནས་ཉིད།། ཞེས་སོ།། སེམས་བསྐྱེད་པ་བཞི་པ་ནི་མོས་པས་སྤྱོད་པའི་ས། སྦྱོར་བའི་ལམ། འཇིག་རྟེན་པའི་སྒོམ་པའི་རང་བཞིན། ཟག་པ་དང་བཅས་པའི་སྒོམ་པའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན ་པའི་དགེ་བའི་རྩ་བ་དབང་པོ་དང་སྟོབས་ཀྱི་བདག་ཉིད་འཇུག་པའི་སྒྲུབ་པར་རྣམ་པར་བཞག་གོ།། དེ་ལ་ལྷག་པར་མོས་པ་ནི་ངང་པ་ལ་སོགས་པའི་དབང་པོ་ལྔ་དམིགས་པའི་ཡོན་ཏན་འཛིན་པ་དང་གཞན་དང་མ་འབྲེལ ་བའི་གདམས་པ་དང་རྗེས་སུ་བསྟན་པ་ཡོངས་སུ་དག་པ་སྟེ། མཐར་ཕྱིན་པ་འའང་ཉིད་ཡང་དག་པའི་སྒྲུབ་པ་ཉིད་ཀྱིས་མོས་པ་བརྟན་པའི་ཕྱིར་རོ།། མཁྱེན་པ་གསུམ་གྱི་ཚུ་རོལ་དུ་བུད་ཤིང་གཞན་ཁྱད་པར་གྱི་མེ ་གྲོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཁྱད་པར་དུ་འཕགས་པའི་རྩོམ་པ་ནི་སྦྱོར་བའོ།། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་སྐྱེ་བར་འགྱུར་རོ།། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་ཏེ། འདིར་བྱང་ཆུབ ་སེམས་དཔའ་སྦྱིན་པ་ལ་སོགས་པའི་དགེ་བ་ཡང་དག་པཱ་ལཱ་བྷཱུ་འགྱུར་ཞིང་། ཉོན་མོངས་པའང་ཀུན་ཏུ་སྤྱོད་དོ།། འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་ཆུང་ངུ་དང་འབྲིང་དང་རབ་དང་རབ་ཀྱི་རབ་རྣམས་ཀྱི་མོས་པ་ལ་འཇུག་བཞིན་པ ་ན་ན་ཞེས་སོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཞེས་གསལ་བའི་དབྱེ་བས་མང་པོའི་ཚིག་གིས་ཀྱང་རྒྱས་པར་བསྟན་ཏེ། འདི་ལྟ་སྟེ། དྲོད་རྣམས་དང་། རྩེ་མོ་རྣམས་དང་། བཟོད་པ་རྣམས་དང་། ཆོས་མཆོག་རྣམས ་ཞེས་སོ།། ཡང་ག་ཏ་དང་བི་དྷ་དང་པྲཱ་ཀཱ་རཱ་རྣམས་དོན་གཅིག་པས་ཞེས་པ་ཏོན་ཛ་ལི་ལས་གསུངས་པའི་ཕྱིར་རོ།། ཁ་ཅིག་ཏུ་ག་ཧ་ཞེས་པ་སྤྱི་བརྗོད་པ་སྟེ། འདི་ལྟ་སྟེ། དྲོད་ཀྱི་རྣམ་པ་དང་། རྩེ་མོའི་རྣམ་པ་དང་། བཟོད ་པའི་རྣམ་པ་དང་། ཆོས་མཆོག་གི་རྣམ་པ་ཞེས་སོ།། དེ་ནི་ངེས་པར་འབྱེད་པའི་ཡན་ལག་ནི་ཡང་ངོ་།། འདི་ལྟ་སྟེ། ངེས་པས་འབྱེད་པ་ནི་ངེས་འབྱེད་དེ་མཐའ་ཅིག་ཏུ་ངེས་པའོ།། དེའི་ཡན་ལག་གོ་ཞེས་དབྱེ་བ་བཞི་སྟེ། ་འདི་ལྟ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་ནི་དྲོང་ངོ་།། འབྲིང་ནི་རྩེ་མོའིའོ།། རབ་ནི་བཟོད་པའོ།། རབ་ཀྱི་རབ་ནི་ཆོས་མཆོག་གོ།། ཞེས་སོ།། དེ་ལ་གཙུབ་ཤིང་བཙུབས་པའི་མེ་བཞིན་དུ་འཇིག་རྟོན་ལས ་འདས་པའི་ཡེ་ཤེས་ཀྱི་མེའི་སྔོན་གྱི་མཚན་མ་ཡིན་པས་དྲོང་ངོ་།། གཡོ་བའི་དགེ་བའི་རྩ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ།། འཇིག་རྟེན་པའི་ཆོས་མཆོག་བཟོད་པའི་ཕྱིར་བཟོད་པའོ།། འཇིག ་རྟེན་པའི་ཆོ་སྣ་ཐམས་ཅད་ཀྱི་མཆོག་ཡིན་པས་ཆོས་མཆོག་གྲོ་ཞེས་སོ།། ཡང་དྲོད་ལ་སོགས་པ་རྣམས་སོ་སོར་ཆུང་ངུ་འབྲིང་རབ་ཀྱི་དབྱེ་བ་བཅུ་གཉིས་སོ།། དྲོད་ལ་སོགས་པ་འདི་ནི་བྱང་ཆུབ་གསུམ་ཐོབ་པའི་རྒྱུ་ཡིན་ཏེ། ་གང་ཟག་ཁ་ཅིག་རིགས་ལ་སོགས་པའི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཐོབ་པའི་ཡང་ཕྱིར་རོ།། ཉན་ཐོས་དང་རང་རྒྱལ་ཐེག་པ་པ་དག་གི་དྲོད་ལ་སོགས་པ་ནི་མཆོག་གི་བྱང་ཆུབ་ནམ་ཡང་ཐོབ་པར་བྱེད་པ་མ་ཡིན ་ནོ། དེ་ལ་དྲོད་གསུམ་ལ་རིམ་པ་བཞིན་དུ་ཆུང་ངུ་འབྲིང་ཆེན་པོའི་མོས་པའི་རང་བཞིན་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་དགུ་སྟེ་རང་དོན་ནོ།། གང་གིས་རང་དོན་ཉིད་ཕུན་སུམ་ཚོགས་པའོ།། གཞན་དོན ་ནི་ཆེད་དུ་བྱ་བའི་ཚུལ་གྱིས་སོ།། རྩེ་མོ་གསུམ་ལ་ཇི་ལྟར་རང་བཞིན་ལ་དེ་བཞིན་དུ་མོས་པ་དགུ་སྟེ། རང་དང་གཞན་དོན་ནོ།། འདིར་སྦྱོར་བ་བཻར་ཆོད་བཅད་པའོ།། བཟོད་པ་གསུམ་ལ་ཇི་ལྟར་རང་བཞིན་ལ་དེ ་ལྟར་མོས་པ་དགུ་སྟེ་གཞན་དོན་ནོ།། འདིར་བར་ཆད་མེད་པའི་སྦྱོར་བའོ།། གང་ལས་འདིས་གཞན་ངན་ཉིད་ཀྱི་དོན་དུ་འགྱུར་པ་ན། རང་གི་དོན་ནི་འགག་པ་མ་ཡིན་ཏེ། གཞན་དོན་དང་མི་འགལ་བས ་རང་དོན་འགྲུབ་པས་སོ།། དེ་ལྟར་མོས་པ་ཉེར་བདུན་སྒོམ་པར་བྱེད་པ་བྱང་ཆུབ་སེམས་དཔའ་སྤྲོ་བར་བྱ་བའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་བསྟོད་པ་བཀུར་བ་བསྔགས་པ་བྱེད་བཞིན་པ་རྣམས་རིམ་པ ་བཞིན་དུ་དེ་བཞིན་དུ་ཉི་ཤུ་ཉེར་བདུན་ནོ།། ཆོས་མཆོག་ལ་མོས་པ་ཐམས་ཅད་རབ་ཏུ་གྱུར་པའི་རང་བཞིན་གྱི་ཆུང་ངུའི་རྣམ་པ་ལ་མོས་པ་ཐམས་ཅད་ཡིད་ལ་བྱེད་པས་མངོན་པར་འདུས་བྱས་པའི་བསོད་རྣམས་ནི་བདེན ་པ་གཉིས་ལ་མི་འདའ་བྱས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་ན་བྱང་ཆུབ་སེམས་དཔའ་ཁས་ལེན་པར་བྱེད་དོ།། འབྲིང་པོའི་རྣམ་པ་ལ་རང་གིས་ཡོངས་སུ་བསྔོས་པའི་བསོད་ནམས ་མངོན་པར་འཕེལ་བའི་དོན་དུ་ཀུན་རྫོབ་དུ་དགེ་བའི་རྩ་བ་ཉེ་བར་དམྱིགས་ཏེ་ཡིད་རབྱེ་བའི་སེམས་དང་། དོན་དམ་པར་མི་དམིགས་པས་རྗེས་སུ་ཡིད་རང་བར་བྱེད་པ་ན་རང་གཞན་བསོད་ནམས་བྱ་བ་མཉམ་པ་ཉིད་དུ་ཐོབ ་བོ།། འགའ་ཞིག་གི་ཚེ་རྗེས་སུ་ཡིད་རཏྣ་བ་སྔོན་དུ་འགྲོ་བས་ཀྱང་ཡོངས་སུ་བསྔོ་བའོ།། ཞེས་འདི་དགུ་ལ་རིམ་པ་ནི་ངེས་པ་མེད་དོ།། ཡོངས་སུ་བསྔོ་བ་དང་སུ་སུ་ཡིད་རང་བ་འདི་དག་ནི་འདུན་པ་དང་ལྡན་པའི་སེམས ་བསྐྱེད་པ་ལ་སོགས་པ་ལ་ཡོད་མོད་ཀྱི། འོན་ཀྱང་འདིར་དེ་ལ་ལྟོས་ནས་དེ་མཆོག་ཏུ་འགྱུར་རོ་ཞེས་རྣམ་པར་བཞག་པར་བྱའོ།། རབ་ཀྱི་རྣམ་པ་ནི་མོས་པ་ཐམས་ཅད་རབ་ཀྱི་མཐར་ཕྱིན་པའི་རང་བཞིན་ནས ་བཟུང་སྟེ། རང་སེམས་དབང་དུ་བྱས་པའི་ཕྱིར་བདག་དང་བདག་གི་དགུ་ནུས་པ་མེད་པས་དུལ་བའི་སེམས། དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལ་བདག་དང་བདག་གཽ་ང་རྒྱལ ་འབྱོན་པོ་མེད་པས་རང་གཞན་གྱི་ཉོན་མོངས་པ་ཟིལ་གྱིས་མནོན་པ་བདུད་ལ་སོགས་པས་བྱས་པའི་ཉེ་བར་འཚོལ་བའི་ཡུལ་མ་ཡིན་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་རུང་བ། རང་གི་རྟེན་ཡུལ ་མཆོད་བྱ་ཉིད་དུ་བྱེད་དོ།། ཞེས་པ་ནི་དྲོང་ལ་སོགས་པའི་བྱེད་པ་རྣམ་པར་བཞག་པའོ།། དེ་ཉིད་ཀྱིས་དྲོད་ལ་སོགས་པ་རྣམས་མོས་པ་བརྟན་པས་དང་ཡོན་ཏན་གྱི་གཞིར་གྱུར་པས་མོས་པས་སྤྱོད་པའི་ས་ཞེས་བརྗེད ་དོ།། དེ་ཡང་མཉམ་པར་བཞགས་བཞག་པའི་སེམས་ཆོས་ཐམས་ཅད་བདག་མེད་པ་སྒོམ་པར་བྱེད་པ་ན། དོན་ཐ་དད་དུ་གྱུར་པ་མངོན་པར་ཞེན་པ་མེད་པས་ཤེས་པའི་སྣང་བ་ཅུང་ཟད་གསལ་བས་ཡིད ་ཙམ་ཉིད་དུ་མཐོང་ངོ་།། དེའི་ཚེ་འདི་ནཱི་དྲོད་ཀྱི་རྣམ་པའི་གནས་སྐབས་སོ།། དེ་ཉིད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བརྗོད་དོ།། དེའི་རྗེས་སུ་ཤེས་པའི་སྣང་བ་འབྲིང་དུ་གསལ་བ་ནི་རྩེ་མོའི་གནས་སྐབས ་སོ།། དེ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ནོ།། གང་གི་ཚེ་སེམས་ཙམ་དུ་རྣམ་པར་གནས་པས་ཕྱི་རོལ་གྱི་དོན་མངོན་པར་ཞེན་པ་མེད་པ་ཤེས་པའི་སྣང་བ་ཆེས་གསལ་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས ་སྐབས་སོ།། དེ་ནཱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་ཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ།། གང་གི་ཚེ་ཡང་དོན་འཛིན་པར་བྱུང་བའི་གཡེང་བ་མི་སྣང་བ་འི་ཤེས་པའི་གསལ་བ་རྫོགས་པ་རྔའི་ཚེ་འཇིགརྟེརྣཆོས་མཆོག ་གནས་སྐབས་སོ།། དེ་ཉིད་བར་ཆད་མང་པོའི་ཏིང་ངེ་འཛིན་ནོ།། དེ་མ་ཐག་ཏུ་མཐོང་བའི་ལམ་གྱི་སྐད་ཅིག་མ་ཆེས་ཐམས་ཅད་བདག་མེད་པ་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་དངོས་ཀྱི་གཉེན་པའོ།། དེས་ན་སྐད་ཅིག། ་དེཉིད་ལ་མཐོང་བསྣ་སྡང་བྱ་ཐམས་ཅད་སྤོང་བར་བྱེད་དོ།། མདོ་སྡེ་རྒྱན་ལས་གསུངས་ཏེ། དྲོད་ཀྱི་རྣམ་པཱ་ལ་སོགས་པ་དང་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་རྣམས་ནི་བཤད་ཟིན་ཏོ།། དེ་ལས་ཕྱི་རོ་ལྔ་ནས ་མཐོང་བའི་ལཱམ་གྱི་གླནས་སྐབས་སོ།། གཉིས་རྣམ་པར་གྲོལ་བའི་ཤེས་པ་སྟེ། གཟུང་བྱ་དང་འཛིན་བྱེད་མི་ལྡན་པའི་ཕྱིར་རོ།། རྣམ་པར་མི་རྟོག་པ་སྟེ། གཟུང་བྱ་དང་འཛིན་བྱེད་རྣམ་པར་རྟོག་མི་ལྡན ་པའི་ཕྱིར། དྷི་མཱ་དང་མི་ལྡན་ཏེ་མཐོང་བས་སྤང་བྱ་སྤངས་པའི་ཕྱིར་རོ།། དེ་ནི་འདི་རྟེན་ཡོངས་སུ་གྱུར་པོ།། ས་ནི་དང་པོ་དག་དུ་འདོང་།། གོ་ཞལ་མེད་དྲང་དོན་ཐམས་ཅད་ཀྱིས།། ཤིན་ཏུ་རྣམ་དག་དུ་ངེས་འགྲོའོ།། ཞེས་སོ།། དེས ་ན་དྲོད་དང་རྩེ་མོའི་རྣམ་པ་དག་དད་པ་ལ་སོགས་པ་དབང་པོ་ལྔའི་བདག་ཉིད་དུའོ།། བཟོད་པ་དང་ཆོས་མཆོག་དག་དད་པ་ལ་སོགས་པ་སྟོབས་ལྔའི་བདག་ཉིད་དོ་ཞེས་དྲོད་ལ་སོགས་པ་རྣམས་དབང་པོ་དང་སྟོབས་ཀྱི་བདག་ཉིད ་དུ་གྲུབ་བོ།། འཇུག་པའི་སྒྲུབ་པ་ཉིད་ཀྱང་ངོ་།། དེ་རྣམས་ནི་སྔོན་དུ་བཤད་དོ།། འཇུག་པའི་སྒྲུབ་པ་དེ་འདྲ། ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་གནས་པའོ།། ཐེག་པ་ཉ་དང ་པོ་གནས་པ་འམ་གནས་པ་དག་འཇུག་པ་ཞེས་པ་དོན་གཅིགས་པས་མིང་གཅིག་ཉིད་དོ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་སོ།། བཅོམ་ལྡན་འདས་མ་ཡིས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་ཚིག་གཉིས་ནི། འཇུག་པའི་སྒྲུབ་པས་རྒྱུ་དང་འབྲས་བུའི་བདག་ཉིད་ཐེག་པ་ཆེན་པོའི་ཆོས་ལ་ཡང་དག་པར་ཞུགས་པའོ།། ཕྱི་ནས་གོང་ནས་གང་དུ་ཁྱད་པར་ལྷག་པར ་རྟོགས་པས་ཡང་དག་པར་གནས་པའོ་ཞེས་སོ།། སློབ་དཔོན་དབྱིགས་གཉེན་ཡང་གསུངས་ཏེ། འཇུག་པའི་སྒྲས་འགྲོ་བར་རྩོམ་པ་དང་། ཐེག་པ་ལ་གནས་པ་དང་། བགྲོད་པ་རྣམས་རིམ་པ་བཞིན་དུ། མོས་པས ་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་ལ་སོགས་པས་བདུན་དང་། མི་གཡོ་བ་ལ་སོགས་པའི་ས་གསུམ་རྣམས་ལ་བརྗོད་པར་བྱའོ་ཞེས་སོ།། དེས་ན་དང་པོ་མྱོས་པས་སྤྱོད་པའི་ས་ལ་ལྷག་པར་མྱོས་པའོ།། རབ་ཏུ་དགའ ་བོ་ལ་སོགས་པའི་ས་བདུན་ལ་རྩོལ་བས་བགྲོད་པའོ།། བརྒྱད་པ་ལ་སོགས་པའི་ས་གསུམ་ལ་ཅི་ཞེ་ན།། རྩོལ་བ་མེད་པས་སོ།། ཐེག་པ་ཉིད་ཀྱིས་འདིའི་བགྲོང་པོ་སྒྲུབ་པ་སྟེ། ཤིན་ཏུ་བཟོད་པའི་ཤིང་རྟ་བཞིན་ནོ།། ་དེས་ན་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་འཇུག་པའི་སྒྲུབ་པས་ལམ་གྱི་རང་བཞིན་ཐེག་པ་ཆེན་པོ་ལ་གནས་སོ།། དེ་ལ་ལམ་གྱི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྟེ། ལམ་གྱི་བདེན་པའི་སྐབས་སུ་རྒྱས་པར ་བཤད་ཟིན་ཏོ།། དེ་ལས་རྟོགས་པར་བྱའོ།། ཆོགས་ཀྱི་སྒྲུབ་པ་ནི་འཇིག་རྟེན་ཆོས་མཆོག་ནས་བརྩམས་ཏེ་རྣམ་པར་བཞག་གོ། འདིས་བྱང་ཆུབོ་ཆེན་པོ་རྩིགས་པར་བྱེད་པ་འམ་ལྕི་བ་ཉིད་ཀྱིས་སམ། འགྲེངས་པར་བྱེད ་པས་ཚོགས་སོ།། ཚོགས་པས་ཚོགས་ཏེ། རྣམ་པ་ཐམས་ཅད་དུ་འཚོགས་པའི་ཕྱིར་རོ།། ཚོགས་དེའང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདི་ལྟར། བསྟོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ།། གང་གི ་རྒྱུ་ཡང་སྟོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཀྱང་། དེ་བཞིན་དུ་ཡོང་འདི་ནས་བཟུང་སྟེ་ཁྱད་པར་གྱིས་ཞེས་རྣམ་པར་བཞག་གོ། རྒྱས་པར་ནི་ཚོགས་རྣམ་པ་བཅུ་བདུན་ཏེ། བདེ་ལྟེ་སྟེ། དམྱལ་བ་བ་དང ་ཡཾཡི་དྲཱགས་དང་དུདུ་འགྲོ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང་། སངས་རྒྱས་དང་བཅོས་པོའི་ལྷ་དང་མི་དག་ཏུ་སྐྱེ་བ་ནི་སྙིང་རྗེའི་ཚོགས་སོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་པ། ཚུལ་ཁྲིམས་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། བསམ་གཏོན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཞི་གནས་དང་ལྷག་མཐོང་དུ་ཟུང་དུ་འབྲེལ་བའི་ཚོགས་དང་། གང་ལ་ཡང་མི་དམིགས་པའི་སྦྱོར་བ་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་། གཞན་དག་དེ་ལ་ཡང་དག་པར་འཇོག་པ་དེ་ནི་ཐབས་ལ་མཁས་པའི་ཚོགས་སོ།། གང་སྟོང་པ་ཉིད་ཉི་ཤུ་རྣམས་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཀྱི ་རྫོགས་སོ།། དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་ནམ་མཁའི་མཛོད་དང་། སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བསོད་ནམས་ཀྱི་ཚོགས་སོ།། བྱང་ཆུབ་ཕྱོགས་རྣམ་པར་ཐར་པ་སྙོམས་པར་འཇུག་པ ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཟད་པར་ལོ་སོགས་པ་ལམ་རྣམ་པ་མང་པོ་ནི་ལམ་གྱི་ཚོགས་སོ།། ཨ་ར་པ་ཙན་ལ་སོགས་པའི་ཡི་གེ་རྣམས་ལ་དེའི་དོན་དེ་བཞིན་ཉིད་ངོ་མིགས་ནས་སྒོསྟེ་པར་བྱེད་ཅིང་སྒོམ་པ་ཡོངས་སུ་རྫོགས ་པ་དག། ཡི་གེ་དེའི་དོན་ལ་བཟོད་པ་སྐྱེས་པ་དེ་ནི་བཟོང་པོ་གཟུངས་དང་།། གཟུངས་དང་ལྡན་པའི་བློ་འམའོ།། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྟན་པའི་ཕུང་པོ་འཛིན་པོའི་རྒྱུ་དྲན་པ་དང་ཤེས་རབ་དག ་གཅིག་ཏུ་བྱས་པ་དེ་ནི་ཆོས་ཀྱི་གཟུངས་སོ།། དེའི་དོན་འཛིན་པའི་རྒྱུ་དྲན་པ་དང་ཤེས་རབ་དག་གཅིག་ཏུ་བྱས་པ་དེ་ནི་དོན་གྱི་གཟུངས་སོ།། སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་སྒྱུ་མ་ལྟ་བུ་གསང་སྔགས་སྨྲ་བ་ལ ་དབང་དུ་གྱུར་པ་དེ་ནི་གསང་སྔགས་ཀྱི་གཟུངས།། གཟུངས་བཞི་པོ་དེ་ནི་གཟུངས་ཀྱི་ཚོགས་སོ།། རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ནི་སའི་ཚོགས་སྷོ།། གཞན་དག་ལ་ཡོངས་རྒྱས་བྱད་པའི་སསུ་བྱས ་ནིས་ཡོཾ་ཚོགས་ཞེས་བརྗོད་ཟེར་རོ།། མཐོང་བའི་ལྷམ་ལ། དེ་བཞིན་ཉིད་ལ་སོགས་པ་དང་གཟུགས་ལ་སོགས་པ་དང་རྨི་ལོམ་ལ་སོགས་པ་གཟུང་བྱ་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་གཟུང་བའི་རྟོག་པའོ།། དེ་རྣམས ་རང་བཞིན་སྟོང་པ་ཉིད་རྟོགས་པ་གཉེན་པོ་དང་། སྦྱིན་པ་བསོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་གཉེན་པོའི་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་གཟུང་བའི་རྣམ་རྟོག་གོ།། དེ་རྣམས་རང་བཞིན་སྟོང་པ་ཉིད་ཡིན ་པའི་ཕྱིར་མི་དམིགས་པ་གཉེན་པོའོ།། དགྲ་བྱཅོམ་པ་ལ་སོགས་པ་གང་ཟག་གདྷཱ་ས་ལ་ཉེ་བར་དམིགས་པ་ནི་འཛིན་པའི་རྣམ་པར་རྟོག་པའོ།། དེ་བཞིན་དུ་མི་དམིགས་པ་གཞན་པའོ།། མིང་དང་བརྡའ་དང་ཐཱ་སྙད་ལ་སྩོགས་པ ་ཉེབར་དམིགས་པ་ནི་འཛིན་པའི་རྣམ་རྟོག་གོ།། དེ་བཞིན་དུ་མྱི་དམྱིགས་པ་གཉེན་པོའོ།། སྒོམ་པའི་ལམ་ལ། ཆོས་ཐམས་ཅད་ལ་མི་གནས་པའི་སྦྱོར་བས་གནས་པ་མ་ཡིན་མི་གནས་པ་མ་ཡིན་གཟུང་བའི་དངོས་པོ་རྣམས་མ ་དམིགས་པ་གཉེན་པོ་དང་། སྦྱིན་པ་ལ་སོགས་པ་གཉེན་པོའི་དངོས་པོ་རྣམས་མི་དམིགས་པ་གཉེན་པོ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་གི་རྫས་རྣམས་མི་དམིགས་པ་གཉེན་པོ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པ ་གང་ཟག་བཏགས་པའི་རྟེན་རྣམས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་མྱི་དམིགས་པ་གཉེན་པོ་དང་། གཉེན་པོ་བརྒྱད་པོ་དེ་རྣམས་ནི་གཉེན་པོའི་ཚོགས་སོ།། སེམས་བསྐྱེད་པ ་བཞི་པོ་དེ་རྣམས་ནི་བརྡར་བཏགས་པ་ཀུན་རྫོབ་པ་འཇིག་རྟེན་པའོ།། དེ་ལ་སེམས་བསྐྱེད་པ་ལྔ་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ། སྡུག་བསྔལ་ལ་ཆོས་ཤེས་པ་རྣམས་སོ།། དེ་བཞིན་དུ་ཀུན་འབྱུང་འགོག་པ ་ལམ་ཞེས་བདེན་པ་བཞི་དམིགས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད། ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་དུ་བྱས་པས་ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ།། རབ་ཏུ་དགའ་བོའི་ས་སོ།། རབ་ཏུ་དགའ་བྲིས་དེའི ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་སྒོམ་པའི་སྟོབས་རྫོགས་པ་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་རང་གི་ངོ་བོ་མངོན་དུ་བྱེད་པ་ཟག་པ་མེད་པའི་ཤེས་པ་སྐྱེ་བའོ།། ཆ་ཤས་མེད་པ་མངོན་སུམ་པ་གཅིག ་ནི་རང་འགྱུར་ཏེ། ཚད་མ་རྣམས་ཀྱིས་བརྟག་བྱ་གང་། མ་མཐོང་ཆ་གཞན་ཅི་ཞིག་ཡོད། ཞེས་པའི་རིགས་པ་ལས་སོ།། དེས་ན་མཐོང་བའི་ལམ་གྱི་རང་བཞིན་ནི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་གོ།། དེ་སྐད་དུ ་ཡང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལས་གསུངས་ཏེ། འཇམ་དཔལ་འཕགས་པའི་བདེན་པ་བཞི་ཇི་ལྟ་བུ་ཞེ་ན། ལྷའི་བུ་འདིར་གང་གིས་འདུ་བྱེད་ཐམས་ཅད་རང་བཞིན་མ ་སྐྱེས་པ་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཉིད་དོ།། གང་གི་མོ་ཐམས་ཅད་ཤིན་ཏུ་ཡང་དག་མ་ཆད་པ་མཐོང་བ་དེའི་ཀུན་འབྱུང་རབ་ཏུ་སྤངས་པའོ།། གང་གིས་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས ་འདས་པ་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པའོ།། གང་གིས་ཆོས་ཐམས་ཅད་ཤིན་ཏུ་སྟོང་པ་མཐོང་བ་དེས་ནི་ལམ་སྒོམ་པ་བྱས་པ་སྟེ། རང་གི་ངོ་བོ་ཡིས་མ་སྐྱེས་པའི་ཕྱིར་རོ།། འདིས་ནི་བདེན་པ་གཞིའི་རྣམ་པ་ཐམས ་ཅད་ཀྱིས་རང་གི་ངོ་བོ་དེ་ཁོ་ན་ཉིད་ནི་སྟོང་པོ་ཉིད་ཁོ་ན་ཞེས་གསུངས་པའོ།། དེའང་མངོན་པར་རྟོགས་པ་བྱེད་བཞིན་པ་ནི་ལན་ཅིག་ཉིད་སྦྱོར་བ་སྟེ། རིམ་གྱིས་མ་ཡིན་ཏོ།། སྟོང་པ་ཉིད་དེ་ལ་ཆ་ཤས་མེད་པའི་ཕྱིརོ།། ས་ལུ་ལྡང་བའི་མདོ ་ལས་གསུངས་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་ཆོས་མཐོང་བའོ།། ཆོས་ཀྱི་རང་བཞིན་ལས་ཐ་དད་མེད་པའི་ཕྱིར་སངས་རྒྱས་མཐོང་བའོ་ཞེས་སོ།། གང་འདི་ཡོངས་སུ་གཅོད་པར་བྱེད་པའི ་ཤེས་པ་དེ་ནི་ཆོས་ཤེས་པའོ།། ཆོས་ནི་ཡུལ་ལོ།། ཤེས་པ་ནི་ཆོས་ཤེས་པའོ།། འདིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རང་བཞིན་ནོ།། གང་ལས་སྡུག་བསྔལ་ལ་རྟེན་ཅིང་འབྲེལ་པས་འབྱུང་པོའི་ཕྱིར་རང ་བཞིན་གྱིས་མ་སྐྱེས་པའོ།། གང་རང་བཞིན་སྐྱེ་བ་མེད་པ་དེ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་བདག་གི་རང་བཞིན་མ་སྐྱེས་པ་ཡིན་པས་སོ།། དབུ་མ་རྩ་བ་ལས་གསུངས་ཏེ། མྱ་ངན་འདས་ལས་འཁོར ་བ་ནི། ཡ་དང་ཅུང་ཟད་ཡོད་པ་མིན།། འཁོར་བ་ལས་ནི་མྱ་ངན་འདས།། ཐ་དད་ཅུང་ཟད་ཡོད་མ་ཡིན།། མྱ་ངན་འདས་ཀྱི་མཐའ་གང་འང་།། འཁོར་བ་རྣམས་ཀྱི་མཐའང་ཡིན།། དེ་དག་པར་དུ་ཅུང་ཟད་ཅིག། ་ཤིནྡ་ཏུ་ཕྲ་བའང་ཡོད་པ་མིན།། ཞེས་སོ།། འདིར་མཐའི་སྒྲ་ནི་རབ་ཏུ་གྱུར་པ་བརྗོད་པ་སྟེ། རབ་ཏུ་གྱུར་པ་ཞེས་བྱ་བ་རྟིང་དུ་གནས་པའོ།། བྱིས་པ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ནོ།། དེ་ནི་དེ་བཞིན་དུ་བདེན་པ་བནི ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་སྐྱེ་བ་མེད་པ་འགག་པ་མེད་པ་དམིགས་པས་མཐོང་བའི་ཕྱིར་མངོན་པར་རྟོགས་པ་གཅིག་ཉིད་དོ།། དེ་ཡོད་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་པར་བྱེད་པའི་ཤེས་པས། གང ་སྡུག་བསྔལ་གྱི་སྐྱེ་བ་མེད་པ་འགག་པ་མེད་པ་ཡོངས་སུ་གཅོད་པ་དེས་བདག་ཉིད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པའོ།། གང་ལས་ཉོན་མོངས་པ་དག་གི་མི་སྐྱེ་བ་མི་འགག་པ་ཡོངས་སུ་གཅོང་པོ་འདི་ནི་ཀུན་འབྱུང་ཡོངས ་ཤེས་པའོ།། གོང་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་སྐྱེ་བ་མེང་པ་འགག་པ་མེད་པ་ཡོངས་སུ་གཅད་པ་དེ་ནི་འགོག་པ་ཡོངས་སུ་ཤེས་པའོ།། ལམ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པོས། གང་རང ་བཞིན་སྐྱེ་བ་མེད་པ་འགག་པ་མེད་པ་ཡོངས་སུ་གཅོད་པ་དེ་ནི་ལམ་ཡོངས་སུ་ཤེས་པའོ།། དེ་ནི་འདི་ལྟར་ཆོས་ཤེས་པས་སྐད་ཅིག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་འདི་སྔོན་ངམ་མཐོང་བ་གཞན་ལྟ་བར་བྱ། ་བ་ནི་སྤྲིང་བ་མ་ཡིན་ནོ།། དེས་ན་མཐོང་བའི་ལམ་ནི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་གོ། གལ་ཏེ་གང་ཚེ་སྐད་ཅིག་ལ་དེ་ཁོ་ན་ཉིད་མཐོང་ན་ཇི་ལྟར་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཡིན་ཞེ་ན། བརྗོད་དེ། ཤེས ་པ་དེ་ཉིད་ཀྱི་ངོ་བོ་གཅིག་ཉིད་ཡན་ལག་རྣམ་པར་ཕྱེ་སྟེ་སྐད་ཅིག་མ་བཅུ་དྲུག་ཏུ་རྣམ་པར་བཞག་གོ། རྣམ་པ་དེ་ལྟ་བུའི་གདུལ་བྱའི་སྐྱེ་བོ་རྣམས་གང་མ་དག་ངེས་རྗེས་སུ་གཟུང་བའི་ཆེད་དུའོ།། གལ་ཏེ་དེ་ལྟར་ན་རྣམ་པ ་བཅུ་དྲུག་ལམ་སྒོམ་པ་ཇི་ལྟར་བཤད་ཅེ་ནཱ། འདི་ཡང་གྲོལ་བ་འདོད་པ་རྣམས་རྣམ་པ་གཞན་གྱིས་དེ་ཁོ་ན་ཉིད་ཤྲཱིས་པ་ལ་བཞུགས་པའི་དོན་དུ་ཡོངས་སུ་བརྟགས་ནས་རྣམ་པར་བཞག་པའོ།། དེ་ཁོ་ན་ཉིད་ནི་ངོ་བོ་ཉིད ་དོ།། བསམ་པ་འདི་ཉིད་ཀྱི་ས་ནི་རིགས་པའི་སྟོབས་ལས་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཀྱང་། མཐོང་བའི་ལམ་མངོན་པར་རྟོགས་པ་སྐད་ཅིག་མྱ་བཅུ་དྲུག་དུ་གསུངས་སོ།། དེ་དག་གསུངས་པ། གང ་གི་ཚེ་ཆ་ཤས་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་མངོན་དུ་རྟོགས་ཀྱང་ངེས་པ་སྐྱེ་བ་ལ་བལྟོས་པས་ཐམས་ཅད་དུ་འགྲོ་བའི་དོན་གྱིས་མངོན་དུ་རྟོགས་པས་ཆོས་ཐམས་ཅད་རང་བཞིན་མེད་པ ་ཉིད་མངོན་དུ་བྱེད་པ་ཆེས་གསལ་བའི་ཤེས་པ་སྐྱེ་བར་བྱེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་བརྙེས་པའོ་ཞེས་སོ།། དེ་ཉིད་ཀྱི་ན་བརྗོད་པར་བྱ་སྟེ། གང་རབ་ཏུ་དགའ་བའི་སའི་རིང་པོ་གཟུགས ་ལ་སོགས་པ་རྣམས་གདོད་ནས་སྐྱེ་བ་མེད་པ་མངོན་དུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ཤེས་རབ་དང་ཏིང་འཛིན་དང་ཟུང་དུ་འཇུག་པ་བརྗེད་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས ་པའི་བཟོད་པའི་སྐད་ཅིག་ཉིད་ནི་མཐོང་བའི་ལམ་མོ།། སྡུག་བསྔལ་ལ་ཆོས་ཤེས་པ་ལ་ཚོགས་པ་ནི་སྒོམ་པའི་ལམ་མོ་ཞེས་སོ།། ཐོག་མ་མེད་པ་མ་རིག་པ་དང་བཅས་པའི་འཁོར་བ་བརྒྱུད་པ་རྣམས་སུ་མ་མཐོང་བ་དེ་ཁོ ་ན་ཉིད་མཐོང་བ་ཉིད་ནི་གཙོ་བོ་ཡིན་ནོ་ཞེས་བསྟན་པའི་དོན་དུ། དེ་དག་མངོན་དུ་རྟོགས་པ་མངོན་པར་རྟོགས་པ་སྐྱེས་པར་བྱེད་པ་སྐད་ཅིག་མ་མངོན་པར་རྟོགས་པར་བྱ་བསྣ་མངོན་པར་རྟོགས་མཐོང་བའི་ལམ་མོ།། ་འཁྲུལ་པའི་མཚན་མུས་སྒྲོས་བཏགས་པའི་རྣམ་པའི་ཕྱིན་ཅི་ལོག་རབ་ཏུ་སྐྱེ་ཉོན་མོངས་པའི་རྩ་བ་ནས་འབྱིན་པས་སྡུག་བསྔལ་ལ་ཆོས་ཤེས་བྱ་ལ་སོགས་པ་སྐད་ཅིག་མ་བཅོ་ལྔ་ཡང་མཐོང་བའི་ལམ་ཞེས ་ཐ་སྙད་བྱས་པ་ཉིད་དོ།། སྒོམ་པའི་ལམ་དུ་བཤད་པས་ཡང་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དེ་རྣམས་ནི་བཏགས་པ་པའི་མཐོང་ལམ་ཉིད་དུ་བརྗེད་པ་ཡིན་ནོ།། གང་གི་ཚེ་དེ་ལྟ་མ་ཡིན་ན་ཤིང ་རྟ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གོ་ཞེས་མང་དུ་བཤད་པ་དང་ཇི་ལྟར་མི་འགལ་བར་འགྱུར།། ཡང་གང་མ་ཆོད་པ་མེད་པའི་རྒྱུ་སྤང་བར་མི་ནུས་པས་སྡུག་བསྔལ ་མཐོང་བས་སྤང་བྱ་སྦྱོང་བའི་དུས་སུ་ཀུན་འབྱུང་སྤངས་སོ།། དེ་ཉིད་ཀྱི་ན་འགོག་པ་མངོན་དུ་བྱས་སོ།། གཞན་དུ་ན་དེའི་འགོག་པ་མངོན་དུ་བྱེད་པ་མི་འཐད་པས་ལམ་སྒོམས་པ་ཉིད་དོ།། ཀུན་འབྱུང་ལ་སོགས ་པ་ལ་དེ་བཞིན་ནོ།། ཞེས་འབྲས་བུ་མངོན་པར་རྟོགས་པསྡུ་ཐེག་པ་ཆེན་པོ་ལ་མཐོང་བའི་ལམ་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་པར་བལྟའོ།། ཡང་བདེན་པ་སོ་སོར་ཕྱིན་ཅི་ལོག་སེལ་བས་མངོན་དུ ་བྱེད་པ་མངོན་པར་རྟོགས་པས་སྐད་ཅིག་མ་བཅུ་དྲུག་གིས་མངོན་པར་རྟོགས་པར་བྱེད་པའོ།། ངེས་ན་ཆེད་དུ་ཞུགས་བུ་ཉིད་ལ་སོགས་པའི་རྣམ་པར་བཞག་པ་ལེགས་པར་གནས་སོ་ཞེས་ཟེར་རོ།། དེའི་འདོད ་པས་སྐད་ཅིག་མ་བཅུ་དྲུག་ཐམས་ཅད་ཀྱང་དྲངོས་ཀྱི་མཐོང་ལམ་མོ་ཞེས་གསལ་ལོ།། དེ་ནི་ང་བཞིན་དུ་བདྲེན་པ་བཞིའི་དེ་ཁོ་ན་ཉིད་མཐོང་བས་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ནི་རབ་ཏུ་དགའ་བའི་སཱའོ།། ་སེམས་ཀྱི་སྐད་ཅིག་ཡོང་ནི། སེམས་སྐྱེད་པ་ཉི་ཤུ་རྩ་གཉིས་དབྱེ་བ་དང་བཅས་པ་ཡང་། ཐ་སྙད་པའི་དུས་ཀྱི་ཁྱད་པར་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཤེས་བྱ་དང་ཤེས་པ་ཡོངས་སུ་རྫོགས་པའི་བྱར་དུ ་རིག་པར་བྱའོ།། མི་ཁོམ་པ་བརྒྱད་ཀྱི་སྐད་ཅིག་ཇི་ལྟའོ།། ཡང་དུས་ཀྱི་མཐར་ཐུག་པའི་དུས་ཆུང་ངུ་ནི་མ་ཡིན་ཏེ། དེ་ཤིན་ཏུ་ཕྲ་བས་ཐ་སྙད་བྱ་བ་མ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ས་གང་གིས་ཡོངས་སུ ་སྟོང་བར་གྱུར་པའི་ཆོས་གང་དང་གང་ཇི་སྲིད་དུ་ཡོངས་སུ་མ་ཚང་བ་དེ་སྲིད་དུས་དེའོ།། ས་དེ་ཡོངས་སུ་རྫོགསྟ་ནུས་གཞན་དུ་རྣམ་པར་བཞག་པར་བྱའོ།། དེ་དང་ལྷན་ཅིག་སྦྱོང་བ་ངེས་པའི་ཤེས་པ ་བརྒྱད་ཏེ། དེ་ལ་ཉོན་མོངས་པ་སྤངས་པས་བར་ཆད་མེད་པའི་ལམ་གྱི་རང་བཞིན་སྡུག་བསྔལ་ལ་སོགས་པ་ཤེས་པ་བརྒྱད་ནི་བཟོད་པ་ཞེས་བརྗོད་དོ།། རྣམ་པར་གྲོལ་བའི་ལམ་ཡང་ཉོན་མོངས་པ་བྲལ་བ་མངོན་དུ ་བྱེད་པའི་ཤེས་པ་ངརྒྱད་ནི་ཆོས་དང་རྗེས་སུ་ཤེས་པའོ།། དེ་ལ་ཆོས་ཤེས་པའི་བཟོད་པས་རྟོགས་པ་ངེས་པའི་ཤེས་པ་ནི་ཆོས་ཤེས་པ་བཞི་ཞེས་རྣམ་པར་བཞག་པར་བྱའོ།། རྗེས་སུ་ཤེས་པའི་བཟོད་པས་རྟོགས ་པ་ངེས་པའི་ཤེས་པ་ནི་ཡང་རྗེས་སུ་ཤེས་པ་ཞེས་སོ།། འདིར་གང་མ་ངག་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་བཟོད་ནས་སྐྱེ་བ་མེད་པ་མངོན་དུ་རྟོགས་པས་སྡུག་བསྔལ་བ་དང་སྡུག་བསྔལ་མཚན་ཉིད ་ངག་མི་དམིགས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བརྗོད་དོ།། དེ་འདི་ཤོས་རབཱ་དང་ཏིང་ངེ་འཛིན་ཟུང་དུ་འཇུག་པ་མངོན་པར་བརྗོད་པ་མེད་པ་སྐད ་ཅིག་གོ། འཇིག་རྟེནི་ལས་འོངས་པའི་ཡེ་ཤེས་འདིའི་རྗེས་ལ་ཐོབ་པ་རང་གིས་རྟོགས་པ་ཡོངས་སུ་གཅོད་པའི་ཤེས་རབ་ཤར་བ་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཞེས་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ ་བར་དག་པའི་ཚུལ་གྱིས་མངོན་པར་བརྗོད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། དེ་གཟུགས་ལ་སོགས་པ་འདི་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་པར་དག་པའི་ངོ་བོ།། དངོས་པོ་དང་དངོས་པོ་མེད་པ་དག་གིས་བརྗོད་པར ་བྱ་བ་མ་ཡིན་པ་ཞེས་རབ་ཏུ་ཤེས་ནས། ཡང་མངོན་པར་བརྗོད་པ་མེད་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཤར་བ་དེ་ནི་རྗེས་སུ་ཤེས་པའི་བཟོད་པའོ།། དེའི་ཚེཐང་ཁམས་གསུམ་པའི་ཆོས་ཐམས་ཅད་བརྗོད་བྱ་མ་ཡིན ་པ་ཉིད་དུ་མངོན་དུ་རྟོགས་ཏེ། སྐད་ཅིག་གཉིས་ཐོབ་པས་ཤེས་རབ་ཕུལ་ཏུ་ཕྱིན་པའི་ཕྱིར་རོ།། སྔོན་མ་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་བས་དང་། ཤེས་རབ་མཆོག་ཏུ་ཕྱིན་པ་མེད་པའི་ཕྱིར་ཁམས་སུ་རྟོགས ་བའི་ཆོས་རྣམས་ཉིད་ཉིད་བདག་མེད་པར་མངོན་དུ་རྟོགས་པའོ།། དེས་ན་དེ་དུང་ངོན་མཉམ་པ་ཉིད་ཀྱིས་དང་དེའི་རྒྱུ་ཅན་ཉིད་ཀྱིས་ཀྱང་ཤེས་པ་དེ་དོན་དུ་གཉེར་བ་ཉིད་ཀྱིས་དེའི་རྗེས་སུ་འགྲོ་བས་བཟོད་པ་ཡིན་པས་རྗེས་སུ ་ཤེས་པའི་བཟོད་པ་ཞེས་བརྗོད་དོ།། ངེས་ན་དེ་བཞིན་དུ་ཆོས་ཐམས་ཅད་མངོན་པར་བརྗོད་བྱ་མ་ཡིན་པ་སླ་བར་བྱ་བ་མ་ཡིན་པ་ཉིད་དེ་ཁོ་ན་མངོན་པར་བརྗོད་པའི་ཤེས་རབ་སྐྱེས་པ་ནི་རྗེས་སུ་ཤེས་པ་ཞེས་བརྗོད་དེ།། ་དེ་བཞིན་དུ་ཀུན་འབྱུང་འགོག་པ་ལམ་རྣམས་ལ་རྟོགས་པར་བྱའོ།། དེ་ལ་བཟོད་པ་བརྒྱད་རྣམས་ནི་རྐུན་པོ་ཕྱི་རོལ་ཏུ་འབྱིན་པའི་རིགས་པས་ཉོན་མོངས་པ་སྤོང་བའི་བྱ་བ་དང་ལྡན་པའོ།། ཤེས་པ་བརྒྱད་རྣམས་ཅི ་སྒོ་གླེགས་འགེབས་པའི་རིགས་པས་བྱ་བ་དང་ལྡན་པའོ།། དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་ལ་འདོད་པའི་ཁམས་ཀྱི། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟེ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། སོ་སོར་བཅུ་བཅུ་ཞེས་ཉོན་མོངས་པ་བཞི་བཅུ་ཐམས ་པ་རབ་ཏུ་སྤོང་བའོ།། རྗེས་སུ་ཤེས་པའི་བཟོད་པ་བཞི་ལ།། དེ་ཉིད་ལ་ཁོང་ཁྲོ་མ་རྟོགས་པ། གཟུགས་ཁམས་ཀྱི་དགུ་སྟེ། སོ་སོར་དགུ་དགུ་ནི་དགུ་ཚན་བཞིའོ།། དེ་བཞིན་དུ་གཟུགས་མེད་པའི་ཁམས་ཀྱི་དགུ་ཚན་བཞི་སྟེ། འདི ་ནི་ཉོན་མོངས་པ་བདུན་ཅུ་རྩ་གཉིས་རབ་ཏུ་སྤོང་བའོ།། དེས་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བའི་ལམ་གྱི་སྤང་བྱའོ།། འདིས་ནི་སེམས་སྐད་ཅིག་བཅུ་དྲུག་འདི་ནི་བདེན་པ་མངོན་པར་རྟོགས་པའོ་ཞེས་སོ།། དེ་ལ་སྐད ་ཅིག་མ་བཅཝོ་ལྔ་རྣམས་ལ་བྱང་ཆུབ་སེམས་དཔའ་བརྒྱད་པ་རྒྱུན་ཏུ་ཞུགས་པའོ་འབྲས་བུའི་ཕྱིར་ཞུགས་པ་སྟེ་རྣམ་པ་གཉིས་སོ།། འདི་ལྟ་སྟེ། དང་པོ་ནི་དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བ་དང་། ངང་པས་དེའི་ལམ་རྗེས ་སུ་སྒྲུབ་པའི་ཕྱིར་རོ།། གཉིས་པ་ནི། ཕྱིར་མི་ལྡོག་པ་དབང་པོ་རྣོན་པོའི་ཆོས་ཀྱི་རྗེས་སུ་འབྲང་བ་ལྟ་བས་ཐོབ་པའོ།། ཆོས་དང་མཐོང་བ་ནི་ཤེས་རབ་བོ།། དེ་དག་གིས་དེའི་ལམ་རྗེས་སུ་སྒྲུབ་པའི་ཕྱིར་རོ།། སྐད་ཅིག་མ་བཅུ ་དྲུག་པ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའོ།། དྲུག་པ་ལ་སོགས་པ་སེམས་སྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་མོ།། དེ་ལ་གང་གི་ཚེ་ཡང་འདུས་བྱས་དང་འདུས་མ་བྱས་དག་གི་ངོ་བོ་གཅིག་ཉིད་ཡིན ་བས་ཕན་ཚུན་ཐ་དད་དུ་བརྗོད་པར་མི་ནུས་པ་བཞིན་དུ། ཇི་ལྟར་གསུངས་པས་མཐོང་བའི་ལམ་མྱངོན་དུ་བྱས་པའི་དངོས་པོ་ཐ་དད་མྱ་ཡིན་པར་དམྱིགས་པས་མཐོང་བ་དང་སྒྲིམ་པའི་ལམ་དག་གི་ཐ་དད་པ་མ་ཡིན་པས་སྒོམ་པའི ་ལམ་མཚན་ཉིད་ཅན་རྣམ་པར་མ་བཞག་གོ།། དེ་བཞིན་དུ་ཡིན་ན་ཡང་། སྒོམ་པའི་ལམ་དེ་ནི་སྒོམ་པས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་ཡིན་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་རྣམ་པར་བསྒོམ ་བྱར་བྱའོ།། དེས་མཐོང་བའི་ལམ་གྱིས་མཐོང་བའི་དེ་ཁོ་ན་ཉིད་རྒྱུན་གྱིས་མཁྱེན་པ་ནི་སྒོམ་པའོ།། དེ་ཉིད་ལམ་མོ།། དེ་ལ་ལྷན་ཅིག་སྐྱེས་པའི་འདོད་ཆགས་དང་། ཁོང་ཁྲོ་དང་། མི་རིག་པ་དང་། ལྷན་ཅིག་སྐྱེས་པའི། འཇིག ་ཆོགས་ལ་ལྟེ་བ་དང་། ལོག་པར་ལྟ་བའོ།། མངོན་པ་ཀུན་ལས་བཏུས་པ་ལས་མཐར་འཛིན་པ་ལྟ་བ་གསུངས་ཀྱང་མཐ་རི་འཛིན་པོར་ལྟ་བ་ནི་ལོག་པར་ལྟ་བའི་ཁྱད་ཡིན་པས་སོ།། འདིར་འང་དངོས་པོ་རྣམས་དམ་པ་ཡང ་དག་པ་ཉིད་དུ་སྒྲོ་བརྟགས་པའི་ཕྱིན་ཅི་ལོག་གི་ལྟ་བ་ནི་ལོག་པར་ལྟ་བར་བཟུང་སྟེ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ནི་མ་ཡིན་ནོ་ཞེས། དེ་རྣམས་ནི་འདོད་པ་སྤྱོད་པའི་ཉོན་མོངས་པ་དྲུག་གོ། དེ་ཉིད་གཟུགས་ན ་སྤྱོད་པ་ཞེ་སྡང་སྤངས་པའི་ལྔའོ།། གཟུགས་མེད་པ་ན་སྤྱོད་པ་ལྔ་སྟེ། ཉོན་མོངས་པ་བཅུ་དྲུག་ནི་སྒོམ་པས་སྤང་བར་བྱའོ།། རིམ་གྱིས་སྤོང་ངོ་།། བག་ལ་ཉལ་ཡིན་གྱི། ཀུན་ཏུ་རྒྱུ་བ་ཉམས ་པས་ནི་མ་ཡིན་ཏེ། སྔོན་ཉིད་དུ་འགྲིབས་པ་ཉིད་དུ་ཡིན་པའི་ཕྱིར་རོ།། དེ་ལ་འདོད་པོའི་ཁམས་སུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་པོ་དེ་རྣམས་ཆེན་པོ་འབྲིང་ཆུང་ངུའི་དབྱེ་བས་རྣམ་པ་གསུམ་སྟེ། ཡང ་སོ་སོར་ཆེན་པོ་ལ་སོགས་པའི་དབྱེ་བས་གསུམ་སྟེ། རྣམ་པ་དགུའོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལྔ་རྣམས།། གཞན་གཟུགས་དང་གཟུགས་མེད་པའི་ས་ལ་སོ་སོར་དགུ་དགུའོ།། འདོད་པའི་ཁམས ་ལ་སོགས་པ་འཁོར་བའི་ས་དགུ་ལ་དགུ་དགུ་སྟེ། ཉོན་མོངས་པའི་རྣམ་པ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ།། དེ་རྣམས་ཀྱི་གཉེན་པོ་ཉེས་པ་སྐྱེ་བཞིན་པ་ངེས་པར་འཇོམས་པས་ཉེས་པ་དང་འགལ་བའོ།། དེ་མ ་ཐག་ཏུ་གསུངས་པའི་སྒོམ་པའི་ལམ། མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལས་བཟློག་པས་ཆུང་ངུ་འབྲིང་ཆེན་པོ་རྣམས་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་བརྒྱད་ཅུ་རྩ་གཅིག་གོ། དེ་ལ་དྲི་མ ་མེད་པ་འང་བྱེད་པ། འོད་འཕྲོ་བ། སྤྱད་དཀའ་བའི་སའི་རང་བཞིན་ལམ་གྱི་རྣམ་པ་དང་པོ་བཞི་རྟོགས་པ་ནི་རྒྱུན་ཏུ་ཞུགས་པ་དེ་ཉིད་དེ་རྣམ་པ་གཉིས་སོ།། འདི་ལྟ་སྟེ། གང་ཐབས་ལ་མཁས་པས་མི ་རྣམས་ཀྱི་ནང་དུ་རྒྱལ་རིགས་ཤིང་སཱ་ལྔ་ཆེན་པོ་ལྟ་བུ་འམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། ཁྱིམ་བདག་རིགས་ཤིང་སཱ་ལཱ་ཆེན་པོ་ལྟ་བུར་སྐྱེ་བ་དེ་ནི་མི་རིགས་ནས་རིགས་སོ།། འདོད་པ་ནཱ་སྤྱོད ་པའི་ལྷ་དྲུག་གི་རླུང་དུ་སྐྱེ་བ་དེ་ནི་ལྷའི་རིགས་ནས་རིགས་སོ།། རྣམ་པ་ལྔ་པ་ལ་མངོན་དུ་གྱུ་ར་བཱི་སའི་རང་བཞིན་རྟོགས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ།། དྲུག་པ་ལཱ་རིང་དུ་སོང ་བཱའི་སྡེའི་རང་བཞིན་ལ་ལན་ཅིག་ཕྱིར་འོང་བའོ།། དེ་ཉིད་ནི་བར་ཆད་གཅིག་པའོ།། རྣམ་པ་བདུན་པ་ལ་མི་གཡོ་བའི་སའི་རང་བཞིན་རྟོགས་པ་ལ་དང་། བརྒྱད་པ་ལ་ལྤགས་པའི་བློ་གྲོས་ཀྱིས་སའི་ངོ་བོ་རྟོགས་པ་ལ ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ།། གཉེན་པོ་རྣམ་པ་དགུ་པ་ལ་ཆོས་ཀྱི་སྤྲིན་གྱི་སའི་རང་བཞིན་རྟོགས་པ་ལ་ཕྱིར་མི་འོང་བའོ།། དེ་ཡང་རྣམ་པ་ལྟ་ཏེ། གང་འདི་ལྟ་སྟེ། ཚངས་རིས་ནས་བརྩམས་ཏེ་ཇི་སྲིད་དུ ་འོག་མིན་ཞེས་པའི་བར་སྐབས་སུ་ལྷའི་རིས་གང་ཡང་རུང་བར་མངོན་པར་རྫོགས་པར་སངས་རྒྱས་ནས། འདིར་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོན་པ་དེ་ནི་བར་མ་དོརཱི་ཡོངས་སུ་མྱ་ངན་ལས་འདའ་བའོ།། གང ་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་ཀྲུང་བཅས་ཏེ། གང་དང་པོ་སེམས་སྐྱེད་པ་དེ་ནི་འདིར་སྐྱེས་ནས་སོ།། བསྐྱེད་པ་དེས་སྐྱེས་པ་ཉིད་དུ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ ་བའོ།། གསུམ་པ་མངོན་པར་འདུ་བྱེད་པ་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གང་གི་དབང་དུ་བྱས་ན་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་སྤྱོད་ཅིང་འཇིག་རྟེན་གྱི་ཁམས་སུ་ཡང་དག་པར་འགྲོ་བ། དེ་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ་རྟག་ཏུ་གྱོན་པ་དང་ལྡན་པ་ཇི་སྲིད་དུ་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པས་བླ་ན་མེད་པ་ཡང་དག་པར ་རྫོགས་པོའི་བྱང་ཆུབ་ཏུ་ཡང་དག་པར་སངས་རྒྱའོ།། དེ་ཡང་རྟག་ཏུ་སེམས་ཅན་གྱི་དོན་གྱི་བྱ་བ་ལ་གནས་པ་དག་ཡོད་དོ།། དཔེར་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་དང་སྒྲོལ་མ་དང་འཇམ་དཔལ ་ལ་སོགས་པའོ།། འདིར་སེམས་ཅན་གྱི་དོན་ལ་བརྩོན་པ་དང་ལྡན་པ་ནི་མངོན་པར་འདུ་བྱེད་པའོ།། བཞི་པ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི། གང་གི་དབང་དུ་བྱས་ནས་གསུངས་པ། ་ཤཱ་རིའི་བུ་གང་བྱང་ཆུབ་སེམས་དཔའ་གང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་མ་ངེས་པ་ལ་ཞུགས་ནས་ཅི་སྲིད་དུ་སངས་རྒྱས་ཀྱི་ཞིང་གཞན་དུ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱབ་ཡོད་དོ།། དེ་ཡང་མངོན་པར་སྦྱོར་བའི་ལམ་ཞེས་ཤེས་ནས་འདིར་རིགས་ཀྱི་ཁྱད་པར་ལས་ཆོས་མྱུར་བར་འབད་པ་ཆུང་ངུ་ཉིད་ཀྱི་མངོན་པར་རྫོགས་པར ་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ།། ལྔ་པ་ནི་གོང་དུ་འཕོ་བ་སྟེ་རྣམ་པ་གཉིས་སོ།། འདི་ལྟ་སྟེ། འོག་མིན་གྱི་མཐར་ཐུག་པ་དང་། སྐྱིད་པའི་རྩེ་མོའི་མཐར་ཐུག་པའོ།། དེ་ལ་གང་གི ་དབང་དུ་བྱས་ནས་གསུངས་པ། བཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་འཁོར་ལོ་སྒྱུར་བར་གྱུར་ནས་སེམས་ཅན་རྣམས་ཀྱི་བདེ་བའི་ཡེ་བྱད་ཐམས་ཅད་ཉེ་བར་སྒྲུབ་པར་བྱེད་ཅིང་ཇི ་སྙིསྲིད་དུ་དགེ་བ་བཅུ་ལ་རབ་ཏུ་བཞག་སྟེ། ཚངས་རིས་ཀྱི་ལྷ་ནས་ཇི་སྲིད་དུ་འོག་མིན་གྱི་ལྷོའི་བར་དུ་སྐྱེས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བ ་ཡོད་དོ།། འོག་མིན་གྱི་མཐར་ཐུག་པ་དེ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འཕེར་བ་དང་། ཕྱེད་དུ་འཕྲར་བ་དང་།། གནས་ཐམས་ཅད་དུ་འཕོ་བའོ།། དེ་ལ་གང་བསམ་གཏན་གསུམ་ལས། ཡོངས་སུ་ཉམས་ནས་བསམ ་གཏན་དང་པོའི་རོ་བླངས་པས་ཚངས་རིས་སུ་སྐྱེས་ཏེ། སྔོན་གོམས་པའི་དབང་ལས་བསམ་གཏན་བཞི་པ་སྐྱེད་དེ། དེ་ལས་འཕྲོས་ཏེ་འོག་མིན་དུ་སྐྱེ་བ་དེ་ནི་དབུས་སུ་མ་ཞུགས་པས་འཕར་བ་ཞེས་བརྗོད་དོ།། གང་ཚངས ་རིས་ལས་འཕོས་ཏེ། གནས་གཙང་མར་སྐྱེས་ནས་བར་གྱི་གནས་གཞན་ལས་གཅིག་ཀྱང་རྣམ་པར་བརྒོལ་ཏེ། འོག་མིན་དུ་འཇུག་པ་དེ་ནི་ཚོད་དུ་འཕར་བའོ།། གང་གནས་གཞན་ཐམས་ཅད་དུ་ཀུན་ཏུ་རྒྱུས་ནས ་འོག་མིན་དུ་འཇུག་པ་དེ་ནི་གནས་ཐམས་ཅད་དུ་འཕོ་བའོ།། གང་གིས་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དགའ་ལྡན་ནས་བཟུང་སྟེ་ཚངས་རིས་ནས་ཇི་སྲིད་དུ་འོག ་མིན་དུ་སྐྱེས་ནས་ཐབས་ལ་མཁས་པས་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ ་ཡང་དག་པར་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བསྙེན་བཀུར་ཏེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་དག་རྫོགས་པར་བྱེད་དོ་ཞེས་པ་ལ་སོགས་པའོ།། གང་སྙོམས ་པར་འཇུག་པ་གཞན་གྱི་རོ་མྱངས་པས་གནས་གཙངས་མ་ཉིད་དུ་ནི་མི་འཇུག་ཅིང་གནས་གཞན་ཐམས་ཅད་དུ་སྐྱེས་ཞིང་གཟུགས་མེད་དུ་རིམ་གྱིས་སྐྱེས་ནས་སྲིད་པའི་རྩེ་མོར་སྟོང་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ། ་མངོན་པར་རྫོགས་པར་སངས་རྒྱ་བ་ཡོད་དོ།། ཡང་དྲུག་གཟུགས་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བ་དེ་འདི་ནས་འཕོས་ཏེ་གཟུགས་མེད་པར་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་མངོན་པར་རྫོགས་པར ་སངས་རྒྱས་པ་དེ་ནི་གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ལུས་ཀྱིས་མངོན་དུ་བྱེད་པའོ།། དེ་ལ་གང་གི་དབང ་དུ་བྱས་ཏེ་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་ཇི་སྲིད་དུ་ཚེ་དཔག་ཏུ་མེད་པ་དང་ལྡན་པས་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྟོང་ཕྲག་བརྒྱ་དང་དུ་མ་ཡོངས ་སུ་བླངས་ཏེ། དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱས་ནས་ཕྱིས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡོད་དོ་ཞེས་དེ་ནི་མཐོང་། ་བཔབའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བའོ།། སྐྱེ་བ་ཐམས་ཅད་དུ་བར་མེད་པར་མཐོང་བ་ལ་སྦྱིན་པ་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ།། གང་ཕྱིར་མི་འང་བ་འགོག་པའི ་སྙོམས་པར་འཇུག་པ་ཐོབ་པ་དེ་ལུས་ཀྱིས་མངོན་དུ་བྱུང་པ་སྟེ། མྱ་ངན་ལས་འདའ་བྱ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་དུ་བྱེད་པས་སོ།། ལུས་ཀྱིས་མངོན་དུ་བྱེད་པོའང་། སེམས་མེད་པས་ལུས་ལ་རྟེན་ནས་འགོག་པའི ་སྙོམས་པར་འཇུག་པ་བསྐྱེད་པའི་ཕྱིར་རོ།། ཞེས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ།། ཡང་། དགྲ་བཅོམ་པའི་འབྲས་བུའི་ཆེད་དུ་ཞུགས་པ་ཕྱིར་མི་འོང་བ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ ་བཞིན་དུ། སངས་རྒྱས་ཉིད་ཀྱི་ཚོད་དུ་ཞུག་པ་ཉིད་ཡིན་པས་འཕགས་པ་བྱམས་པ་ནི་ལུས་ཀྱི་མངོན་དུ་བྱེད་པའོ་ཞེས་བརྗོད་པར་བྱའོ།། ཞེས་གསུངས་སོ།། གང་གི་དབང་དུ་བྱས་ཏེ་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས། ་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རོལ་ཅིང་།། དེ་དག་བསམ་གཏན་དང་པོ་ལ་སྙོམས ་ཏེ། དེ་ལས་ལངས་ཏེ་འགོག་པ་ལ་སྙོམས་པར་འཇུག་གོ། དེ་ལས་ལངས་ཏེ་བསམ་གཏན་གཉིས་པ་ལའོ།། ཇི་སྲིད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཐོ་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས ་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བ་ཡོད་དོ་ཞེས་སོ།། དེ་ལྟར་རིགས་ནས་རིགས་ལ་སོགས་པའི་རྣམ་པར་བཞག་པ་ནི། འདོད་དུ་དབྱེ་བ་དྲུག་པ་དང་། ་དགུ་པ་ཡང་དག་ཟད་པ་ལས།། ལྷན་ཅིག་འོང་དང་ཕྱིར་མི་འོང་།། གང་ཟག་དག་ཏུ་སྐྱེ་བར་འགྱུར།། དགྲ་བཅོམ་སྲིད་རྩེར་འང་མཐའ་མ་ནི།། ཟད་ལས་དེའི་ལམ་གནས་ནི།། བཞི་སྟེ་དེའི་སྦྱོར་ལ་གནས་པོ།། དེའི་ཕྱིར ་ཞུགས་པ་རྣམས་སུ་གསུངས།། མི་སློབ་དགྲ་བཅོ་མོ་སློབ་པ་ནི།། གཞན་བདུན་ཟད་པ་སློབ་ཕྱིར་རོ།། ཞེས་ཉན་ཐོས་ཀྱི་ཐེག་པའི་རྣམ་པར་བཞག་པའི་རྗེས་སུ་ཞུགས་པ་རྣམ་པར་བཤད་པའོ།། འདི་རྣམས་ནི་རྣམ་པ ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མངོན་པར་རྟོགས་པའོ་ཞེས་འཕགས་པ་རྣམ་པར་གྲོལ་སྡེས་གསུངས་སོ།། ས་བཅུ་པ་འདིའི་གནས་སྐབས་ཁྱད་པར། བཅོ་ལྔ་པ་ལ་སོགས་པ་སེམས་སྐྱེས་པ་དྲུག་ནི་ཁྱད་པར ་གྱི་ལམ་མོ།། དེ་ལ་སེམས་སྐྱེད་པ་དང་པོ་ལྔ་ནི་རེ་རེ་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་རྣམས་ཀྱིས་སོ།། དངོས་གཞི་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་དབྱེ་བས་སོ།། ཡང་ཆུང་ངུ་ལ་སོགས་པ་རྣམས ་ཀྱིས་རེ་རེ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གསུམ་གྱི་དབྱེ་བས་རྣམ་པ་བཅུ་བཞིར་འགྱུར་རོ།། གཟུགས་དང་གཟུགས་མེད་པ་དག་གི་གནས་བདུན་ལ་དགུ་དགུའོ།། གནས་བརྒྱད་པ་ལ་བདུན་ཏེ། གཉེན་པོའི་རྣམ ་པ་རྣམ་པར་ཕྱེ་བ་བདུན་ཅུ་ཐམ་པ་ཡིན་ནོ།། དེ་ལ་སེམས་བསྐྱེད་པ་དང་པོ་གཉིས་ཀྱི་དབྱེ་བ་དང་། སིམས་སྐྱེད་པ་གསུམ་པའི་དབྱེ་བའི་དང་པོ་གཉིས་ཏེ་རྣམ་པ་སུམ་ཅུ་ནི་རྩེ་མོ་མངོན་པར་རྟོགས་པའོ།། གཞན ་རྣམ་པ་བཞི་བཅུ་ཐམ་པ་ནི་མཐར་གྱིས་གནས་པའི་མངོན་པརོ་རྟོགས་པའོ།། དེ་བཞིན་དྲོ་རྣམ་པར་མི་རྟོགས་པའི་གནས་པའི་གནསོ་སྐབས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་སོགས ་པ་མངོན་དུ་བྱེད་པ་ཡོད་པས་ཡང་དག་པའི་ཐབས་ལ་མཁས་པས་སེམས་ཅན་དོན་དུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་འདི་ལྟར་སྙོམས་པར་འཇོག་སྟེ། འདི་ལྟར། བསམ་གཏན་དང་པོ་ལ ་སྙོམས་པར་ཞུགས་ཏེ། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། གཟུགས་མེད་པའི་དང་པོ་དང་གཉིས་དང་གསུམ་པ་དང་བཞི་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་ལས་བཞེངས་ཏེ། གཟུགས ་མེད་པའི་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་དང་། བསམ་གཏན་བཞི་པ་དང་གསུམ་པ་དང་གཉིས་པ་དང་། དང་པོ་ལ་སྙོམས་པར་འཇུག་གོ་ཞེས།། དེའི་རྗེས་སུ་རྟེན་ཅིང་འབྲེལ་པར་འབྱུང ་བ་ལུགས་སུ་བྱུང་བ་དང་ལུགས་ལས་བཟློག་པ་དག་ལ་ལྟའོ།། དེའི་རྗེས་སུ་སྒོམ་པའི་ལམ་གྱི་རང་བཞིན་ཐོང་རྒལ་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇོག་སྟེ།། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམ་པར་བཞུགས་ཏེ། ་དེ་ནས་གཉིས་པ་དང་གསུམ་པ་དང་གསུམ་པ་དང་བཞི་པ་དང་། གཟུགས་མེད་པའི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པ་ལ་སྙོམས་པར་འཇུག་པ་འདི་ནི་སོང་བ་གཅིག་གོ། དེ་ལས་བཞེངས་ནས་བསམ ་དང་པོ་ལའོ།། དེ་ནས་འགོག་པའོ།། དེ་ནས་བསམ་གཏན་གཉིས་པའོ།། དེ་ནས་འགོག་པའོ།། དེ་ནས་བསམ་གཏན་གསུམ་པའོ།། དེ་ནས་འགོག་པའོ།། དེ་ནས་བསམ་གཏན་བཞི་པའོ།། ང་ནས་འགོག་པའོ།། དེ་ནས་ནམ ་མཁའ་མཐའ་ཡས་སྐྱེ་མཆེད་དོ།། དེ་ནས་འགོག་པའོ།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། དེ་ནས་འགོག་པའོ།། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དོ།། དེ་ནས་འགོག་པའོ།། དེ་ནས་འདུ་ཤེས་མེང་འདུ་ཤེས ་མེད་མིན་གྱི་སྐྱེ་མཆོད་དོ།། དེ་ནས་འགོག་པའོ།། དེ་ནས་འདོད་པ་ན་སྤྱོད་པ་མཉམ་པ་རོ་མ་བཞག་པར་ལྟུང་བའོ།། སོང་བ་གཉིས་པའོ།། འདོད་པས་བསྡུས་པའི་སེམས་ཀྱི་མཐའ་རུ་འགྲོ་བར་བྱ་བར་འགྲོ་དེ། དེ ་ནས་འགོག་པ་ལ་སྙོམས་པར་ཞུགས་སོ།། དེ་ནས་མཉམ་པར་མ་བཞག་པ་ལ་གནས་སོ།། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ།། དེ་ནས་མཉམ་པར་མ་བཞག་པ་ལའོ།། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེ་།། ་དེ་ནས་མཉམ་པར་མ་བཞག་པ་ལའོ།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། དེ་ནས་མཉམ་པར་མ་བཞག་པའོ།། དེ་ནུས་ན་མོ་མཁའ་མཐའ་ཡས་སྐྱེ་མཆེད་དོ།། དེ་ནས་མཉམ་པར་མ་བཞག་པའོ།། དེ་ནས ་བཞི་པའོ།། དེ་ནས་མཉམ་པར་མ་བཞག་པའོ།། དེ་ནས་གསུམ་པའོ།། དེ་ནས་མཉམ་པར་མ་བཞག་པའོ།། དེ་ནས་གཉིས་པའོ།། དེ་ནས་མཉམ་པར་མ་བཞོག་པའོ།། དེ་ནས་དང་པོའོ།། དེ་ནས་མཉམ་པར་མ་བཞག་པའོ།། ། ་འདི་ནི་འོངས་པ་སྟེ་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་པར་མ་བཞག་པ་ནས་མཉམ་པར་བཞག་པར་རོ།། མཉམ་པར་བཞག་པ་ལས་མཉམ་པར་མ་བཞག་པར་ཀུན་ཏུ་རྒྱུ་བར་གྱུར་པ་ནི་རིགས་མི་མཐུན་པར ་བགྲོད་པའི་འོངས་པའོ།། དེ་ལ་སོང་བ་དྲང་པོ་ལ་ནི་གནས་དགུའོ།། གཉིས་པ་ལ་ནི་བཅུ་བདུན་ནོ།། འོངས་པ་ལའང་བཅོ་བརྒྱད་དོ།། འོ་ན་ཐོས་རྒལ་སྙོམས་འཇུག་ཏིང་ངེ་འཛིན་མཉམ་པར་མ་བཞག་པའི་སེམས་སུ ་ཇི་ལྟར་མི་འགལ་ཞེ་ན། བརྗོད་དེ། སྙོམས་པར་འཇུག་པའི་ཀུན་ཏུ་རྒྱུ་བ་ལ་སྙོམས་པར་འཇུག་པ་ཉེ་བར་བཏགས་པ་ནི་འགལ་བ་མེད་དོ།། སེམས་སྐྱེད་པ་དྲུག་པ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སངས་རྒྱས ་ཀྱི་སའི་བར་ཆད་མེད་པའི་ལམ། སྐད་ཅིག་གཅིག་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པར་མངོན་པར་རྟོགས་པ་བདུན་པའོ།། བར་ཆད་པ་རུ་ནི་གེགས་བྱ་བ་ར་ནུས་པ་ནི་བར་ཆད་དོ།། བར་གཞན ་མེད་པ་ནི་བར་ཆད་མེད་པའོ།། བར་ཆད་མེད་པའི་ལམ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་གཅིག་ཏུ་ཟག་པ་མེད་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་སྣ་ལྔ་ལན་གཅིག་གིས་ཆོས་ཐམས་ཅད་ངེས་པར་རྟོགས ་བའི་ཕྱིར་དང་། གཉེན་པོ་སྒོམ་པའི་རྣམ་པར་སྨིན་པ་ཉིད་ཀྱིསྒྲ་ངེས་པར་རྟོགས་པའི་ཕྱིར་དང་། རྨི་ལམ་བཞིན་དུ་རླུང་བཞིན་མེད་པ་ཉིད་ཀྱིས་ངེས་པར་རྟོགས་པའི་ཕྱིར་དང་། སྒྲིབ་པ་གཉིས་རྩ་བས་ཟུད་པས་གཉིས་སུ་མྱེད ་པའི་ངོ་ཁོ་ན་ཉིད་ཀྱིས་ངོ་བོས་ངེས་པར་རྟོགས་པས་རྟོག་པ་བཞིའི་བདག་ཉིད་དོ།། འདིར་བྱང་ཆུབ་སེམས་དཔའ་ཞིང་གི་ཚོགས་དཔག་ཏུ་མེད་པ་རྣམ་པ་ཐམས་ཅད་རྫོགས་པར་བྱས་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐད་ཅིག ་གཅིག་ལ་མངོན་པར་རྫོགས་པར་རྟོགས་པར་བྱེད་པ་ན། དཔེར་ན་ཟོ་ཆུན་གྱི་རྒྱུད་མ་སྐྱེས་བུ་ས་རྐང་སྟབས་ཅིག་གིས་བསྐྱོད་པ་ན་ཐམས་ཅད་ཅིག་ཙཱར་དུ་གཡོ་བ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་ལྡན་པ་ཞིག ་ཀྱང་མངོན་དུ་བྱས་པ་ནནི་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་འགུགས་པར་བྱེད་དོ།། ངེས་པར་ཆུབ་པར་བྱེད་དོ།། སྔོན་བསྒོམས་པའི་འཕེན་པའི་ནུས་པ་ལས་སོ།། འདི་ན་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྨིན་པ་ཡཾ་ཆོས་ཉིད་ཀྱི་གནས་སྐྱབས་སོ།། རྣམ་པར་སྨིན་པའི་ཆོས་ཉིད་ནི་རང་བཞིན་གྱིས་རྩོལྔ་བ་མེད་པས་འཇུག་པའི་གནས་སྐབས་འདིའོ་ཞེས་བྱས་ནས་འདི་ལྔ་ཡང་། ཟློག་པ་མེད་པ་དང་ཟག ་བ་དང་བཅས་པའི་ཆོས་ཐམས་ཅད་དེ་བཞིན་དུ་ཅིག་ཅར་དུ་མངོན་པར་རྫོགས་པར་རྟོགས་པའོ།། རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནསྔ་སྐབས་དེ་ཡུང་ས་བརྒྱད་པ་ནས་བཟུང་སྟེ་འབྱུང་མོད་ཀྱི། འདིར་ནི་ཁྱད་པར་དུ་འཕགས ་པ་ཐོབ་པ་ཡིན་ནོ།། དེ་ལྟར་ན་སེམས་སྐྱེད་པ་དྲུག་གི་རླུང་བཞིན་ཁྱད་པར་གྱི་ལམ་རྟོགས་པ་ལ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་རྣམ་པར་བཞག་པར་བྱའོ།། བྱང་ཆུབ་སེམས་དཔའ་འདི ་ནི་སྨོན་ལམ་གྱིས་རང་སངས་རྒྱས་སྐུ་ཅན་ནོ།། གང་གི་དབང་དུ་བྱོས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་མེད་ཅིང་ཉན་ཐོས་དང་བྲལ་བྱའི་འཇིག་རྟེན་གྱི་ཁྲིམས་སུ་རང་རྒྱལ་གྱི་བྱང་ཆུབ་ཏུ ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྲོག་ཆགས་བྱི་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དག་ཡོད་དོ།། འདི་ནི་བདག་ཉིད་གཅོག་པུ་ཞིག་སངས་རྒྱས་ཏེ། རང་ཉིད་ཅེས་པ་རང་བྱུང་ངོ་།། སྒྲ་མེད་པར་ཆོས་སྟོན་པའོ།། རང་སངས་རྒྱས་རྣམ་པ་གཉིས ་ཏེ། འདི་ལྟ་སྟེ། རང་སངས་རྒྱས་དང་ཆོས་མཐུན་པ་སྟེ། གཅིག་པུ་བདག་དང་གཞན་ལྔ་མཉན་པར་སངས་རྒྱས་ཀྱི་ཆོས་རྣམས་གསལ་བར་བྱེད་པའི་ཕྱིར་རོ།། གཞན་ནི་རང་སངས་རྒྱས་སུ་སྤྲུལ་པ་ཡང ་བྱེད་པའི་ཕྱིར་རོ།། དེ་དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར ་ཞུགས་པོ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲོས་བུའི་ཕྱིར་ཞུགས་པ་དང་། གང་ཟག་བདུན་མོ།། རབ་ཏུ་དབྱེ་བས་བཅུ་དགུའོ།། རོང་སངས་རྒྱས་དང་ཉི་ཤུའོ།། སློབ་པ་རྣམས་འདུས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ ་སེམསྣ་བའི་འཕགས་པའི་དགེ་འདུན་ནོ།། ལྷ་དང་བཅས་བདུད་དང་བཅས་པའི་འཇིག་རྟེན་གྱིས་དང་དམན་པའི་བྱང་ཆུབ་ཀྱི་སྒྲུབ་བྱེད་ཀྱིས་དང་མི་དགེ་བའི་ཆོས་རྣམས་ཀྱིས་ཡང་དག་པར་རྫོགས་པོའི་བྱང་ཆུབ་ལས་མི་བྱེད ་ཅིང་སྟེ་ཕྲོགས་པའོ།། ཁ་ཅིག་ཏུ་རྡོ་རྗེ་ལྟ་བུའི་སེམས་ནི་མི་སློབ་པ་ཞེས་གསུངས་ཏེ། མི་སློབ་པ་རྣམ་པར་གྲོལ་བ་སངས་རྒྱས་པའོ་བར་ཆད་མེད་པའི་ལམ་ཉིད་ཡིན་པའི་ཕྱིར་རོ།། སོ་སོ་སྐྱེ་བོ་ནི་སློབ་པ་ཡིན་ཞིང་མི་སློབ ་པ་ཡིན་ཏེ་སློབ་པར་བརྗོད་དུ་མིང་ངོ་།། འོ་ན་ཅི་འདས་པ་འམ་མ་འོངས་པའམ་ད་ལྟར་བའི་སེམས་རྣམ་པར་གྲོལ་ཞེ་ན། སྨྲས་པ། མ་འོངས་པའི་སེམས་སྐྱེ་བཞིན་པ་མི་སློབ་པ་སྒྲིབ་པ་ལས་རྣམ་པར་གྲོལ་ལོ།། འོ་ན་ལམ ་གྱི་གནས་སྐབས་དེ་ལས་སྐྱེས་པས་སྒྲིབ་པ་སྤོང་བ་ཅི་ཞེ་ན། སྨྲས་པ། འགག་བཞིན་པ་ཉིད་ཀྱིས་ད་ལྟ་བའོ།། འོ་ན་ས་བརྒྱད་པ་ལ་ཕྱིར་མི་ལྡོག་པ་ཉིད་དུ་གསུངས་པ། འདིར་ཐམས་ཅད་ཇི་ལྟར་ཞེ་ན། སྨྲས་པ། དབང་པོ་རྣོན་པོའི ་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའོ་གནས་སྐབས་མོས་པས་སྤྱོད་པའི་སའི་ཚུ་རོལ་ཏུ་ཡང་ཞི་གནས་དང་ལྷག་མཐོང་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པས་དང་སྙིང་རྗེ་ཆེན་པོ་དང་ལྡན་པས་ཚོགས་གཉིས་རྫོགས ་བློབྲོའི་ཕྱིར་རྒྱུན་ཏུ་མངོན་པར་སྦྱོར་བླའི་དགའ་བ་ནི་ཕྱིར་མི་ལྡོག་པོ་ཉིད་དོ།། དབྱུང་པོ་འབྷྲིང་ནི་རབ་ཏུ་དགའ་བ་ལ་ཕྱིར་མི་ལྡོག་པའོ།། དབང་པོ་རྟུལ་པོ་རྣམས་ནི་མོ་གཡོ་བ་ལ་ཕྱིར་མི་ལྡོག་པའོ།། རིང་དུ་སོང་བ་ལ་ཐམས་ཅད་མི་ལྡོག་པ ་ཉིད་དོ།། ཞེས་ཁ་ཅིག་གོ།། ལྡོག་པའི་ཆེད་དུ་སྐྱེ་བ་ནི་ཕྱིར་ལྡོག་པའོ།། ཕྱིར་མི་ལྡོག་པ་ད་ནི་དེ་བཞིན་མ་ཡིན་པའོ།། དེ་ཡང་། རྟོགས་པའི་དོན་དུ་བྱང་ཆུབ་ཕྱོགས་ལ་སོགས་པའི་རང་བཞིན་ཆོས་ནི་རྣམ་པ་ལྔ་ཏེ། འདི་ལྟ་སྟེ། བསྒྲུབས ་པ་དང་། བསྐྱེད་པ་དང་། བསམ་པ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པའོ།། མདོ་སྡེ་རྒྱན་ལ་དཔེ་ལྔས་བསྟན་པ་རིག་པར་བྱའོ།། དེ་ལ་ཀུན་ཏུ་རྫོགས་པའི་ཐེག་པ་ཆེན་པོ་ཐོས་པའི་རང་བཞིན་ལ་སོགས་པའི་ཤེས ་བ་སྐྱེ་བའི་རིམ་གྱིས་ལོག་པར་རྟོགས་པ་ཐམས་ཅད་བསལ་ནས་སྐྱབས་དཀོན་མཆོག་གསུམ་ལ་རྟེན་ཏེ་སྒྲིབ་པ་སྤོང་ཞིང་མངོན་པར་ཤེས་པ་ལ་སོགས་པ་ཁྱད་པར་ཅན་གྱི་ཡོན་ཏན་འཕགས་པའི་ནོར་ལ་ལོངས་སྤྱོད་པའི ་རྒྱུ་ཉིད་དུ་རིགས་པར་བྱས་ནས། འདུན་པ་ལ་སོགས་པའི་སེམས་རབ་ཏུ་སྒྲུབས་པས། ཇི་སྲིད་དུ་མོས་པས་སྤྱོད་པའི་ས་ལ་བསྒྲུབས་པ་སེམས་སྐྱེད་པའི་ངོ་བོ་ཆོས་གསེར་བཟང་པོ་ལྟ་བུ་དགའ་བ་དམ་པ་སྐྱེ་བར ་བྱེད་དོ།། ས་རབ་ཏུ་དགའ་བ་ལྷག་པའི་བསྡམ་པ་དག་པ་ལ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་ཁྱད་པར་དུ་དབེན་པས་བསྐྱེད་པ་མངོན་དུ་བྱེད་པས་བསྐྱེད་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཆོས་པདྨ་རྒྱས་པ་ལྟ་བུའོ།། དེ་ཉིད་རྩོལ་བ་དང ་བཅས་པ་མཚན་མ་མེད་པ་ལ་གནས་པའི་ས་དྲི་མ་མེད་པ་ལ་སོགས་པ་དྲུག་ཏུ་བསམ་པར་བྱེད་པོ་ན་ཚོགས་གཉིས་ནུས་བློ་དང་ལྡན་པ་ནི་ལོགས་པར་བྱས་པའི་ཟས་ཟོས་པ་ལྟ་བུའོ།། རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས ་པ། ས་མི་གཡོ་བ་ལ་སོགས་པ་གསུམ་ལ་སྔོན་གྱི་ཚོགས་ཡོངས་སུ་སྨིན་པ་བྱསམ་གྱིས་མོ་ཁྱབ་པ། ལེགས་པའི་འཕྲིན་ཡིགེ་རིག་པ་བཞིན་ནོ།། སངས་རྒྱས་ཀྱི་ས་ལ་ཡོངས་སུ་གྲུབ་པ་སྟེ། བྱང་ཆུབ་རང་བཞིན་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་སྒྲིབ་པ་ཐམས་ཅད་སྤངས་པ་ཉིད་རིན་པོ་ཆེའི་སྒོམ་སྒོ་ཕྱེ་བ་ལྟ་བུ་ཉིད་དེ། སངས་རྒྱས་ཉིད་སྟོན་པར་བྱེད་དོ།། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་རྣམ་པ་མཐའ ་མེད་ཅིང་མཐའ་ཡིས་པ་ཕྱོགས་ཙམ་ཡང་བརྗོད་པའི་ནུས་པ་མེད་པས་བཞག་གོ།། ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། རྟོགས་པའི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཅིག་པས་རྣམ་པ་གཅིག་གོ།། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་དང་། རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་སོ།། རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་སྟེ། འདི་ལྟ་སྟེ། སོ་སོ་སྐྱེ་བོའི་གནས་སྐབས་སུ་དེ་བཞིན་ཉིད་མ་དག་སའི ་གླནས་སྐབས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་མིང་ཅན་ནོ།། མ་དག་པ་དང་དག་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་ལ་རབ་ཀྱི་རབ་ལོ་སོགས་པ་ཉོན་མོངས་པའི་རྣམ་པ་ཅི་རིགས་པར ་སྲིད་པའི་ཕྱིར་རོ།། ཤིན་ཏུ་དག་པ་ནི་སངས་རྒྱས་ཀྱི་སའོ།། ཡང་ནི་བྱང་ཆུབ་སེམས་དཔའི་ས་རྣམས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ས་བདུན་རྣམས་རྩོལ་བ་དང་བཅས་པའི་ཡིད་ལ་བྱེད་པ་ཉིད་ཡིན་པས་མ་དག་པའོ།། མི་གཡོ་བ ་ལ་སོགས་པ་ནི་ས་མ་དག་པའོ།། ཤིན་ཏུ་མཆོག་ཏུ་དག་པ་ནི་དེ་བཞིན་གཤེགས་པའི་སའོ།། ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་རྟོགས་པ་པོའི་སྒོ་ནས་རྣམ་པ་བཞི་གསུངས་ཏེ། འདི་ལྟ་སྟེ། རབ་ཏུ་དགའ་བ་ལ་དང་པོ་སེམས་སྐྱེད་པའི་བྱང ་ཆུབ་སེམས་དཔའོ།། དྲི་མ་མེད་པ་ལ་སོགས་བླ་དྷྲྀག་ལྔ་སྟོང་པ་ལ་ཞུགས་པ་སྟེ། ཉེ་བར་གློས་པ་མེད་པའི་སྤྱོད་པ་སྦྱང་བས་སོ།། མི་གཡོ་བ་ལ་ཕྱིར་མི་ལྡོག་པའོ།། ཆོས་ཀྱི་སྤྲིན་ལ་སྐྱེ་བ་གཅིག་གིས་ཐོགས་པོ་སྟེ། སངས ་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་ཐོགས་པའི་ཕྱིར་རོ།། འཕགས་པ་རྣམ་པརི་གྲོལ་བའི་སྡེ་ན་རེ། མོས་པས་སྤྱོད་པའི་ས་ལ་དང་པོ་ཐེག་པ་ལ་ཞུགས་པའོ།། རབ་ཏུ་དགའ་བ་ལོ་སོགས་པའི་ས་བདུན་ལ་སྤྱོད་པ་ལ ་ཞུགས་པའོ།། མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་ཕྱིར་མི་ལྡོག་པའོ།། ས་བཅུ་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ།། ཞེས་གསུངས་སོ།། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སེམས་སྐྱེད་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ལ་བྱུང་བའོ།། ས་བདུན་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་བྱུང་བའོ།། བརྒྱད་པ་ལ་སོགས་པ་རྣམས་ལ་རྣམ་པར་སྨན་པ་ལས ་བྱུང་བའོ།། སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་མེད་པའོ།། འཕགས་པ་ལོང་ཀར་གཤེགས་པའི་མདོ་ལས། ས་བདུན་རྣམས་ལྔ་སེམས་ཡིན་ནོ།། སྣང་བ་མེད་པའང་ས་བརྒྱད་འདིར།། ས་གཉིས་ལ་འདིར་རྣམ་པར་གནས།། ལྷག་མ ་ས་ནི་ང་ཡི་དངོས།། ཞེས་སོ།། སློབ་དཔོན་དབྱིག་གཉེན་གྱིས་ཡང་གཞུང་འགྲེལ་ལས་རྣམ་པ་ལྔར་བཀྲལ་ལོ།། འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའོ།། སྭ་དྲུག་ལ་རྩོལ་བ་བཅས ་པ་མཚན་མ་མེད་པ་ལ་གནས་པའོ།། བརྒྱད་པ་ལ་རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པའོ།། ས་གཉིས་པ་ངེས་པའི་སྤྱོད་པ་ལ་རབ་ཏུ་ཞུགས་པའོ།། དེའི་སྟེང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ།། ། ་ཞེས་སོ།། དེ་རྣམས་ལ་སོགས་པ་མཉམ་པ་མེད་པའི་རྩེ་བའི་རང་བཞིན་གྱི་སྐུ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་འདོད་པ་སྣ་ཚོགས་པ་གདུལ་བྱའི་བསམ་པོ་ལས་རྣམ་པར་བཞག་པ་མཐར་ཐུག་པ ་མེད་མོད་ཀྱི་གདུལ་བྱའི་བསམ་ངོ་ལས་དེ་རྣམས་ནི་མི་འགལ་བ་ཉིད་དོ།། འབད་པས་དོན་དུ་གཉེར་བར་བྱའོ།། གལ་ཏེ་ཡོད་མེད་ཐམས་ཅད་ལེགས་པར་གནས་བྲས་བཞག་གོ།། ད་ནི་སྐབས་སུ་བབ་པ་བརྗོད་པར་བྱའོ།། ། ་དེ་ནས་བར་ཆད་མེད་པའི་ལམ་གྱི་དེ་མ་ཐག་ཏུ་རྣམ་པར་གྲོལ་བའི་ལམ་གི་རང་བཞིན་འདུ་ཤེས་མེད་འདུ་ཤེས་མང་མིན་སྐྱེ་མཆེད་དུ་མི་མཐུན་པའི་ཕྱོགས་ཆུང་ངུའི་ཆུང་ངུ་རྣམ་པ་བདུན་ཅུ་རྩ་གཉིས་པའི་གཉེན་པོ་ཆེན ་པོའི་ཆེན་པོ་རྣམ་པ་བདུན་ཅུ་རྩ་གཉིས་པའོ།། ཉོནྡ་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པས་ཤིན་ཏུ་རྣམ་པར་དོག་པའི་ངོ་བོ།། ཉེར་གཅིག་པ་དང་ཉེར་གཉིས་པའི་སེམས་སྐྱེད་པ་དག་ནི་མཉམ་བཞག་དང ་རྗེས་ཀྱི་རང་བཞིན། ཀུན་ཏུ་བཟང་པོ་ཞེས་བྱ་བའི་མིང་བླ་དྭགས་གཞོན་ཀུན་ཏུ་འོང་།། སངས་རྒྱས་ཀྱི་ས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ངེས་འབྲས་བུའི་གནས་སྐབས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་བརྒྱད ་པའོ།། ཆོས་ནི་ལམ་སྟེ་མངོན་པར་རྟོགས་པ་བདུན་གྱི་ངོ་བོ།། ཆོས་ཀྱི་ཐོབ་བྱ་ལུས་ནི་ཆོས་སྐུའི་ཞེས་ཤེས་ནས། འདི་དག་རྟོགས་པ་ལས་བཅོམ་ལྡན་འདས་ནི་འབྲས་བུ་ལ་གནས་པ་མི་སློབ་པ་སྟེ། འཁོར་བ་དང ་མྱ་ངན་ལས་འདས་པ་མཉམ་པ་ཉིད་བདག་ཉིད་ཡིན་པས་སོ།། ཆོས་ཀྱི་སྐུ་དེ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། མཛད་པའོ།། དེ་ལ་སངས་རྒྱས་རྣམས་ཀྱི་སྐུ ་ནི་གསུམ་སྟེ། བཅོམ་ལྡན་འདསྔ་མ་ཆེན་མོ་ལས་གསུངས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཟག་པ་མེད་པའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ ་རྫོགས་པའི་སངས་རྒྱས་སུ་རིག་པར་བྱའི་ཞེས་ནི་ཆོས་ཀྱི་སྐུའོ།། གཞན་ཡང་ཆོས་དེ་རྣམས་ཉིད་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ། དེ་བཞིན་ཤེགས ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ། བླ་ན་མེད་པའི་དགའ་བ་མཆོག་ཏུ་དགའ་བ་བདེ་བ་ཉེ་བར་ལོངས་སྤྱད་པར་བྱ་བའི་ཆེད་དུ ་དམ་པར་གྱུར་པ་ཐེག་པ་ཆེན་པོའི་ཆོས་སྟོན་པར་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། གཞན་ཡང་ཆོས་དེ་རྣམས་ཉུང་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་རོ་སངས་རྒྱས་པ་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པོར་རྫོགས་པའི་སངས་རྒྱས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་དུས་ཐམས་ཅད་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན ་བྱེད་པ་ནི་སྤྲུལ་པའི་སྐུའོ།། དེ་ལ་ངོ་བོ་ནི་རང་བཞིན་ཏེ། རང་བཞིན་ཉིད་ནི་ངོ་བོའོ།། རང་བཞིན་ལ་བྱུང་བ་རྣམ་པར་དག་པའི་མཐའ་རབ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱི་སྐུའོ།། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རང་བཞིན ་མི་སྐྱེ་བ་མ་བྱས་པ་འདུས་མ་བྱས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱ་བྱ། སྒྲོ་བཏགས་པའི་སྤྲོས་པ་མ་ལུས་པ་ལོག་པ་རང་བཞིན་མེད་པ་ཉི་ཟུང་ཉིད་ཊཱི་འོ།། ཏཱ་པཱི་བཱ་དང་བྷཱ་བའི་རྐྱེན་བསྟན་པ་དག་ལས། ཆོས་ཉིད་ཀྱི་སྐུ་ནི་ཆོ་སྐྱའོ་ཞེས་བརྗོད།། འདི ་རྣམ་པར་རྟོགས་པ་ཐམས་ཅད་ནུབ་པ་ནི་མྱ་ངན་ལུས་འདས་པ་ཞེས་བརྗོད་།། རྒྱལ་པོ་ལ་གདམས་པ་རིན་པོ་ཆེ་ཕྲེང་བའི་རྣམ་འགྲེལ་ལས། ཆོས་ཉིད་ཀྱི་སྐུ་ནི་ཚེ་སྐུའོ།། དེ་ནི་ཆོས་ཐམས་ཅད་ཀྱི་ལུས་ཉིད་ཡིན་པས་འགྲོ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་རང ་བཞིན་ལ་མ་འདས་པའི་ཕྱིར་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐ~ཾད་ཀྱི་རྟེན་ཡིན་པ་ཉིད་ཀྱི་སྐུའོ།། རྟེན་གྱི་ངོ་བོ་ཡང་ཡོན་ཏན་ཐམས་ཅད་འཇུག་པ་ལྟ་བར་བྱའོ་ཞེས་གསུང་སོ།། དེ་ལྟར་ན་རྟེན་ཆོས་རྣམས་ཀྱི་ཆོས་ཉིད་ཀུན་རྫོབ་ཀྱིས་དེ་ལས ་བྱུང་བའམ་དེའི་བདག་ཉིད་ལསོ།། དེ་ཉིད་ཀྱིས་ཆོས་ཀྱི་སྐུའི་སྒྲས་ངོ་བོ་ཉིད་ཀྱི་སྐུ་བརྗོད་པའོ།། ངོ་བོ་ཉིད་ཀྱི་སྐུའི་སྒྲས་ཆོས་ཀྱི་སྐུ་བརྗོད་པའོ།། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་སོ་སོར་རང་རིག་པའོ།། གང་སྟོན་པ་རང་གིས་ཆོས་བསྟན་པ་ལས ་སོ་བཅུའི་དབང་ཕྱུག་རྣམས་ཟབ་པ་རྒྱ་ཆེ་བའི་ཆོས་བསྟན་པ་ཐོས་ནས་མཆོག་ཏུ་ཁཱ་ན་མྱ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་དགའ་བ་བྱེདེ་བྱ་ཉམསུ་མྱོང་བ་ནི་ལོངས་སྤྱོད། ཡང་དག་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའོ།། ཡང་ན ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་འཚིགས་ནས་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའོ།། ལོངས་སྤྱོད་པའི་ཆེད་དུ་ནུས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཡང་ན་ལོངས་སྤྱོད་པར་བྱ་བའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཡང་ན ་ལོངས་སྤྱོད་བའི་ཆེད་དུ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། རང་དོན་ཕུན་སུམ་ཚོགས་པའི་ངོ་བོ་གཞན་དོན་བྱེད་པ་མཚན་དང་དཔེ་བྱད་འབར་བའོ།། ཡང་ན། ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས ་ཡོངསུ་སྐྱོང་བར་བྱེད་པ་འམ། ཡང་དག་པར་མཉེས་པར་གསོལ་བར་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཡང་ན་འདིར་ཆོས་དེ་དག་བསྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་བརྗོད་བྱ་དག་ཉམ་སུ་མྱོང་བ་ལས་ཀུན་ཏུ་ལོང་སྤྱོད་པ་ནི ་ལོང་སྤྱོད་རྗེ་པཱི་སྐུའོ།། སྤྲུལ་པ་ནི་སྤྲུལ་པ་ཉིད་དེས་གྲུབ་པའི་སྐུ་ཏེ་སྤྲུལ་པའི་སྐུའོ།། དེ་ཡང་། ཐོད་དུ་ཐ~ཾད་ཀྱི་ཚེ་འཁོར་བ་ཇི་སྲིད་དུ་ན་མཁའ་ཇི་སྲིད་དུ་དུས་ཇི་ལྟ་བ་བཞིན་དུ་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བ་མ་ལུས་པ་ངེས་པར་ལེགས་པ་མ་ལུས་པ ་ཡང་དག་པར་སྒྲུབ་པ་ནི་སྤྲུལ་པའི་ལས་དང་སྤྲུལ་པའི་སྐུའོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་ངོ་བོ་རང་བཞིན་དོན་ཕུམ་སུམ་ཚོགས་པའོ།། ཞེས།། དེ་བཞིན་དུ་ཡང་། དགེ་བསྙེན་ཆེན་པོ་ཟླ་བའི་ཞལ་ནས། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་གསུངས ་པ། འདི་ཡི་ཆོས་སྐུ་དེ་བཞིན་ཉིད།། རྣམ་རྟོགས་རྣམས་ཀྱི་སྤྱོད་ཡུལ་མིན།། སེམས་ཅན་རྣམས་དང་དོན་རྣམས་ཀྱི།། རང་བཞིན་དེ་དག་གཉིསུ་མེད།། སྣ་ཚོགས་ངོ་བོའི་སྐུ་རྣམས་དང་།། འགྲོ་རྣམས་དེ་ཉིད་ངོ་བོ་རྣམས།། གང་དུ་རོ་གཅིག་འགྲོ་འགྱུར་བ།། རྒྱ་མཚོར་འབབ་པའི ་ཆུ་བོ་བཞིན།། རྣམ་པ་འདི་འདྲའི་སྐུ་དེ་ནི། སྐྱོབ་པ་རྣམས་ཀྱི་ཆོས་སྐུ་སྟེ།། རྣམ་པ་ཐ~ཾད་རྣམ་དག་པ།། རྫོགས་བྱང་ཆུབ་ཀྱི་སྤྱོད་ཡུལ་ཉིད།། དེ་ཡི་ནུས་པ་རང་ངང་གིས།། དུས་རྣམས་ཀུན་ཏུ་འཇིག་རྟེན་དུ། མཐའ་ཡས་དོན་རྣམས་བྱེད་པ་ནི། ཉི་མའི་འོད་ཟེར་ལྟ་བུའོ།། ། ་ལོངས་སྤྱོད་རྫོགས་པའི་དབང་དུ་བྱས་པ་ནི།། དམུས་ལོང་ལྟ་བུས་བདག་སྤངས་ནས།། རང་ཉིད་བསོད་ནམས་བས་གྲུས་ཅན་གྱིས།། དེ་ནཱཾ་གཅིག་པུ་གཅིག་ཅར་དུ།། ཉི་མ་ལྟ་བུར་ཀུན་གྱིས་མཐོང་།། བོན་པ་ལྟ་བུ་བདག་སྤངས་ནས།། བསྡད ་ནམས་ནོར་བསགས་སྙན་རྣམས་ཀྱིས།། དམ་ཆོས་བདུད་རྩིའི་བཅུད་ལྡན་ནོ།། དེ་ལ་དེ་རིང་ཡང་ལྡན་པ་ཉིད་ཞེས་སོ།། སྤྲུལ་པའི་སྐུའི་དབང་དུ་བྱས་པ་ནི། མཐའ་ཡས་ཕྱོགས་སུ་མཐའ་མེད་པའི།། སེམས་ཅན་ཐག་པ་གསུམ་གྱིས ་འདིར།། ཡང་དང་ཡང་དུ་རྣམ་དག་བྱེད།། ས་བོན་ཅི་བཞིན་བསམ་ཅི་བཞིན།། ཞེས་སོ།། དེས་ན་སངས་རྒྱས་རྣམས་ཀྱི་སྐུ་ནི་གསུམ་ཉིད་དོ།། བྱང་ཆུབ་ཕྱོགས་ལ་སོགས་པ་ཆོས་ཀྱི་ཕུང་པོ་ནི་ངོ་བོ་ཉིད་ཀྱིས་སྐུས་ཡོངས་སུ་བསྡུས་པ ་སྟེ། ཆོས་དང་ཆོས་ཉིད་དག་དབྱེ་བ་མེང་བའི་ཕྱིར་རོ།། ཀུན་རྫོབ་དུ་དེ་རྣམས་ཀྱི་མཚན་ཉིད་ཐ་དད་པའོ།། གཞན་དག་ཏུ་ཆོས་ཀྱི་ཕུང་པོ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུས་བསྡུས་སོ།། ཞེས་པའང་རུང་ངོ་།། ་ཁ་ཅིག་ན་རེ་བྱང་ཆུབ་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ནི་སྐུ་བཞི་པའོ།། ། ཞེས་ངེས་པར་འཆང་།། འདི་ནི་བསམ་པར་བྱའོ།། སྐུ་གསུམ་པོ་འདི་ནི་རྟག་པ་ཉིད་དེ།། དེ་ལ་ངོ་བོ་ཉིད ་སྒྲ་ནི་རང་བཞིན་གྱིས་རྟོག་པ་ཉིད་ཀྱིས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེང་བས་སོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པས་རྟག་པ་སྟེ། དང་པོ་ལྡན་ཡང་ཐ་མ་མེད་པས་སོ།། དེ་བཞིན་དུ་བྱང་ཆུབ་ཕྱོགས་ཀྱི་ཆོས ་ཀྱང་ངོ་།། སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་ཉིད་ཀྱིས་རྟག་པ་སྟེ། མི་སྣང་ཞིང་ནུབ་ཀྱང་ཡང་དང་ཡང་ངུ་བར་མེད་པས་ཡུལ་གྱི་དབྱེ་བས་རྟག་ཏུ་ཕྱིར་རོ།། ཡིན་ལ ་སྐུ་ནི་བཅོམ་ལྡན་འདས་ཀྱིས་དོན་དམ་པ་པའི་སྐུ་སྟེ། གང་ཡང་དག་པའི་དེ་བཞིན་ཉིད་རྣམ་པར་དག་པ་རབ་ཏུ་གྲུབ་པའོ།། ཁ་ཅིག་ཏུ་དེ་བཞིན་ཉིད་ཞེས་པ་དང་ཆེས་ཉིད་ཤེས་པ་ནི་གོ། སུ་དག་པ་དང་ཡོངས་པ་མ་དག ་ན་དབྱེ་བ་མེད་དོ་ཞེས་བསྟན་པའི་དོན་དུའོ།། གང་ཡང་ཆོས་ཀྱི་སྐུ་ལ་རག་ལས་པ་སངས་རྒྱསུ་བྱེད་པའི་ཆོས་བྱང་ཆུབ་ཕྱོག་ལ་སོགས་པ། ལོངས་སྤྱོད་རྫོགས་པའི་ས་དང་ས་རུ། རེགས་མ་ནི ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདུ་བྱས་པ་རང་བཞིན་མེད་པའི་ཆོས་ཉིད་ཀྱི་རང་གི་ངོ་བོའོ།། དེ་ལ་སངས་རྒྱས་བྱེད་པོའི་ཆོས་བྱང་ཆུབ་ཕྱོགས་ལ་སས་ནི་ཡང་པར་རྫོགས་པའི་སངས་རྒྱས་ཀྱི་དུང ་བའི་སྐུ་ནི་ས་བཅུ་པའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལོ།། སྤྲུལ་པའི་སྐུ་ནི་དེ་དང་གཞན་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ།། དེ་དེ་བཞིན་དུ་ཎ་སྤྱི་སྐུའིངོན་པར་རྟོགས་པ་རྣམས་སྐྱེང ་གསུམ་དུ་སྣང་བའོ།། དེ་ལ་སེམས་སྐྱེད་པ་ཉེར་གཅིག་པ་ནི་དངོས་གཞི་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་རྟོགས་པའོ།། སེམས་སྐྱེད་པ་ཉེར་གཉིས་པ་ནི་རྗེས་ཐོབ་པ་སྤྲུལ་རྣང་བའོ།། དེ་ན་ཆོས་སྐུ་ཉིད་ནི ་སྐུའི་སྣང་བ་བསྐྱེད་པར་བྱེད་པ། འཇིག་རྟེན་མ་ལུས་པའི་གཞན་དོན་རྫོགས་པར་བྱེད་པའོ།། སེམས་སྐྱེས་པ་དེ་གཉིས་ནི།། ཡེ་ཤེས་ལྔའི་རང་བཞིན་ཏེ། དེ་བཞིན་དུ་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། རྣམ་པ་ལྔས ་སངས་རྒྱས་ཀྱི་ས་སྤྱིར་བསྡུས་པར་རིག་པར་བྱའོ།། ལྔ་གྲང་ཞེ་ན་ཆོས་ཀྱི་དབྱིངས་རྣམ་པར་དྲུག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས།། འདིར་ཆོས ་དབྱིངས་རྣམ་པར་དག་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས། ཤིན་ཏུ་རྣམ་པར་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཞེས་པ་ནི་དོན་ཐ་དད་པ་མེད་དོ།། དེ་བཞིན་དུ་དངོས་བཞིའི་སེམས་བསྐྱེད་པ་ཡང་ཡེ་ཤེས་བཞིའི་བདག་ཉིད་དུ་རྣམ་པར་བཞག ་སྟེ། དེས་ན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མེ་ལོངངྒ་ལྟ་བུ་ཡེ་ཤེས་དག་ཆོས་སྐུ་རྟོགས་པའོ།། གང་དུ་མདོ་སྡེ་བརྒྱན་ལས། མེ་ལེང་ཡེ་ཤེས་ལོངས་སྤྱོད་རྫོགས་སངས་རྒྱས་ཞེས།། འདིར་ལོངས་སྤྱོད་རྫོགས་པའི་སངས ་རྒྱས་ཀྱི་རྒྱུ་ཉིད་ཡིན་པས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ་ཞེས་འགྲེལ་པ་བྱེད་པ་སོ།། དཱ་ནཱ་མེ་ལོང་ལྟ་བུ་ཡེ་ཤེས་ཉིད་ལས་མ་ལུས་པའི་ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་རབ་ཏུ་འཇུག་གོ་ཞེས་གསུངས།། མཉམ་པ་ཉིད ་དང་སོ་སོར་རྟོགས་པའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། རྗེས་ཀྱི་སེམས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་བྱ་བ་སྒྲུབ་པའི་ཡེ་ཤེས།། དེ་ལ་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི།། གང་བག་ཆགས་དང་བཅས་པའི ་སྒྲིབ་པ་རྣམ་པ་གཉིས་དང་བྲལ་བ་རྩེ་བ་ཤེས་རབ་གཉིས་མེད་པ་ཆོས་ཀྱི་དབྱིངས་རྟོགས་པ་རྫོགས་པ། སྤངས་དང་རྟོགས་པ་ཕུན་སུམ་ཆགས་པ། ཡང་དག་པའི་དོན་སྐེམ་པ་ཕུལ་ཏུ་ཕྱིན་པ་ལས་སྐྱེས་པ་ཡང ་དག་པོའི་དོན།། གསལ་བར་གྱུར་པ་ཉིད་ཀྱིས་མི་བསླུ་བའི་ཚད་མ་རྟོགས་བྲལ་མ་འཁྲུལ་པ་ཉིད་ཡིན་པས་མངོན་པ་སུམ་ཇི་ལྟ་བ་ཐམས་ཅད་མཁྱེན་པས་བཅོམ་ལྡན་འདསོ།། དེའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། གང་དུ་འཚམས ་མེད་པ་ཁམས་གསུམ་གྱི་རྡུལ་ཕྲན་སོ་སོ་དང་སེམས་དང་ཅིག་ཤོས་ཀྱི་དངོས་པོ་ཐམས་ཅད། ཇི་ལྟར་ཡུན་རིང་བ་དང་ཅིག་ཤོས་དང་དུས་འདས་པ་དང་མ་ཕོངས་པ་དང་དེ་ལྟར་བའི་དེ་ནས་སྐབས་སོ་སོར་མེ་ལོང་དུ་གཟུགས་ཤར་བ་བཞིན ་དུ་གསལ་བར་སོ་སོར་མེ་ལོང་དུ་གཟུགས་ཤར་བ་བཞིན་དུ་གསལ་བར་སོ་སོར་སྣང་།། དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། གང་གི་དེ་བཞིན་དུ་གཟུགས་བརྙན་ཤར་བའི་འགྲོ་བ་རྣམས་ཆོས་ལ་བདག་མེད་པ་མཉམ་པ་ཉིད་སྒྲུབས་ནས ་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་རབ་ཏུ་བརྙེས་པའོ།། དེ་ནས་སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་བཞིན་དུ་མཉམ་པར་བཞག་པ་ཉིད་བཅོམ་ལྡན་འདས་རྣམ་རྟག་མེད་ཀྱང་རང་གི་སྔོན་གྱི་སྨོན་ལམ ་དང་། སེམས་ཅན་གྱི་བསོད་ནམས་ཀྱི་བདག་པོ་ལས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་སོ་སོར་རྟོག་པ་ཉིད་དོ།། དེ་ནས་བྱ་བ་སྒྲུབ་པའི་ཡེ་ཤེས་ནི། གང་གིས་དེ་བཞིན་དུ་སོ་སོར་བརྟགས་པ་ཉིད་ཀྱིས་འགྲོ་བའི་བྱ་བ་རྗེ་སུ་སྒྲུབ་པའོ།། ་ཡེ་ཤེས་བཞི་པོ་དེ་རྣམས་ནི་རྟོགས་པ་ཕུན་སུམ་ཚོགས་པའོ།། དེ་བཞིན་དུ་མངོན་སུམ་ཇི་སྙེད་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས།། ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་གཟུགསུ་སྤྲུལ་ཏེ་གང་དམྱ། ་བ་རྣམས་ཀྱི་དམྱལ་བའི་མེ་སྦུབས་ནས། དུད་འགྲོ་རྣམས་ལ་རང་གི་ཤ་ལ་སོགས་པ་བྱིན་ཞིང་། ཡི་དགས་རྣམས་ལ་བཟའ་བཏུང་ལ་སོགས་པ་བྱིན་ཏེ། ཆོས་བསྟན་པས་སེམས་མངོན་པར་དང་བས།། དེ་རྣམས་ལྷ་མི་རྣམས་སྐྱེ་བར་བྱེདའོ།། ་ལྷ་རྣམས་ཀྱང་ཐེག་པ་དམན་པ་ལ་མོས་པ་རྣམས་ལ་ཆོས་བསྟན་པས་མངོན་པར་རབ་ཏུ་དང་བས་མི་རྣམསུ་སྐྱེས་པ་ནས་ཇི་སྲིད་དུ་ཉན་ཐོས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་བྱེད་པ་ནི་འགྲོ་བ་ཞི་བར་བྱེད་པའི་ལས།། གང་དག་མི་རྣམ་ལ་ཕྱི་དོང་ནང ་གི་བདག་ཉིད་ཀྱི་ཟང་ཟིང་གི་སྦྱིན་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་དང་། དོན་སྤྱོད་པ་དང་དོན་མཐུན་པ་རྣམས་ལ་སློབ་པར་བྱེད་པ་ནི་བསྡུ་བའི་དངོས་པོ་ལ་བཀོད་པར་བྱེད་པཱི་ལསོ། ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི ་སྒྲིབ་པ་དག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ནུབ་པར་གྱུར་པ་སྟེ། དེའང་གང་ཟག་དང་ཆོས་ལ་བདག་མེད་པ་ཤེས་པ་ལས་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་ལ་དགང་པའི་ལསོ།། ཅི་ལྟར་སྒྱུ ་མའི་རྣམ་པ་སྣ་ཚོགས་པས་དངོས་པོ་རྣམས་སྤྲུལ་ཏེ། སྒྱུ་མའི་དངོས་པོ་དེ་ཐམས་ཅད་ལ། རྫས་མེད་པ་ཞེས་འཇིག་རྟེན་རྣམས་མི་ཤེ་སོ་གཱས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་ཕུང་པོ་ལ་སོགས་པ་རྣམས་རང་བཞིན་སྟོང་པ་ཉི་དུ་རོ་གཅི ་པ་ཉི་བལྟའོ།། དོན་དམ་པར་ནི་སེམས་ཅན་མེད་ཅིང་སེམས་ཅན་དུ་བཏགས་པ་ཡང་མེད་དོ།། ཆོས་རྣམས་ནི་རང་བཞིན་སྟོང་པ་ཉིད་ཡིན་པསོ།། ཞེས་པ་ནི་སེམས་ཅན་གྱི་དོན་ཇི་ལྟ་བའི་བདག་ཉིད་ལས་དགོས་པའི ་ལསོ།། དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་། གཞན་ཡང་སྦྱིན་པ་ལ་སྦྱོར་བར་བྱེད་པའོ།། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་པ་ལ་སོགས་པ་སོགས་པ་བརྗོད་པར་བྱའོ།། ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པའི་ལ་མོ།། དེ་དག་དགེ་བ་བཅུ་ཡང་དག་པ ་བླངས་ཏེ་འཇུག་གོ་ཞེས་བྱ་ལ་སོགས་པ་ནི་སངས་རྒྱས་ཀྱི་ལམ་ལ་དགོད་པའི་ལསོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས། དེ་རྣམས་ཀྱི་མཐའ་གསུམ་དང་འབྲས་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་སྟོན ་བར་བྱེད་ཅིང་།། དེ་དག་སྒོམ་པར་བྱེད། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོའོ་ཞེས་པ་ནི་རང་བཞིན་སྟོང་པ་ཉིད་ལ་དགོད་པའི་ལསོ།། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟེ། དེ་ཉིད་ནི་རང་བཞིན་སྟོང ་ཉིད་ཞེས་པ་ནི། གཉིསུ་མེད་པའི་ཆོས་ལ་དགོད་པའི་ལསོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཅོམ་ལྡན་འདས་དོན་དམ་པར་ན་ཆོས་འགའ་ཞིག་ཉེ་བར་མི་དམིགསོ།། ཀུན་རྫོབ་དུ་ཆོས་རྣམས་མངོན་པར་རྫོགས་པར་བྱང་ཆུབ་ནས ་ཕུང་པོ་ཁམས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྟོན་པ་ནི་བརྡའ་ཅན་གྱི་ཤེས་པ་ལ་དགོས་པའི་ལསོ།། གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་ལ་སོག་པ་ཆོས་རྣམས་ལ་སྤྱོད་ཅིང་དེ་རྣམས་ཀྱི ་མཐའ་གསུམ་དང་འབྲས་བུ་དག་ཉེ་བར་མི་དམིགས་པ། དེའི་ཚེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེ་དུ་ནུས་པའོ་ཞེས་པ་ནི་མི་དམིགས་པ་ལ་དགོད་པའི་ལསོ།། གང་གི་ཚེ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན ་དོན་དམ་པར་སེམས་ཅན་ཉེ་བར་མི་དམིགས་ཏེ། དེ་ལྟར་ཡིན་ཡང་ཀུན་རྫོབ་དུ་སེམས་ཅན་རྣམས་དངོས་པོ་ལ་མངོན་པར་ཞེན་པས་ཀུན་ནས་ཉོན་མོངས་པར་བྱེད་དོ།། དེ་དེའི་དེ་དག་སྤང་བའི་ཆེ་དུ་ཐེག་པ་གསུམ་ལ་ཡོངས་སྨིན་པར་བྱེད་ཞེས་པ ་ནི། སེམས་ཅན་ཡོངསུ་སྨིན་པ་ལ་དགོད་པའི་ལསོ།། དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རེ་རེ་ལ་སྤྱོད་ཅིང་དཀར་པོའི་ཆོས་ཐ་དང་ཆོས་ཅད་སྟོང་པ་ཉིད་ལ་སེམས་ཅན་རྣམས་སློབ་པར་བྱེད་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པའི་ལསོ།། ། ་དེ་འདི་ལྟར་ཡོངས་སུ་རྟོག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ནི་མ་ཡིནོ།། སྦྱིན་པ་ལ་སོགས་པ་ལ་སྤྱད་པར་བྱ་ཞིང་དེ་ལའམ་དེའི་འབྲས་བུ་ལ་རློམ་པར་མི་བྱའོ།། ཞེས་པ་ནི་མངོན་པར་ཞེན་པ་ཐམས ་ཅད་སྤོང་བ་ལ་དགོད་པའི་ལསོ།། བྱང་ཆུབ་ཉིད་ནི་ལམ་ཡིན། ལམ་ཉིད་ནི་བྱང་ཆུབ་བོ།། དེས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་མི་འགྱུ་རོ།། དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་རྫོགས་ནས་གང་གི་ཚེ་རྫོགས་པའི་བྱང་ཆུབ་ཏུ་ལྷག ་པར་བགྲོད་པ་དེའི་ཚེ་དེ་བཞིན་གཤེགས་པ་ཉིད་དོ་ཞེས་པ་ནི་བྱང་ཆུབ་ཐོབ་པ་ལ་དགོད་པའི་ལསོ།། དེ་ཕུང་པོ་སྐྱེད་མཆེད་ལ་སོགས་པ་ཆོས་ཐམས་ཅད་འདུ་ཤེས་གནས་ངན་ལེན་བཟློག་ཅིང་བདག་དང་གཞན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོ ་ཐམས་ཅད་འཇོག་པར་བྱེད་དོ།། དགེ་བ་དེ་དག་རང་གི་དང་གཞན་གྱི་རྫོགས་པའི་བྱང་ཆུབ་ཏུ་དང་རང་གི་སངས་རྒྱས་ཞིང་ཡོང་སུ་དགུ་པ་དག་དུ་ཡོངསུ་བསྔོ་བར་བྱེད་ཅིང་སྨོན་ལམ་ཡང་འདེབས་པར་བྱེད་དོ།། ཞེས་པ་ནི། ་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ལ་དགོད་པའི་ལ་སོ།། བྱང་ཆུབ་སེམས་དང་པོ་སེམས་སྐྱེད་པ་ཉིད་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད་ཡིནོ།། ངེས་པ་ན་ངན་སོང་དུ་སྐྱེ་བ་མེད་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་དགོད་པའི་ལསོ།། དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཕྱོགས་བཅུ་གྲངས་མེད་པའི་འཇིག་རྟེན་ཁམསུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་གོས་པ་མེད་དེ། སྟོང་པ་ཉིད་ལ་གནས་པས་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་གནས་པ་ཡིན་ཏེ། ཆོས་ཐམས་ཅད ་ལས་སྟོང་པ་ཉིད་གཞན་ཉིད་མེད་པ་སོ་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་དོན་ལ་དགོད་པའི་ལསོ།། དེ་འདི་བཞིན་དུ་དཔྱོད་པར་བྱེད། གང་དག་གངྒཱའི་རླུང་གི་བྱེ་མ་དང་མཉམ་པའི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་དང་། གང་དག་དེ་རྣམས་ཀྱི ་དེ་བཞིན་གཤེགས་པ་དང་། དེ་རྣམས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དོ།། གང་ཚེ་ཡང་འགའ་ཞིག་སྟོང་པ་ཉིད་མ་ཡིན་པར་གྱུར་ན་དེ་ཉི་ཚེ་བར་འགྱུར་རོ།། དེས་ན་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱི་སྟོང་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་གནས་ཏེ་མངོན་པར་ཤེས་པ་དྲུག་མངོན་པར་སྒྲུབས་པར་བྱེདདོ་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཉེ་བར་བགྲོད་པ་ལ་སོགས་པ་ལ་དགོད་པའི་ལས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཡན་ལག་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནས ་སངས་རྒྱས་ཀྱི་ཆོས་མ་འདྲེས་པཱི་བཱ་དུ་ཞེས་པ་ནི་བྱང་ཆུབ་ཡན་ལག་ལ་དགོད་པའི་ལསོ།། གང་གི་ཚེ་ཡང་དོན་དམ་པར་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པའོ།། དེ་ལྟར་ན་ཡང་ཀུན་རྫོབ་ཏུ་ལས་ཡོད་དེའི་འབྲས་བུ་དང་། ཡོད་དོ།། སེམས ་ཅན་རྣམས་ཀྱིས་ཆོས་རྣམས་རང་གི་མཚན་ཉིད་སྟོང་པ་ཉིད་མི་ཤེསོ།། མ་ཤེས་པས་གང་ཟག་དང་ཆོས་དག་ཏུ་རྟོག་པར་བྱེད་ཅིང་ལས་མངོན་པར་འདུ་བྱེད།། དེས་ཉེས་པར་སྤྱད་པས་ངན་སོང་གསུམ་ཏུ་ལྟུང་ངོ་།། ལེགས་པར་སྤྱོད་པས་ལྷ ་དང་མི་རྣམསུ་ཉེ་བར་སྐྱེའོ།། ཁ་ཅིག་ཡང་གང་ཟག་ལ་བདག་མེད་པ་རབ་ཏུ་གོམས་པས་བདེ་འགྲོ་དང་ངན་འགྲོ་སྤངས་ནས་མྱ་ངན་ལས་འདའ་བར་འགྲོ་བར་འགྱུརརོ།། བྱང་ཆུབ་སེམས་དཔའ་ནི་བདག་མེད་གཉིས་རྣམ་པར་གོམས་ནས་ཕ་རོལ་ཏུ ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་རྣམས་ཡོངསུ་རྫོགས་པར་བྱས་ནས་རིམ་གྱིས་བཅུ་བགྲོད། སྐད་ཅིག་གཅིག་ཡང་དག་པར་ལྡན་པའི་ཤེས་རབ་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་བཅོམ་ལྡན་འདསུ་འགྱུར་རོ་ཞེས་པ་ནི ་ལས་དང་འབྲས་བུ་འབྲེལ་པ་རྣམ་པར་མ་ཉམས་པ་ལ་དགོད་པའི་ལསོ།། བྱང་ཆུབ་སེམས་དཔའ་ནི་བདེན་པ་ཤེས་པས་མྱ་ངན་ལས་འདའ་བ་མ་ཡིན་ཏེ། དེ་ལྟ་མེད་ཀྱི་བདེན་པ་བཞི་རང་བཞིན་མེད་པ་ཉིད་ཀྱིས་སྡུག་བསྔལ་ཡོངསུ་ཤེསོ།། ཀུན ་འབྱུང་བ་རབ་ཏུ་སྤངསོ་འགོག་པ་མངོན་དུ་བྱེད་དོ།། ལམ་སྒོམ་པར་བྱའོ་ཞེས་པ་ནི་བདེན་པ་བཞི་ལ་དགོད་པའི་ལསོ།། རྟག་པ་བདེ་བ་བདག་བདག་གི་ཕྱིན་ཅི་ལོག་བཞི་ནི་གང་ཟག་ལ་བདག་མེད་པའི་མཐུན་ཕྱོགསོ།། དངོས་པོ་ལ་མངོན་པར་ཞེན་པ་ནི་ཆོས་ལ ་བདག་མེད་པའི་མཐུན་ཕྱོགསོ།། ཞེས་ཕྱིན་ཅི་ལོག་ལ་དགོས་པའི་ལསོ།། ཕྱིན་ཅི་ལོག་གིས་སེམས་ཅན་རྣམས་ལས་མངོན་པར་འདུ་བྱེད་དོ།། དེ་ནས་ཐ་སྙད་ཀྱི་འཇིག་རྟེན་རྣམས་ཀུན་ནས་ཉོན་མོངས་པ་དང་། ་དོན་དམ་པར་ན་ཕྱིན་ཅི་ལོག་ནི་དངོས་པོ་མེད་པ་ཉིད་ཤེས་པ་དགོད་པའི་ལསོ།། གང་ཆོས་ཐམས་ཅད་ཀྱི་ཉམས་པ་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་མྱ་ངན་ལས་འདས་པའོ།། ཞེས་པ་ནི་རྣམ་པར་བྱང་བ་ལ་དགོད་པའི་ལསོ།། ་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་རབ་ཏུ་སྤང་བའི་ཚེ་དུ་བྱང་ཆུབ་སེམས་དཔའ་ཚོགས་སོན་པ་ལ་སྤྱོད་ཅིང་ཇི་སྲིད་མངོན་པར་རྫོགས་པར་བྱང་ཆུབ་ནས་སེམས་ཅན་ཡོངསུ་སྨིན་པར་བྱེདའོ་ཞེས་པ་ནི་རྣམ་པར་བྱང་བ་དང་ཚོགས་ལ ་དགོད་པའི་ལསོ།། ཆོས་ཉིད་ནི་མཉམ་པ་ཉིད། ཆོས་ཉིད་ལ་ཐ་དད་པ་ཉིད་ཡོད་པ་མ་ཡིནོ།། དེ་ནི་འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིནོ།། གང་འདུས་བྱས་ཀྱི་དབྱིངས་དང་འདུས་མ་བྱས་ཀྱི་དབྱིངས་དག་ཀུན་ཏུ་ལྡན་པ་ནི་མ་ཡིན་ཞིང་མི་ལྡན ་པ་མ་ཡིན་མཚན་མེད་ཉིད་དག་མེད་པའོ་ཞེས་འདུས་བྱས་དང་འདུས་མ་བྱས་ཐ་དད་མེད་པས་ཤེས་པ་ལ་དགོད་པའི་ལསོ།། ཆོས་ཐམས་ཅད་རླུང་བཞིན་གྱིས་སྟོང་པ་སྟེ་དེ་དེ་བཞིན་གཤེགས་པས་མ་བྱས་པ་གང་དག་རང་བཞིན་སྟོང་པ་ཉིད ་སྟོང་པ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པར་མཆོག་ཏུ་འཛིན་པ་ཟད་པས་མྱ་ངན་ལས་འདའོ་ཞེས་པ་ནི་མྱ་ངན་ལས་འདའ་བ་ལ་དགོད་པའི་ལསོ།། ཕྲིན་ལས་ནི་ཀུན་སྤྱོད་དོ།། དེའི་ཁྱབ་པ་ཉིད་ནི་ཕྱོགས་བཅུ་འཇིག་རྟེན་ཁམསུ་གནས་པའི་སེམས ་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་སྣོད་ཇི་ལྟ་བ་བཞིན་དུ་རྣམ་པར་ཐར་པ་མེད་པས་ན་མཁའ་ཇི་སྲིད་དུ་འཇུག་པའོ་ཞེས།། །། གཞན་དག་ནི། འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་མངོན་པ་ཞེ་པའི་གནས་སྐབས་མ་ཡིན་པའི ་མཚན་ཉིད་ནི་འགྲོ་བ་ཞི་པའི་ལས་དང་། བསྡུ་བའི་དངོས་པོ་བཞི་ལ་དགོད་པའི་ལས་དང་། ཐོས་པའི་རང་བཞིན་ལ་སོགས་པས་ཤེས་པས་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྤང་བྱ་དང་སྤང་བྱའི་སྒོ་ནས་རྟོགས་པའི་སྒོ་ནས་ཉོན་མོངས་པའི་རྣམ་པར ་བྱང་བ་རྟོགས་པ་ལ་དགོད་པའི་ལས་དང་། གཞན་དོན་དུ་བྱམས་པ་ལ་སོགས་པའི་མཚན་ཉིད་ནི་སེམས་ཅན་གྱི་དོན་ཇི་ལྟ་བཱི་བདག་ཉིད་ལ་དགོད་པའི་ལས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པ་ལ་དགོད་པའི་ལས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། ་སངས་རྒྱས་ཀྱི་ལམ་ལ་དགོད་པའི་ལས་དང་། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་གོམས་པ་ལ་དགོད་པའི་ལས་དང་། སྦྱིན་པ་ལ་སོགས་པའི་མཐུས་ས་དང་པོ་ལ་ཐམས་ཅད་ཆོས་དབྱིངས་མངོན་དུ་རྟོགས་པའི་མཚན་ཉིད་གཉིས་ཟད་པ་ལ་དགོད ་པའི་ལས་དང་། ས་གཉིས་པ་ལ་སོགས་པ་ལ་ཚོགས་ཡོང་སུ་རྫོགས་པའི་རྒྱུར་གྱུར་པ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་བརྡར་བཏགས་པའི་ཤེས་པ་ལ་དགོད་པའི་ལས་དང་། ཤེས་རབ་ཕ་རོལ་ཕྱིན་པའི་མཐུས་ས་དྲུག་པ ་ལ་ཤེས་པ་ཤེས་བྱ་སྒོམ་པ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་མི་དམིགས་པ་ལ་དགོད་པའི་ལས་དང་། བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངསུ་སྨིན་པ་ལ་དགོད་པོའི་ལས་དང་། བརྒྱད་པ ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་ཉན་ཐོས་ལ་སོགས་པ་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པའི་ལས་དང་། ས་དེ་ཉིད་ལ་སྒོམ་པ་མངོན་པར་ཞེན་པ་སྤོང་བ་ལ་འགོད་པའི་ལས་དང་། ་དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ནུས་པ་ལས་བྱང་ཆུབ་ཡང་དག་པར་ཐོབ་པ་ལ་འགོད་པའི་ལས་དང་། བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ལས་སངས་རྒྱས་ཞིང་རྣམ་པ་གཉིས་ཡོངསུ་སྦྱོང་བ་ལ་འགོད ་པའི་ལས་དང་། ས་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་ལ་འགད་པ་འགོད་པའི་ལས་དང་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་དོན་ལ་འགོད་པའི་ལས་དང ་འཇིག་རྟེན་ཁམས་ཐད་དུ་སངས་རྒྱས་ཉེ་བར་འཆགས་པ་ལ་སོགས་པའི་ཡོན་ཏན་ལོ་འགོད་པའི་ལས་དང་། དེ་ཉིད་ཀྱི་ཁྱད་པ་ཀྱིལ་གྱི་རང་བཞིན་ལ་བྱང་ཆུབ་མ་ལུས་པ་ཐོབ་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཡན་ལག་ལ་འགོད་པའི ་ལས་དང་། ལས་འབས་འབྲེལ་པ་རྣམ་པར་མི་ཉམས་པ་ལ་འགེད་པའི་ལས་དང་། དངོས་པོ་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་རྟོགས་པ་ལ་འགོད་པའི་ལས་དང་། ཕྱིན་ཅི་ལོག་ཐམས་ཅད་སྤོང་བ་ལ་འགོད་པའི་ལས་དང་། དངོས་པོ་མེད ་པའི་ཕྱིན་ཅི་ལོག་སྤོང་བའི་ཤེས་པ་ལ་འགོད་པའི་ལས་དང་། བྱང་ཆུབ་སེམས་དཔའ་རང་བཞིན་ཡོང་སུ་དག་པའི་མཚན་ཉིད་རྣམ་པར་བྱང་བ་ལ་འགོད་པའི་ལས་དང་། དྲི་མ་ཐམས་ཅད་དང་བྲལ་བ་རྣམ་པར་བྱང་བའི་རྒྱུ་ཚོགས་སོག་པ ་ལ་བགོད་པའི་ལས་དང་། རང་བཞིན་གྱིས་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་རྣམ་པར་ཐ་དད་མེད་པ་ཡོངསུ་ཤེས་པ་ལ་འགོད་པའི་ལས་དང་། དེ་བཞིན་གཤེགས་པའི་ས་ལ་མྱ་ངན་ལས་འདའ་བ་ལ་འགོད་པའི་ལསོ་ཞེས་ཟེར ་པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལ་ཤེས་རབ་ཕ་རོལ་ཕྱིན་པའི་དོན་སྒོམ་པ་རྣམ་པར་ངེས་པ་ཞེས་བྱ ་བ་ལེའུ་ཉི་ཤུ་བདུན་པའོ།། །། དེ་ཡང་ཟག་པ་མེད་པའི་དབྱིངས་ནི་ཆོས་སྐུ་སྟེ་གང་གི་ཟག་པ་མེད་པའི་ཆོས་རྣམས་ཀྱི་ཆོས་ཉིད།། ཟག་མེད་ཆོས་དེ་ནི་བཅོམ་ལྡན་འདས་མ་ཆེན་མོ་གཉིས་ལས་རྣམ་པ་ཉེར་གཅིག་གསུངས་ཏེ། འདི་ལྟ་སྟེ། ་བྱང་ཆུབ་ཕྱོགས་དང་ཚད་མེད་པ། རྣམ་པར་ཐར་པ། མཐར་གྱིས་རྣམ་པར་གནས་པའི་སྙོམས་པར་འཇུག་པ་དང་། ཟད་པར་དང་། ཟིལ་གནོན་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ། སྨོན་ལམ་ཤེས་པ་དང་། མངོན་ཤེས། སོ་སོར་ཡང་དག ་རིག། རྣམ་པ་ཐམས་ཅད་དག་པ། དབང་གྱུར། སྟོབས་མི་འཇིགས་པ། བསྲུང་བ་མེད་པ། དྲན་པ་ཉེར་བཞག་བསྙེལ་བ་མེད་པའི་ཆོས་ཉིད། བག་ཆགས་ཡང་དག་པར་བཅོམ་པ། སྙིང་རྗེ་ཆེན་པོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ། རྣམ་པ ་ཐམས་ཅད་མཁྱེན་པའོ།། ཆོས་དེ་རྣམས་ཀྱི་ཕུང་པོ་ནི། ཆོས་སྐུ་སྟེ། ཆོས་ཉིད་ཀྱི་སྐུ་ནི་མ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་ཕྱོགས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སུམ་ཅུ་བདུ་ནོ།། ཚད་པ་མེད་པ་ནི་བཞི་སྟེ། འདི་ལྟ་སྟེ། བྱམས ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས།། རྣམ་པར་ཐར་པ་བརྒྱད་ནི། འདི་ལྟ་སྟེ། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་ཅན་མ་ཡིན་པ་ཕྱི་རོལ་གྱི་གཅ ་རྣམས་ལ་ལྟ་བ་འདི་ནི་གཉིས་པའོ།། སྡུག་པའོ་ཞེས་ལྷག་པར་མོས་པར་འགྱུར་བ་འདི་ནི་གསུམ་པའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་བཞི་པའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྣམ་པར་ཐར་པ་ནི་ལྔ་པའོ།། ཅི་ཡང ་མེད་པའི་སྐྱེ་མཆེད་རྣམ་པར་ཐར་པ་ནི་དྲུག་པའོ།། འདུ་ཤེས་མེད་མིན་སྐྱེ་མཆེད་རྣམ་པར་ཐར་པ་ནི་བདུན་པའོ།། འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་པར་ཐར་པ་བརྒྱད་པའོ།། མཐར་གྱིས་གནས་པའི་སྙོམས་པར་འ ་པདགུ་སྟེ། འདི་ལྟ་སྟེ། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ།། ཟད་པར་བཅུ་སྟེ། འདི་ལྟ་སྟེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ། ཟད་པར་རླུང་། ཟད་པར ་སྔོན་པོ་དང་། ཟད་པར་སེར་པོ། ཟད་པར་དམར་པོ། ཟད་པར་དཀར་པོ། ཟད་པར་ན་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ངོ་།། ཟིལ་རྫིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། འདི་ལྟ་སྟེ། ནང་གཟུགས ་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཅིང་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ།། ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆེན་པོར་གྱུར་པ་རྣམས་ཟིལ་གྱིས་མནན ་སྟེ་རྫ་དུནས་བྱ་འཐུ་བ་འདོན་གཉིས་པའོ།། རླུང་གཟུགས་མེད་བྱ་ར་ཤེས་པས་ཕྱི་རོལ་གཟུགས་རྒྱུང་དུས་སྐྱེ་ས་ཀྱིས་ཀུན་ན་ནས་ཤླེ་ཤིང་སྒྲུ་བ་འདུན་གསམ་ཐུར།། དྲ་ངྐཞིན་དྲུ་ན་མ་ནས་ད་རཱ། ་བཞི་པའོ།། ནང་གཟུགས་མེད་པས་ཕྱི་རོལ་གཟུགས་སྔོན་པོ་ལ་ལྟ་སྟེ། དེ་དག་ཞེས་པ་ལ་སོགས་པ་སྔོན་བཞིན་ཏེ་ལྔ་པའོ།། དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་པའོ།། དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན་པའོ།། དེ་བཞིན་དུ་དཀར་པོ ་ཞེས་པ་ནི་བརྒྱད་པའོ།། ཉོན་མོངས་པ་ནི་འཐབ་རྩོད་ལ་སོགས་པ་སྟེ། འདྲིར་ནི་རྩེད་པའི་རྒྱུ་ཉོན་མོངས་པ་རྩོད་པའོ།། བདག་དམིགས་པས་འདི་རྣམས་ཀྱི་རྩོད་པ་མི་སྐྱེ་བར་བྱའོ་ཞེས་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། སྔོན་གྱི་སྨོན་ལམ ་གྱི་སྟོབས་ཀྱིས་གང་ལས་བཞེངས་ནས་གྲོང་ལ་སོགས་པར་ཞུགས་ཏེ་དེ་དམིགས་པས་དེ་ནི་འཁོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མི་སྐྱེ་བ་དེ་ནི་ཉོན་མོངས་པ་མེད་པའོ།། དེ་དག་ཉན་ཐོས་ལ་ཡང་ཡོད་མོད་ཀྱི། ཉན་ཐོས་དང་རྫོགས་པའི ་སངས་རྒྱས་ངག་གི་ཉོན་མོངས་པ་མེད་པ་དེ་དག་ནི་ཕྲིན་ལས་ཁྱད་པར་ཡོད། དེ་ཡང་། ཉན་ཐོས་ཀྱི་ཉེན་མོངས་པ་མེད་པ་ནི། གྲོང་ལ་སོགས་པར་མཐོང་ནས་སེམས་ཅན་གང་རྣམས་ཀྱི་ཉོན་མེད་པ་སྐྱེ་བར་འགྱུར་མོད་ཀྱི། དེ་རྣམས་ཀྱི་མཐོང་བ་ཉིད་རྣམ་པར ་སྤོང་ངོ་།། དེ་བཞིན་གཤེགས་པ་ནི་མཐོང་བར་གྱུར་ནས་ཀྱང་། དེ་རྣམས་ཀྱི་ཉོན་མོངས་པའི་རྒྱུན་ཉིད་ཡང་དག་པར་གཅོད་པར་བྱེད་ཀྱི། མཐོང་བ་ནི་མ་ཡིནོ།། ཁ་ཅིག་ཉོན་མོངས་པའི་རྩོད་པ་འགེགས་པ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི། མཐོང་བ་ན་མི ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བ་རྣམས་རྣམ་པར་སྤོང་ངོ་།། དེ་བཞིན་གཤེགས་པ་རྣམས་ཀྱི་ནི་སེམས་ཅན་གཞན་རྣམས་ཀྱི་སྣང་ཉོན་མོངས་བྱའི་སྤྱན་ཡང་དག་པར་གཅོད་པར་བྱང་ཞེས། སྲས་པ་ཐམས་ཅད ་ནིརྩོང་པ་སྟེ། དེ་རྣམས་དངོས་པོར་མེད་པས་རྣམ་པར་མི་རྟོགས་པའི་སྙོམས་པར་འཇུག་པ་ནི་ཉིན་མོངས་པ་མེད་པའོ།། འདི་ནི་ཤེས་པར་བྱ་ཞེས་སྨྱོན་པའི་ཆེ་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་གང་འཇིག་རྟེན་སྐྱེ་འགག་ལ་སོགས་པ ་མཁྱེན་པ་སྐྱེ་བ་དེ་ནི། ཉན་ཐོས་རྣམས་ཀྱི་སྨོན་པ་མཁྱེན་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་པ་མཁྱེན་པ་ནི་རྣམ་པར་རྟོག་པ་མེད་པས་རྩོལ་བ་མེད་པའོ།། བལྟོས་པ་མེད་པའི་ཕྱིར་མ་ཆགས་པའོ།། ཐམས་ཅད་ཐོགས་པ་མེད་པས ་གེགས་མེད་པའོ།། སེམས་རྟག་ཏུ་མཉམ་པར་བཞག་ཏེ་གནས་པས་དུས་ཐམས་ཅད་དུ་གནས་པ་དང་ལན་ཐམས་ཅད་འདེབས་པར་བྱེད་པའོ།། མངོན་པར་ཤེས་པ་དྲུག་སྟེ། འདི་ལྟར། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིགྲི ་མངོན་པར་ཤེས་པ་དང་།། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྐྱོན་གནས་རྗེ་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ།། སོ་སོ་ཡང་དག་པར་རིག ་པ་བཞི་ནི་འདི་ལྟ་སྟེ། དོན་སོ་སོར་ཡང་དག་པར་རིག་པ་དང་། ཆོས་སོ་སོར་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོར་ཡང་དག་པར་རིག་པའོ།། ཡོང་སུ་དག་པ་བཞི་ནི་འདི་ལྟ་སྟེ། རྟེན་ཡོང ་སུ་དག་པ་དང་། དམིགས་པ་ཡོང་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོང་སུ་དག་པའོ།། དེ་ལ་རང་གི་ཉོན་མོངས་པ་ཐམས་ཅད་ཀྱི་གནས་ངན་ལེན་གྱི་བག་ཆགས་རྣམས་ཀྱི་རྟེན་ལས་ཤིན་ཏུ་མེད་པར་བྱས་ནས། བདག་གིས ་དངོས་པོའི་ཇི་ལྟར་འདོད་པ་བཞིན་དུ་ལེན་པ་དང་གནས་པ་དང་འཕྲོ་བ་དམིགས་པ་རྣམས་ཀྱི་སྤྲུལ་པ་དང་ཡོངསུ་སྒྱུར་བ་དང་གྲངས་རྣམས་ལ་དབང་དུ་གྱུར་པ་ནི་རྣམ་པ་ཐམས་ཅད་དམིགས་པ་ཡོངསུ་དག་པའོ།། སྔོན་བཞིན་དུ་སེམས་ཐམ ་ཅད་གནས་ངན་ལེན་བྲལ་བ་དང་སེམས་རྣམ་པ་ཐམས་ཅད་དགེ་བའི་རྩ་བ་ཉེ་བར་འཕེལ་བ་ནི་རྣམ་པ་ཐམས་ཅད་སེམས་ཡོངས་སུ་དག་པའོ།། སྔོན་བཞིན་དུ་མ་རིག་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་བྲལ་བས་ཤེས་བྱ་དང་ཤེས ་པ་ལ་དབང་དུ་གྱུར་པ་ནི་རྣམ་པ་ཐམས་ཅད་ཡེ་ཤེས་ཡོང་སུ་དག་པའོ།། དབང་བཅུ་སྟེ་འདི་ལྟ་སྟེ་ཚེ་འཇོག་པས་དང་། ཡོངསུ་སྤོང་བས་ཚེ་ལ་དབང་བའོ།། འདི་ལྟ་སྟེ། ཚེའི་ཚད་བརྗོད་དུ་མེད་པའི་སྐལ་བར་བྱིན་གྱིས་རློབས་པ་ལ ་སོགས་པའོ།། ཇི་ལྟར་འདོད་པར་བསམ་གཏན་ཏིང་ངེ་འཛིན་སྙོམས་པར་འཇུག་པ་ལ་སོགས་པས་དང་། སྙོམས་པར་འཇུག་པ་ལས་བཞེངས་པས་སེམས་ལ་དབང་བའོ།། འཇིག་རྟེན་ཐམས་ཅད་བརྒྱན་བཀོད་པ་དུ་མས་རབ་ཏུ་རྒྱན་པ ་ཉི་དུ་བྱིན་གྱིས་རློབ་པ་ལ་སོགས་པ་ཀུན་ཏུ་སྟོན་པས་ཇི་ལྟར་འདོད་པ་ཕན་འདོགས་པ་རྣམས་ཉེ་བར་གནས་པས་ཡོ་བྱད་ལ་དབང་བ་དང་། ཇི་ལྟར་འདོད་པ་ལུས་དང་ངག་གི་ལས་གྲུབ་པས་དང་དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན ་པ་བྱིན་གྱིས་བརླབས་ཀུན་ཏུ་སྟོན་པས་ལས་ལ་དབང་བ་དང་། སྐྱེ་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་སྐྱེ་བས་སྐྱེ་བ་ལ་དབང་བའོ།། ཇི་ལྟར་འདོད་པ་མངོན་པར་ཤེས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད ་རྣམ་པར་འགྱུར་བ་ཀུན་ཏུ་སྟོན་པ་ལ་སོགས་པ་ནི་རྫུ་འཕྲུལ་ལ་དབང་བའོ།། སྨོན་ལམ་ཕུན་སུམ་ཚོགས་པས་སྨོན་ལམ་ལ་དབང་བའོ།། གང་ཇི་ལྟ་བ་ཉིད་དུ་མོས་པ་དེ་ཁོ་ན་བཞིན་དུ་འབྱུང་བ་འདི་ནི་མོས་པ་ལ་དབང་བའོ།། འདི་ལྟར ་འཇིག་རྟེན་ཁམས་ཐམས་ཅད་སངས་རྒྱས་ཡོངསུ་གང་བ་ཀུན་ཏུ་སྟོན་པ་ལ་སོགས་པའོ།། གང་ཉིད་ཤེས་པར་འདོད་པ་དེ་ཉིད་ཤེས་པ་འདི་ནི་ཡེ་ཤེས་ལ་དབང་བའོ།། འདི་ལྟར་སྟོབས་མི་འཇིགས་པ་སངས་རྒྱས་ཆོས་མ་འདྲེས་པ་མཚན ་བཟངས་དཔེ་བྱད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་ལ་སོགས་པའོ།། མདོའི་སྡེ་ལ་སོགས་པ་རྣམ་པར་བཞག་པ་ལ་མཁས་པ་ནི་ཆོས་ལ་དབང་བའོ།། མི་འཇིགས་པ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མངོན་པར་རྫོགས ་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང་། ངེས་པར་འབྱུང་བ་ལ་མི་འཇིགས་པའོ།། བསྲུང་བ་མེད་པ་གསུམ་སྟེ། འདི་ལྟ ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་དག་པ་སྟེ། དེ་ལ་ལུས་ཀྱི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ཉིད་དེ། གང་ཁ་ཅིག་གཞན་གྱིས་མི་ཤེས་པར་བྱ་བ་ཡོངསསུ་འཆབ་པར་བྱ་བར་སེམས་པ་དེ་མེ་།། དེ་ནི་བསྲུང་བ ་བ་མེད་པ་དང་པོའོ།། དེ་བཞིན་དུ་ངག་གི་ལས་ནི་གཉིས་པའོ།། ཡིད་ཀྱི་ལས་ནི་གསུམ་པའོ།། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་ལ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་བསྟན་པ་ལས་ལ་ལ་གུས་པར་ཉན་པ ་དང་རྣ་གཏོད་པར་བྱེད་པ་དང་ཀུན་ཤེས་པ་སེམས་ལ་ཉེ་བར་འཇོག་པར་བྱེད་པ་དང་། ཆོས་དང་རྗེ་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པའོ།། དེས་དེ་བཞིན་གཤེགས་པ་དགའ་བར་མི་འགྱུར།། ཡིད་བདེ་བ་མ་ཡིན། སེམས་ཁྱད་པར ་དུ་འཕགས་པར་གྱུར་པ་ཉིད་མ་ཡིན་ནོ།། གཞན་ཞིག་གིས་མ་གུས་པར་ཉན་པར་བྱེད།། རྣ་རྣམ་པར་གཏོང་བར་མི་བྱེད་དོ།། ཞེས་པ་ལ་སོགས་པའོ།། དེ་ལ་དེ་བཞིན་གཤེགས་པ་མི་དགའ་བ་མ་ཡིན་མནར་སེམསོ་མ་ཡིན ་མི་བཟོད་པ་མ་ཡིན། མི་གཅུགས་པ་མ་ཡིན་སེམས་མངོན་པར་མི་མཉེས་པ་མ་ཡིནོ།། ཁ་གཅིག་གུས་པར་ཉན་པར་བྱེད། ཐོས་པ་ངེས་པར་འབྱིན་པར་བྱེད། ཞེས་པ་ལ་སོགས་པའོ།། དེས་དེ་བཞིན་གཤེགས་པ་དགའ་བ་དང ་མནར་སེམས་གཉི་གར་འགྱུར་བ་མ་ཡིན་ནོ།། ཐམས་ཅད་དུ་བཏང་སྙོམས་ལ་རྣམ་པར་གནས་པ་ཉིད་དང་དྲན་པ་དང་ཤེས་བཞིན་དང་ལྡན་པའོ།། ཞེས་སོ།། སེམས་ཅན་གྱི་དོན་བྱ་བ་དུས་ལས་མི་འདའ་བ་བསྲེལ་བ་མེད་པའི་ཆོས་ཉིད་དོ།། ། ་ཉོན་མོངས་སྤངས་ནས་ཀྱང་གང་ཞིག་ཉོན་མོངས་པ་མ་སྤངས་པ་བཞིན་དུ་སྤྱོད་པ་དེ་ནི་ཉོན་མོངས་བག་ཆགས་ཏེ། བུམ་སྣམ་ལ་སོགས་པ་རྣམས་ཀྱི་ཏིལ་གྱི་མེ་ཏོག་ལ་སོགས་པ་གསལ་ཡང་དེ་དང་འདྲེས་པའི་དྲི་ཕྲ་མོ་གནས་པ་བཞིན་ནོ།། ་དེ་ལ་མ་རིག་པའི་བག་ཆགས་ནི་གང་ཤེས་བྱ་ཡོངསུ་གཅོད་པའི་གེགསུ་གྱུར་པའོ།། འདོད་ཆགས་ལ་སོགས་པའི་བག་ཆགས་ནི་ལུས་ངག་གི་འཇུག་པའི་ཁྱད་པར་གྱི་རྒྱུ་ཡང་ངོ་།། དཔེར་ན་དགེ་སློང་སྤྲེའུར་གྱུར ་པས་འགྲོ་བ་ན་མཆོད་བ་དང་། སྔོན་བྲམ་ཟེར་གྱུར་པས་དམངས་མོ་སྨྲ་བའོ།། དེ་བཞིན་གཤེགས་པའི་དེ་ཐམས་ཅད་ཉིད་ཀྱང་ནུབ་ཏེ། ཉོན་མོངས་པའི་བག་ཆགས་ཡང་དག་པར་བཅོམ་པ་དེ་ནི་བཅོམ་ལྡན་འདས་ཞེས་བརྗོད།། དེས་ན། ་བཅོམ་ལྡན་འདས་འདི་ནི་བག་ཆགས་ཡང་དག་པར་བཅོམ་པ་ཉིད་དོ།། གང་བཅོམ་ལྡན་འདས་ཕན་པར་འདོད་པས་དུས་ཐམས་ཅད་དུ་ལན་དྲུག་དུ་ནི་སུ་ནི་འགྲིབ་སུ་ནི་འཕེལ་ཞེས་པ་ལ་སོགས་པའི་ཚུལ་གྱིས་འཇིག་རྟེན་རྣམས་ལ ་རྣམ་པར་གཟིགས་པ་དེ་ནི་ཕན་པར་འདོད་པའི་སྙིང་རྗེ་ཆེན་པོའོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་མཚན་ཉིད་དབྱེ་བ་མཐར་ཐུག་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། སྟོབས་ནི་བཅུ་སྟེ། འདི་ལྟ་སྟེ། གནས་དང ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལུས་ཀྱིས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་རྣམ་པར་དག་པའི་ཏིང་འཛིན་སྙོམས་པར་འཇུག་པ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱེང་བ་བཞེངས་པ་མཁྱེན་པའི་སྟོབས་དང་། སྔོན་གྱི ་གནས་རྗེས་དྲན་པ་མཁྱེན་པའི་སྟོབས་དང་། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟང་པ་མཁྱེན་པའི་སྟོབ་སོ།། དེ་རྣམས་ཀྱི་མཚན་ཉིད་ནི་མདོ་ལས། གནས་དང་གནས་མ་ཡིན་པ་ནི་སྲིད་པ་དང་མི་སྲིད་པའོ།། རྒྱུ་དང་རྒྱུ་མ་ཡིན ་བའོ།། འདི་ལྟ་སྟེ། གནས་ནི་གནས་ཉིད་དང་གནས་མ་ཡིན་པ་ནི་གནས་མ་ཡིན་པ་ཉིད་རབ་ཏུ་ཤེས་པའོ་ཞེས།། དེ་ལ་ཉེས་པར་སྤྱོད་པ་རྣམས་ནི་མི་འདོད་པའི་རྣམ་སྨིན་གྱི་གནསོ།། འདོད་པའི་གནས་མ་ཡིན་ནོ།། ལེགས་པར ་སྤྱོད་པ་རྣམས་ནི་འདོད་པའི་གནས་མ་ཡིནོ།། སེར་སྣས་དབུལ་པོ་གནས་མ་ཡིན།། སྦྱིན་པས་ལོངས་སྤྱོད་ཆེན་པོ་ཉིད་གནས་དང་དབུལ་པོ་གནས་མ་ཡིནོ།། ཕ་མ་དགྲ་བཅོམ་གསད་པ་དགེ་འདུན་འབྱེད་པ་དེ་བཞིན་གཤེགས་པ་ལ ་ངན་སེམས་ཀྱི་ཁྲག་ཕྱུང་བའི་མཚན་ཉིད་འཚམས་མེད་པའི་ལས་བྱེད་པ་དང་། མ་ཉིད་དགྲ་བཅོམ་མ། མི་ཚངས་པར་སྤྱོད་པས་སུན་ཕྱུང་བ་དང་། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་པ་དང་། མི་སློབ་པ་གསོད་པ་དང་། དགེ ་འདུན་རྙེད་པའི་སྒོ་འཕྲོག་པ་དང་། མཆོད་རྟེན་འཇིག་པའི་ཉེ་བའི་འཚམས་མེད་ལྷའི་ལས་བྱེད་པ་ནི་སེམས་རྣམ་པར་གནས་པ་ནི་གནས་མ་ཡིན་ཞང་འགྱེད་པ་རབ་ཏུ་གནས་པའི་ཞིང་འགྱོད་པ་རབ་ཏུ་གནས་པའི་སེམས་ལ་སུ་རུང་བ་ནི་གནས་མ ་ཡིན།། བུད་མེད་རང་དངོས་པོ་ཉིད་ཀྱི་འཁོར་ལོ་སྒྱུར་བ་ཉིད་དང་བརྒྱ་བྱིན་ཉིད་དང་མཚངས་པ་ཉིད་ལ་སོགས་པའོ་གནས་མ་ཡིན་ཞིང་བཟློག་པས་ཐམས་ཅད་གནས་ཡྀའོ།། དེ་ལྟ་བུ་ལ་སོགས་པ་གནས་དང་གནས་མ་ཡིན་པ་དག་ལ་ཆགས་པ་ཟོམ ་པ་མེད་པའི་ཡེ་ཤེས་རབ་ཏུ་ཤེས་པའོ།། དེ་ལ་དག་པ་ནི་ཡང་དག་པ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པ་ཉིད་དོ།། གང་དང་གང་ཡང་དག་པ་ལ་མ་ཆགས་པའོ།། རྣམ་པ་གང་དང་གང་གིས་ཡང་དག་པ་ཞེས་རྣམ་པ་ཐམས་ཅད་མཁྱེན་པས་ཐོགས ་བ་མེད་པའོ།། ཡེ་ཤེས་དེ་ཉིད་ནི་སྟོབས་ཏེ། གཞན་གྱིས་ཆེན་ཤིན་ཏུ་མི་ཐུབ་པསོ།། ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡེ་བའི་ལ་སོགས་པའོ།། གཟུགས་དང་གཟུགས་མེད་པ་ན་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ།། ་ཅིག་ཏུ་ཁམས་གསུམ་ན་ལྡན་པའི་དགེ་བ་ཡང་བསོད་ནམ་སུ་རྣམ་པར་གཞག་གོ། རྣམ་པར་སྨིན་པ་ནི་བདེན་པ་སྡུག་བསྔལ་ལ་སོགས་པའོ།། ཁམས་སྣ་ཚོགས་ནི་བསོད་ནམས་བསོད་ནམས་མ་ཡིན་པ་མི་གཡོ་བ་ལ་སོགས་པའི་སྐྱེད་པའི ་ལྷག་པའི་བསམ་པའོ།། མོས་པ་སྣ་ཚོགས་ནི་སྲེད་པ་སྣ་ཚོགས་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་གནས་ཀྱང་ཞེ་སྡང་ལླེ་སྲེང་པ་དང་། ཞེ་སྡང་ལ་གནས་ཀྱང་འདོད་ཆགས་ལ་སྲེད་པ་དང་། དམན་པའི་སྦྱོར་བ་རྒྱུ་ཆེ་བའི་སྦྱོར་བ་ལ་སྲེད་པ་དང་།། ་རྒྱཆེ་བའི་སྦྱོར་བ་དམན་པའི་སྦྱོར་བ་ལ་སྲེད་པ་ཞེས་པ་དེ་ལྟ་བུ་ལ་སོགས་པའོ།། དབང་པོ་དད་པ་བརྩོན་འགྲུས་དྲན་པའི་ཏིང་འཛིན་ཤེས་རབ་པོ།། དེ་རྣམས་ཀྱི་མཆོག་དང་མཆོག་མ་ཡིན་པ་ནི་ཐ་མ་འབྲིང་རབ་ཉིད།། འདི་ལྟ་སྟེ། འདི་ནི་དབང ་པོ་ཐ་མའོ་ཞེས་པའོ་ལ་སོགས་པའོ།། ཐམས་ཅད་དུ་འགྲོ་བའི་ལམ་ནི། འདིར་དེ་བཞིན་གཤེགས་པ་སེམས་ཅན་གྱི་ཁམས་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་དག་ཤེསོ།། ངེས་པ་དང་མ་ངེས་པ་དེ་དག་གི་རྗེསུ་མཐུན་པ་རྣམས་ཀྱི་ལམ ་ངག་ཤེས་ཤིང་སྟོན་པར་བྱེད་དོ།། ལེག་པ་ཉིད་དུ་ངེས་པ་དག་མཁྱེན་ནས་དེ་དག་ཉིད་ཀྱིས་རྗེ་སུ་མཐུན་པ་བཏང་སྙོམས་བྱེང་ཞེས་དུས་དེ་སྲིད་པའི་བཏང་སྙོམས།། འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམོ།། འད་ན་ཞེ་སྡང་གི་གཉེན ་གྱུར་པའི་ཞེས་པ་ལ་སོགས་པའོ།། བསམ་གཏན་བཞི་རྣམ་ཐར་བརྒྱད་རྟོག་པ་དང་བཅས་སྤྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གཟུགས་མོད་སྙོམས་པར་འཇུག་པ་བཞི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ ་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བཞེངས་པ་ཤེས་པའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པས་སའོ།། རྣམ་པར་བྱང་བ་ནི་མི་དམིགས་པ་ལ་སོགས་པས་སོ།། ལངས་པ་ནི་སེང་གེ་རྣམ་པར་སྒྱིངས ་བས་སམ་ཐོད་རྒལ་གིསོ།། སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བའོ།། དེ་རྣམས་རྗེ་སུ་དྲན་པ་ནི་དྲན་པའོ།། ཤི་འཕོ་ནི་སེམས་ཅན་རྣམས་ཀྱི་འཆི་སྐྱེའོ།། དེ་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་གསུངས་ཏེ། དེ་ལ་འདི་ནི་དེ་བཞིན ་གཤེགས་པའི་ལྷའི་སྤྱན་ཏེ། གང་གི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་མཁའི་མཐའི་མུར་ཐུག་པ་རྣམསུ། གང་ཞིང་དུ་སྣང་བ་དེ་རྣམས་ལ། ཁ་ཅིག་སྲེག་བཞིན་པ་དང་འཇིག་བཞིན་པ་དང་འཆག་བཞིན་པ་རྣམས་མཐོང་ངོ་།། སེམས་ཅན་སྣང་བ་དེ་རྣམས ་ལ་ཁ་ཅིག་འཕོ་བཞིན་པ་དང་། སྐྱེ་བཞིན་པ་དང་། གང་དག་མི་སྣང་བར་རྟོགས་པའི་སེམས་ཅན་ཇི་སྲིད་དུ་དེ་རྣམས་དེ་བཞིན་གཤེགས་པའི་སྤྱན་གྱིས་སྣང་བར་སན་པའོ།། ཞེས། གང་གི་ཚེ་ཡང་དབང་པོ་རྣམས་གནས་ངན་ལེན་རང་བཞི་ནོ།། ། ་ཞེས་གསུངས་པས་མི་ཤེས་པའི་རང་བཞིན་གྱི་དབང་པོ་ནི་སངས་རྒྱས་ཉིད་ཀྱི་གནས་སྐབསུ་སྤངས་པས་ཡིད་ཀྱི་བློ་བཞིན་དུ་དབང་པོའི་བློས་རིག་པ་སྟེ། ཡུལ་ཡོངསུ་གཅོད་པས་བཅོམ་ལྡན་འདས་རྣམ ་ཤེས་ཐམས་ཅད་ནི་ཡུལ་ཐམས་ཅད་འདོད་དོ།། ཡང་དད་པའི་སྟོབས་སྐྱེད་པའི་མདོ་ལས་གསུངས་ཏེ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱིས་ཀྱང་མཐོང་ངོ་།། དེ་བཞིན་དུ་མཛོད་བུས་ཀྱང་མཐོང་ངོ་།། དེ ་བཞིན་དུ་མཚན་བཟངས་རེ་རེས་ཀྱང་མཐོང་ངོ་།། དེ་བཞིན་དུ་དུས་ཅིག་ཅར་དུ་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་རབ་འཇམ་མཐོང་ངོ་།། ཞེས། དེ་ལྟ་མོད་ཀྱི་སྔོན་གྱི་དབང་པོའི་རྗེ་སུ་འབྲངས་ནས་རྣམ་པར་བཞག་པས་ཞེས་ལྷའི་སྤྱན་དང་ལྷའི ་རྣ་བ་ཞེས་བརྗོད་དོ།། ཟག་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་སོ།། ཐམས་ཅད་ཟད་པ་དང་། ལམ་གང་གིས་ཟད་པར་བྱེད་པ་དང་། དེ་དག་གཉི་ག་ཟག་པ་ཟད་པའོ།། ཡང་སངས་རྒྱས་ཀྱི་སྐུ་ནི་སྲེང་མེད་ཀྱི་བུའི་སྟོབསུ་སྨྲའོ།། འཚམས ་འཚམས་ནི་སྲེད་མེད་བུའི་སྟོབས་ཞེས་གཞན་དག་གོ།། སྟོན་པའི་ཡིད་ཀྱི་སྟོབས་བཞིན་དུ། ལུས་ཀྱི་སྟོབས་ཀྱང་མཐའ་མེད་པའི་སྟོབས་ཞེས་གཞན་དག་གི། གཞན་དུ་ན། ཡེ་ཤེས་ཀྱི་སྟོབས་མཐའ་མེད་པ་བཟོད་པར་མི་འགྱུར་རོ།། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀླུ་མདུང་དོ།། རང་སངས་རྒྱས་ཀྱི་འཚམས་རྣམས་ལུ་གུ་རྒྱུད་ངོ་།། འཁོར་ལོ་སྒྱུར་བའི་འཚམས་རྣམས་ལྕགས་ཀྱུའོ།། སྲེད་མེད་བུའི་སྟོབས་ནི་ཐ་མལ་པའི་གླང་པོ་ཆེ་བཅུའི་སྟོབས་དེ་ནི། སྤོས ་ཀྱི་གླང་པོ་གཅིག་གིའོ།། དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ་དང་རབ་རྣོན་དང་ཡན་ལག་མཆོག་དང་སྟོབས་མཆོག་དང་སྲེད་མེད་བུ་རྣམས་གོང་ནས་གོང་དུ་བཅུ་འགྱུར་དུ་བརྗོད་པར་བྱའོ།། གང་སེང་གེ་བཞིན་དུ་བག་ཚ་བ་མེད་པར་རིགས་པ ་སྨྲ་བ་དེ་ནི་མི་འཇིགས་པ་ཞེས་བརྗོད་དོ།། དེའི་ངོ་བོ་འམ་ལས་ངག་ནི་མི་འཇིགས་པ་སྟེ་རྣམ་པ་བཞིའོ།། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ།། ། ་ཟག་པ་ཟད་པ་ལ་མི་འཇིགས་པ་ནི་སྤངས་པ་ཕུན་སུམ་ཚོགས་པའོ།། དེ་གཉིས་ནི་རང་དོན་ནོ།། བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་གོགས་བྱེད་པའོ།། ངེས་པར་འབྱིན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ།། འདི ་གཉིས་ནི་གཞན་དོན་ཏེ།། གཞན་ཆེད་དུ་དེ་དག་སྟོན་པསོ།། དེ་ལ་མི་འཇིགས་པའོ།། དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོསོ།། བརྗོད་བྱ་མ་ལུས་པ་ནི་དོན་ཏོ།། ཆོས་དེ་རྣམས་ཀྱི་བརྗོད་པར་བྱེད་པའི་མིང་གི ་ཚོགས་དང་ཚིག་གི་ཚོགས་དང་གསུལ་བྱེད་ཀྱི་ཚོགས་རྣམ་པ་མང་པོ་ངེས་པའི་གསུང་ནི་ངེས་པའི་ཚི་གོ། ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་རྒྱུའོ།། འབྲས་བུའི་ཆོས་ཐམས་ཅད་ནི་དོན།། འགྲོ་བ་དྲུག་དུ་རྟོགས་པའི་སེམས་ཅན་རྣམས་ཀྱི་སྐད ་ནི་ངེས་པའི་ཚིག་གོ།། དེ་རྣམས་ནི་ཆོས་དང་དོན་དང་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ།། ཆོས་ལ་སོགས་པ་རྣམས་རྨོངས་པ་ལ་བསྟན་པའི་ཆེད་དུ་ཆོས་ལ་སོགས་པ་སོ་སོ་ཡང་དག་པ་རིག་པ་རྣམས་མངོན་སུམ་དུ་གྱུར ་བན་སྟོན་པའོ།། བཙྪངས་སོ་ཡང་དག་པར་ལོག་པའོ།། གཅིག་ཟས་སྤྱོད་པ་འདི་ན་མ་འདྲེས་པ་སྟེ་སངས་རྒྱས་རྣམས་ལྡན་པར།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་ཆོས་བཅོ་བརྒྱད་ཏེ། སྭཱ་། ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པའོ།། ཇི་ལྟར་དགྲ་བཅོམ་པ་རྣམས་གྲོང་ལ་སོགས་པ་རྣམས་བསོད་སྙོམས་ཀྱི་ཆེད་དུ་རྒྱུ་བ་ན་གཏུམ་པོ་གླང་པོ་ཆེ་དང་རྟ་དང་བ་གླང་དང་ཁྱི་དང་ཚེར་མ་དང་སྦྲུལ་ལ་སོགས་པ་རྣམས་ཀྱི་གནང་བ་དང ་རྐུན་མ་དང་སྟག་ལ་སོགས་པ་རྣམས་ཀྱི་འཇིགས་པ་སྐྱེའོ།། དེའི་འདི་ལྟ་བུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ།། ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་གསུངས་ཏེ། སངས་རྒྱས་བཅོམ་ལྡན ་འདས་ནི་སྐུའི་ལས་གྱ་རྩོམ་པ་མེད་པ་སྤྱོད་ལམ་དང་སྤྱོད་ལམ་རྣམ་བཞི་རྣམསུ་རབ་དུ་དང་བར་བྱེད་པའོ།། གྲོང་དང་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན། ཞབས་ཀྱིས་མཐིལ་གྱིས་སཱ་ལ་མི་རེག་ཅིང་། ས་ཆེན་པོ་ལ་འཁོར ་ལོ་རྩིབས་སྟོང་དང་ལྡན་པ་འབྱུང་བར་འགྱུར་རོ།། སིད་དུ་འོང་བའི་དྲི་དང་ལྡན་པའི་པདྨ་ནི་འབྱུང་བར་འགྱུར་རོ།། གང་དུ་དེ་བཞིན་གཤེགས་པའི་ཞབས་བཞག་པ་དེ་རུ་གང་དུད་འགྲོའི་སྐྱེ་གནསུ་གྱུར་པའི་སེམས་ཅན་དེ་བཞིན། ་གཤེགས་པའི་འོད་ཀྱིས་རེག་པར་གྱུར་པ་དེ་དག་ཞག་བདུན་དུ་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ།། འཕོས་ནས་ལྷ་རྣམསུ་སྐྱེ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་རྣམས་སོར་བཞིའི་བར ་གྱིས་མ་རོག་པ་ཉིད་དོ།། བྷོ་རོ་བྷའི་རླུང་གིས་ཀྱང་བསྐྱོད་པར་མི་ནུས་ཏེ། སྐུའི་འོད་ཀྱིས་མནར་མེང་པའི་མཐར་ཐུག་པ་སེམས་ཅན་རྣམས་བདེ་བར་བྱེང་ངོ་།། དེས་ན་དེ་བཞིན་གཤེགས་པའི་སྐུ་ལ་གྱ་ཆོམ་མེད་པའོ། ་ཞེས་ཏེ། རྟག་པ་ཉིད་ཡང་དག་པར་རྟོག་པར་བྱེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་པའོ།། ཇི་ལྟར་དགྲ་བཅོམ་པ་ནགས་ཁྲོད་དུ་ཞུགས་ཏེ་ལམ་དུ་འགྲོ་བ་ན། སྒྲ་ཆེན་པོ་སྒྲོགས་པར་འགྱུར་བ་དང་། བག་ཆགས་ཀྱི་སྟོབས ་ལས་གང་མོ་ཆེན་པོ་རྒོད་པའོ།། སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པསོ།། དེ་བཞིན་གཤེགས་པ་ལ་བསྙེལ་བ་མ་མི་མངའོ།། ཇི་ལྟར་དགྲ་བཅོམ་པ་མཉམ་པར་མེ་བཞག་པས་དྲན་པ་བསྙེལ་བས ་བྱ་བ་མི་བྱེད་ཅིང་དུས་ལས་འདའ་བའོ།། སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ་སྙིང་རྗེ་ཆེན་པོ་ཅན་ཡིན་པསོ།། དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མེད་དེ། ཇི་ལྟར་དགྲ་བཅོམ་པ་བཞུགས་པ་ཉིད་ན་མཉམ་པར ་བཞག་པ་ཡིན་གྱི་དུས་གཞན་དུ་ནི་མ་ཡིན་ནོ།། སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིསོ།། དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་དེ། ཇི་ལྟར་དགྲ་བཅོམ་པ་ཕུང་པོ་ལ་མཐའ་ཅིག་དུ ་མི་མཐུན་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེསོ་སངས་རྒྱས་དེ་བཞིན་དུ་མ་ཡིན་ཏེ། རང་བཞིན་བདག་མེད་པ་ཉིད་ཀྱིས་གཉི་ག་རུ་རྣམ་པར་མི་རྟོག་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པ ་བདང་སྙོམས་མང་བ་ཡིན་ཏེ། ཇི་ལྟར་དགྲ་བཅོམ་པ་སོ་སོར་མ་བརྟགས་པར་སེམས་ཅན་དོན་ཡུལ་བར་མདོར་བ་སྟེ། སངས་རྒྱས་དེ་ལྟར་ན་དུ་མ་ཡིན་ཏེ། དེ་ནི་དུས་ལ་སོགས་པ་སོ་སོར ་རྟོགས་པ་ཉིད་ཀྱིས་དབུ་མར་གནས་པ་ཡིན་གྱི་གཞན་དུ་ནི་མ་ཡིན།། དེ་བཞིན་གཤེགས་པ་ལ་བདུན་པ་ཉམས་པ་མེད་དེ། དེ་ལ་བྱམས་པ་སྙིང་རྗེ་ཆོས་སྟོན་པ་སེམས་ཅན་འདྲེན་པ་ཡོངསུ་སྨིན་པ་རབ་ཏུ་དབེན་པ་བྱང་ཆུབ་ཡང་དག་པར ་འཇོག་པ་ནི་འདུན་པའོ།། འདི་ནི་ཉན་ཐོས་ལ་ཡོད་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་བརྩོན་འགྲུས་ཉམས་པ་མེད་པའོ།། དེ་ལ་གདུལ་བྱ་རྣམས་ཀྱི་བརྩོན་འགྲུས་དང་། ཆོས་ཉན་པར་བྱེད་པ་རྣམས་ལ་གདམས་པ་སྨྲ་བའི་བརྩོན ་འགྲུས་སོ།། དེ་ཡང་། དེ་གང་གི་ཚེ་དེ་བཞིན་གཤེགས་པ་ཆོས་ཉན་པར་བྱེད་པ་གང་བསྐལ་པར་ཉན་ན་ཡང་སྐྱོ་བ་མེད་པ་དེ་ལྟ་བུའི་རང་བཞིན་རྙེད་པ་ཉིད་དོ།། དེ་བཞིན་གཤེགས་པ་ཟས་རྣམ་པར་སྤངས་པའི་རྒྱུད་ཀྱིས་ཀྱང་སེམས་ཅན་ལ ་བལྟས་པས་བསྐལ་པར་ཆོས་བཤད་ཀྱང་མི་བཞེངསོ།། གང་དུ་ཐ་ན་སངས་རྒྱས་གདུལ་བྱ་སེམས་ཅན་གཅིག་ཀྱང་ཡོད་པར་གྱུར་པ་དེ་རུ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེད་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ལས་ཀྱང་འདས་པར ་གཤེགས་པའོ།། དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མེད་ཏེ། འདི་ལྟར། དེ་བཞིན་གཤེགས་པ་དྲན་ནས་བསམ་བསམ་ནས་སམ་རྣམ་པར་བཏགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་ནི་མེད་དོ།། དེ་བཞིན་གཤེགས ་བ་ཏིང་འཛིན་ཉམས་པ་མེད་དེ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཇི་ལྟ་བ་བཞིན་མི་མཉམ་པ་མ་ཡིན་པ་ལ་མཉམ་པར་འཛིན་པ་སྟེ། གང་གིས་མཉམ་པའི་མཉམ་པ་ཉིད་དེ་ནི་མཉམ་པའི་ཏིང་འཛིན་ནོ།། གང་མཉམ་པའི་ཏིང་ངེ ་འཛིན་དོནི་མཉམ་པའི་དེ་བཞིན་གཤེགས་པ་སྟེ། ཇི་སྲིད་དུ་ཁམས་གསུམ་གང་ལ་ཡང་མི་རྟེན་པས་མི་མཉམས་ཅིང་ཡོངསུ་མི་ཉམ་སོ།། དེས་ན་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་ཞེས་བརྗོད་དོ།། དེ་བཞིན་གཤེས ་པ་ཤེས་རབ་ཡོངས་སུ་ཉམས་པ་མེད་དེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཤེས་རབ་སྟེ། གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་སོ།། སེམས་ཅན་གཞན་ལ་ཆོས་སྟོན་པར་བྱེད་པ་སོ་སོར་ཡང་དག་པར་རིག་པ་མི་ཟད་པ ་དབྱེ་བ་ལ་མཁས་པ་ཡེ་ཤེསོ།། ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་བྱིན་གྱིས་བརླབས་ཏེ་རྒྱས་པར་སྟོན་པའི་ཡེ་ཤེས་སོ།། ཇི་ལྟར་རྒྱས་པར་སྟོན་པའི་དོན་བཤད་པ་ཐེ་ཚོམ་གཅོད་པ་ཐེག་པ་རྣམ་པར་བཞག་པ་རྒྱས ་པར་སྟོན་པའི་ཤེས་པའོ།། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་རྣམས་ཀྱི་གཉེན་པོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་རྣམས་ཀྱི་མཁྱེན་པ་ཇི་ལྟར་འོས་པར་ཆོས་སྟོན་པའོ།། འདི་ནི་དེ་བཞིན ་གཤེགས་པ་རྣམས་ལ་ཀྱི་མཐའ་མེད་པ་མི་ཟད་པ་ཚད་མེད་པ་སྟོན་པའི་ཤེས་རབ་བོ།། དེ་བཞིན་གཤེགས་པ་རྣམ་པར་གྲོལ་བ་ཉམས་པ་མེད་པ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་ཀུན་ཏུ་འཛིན་པ་ཐམས་ཅད ་རྣམ་པར་གྲོལ་བ་ཉིད་དོ།། སྔོན་གྱི་མཐའ་དང་མ་འབྲེལ་ཕྱི་མའི་མཐའ་འཕོ་བ་མ་ཡིན་ད་ལྟ་བར་ག་ནས་པ་མ་ཡིན་པ་རང་བཞིན་འོད་གསལ་བའི་སེམས་སྟེ་དེ་ལྟ་བུའི་ཉིད་ཀྱི་ཡེ་ཤེས་སོ།། དེས་ན་སྐད་ཅིག་གཅིག་གིས་ཡང་དག་པ ་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བརྗོད་དོ།། དེ་བཞིན་གཤེགས་པ་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་སྟེ། འདི་ལྟ་སྟེ། དེ་བཞིན ་གཤེགས་པ་ལུས་ཀྱི་ལས་གང་དང་ལྡན་པས་མཐོང་བས་ཀྱང་སེམས་ཅན་འདུལ་བར་བྱེད་དོ།། གསུང་བ་ན་ཡང་ཅང་མི་གསུང་བ་ཡང་། གསོལ་པ་ན་ཡང་། སྤྱོད་ལམ་རྣམ་པ་བཞིས་ཀྱང་མཚན་བཟངས་ཀྱིས་ཀྱང་ཞེས་རྒྱས་པར་རོ།། ངག་གི་ལས ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་བསྟན་པ་དོན་མེད་ཅིང་ཆུད་ཟ་བ་མ་ཡིན་པ་དང་། དེ་བཞིན་གཤེགས་པའི་ངག་དེ་ཡང་ཡན་ལག་དྲུག་ཅུ་དང་ལྡན་པས་སོ།། ཡིད་ཀྱི་ལས་ཐམ ་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འགྲོ་བ་ཆོས་ཐམས་ཅད་ལ་ངེས་པར་འབྱུང་བ་སྒྲུབ་བྱ་ཐམས་ཅད་གཞན་གྱི་དྲིང་ལ་མི ་འཇོག་པ་དམིགས་པ་ཡང་དག་པར་འདས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ་སྲིད་གསུམ་གྱི་འགྲོ་བས་དཔག་ཏུ་མེད་པ་བདུད་ཀྱི་ལམ་ཐམས་ཅད་ལ་ཡང་དག་པར་འདས་པ་ཇི་སྲིད་དུ་ཆོས་ཀྱི་དབྱིངས་དབྱེར་མེང་པོའི་ཞེས་སོ།། དེ་བཞིན་གཤེགས་པ ་འདས་པའི་དུས་ལས་མ་ཆགས་མ་ཐོགས་པ་ཡེ་ཤེས་མཐོང་བ་འཇུག་གོ།། སངས་རྒྱས་ཞིང་ཇི་སྙེད་དུ་དེ་རྣམས་ཀྱི་རྩ་དང་སྡོང་པོ་ལ་སོགས་པ་ཇི་སྙེད་དང་དེའི་སངས་རྒྱས་བཅོམ་ལྡན་འདས་ཅི་སྙེད་དང་ཆོས་སྟོན་པ་ཇི་སྙེད་དང་བདག་དང ་གཞན་གྱི་སེམས་གང་གི་དེ་མ་ཐག་ཏུ་སེམས་གང་སྐྱེས་པ་དེ་དག་ཐམས་ཅད་ཀྱི་རྩིས་ཀྱི་སྦྱོར་བས་རབ་ཏུ་མཁྱེན་ཏོ།། དེ་ཡང་མངོན་སུམ་ཤེས་པས་ཡིན་གྱི་རྗེས་སུ་ཤེས་པས་ནི་མ་ཡིན་ནོ།། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས ་པའི་ཡེ་ཤེས་མཐོང་བ་འཇུག་གོ། འདི་ལྟ་སྟེ། ཞིང་ངམ་སེམས་ཅན་གང་སུ་དག་འབྱུང་བར་འགྱུར་བ། སེམས་གང་གི་དེ་མ་ཐག་ཏུ་སེམས་གང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་རྩིས་ཀྱི་སྦྱོར་བས་རབ་ཏུ་ཤེསོ་ཞེས ་རྒྱས་པརོ།། ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ།། འདི་ལྟ་སྟེ། གང་ད་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་རྣམས་ཤེ་སོ།། ཆོས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རང་སངས ་རྒྱས་ཉན་ཐོས་དང་ཐམས་ཅད་ཅི་སྲིད་དུ་རིགས་མདོག་ཐམས་ཅད་དང་ས་ཆུ་ལ་སོགས་པའི་ཁམས་སྡུག་བསྔལ་ཕྲ་རབ་ཀྱི་མཆད་པ་ཇི་སྲིད་དུ་སྐྲའི་རྩེ་མོ་བྱེ་བའི་ཆར་ཚུང་པ་ཇི་སྲིད་དུ་དམྱལ་བ་ལ་སོགས་པའི་འགྲོ་བར་གྲུབ་པ་སེམས་ཅན་གྱི ་ཁམས་རྣམས་ཤེསོ་ཞེས་རྒྱས་པར་རོ།། དེ་བཞིན་གཤེགས་པ་ལ་གཉིས་ཀྱི་རྗེ་སུ་འབྲང་བའི་ཤེས་པ་མེད།། གཉིས་སུ་མེད་པ་ལ་གཞུག་པའི་དོན་དུ་སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་པར་བྱེད།། དེ་ལ་དང་པོ་ནི་ལུས་ཀྱི་ལས་ཡོངསུ ་དག་པའོ།། གཉིས་པ་ནི་ངག་གི་ལས་ཡོངས་སུ་དག་པའོ།། གཞན་བཞི་ནི་ཡིད་ཀྱི་ལས་ཡོངས་སུ་དག་པའོ།། དེ་ལས་གཞན་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོ་རྣམས་རྟེན་པ་དང་བཅས་པ་འབྲས་བུ ་དང་བཅས་པ་རྣམས་མ་ཐོག་པ་མེད་པས་ཐོབ་པ་རྣམས་ཉམས་པ་མེད་པས་སོ།། དེ་ལ་རྟེན་ནི་འདུན་པའོ།། འབྲས་བུ་རྣམ་པར་གྲོལ་བའོ།། དབང་པོ་ནི་བརྩོན་འགྲུས་ལ་སོགས་པའོ།། དེ་ལས་གཞན་གསུམ་ནི་ལུས་དང་ངག་ཡིད་རྣམས ་ཀྱི་ལས་རྣམས་ལ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ།། ཡེ་ཤེས་རྒྱུ་ཡིན་པ་ཉིད་ཀྱི་ས་དང་ཡེ་ཤེས་དང་ལྷན་ཅིག་ཏུ་སྤྱོད་པས་སོ།། དེ་ལས་གཞན་གསུམ་ནི་དུས་གསུམ་ལ་མ་ཆགས་མ་ཐོགས་པ་ཉིད་ཀྱི་ཡེ་ཤེསོ།། ཞེས་སོ།། ་དེ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བ་ཤེས་གཉེན་གྱིས་བསྡུས་པ་འདུས་མ་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་ལུགས ་ལས་ཟག་པ་མེད་པའི་ཆོས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་བརྒྱད་པའོ།། །། དེ་བཞིན་དུ་ཡོན་ཏན་གཞན་ཡང་། མདོ་སྡེ་སྣ་ཚོགས་བསྟན་ཏེ། འདི་ལྟ་སྟེ། སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པའི་ཡོན་ཏན་ཏེ་གདུལ་བྱ་ཅི་ལྟ་བ ་བཞིན་དུ་བདག་ནི་ངོ་བོ་སྐལ་པ་མཐུན་པ་ཀུན་ཏུ་སྟོན་པ་འཇུག་པའི་ཕྱིར་རོ།། དགེ་བའི་ཆོས་སྐྱེ་བ་མཁྱེན་པའི་ཡོན་ཏན་ནི། དཔེར་ན་སྔོའི་ནང་དུ་ཐིམ་པའི་གསེར་གྱི་ས་གཞི་བཞིན་དུ། ཁྱེའུ་སོར་འཕྲེང་ལ་སོགས་པའི་དགེ་བའི་རྩ ་བ་ཤིན་ཏུ་ཕྲ་བ་ཉན་ཐོས་ལ་སོགས་པའི་ཡུལ་ལས་འདས་པ་ཡང་། ཕྱིན་ཅི་མ་ལོག་པའི་རྣམ་པ་ཡོངསུ་ཤེས་པསོ།། མོས་པ་ཅི་བཞིན་དུ་ཀུན་ཏུ་སྟོན་པའི་ཡོན་ཏན་ནི། སེམས་ཅན་མོས་པས་བལྟོས་ནས་ཐ་དད་མེད་པ་དང ་མ་འདྲེས་པས་གསེར་གྱི་རང་བཞིན་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྟོན་པས་སོ།། སངས་རྒྱས་རྣམས་ཀྱི་སྐུ་གསུམ་ཆར་ཡང་ཡུལ་ཡོངསུ་མ་ཆད་པའི་ཡོན་ཏན་ནི། ཐོག་མ་དང་བར་དང་ཐ་མ་དང་བྲལ་བའི་སངས་རྒྱས་ཀྱི་སྐུ་གསུམ་གྱི ་བདག་ཉིད་ནི་ས་དང་ཞིང་ཐམས་ཅད་དུ་ཡུལ་ཡོངས་སུ་ཆད་པ་མེད་པས་མཉམ་པ་ཉིད་དུ་ཐོབ་པས་སོ།། འཁོར་བ་ཇི་སྲིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པའི་ཡོན་ཏན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས ་འཁོར་བ་ཇི་སྲིད་པར་གནས་པ་ལས། དེའི་རྒྱུན་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་གདུལ་བྱའི་དུས་ཅི་ལྟ་བ་བཞིན་དུ་ཕྱིས་དང་ད་ལྟ་དག་ཉེ་བར་བསྒྲུབས་པསོ།། མི་ཟད་པ་ཉིད་ཀྱི་སྟོན། ན་མཁའ་བཞིན་དུ་ཆོས་དབྱིངས་རྣམ་པར་བཀྲམ་པ་ནི་མཐར ་ཐུག་པ་མེད་པས། འཁོར་བར་ཇི་སྲིད་པར་ཆེས་དབྱིངས་ཀྱི་འགྲོ་བ་མ་ལུས་པའི་དོན་བྱ་བའི་སྦྱོར་བ་རྒྱུན་མ་ཆད་པས་ཡོན་ཏན་ཟད་པ་མེད་པའོ།། ཡང་ལེག་པ་སླར་མི་ལྡོག་པ་མ་ལུས་པ་རྟོགས་པའི་ཡོན་ཏན་ནི། འདིས་ནི་རིམ་པ་བཞིན་དུ་ཕྱི་རོལ ་སློབ་པ་མི་སློབ་པ་རྣམས་རྣམ་པར་བཅད་པར་རིག་པར་བྱའོ།། དེ་ལ་འཇིག་རྟེན་པའི་ལམ་གྱིས་བརྙེས་པ་ཡིན་པས་རབ་ཏུ་ལེགས་པའི་རྟོགས་པས་ཏེ། ཕྱི་རོལ་གྱི་གྲོལ་བ་ནི་འཚམས་དང་བཅས་པ་ཉིད་ཡིན་པས་དེའི་གྲོལ་བ་ནི་དེ་བཞིན ་དུ་མ་ཡིན་པསོ།། སླར་ལྡོག་པ་སྟེ། སྐྱེ་བ་དུ་ཉེས་པ་ཀུན་ཏུ་འབྱུང་བས་སོ།། དེ་གཉིས་ནི་སློབ་པ་རྣམས་ལ་ཡོད་དོ།། མི་སློབ་པ་ནི་བཅོམ་ལྡན་འདས་ཏེ། ཉོན་མོངས་མེད་ཅིང་རིམས་ནད་མེད་པས་སོ།། ལུས་ངག་བློ་རྣམས ་རྗེས་སུ་མི་མཐུན་པ་དང་། ལམ་གསུངས་པ་མི་གསལ་བ་ནི་ལྷག་མ་སྟེ། དེ་ནི་ཐེག་པ་དམན་པའི་དགྲ་བཅོམ་པ་མི་སློབ་པ་ལ་ཡང་ཇི་སྲིད་པར་ཡོད་དོ།། བཅོམ་ལྡན་འདས་ནི་མ་ཡིན་ནོ།། རིག་པ་དང་ཞབས་ཕུན་སུམ་ཚོགས་པའི་ཡོན་ཏན་ནི། དེ་ལ ་རིག་པ་ནི་ལྷག་པའི་ཤེས་རབ་བསླབ་པའོ།། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་ནི་རྐང་པ་སྟེ། དེ་དག་ནི་རིག་པ་སྔོན་དུ་འགྲོ་བའི་ཞབས་ཡིན་པས་སོ།། རིག་པས་མིག་བཞིན་དུ་མཐོབ་སྟེ། ཅིག་ཤོས་དག་གི་རྐང་པ ་བཞིན་དུ་དེ་བཞིན་བགྲོད་པས།། དབང་ཕྱུག་གཟུགས་གྲགས་པ་དཔལ་ཡེ་ཤེས་བརྩོན་འགྲུས་ཡོན་ཏན་ནི། དེ་ལ་དབང་ཕྱུག་ནི་གཞན་དབང་མ་ཡིན་པ་སྟེ་ཕུན་སུམ་ཚོགས་པ་དེ་ནི་བཅོམ་ལྡན་འདས་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ ་ཐམས་ཅད་སྤངས་པས་སོ།། གཟུགས་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་མཚན་བཟངས་དང་། དཔེ་བྱད་ཐམས་ཅད་ཀྱིས་སྦས་པའི་སྐུ་ཡིན་པས་སོ།། གྲགས་པ་ཕུན་སུམ་ཚོགས་པ་ནི། ཕྱོགས་དང་འཚམས་སུ་སྒྲ་གྲགས་པས་སོ།། ་ཕུན་སུམ་ཚོགས་པ་གང་ལ་མང་པོ་རྣམས་ཀྱིས་རྟེན་པ་དེ་ནི་དཔལ་ཕུན་སུམ་ཚོགས་པ་སྟེ། བླ་ན་མེད་པའི་བསོད་ནམས་ཕུན་སུམ་ཚོགས་པའི་མཚན་ཉིད་ཡིན་པས་སོ།། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་གང་དུ་ཤེས་བྱའི་རྣམ་པ་ཐམས་ཅད་ལ ་དག་པ་མ་ཆགས་པ་མ་ཐོགས་པའི་ཡེ་ཤེས་ཡིན་པས་སོ།། བརྩོན་འགྲུས་ཕུན་སུམ་པ་སྟེ། བླ་ན་མེད་པའི་བསོད་གཕུན་སུམ་ཚོགས་པས་སོ།། རང་བཞིན་ལེགས་པར་གནས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་པའི་དབང་ཕྱུག་ཕུན་སུམ་ཆོས ་བའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་རང་བཞིན་བསམ་གྱིས་མི་ཁྱབ་པ་བདག་གི་ངོ་བོ་བརྙེས་པས་གཟུགས་ཕུན་སུམ་ཚོགས་པའོ།། སོ་སོར་རྟོག་པའི་ཡེ་ཤེས་སྦྱོར་བ་ཆེ་འཕྲུལ་གྱིས་གདུལ་བྱ་རྣམས་ཀྱི་ཤིན་ཏུ་ཕྲ་བ་མཐའ་མེད་པའི ་སྒྲིབ་པ་སྤངས་པས་གྲགས་པ་ཕུན་སུམ་ཚོགས་པའོ།། འཇིག་རྟེན་ཁམས་ཐམས་ཅད་ངུ་སེམས་ཅན་རྣམས་ཀྱི་མེས་པ་ཇི་ལྟ་བར་མཐའ་མེད་པའི་བསོད་ནམས་བྱ་བ་རྗེ་སུ་སྒྲུབ་པའི་ཡེ་ཤེས་ནུས་པ་ལས་མི་ཟད་པའི་རིན་པོ ་ཆེའི་རང་བཞིན་རྟེན་ལ་སོགས་པ་ཀུན་ཏུ་སྟོན་པས་མཉེས་པར་བྱེད་པའི་དཔལ་ཕུན་སུམ་ཚོགས་པའོ།། ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྦྱོར་བས་ཐམས་ཅད་དུ་མཁྱེན་པ་དབང་དུ་གྱུར་པ་ཐོབ་པས་ཡེ་ཤེས་ཕུན་སུམ་ཚོགས་པའོ།། ་དེ་ལྟ་བུར་གྱུར་པའི་སེམས་ཅན་གྱི་དོན་ཤིན་ཏུ་ཆེས་བརྩོན་པ་ལ་དམ་པའི་མྱ་ངན་ལས་འདས་པ་མཉམ་པ་ཉིད་རབ་ཏུ་བརྙེས་པས་བརྩོན་འགྲུས་ཕུན་སུམ་ཚོགས་པའོ།། ཞེས་ཡེ་ཤེས་ཞབས་ཀྱིས་རྣམ་པར་བཞག་གོ།། དེ་ལྟ་བུ་ལ ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་མཐའ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིན་ནོ།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱིས་མ་ཡིན་པས་བཞག ་པར་བྱའོ།། ། པཎྜི་ཏ་ཆེན་པོ་སྟབས་བསྲུང་དབུལ་བ་ཤེས་གཉེན་གྱི་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་མདོ་སྣ་ཚོགས་ནས་གསུངས་པའི་དེ་བཞིན་གཤེགས ་པའི་ཡོན་ཏན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉེར་དགུ་པའོ།། ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་གི་ཡོན་ཏན་མཚན་དང་དཔེ་བྱང་དག་ཅུང་ཟད་རྣམ་པར་བཞག་པར་བྱ་སྟེ། དེ་དག་གི་མཚན་ལ་སོགས ་པ་འདི་ཙམ་ཞེས་བྱ་བར་མི་ནུས་སོ།། དེ་ལ་མཚན་སུམ་ཅུ་རྩ་གཉིས་ཏེ། འདི་ལྟ་སྟེ། ཕྱག་དང་ཞབས་མཐིལ་འཁོར་ལོས་མཚན་པ་དང་། རུས་སྦལ་ལྟུང་ཞབས་ཤིན་ཏུ་གནས་པ་ཉིད་དང་། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས ་དྲ་བས་འབྲེལ་བ་ཉིད་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། འདུན་མཐོ་བ་ཉིད་དང་། སོར་མོ་རིང་བ་ཉིད་དང་། ཞབས་རྟིང་པ་ཡངས་པ་ཉིད་དང་། སྐུ་འཇམ་ལ་དྲང་བ་ཉིད་དང་། ཞབས་ལོང་བུ ་མི་མངོན་པ་དང་། ཞབས་དུང་མཐོ་བ་ཟེར།། སྐུའི་སྤུ་གྱེན་དུ་ཕྱེག་པ་དང་། བྱིན་པ་རི་དགས་ཨེ་ན་ཡུ་ལྟ་བུ་དང་། ཕྱག་སྦོམ་ལ་རིང་བ་ཉིད་དང་། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། མདོག་གསེར་འདྲ་བ ་ཉིད་དང་། པགས་པ་སྲབ་འཇིམ་ཉིད་དང་། སྥུ་རེ་རེ་ནས་སྐྱེས་ཤིང་སེམས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པོ་དང་། རོ་སྟེང་སེང་གེ་འདྲ་བ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པོ་ཉིད་དང་། ཐལ་གོང་རྒྱས་པ་དང ་རོ་བྲོ་བའི་མཆོག་ཤེས་པ་ཉིད་དང་། ཤིང་ནྱ་གོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པའི་དབྱངས་དང་། འཇིག་རྟེན་ཁམས་ཐད་དུ་སེམས་ཅན་ལ་དམ་པ ་ཆོས་སྒྲོགས་པས་འགྲམ་པ་སེང་གེ་ལྟ་བུ་དང་། ཚམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། སྤྱན་མཐོན་མཐིང་ལྟ་བུ་དང་། བའི་རྫ་མ་ལྟ་བུ་སྤྱན་ཉིད་དོ།། ་དེ་ལ་ཞབས་ལེགས་པར་གནས་པ་ནི། ས་ལ་མཉམ་དུ་རེག་པ་སྟེ། ས་ཆེན་པོ་ཐམས་ཅད་ལ་དམའ་བ་དང་མཐོ་བ་དང་གྲོག་མོ་དང་བསྲེག་མ་དང་། ཆུ་དང་འདག་པ་དང་། ཚེར་མ་དང་། འོབས་ལ་སོགས་པ་རྣམས་མཉམ་དུ་གནས་པའོ།། ། ་འཇིག་རྟེན་ཁམས་འབུམ་ཕྲག་དུ་མས་པར་ཆོད་པར་གྱུར་པའི་རིང་དུ་གྱུར་ཡང་། ཉེ་བར་འགྱུར་བ་ཡིན་ནོ།། སོར་མོ་རིང་བ་ཞེས་པ་ནི། སོར་མོའི་ཚིགས་དང་པོ་ནས་གཟུང་སྟེ་བར་མ་ཆད་ཀྱང་སོར་གདུབ་ལ་སོགས་པས་བརྒྱན་དུ་རུང་བའི ་སྡོར་མོའོ།། འཇམ་པ་ནི་གཉེན་པ་ལ་སོགས་པའོ།། གཞོན་ཤ་ནི་མདོག་ལ་སོགས་པ་དང་། ལྡན་པ་ཉིད་དོ།། བདུན་མཐོ་བ་ཉིད་ནི་ཕྱག་གི་རྒྱབ་གཉི། རྐ་པའི་རྒྱབ་གཎྜཱི། པྲ་གོང་རྒྱབ་གཉིས། མགྲིན་པའི་རྒྱབ་རྣམས་ཤ་རྒྱས་པ་ཡིན་པ་ཉིད་ཀྱིས།། ་རྟིང་པ་ཡངས་པ་ནི། རྐང་པའི་མཐིལ་ཐམས་ཅད་ཆ་བཞིར་བྱས་ཏེ། ཆ་གསུམ་ནི་ཞབས་སོ།། ཆ་གཅིག་ནི་རྟིང་པའི་ཚད་དང་ལྡན་པ་ཉིད་དོ།། ཞབས་དུང་མཐོང་བ་དང་། ཞེས་པ་འདིའི་མདོ་ལས། མཐོ་བ་དང་མི་ཟབ་པའི་པུས་མོ་དང་ལོང་མོ་དག ་ཉིད་ཡིན་པས་ཞབས་དུང་ཞེས་པའོ།། དེས་ན་མཐོ་བའི་སྒྲ་ནི་མི་ཟབ་ཅེས་པའི་དོན་ཏོ།། དུང་ཞེས་པའི་སྒྲ་ནི་པུས་མོ་ལོང་མོའི་རུས་པ་བརྗེད་བྱེད་དེ། དེ་ན་བརླའི་རྩ་ནས་འོག་ཏུ་ཐམས་ཅད་ཞབས་ཞེས་སོ།། རི་དགས་ཨེ་ནྱའི ་ཡན་ལག་བྱིན་པ་བཞིན་དུ་བྱིན་པའི་ཤ་རྣམ་ས་རིམ་གྱིས་ཤིན་ཏུ་རྒྱས་པའོ།། སོར་མོ་དབྱིབས་མཉམ་པ་ཤིན་ཏུ་ཟླུམ་པ་ཡོངསུ་འཁོར་བ་སོར་མོ་བརྒྱད་ཀྱི་ཕྱོགསུ་འགྱུར་བའོ།། དཔུང་པ་སྦོམ་པ་ནི་ཡོངསུ་བསྐོར་བ་ཉིད་དོ།། རིང་བ་ཉིད་ནི ་བཞེངས་ནས་མ་འདུད་པར་ཕྱག་གིས་རེག་པའོ།། འདོམས་ཀྱི་སྔ་བ་ནི་སྦུབསུ་ཞུགས་ཅིང་ནུས་པ་དེ་དེ་བཞིན་ནོ།། མདོག་གསེར་འདྲ་བ་ཞེས་པས་སྐུའི་མཐུག་པ་དང་འཇམ་པ་འོད་གསལ་བའི་ཁ་དོག་ཉིད་བསྟན་པའོ།། སྤུ་གཡསུ་འཁྱིལ་པ་ནི ་སྦྲུལ་འཁྱིལ་བ་ལྟ་བུའོ།། མཛོད་སྤུ་ནི་སྨིན་མའི་བར་ཐིག་ལེའི་གནས་སུ་འཇམ་པ་གཉེན་པའི་སྤུ་དཀར་བའོ།། བརྐྱང་ན་ནི་ཁྲུ་དང་ཁྲུ་གཉིས་ཁྲུ་གསུམ་ལ་སོགས་པའི་ཚད་དོ།། བསྡུས་ན་ནི་གཡས་སུ་འཁོར་བའི་རྩེ་མོའི་གྱེན་དུ་ཕྱོགས་པ ་སྐྱུ་རུ་རཾའི་ཚད་ཙམ་རྡུལ་ནི་ཆུ་བུར་ལྟ་བུའི་རྣམ་པའོ།། རོ་སྟོང་སེང་གེ་ལྟ་བུ་ནི་སྐུ་སྟོད་ཡངས་ཤིང་རྒྱ་ཆེ་བ་མཐོང་ཀ་ཤ་རྒྱས་པ་ཡིན་པས་སོ།། གང་གི་རབ་ཏུ་དང་བར་བྱེད་པས་དང་རྒྱ་ཆེ་བ་ཕུན་སུམ་ཚོགས་པས་ཤིན་ཏུ་ཟླུམ་ལ་རྩའི་དྲ་བ ་མི་མངོན་པའི་དཔུང་མགོའོ།། གསེར་གྱི་བུམ་པའི་མགྲིན་པ་བཞིན་དུ་ཡོངས་སུ་འཁོར་བར་ཤིན་ཏུ་ཟླུམ་པའི་རི་མོ་ཅན་གྱི་མགྲིན་པའོ།། ཕྲག་པ་གཉིས་ཀྱི་བར་ནི་ཐལ་གོང་སྟེ་མཐོང་ཀ་རྒྱས་པས་དེ་ནི་ཐལ་གོང་རྒྱས་པའོ།། བཅོམ ་བཅོམ་ལྡན་འདས་ནི་རོ་དྲུག་རྣམས་ཀྱི་རོ་བྲོ་བ་ཤེས་ཅིང་ཚིམ་སྟེ་རོ་མཆོག་གསོལ་བའོ།། ཁ་ཅིག་དུ་ལུས་དང་ཡན་ལག་ལ་རོ་མྱངས་ཏེ་གསོལ་བས་རོ་བློ་བ་ནི་རྩ་སྟེ་དེ་རྣམས་མཆོག་ཉིད་དེ། རླུང་དང་མཁྲིས་པ་དང་བད་ཀན་ལ ་སོགས་པ་རྣམས་ཀྱིས་གནོན་པ་མེད་པས་མཉམ་དུ་གནས་པ་ཉིད་དོ།། རླུང་ལ་སེམས་པ་སོགས་པ་ལ་གནོད་པ་མེད་པས་མི་སྒོམ་ཞིང་མི་ཕྲ་ཞིང་མདུད་པ་མ་ཡིན་མདོག་ངན་པ་མ་ཡིནོ།། རྩ་དེ་རྣམས་ནུབ་པས་སྐུ་རྣམ་འགྱུར་ངན་པ ་མ་ཡིནོ།། གསེར་གྱི་བྱང་བུ་བཞིན་དུ་ཡིད་དུ་འོང་བར་འགྱུར་རོ།། རླུང་མཁྲིས་བང་ཀན་གྱིས་གནོད་པ་མེད་པ་རྩ་དེ་རྣམས་ཀྱི་ཡང་དག་པར་གསོལ་བའོ་ཞེས་གསུངསོ།། དེ་སྐད་དུ་ནི། སྐྱེས་བུ་ཆེན་པོ་རྣམས་ཀྱི་མགྲིན་པ་ལ་རོ་མྱང་བ ་བྱེད་པ་སྟོང་ཕྲག་བདུན་ཁ་གྱེན་དུ་ཕྱོགས་པ་རབ་ཏུ་འཇུག་གོ།། རོ་ཐམས་ཅད་ཀྱང་ཞལ་དུ་བཅུག་པ་ན་བདུད་རྩི་རོ་དང་མཚུངས་པར་འགྱུརརོ།། ཞེས་སོ།། ཡང་ན་རོ་ནི་མྱང་བྱ་སྟེ་དྲུག། རོ་དེ་རྣམས་ཀྱི་རོ་མྱང་བར་བྱེད་པའི་མཆོག་གོ།། གང་དེ ་དང་ལྡན་པའི་གསོལ་བ་དེ་ནི་དེ་བཞིན་ནོ།། ཞེས་བཤད་པའོ།། ནྱ་ནི་དམའ་བ་སྟེ་འོག་གི་སྐུའོ།། གྲོ་དྷ་ནི་སྟེང་གི་སྐུའོ།། ཆུ་ཞེང་མཉམ་པའོ།། ལྟེ་བ་ནས་བཟུང་སྟེ་འོག་གི་སྐུ་དང་སྟེང་གི་སྐུ་དག་ཚད་མཉམ་པའོ་ཞེས་པའི་དོན་ཏོ།། ་ཡང་ན་བཅོམ་ལྡན་འདས་ཕྱག་གཉིས་འདོམ་དུ་རྐྱང་སྟེ་སྐུལ་ལུས་བཆུང་ང་ཤེང་དུ་མཉེ་བ་ནི་ནི་བྷྱོ། མྱུར་དུ་ཤེ་ག་ཤྭེ་རྦ་ཀྲོ་དྷ་ནི་ཤིང་བརྡ་སྟེ་དེ་དང་འདྲ་བར་རིང་དང་རྒྱར་བཅོམ་ལྡན་འདས་ཀྱི་སྐུ་མཉམ་པའོ།། དེས་ནྱ་གོ་དྷ་ལྟ་ཆུ་ཞེས ་པའོ།། ཞེས་ཁ་ཅིག། གཙུག་ཏོར་བཀྲིས་པའི་རྣམ་པ་ཡང་རྟོག་གོ།། ཟླུམ་པོ་ཡོངསསུ་རྫོགས་པའོ།། ལྗགས་ཀྱི་ཡངས་པ་ནི་རིང་དུ་སྟེ། རྣ་བའི་མཚམས་དང་དཔལ་བའི་སྒྲ་མཚམས་ཐུགས་པར་ལྕེས་རེག་པའི།། ཤིན་ཏུ་རྫོགས་པ་མ་ཡིན་པ་ཆོས ་བཅུ་གཉིས་ཟླ་བ་ལྟ་བུར་མཐར་ཐུགས་པ་ལེགས་པར་འབྱོར་པ་ཟླུམ་པ་འགྲམ་པའི་རང་བཞིན་ཡིན་པས་སེང་གེའི་འགྲམ་པ་ཉིད་དོ།། བཅོམ་ལྡན་འདས་ཀྱི་ཚེམས་བཞི་བཅུ་ཉིད་དོ།། གཞན་བཞིན་དུ་སུམ་ཅུ་རྩ་གཉིས་སམ་ཉི་ཤུ་ཉེར་བརྒྱད་ནི་མ ་ཡིན་ནོ།། ལྟེ་བའི་དཀྱིལ་འཁོར་གྱི་དབུས་ནི་ནཱག་ལ་འཇམ་པའོ།། ནག་པའི་དཀྱིལ་འཁོར་གྱི་ལོགས་གཉིས་ནི་དཀར་བ་ཉིད་དོ།། རྫི་མ་གནས་པའི་གོ་སྐབས་འཇམ་ལ་སྔོ་བའོ།། མཐའ་མ་གཉིས་ཀྱི་བིམ་པ་ལའི་གཉིས་ནི་དམར་བའོ།། ་རྫི་མ་དང་མིག་འབྲས་ཀྱི་བར་དུ་ནི་གསེར་གྱི་མདོག་གོ།། དེ་བཞིན་དུ་རབ་ཏུ་དང་བ་ལྔ་དང་ལྡན་པའི་ཡང་མིག་གི་དཀྱིལ་འཁོར་གཙོ་བོ་ཉིད་ཡིན་པས་སྤྱན་མཐོན་མཐིང་ཞེས་བརྗོད་དོ།། བའི་བེའུ་གཞོན་ནུ་ལྟར་སྟེང་དང་འོག་སྔོ་ལ་སྣུམ ་བའི་འོད་དང་ལྡན་པ་ཉིད་ཡིན་པས་པའི་རྫི་མ་ལྟ་བུའོ།། ཞེས་སོ།། མཚན་སུམ་ཅུ་རྩ་གཉིས་དེ་རྣམས་ཀྱི་སོ་སོའི་རྒྱུར་གྱུར་པའི་བསོད་ནམས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། བླ་མ་རྣམས་ཀྱི་སྐྱེལ་བ་དང་བསུ་བ་དང་ཆོས་ཉན་པོ་དང ་འཁོར་གཡོག་འབུལ་བ་ལ་སོགས་པ་རྣམས་ཀྱིས་མཚན་དང་པོའོ།། ཡང་དག་པར་བླངས་པ་ཡིད་དམ་བརྟན་པས་གཉིས་པའོ།། བསྡུ་བའི་དངོས་པོ་རྟེན་པས་གསུམ་པའོ།། གྱ་ནོམ་པའི་བཟང་བཏང་ལ་སོགས་པ་སྦྱིན་པས་བཞི ་བ་དང་ལྔ་པའོ།། བཅིངས་པ་གྲོལ་བར་བྱས་པས་དྲུག་པའོ།། སྲོག་འཚོ་བ་ཉིད་རྗེ་སུ་འཛིན་པ་བྱས་པས་བདུན་པའོ།། སྲོག་གཅོད་པ་ལས་ལྡོག་པའི་ཀུན་ཏུ་རྟེན་པ་ལས་བརྒྱང་པའོ།། ཆོས་ཀྱི་སྦྱིན་པས་དགུ་པའོ།། ཆོས་ཡང་དག་པ ་སྤེལ་བས་བཅུ་པའོ།། གུས་པས་རིག་པ་དང་བཟོ་ལ་སོགས་པ་སྦྱིན་པས་བཅུ་གཅིག་པའོ། ནོར་ཡོད་བཞིན་དུ་སློང་བ་པོའི་སྐྱེ་བོ་མ་སྤངས་པས་བཅུ་གཉིས་པའོ།། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལེན་དུ་བཅུག་པས་དང་གསང་བ ་རྗེས་སུ་བསྲུངས་པས་བཅུ་གསུམ་པའོ།། གྱ་ནོམ་པའི་མལ་ཆ་སྦྱིན་པས་བཅུ་བཞི་པའོ།། ཁེངས་བཟང་མཆོག་ལ་སོགས་པ་སྦྱིན་པས་བཅོ་ལྔ་པའོ།། འཆོག་འདུ་ལ་སོགས་པ་སྤངས་པས་བཅུ་དྲུག་པའོ།། གུས་པར་བྱ ་བའི་སྐྱེ་བོ་ཐམས་ཅད་རིམ་པ་ཇི་ལྟ་བུ་བཞིན་འཇོག་པར་བྱེད་པས་བཅུ་བདུན་པའོ།། ཐམས་ཅད་དུ་ཚིག་རྩུབ་གཟུགས་མོ་མ་སྤངས་པས་བཅོ་བརྒྱད་པའོ།། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བ་དག་ལ་རྗེསུ་མཐུན་པར་བྱེད་པ ་བཅུ་དགུ་པའོ།། སྨན་གྱི་སྦྱིན་པས་ཉི་ཤུ་པའོ།། ནད་པ་རྣམས་ཀྱི་རིམ་གྲོ་བྱས་པས་ཉེར་གཅིག་པའོ།། ཚལ་དང་ཀུན་དགའ་ར་བ་ལས་སོགས་པ་རང་ཉིད་བྱེད་པ་དང་། གཞན་བྱེད་དུ་འཇུག་པས་ཉེར་གཉིས་པའོ།། གཙུགས་ལག ་ཁང་ལ་སོགས་པ་མང་དུ་སྦྱིན་པས་ཉེར་གསུམ་པའོ།། ཚིག་འཇམ་པོ་ལ་སོགས་པས་ཉེར་བཞི་པའོ།། འཇིག་རྟེན་ཁམས་ཐམས་ཅད་དུ་སེམས་ཅན་ལ་དམ་པའི་ཆོས་སྒྲོགས་པས་ཉེར་ལྔ་པའོ།། ངག ་བཀྱིལ་པ་ལས་ལྡོག་པས་ཉེར་དྲུག་པའོ།། སྐྱེ་བོ་ཐམས་ཅད་ལ་རི་མོར་བྱེད་པས་ཉེར་བདུན་པའོ།། འཚོ་བ་རྣམ་པར་དག་པས་ཉེར་བརྒྱུད་པའོ།། བདེན་པར་སྨྲ་བས་ཉེར་དགུ་པའོ།། དབྱེན་སྨྲ་བ་མ་གོམས་པས་སུམ་ཅུ་པའོ།། ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བས་སོ་གཅིག་པའོ།། ཁོང་ཁྲོ་ལ་སོགས་པ་དབེན་པར་མཐོང་བས་སུམ་ཅུ་རྩ་གཉིས་པའོ་ཞེས་སོ།། མཚན་བཟངས་དེ་རྣམས་མཚོན་པར་གསལ་བར་བྱེད་པ་འམ། མཚན་བཟངས ་དང་རྗེསུ་མཐུན་པས་སྐྱེས་བུ་ཆེན་པོ་མཚན་གསལ་བར་བྱེད་པ་འམ། རྗེ་སུ་མཐུན་པས་གསལ་བར་བྱེད་པ་སྟེ། མཛེས་པར་བྱེད་པ་འདི་ནི་དཔེ་བྱད་སྟེ་བརྒྱད་ཅུའོ།། འདི་ལྟ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ ་དང་སེན་མ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་རིམ་གྱི་ཕྲ་བ་དང་། རྩ་མོ་མངོན་པ་དང་། རྩ་མདུད་མེད་པ་དང་། ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པ་དང་། སིང་གེ ་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟོབསུ་གཤེགས་པ་དང་། ངང་པའི་སྟབསུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། མ་ཡོ་བར ་གཤེགས་པ་དང་། སྐུ་འཁྱིལ་བག་ཆགས་པ་དང་། སྐུ་བྱིན་དོར་བྱས་པ་ལྟ་བུ་དང་། སྐུ་རིམ་པར་འཚམ་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་རྒྱས་པ་དང་། སྐུ་རྣམ་པར་དག་པ་དང་། མཚན་ཡོངསུ་རྫོགས་པ་དང་། སྐུ་ཁོ་ལག་ཡངས ་ཤིང་མཛེས་པ་དང་། གྲོམ་པ་སྙོམས་པ་དང་། སྤྱན་རྣམ་པར་དག་པ་དང་། སྐུ་ཤིན་ཏུ་གཞོན་མདོག་ཅན་དང་། དཀུ་ཞུམ་པ་མེད་པ་དང་། དཀུ་རྒྱས་པ་དང་། དཀུ་ཤིན་ཏུ་གྲིམས་པ་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་ཕྱེད་པ་དང་། ་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་ཀུ་ཟླ་བ་དང་དཀུ་སྐབས་ཕྱིན་པ་དང་། དཀུ་ཕྱལ་བྱང་དེ་བ་དང་། དཀུ་མ་རྙོངས་པ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་གས་སུ་འཁྱིལ་པ་དང་། ཀུན་ནས་མཛེས་པ་དང་། ཀུན་སྤྱོད་པ་གཙང་བ་དང་། སྐུ་ལ ་རྨེ་བ་དང་ག་རྣག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་གི་རི་མོ་མདངས་དང་ལྡན་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་ཡང་མི་རིང་བ་དང་། ཞལ་གཟུགས་ཀྱི་གཟུགས་བརྙན་སྣང ་བ་དང་། འདི་ལ་གཟུགས་རྣམས་ཀྱི་གཟུགས་བརྙན་སྣང་བ་འདི་ནི་གཟུགས་ཀྱི་གཟུགས་བརྙན་སྣང་བའི་ཞལ་གང་གི་ཡིན་པ་དེ་དེ་བཞིན་ནོ།། གཟུགས་རྣམས་ཀྱི་གཟུགས་བརྙན་ཤར་པའི་ཞལ་གང་གི་ཡིན་པ་དེ་དེ་བཞིན་ནོ་ཞེས་གཞན་དག ་གོལྗགས་གཉེན་པ་དང་། ལྗགས་སྲབ་པ་དང་། ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་། ལྡན་པ་དང་། གསུང་སྙན་ཅིང་འཇེབས་ལ་འཇམ་པ་དང་། མཚ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང ་མཆེ་བ་མཉམ་པ་དང་། མཆེ་བ་བྱིན་གྱི་ཕྲ་བ་དང་། ཤངས་མཐོ་དང་། ཤངས་གཙང་བ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་མ་རངས་པ་ལྟ་བུ་དང་། སྤྲིན་དཀྱུས་རིང་བ་དང་། སྨིན་མ་འཇ ་པ་དང་། སྨིན་མ་སྣུམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྙན་ཞལ་སྡུག་ཅིང་རིང་བ་དང་། སྙན་མཉམ་པ་དང་། སྙན་མ་མཉམ་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བའི་དབྱེས་ཆེ་བ་དང་། དབུ་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་བུང་བ ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་མི་གཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། ཕྱག་དང་ཞབས་དཔལ་བེའུ་དང་། བཀྲ་ཤིས་དག་གིས་བརྒྱན་པའོ།། ། མཚན ་དང་དཔེ་བྱད་དེ་རྣམས་ནི་གདུལ་བྱ་སྐྱེ་བོ་དང་པ་འཕེལ་བར་བྱ་བའི་ཆེད་དུ་རྣམ་པར་བཞག་སྟེ། དེ་རྣམས་འདི་ཙམ་ཞེས་ཚད་གཟུང་བར་མི་ནུས་པས།། དེ་བཞིན་དུ་མདོ་སྡེ་གཞན་ལས་ནི། ཕྱག་ཞབས་ལ་སྡོང་རིས་དང་། གཡུ་དྲུང་འཁྱིལ་པ་བུམ ་པ་གང་པོ་ཉ་ཟུང་རྒྱལ་མཚན་དུང་གནས་བཟང་པོ་གདུགས་དཀར་པོ་རྔ་ཡབ་ལ་སོགས་པ་ཡང་གསུང་སོ།། མཚན་བཟངས་དང་དཔེ་བྱུང་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་ལོ་སྒྱུར་བ་རྣམས་ལ་ཡོད་དོ།། འོན་ཀྱང་དེ་བཞིན ་གཤེགས་པ་རྣམས་ཀྱི་ནི་ཡུལ་ན་གནས་པ་ཤིན་ཏུ་གསལ་བ་རྫོགས་པ་ཤིན་ཏུ་ཆེས་བླ་མར་གྱུར་པའོ།། ཡང་དེ་བཞིན་གཤེགས་པའི་ཕྱི་གདིང་ཞབས་ཀྱི་མཐིལ་ལ་གང་རྗེས་སུ་མ་ཚིན་བྱེད་ཡོད་དེ། འདི་ལྟ་སྟེ། གདུགས་དང་། ་རྒྱལ་མཚོན་དང་། དཔལ་བེའུ་དང་། ཕྲེང་བ་དང་། ལྕགས་ཀྱུ་དང་། དབུ་རྒྱན་དང་། དབྱུག་གུ་དང་། བུམ་པ་དང་། གླང་པོ་ཆེ་དང་། རྟ་དང་། སྟག་དང་། བྱ་ཁྱུང་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། རྨ་བྱ་དང་། བྱ་ཀ་ལ་བིང་ཀ་དང ་བྱཱ་ཤང་ཤང་ཏིའུ་དང་། བྱ་ཙ་ཊ་དང་། ངུར་པ་དང་། ནེ་ཙེ་དང་། ངང་བ་དང་། ཐིབ་དང་། ནས་དང་། སྨན་ཆེན་པོ་དང་། འོངས་དང་། བ་མེན་དང་། ར་དང་། ཁྱུ་མཆོག་དང་། བིལ་བ་དང་། རི་དང་། དཔག་བསམས་ཤིང་དང་། རི་དགས་ནག ་པ་དང་། ནོར་བུ་རིན་པོ་ཆེ་དང་། རལ་གྲི་མཆོག་དང་། རྡོ་རྗེ་དང་། གཞུ་དང་། མདའ་དང་། མདུང་ཐུང་དང་། རྩེ་གསུམ་དང་། གཤོལ་དང་། གཏུན་ཤིང་དང་། དགྲ་སྟ་དང་། ཞགས་པ་དང་། ཆུ་སྲིན་འཛིན་ཁྲི་དང་། མུ་ཏིག་དང་། འཁྱིལ་བ ་དང་། སྤྲིན་དང་། ཚངས་པ་དང་། དབང་པོ་དང་། ཡུལ་འཁོར་སྐྱོང་དང་། ཆུ་བདག་དང་། སྤྱན་མི་བཟང་དང་། ནོར་སྦྱིན་དང་། དྲང་སྲོང་ཆེན་པོ་དང་། དཔལ་མཾ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་དང་། མེ་ཏོག་པདྨ་དང་། གཡུང་དྲུང ་འཁྱིལ་བ་དང་། བཀྲ་ཤིས་དང་། གདན་བཟང་པོ་དང་། མེ་ལོང་དང་། རྔ་ཡབ་དང་། སུ་རོ་ཌ་ཤོ་དང་། གཞོན་ནུ་དང་། བུ་མོ་དང་། རྔ་བོ་ཆེ་དང་། དུང་དང་། རྫ་རྔ་དང་། ལག་གདུབ་དང་། དཔུང་བརྒྱན་དང་། རྣ་བརྒྱན་དང་། སོར་གདུབ་རྒྱན་དང་། ་འཁྱིལ་པའོ་སྡོང་བུ་དང་། མེ་རྟོག་རྒྱལ་པོ་ཤིང་དང་། འཁོར་ལོའི་དབུས་སུ་སེང་གེ་ཞེས་སོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱི་སྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་སངས་རྒྱས་སྐུའི ་མཚན་དང་དཔེ་བྱུང་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་པའོ།། ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་བཞིན་གཤེགས་པ་འདིའི་གསུང་རབ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ངོ་།། དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་དོ།། བྱང་ཆུབ་སེམས་དཔའི་སྡེ་གནོད་ཀྱང་རྣམ་པ་གསུམ་སྟེ། ་འདི་ལྟ་སྟེ། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་དོ།། སྡེ་སྣོད་གསུམ་པོ་དེ་རྣམས་ནི་གསུང་རབ་ཡན་ལག་དགུར་འགྱུར་ཏོ།། འདི་ལྟ་སྟེ། མདོའི་སྡེ་དང་། འདུལ་བའི་སྡེ་དང་། མངོན་པའི་སྡེ་དང་། སྐྱེས་པ་རབ ་ཀྱི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླིང་གཞིའི་སྡེ་དང་། ཚིགསུ་བཅད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། རྣམ་པར་ངེས་པ་གཏམས་པའི་སྡེའོ།། ཡང་ན་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས ་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚོགས་སུ་བཅད་པའི་སྡེ་དང་། ཚད་དུ་བརྗོད་པའི་སྡེ་དང་། གླིང་བཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབ་ཀྱི་སྡེ་དང་། ཤིན་ཏུ ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པའི་ཆོས་ཀྱི་སྡེའོ།། ཡང་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཚིག་སུ་བཅང་བ་དང་། མངོན་པ་དང་། འདུལ་བ་དང་། མདོ་སྡེ་དང་། མ་མོ་ཞེས་སོ།། དེ་བཞིན ་པ་རྣམས་ཀྱི་དབྱངས་ནི་ཡན་ལག་དྲུག་ཅུ་དང་ལྡན་པའོ།། དེ་ལ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་ནི། འདི་ལྟ་སྟེ། སེམས་ཅན་ཁམས་དགེ་བའི་རྩ་བ་ཉེ་བར་རྒྱས་པར་བྱེད་པའི ་དེ་བཞིན་གཤེགས་པའི་གསུང་བསྙེན་སྣུམ་པ་དང་མཐོང་བའི་ཆོས་ལ་བདེ་བར་རེག་པས་འཇམ་པ་ཉིད་དང་། དོན་བཟང་བ་ཉིད་ཡིན་པས་ཡིད་དུ་འོང་བ་དང་། ཚིག་འབྲུ་བཟང་བས་ཡིད་དུ་འཐད་པ་དང་། འཇིག་རྟེན་ལས་འདས་པ་བླ་ན་མེད ་པ་རྗེས་ལ་ཐོབ་པ་ཉིད་ཡིན་པས་དག་པ་དང་། ཉོན་མོངས་པ་བག་ལ་ཉལ་བག་ཆགས་བྲལ་བ་ཉིད་ཡིན་པས་དྲི་མ་མེད་པ་དང་། ཚིག་འབྲུ་གསལ་བར་ཤེས་པས་གསལ་བ་དང་། མུ་སྟེགས་བྱེད་ཐམས་ཅད་ཀྱི་བློ་གྲོས་ལྟ་བ་ངན་པ་རྣམ ་པར་འཇོམས་པས་སྟོབས་ཡོན་ཏན་ལྡན་པ་ཉིད་པས་སྙན་ཅིང་འཇེབས་པ་དང་། སྒྲུབ་པ་རང་བཞིན་ངེས་པར་འབྱིན་པར་བྱེད་པ་ཉིད་པས་མཉན་པར་འོས་པ་དང་། ཕས་ཀྱིས་རྒོལ་བ་གཞན་ཐམས་ཅད་ཀྱིས་མི་ཆོད་པ་ཉིད ་བས་མི་ཚུགས་པ་དང་། རངས་པར་བྱེད་པས་བསྙེན་པ་དང་འདོད་ཆགས་གཉེན་པོ་ཉིད་པས་དུལ་བ་དང་། བཅས་པའི་བསླབས་པ་ཐབས་བདེ་བ་ཉིད་པས་མི་རྩུབ་པ་དང་། བསླབ་པ་ལ་འདས་པ་ལས་ཡང་དག་པར་ངེས་པར་འབྱིན ་བའི་གདམས་ངག་བྱེད་པ་ཉིད་པས་མི་སྤང་བའོ།། ཐེག་པ་གསུམ་གདུལ་བྱ་ལ་གདམས་པར་བྱེད་པ་ཉིད་པས་རབ་ཏུ་དུལ་བ་དང་། རྣམ་པར་གཡེང་བའི་གཉེན་པོ་ཉིད་པས་རྣར་སྙན་པ་དང་། ཏིང་ངེ་འཛིན་ཀུན་ཏུ་སྐྱེད་པར་བྱེད་པས་ལུས་སིམ་པར ་བྱེད་པ་དང་། ལྷག་མཐོང་མཆོག་ཏུ་དགའ་བར་སྐྱེད་པར་བྱེད་པ་ཉིད་པས་སེམས་ཚིམ་པར་བྱེད་པ་དང་། ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ་ཉིད་པས་སྙིང་དགའ་བར་བྱེད་པ་དང་། ལོག་པར་ངེས་པ་སེལ ་བར་བྱེད་པ་ཉིད་པས་དགའ་བར་དང་བདེ་བ་སྐྱེད་པ་དང་། སྒྲུབ་པ་འགྱོད་པ་མེད་པར་བྱེད་པ་ཉིད་པས་ཡོང་སུ་གདུང་བ་མེད་པ་དང་། ཕུན་སུམ་ཚོགས་པ་ཐོས་པའི་རང་བཞིན་ཤེས་པའི་རྟེན་ཉིད་པས་ཀུན་ཤེས་པར་བྱ་བ་དང་། བསམ་པའི། ་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་པས་རྣམ་པར་རིག་པར་བྱ་བ་དང་། སློབ་དཔོན་དཔེ་མཁྱུད་པ་ཉིད་པས་རྣམ་པར་གསལ་བ་དང་བདག་གི་དོན་རྗེས་སུ་ཐོབ་པ་རྣམས་འགུ་བར་བྱེད་པ་ཉིད་པས་དགའ་བར་བྱེད་པ་དང་། ་བདག་དོན་རྗེས་སུ་ཐོབ་པ་རྣམས་རེག་པར་བྱ་བ་ཉིད་པས་མངོན་པར་དགའ་བྱེད་པ་དང་། བསམ་གྱི་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་ཉིད་པས ་རྣམ་པར་རིག་པར་བྱེད་པ་དང་། ཚང་མ་དང་མ་འགལ་བ་ཉིད་པས་རིག་པ་དང་གདུལ་བྱ་ཅི་ལྟར་འོས་པ་སྟོན་པར་བྱེད་པ་ཉིས་པས་འགྲེལ་པ་དང་། འབྲས་བུ་དང་བཅས་པ་ཉིད་པས་བཟློས་པའི་སྐྱོན་མི་སྐྱེད་པ་དང་། མུ་སྟེགས ་རི་དགས་ཚོགས་ཐམས་ཅད་སྐྲག་པར་བྱེད་པ་ཉིད་བས་སེང་གེའི་སྒྲའི་ཤུགས་དང་། རྒྱ་ཆེ་བ་ཉིད་པས་གླང་པོའི་སྒྲ་སྐད་དང་། ཟབ་པ་ཉིད་པས་འབྲུག་གི་སྒྲ་དབྱངས་དང་། སླང་བྱ་མཆོག་ཡིན་པ་ཉིད་པསོ་ཀླུའི་དབང་པོའི་སྒྲ ་དང་། སྙན་པ་ཉིད་པས་མི་འམ་ཅིའི་ཀླུ་དབྱངས་དང་། བར་མ་ཆད་པས་ཞུགས་ལྡན་པ་ཉིད་པས་ཀ་ལ་བིང་ཀའི་སྒྲ་དབྱངས་སྒྲགས་པ་དང་། རིང་དུ་བགྲོད་པས་ཚངས་པའི་སྒྲ་དབྱངས་སྒྲགས་པ་དང་། དངོས་གྲུབ་ཐམས་ཅད ་ལ་བཀྲ་ཤིས་པ་ཉིད་དང་སྔོན་དུ་འགྲོ་བ་ཉིད་པས་ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ་དང་། འདིར་དབྱངས་སྨོས་པ་ནི་དོན་དང་ཆོས་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་སྒྲ་ལས་ཡིད་ཆེས་པའི་དོན་དུའོ།། སྒྲ་སྨོས་པ་ནི་བརྡའ ་དེ་དང་དེ་ལ་ཡིད་ཆེས་པའི་དོན་དུའོ།། གྲགས་པ་བཟུང་བ་ནི་སྒྲ་དེ་དང་དེའི་བརྡའ་རྗེསསུ་སྨྲ་བ་ཡིད་ཆེས་པའི་དོན་དུའོ།། འདའ་བར་བྱ་བ་མ་ཡིན་པ་ཉིད་པས་ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། བདུད་དང་ཕྱིར་རྒོལ་བ་ཐམས་ཅད ་ལས་རྣམ་པར་རྒྱལ་བ་སྔོན་དུ་འགྲོ་བ་ཉིད་པས་རྔ་བོ་ཆེའི་སྒྲ་དང་། བསྟོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མ་ཁེངས་པ་དང་། སྨད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མི་དམའ་བ་དང་། ལུང་བསྟན་པ་ཐམས་ཅད་ལ་མཚན། ་ཉིད་རྣམ་པ་ཐམས་ཅད་རྗེ་སུ་ཞུགས་པ་ཉིད་པས་སྒྲ་ཐམས་ཅད་ཀྱི་རྗེ་སུ་ཞུགས་པ་དང་། དྲན་པ་ཀུན་ཏུ་རྨོངས་པ་དེ་རྣམས་འབྱུང་བ་མ་ཡིན་པས་ཚིག་ཟུར་ཆག་མེད་པ་དང་། གདུལ་བྱའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཉིད་པས ་མ་ཚངས་པ་མེད་པ་དང་། རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པས་མ་ཁུམས་པ་དང་། བག་ཆེ་བ་རྣམས་བྲལ་བས་མི་ཞན་པ་དང་། སྐྱོ་བ་མེད་པ་ཉིད་པས་རབ་ཏུ་དགའ་བ་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པ་རྗེསུ་འགྲོ་བ་ཉིད་པས ་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པས་ཆུབ་པ་དང་། རྒྱུན་ཉེ་བར་ཆད་པ་མེད་པ་ཉིད་པས་རྒྱུན་ཆགས་པ་དང་། རྣམ་པ་སྣ་ཚོགས་ཉེ་བར་གནས་པས ་འབེལ་བ་དང་། དབྱངས་ཅིག་སྒྲ་དུ་མ་རྣམ་པར་རིག་པར་བྱེད་པ་ཉེ་བར་གནས་པས་དབྱངས་ཐམས་ཅད་རྫོགས་པར་བྱེད་པ་དང་། དོན་གཅིག་དང་དུ་མ་རྣམ་པར་རིག་པ་ཉེ་བར་གནས་པ་ཉིད་པས་དབང་པོ་ཐམས་ཅད་སིམ་པར་བྱེད་པ་དང་། དམ ་བཅས་པ་ཇི་ལྟ་བ་ཉིད་པས་མ་སྨད་པ་དང་། མ་འོངས་པའི་དུས་སུ་རབ་ཏུ་འཐད་པ་ཉིད་པས་མི་འགྱུར་བ་དང་། མི་མྱུར་བར་རྣམ་པར་གནས་པས་མ་བརྟགས་པ་དང་། ཉེ་བ་དང་རིང་བའི་འཁོར་མཉམ་དུ་ཐོས་པས་འཁོར་ཀུན་ཏུ་གྲག ་པ་དང་། འཇིག་རྟེན་པའི་དཔེ་ཆོས་ཡོངསུ་འགྱུར་བ་ཉིད་ཡིན་པས་རྣམ་པས་རྣམ་ཐམས་ཅད་མཆོག་དང་ལྡན་པའོ།། དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་འདི་ནི་བསྡུས་པའི་ཚུལ་ལོ།། དེ་བཞིན་གཤེགས་པའི་དཔྱས ་ནི་འཚམས་མེད་པའི་ཡན་ལག་དང་ལྡན་པའོ།། གང་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔྱད་ཀྱང་མཐའ་མེ་པའི་དབྱངས་ཀྱི་ཡན་ལག་དང་ལྡན་པ་ཉིད་དོ།། དེ་སྐད་དུ་ཡང་གསུངས་ཏེ། ངེས་པའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ ་སེམས་དཔའ་འདི་ནི་གཟུངས་ཀྱི་སྒོ་ཚང་མེད་པ་གྲངས་མེད་པ་སྟོང་ཕྲག་བརྒྱ་མཉེས་པས་ཕྱོགས་བཅུའི་གཞལ་དུ་མཽང་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དྲུང་དུ་ཆོས་ཉོན་ཏོ།། ཐོས་པ་མི་བརྗོད་དོ།། ། ་ཇི་ལྟར་ཐོས་པ་རྣམས་དབྱངས་ཀྱི་ཡན་ལག་གྲངས་མེད་པ་འབུམ་ཕྲག་བཅུའི་རྗེསུ་འགྲོ་བའི་ཐབས་ལ་མཁས་པས་དང་། དེ་སྙེད་པའི་སྤོབས་པ་ཚད་མེད་པའི་རྗེསུ་འགྲོ་བའི་རྣམ་པར་འབྱེད་པའི་སྒོ་ནས་སྟོང་གསུམ་གྱི་འཇིག་རྟེན ་གྱི་ཁམས་ཐམས་ཅད་དུ་མོས་པ་དང་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱེད་དོ།། ཞེས་པ་ལ་སོགས་པ་རྒྱས་པར་རོ།། །། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས ་མི་བྱས་རྣམ་པར་ངེས་པ་ལ་དེ་བཞིན་གཤེགས་པའི་གསུང་རབ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་གཅིག་པའོ།། །། དེ་བཞིན་གཤེགས་པ་འདིའི་སེམས་འདྲེན་པའི་ཐབས་ལ་མཁས་པ་རྣམ་པ་མང་སྟེ། འདི་ལྟ་སྟེ། ་དེ་བཞིན་དུ་བསྟན་བཅོས་ལས།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། འདི་ནི་ཐབས་མཁས་བཅས་པ་ཡིན། ཅེས་སོ།། སློབ་དཔོན་དབྱིག་གཉེན་གྱི་ཞལ་གྱི་ཞལ་ནས་གསུངས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་སངས་རྒྱས ་ཡེ་ཤེས་རྣམ་པར་ཐར་པ་ཐབས་ལ་མཁས་པའི་ལས་ནི། བྱེ་བ་རྒྱའི་འཛམ་བུ་གླིང་རྣམ་སུ་ཅིག་ཅར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། ཞེས་སོ།། དེ་ལ་ཐབས་ལ་མཁས་པ་ནི་གཙོ་བོར་སྟོང་ཉིད་སྙིང་རྗེ་དག་གམ་དེ་ལས་སྐྱེས་པི ་ལས་ངེས་པའོ།། འདི་ལྟ་སྟེ། མི་ཁོམ་པ་ནས་འོངས་པ་ཉིད་དང་བདག་ཅག་རྣམས་ཀྱི་དོན་དུ་མ་ཡིན་ཞེས་པ་མི་རྣམས་ཀྱི་རི་མོར་བྱ་བ་ཆེན་པོ་མ་ཡིན་པ་ཡོངསུ་སྤང་བའི་དོན་དུ་གཟུགས་དང་གཟུགས་མེད་པ་དག་དུ་སྐྱེ་བ་རྣམ་པར་སྤངས ་ཏེ། དགའ་ལྡན་དུ་སྐྱེ་བ་བསྟན་པར་གྱུར་ཏོ།། རིགས་མཉམ་པའི་སེམས་ཅན་རྣམས་སྤྲོ་བ་སྐྱེད་པའི་དོན་དུ་མངལ་དུ་གནས་པ་བསྟན་པ་ཉིད་དོ།། གཞན་ལ་རགུ་ལས་པས་དངོས་གྲུབ་མ་ཡིན་ནོ།། ཞེས་སྐྱེས ་བུ་བྱེད་པ་ལ་ཡང་དག་སྦྱར་བའི་དོན་དུ་སངས་རྒྱས་གཞན་གྱི་གདམས་ངག་མེད་པར་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་ཏོ།། རྟེན་ཅིང་འབྲེལ་བར་འབྱུང་བ་ངེས་པར་རྟོགས་པ་རྣམས་ཐུན་མོངས་མ་ཡིན་པ་ཉིད་ཡོངསུ་བསལ ་བར་བྱ་བའི་དོན་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་གནས་པས་རྣམ་པར་གནས་སོ།། བདག་ཉིད་ཆོས་དགའ་བའི་བདེ་བ་ཆེན་པོ་སྐྱེད་པར་གསལ་བར་བྱ་བའི་དོན་དུ་གཞན་ཆེད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག ་བདུན་ཕྲག་བདུན་དུ་མོའུ་ནས་བསྐྱལ་ལོ།། ཡང་དེ་ནི་ཆོས་དགའ་བའི་བདེ་བ་ཆེན་པོ་བསྐྱེད་པ་རྣམས་དེ་ཡང་དེ་ལྟ་བུའི་ཆོས་དགའ་བ་སྤངས་ནས་ཡང་སེམས་ཅན་རྣམས་ལ་རྗེསུ་བརྩེ་བས་ཆོས་སྟོན་པར་བྱེད་དོ།། ཞེས་སེམས ་ཅན་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་དགའ་བ་དང་གུས་པ་ཡང་དག་པར་འཕེལ་བར་བྱ་བའི་དོན་དུ་དང་། ཆོས་ཉན་པའི་དོན་དུ་ཡོངས་སུ་སྲེད་པ་རྣམས་ཆོས་ལ་གུས་པར་བྱ་བའི་དོན་དུ་དེའི་ཚེ་ཅང་མི་གསུང་བར་གྱུར་ཏོ།། དེ་ནས ་ཆོས་སྟོན་པའི་དོན་དུ་ཚངས་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་བསྐུལ་བ་བཏབ་བོ།། ཁ་ཅིག་ཏུ་བཅོམ་ལྡན་འདས་རང་གི་སྟོན་པར་འདོད་པ་དག་བསྟན་པའི་དོན་དུ་མ་བསྐུལ་བར་ཆོས་སྟོན་པ་རྩོམ་སྟེ། ་གཞན་དུ་ན་འཇིག་རྟེན་རྣམས་ཀྱིས་སྟོན་པར་འདོད་པ་ཉིད་ནི་མི་ཤེས་ཞེས།། རེས་འགའ་ཡང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ།། རེས་འགའ་ཡང་སྐུའི་ཕྱག་གིས། རེས་འགུའི་ཆ་ངག་གིས། རེས་འགའི་ཚེ་ཡིད་ཀྱིས། རེས་འགའ ་གསུམ་གྱིས་ཀྱང་ཆོས་སྟོན་པར་བྱིན་གྱིས་རློབས་པ་ཉིད་དེ། དེ་དང་དེའི་རིགས་ཅན་སེམས་ཅན་རྣམས་སྤོ་བ་འཕེལ་བར་བྱ་བའི་དོན་དུའོ།། བྱེ་བྲག་གི་དོན་དུ་ཟེར་བཅས་པའི་ཆོ་འཕྲུལ་བསྐུལ་བ་འདེབས་པ་དང་སྟོན་པར་བྱེད་དོ།། དེ ་ཡང་། དེ་བཞིན་གཤེགས་པའི་འོད་ཟེར་དེ་ནི་ལས་བརྒྱད་ལྡན་དང་ལུས་གཉིས་ལྡན་ནོ།། དེ་ལ་ལས་བརྒྱད་ནི་འདི་ལྟ་སྟེ། འོད་ཟེར་གང་གིས་རེག་པའི་བྱང་ཆུབ་སེམས་དཔས་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས ་ལས་སྐྱེས་པའི་སྟོབས་ལ་གཟིགས་པར་བྱེད་པ་དེ་ཡང་དག་པར་བསྐུལ་བའི་ལས་ཅན་གྱི་འོད་ཟེར་རོ།། གང་འཇིག་རྟེན་ཁམས་གྲངས་མེད་སྤོ་བ་དང་། འོད་འདོམ་གང་རྩམ་དུ་སྡུད་པ་དེ་ནི་སྤོ་བ་དང་། བསྡུད་པའི་ལས་ཅན་དང་། འཁོར ་འོད་ཟེར་གྲངས་མེད་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྒྱུའི་ལུས་ཅན་དང་། འཇིག་རྟེན་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་། ངེས་བྱིན་གྱིས་བསླབས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཡང་དག་པར་སྟོན་པས་ཀུན ་ཏུ་ཡང་དག་པར་སྟོན་པས་ཀུན་ཏུ་ཡང་དག་པར་སྟོན་པའི་ལས་ཅན་དང་། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པས་རབ་ཏུ་ཞི་བའི་ལས་ཅན་དང་། བདུད་ཀྱི་ཡུལ་ཐམས་ཅད་འོད་ཟེར་མོག་མོག་པོར་བྱེད་པས་ཟིལ་གྱིས་གན ་པའི་ལས་ཅན་ནོ།། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ནུས་པ་སྟོན་པར་བྱེད་པས་འཇུག་པར་བྱེད་པའི་ལས་ཅན་དང་། ཚོགས་སུ་བཅད་པའི་སྒྲ་འབྱིན་པས་བསྐུལ་བ་འདེབས་པའི་ལས ་ཅན་དང་། གང་གི་ཚེ་འོད་ཟེར་ངེ་འཇིག་རྟེན་ཁམས་གཞན་དུ་སྤྲོས་པ་དེའི་ཚེ་སྐར་མདའ་ལྟ་བུའི་ལུས་དང་གང་གི་ཚེ་སྤྲིན་འཐུག་པོ་དྲ་བ་ཁང་བུ་བརྩེགས་པ་ལྟ་བུར་རྣམ་པར་གནས་པ་རབ་ཏུ་འཕྲོ་བ་གཅིག་གིས་ཐམས་ཅད ་རྣམ་པར་སྣང་བར་བྱེད་པ་དེའི་ཚེ་ཉི་མ་ལྟ་བུའི་ལུས་སོ།། གཞན་ཡང་། གང་གི་ཚེ་བཅོམ་ལྡན་འདས་པའི་ལས་རྣམས་ལུང་བསྟན་པར་འདོད་པར་གྱུར་པ་དེའི་ཚེ་འོད་ཟེར་བཅོམ་ལྡན་འདས་ཀྱི་རྒྱབ་དུ་ནུབ་པར་འགྱུརརོ།། ་གང་གི་མ་འོངས་པ་མདུན་དུའོ།། གང་གི་ཚེ་དམྱལ་བར་སྐྱེ་བ་དེའི་ཚེ་ཞབས་ཀྱི་མཐིལ་དུའོ།། གང་གི་ཚེ་བདུད་འགྲོར་སྐྱེ་བ་དེའི་ཚེ་ཞབས་ཀྱི་རྟིང་པ་ལའོ།། གང་གི་ཚེ་ཡི་དགས་སུ་སྐྱེ་བ་དེའི་ཚེ་རྐང་པའི་འཐོབ་ཆེན་ལའོ།། ་གང་གི་ཚེ་མིར་སྐྱེ་བ་དེའི་ཚེ་པུས་མོ་ལའོ།། སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་ནི་ཕྱག་གཡོན་པ་ལའོ།། འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི་ཕྱག་གཡས་པ་ལའོ།། ལྷར་སྐྱེ་བ་ནི་ལྟེ་བ.རོ།། ཉན་ཐོས་ཀྱི་བྱང་ཆུབ་ནི་ཞལ་དུའོ།། རྒྱ་བྱང་ཆུབ ་ནི་མཛོད་སྤུ་ལའོ།། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཙུག་ཏོར་དུའོ།། ཞེས་སོ།། འཕགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཕན་འདོགས་པ་ལ་འཇུག་པའི་སྤྱོད་ལམ་བཞི་དང་སྟོན་པ་དང་སྙོམས་པར ་འཇུག་པ་དང་ན་དུ་ཡང་དག་འཇོག་ཏེ། གནས་པ་བཞིས་འོག་ནས་བཤད་པས་གནས་པའོ།། སྔོན་དུ་བཤད་པ་བཞིན་དུ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིསུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ།། འདི་ཙམ་ཉིད་འགྲོ་བའི ་དོན་ཕུན་སུམ་ཚོགས་པའོ་ཞེས་ཤེས་པར་འདོད་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་རབ་ཏུ་བསྟན་པ་ལས། ཕྱི་ལ་བྱེད་པའི་སེམས་ཅན་རྣམས་རིངས་པར་བྱ་བའི་དོན་དུ་མྱ་ངན་ལས་འདའ་བར་ཉེ་བར་བགྲོད་པ་བསྟན་ཏོ།། གང ་ལས་འཇིག་རྟེན་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བ་བཞིན་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཆེད་དུ་སྣ་ཚོགས་པ་གཞལ་དུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཐབས་ཀྱིས་རྒྱུད་གཅིག་ཏུ་གཞན་ལ་ཕན་འདོགས་པ། རང་དང་སྤྱིའི ་མཚན་ཉིད་ཀྱི་ཡུལ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ།། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་རྟེན་ཡིན་པས་སྤྲུལ་པའི་སྐུའོ།། དེ་ནི་ཡང་སྤྲུལ་པའི་སྐུའོ།། དེ་ནི་ཡང་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལུས་ཀྱིས་སྤྲུལ ་པ་དང་། ངག་གིས་སྤྲུལ་པ་དང་། ཡིད་ཀྱིས་སྤྲུལ་པའོ།། དེ་ལ་དང་པོ་ནི་གསུམ་སྟེ། འདི་ལྟ་སྟེ། རྫུ་འཕྲུལ་ཀུན་ཏུ་སྟོན་པ་དང་། སྐྱེ་བ་ཀུན་ཏུ་སྟོན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ཀུན་ཏུ་སྟོན་པའོ།། དེ་ལ་རྫུ་འཕྲུལ་ཀུན་ཏུ་སྟོན་པ་ནི་རྣ་བ་གསུམ། ་སྟེ། འདི་ལྟ་སྟེ། དེ་བཞིནི་གཤེགས་པ་དེ་ག་ང་མངོན་དུ་བྱས་ནས་གདུལ་བྱ་རྣམས་རབ་ཏུ་དང་བསྐྱེད་པར་བྱེད་པ་སྟེ། ལྟེང་རྒྱས་འོད་སྲུང་ལ་སོགས་པ་བཞིན་དུ་གདུལ་བྱ་རྣམས་འཇུག་པར་བྱེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ།། གང ་གིས་དགེ་བའི་རྩ་བ་རྒྱས་པ་བྱས་པ་ལས་སུ་རུང་བ་སྐྱེད་པ་གདུལ་བྱ་རྣམས་ཡོངསུ་སྨིན་པར་བྱེད་པ་དེ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ།། གང་རང་གི་གདམས་པའི་སྟོབས་ལས་འཕགས་པའི་ལམ་སྐྱེད ་བ་ཁམས་གསུམ་གྱི་གདུལ་བྱ་རྣམས་གྲོལ་བར་བྱེད་པ། འོད་ཟེར་སྤྲོ་བ་ལ་སོགས་པས་སྡུག་བསྔལ་ཉེ་བར་ཞི་བས་སྔོན་གྱི་དགེ་བའི་རྩ་བ་རྗེསུ་དྲན་པས་བདེ་འགྲོ་ལ་རབ་ཏུ་གནས་པར་བྱེད་པ་དེ་ནི་རྗེསུ་བསྟན་པའི་ཆོ་འཕྲུལོ།། ཆོ ་འཕྲུལ་འདིས་གདུལ་བྱ་རྣམས་སོ་སོར་སྡུད་ཅིང་འཛུད་པས་ཆོ་འཕྲུལ་ལོ།། ཆོ་འཕྲུལ་དེ་གསུམ་ནི་གནས་པ་བཞིས་བྱེད་དོ།། གནས་པ་ཡང་བཞི་སྟེ། འདི་ལྟ་སྟེ། སྤྱོད་ལམ་གྱི་གནས་པ་དང་། ཆོས་སྟོན་པའི་གནས་པ ་དང་། སྙོམས་པར་འཇུག་པའི་གནས་པ་དང་། ནང་དུ་ཡང་དག་འཇོག་ལ་གནས་པའོ།། དེ་ལ་སྤྱོད་ལམ་གྱི་གནས་པ་ནི་བཞི་སྟེ། འདི་ལྟ་སྟེ། བཞེངས་པ་དང་། འཆགས་པ་དང་། བཞུགས་པ་དང་། གཟིམས་པའོ།། ་ངག་གི་ལས་ཐམས་ཅད་ཆོས་སྟོན་པའི་གནས་པའོ།། གང་ལས་རང་བཞིན་མཉམ་པར་བཞག་པའི་ཡིད་དང་གང་དག་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཡིད་དང་། དེ་གཉི་ག་ནི་སྙོམས་པར་འཇུག་པའི་གནས་པའོ།། དེ་སངས ་རྒྱས་སྤྱན་གྱི་སེམས་ཅན་ཐམས་ཅད་ལ་གཟིགས་པ་དང་ལྷག་ལ་སོགས་པ་ཉེ་བར་འདུ་བ་དག་དུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་ཀྱི་ལས་དེ་གཉི་ག་ནི་ནང་དུ་ཡང་དག་འཇོག་གི་གནས་པའོ།། དེ་བཞིན ་གཤེགས་པ་ནི་ཅིག་ཅར་དུ་འཇིག་རྟེན་ཁམས་ཐམས་ཅད་དུ་སྐྱེ་གནས་ཐམས་ཅད་དུ་སྐྱེ་གནས་ཉེ་བར་སྟོན་པ་ནི་སྐྱེ་བ་ཀུན་ཏུ་སྟོན་པ་ནི་སྐྱེ་བ་ཀུན་ཏུ་སྟོན་པའོ།། དེ་བཞིན་གཤེགས་པ་ཡང་རང་གིས་བྱས་པའི་ལས་དགེ་བ་དང་མི་དགེ ་བ་དག་གི་འབྲས་བུ་འདོད་པ་དང་མི་འདོད་པ་དག་རང་ཉིད་ལོངས་སྤྱོད་པ་ནི་ལས་བཅུ་དྲུག་སླུ་ཏི་བཞིན་དུ་སྟོན་པར་བྱེད་པ་འདི་ནི་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའོ།། ལས་སླུ་ཏི་ནི་བཅུ་དྲུག་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་པདྨའི་རྩ་ལག ་ཞེས་པའི་གཡོ་ཅན་དུ་གྱུར་པས་རང་སངས་རྒྱས་དྲི་མཛེས་ལ་སྐུར་བ་བཏབ་པས་མཛེས་ལྡན་མས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གནོན་གྱི་ཉན་ཐོས་དགའ་བ་ཞེས་བྱ་བ་ལ་སྐུར་པ་བཏབ ་པས་བྲམ་ཟེ་མོ་ཅིན་ཙ་ཞེས་བྱ་བས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་བོ།། བཅོམ་ལྡན་འདས་བྲམ་ཟེར་གྱུར་པ་ན་དྲང་སྲོང་འཇིགས་བྱེད་ཞེས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྐུར་པས་གཞན་མཛེས་ལྡན་མས་སྐུར་པ་བཏབ ་པོབོ། མ་གཅིག་མིན་པའི་སྤུན་རྡོ་བས་སྐུར་བས་ལྷ་བྱིན་གྱི་འཕངས་པའི་རྡོ་བའི་དུམ་བུ་བཅོམ་ལྡན་འདས་ཀྱིས་ཞབས་ཀྱི་མཐེ་བ་ཆེན་ལ་ཕོག་གོ། བཅོམ་ལྡན་ཁྱེའུར་གྱུར་པས་རང་སངས་རྒྱས་རྡོ་གསེག་གིས་བརྡུངས་པས་བཅོམ ་ལྡན་འདས་པ་མའི་ཚེར་མ་ལ་ཉལ་གཟིམས་པ་དང་བ་དང་། བཅོམ་ལྡན་འདས་གླང་པོ་ཆེའི་ཁེ་ལོ་བར་གྱུར་པས་རང་སངས་རྒྱས་ཀྱི་ལམ་གླང་པོ་ཆེས་བཀག་པས་གླང་པོ་ཆེ་ནོར་སྐྱོང་ཁྲོས་ནས་དེ་བཞིན་གཤེགས་པའི་ཐད་དུ ་རྒྱུགས་སོ།། བཅོམ་ལྡན་འདས་རྒྱལ་པོར་གྱུར་པས་མཚོན་གྱིས་སྐྱེས་བུ་ལ་རྒྱབ་པས་བཅོམ་ལྡན་འདས་ཞབས་སྲུང་ངོ་།། བཅོམ་ལྡན་འདས་ཉ་པའི་ཁྱེའུར་གྱུར་པ་ན་ཉ་པ་གཞན་གྱི་ཁྱེའུ་ཡིས་ཉ ་སད་པ་ལ་ཡིད་དགའ་བ་བྱས་པས། ཤཱཀྱ་རྣམས་བསད་པའི་ཉི་མ་བཅོམ་ལྡན་འདས་དབུ་སྙང་ངོ་།། དེ་བཞིན་གཤེགས་པ་བུ་སའི་ཉན་ཐོས་ལ་ནས་ཟོ་ཞིག་སྲན་ཆུང་ཟོ་ཞིག་ཞེས་པ་ལ་སོགས་པ་ངན་སྨྲས་པས་བཅོམ་ལྡན་འདས་བཻ་ར ་ཛའི་དྲུང་དུ་ཟླ་བ་གསུམ་དུ་ནས་གསོལ་ལོ།། སྟོབས་འགྱེད་པ་ན་གྱ་སྟོབས་ལྡན་གཞན་གྱི་ཚིགས་པ་བཅག་པས་བཅོམ་ལྡན་འདས་རྒྱབ་དུ་སྦྱང་བ་བྱུང་ངོ་།། བཅོམ་ལྡན་འདས་སྨན་པར་གྱུར་པས་ཕྱིན་ཅི་ལོག་གི་གསོ་སྤྱད་བྱས་པས ་བཅོམ་ལྡན་འདས་ལ་གྲ་ཧ་ཎའི་ནང་བྱུང་ངོ་།། བཅོམ་ལྡན་འདས་བྲམ་ཟེ་སྣང་བ་སྐྱོང་དུ་གྱུར་པས་དེ་བཞིན་གཤེགས་པ་འོད་སྲུངས་ལ་དབུ་སྐྲ་བྲེགས་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་རྙེད་པར་དཀའོ་ཞེས་ངན་དུ་སྨྲས ་པས་བཅོམ་ལྡན་འདས་ལོ་དྲུག་དུ་དཀའ་བ་སྤྱད་དོ།། འཕགས་པ་མང་པོས་བཀུར་བའི་སྔ་བའི་ཆོས་ལུགས་ཀྱིས་བཅོམ་ལྡན་འདས་ལ་འཕར་པ་བཅུ་དྲུག་སྟེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང ་ལ་སྒྲ་བྲེགས་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་རྙེད་པར་དཀའོ་སྨྲས་པས་ལས་གང་བྱས་པ་དེའི་རྣམ་པར་སྨིན་པ་བྱང་ཆུབ་སེམས་དཔས་དཀའ་བ་སྤྱད་དོ།། བླ་མའི་བཀའ་ལས་འདས་ནས་བྱ་བ་བྱས་པས་ལས་གང ་བྱས་པ་དེས་དགེ་སློང་ལྔས་སྔོ་རྣམས་ཀྱིས་སྟོན་པ་སྤངས་པར་བྱས།། རང་སངས་རྒྱས་ལ་ཆོག་རྩུབ་མོ་སྨོས་པས་ལས་གང་བྱས་པ་དེས་བྲམ་ཟེ་བྷཱ་ར་དྷྭ་ཛོས་སངས་རྒྱས་ལ་ཆོག་རྩུབ་པོ་སྨྲས་སོ།། དྲང་སྲོང་གང་གི་ཡང་སློབ ་མོའི་ཚོ་གས་དབྱེ་བ་བྱས་པས་ལས་གང་བྱས་པ་དེས་གྲོང་ཁྱེར་ཀོ་ཤཱ་པ་རུ་དགེ་འདུན་འབྱེད་པ་བྱུང་ངོ་།། བཅོམ་ལྡན་འདས་སྨན་ཆེན་པོར་གྱུར་པས་འགྲན་ཟླའི་རྒྱལ་པོ་འབྱེད་པར་བྱས་པས་ལས་གང་བྱས་པ་དེས་ལྷས་བྱིན་གྱིས་དགེ ་འདུན་འབྱེད་པ་བྱས་སོ།། རང་སངས་རྒྱས་སྐྲག་པར་བྱ་འདོད་ནས་གླང་པོ་ཆེ་སྨྱོན་པ་བཏང་བས་ལས་གང་བྱས་པ་དེས་གླང་པོ་ཆེ་ནོར་སྐྱོང་སངས་རྒྱས་ཀྱི་ཐད་དུ་བརྒྱུགསོ།། ནོར་གྱིས་དོན་དུ་སྐེགས་ཀྱིས་མ་གཞན་སྤུན་བསང་བ ་ལས་གང་བྱས་པ་དེས་རྒྱལ་པོ་ཁབ་དུ་ལྷས་བྱིན་གྱིས་སངས་རྒྱས་སྟེང་དུ་རྡོ་འཕངས་སོ།། འཕེན་པའི་མདུང་ཐུང་གིས་སྐྱེས་བུ་བསད་པས་ལས་གང་བྱས་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཁྲག་བྱུང་ངོ་།། ཁྲོས་ནས་དེ ་བཞིན་གཤེགས་པའི་དབང་དུ་བྱས་ཏེ་འདི་ནི་ནས་ཟ་བར་འོས་པའོ་ཞེས་སྨྲས་པས་བྱས་པའི་ལས་གང་ངེས་བཻ་རཉྫའི་གྲོང་དུ་དབྱར་ཆར་གྱི་དུས་སུ་ཟླ་བ་གསུམ་དུ་བཅོམ་ལྡན་འདས་ནས་ཀྱི་བཟའ་བ་གསོལ་ལོ།། རང་སངས་རྒྱས ་དགའ་ཞེས་པ་ལ་བཀུར་བ་བཏབ་པས་ལས་གང་བྱས་པ་དེས་བྲམ་ཟེ་མོ་ཙན་ཙས་རྫུན་གྱིས་བཅོམ་ལྡན་འདས་ལ་ཀུར་བ་བཏབ་པོ།། སྨང་འཚེང་མ་བསད་ནས་དེའི་རྒྱན་རྣམས་རྒྱལ་བའི་གནས་སུ་བརྐོས་ནས་བཞག་པས་ལས་གང་བྱས་པ ་དེས་བཅོམ་ལྡན་འདས་མཛེས་ལྡན་མས་བསྐུར་ཏེ།། བསེད་སྙོམས་ལ་རྒྱུ་བའི་རང་སངས་རྒྱས་ཀྱི་ལྷུང་ཟེད་སྦས་པས་ལས་གང་བྱས་པ་ངེས་ཤཱ་ལའི་གྲོང་དུ་བཅོམ་ལྡན་འདས་བསོད ་སྙོམས་མ་རྙེད་པས་ལྷུང་ཟེད་སྟོང་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱང་སྟོབས་ལྡན་དུ་གྱུར་པས་སྟོབས་འགྱེད་ལ་སྟོབས་ལྡན་གྱང་གཞན་ཚིགས་པ་བཅོམ་པས་ལས་གང་བྱས་པ་ངེས་བཅོམ་ལྡན་འདས་རྒྱབ་དུ་སྡུག་བསྔལ ་བྱུང་ངོ་།། བཅོམ་ལྡན་འདས་སྨན་པར་གྱུར་པས་ཁྲོས་ནས་ནད་པ་ལ་སྨན་ཕྱིན་ཅི་ལོག་བྱིན་པས་འཁྲུགས་པར་བྱས་པས་ལས་གང་བྱས་པ་དེས་བཅོམ་ལྡན་འདས་བྱིང་བ་ཅན་གྱི་ནང་སྐྱེས།། དེ་ཉིད་ཀྱི་བཅྡོཾས་ཤིན་ཏུ་འབྱུང་བ་བྱུང་།། བཅྡོཾས ་མིའི་རྒྱལ་པོར་གྱུར་པས་ཉའི་ཚོགས་གསོད་པའི་སྣང་བ་མི་རྣམས་ལ་བྱས་པས་ལས་གང་བྱས་པ་དེས་ཤཱཀྱའི་རིགས་རྣམས་བསད་པ་དེའི་ཉིན་མོ་བཅོམ་ལྡན་འདས་དབུ་ལ་ཚེར་བ་དྲག་པོ་སྐྱེས།། ལས་འདི་འབྲས་བུ་སྡུག ་བསྔལ་ནི་ངན་སྲིང་རྣམས་ཡུ་མང་མྱོང་གྱུར།། ལས་དང་རྗེས་འབྲེལ་འབྲས་བུ་ནི།། མྱོང་བའི་ལྷག་མ་ཙམ་ཞེས་བྱ།། ཞེས་སོ།། གདུལ་བྱ་རྣམས་དྲང་བའི་དོན་དུ་དཀའ་བ་སྤྱོད་པ་བསྟན་པ་དང་། ཚུལ་ཁྲིམས་བརྟུལ ་ཞུགས་ཙམ་གྱིས་དག་པར་འགྱུར་བ་མ་ཡིན་ཏེ། ཡེ་ཤེས་ཉིད་ཀྱིས་བདག་པ་རིག་པར་བྱ་བའི་དོན་དུ་དང་། དགེ་སྦྱོང་མགོ་ཟླུམ་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་ཤིན་ཏུ་ཐོབ་པར་དཀའ་བའོ་ཞེས་ངག་གི་ལས་ངན་པ་དེའི་འབྲས ་བུ་སྤྱོད་པ་དཀའོ།། ཞེས་གདུལ་བྱ་རྣམས་ཀྱི་ངག་གི་ཉེས་པར་སྤྱོད་པ་རྣམས་བཟློག་པར་བྱ་བའི་དོན་དུ་ང་བཞིན་གཤེགས་པས་དཀའ་བ་སྤྱང་པ་བསྟན་ཏོ།། ལུས་ཀྱི་སྤྲུལ་པ་ད་ཡང་རྣམ་པ་གཉིས་ཏེ། རང་ལུས་དང་འབྲེལ་པ་དང་། གན ་ལུས་ཀྱི་འབྲེལ་བའོ།། དེ་ལ་རང་ལུས་དང་འབྲེལ་པ་འདི་ལུས་དང་འབྲེལ་བ་འདི་ལུས་ཀྱི་སྤྲུལ་ནི་འཁོར་ལོ་སྒྱུར་བ་ལ་སོགས་པའི་གཟུགསུ་སྟོན་པའོ།། འདི་ལྟ་སྟེ། གྲོང་ཁྱེར་མཉན་ཡོད་དུ་དཀབ་པི་ཎའི་རྒྱལ་པོ་གདུལ་བའི་བྱ ་བའི་དོན་དུ་བདག་ཅག་གི་སྟོན་པ་འཁོར་ལོ་སྒྱུར་བའི་གཟུགས་བཟུང་སྟེ། རྒྱན་ཀྱང་བཅིངས་གཞུ་ཡང་གཟུང་བ་ཉིད་དུ། དེའི་འཁོར་དགྲ་བཅོམ་པ་ཆེན་པོ་ཐམས་ཅད་ཐོས་ཆ་འོག་གི་རྒྱལ་ཕྲན་དང་བློན་པོ་ཆེན་པོའི་གཟུགས་ལ ་སོགས་པ་རྣམ་པ་དུ་མྦུའི་རྒྱུན་རྣམས་རབ་ཏུ་བྱུང་བ་ལ་བཀག་པ་རྣམས་བཟུང་བ་ཉིད་དོ་ཞེས་པ་ལ་སོགས་པ་མཐའ་མེད་པའི་ལུས་ཀྱི་སྤྲུལ་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཆེན་པོ་རྣམས་རིགས་པར་བྱའོ།། ་གཞན་ཡང་འགའ་ཞིག་དུ་གདུལ་བྱ་ཡོད་པའི་ཡུལ་དུ་གཤེགས་ནས་དང་། འགའ་ཞིག་དུ་གདུལ་བྱ་རྣམས་རང་གི་ཡུལ་དུ་བླངས་ནས་དང་། འགའ་ཞིག་དུ་ཡུལ་གཅིག་དུ་གནས་པའི་སྐུ་ཕྱོགས་ཐམས་ཅད་དུ་འཇིག་རྟེན་ཁམས ་ཐམས་ཅད་དུ་བདག་གི་དངོས་པོ་ལ་སོགས་པ་བསྟན་པས་གདུལ་བྱ་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་རྟོགས་པ་རྣམས་དབེན་པར་བྱེད།། བག་མེད་པ་རྣམས་བག་གཡོད་པའི་གནས་སུ་རྣམ་པར་གཞག་པས་དེའི་སྡུག་བསྔལ ་ཉེ་བར་ཤི་བར་བྱེད་དོ།། ཇི་ལྟར་བདག་ཅག་གི་སྟོན་པས་དགའ་བོ་དང་སོར་མོ་འཕྲེང་བ་དང་། མ་སྐྱེས་དགྲ་དང་བཟོད་པ་ལ་སོགས་པའོ།། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ ་རྣམས་དང་ཉན་ཐོས་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པའི་བདག་ལྟ་བུ་ཅི་སྨོསོ།། དེ་རྣམས་ལ་གྲོལ་བ་འདོད་པས་ངང་པ་ཉིད་ཀྱིས་བསྒྲུབ་པར་བྱའོ།། །། གཞན་ལུས་དང་འབྲེལ་བའི་ལུས་ཀྱི་སྤྲུལ་པ་ནི། བདུད་ལ ་སོགས་པ་རྣམས་ཀྱིས་སངས་རྒྱས་སྐུར་སྟོན་པའོ།། མ་འབྲེལ་པའི་ལུས་ཀྱི་སྤྲུལ་པ་ནི་ས་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལ་སོགས་པའི་གཟུགསུ་སྟོན་པ་དང་། གང་ཡང་གཞལ་དུ་མེད་པའི་སངས ་རྒྱས་ཀྱི་གཟུགས་སྟོན་པ་དང་། གང་ཡང་འོད་ཟེར་སྤྲོས་པས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང་། གང་ཡང་སྐྱེ་བ་རྣམས་སྟོན་པའོ།། རང་ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། གང་ཚངས་པའི་དབྱངས་ཀྱིས་འཇིག ་རྟེན་ཁམས་མཐའ་མེད་པ་རྣམས་སུ་གོ་བར་བྱེད་པའོ།། གཞན་ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། གང་གིས་ཉན་ཐོས་ལ་སོགས་པ་རྣམས་གཏིང་དཔག་བཀའ་བའི་ཆོས་རྣམས་ཀྱང་སངས་རྒྱས་ཀྱིས་ཐེག་པ་ཆེན་པོ་ཆོས ་སྟོན་པར་བྱེད་དོ།། ཇི་ལྟར་འཕགས་པ་རབ་འབྱོར་ལ་སོགས་པའོ།། གཞན་ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། སིལ་སྙན་ཐམས་ཅད་ཀྱི་རྣམ་པ་ལས་དང་། གཟུགསུ་སྣང་བ་ཐམས་ཅད་ལས་དང་། ནམ་མཁའ་ལས་ཀྱང ་ཆོས་སྟོན་པའི་སྒྲ་འབྱུང་ངོ་།། རང་ལུས་དང་འབྲེལ་པའི་སེམས་ཀྱི་སྤྲུལ་པ་ནི། གང་བདག་ཉིད་ཀྱི་ཆོས་ཐམས་ཅད་མངོན་པར་རྟོགས་པའོ།། གཞན་དང་འབྲེལ་པའི་སེམས་ཀྱི་སྤྲུལ་པ་ནི། གང་ཕ་རོལ་གྱི་སེམས་ཀྱང ་དེ་བཞིན་གཤེགས་པས་ཚར་གཅོད་པ་སྟེ། གང་གིས་ཤེས་རབ་ཀྱི་ཆུང་བ་རྣམས་ཀྱང་ཕྲ་མོའི་ཡང་ཕྲ་མོའི་ཡང་ཆོས་བརྙེས་པས་སོ།། དྲན་པ་ཉི་སྟོང་པ་རྣམས་དྲན་པ་རྙེད་དོ་ཞེས་པ་ལ་སོགས་པ་རྒྱས་པར་རོ།། སངས ་རྒྱས་སྤྲུལ་པ་དེ་རྣམས་ཀྱི་རྣམ་པ་ཐམས་ཅད་དུས་ཐམས་ཅད་དུ་རྗེ་སུ་འགྲོ་བ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། བྱ་བ། སྤྱོད་པ། གྲངས། ཞིང་དབྱེ་བ་བསམ་གྱི་མི་ཁྱབ་པས་སོ།། སེམས་ཅན་དོན་བྱ་བ་རྒྱུན་མི ་འཆང་བར་འཇུག་པས་བསམ་གྱིས་མི་ཁྱབ་པས་སོ།། ། མཁས་པ་ཆེན་པོ་བཎྜི་ཏ་གནས་བསྟན་དགེ་སློང་སྟོབས་བཅུ་དཔལ་བ་ཤེས་གཙུན་གྱིས་བསླུས་པོ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ ་ལ་ཐབས་ལ་མཁས་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་གཉིས་པའོ།། ། ཐུགས་རྗེ་ཆེན་པོ་ཅན་དེ་བཞིན་གཤེགས་པ་འདིའི་བསྐལ་པ་གྲངས་མེད་འཚམས་ཚིགས་མེད་པར་དཀའ་བ་སྡུང ་ནས་ཡང་དག་པར་བརྙེས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་རིན་པོ་ཆེ་གཞན་ལ་ཕན་འདོགས་པ་ཚད་མེད་པ་དང་རབ་ཏུ་ལྡན་པ་གསུང་རབས་ནི་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། མདོ་སྡེ་དང་། ་དབྱངས་ཀྱིས་བརྟང་བ་དང་། ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པ་རབས་དང་། ཤིན་ཏུ་རྒྱས་པ་དང་རྣརྨདུ་ཐུང ་དང་གཏན་ལ་ཕབ་པའོ་དེ་ལ་ཚིག་རྐྱང་ལྕུག་གིས་དོན་མདོར་བརྗོད་པ་དེ་ནི་མདོའོ།། གང་མདོ་ཉིད་བར་དང་ཐ་མ་དག་དུ་ཚིགསུ་བཅད་པས་དབྱངསུ་བསྙད་པ་དང་། གང་དག་དྲང་བྱའི་དོན་མདོར་བསྟན་པ་ཤེས་རྟག་པར་བྱ་བ་གཞན་ཡོད་པ་དེ་ནི་དབྱངས ་ཀྱིས་བརྙད་པའོ།། གང་དུ་ཉན་ཐོས་ལ་སོགས་འདས་པ་ལ་སོགས་སྐྱེ་བ་ལ་སོགས་ཕུང་སྟོན་པར་བྱེད་པ་དང་། གང་དག་དོན་ངེས་པ་བསྟན་པ་ནི་དཔེ་བྱེ་བྲག་དུ་དགོངས་པ་བཤད་པས་དེ་ནི་ལུང་དུ་བསྟན་པའོ།། གང་ཚིགས ་སྦྱར་བས་གསུང་བ་དེ་ནི་ཚོགསུ་བཅད་པའོ།། དེ་ཡང་ཚིགས་བཅང་རྐང་པ་གཉིས་པ་དང་རྐང་པ་གསུམ་པ་དང་། རྐང་པ་བཞི་པ་དང་། རྐང་པ་ལྔ་པ་དང་། རྐང་པ་དྲུག་པ་རྣམས་སོ།། གང་ཐུགས་དགྱེས་ནས་ཆེད་དུ་གསུངས་པ་དེ ་ནི་ཆེད་དུ་བརྗོད་པའོ།། གང་ཅུང་ཟད་བཞིར་བྱས་ནས་གསུངས་པ་དེ་ནི་གླེང་བཞིའི་སྡེའོ།། གང་དཔེ་དང་བཅས་ནས་གསུངས་པ་དེ་ནི་རྟོགས་པ་བརྗོད་པའོ།། གང་སྔོན་སྦྱོར་བ་རབ་ཏུ་ལྡན་པ་དེ་ནི་དེ་ལྟ་བུ་བྱུང་བའི་སྡེའོ།། གང་བྱང ་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་ལྡན་པ་དེ་ནི་སྐྱེས་པའི་རབ་སོ།། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལྡན་པའི་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱིན་གྱིས་བརླབས་པ་ཅན་ཡིན་པས་ཤིན་ཏུ་རྒྱས་པའོ།། གང་དུ་ཉན་ཐོས ་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་ཐུང་བའི་ཆོས་སྟོན་པ་དེ་ནི་རྨང་དུ་བྱུང་བའི་ཆོས་སོ།། གང་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་བརྗོད་པ་དེ་ནི་གཏན་ལ་ཕབ་པའོ།། ཡང་དེ་བཞིན་གཤེགས་པར ་གསུང་རབ་ཡན་ལག་དགུ་སྟེ། འདི་ལྟ་སྟེ། མདོ་དང་། དབྱངས་ཀྱིས་བརྙད་པ་དང་། ལུང་དུ་བསྟན་པ་དང་། སྐྱེས་པ་རབས་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་ཚིགསུ་བཅད་པ་དང་། དེ་ལྟ་བུ་ཐུང་བ་དང་། རྣམ་པར་ངེས་པའི ་གཏམ་མོ།། མདོའི་སྡེ་ལ་སོགས་པ་དེ་རྣམས་ནི་མདོར་བསྡུས་ན་སྡེ་སྣོད་གསུམ་དུ་འགྱུར་རོ།། དེ་ལ་གང་མདོའི་སྡེ་དང་དབྱངས་ཀྱིས་བསྐྲད་པ་དང་ལུང་དུ་བསྟན་པ་དང་ཚིགསུ་པ་དང་། ཆེད་དུ་བརྗོད་པ་འདི་རྣམས་ནི་ཉན་ཐོས་ཀྱི་མདོ་སྡེལ ་སྡེ་སྣོད་ངོ་།། གང་གླེང་བཞི་དང་རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་ངོ་།། དེ་ལ་གླེང་གཞིའི་སྡེ་ནི་འཐད་པ་དང་ལྡན་པའི་བསླབ་པ་བཅས་པ་གསུངས་པ་བསྡུས་པ་ནི་འདུལ་བའི་སྡེ ་སྣོད་དོ།། རྟོགས་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ།། གང་ཤིན་ཏུ་རྒྱས་པ་དང་རྨད་དུ་ཐུང་བ་འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ངོ་དོ།། གཏན་ལ་ཕབ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་གཉི་གའི་མངོན།། ་སྣོད། སྡེ་སྣོད་གསུམ་པོ་དེ་རྣམས་ཉིད་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་དུ་འགྱུར་ཏེ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་དང་བཞི་སྟོང་གི་སེམས་ཀྱི་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཇི་སྲིད་ཀྱི་ཡོངསུ་རྫོགས་པ་དེ་སྲིད་ཀྱི་གསུང ་གི་ཚོགས་ནི་ཆོས་ཀྱི་ཕུང་པོ་ཞེས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ་གཞུང་བྱེ་བ་ཕྲག་བརྒྱད་དང་གཞུང་།། འབུམ་ཕྲག་བཞི་བཅུ་ཐམས་པར་འགྱུརརོ།། ཞེས་མངོན་པ་ཀུན་ལས་བཏུས་པ་ལས་སོ།། ཆོས ་མངོན་པ་མཛོད་ལས། ཐུབ་པས་ཆོས་ཀྱི་ཕུང་པོ་ནི། སྟོང་ཕྲག་བརྒྱད་ཅུ་གསུངས་པ་གང་། ཞེས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་ནི། ཆོས་ཀྱི་ཕུང་པོའི་ཚད་ནི། འདི་སྲིད་གཅིག་གསུངས་ཏེ། ཆོས་ཀྱི་ཕུང་པོ་ཞེས་པའི་མིང ་ཅན་མངོན་པའི་བསྟན་བཅོས་ཀྱི་ཚད་ནི་ཆོས་ཀྱི་ཕུང་པོའི་ཚད་ངོ་ཞེས་སོ།། དེ་ནི་སྟོང་ཕྲག་དྲུག་གོ།། ཡང་གཞན་དག་སྨྲ་བ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་བདེན་པ། ཟས་བསམ་གཏན་ཚད་མེད་པ་གཟུགས ་མེད་རྣམ་ཐར་ཟིལ་གནོན་ཟད་པར་བྱང་ཆུབ་ཕྱོགས་མངོན་པར་ཤེས་པ་སོ་སོར་ཡང་དག་པར་རིག་པ་སྨོན་ལམ་ཡེ་ཤེས་ཉོན་མོངས་མེད་པ་ལ་སོགས་པ་བཤད་པ་སོ་སོར་ཆོས་ཀྱི་ཕུང་པོ་ཞེས་སོ།། དེ་བཞིན་དུ་སེམས ་ཅན་རྣམས་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོགས་པ་སྤྱོད་པའི་དབྱེ་བས་སྤྱོད་པ་སྟོང་ཕྲག་བརྒྱད་བཅུ་དེ་རྣམས་ཀྱི་གཉེན་པོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་བཅོམ་ལྡན་འདས་ཀྱིས་གསུངསོ།། ཞེས་སོ།། བསྟན ་བཅས་ཚད་ནི་གཅིག་ཡིན་ཞེས།། ཕུང་པོ་ལ་སོགས་དེ་བཞིན་གཅིག། སྤྱོད་པའི་གཉེན་པོར་གྱུར་པ་རྣམས།། ཆོས་ཀྱི་ཕུང་པོར་རྗེསུ་བརྗོད་ཞེས།། དེ་བཞིན་གཤེགས་པ་ལྡེམ་པོར་དགོངས་པ་བཞི་བསྟན་པ་ལ། འདི་ལྟ་སྟེ། ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། ཡོངས་སུ་སྒྱུར་བ་ལ་ལྡེམ་པོར་དགོངས་པའོ།། དེ་ལ་གཞུགས་པ་ལ་ལྡེམ་པོར་དགོངས་པ་ནི། བསྟན ་པ་ལ་བཞུགས་པའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་གཟུགས་ལ་སོགས་པ་ཡོད་པ་ཉིད་བསྟན་པར་རིག་པར་བྱའོ།། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པ་སྐྱེ ་བ་མེད་པ་བསྟན་པའི་ཕྱིར། དོན་གཞན་ལ་དགོངས་ནས་ཡོངསུ་བརྟགས་པ་གཞན་གྱི་དབང་ཡོངསུ་གྲུབ་པ་རང་བཞིན་གསུམ་དུ་རིག་པར་བྱའོ།། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། ཉེས་པ་རྣམས་ཀྱི་རྣམ་པར་སེལ ་བར་ལྟ་བར་བྱའོ།། འོདི་ལྟ་སྟེ། སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ཆོ་སྤྱི་སྐུ་ཁྱད་པར་མེད་པས་མཉམ་པ་ཉིད་ལ་དགོངས་པའི་ལྡེམ་པོར་དགོངས་པས། བདག ་ཉིད་དུས་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བར་གྱུར་ཏོ་ཞེས་བྱ་བར་གྱུར་ཏོ་ཞེས་པའོ།། ཆོས་ལ་བརྙས་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་ག་ཆུ་བོའི་བྱེ་མ་དང་མཉམ་པའི་སངས ་རྒྱས་ལ་བསྙེན་བཀུར་བ་འདི་ཙམ་གྱིས་ཐེག་པ་ཆེན་པོ་ལ་ངེས་པར་རྟོགས་པ་སྐྱེ་བོ་ཞེས་པའོ།། འགྱོད་པའི་གཉེན་པོ་ཡང་དག་པར་གསུངས་པ། དུས་གཞན་ལ་དགོངས་ནས་གང་ཞིག་བདེ་བ་ཅན་གྱི་འཇིག་རྟེན་ཁམ་སུ་སྐྱེ་བའི་ཕྱི ་སྨོན་ལམ་འདབས་པར་འགྱུར་བ་དེ་དེ་རུ་སྐྱེ་བར་འགྱུར་རོ།། ཞེས་པ་དང་། དྲི་མ་མེད་པའི་ཟླ་བའི་འོད་ཟེར་གྱི་མཚན་གཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ།། ཞེས་པའོ།། ཆུང ་དུ་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པར། ཆུང་ངུའི་ཆོག་པར་འཛིན་པའི་གང་ཟག་གི་བསམ་པ་ལ་དགོངས་ནས་གང་དེ་དགེ་བའི་རྩ་བ་འགའ་ཞིག་གི་བསྔགས་པ་དང་། འགའ་ཞིག་གིས་སྔགས་པ་མ ་ཡིན་པའོ།། འདོད་ཆགས་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དགུ་པར་གསུངས་པ། གང་དུ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་རྣམ་པར་འཇིག་པ་བརྗོད་པར་བྱེད་པ་དང་། ང་རྒྱལ་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དག ་པར་གསུངས་པ། གང་དུ་བཅོམ་ལྡན་འདས་ལྷག་པའི་ཕུན་སུམ་ཚོགས་པ་བརྗོད་པར་བྱེད་པ་དང་། འགྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་ཞིག་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ ་བྱེད་པར་འགྱུར་བ་དེ་ཐམས་ཅད་པ་དེ་འགྲོར་ཉེ་བར་འགྲོ་བར་འགྱུར་རོ།། ཞེས་པ་དང་། དུས་འཕྲལ་དུ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལས་འབྱེད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། ཉན་ཐོས ་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་གསུངས་པ་དང་ཐེག་པ་གཅིག་ཏུ་གསུངས་པའོ།། ཡོངསུ་སྦྱར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པར་བྱེད་པ་ཟབ་མོ་རུ་ལྟ་བར་བྱེ་འདི་ལྟ་སྟེ་སྙིང་པོ་མེད་ལ་སྙིང་པོ་བློ།། ཕྱིན་ཅི་ལོག་ལའང་ལེགས་གནས ་པ་སྟེ་ཡོངསུ་མི་ཉམས་པའོ།། ཉོན་མོངས་པས་ནི་དཀའ་སྤྱང་རྩོལ་བའི་ངལ་བས་སོ།། ཤིན་ཏུ་དོན་དུ་གཉེར་བས་ཡོངསུ་ཉོན་མོངས་པ་ཞེས་པའོ།། བདག་ཅག་གི་སྟོན་པའི་དམ་པའི་ཆོས་དུས་ཅི་ཙམ་དུ་གནས་པར་འགྱུར་ཞེ་ན། དམ ་པའི་ཆོས་ལྔ་བརྒྱ་ཕྲག་ལྔ་རུ་གནས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ན། བརྒྱ་ཕྲག་ལྔ་རྣམས་ཀྱི་འཚེགས་པ་ནི་ལྔ་བརྒྱ་ཕྲག། ལྔ་བརྒྱ་ཕྲག་ལྔ་ནི་ཕྱེད་དང་བཅས་པའི་ལོ་སྟོང་ཕྲག་གཉིས།། དམ་པའི་ཆོས་རྣམ་པར་ནུབ ་པ་ཡང་སྒྲུབ་པ་ཡོངསུ་ཉམས་པ་ཡིན་ནོ་ཞེས་ཁ་ཅིག་གོ།། གཞན་དུ་ཡང་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔ་སྟེ། དེ་རྣམས་བརྒྱ་ཕྲག་ལྔ་ལྔས་ཕྱེད་དུ་བྱས་པའི་ལྔ་བརྒྱ ་ཕྲག་བཅུར་འགྱུར་རོ།། ཡོངསུ་འགྱུར་སྤྱོད་ཀྱི་དུས་བཅུ་སྟེ། དེ་ལ་དང་པོ་ནི་རེ་ཞིག་རྟོགས་པ་ཡོངསུ་འགྱུར་སྤྱོད་ཀྱི་དུས་དང་། སྒྲུབ་པ་ཡོངསུ་འགྱུར་སྤྱོད་ཀྱི་དུས་དང་། ལུང་ཡོངསུ་འགྱུར་སྤྱོད་ཀྱི་དུསོ།། ཡང་ཡོངསུ་འགྱུར་སྤྱོད་སོ་སོར ་ཡོངས་སུ་འགྱུར་སྤྱོད་གསུམ་གསུམ་སྟེ། ཡོངས་སུ་སྤྱོད་པ་དུམ་བུ་དགུར་འགྱུར་རོ།། འདི་ལྟ་སྟེ། ལྔ་བརྒྱ་ཕྲག་དང་པོ་ལ་དགྲ་བཅོམ་པའི་ཡོངསུ་འགྱུར་སྤྱོད་ཀྱི་དུམ་བུའོ།། གཉིས་པ་ལ་ཕྱིར་མི་འོང་བ་ཡོངསུ་འགྱུར་སྤྱོད་དོ།། ་གསུམ་པ་ནི་རྒྱུན་ཏུ་ཞུགས་པ་ཡོངསུ་སྤྱོད་ཅིང་འགྱུར་བའོ།། འདི་ཙམ་ཉིད་ཀྱིས་རྟོགས་པ་ཡོངསུ་སྤྱོད་པ་རྫོགས་པའོ།། བཞི་པ་ལ་ལྷག་མཐོང་ཡོངསུ་གཅོད་པའོ།། ལྔ་པ་ལ། ཏིངངེ་འཛིན་ཡོངསུ་གཅོད་པའོ།། དྲུག་པ་ལ་ཚུལ ་ཁྲིམས་ཡོངསུ་བཅོད་པའོ།། འདི་ཙམ་གྱིས་སྒྲུབ་པ་ཡོངསུ་བཅོད་པ་རྫོགས་པའོ།། བདུན་པ་ལ་ནི་ཆོས་མངོན་པའམ་སྡེ་སྣོད་ཡོངསུ་སྤྱོད་ཅིང་འགྱུར་བའོ།། བརྒྱད་པ་ལ་མདོ་སྡེའི་སྡེ་སྣོད་ཡོངས ་སྤྱོད་ཅིང་འགྱུར་བའོ།། དགུ་པ་ལ་འདུལ་བའི་སྡེ་སྣོད་ཡོངས་སུ་འགྱུར་བའོ།། འདི་ཙམ་གྱིས་ལུང་ལ་ཡོངསུ་སྤྱོད་པ་རྫོགས་པའོ།། ལྔ་བརྒྱ་ཕྲག་དགུ་ལ་ཡོངསུ་སྤྱོད་འགྱུར་དུམ་བུ་དགུའོ།། ལྔ་བརྒྱ་ཕྲག་བཅུ་པ་ལ་བརྟག་ཙམ་ཉིད ་ཁྱད་པར་དུ་འཕགས་པའོ།། འདི་ཉིད་ནི་ལྔ་བརྒྱ་ཐ་མ་ཕྱི་མའི་ལྔ་བརྒྱ་ཞེསོ།། སངས་རྒྱས་རྣམས་ཀྱིས་མཉམ་པ་ནི་རྒྱུ་གསུམ་གྱིས་ཡིན་ཏེ། འདི་ལྟ་སྟེ། སྔོན་ཡང་དག་པར་གྲུབ་པ་བསོད་ནམས་ཡེ་ཤེས་ཚོགས་དང་། ཆོས་ཀྱི་སྐུ ་ཡོངསུ་རྫོགས་པ་ཉིད་དང་། འཇིག་རྟེན་གྱི་དོན་སྤྱོད་པའོ།། ཚེ་དང་རིགས་དང་ཚད་རྣམས་ཐ་དད་པར་འགྱུར་རོ།། འདི་ལྟ་སྟེ། རིང་བ་དང་ཆེས་ཐུང་བ་འཚེ་བས་ཚེ་མི་མཉམ་པའོ།། རྒྱལ་རིགས་དང་བྲམ་ཟླ་རིགསུ་སྐྱེ་བས་རིགས་མི་མཉམ ་བའོ།། འོད་སྲུངས་དང་གཽའུ་ཏ་མ་ལ་སོགས་པས་རྒྱུད་ཐ་དད་པ་དང་། དུས་ཇི་བཞིན་དུ་ཚང་ཆུང་བ་དང་ཚང་ཆུང་ངོ་མ་ཡིན་པས་ཚད་མི་མཉམ་པའོ།། གསུངས་པ། ཚོགས་དང་ཆོས་ཀྱི་སྐུ་དག་དང་།། འགྲོ་བའི་དོན་ནི་སྤྱོད་པ་ལས། ་སངས་རྒྱས་རྣམས་ནི་མཉམ་པ་ཉིད།། ཚེ་རིང་ཚད་ནི་མ་ཡིན།། ཚེ་རིང་ཚད་ནི་མ་ཡིན།། ཞེས་སོ།། དེ་ལྟ་ན། ཡང་སྔོན་གྱི་སངས་རྒྱས་ཚེ་རིང་བར་གྱུར་ལ། འཕགས་པ་བྱམས་པ་ཡང་སངས་རྒྱ་སུ་འགྱུར་བ་ན་རིང་དུ་གནས་པར ་འགྱུར་རོ།། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུ་གནས་པའོ།། འདི་ལྟ་སྟེ། མ་ཉི་ཤུ་ཉེར་དགུ་ཁབ་དུ་བཞུགས་པའི་ས་དང་། ལོ་དྲུག་དུ་དཀའ་སྤྱད་ལ་གནས་པ་དང་། སངས་རྒྱས་པར་གྱུར་ནས་དབྱར་གནས་དང་པོ་ཆོས་ཀྱི ་འཁོར་ལོའི་གནས་སུ་མཛད་པ་དང་། གཉིས་པ་བེ་ལུ་ནེ་ཁ་རུའོ།། ཡང་དེ་ལུ་བ་ནར་གསུམ་པའོ།། ཡང་བཞི་པ་བཻ་ལུ་ཁ་ནར་རོ།། ལྔ་པ་བེ་ཤཱཀྱ་།། དྲུག་པ་གོ་ལེ་རོ།། བདུན་པ་སུམ་ཅུ་རྩ་གསུམ་ལྷ་རུ་རྡོ་ཨརྨོ་ནིག་དུའོ།། བརྒྱུ་བྷཱུ་སུ ་ཤུ་མཱ་བར་ཎཱ་སེ་རི་རཾ་གྲི་རིར་རོ།། དགུ་པ་ཀཽ་ཤཱཾ་བི་རུའོ།། བྱན་བ་ག་སྨ་བྱཅུ་པ་སྤེལ་རྟུལ་བ་ཞེས་པ་གླང་འད་སྨཻ་པོ་ཆེ་བཱ་རི་ལེ་ས་ཡིན་ཡའི་ནགས་སུའོ།། བཅུ་གཅིག་པ་རྒྱལ་པོའི་ཁུབ་དུའོ།། བཅུ་གཉིས་པ་ཟི་ཛོནྡྲ ་རུའོ།། བཅུ་གསུམ་བྱིས་པ་གཙང་བ་མཆོད་རྟེན་གྱི་རི་ལའོ།། བཅུ་བཞི་པ་རྒྱལ་བུ་ཛི་ཏ་བ་ནཱའི་ལྷ་ཁང་དུའོ།། བཅོ་ལྔ་པ་ཀ~ཾ་པི་ལེ་བ་ཏུ་རུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་བར་རོ།། བཅུ་དྲུག་པཱ་ཨཱ་ཊྚ་བྱཱ་ཀྐི་རི་རོ།། བཅུ་བདུན་པ་རྒྱལ་པོའི་ཁྱབ ་དུའོ།། བཅོ་བརྒྱད་པ་ཛྭ་ལ་ནཱི་བྲག་ཕུག་དུའོ།། ཡང་བཅུ་དགུ་པ་ཛྭ་ལི་ནི་བྲག་ཕུག་དུའོ།། ཉི་ཤུ་པ་རྒྱལ་པོའི་ཁབ་དུའོ།། དབྱར་གནས་བཞི་ནི་མཉན་ཡོད་དུ་ཤར་ཕྱོགས་མ་མེ་མྲྀ་གཱ་རེའི་ཀུནི་དགེའི་རྀ་བཱ་རུའོ།། གྲོང་ཁྱེར་མཉན་ཡོང་དུ་ལོ་ཉི ་ཤུ་ཉེར་གཅིག་དབྱར་གནས་མཛད་དོ།། ཞེས་འཕགས་པ་གནས་བརྟན་པ་འདོང་ངོ་།། ངས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུར་གྱུར་ཏོ་ཞེསོ།། ། མཁས་པ་ཆེན་པོ་པཎྜི་ཏ་དགེ་སློང་གནས་བརྟན་ཆེན་པོ་སྟོབས་བཅུ ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་གསུངས་རབ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་གསུམ་པའོ།། ། མཁས་པ་རྣམས་ཀྱིས ་ཕུན་སུམ་ཚོགས་རྣམ་པ་འདི་གསུམ་ཉིད་ཡིད་ལ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་དགའ་བ་དང་གུས་བྱ་དྲག་པོ་དེ་སྐྱེད་པར་ནུས་སོ།། འདི་ལྟ་སྟེ། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ་ཕན་འདོགས་པ་ཕུན་སུམ་ཚོགས་པའོ།། དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ལ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཡེ་ཤེས་ཚོགས་གོམས་པ་དང་། དུས་རིང་དུ་གོམས་པ་དང་། བར་ཆང་མེད་པར་གོམས་པ་དང་། དམ་པར་བྱས་ཏེ ་གོམས་པའོ།། འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་དང་། ནུས་པ་ཕུན་སུམ་ཚོགས་པ་དང་། གཟུགས་སྐུ་ཕུན ་སུམ་ཚོགས་པའོ།། གཞན་ལ་ཕན་འདོགས་པ་ཕུན་སུམ་ཚོགས་པཱ་ལ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆེས་ངེས་པར་གྲོལ་བ་ཕུན་སུམ་ཚོགས་པ་དང་། དུད་འདྲེན ་སྡུག་བསྔལ་ཤིན་ཏུ་ཆེས་ངེས་པར་གྲོལ་བའི་ཕུན་སུམ་ཚོགས་པ་དང་ཡི་དགུས་སྡུག་བསྔལ་ཤིན་ཏུ་ཆེས་གྲོལ་བ་ཕུན་སུམ་ཚོགས་པ་དང་། འཁོར་བའི་སྡུག་བསྔལ་ཤིན་ཏུ་ཆེས་གྲོལ་བའི་ཕུན་སུམ་ཚོགས་པའོ།། ཡང་ན་སེམས་ཅན་རྣམ ་ཉན་ཐོས་ཐེགས་པ་རབ་ཏུ་འཇོག་པའི་ཕུན་སུམ་ཚོགས་པ་དང་། རང་སངས་རྒྱས་ཐེག་པ་ལ་རབ་ཏུ་འཇོག་པའི་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་རབ་ཏུ་འཇོག་པའི་ཕུན་སུམ་ཚོགས་པ་དང་། བདེ་འགྲོ་ལ་རབ ་ཏུ་འཇོག་པའི་ཕུན་སུམ་ཚོགས་པའོ།། དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཉེ་བར་བསྟན་པ་མ་ཡིན་པའི་ཡེ་ཤེས་དང་། ཐམས་ཅད་ཤེས་པ་དང་། དུས་དང་རྣམ་པ་ཐམས་ཅད་ངུ་མཁྱེན་པ་དང་། འ ་པ་མེད་པ་མེད་པར་ཤེས་པའོ།། སྤོང་བ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཤིན་ཏུ་ཆེས་སྤངས་པ་དང་། བག་ཆགས་དང་བཅས་པ་སྤངས་པ་དང་། ཏིངངེ་འཛིནི་དང་སྙོམས་པར ་འཇུག་པའི་བག་ཆགས་ཐམས་ཅད་སྤངས་པའོ།། ནུས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཕྱི་རོལ་ཡུལ་སྤྲུལ་པ་ཡོངསུ་བསྒྱུར་བ་བྱིན་རླབས་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་དང་། སྐུ་ཆེ་ཆེས་རིང་བ་བྱིན ་རླབས་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་དང་། ནམ་མཁའ་སྒྲིབ་པ་རིང་བ་མྱུར་དུ་བགྲོད་པ་ཆུང་ངུ་མང་པོ་ཉིད་ཕུན་སུམ་ཚོགས་པ་དང་། རང་ཉིད་ངོ་འཚོར་བ་རྣམ་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པའོ།། གཟུགས་སྐུ་ཕུན་སུམ་ཚོགས་པ ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མཚན་བཟང་པོ་ཕུན་སུམ་པ་དང་། དཔེ་བྱད་ཕུན་སུམ་ཚོགས་པ་དང་། སྲེད་མེད་ཀྱི་བུའི་སྟོབས་ཕུན་སུམ་ཚོགས་པ་དང་། རྡོ་རྗེ་སྙིང་པོ་ཏུས་པ་གདུང་ཕུན་སུམ་ཚོགས་པའོ།། འདི་ནི་སངས་རྒྱས་རྣམས ་ཀྱི་བདག་ཉིད་ཆེན་པོ་མདོར་བསྡུས་པ་སྟེ། དེ་དབྱེ་བ་བྱས་ན་རབ་ཏུ་དབྱེ་བ་མཐའ་མེད་པར་འགྱུར་ཏེ། དེ་ཡང་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཉིད་བསྐལ་པ་གྲངས་མེད་པ་དུ་མ་འཚ་བར་བྱིན་གྱིས་བརླམ ་ནས་ཐམས་ཅང་ཤེས་པ་དང་སྨྲ་བར་ནུས་པའོ།། དེ་བཞིན་དུ་རེ་ཤིག་དེ་བཞིན་གཤེགས་པ་ནི་རྨད་དུ་བྱུང་བ་ཡོན་ཏན་ཡེ་ཤེས་ནུས་པ་ཕན་འདོགས་པ་རིན་པོ་ཆེ་འབྱུང་གནས་སོ།། དེ་ལྟ་ན་ཡང་བྱིས་པ་རྣམས་རང་ཡོན་ཏན་གྱི་དབུལ ་བས་ལྷག་པར་མོས་པ་ཉམས་པས། དེ་བཞིན་གཤེགས་པ་དེའི་དེ་འདྲ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐོས་ཀྱང་སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་དེ།། མཁས་པ་རྣམས་ནི་ཡང་རྐང་མར་གྱིས་ཀྱང་སངས་རྒྱས་བཅོམ་ལྡན ་འདས་དེ་དང་དེའི་ཆོས་ལ་མངོན་པར་ཁས་ལེན་ཅིང་འཇུག་པར་བྱེད་དོ།། དེ་ལྟར་ཡང་དེ་དག་དད་པ་ཙམ་གྱིས་ཀྱང་མཐའ་གཅིག་ཏུ་མངོན་པར་རབ་ཏུ་དང་བས་རྣམ་པར་སྨིན་པ་མ་ངེས་པའི་སྡིག་པའི་ལས་ཀྱི་ཕུང་པོ་རྣམས་ཟིལ་གྱིས ་མནན་ནས་ལྷ་དང་མིའི་དཔལ་ཕུན་སུམ་པ་ཉམས་སུ་མྱོང་ནས་མྱ་ངན་ལས་འདས་པར་ཡང་དག་པར་གཞོལ་བར་འགྱུར་རོ།། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་བསོད་ནམས་ཞིང་བླ་ན་མེད་པ་ཞེས་བརྗོད་དོ།། གང་དེ་བཞིན་གཤེགས ་པ་ལ་བསོད་ནམས་བསྐྱེད་པ་མོ་གཤམ་མ་ཡིན་པའི་འབྲས་བུར་འགྱུར་ཏེ། འདི་ལྟ་སྟེ། འདོད་པའི་འབྲས་བུ་དང་། འབྲས་བུ་ཁྱད་པར་དུ་འཕགས་པ་དང་། འབྲས་བུ་མྱུར་བ་དང་། ཐར་པའི་འབྲས་བུའི་འབྱུང་ངོ་།། བཅོམ་ལྡན ་འདས་ཀྱིས་གསུངས་པ། གང་ཞིག་རྒྱལ་བ་རྣམ་འདྲེས་ལ།། མཆོད་པ་ཆུང་བའང་བྱེད་འགྱུར་བ།། བདེ་འགྲོ་སྣ་ཚོགས་བགྲོད་ནས་ནི།། བདུད་རྩི་གོ་འཕང་ཐོབ་པར་འགྱུར།། ཞེས་སོ།། འདི་ནི་རེ་ཞིག་སངས་རྒྱས་ཆོས་མ་འདྲེས ་བའོ།། སངས་རྒྱས་རྣམས་ཀྱི་ཡོན་ཏན་གཞན་ཉན་ཐོས་དང་ཐུན་མོང་བ་ཡོད་དོ།། ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་བའོ།། དེ་ཡང་ཇི་ལྟར་རིགས་པར་ཉོན་མོངས་པ་མེད་པ་དང་། སྨོན་ལ་དང་ཡེ་ཤེས་དང་། སོ་སོར་ཡང་དག ་པར་རིགས་པ་དང་མངོན་པར་ཤེས་པ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། སྐྱེ་མཆེད་དང་ཟད་པར་སྐྱེ་མཆེད་ལ་སོགས་པའོ།། གཞན་ནི་སློབས་མ་དང ་ཐུན་མོང་ཆོས་འགའ་སོ་སོ་སྐྱེ་བོ་སྟེ།། ཉོན་མོངས་མེང་སྨོན་ལམ་ཡེ་ཤེས།། སོ་སོར་རིག་པའི་ཡོན་ཏན་སོགས།། ཞེསོ།། སངས་རྒྱས་ཆོས་མ་འདྲེས་པ་གཉིས་ནི་མ་ཡིན་ཏེ། འདི་ལྟ་སྟེ། དབུའི་གཙུག་ཏོར་མི་མངོན་པ་དང་། འོད་འདོམ ་གང་བའོ།། བཅོམ་ལྡན་འདས་བསམ་གཏན་བཞི་པ་ལ་གནས་ཏེ་མྱ་ངན་ལས་འདའ་བར་གྱུར་ཏོ།། དེ་ལྟར་ཡང་མྱ་ངན་ལས་འདས་པའི་མདོ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགསོ།། ་བསམ་གཏན་དང་པོ་ལསྣ་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགསོ།། གཉིས་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགསོ།། གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས ་པབར་ཞུགས་སོ།། བཞི་པ་ལས་བཞེངས་ནས་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ།། དེ་ལས་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ།། ་དེ་ལས་བཞེངས་ནས་འདུ་ཤེས་མེད་འདུ་ཤེས་མིན་སྐྱེ་མཆེད་ལའོ།། དེ་ལས་བཞེངས་ནས་འདུ་ཤེས་ཚོར་བ་འགོག་པའོའོ།། དེ་གྲ་བཞེད་ན་འདུ་ས་མེད་འདུན་མེད་བེ་སྐྱེ་ཆེ་སྙིལ་ལོ།། དེ་ལ་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ།། དེ་ནས་རྣམ་ཤེས་མཐའ ་ཡས་སྐྱེ་མཆེད་ལ། དེ་ནས་ན་མཁའ་ཡས་སྐྱེ་མཆེད་ལ། དེ་ནས་བསམ་གཏན་བཞི་པ་ལ། དེ་ནས་བསམ་གཏན་གསུམ་པ་ལ། དེ་ནས་གཉིས་པ་ལ། དེ་ནས་དང་པོ་ལ། དེ་ནས་གཉིས་པ་ལ། དེ་ནས་གསུམ་པ་ལ། བསམ་གཏན ་གསུམ་པ་ལ་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ།། ཡང་བསམ་གཏན་བཞི་པ་ལ་གནས་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཏོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས ་འདེའ་བར་གྱུར་ཏོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དེ་མ་ཐག་ཏུ་ས་ཆེན་པོ་གཡོ་བར་གྱུར་པ་ལ་སོགས་པ་རྒྱས་པར་རོ།། །། མཁས་པ་ཆེན་པོ་སྟོབས་བཅུ་དཔལ་གཤེས་གཉེན་གྱིས་བསྡུས་པ ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་རྒྱུ་འབྲས་གཞན་ལ་ཕན་འདོགས་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་བཞི་པའོ།། །། ད་ནི་འདུས་མ་བྱས་བརྗོད་པར་བྱ་སྟེ། འདུས་མ་བྱས་དེ་ནི་རྣམ་པ་གསུམ ་སྟེ། འདི་ལྟ་སྟེ། ན་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་མ་བརྟགས་པའི་འགོག་པའོ།། དེ་སྐད་དུ་ཡང་། འདུས་མ་བྱས་ཀྱང་རྣམ་པ་གསུམ་སྟེ། ནམ་མཁའ་དང་ནི་འགོག་པ་གཉིས་ཅེས་སོ།། དེ་ལ་ན་མཁའ ་ནི་སྒྲིབ་བགེགས་མེད་པའི་རང་བཞིན་ཏེ་གང་དུ་གཟུགས་ཀྱི་བགྲོད་པའོ།། ཡང་། དེ་ལ་སྒྲིབ་མེད་ན་མཁའ་སྟེ། ཞེས་གསུངས་པ་དང་། ཡང་བུ་ག་ནམ་མཁའི་ཁམས་སུ་བརྗོད།། ཞེས་སོ།། གང་ཟག་པ་དང་བཅས་པའི་ཆོས་དང་བྲལ་བ ་དེ་ནི་སོ་སོར་བརྟགས་པའི་འགོག་པའོ།། སོ་སོར་བརྟགས་པ་ནི་ཤེས་རབ་བྱེ་བྲག་སྟེ། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ཀྱི་སོ་སོར་སྤྱོད་པའོ།། སོ་སོར་བརྟགས་པས་ཐོབ་པའི་འགོག་པའོ།། ཐོབ་པའི་སྒྲ་ཕྱིས ་པས་སོ།། འདི་ལྟ་སྟེ། བ་ལང་དང་ལྡན་པའི་ཤིང་རྟ་ལ། བ་ལང་ཤིང་རྟ་ཞེས་སོ།། སོ་སོར་བརྟགས་པའི་འགོག་པ་ནི། བྲལ་བ་རྣམས་གང་གཞན་དང་གཞན།། ཞེས་གསུངསོ།། ཡང་ཅི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སོ ་སོར་བརྟགས་པའི་འགོག་པ་གཅིག་ཉིད་ཞེ་ན། མ་ཡིན་ཏེ།། གསུངས་པ། ལྡན་པའི་རྫས་རྣམས་ཅི་སྙེད་པ།། བྲལ་བའི་རྫས་རྣམས་དེ་རྙེད་དོ།། གཞན་དུ་ན་སྡུག་བསྔལ་མཐོང་བས་སྤང་པར་བྱ་བ་ཉོན་མོངས་པ་འགེག་པ་དངོས ་སུ་མངོན་སུམ་དུ་བྱས་པས་ཉོན་མོངས་ཐམས་ཅད་ཀྱི་འགོག་པ་དངོས་སུ་མངོན་དུ་བྱས་པར་ཐལ་བས་སོ།། དེ་ལྟར་ཡིན་ནའང་ལྷག་མ་གཉེན་པོ་བསྒོམས་པ་དོན་མེད་པར་འགྱུར་རོ།། གང་མདོ་ལས་གསུངས་པ། སྐལ་བ་མི་མཐུན ་འགོག་པ་ནི་ཞེས་པ་འདིའི་དོན་ཅི་ཞེ་ན། བརྗོད་པར་བྱས་ཏེ། འདིའི་སྐལ་བ་མཉམ་པའི་རྒྱུ་འགའ་ཞིག་ནི་ཡོད་པ་མ་ཡིནོ།། འདིར་གང་ཁ་ཅིག་གི་ནི་མ་ཡིན།། ཞེས་པ་འདི་ནི་ངག་འདིའི་དོན་ཡིན་ནོ།། ། ་འདིའི་སྐལ་བ་མཉམ་པ་འགའ་ཞིག་ཡོད་པ་མ་ཡིན་པ་ནི་མ་ཡིན་ནོ།། སོ་སོར་བཏགས་པའི་འགོག་པ་བཤད་ཟིན་ཏོ།། མ་འོངས་པའི་ཆོས་རྣམས་སྐྱེ་བའི་ཤིན་ཏུ་གེགས་སུ་གྱུར་པས་བྲལ་བ་ལས་འགོག་པ་གང་ཡིན་པ ་དེ་ནི་སོ་སོར་མ་བརྟགས་པའི་འགོག་པའོ།། འདིར་སོ་སོར་བརྟགས་པས་ཐོབ་པར་བྱ་བ་ནི་མ་ཡིན་ནོ།། འོན་ཀྱང་ནི་རྐྱེན་མ་ཚང་བ་ལས་སོ།། ཡང་། འགོག་གཞན་སོ་སོར་མ་བརྟགས་པས། སྐྱེ་བ་ཤིན་ཏུ་གླེགས་གྱུར་པ་ཞེས ་གསུངས་སོ།། འདུས་མ་བྱས་དེ་གསུམ་ནི་རྟག་པ་སྟེ། དེ་སྐད་དུ། ནམ་མཁའ་དང་ནི་འགོག་པ་གཉིས། འདུས་མ་བྱས་གསུམ་རྟག་པ་ཉིད། ཞེས་སོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན ་ཉིད་དུ་བཞིན་ཉིད་ཕྱིན་ཅི་མི་ལོག་པ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་དངོས་པོ་རང་བཞིན་ངོ་བོ།། རྣམ་པ་གཞན་དུ་མ་ཡིན་པ་འམ་དེ་བཞིན་ཉིད་དེ། དེ་ནི་དག་པ་དང་མ་དག་པ་དང་ངག་མ་དག་གོ།། སངས་རྒྱས་ཐམས ་ཅད་ཀྱི་ཆོས་ཀྱི་སྐུ་ཤིན་ཏུ་མཐར་ཕྱིན་པའི་འབྲས་བུ་ངོ་བོ།། དེ་དག་ཐམས་ཅད་འདུས་མ་བྱས་ཞེས་རྣམ་པར་གཞག་གོ།། ། མཁས་པ་ཆེན་པོ་པཎྜི་ཏ་དགེ་སློང་གནས་བརྟན་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ ་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་འདུས་མ་བྱས་རྣམ་པར་ངེས་པ་ཞེས་པ་ལེའུ་སུམ་ཅུ་ལྔ་པའོ།། །། རྣམ་པ་དེ་ལྟར་ཆོས་མཐའ་མེད།། འདུས་བྱས་འདུས་མ་བྱས་པའི་ཆོས།། ཕུང་པོ་དུ ་མར་ཕྱེ་ནས་ནི། སངས་རྒྱས་རྣམས་ཀྱིས་བསྟན་པ་དེ།། བློ་ལྡན་བྱང་ཆུབ་སེམས་དཔའ་དང་། ཉོན་ཐོས་རྣམས་ཀྱི་སྤྱོད་ཡུལ་ལོ།། བརྩོན་པས་སྔོན་གྱི་སློབ་དཔོན་གྱིས། མི་རྣམས་ལ་ནི་བརྩེ་མཛད་ནས།། རྒྱ་མཚོ་ཆེ ་ལས་ཆུ་ཐིགས་ལྟར།། རྒྱ་ཆེའི་ཆོས་ནི་དེ་རྣམས་ལས།། དམ་ཆོས་བདུད་རྩིས་གང་བ་ཡི།། བསྟན་བཅོས་རྒྱ་མཚོ་ཆེན་པོ་སྟོན།། ཆུ་ཡི་ཐེགས་པའི་སྟོང་ཆ་ལྟར།། འདུས་བྱས་འདུས་མ་བྱས་རྣམས་ཀྱི།། ཆོས ་རྣམས་རྣམ་པར་ངེས་པ་དག། དེ་ལས་བདག་གིས་ཡང་བསྡུས་སོ།། དེས་ན་ཕྱོགས་འདིའི་བདེ་གཤེགས་ཀྱིས།། ཐར་པ་སྔོན་འབྱུང་རྒྱུ་གཅིག་པུ།། བསྟན་པ་རིན་ཆེན་ཆོས་རྣམས་ཀྱི།། རབ་ཏུ་དབྱེར་བཅས་རྒྱས་ཤེས་བྱ།། ་འདུས་བྱས་འདུས་མ་བྱས་ཆོས་རྣམས།། གཅིག་དུ་བསྡུས་ལས་བདག་གི་གང་། བསོད་ནམས་དེས་ནི་འགྲོ་བ་རྣམས།། འདུས་བྱས་འདུས་མ་བྱས་མཁྱེན་གྱུར། འདི་ལྟར་ཡང་།། ཐུབ་པའི་ངག་ནི་ངེས་པར་རྟོགས་པར་དཀའ་བ་ཉིད ་དེའི་གསོལ་བར་བྱེད་པ་རྣམས།། སྔོན་གྱི་སློབ་དཔོན་རྣམས་ཀྱིས་འགྲེལ་མཛད་རྒྱས་པ་བསྟན་བཅོས་ཆེན་པོ་ཐམས་ཅད་ཀྱང་།། རྟོགས་པར་དཀའ་བ་དེ་ལས་ཇི་ལྟ་བུར་ཡང་ཚིག་ག་ངག་ངག་དྲངས་པ་འདི།། ཡིད་གཞུངས ་ངན་པ་རང་རིགས་ཁྲེལ་ཡོད་རིང་དུ་སྤངས་ནས་གཞུང་ནི་འགྲེལ་མཛད་ཅེས།། རབ་ཏུ་བྱེད་པ་ཐ་ཤལ་འདི་ལས་གང་དག་རང་བ་གཞན་དོན་ཕུན་ཚོགས་འབྱུང་།། བློ་ངན་འདིས་ནི་འདི་རུ་ཁྱད་འཕགས་བྱས ་གང་ངལ་ལ་འབའ་ཞིག་སྐྱེ་བར་ཟད་།། དེ་ལོགས་པའི་རབ་བསླངས་སྨྲ་བའི་རྡོ་རྗེ་དྲག་པོས་རང་གི་མགོ་ལ་བསྣུན་པ་ཡི།། རྨ་ནི་གསལ་བར་རང་གིས་བཀོད་ཏེ་མི་བསྲུན་དོན་དུ་བདག་གི་གཞུང་མ་བྱས།། འོན་ཀྱང་། རྒས་ཅིང ་རྙིངས་པ་བརྟན་པོས་ནོན་པོས་བསྟན་བཅོས་མང་པོ་རྣམས།། རྒྱུན་ཏུ་ལྟ་བར་མི་ནུས་པས་ཡིན་ང་རྒྱལ་ལས་མ་ཡིན།། སྡེ་པ་སྣ་ཚོགས་དང་ནི་རྒྱལ་སྲས་ཚུལ་ལུགས་རྗེས་འབྲངས་ནས། བསླབ་བྱའི་ཡུལ་རྣམས་ཅད་འབད ་པས་གཅིག་ཏུ་ཡོངས་སུ་བཟླུམས།། མཉམ་མེད་རྒྱལ་བའི་བསྟན་པའི་ཆོས་འདི་རང་ཉིད་ཁོ་ན་ཡིན།། གཞུངས་འདི་གཅིག་པུས་ཡུལ་རྣམས་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར།། བདག་གིས་བརྩམས་ཀྱང་སྐྱེ་བོ་གཞན ་དོན་མ་ཡིན་འདི་དག་ལས།། ལེགས་གསུངས་བདུད་རྩི་རོ་ཡང་ཤིན་ཏུ་ཆུང་བ་འདིར་ངེས་མཆིས།། དེས་ཀྱང་སྐྱེ་བོ་དམ་པའི་ཡིད་རབ་ཚིམ་ཞིང་མཉེས་པར་འགྱུར།། དེ་ཉིད་ཀྱིས་། བདག་གི་ངལ་བ་ངེས་པར་དཔལ་ཡོད་ལགས།། ་འོན་ཀྱང་ས་སྟེང་དག་ན་སྐྱེ་བོ་དམ་པ་ཐོར་བུར་གནས།། མི་བསྲུན་དྲི་མ་གླང་པོས་སྦགས་པ་ས་སྟེང་ཁྱབ་པར་གནས།། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་པཎྜི་ཏ་གནས་བརྟན་ཆེན་པོ ་སྟོབས་ཅུ་དཔལ་བཤེས་གཉེན་གྱིས་མཛད་པའོ།། ་