| Wylie | e-texts produced with BDRC’s OCR application |
འོས་ཀྱང་།། ཅི་ཞིག་ཝཱར་ངེས་བདག་ལ་མོས་པ་དེ་དོན་བྱས། བསོད་ནམས་འདི་ཡིས་སྐྱེ་མེད་ཡེ་ཤེས་ཐོབ་གྱུར་ཅིག། ཞི་གནས་སྐུ་ལ་བསྒོམ་ཐབས་ཆུང་ངུ་རྫོགས་སོ།། །། གང་གིས་ཞི་གནས་ལྷག་མཐོང་མཐར ་ཕྱིན་པས།། འགྲོ་བའི་མི་ཤེས་རབ་རིབ་སེལ་མཛད་པ།། ཐམས་ཅད་མཁྱེན་པ་དེ་ལ་ཕྱག་འཚལ་ཏེ།། ཞི་གནས་འཇུག་པའི་ཐབས་ཚུལ་ཅུང་ཟད་བྲིས།། སྡོམ་ནི། ཚོགས་དང་ཤེས་བྱ་སྔོན་འགྲོ་དང་།། བསྒོམ་དང་ཉེས་སྤང་ཆོད ་གཟུང་དང་།། ངལ་གསོ་སྐྱེ་ལུགས་གནས་པའི་ཚད།། བཅུ་པ་བརྟན་ཐབས་ངོས་གཟུང་གཅིག། དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཞི་གནས་ཀྱི་ཚོགས ་ཀྱི་དབང་དུ་བྱས་ནས། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། རྣམ་པར་མི་གཡེང་བ་དང་། དབང་པོ་ལེགས་པར་བསྡམས་པ་དང་། མི་རྒོད་པ་དང་མི་འབྱར་བ་དང་། མུ་གཙོར ་མི་སྨྲ་བ་དང་། ཡབ་ཡབ་པོ་མ་ཡིན་པ་དང་། མི་འགྱུར་བ་དང་། ཞི་ངེས་པ་དང་། བསྲུངས་པ་དང་། ཅང་ཤེས་པ་དང་། ལས་སུ་རུང་བ་དང་། རྩེ་གཅིག་པ་དང་། གཅིག་པུར་དགེའ་བ་དང་། འདུ་འཛི་ཡོངས་སུ་སྤང་བ་དང་། དབེན་པར ་དགའ་བ་དང་། ལུས་དབེན་པ་དང་། སེམས་བསླད་པ་དང་། དགོན་པ་སྔོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང་། འདོད་པ་ཉུང་བ་དང་། འདོད་པ་མེད་པ་དང་། འདོད་ཆེན་མེད་པ་དང་། ཆོག་ཤེས་པ་དང་། འཚོ་བ་ཡོངས་སུ་དག་པ་དང་། ཆོ་ག་ཕུན ་སུམ་ཚོགས་པ་དང་། སྤྱོད་ལམ་བསྲུངས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། དུས་མིན་ཤེས་པ་དང་། སླན་དྲོད་ཤེས་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། སོ་སོར་རྟོག་པའི་སྟོབས་ཀྱིས་མི་མཐོ་མི་དམའ་བ་དང་། ངན་དུ ་བརྗོད་པ་དང་། ངན་དུ་སྤྲོས་པའི་ཚིག་གི་ལམ་དང་དུ་ལེན་པ་དང་། རྣལ་འབྱོར་ལ་མངོན་དུ་ཕྱོགས་པའི་སེམས་བསྐྱེད་པ་དང་། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང་། བསམ་གཏན་གྱིས་ཡང་དག་ཡིད་ལ་བྱེད་པ་དང ་བྱམས་པ་བསྐྱེད་པ་དང་། སྙིང་རྗེ་མངོན་པར་སྒྲུབ་པ་དང་། དགའ་བ་ལ་གཞོག་པ་དང་། བཏང་སྙོམས་བསྒོམ་པའོ།། ཞེས་གསུངས་སོ།། གཞན་ཡང་དཀོན་མཆོག་སྤྲིན་ལས་རྣལ་འབྱོར་སྤྱོད་པའི་སྐབས་སུ་སྐྱོན་ལ་མཁས་པ་ཡིན། ་བྱ་བ་ལས་བརྩོམས་ཏེ། སྐྱོན་དེ་དག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ་དང་། ཆོས་དང་། དགེ་འདུན་དང་། བསླབ་པ་དང་། འཕགས་པ་རྣམས་དང་། ཚངས་པར་སྤྱོད་པ་རྒན་རབས་དང་། བར་མ་དང་གསར་བུ ་རྣམས་ལ་རིམ་གྲོ་མི་བྱེད་པ་ནི་སྐྱོན་ནོ།། བདག་ལ་རིམ་གྲོ་བྱེད་པ་དང་། གཞན་ལ་བརྙས་པ་དང་། ཡུལ་ལ་མངོན་དུ་ཕྱོགས་པ་དང་། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང ་གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བོ་དང་། སྟོང་པ་ཉིད་དུ་འཛིན་པ་དང་། རྟག་པར་འཛིན་པ་དང་། མི་རྟག་པར་འཛིན་པ་དང་། འཕགས་པ་རྣམས་ལ་མཉེས་པར་མི་བྱེད་པ་དང་། བྱིས་པའི་སྐྱེ་བོ་དང་བརྟེན་པ་དང་། ་ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་སྤོང་བ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་བ་ལ་བསྙེན་བཀུར་བྱེད་པ་དང་། སྡིག་པའི་གྲོགས་ལ་བརྟེན་པ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང་། མདོ་སྡེ་ཟབ་མོ་སྤོང་བ་དང་། མང ་སྔོ་ཟབ་མོས་སྐྲག་པ་དང་། སྙོམ་ལས་དང་ལཾ་ལོ་བྱེད་པ་དང་། བདག་ལ་བརྙས་པ་དང་། གཟི་བརྗིད་བྱེད་ཆུང་བ་དང་། སྤོབས་པ་མེད་པ་དང་། གནས་མ་ཡིན་པ་ལ་འགྱོད་པ་དང་། མི་འགྱོད་པ་ལ་འགྱོད་པ་དང་། འགྱོད་པ་ལ་མི ་འགྱོད་པ་དང་། སྒྲིམ་པ་ཀུན་ནས་ལྡང་བས་གྲགས་པ་དང་། གཡོ་རྒྱུས་བཅིངས་པ་དང་། རྨུགས་ཤིང་གཉིད་ཀྱིས་ནོན་པ་དང་། རྙེད་པ་དང་བཀུར་སྟི་འདོད་པ་དང་། རུས་པ་ལ་འདོད་ཆགས་དང་། རིགས་ལ་འདོད་ཆགས ་པ་དང་། ལྟ་བ་ལ་འདོད་ཆགས་པ་དང་། ཡུལ་ལ་འདོད་ཆགས་པ་དང་། འཁོར་ལ་འདོད་ཚོགས་པ་དང་། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ལ་རྟེན་པ་དང་། དམ་པའི་ཆོས་ལ་འབྱོལ་བ་དང་། ཡི་དམ་འདོར་བ་དང་། མི་དགེ་བ་དང ་ལྡན་པ་དག་ལ་རྩོལ་བ་དང་། རབ་ཏུ་བྱུང་བ་དང་སྡེབ་པ་དང་། སྐྱེས་པ་དང་སྡེབ་པ་དང་། བུད་མེད་དང་སྡེབ་པ་དང་། ཁྱེའུ་དང་སྡེབ་པ་དང་། བུ་མོ་དང་སྡེབ་པ་དང་། མུ་སྟེགས་ཅན་དང་སྡེབ་པ་དང་། དགོན་པ་ལ་མངོན་པར་མི་དགའ་བ ་དང་། ཟས་ཀྱི་ཚོད་མི་ཤེས་པ་དང་། བླ་མའི་དྲུང་དུ་མི་འགྲོ་བ་དང་། ཁ་དོན་གྱི་དུས་མི་ཤེས་པ་དང་། སྤྱོད་ཡུལ་གྱི་གནས་མི་ཤེས་པ་དང་། བསླབ་པ་ཕྲ་མོ་དག་ལ་གུས་པར་མི་བྱེད་པ་དང་། སྡིག་པ་ཆུང་ངུ་རྣམས་ལ་འཇིགས་པར ་མཾ་ལྟ་བ་དང་། དབང་པོ་གཏི་མུག་གི་བསྒྲིབས་པ་དང་། ལྡན་པ་དང་། གཡེང་བ་དང་ལྡན་པ་ལ་དང་པོ་གྲོམས་པ་དང་། རྒོད་པར་སྤྱོད་པ་དང་། བཅོས་དཀའ་བ་དང་། དཀའ་བློ་མི་བདྲི་བ་དང་། ཡིད་དུ་བོང་བ་དང་། ཡིད་དུ་མི་འོང་བའི་གཟུགས ་དག་ལ་མཚན་མ་དང་མངོན་རྟག་སུ་འཛིན་པ་དང་། ཁྲོ་བོ་རྣམས་ལ་སེམས་མི་བྱམས་པ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་མི་བརྩེ་བ་དང་། ན་བས་སྐྱོ་བར་མི་བྱེད་པ་དང་། ཤི་བར་མི་སྐྲག་པ་དང་། ཀུན་ཏུ་འབར་བ་ལས་མི་འབྱུང ་པ་དང་། ལུས་སོ་སོར་མི་རྟོག་པ་དང་། ཚུལ་ཁྲིམས་ལ་སོ་སོར་མི་རྟོག་པ་དང་། ཅི་བྱས་ཅི་བྱེད་ཅི་བྱ་ཞེས་སོ་སོར་མི་རྟོག་པ་དང་། མི་བསམ་པ་ལ་སེམས་པ་དང་། མི་རྟག་པ་ལ་རྟོག་པ་དང་། མི་སྨོན་པ་ལ་སྨོན་པ་དང་། མི་འབྱུང་བ ་ལ་འབྱུང་བ་ལ་འབྱུང་བར་འདུ་ཤེས་པ་དང་། མི་དགེ་བ་ལ་དགེ་བར་འདུ་ཤེས་པ་དང་། ལམ་མ་ཡིན་པ་ལམ་དུ་འདུ་ཤེས་པ་དང་། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང་། འཕྲུལ་གྱི་བྱ་བ་ལ་ཆགས་པ་དང་། བྱེད་པ་ངན་པས་གཡེངས ་པ་དང་། དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤོང་བ་དང་། ཐེག་པ་ཆེན་པོ་ལ་མི་བསྔགས་པ་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་པ་དང་། ཐེག་པ་ཆེན་པོ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་མི་བསྔགས ་པ་བརྗོད་པ་དང་། ཉོན་ཐོས་ཀྱི་ཐེག་པ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་བསྡིགས་པ་བརྗོད་པ་དང་། རྩོད་པ་ལྷུར་བྱེད་པ་དང་། འཐབ་པའི་ངང་ཚུལ་ཅན་དང་། བརླང་བ་དང་། རྩུབ་པ་དང་། ཕོ་ཐེག་ཅན་དང་། སྤྱི་བལྟོལ་ཆེ་བ་དང་། ་གཏུམ་པ་དང་། གདུག་པ་དང་། ངག་མི་སྙན་པ་དང་། མུ་ཅོར་སྨྲ་བ་དང་། མི་གཙིགས་པར་སྨྲ་བ་དང་། ངག་ཏུ་སྨྲ་བ་དང་། བརྫུན་ཟེར་བ་དང་། སྤྲོས་པ་ལ་མངོན་པར་དགའ་བ་དང་། སྤྲོས་པ་ལ་གཞོལ་བ་ནི་སྐྱོན་ནོ་ཞེས་གསུངས་སོ།། དེ ་ཉིད་ལས་ཡང་གསུངས་པ། དེ་ལ་འདུ་བ་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། འདུ་འཛི་ཐམས་ཅད་དུ་ཡོངས་སུ་སྤང་ངོ་།། སྨྲ་བ་ལ་དགའ་བ་དང་། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི ་རྣམ་པར་རྟོག་པ་དང་། ལྟ་བ་ལ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། ཤེས་ཀྱི་ཁེ་འདོད་པ་དང་། གྲགས་པ་འདོད་པ་དང་། རྙེད་པ་འདོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་། ་སྟེ། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་ལ་སེམས་ལ་འདི་སྙམ་དུ་བདག་གི་སེམས་འདི་ཅི་དགེ་བ་ལ་སྤྱོད་པའམ། འོན་ཏེ་མི་དགེ་བའམ། འོན་ཏེ་ལུང་དུ་མ་བསྟན་པའམ། ཆོས་གང་ལ་སྤྱོད ་ཅེས་རྣམ་པར་དཔྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་དགའ་བ་དང་། རངས་པ་དང་། མགུ་བ་བསྐྱེད་དོ།། དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ།། འོན་ཏེ་མི ་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང་། རྟོག་པ་མེད་པ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤང་བ་ལ་བརྩོན་པ་ཡིན་ནོ།། མི་དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ།། དེ ་ལ་འདོད་ཆགས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང་། འབྲིང་པོ་དང་། ཆུང་ངུའོ།། དེ་ལ་འདོད་ཆགས་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད་དུ་ཁྱབ་སྟེ། སེམས་ཀུན་ནས་གཟུང་ཞིང་གནས་པ་དང་། གང་གི་དེ་ལ ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་སྟེ། དེ་ལ་གཞོལ་བ་དེ་ལ་ངོ་ཚ་བ་དང་། འཛེམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ཏེ། ཇི་ལྟར་ན་ངོ་ཚ་བ་དང་འཛེམ་པ་ཐམས་ཅད་དུ་མེད་པ་ཡིན་ཞེ་ན། ་དེ་ལ་གཅིག་པུ་ལྐོག་ཏུ་སྟོང་སྟེ། སེམས་ཀུན་ནས་བཟུང་ཞིང་གནས་པ་དང་། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང་དེ་ཉིད་ལ་ལེགས་པར་ཤིན་དུ་སྨོན་པ་དང་། དེ་ཉིད་ལ་ཡང་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན་དེ་ལ་ངོ་ཚ་བ་མེད ་ས་ད་ནྡ། སྨྲྀ་ད་དདེ། ། སྦྱིན་ཧཱུ~ཾ་ས་། ན། ན ་ན་དེ་ལ་འཇམ་པ་དང་། ངོ་ཚ་མེད་པ་ཡིན་ཏེ། དེ་ལ་རྒྱུ་དེ་དང་རྐྱེན་དེ་དང་། གཞི་དེས་དྲན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་འདོད་ཆུ་གསོ་ཆེན་པོ་ཞེས་བྱའོ།། དེ་ལ་འདོད་ཆགས་འབྲིང་པོ་གང་ཞེ་ན། གང་གི་འདོད་པ་རྣམས་ལ། ་བརྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་སྟེན་གྱི་བྱ་བ་གྲུབ་ནིས་འདོད་ཆགས་དང་བྲལ་བའི་སེམས་ཐོབ་པ་དང་། འགྱོད་པ་འཐོབ་པ་དང་། སེམས་ལ་མི་འཆབ་པ་འཐོབ་པ་སྟེ། དེ་ནི་འདོད་ཆགས་འབྲིང་པོ་ཞེས་བྱའོ།། དེ་ལ་འདོད་ཆགས ་ཆུང་ངུ་ཞེས་བྱ་བ་གང་ཞེ་ན། གང་གིས་འདོད་པ་རྣམས་བསྟེན་པར་གྱུར་ཀྱང་མནམས་པ་དང་། བྱུགས་པ་དང་། ལུས་ཀྱི་རེག་པ་ཙམ་མམ། ཚིག་ཏུ་སྨྲས་པ་ཙམ་མམ། མཐོང་བ་ཙམ་གྱིས་ཚིམ་པོར་འགྱུར་བ་དེ་ནི་འདོད་ཆགས ་ཆུང་ངུ་ཞེས་བྱའོ།། མདོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ཆགས་པའི་སེམས་སུ་གྱུར་པ་སྟེ་དེ་ནི་འདོད་ཆགས་ཞེས་བྱའོ།། དེ་ལ་ཞེ་སྡང་གང་ཞེ་ན། ཞེ་སྡང་ཡང་རྣམ་པ་གསུམ་རིག་པར་བྱ་སྟེ། ཆེན་པོ་དང་འབྲིང་དང་ཆུང ་ངུའོ།། དེ་ལ་ཞེ་སྡང་ཆེན་པོ་གང་ཞེ་ན། ཞེ་སྡང་གི་རྣམ་པ་གང་གིས་ཞེ་སྡང་ཞིང་རྔམ་འཁྲུགས་གཏུམ་པར་གྱུར་ནས་མཚམས་མེད་པ་ལྔ་ལས་གྲང་ཡང་རུང་བ་ལ་བྱེད་པའམ། དམ་པའི་ཆོས་སྤོང་བ་ལ་གང་བྱས ་པ་ལ་མཚམས་མེད་པ་ལྔ་བསྡོམ་པ་བས་ཀྱང་གྲངས་སུ་ཡང་ཉེ་བར་མི་འགྲོ། ཆ་དང་བགྲང་བ་དང་དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་བ་དེ་ལྟ་བུ་བྱེད་དེ། དེ་རྒྱུ་དེ་དང་རྐྱེན་དེ་དང་། གཞི་དེས་ལུས་ཞིག་ནས་སེམས་ཅན་དམྦྷ་ལོ་བྱ་ཆེན ་པོ་དག་ཏུ་སྐྱེ་ཞིང་། གལ་ཏེ་བརྒྱ་ལ་མིར་སྐྱེ་བ་ན་ཡང་། གནག་ཅིང་ད་མར་ལཱ། གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་ངེས་ཡང་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་ཞེ་སྡང་ཆེན་པོ་ཞེས ་བྱའོ།། དེ་ལ་ཞེ་སྡང་འབྲིང་པོ་གང་ཞེ་ན། གང་གི་ཞེ་སྡང་བར་གྱུར་ཏེ། སྡིགས་པ་མི་དགེ་བའི་ལས་བྱས་ན་མྱུར་བ་མྱུར་བས་སྐྱེན་པ་སྐྱེན་པར་ལ་གོར་ལ་གྲོར་དུ་འགྱོད་ཅིང་དེའི་གཉེན་པོ་ལ་ཡང་བསྟན་པ་སྟེ། དེ་ནི་ཞེ་སྡང་འབྲིང་པོ་ཞེས ་བྱའོ།། དེ་ལ་ཞི་སྡང་ཆུང་ངུ་གང་ཞེ་ན། གང་གི་ཞི་སྲུང་བར་གྱུར་ནས་ཚིག་ཙམ་དང་། མི་སྙན་པ་ཙམ་དང་། ངན་དུ་བརྗོད་པ་ཙམ་གྱིས་མི་དགེ་བའི་ལས་གསོག་པ་སྟེ། དེ་ཡང་བརྒྱལ་བར་འགའ་ཞིག་འབྱུང་སྟེ། བྱུང་ན་ཡང ་སྐད་ཅིག་དེ་ཉིད་དང་། ཡུད་ཙམ་དེ་ཉིད་དང་ཐང་ཅིག་དེ་ཉིད་དང་ཉེན་པོ་བསྟེན་པ་སྟེ། དེ་ནི་ཞེ་སྡང་ཆུང་ངུ་ཞེས་བྱའོ།། དེ་ལ་གཏི་མུག་གང་ཞེ་ན། གཏི་མུག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང་འབྲིང་དང་ཆུ ་དུའོ།། དེ་ལ་གཏི་མུག་ཆེན་པོ་གང་ཞེ་ན། གང་ཇི་སྐད་དུ་སྨོས་པའི་གནས་དེ་དག་ལས་ཉེས་ཀྱང་དགའ་ཞིང་མེ་དྲན་པ་མ་སྨྲས་པའི་གནས་དེ་དག་ལས་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། སྨྲེ་སྔགས་མི་འདོན། འགྱོད་པར་མི ་བྱེད་པ་ཡིན་ཏེ། དེ་ནི་གཏི་མུག་ཆེན་པོ་ཞེས་བྱའོ།། དེ་ལ་གཏི་མུག་འབྲིང་པོ་གང་ཞེ་ན། གང་གིས་མི་དགེ་བའི་ལས་བྱས་ཀྱང་། ལ་གོརཱ་ལ་གོར་དུ་འགྱོད་ཅིང་།། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དྲུང་དུ་འཆགས་ཤིང ་མི་འཆབ་ལ། དེ་ལ་ཡོན་ཏན་དུ་ཡང་མི་ལྟ་བ་ཡིན་ཏེ། འདི་ནི་གཏི་མུག་འབྲིང་པོ་ཞེས་བྱའོ།། དེ་ལ་གཏི་མུག་ཆུང་ངུ་གང་ཞེ་ན། གང་གིས་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་པ་བཅས་པའི་ཁ་ན་མ་ཐོ་བ་བསླབ་པ་ཀུན་སྤྱད ་པའི་ལམ་གཉིས་གསུམ་ལས་འདའ་བ་སྟེ། དེ་ནི་གཏི་མུག་ཆུང་ངུ་ཞེས་བྱའོ།། དེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་ཕྱིར་ཟློག་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་སེམས་ལ་མཁས་པ་ལ་གང་འདོད་པ་རྣམས་ལ་དགའི ་བ་དང་། འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་རྣམས་ལ་ལྷག་པར་ཆགས་པ་དེ་ལྟ་བུ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་ལ་མཁས་པའི་ཕྱིར་རོ།། འོན་ཏེ་ལུང་དུ་མ་བསྟན་པ་ལ་སྤྱོད་ན། དེ་ལ་དྲན་པ་དང ་ལྡན་ཞིང་ནན་ཏན་བྱེད་ལ། དེ་བརྟག་པ་ལ་བརྩོན་པ་ཡིན་ཏེ། དེ་ལྟས་ཇི་ལྟར་ལུང་དུ་མ་བསྟན་པ་ལ་སྤྱོད་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཕྱི་རོལ་ཏུ་ཡང་མི་རྒྱུ་ནང་དུ་ཡང་མི་རྒྱུ། དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ ་ཡང་མི་སྤྱོད། ལྕུག་མཐོང་ལ་ཡང་མི་སྤྱོད། ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་ལ་གཉིད་ཀྱིས་ནོན་པར་གནས་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སད་པ་མིག་གཉིད་ཀྱི་བསྒྲིབས ་པའི་སེམས་མི་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་དེ་མི་གསལ་བར་རྒྱུ་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཡང་དག་པར ་བཞག་པ་ལ་མཁས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལྕེ་མཁས་པ་ཡིན་ནོ།། དེ་དེ་ལྟར་སེམས་ལ་མཁས་པས་ཆོས་འདི་དག་ནི་སྒྱུ་མ་ལྟ་བུའོ།། ཆོས་འདི་དག་ནི་རྨི་ལམ་ལྟ་བུའོ།། ཆོས་འདི ་དག་ནི་དགེ་བའོ།། ཆོས་འདི་དག་ནི་མི་དགེ་བའོ།། ཆོས་འདི་དག་ནི་འབྱུང་བའོ།། ཆོས་འདི་དག་ནི་མི་འབྱུང་བྱའོ།། ཞེས་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། འདི་སྙམ་དུ་ཆོས་འདི་དྲུག་ཐམས་ཅད་ནི་སེམསྣ་ལ ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བརྟུལ་བ་དང་། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ན་ཆོས་དེ་དག་ཐམས་ཅད་ཤིན་ཏུ་བྱེཅིལ་བ་དང་། ཤིན་ཏུ་བརྟུལ་བ་དང་། ཤིན་ཏུ ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་སོ།། འཕགས་པ་དྲན་པ་ཉེ་བར་གཞག་པ་ལས་ཀྱང་། འདུ་འཛིའི་གཏམ་ཉན་པ་དང་། རི་མོ་འདྲི་བ་དང་། སྙན་དངགས་སྦྱོར་བ་དང་། གཟའི་ཚོགས་དང་། རྒྱུ་སྐར་སེམས ་པ་དང་། ཟས་རྙེད་པ་བདག་གིར་བྱེད་པ་དང་། ཤཱ་ཟ་མོ་ལྟ་བུར་ནོར་བསྒྲུབ་པར་སེམས་པ་དང་། རྒྱ་ལྔ་པོ་ལ་བརྟེན་པ་དང་། མཁས་པ་རྣམས་ལ་གདམ་ངག་རྣམས་མི་ནོད་པ་དང་། བདེ་བ་ལ་མགྲོན་དུ་བོད་པ་དང་། འདྲེ ་ཞིང་གནས་པའོ་ཞེས་གསུངས་སོ།། བསྒོམ་པའི་རིམ་པ་བྱར་དུ་མཛད་པ་ལས་ཀྱང་། ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། བྱ་བ་མང་པོ་ཡོངས ་སུ་སྤངས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤུངས་པའོ།། དེ་ལ་ཡོན་ཏན་ལྔ་དྲུག་དང་ལྡན་པ་ནི། མཐུན་པའི་ཡུལ་ཡིན་ཏེ། སྐྱེ་བོ་མི་སྐྲུན་པ་དང་། དགྲ་ལ་སོགས ་པ་མེད་པའི་ཕྱིར་ལེགས་པར་ལྡན་པ་དང་། གོས་དང་ཟས་ལ་སོགས་པ་ཚེགས་མེད་པ་རྙེད་པའི་ཕྱིར་རྙེད་སླ་བ་དང་། ནད་ཉུང་བའི་ས་ཕྱོགས་ཡིན་པའི་ཕྱིར་ས་བཟང་བ་དང་། གྲོགས་ཚུལ་ཁྲིམས་རྣམ་པར་དག་པ་དང་། ་ལྟ་བ་མཐུན་པས་གྲོགས་བཟང་བ་དང་། ཉིན་མོ་སྐྱེ་བོ་མང་པོས་གང་བ་དང་། མཚན་མོ་སྐྱ་ཆུང་བའི་གནས་བཟང་བའོ།། འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་བཟང་བའམ། མང་པོ་ལ་ལྷག་པར་མ་ཆགས ་བའོ།། ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ།། བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་ལ་སོགས་པའི་ལས་ངན་པ་ཡོངས་སུ་སྤངས་པ་དང་། ་ཁྱིམ་པ་དང་། རབ་ཏུ་འབྱུང་བ་དག། ཧ་ཅང་སྨྱོས་འདྲིས་བྱེད་པ་དག་དང་། སྨྱན་བྱེད་པ་དང་། སྐར་མ་བརྩི་བ་ལ་སོགས་གང་ཡིན་པ་ཡོངས་སུ་སྤངས་པའོ།། ཚུལ་ཁྲིམས་རྣམ་པར་དག་པ་གང ་ཞེ་ན། སྡོམ་པ་གཉི་ག་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཙོས་པ་མི་འདྲལ་བ་དང་། བག་མེད་པས་རལ་ཡང་སྐྱེན་པ་སྐྱེན་པར་འགྱོད་ཅིང་ཆོས་བཞིན་དུ་བྱེད་པའོ།། ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་སྤངས་པ་གང་ཞེ་ན། འདོད་པ་རྣམས་ལ་ཚེ་འདི་དང་ཕྱི་མའི་ཉེས་དམིགས་རྣམས་རྣམ་པ་མངོ་བོར་ཡོད་པར་བསམས་ལ། དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ།། ་ཡང་འཁོར་བའི་དངོས་པོ་སྟུག་པོ་འམ། མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་བྲལ་ན་བདག་ཅི་ཞིག་ལ་ཆགས་པར་འགྱུར་སྙམ་དུ་བསམ་ལ་རྣམ་པར་རྟོག་པ་སྤང་པོར ་བྱའོ།། ཡང་འཁོར་བའི་དངོས་པ་སྡུག་པ་འམ། མ་སྡུག་པ་ཡང་རུང་སྟེ། ང་དག་ཐམས་ཅད་དང་བདག་རང་འ་མ་ཐགས་པར་དྲལ་ན་བདག་ཅ་ཞིག་ལ་ཆགས་པར་འགྱུར་སྙམ་དུ་བསམ་ལ་རྣམ་པར་རྟག་པ་སྤང ་བར་བྱའོ།། ཞེས་གསུངས་སོ།། ཞི་གནས་ཀྱི་ཚོགས་དེ་དག་ནི་མདོར་བསྡུ་ན་གཉིས་ཏེ། ཁ་ཅིག་ནི་དགག་པའི་སྒོ་ན་ས་སྟོན་ཏོ།། ཁ་ཅིག་ནི་སྒྲུབ་པའི་སྒོ་ནས་གསུངས་སོ།། ཡང་ཞི་གནས་ཀྱི་ཚོགས་གཉིས ་ཕྱིའི་དང་། ནང་གིའོ།། ཕྱིའི་ནི་ཡིད་དུ་འོང་བའི་ས་ཕྱོགས་སོ།། མཐུན་པའི་ཡུལ་ན་གནས་པ་ཞེས་ཀྱང་གསུངས་སོ།། ནང་གི་ནི་མ་ཆགས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པའོ།། འཇིག་རྟེན་ཆགས་པ་མེད་ལ་མངོན ་དགོས་འཇུག་ཅེས་གསུངས་ལ། སྡོམ་པའི་ཚུལ་ཁྲིམས་ཀྱིས་སེམས་གནས་པའི་བྱ་བ་བྱེད་ཅེས་ཀྱང་གསུངས་སོ།། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ཞེས་གསུངས་པ་དང་། ཚུལ་ཁྲིམས ་ལ་ནི་གནསྟ་ནས་ཏིང་ངེ་འཛིན་འཐོབ་པོ།། ཞེས་གསུངས་སོ།། ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་ནོ་ཞེས་ཀྱང་གསུངས་པ་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་མྱུར་འོཐོབ་སྟེ། དེ་ནི་ཚུལ་ཁྲིམས་རྣམ་དག ་ཕན་ཡོན་ཡིན་ཞེས་གསུངས་སོ།། ཚུལ་ཁྲིམས་ལ་གཡེལ་ནས་ཕྱིས་འགྱོད་པ་འབྱུང་ཞིང་། འགྱོད་པས་ནི་སེམས་འཕྲོ་བར་བྱེད་དེ། དེ་བས་ན་འབྲས་བུ་ཏིང་ངེ་འཛིན་འདོད་པས་རྒྱུ་ཚུལ་ཁྲིམས་གུས་པར་བསྲུང་ངོ་།། ་དམིགས་པའི་མཚན་ཉིད་ཤེས་པར་བྱ་བ་གང་ཞེ་ན། འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཤེས་པ་བྱ་བ་སྟེ། འདི་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ་རྣམ་པར་རྟོག་པ་ཤས་ཆེ་བ་དང་། ཆོ་མཉམ་པ་དང་། ཉོན་མོངས་པ་ཆུ་ངུ་ལས་ཐ་མ་གཉིས་ལ་ལེགས་སམ་སྙམ་དུ་བསམ་པའོ།། མིང་དུ་ཐོས་པའམ། གདམས་ངག་གིས་ཟིན་ནས་ཀུན་གྱིས་ཀྱང་། རེ་ཞིག་དམིགས ་ཀྱང་ལེགས་སོ་སྙམ་དུ་བསམས་སོ།། རྣམ་པར་རྟོག་པ་ལ་སོགས་པ་དེ་དག་གི་རྟགས་དང་། དེ་དཔག་པའི་ཐབས་དང་། དམིགས་པ་དང་། བསྒོམ་པའི་ཐབས་ཉན་ཐོས་ཀྱིས་ལས་གསལ་ལོ།། དམིགས། ་པ་དེ་དག་ལས་གསུངས་སྙམ་པ་ལ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས།། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས།། འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས།། དམིགས་པ་དེ་ལ་གང་གི་སེམས་འཇོག་པ། ་བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། ཞེས་གསུངས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས་ཀྱང་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་མདོག་དང་། ཕྱག ་མཚན་དང་། གདན་དང་། ཆེ་བའི་ཡོན་ཏན་ལྱ་སོགས་པ་ཐོས་ནས་དང་བྱའི་སེམས་ཀྱིས་ནུབ་ཕྱོགས་སུ་བལྟས་ཏེ། བསྒོམས་ན་གསལ་བར་སྣང་བར་འགྱུར་ཏེ། དེ་ཡང་ཐོག་མར་རྨི་ལམ་དུ་སྣང་སྟེ། དཔེར་ན་སླད ་འཚོང་མདོག་ཤིན་དུ་སྡུག་པ་ཞིག་ཡོད་ལ། ཚོང་དཔོན་གྱི་བུ་ཞིག་གིས་ཐོས་པ་དང་། དེའི་ནུབ་མོ་མཐོང་བ་འམ་འཕྲད་པར་རྨིས་པ་བཞིན་ནོ།། ཞེས་གསུངས་སོ།། ལ་ལ་དག་དེ་བཞིན་གཤེགས་པ་མངོན་སུམ་དུ ་བཞུགས་པ་ལ་དམིགས་ན་སྣང་བར་འགྱུར་སྲིད་ཀྱི་མྱ་ངན་ལས་འདས་པ་ལ་ནི་མ་ཡིན་ནོ་སྙམ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས།། དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག། ཇི་ལྟར་ཡིད་ལ་བྱས་བཞིན ་གཟུགས་བརྙན་སྣང་ཞེས་གསུངས་སོ།། ཡང་བྲིས་སྐུ་ལ་སོགས་པ་ལ་དམིགས་པ་མེད་དམ་སྙམ་ན། མདོ་སྟེ་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོ་བྲིས་པ་ཡོངས་སུ་རྫོགས་པ་ཞིག་ལ་ཚོང་དཔོན་གྱི་བུ་ཞིག ་གིས་གཟུགས་བརྙན་ཡང་འདི་འདྲ་ན་རང་གི་ངོ་བོ་མཐོང་བ་ལྟ་ཅི་སྨོས་སྙམ་དུ་བསམས་ཏེ། དེ་མ་ཐག་ཏུ་ས་ཕྱོགས་བྱི་དོར་མ་བྱས་པ་ཞིག་དུ་འདུག་ནས་དང་བའི་སེམས་ཀྱིས་མིག་མི་ཛུམ་པར་བལྟ་ཞིང་བསྒོམས་པས ་བསམ་གཏན་དང་པོ་དང་བཞི་པའི་བར་དུ་ཐོབ་པ་ལ་སོགས་པ་གསུངས་སོ།། གཞན་དག་ན་རེ་ཞི་གནས་ཀྱི་དམིགས་པ་ལ་ངེས་པ་མེད་ཅེས་འབྱུང་བས་བུམ་པ་ལ་སོགས་པ་གང་ཡང་རུང་བ་ལ་དམིགས་པ་ཆོག་ཟེར་ཏེ། ་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཡུད་ཙམ་རེ་རེ་ལ་ཡང་ཕན་ཡོན་ཆེན་པོ་ཡོད་པའི་ཕྱིར་དང་། དང་བ་སྐྱེ་བས་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ལ་དམིགས་པ་ལེགས་སོ་སྙམ་དུ་བསམས་སོ།། དེ་ལ་ཕན ་ཡོན་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྡུལ་ཕྲ་རབ་ཐམས་ཅད་ཉན་ཐོས་རང་སངས་རྒྱས་སུ་གྱུར་ལ། གང་ལ་ལ་ཞིག་བསོད་ནམས་འདོད་པས ་དེ་དག་ཆོས་གོས་དང་། མལ་སྟན་དང་། ན་བའི་གསོས་སྨན་ལ་སོགས་པས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་ཅིང་བསྙེན་བཀུར་བྱས་པ་བས། གང་ལ་ལ་ཞིག་གི་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཞིག་མཐོང་ན་དེ་དེ་བས་ཆེས་བསོད་ནམས་ཆེན། མེ་ཏོག་གཏོར་བ་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་སོ།། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས། ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཙུག་ལག་ཁང་གི་འཛམ་བུའི་གླིང་ཐམས་ཅད་བཀང་སྟེ། དེ་དག་གི་ནང་དུ་ཙན་དན་སྦྲུལ་གྱི་སྙིང་པོ་ལས། བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས ་བཀང་སྟེ། དེ་དག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལས་གཞན་མི་བྱེད་པས་ཉིན་གཅིག་བཞིན་དུ་ལྷའི་མེ་ཏོག་དང་སྤོས་ལ་སོགས་པས་མཆོད་པ་བྱས་པ་བས་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་སྐུ་ལ་ཡུད་ཙམ་ཞིག་སེམས་ནང་དུ་བསྡུས་ནས་བརྟགས་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ།། ཞེས་གསུངས་སོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ཇི་ལྟ་ཇི་ལྟར ་མང་དུ་མི་བརྟགས་ན། དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། དེ་ལྟ་དེ་ལྟར་དེ་ལས་སེམས་གཞོལ་འགྱུར།། དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང་།། ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན།། རྟག་པར་རྗེས་སུ་དྲན་པར ་སྒོམ་བྱེད་ན།། དེ་ཡི་མདུན་ན་སྟོན་པ་རྟག་ཏུ་བཞུགས་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ནམ་ཞིག་དེ་ནི་ནམ་ཞིག་མི་བདེ་སྟེ།། ཤི་ལོ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན།། སྡུག་བསྔལ་ཚོར་བར་ཕྲོགས་པར་ཡོད ་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཕག་སྟྲ་པ་ཀ་ཏཱ་ཡ་ནས་བྲན་མོ་ཞིག་ལ་དབུལ་འཚང་དམྱ་ཞེས་གསུངས་པ་དང་བྲན་མས་སྨྲས་པ། དབུལ་གང་ཞིག་ཉ་བཱ་མ་ས་ཞེས་ཞུས་པ་དང་། དབུལ་འཆུང ་བའི་ཐབས་ཡོད་དེ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་གྱིས་ཤིག་ཅེས་གསུངས་པ་དང་། དེ་དེའི་མཚན་མོ་ཐོ་རངས་རྩཝ་བཏིང་བའི་སྟེང་དུ་འདུག་སྟེ། དེ་བཞིན་གཤེགས་པའི་སྐུ་ཡིད་ལ་བྱས་པ་དང་། དེ་ཉིད་དུ་ཚེའི ་དུས་བྱས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ལ་སོགས་པ་གསུངས་སོ།། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ཞུགས་པའི་ཏིང་ངེ་འཛིན་ལས་ཀྱང་། ནམ་ཞིག་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ ་དང་། དེས་གསུངས་པའི་ཆོས་ཀྱི་སྒྲ་ཐོས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་གསུངས་སོ།། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སངས་རྒྱས་རྗེས་སུ་དྲན་པ་ཡང་ཡིན་པར་གསུངས་སྷོ།། དེ་ལྟར་མདོ ་དང་དེ་དག་ཏུ་དེ་བཞིན་གཤེགས་པའི་སྐུ་ལ་བསྒོམས་ན་ཕན་ཡོན་ཆེ་བར་གསུངས་སོ།། དམིགས་པ་ལ་དང་བའམ་དད་པ་སྐྱོ་ཅི་དགོས་ཤེ་ན། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་དང་པོ་མངོན་པར་ཡིད་ཆེས་པའི ་དད་པ་ཡིན་པར་གསུངས་པ་དང་། དད་པ་སྔོན་འདྲེན་མ་ལྟར་བསྐྱེད་པ་སྟེ། ལག་པ་བཞིན་དུ་དགེ་སྤྱད་རྩ་བ་ཡིན།། ཞེས་གསུངས་པས་དད་པ་སྐྱེད་པའི་ཡུལ་གལ་ཆེའོ།། དེ་བས་ན་ཕན་ཡོན་ཆེ་བ་དང་། དད་པ་སྐྱེ་བའི ་ཡུལ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་གང་ལ་མོས་པ་ཙམ་གཅིག་ལ་ཁར་བ་དང་ར་གན་ལ་སོགས་པའི་འདུ་ཤེས་མི་བསྐྱེད་པར་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས ་མཐའ་དག་བསགས་པ་ལས་འབྲས་བུ་ཁྱད་པར་ཅན་ཡེ་ཤེས་དང་བཅས་པའི་སྐུ་འདི་ལྟ་བུ་བསྐྱེད་པ་ཡིན་སྙམ་དུ་བསམས་ལ་དབྱིབས་ཀྱི་བྱེ་བྲག་བཞུགས་ཐབས་སམ། སྐུ་སྟོང་དང་། སྐུ་སྨད་དང་། དབུ་དང་ཕྱག་དང་། ཞབས ་དང་། རྒྱབ་ཡོལ་དང་། གདན་ཁྲི་དང་། ཕྱག་མཚན་དང་། རྒྱན་ལ་སོགས་པ་ཇི་ལྟར་གནས་པ་དང་། ཁ་དོག་གི་བྱེ་བྲག་སེར་པོ་འམ། དམར་པོ་ལ་སོགས་པ་ཁ་དོག་གཅིག་པའམ། མི་གཅིག་པ་ལ་ལེགས་པར་བལྟ་ཞིང་ཉི ་མ་གཉིས་གསུམ་དུ་སྐབས་སྐབས་སུ་བསྐྱེད་ཅིང་བལྟ། འདུད་ཅིང་བརྟག་བྱེ་བྲག་ཏུ་ཆུང་ངུ་ཡན་ཆད་སེམས་ལ་གཟུང་ཤེས་པར་བྱ་སྟེ་དེ་ལྟར་དམིགས་པའི་མཚན་ཉིད་ཤེས་པར་བྱའོ།། སྔོན་དུ་འགྲོ་བ་གང་ཞེ་ན། དང་པོར ་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། ཡིད་དུ་འོང་བའི་ས་ཕྱོགས་སུ་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་སོང་བས་སྟན་བདེ་བའི་སྟེང་དུ་འདུག་སྟེ། ལུས་པགས་ཀྱིས་གློང་ལོ་དྲང་པོར་བསྲང་། སྐྱིལ་མོ་ཀྲུང་དལ་བུས ་བཅའ། ལུས་ལ་སྐྱོ་བ་བསྐྱོད་དེ་འདུག་པར་བྱའོ།། དེ་ནས་འདི་སྙམ་དུ་བསམ་པོར་བྱ་སྟེ། འགྲོ་བ་མཐའ་དག་སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བའི་མེ་རབ་ཏུ་འབར་བས་སྲེག་ཅིང་གཟུང་སྟེ། འཁོའོ་ཞིང་རབ་ཏུ་སྡུག་བསྔལ ་ལོ་སྙམ་དུ་བསམ་མོ།། དེ་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར།། འཆི་མེད་རབ་འབར་འདི་ན་མགོན་མེད་པ།། སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས།། བུམ་པར ་ཆུད་པའི་བུད་པ་འཁོར་བ་བཞིན་ཞེས་གསུངས་སོ།། དེ་ལྟ་བས་ན་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་ལས་འབྱུང་བའི་ཐབས་ནི་མི་ཤེས་ཤིང་འཇུག་པར་དཀའ་ལ་འཁོར་བའི་རྒྱུ་ལ་ནི་རང་གིས་ངང་གིས ་འཇུག་གོ། དེ་བས་ན་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་ལ། འགྲོ་བ་མཐའ་དག་བྱང་ཆུབ་ཆེན་པོ་ལ་དགོད་སྙམ་དུ་བསམ་མོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་ཞི་གནས་དང་། ལྐུག ་མཐོང་གོམས་པ་ལས་འཐོབ་པོ་ཞེས་འཕགས་པ་དགོངས་པ་ངེས་པར་འགྲེལ་པོ་ལས་གསུངས་སོ།། དེ་ཡང་སྔོན་དུ་ཞི་གནས་གོམས་པར་བྱ་དགོས་ཏེ། དེ་སྐད་དུ། ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ ་བསྒོམ། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། ཅེས་གསུངས་སོ།། འཕགས་པ་ས་བཅུ་པ་ལས་ཀྱང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེའོ།། ཞེས་གསུངསོ།། བསླབ ་པ་ཀུན་ལས་བཏུས་པ་ལས་ཀྱང་། སྲེག་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་མི་ཟད་པ།། སེམས་ཡིད་མ་ཞི་ཁྱེད་ཀྱིས་ཡང་དང་ཡང་མྱོང་འགྱུར་ཅེས་གསུངས་སོ།། སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཡིད་ནི ་རྣམ་པར་གཡེངས་གྱུར་ན།། ཉོན་མོངས་མཆེ་བའི་ཕྲག་ན་གནས་ཞེས་གསུངས་སོ།། དེ་ལྟ་བས་ན་བདག་གི་ཐོག་མར་ཞི་གནས་སྒྲུབ་པོ་སྙམ་དུ་བསམ་མོ།། དེ་ནི་སྔོན་དུ་འགྲོ་བའོ།། སེམས་ཇི ་ལྟར་གཏད་པ་གང་ཞེ་ན། གོང་དུ་ལེགས་པར་བརྟགས་པའི་སྐུ་དེ་དག་གི་མདུན་ལོགས་སུ་ཁྲུ་གང་གི་ཕ་མཐའ་ཙམ་ན་སྔར་བརྟགས་པ་བས་ཀྱང་དབྱིབས་ལེགས་སམ་ཁ་དོག་གསལ་ལཾ་སྙམ་དུ་རྫོགས་མཚན་ཉིད ་དུ་ཅི་གསལ་ཏུ་ཤེས་པ་རབ་ཏུ་བསྒྲིམས་ལ་གཏང་ངོ་།། དེ་ལྟར་གཏད་ཙམ་ནི་ཡེ་ཤེས་སྣང་ན་ཡང་རྫོགས་པ་ཁོ་ནར་བསམ་མོ།། བྱེ་བྲག་ཅུང་ཟད་ཙམ་སྣང་ན་ཡང་རབ་ཏུ་བསྒྲིམས་ལ་བཟུང་ངོ་།། ཡང་མི་སྣང་ན་རྫོགས ་པ་ཁོ་ནར་བཞུགས་པར་བསམ་མོ།། དེ་བས་རྫོགས་པར་ཅི་གསལ་དུ་བསྒོམ་ཞིང་རྫོགས་པར་མི་སྣང་ན་བྱེ་བྲག་ཅུང་ཟད་སྣང་ཡང་དེ་ལ་གཏད། དེ་ནི་སྣང་མ་ཐག་ཏུ་ཡང་རྫོགས་པའི་མཚན་ཉིད་དུ་སེམས་རབ་ཏུ་བསྒྲིམ ་ལ་གཏད་དོ།། དེ་བས་ན་གཙོ་ཆེར་སྤྱི་ལ་བསྒོམ་ཞིང་བྱེ་བྲག་ལ་གནས་ཀྱིས་བར་དུ་བྱེ་བྲག་ལ་བཞིག་གོ། གཞན་དག་ན་རེ་ཤེས་པ་བསྒྲིམས་ཅི་དགོས་ཐ་མལ་པར་བཞག་པས་ཆོག་མོད་ཟེར་ཏེ། ལས་དང་པོ་པས་ནི ་དེ་ལྟར་མི་བྱ་སྟེ། སློབ་དཔོན་ཐོག་མེད་ཀྱི་ཞལ་སྔ་ནས་བསམ་གཏན་རྣམས་ལ་ཡིད་ལ་བྱེད་པ་བདུན་གྱིས་འཇུག་པ་ནི་བཞིས་བསྡུས་ཏེ། བསྒྲིམས་ཏེ། འཇུག་པ་དང་། སྐབས་སུ་འཆད་ཅིང་འཇུག་པ་དང་། སྐབསུ ་འཆང་བ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པའོ་ཞེས་གསུངས་ཏེ། དེ་བས་ན་ལས་དང་པོ་བས་ཤེས་པ་རབ་ཏུ་བསྒྲིམས་ལ་དམིགས་པ་གཟུང་ངོ་།། དེ་ནཱི་སེམས་ཇི་ལྟར་གཏད་བའི་ཐབས་སོ།། ཉེས་པ ་སྤང་བ་གང་ཞེ་ན། ཉེས་པ་ནི་སྐབས་འདིར་བྱིང་རྒོད་གཉིས་ལ་བྱ་བ་སྟེ། གོང་མ་བཞིན་དུ་གཏད་པའི་སྐབས་སུ་སེམས་བྱིང་ངམ་བྱིང་དུ་དོགསྡུ་བར་མཐོང་ན་དང་བ་སྐྱེ་བའི་ཡུལ་ཡིད་ལ་བྱས་ལ་ཤེས་པ་གསལ་བར ་འགྱུར་མ་ཐག་ཏུ་གོང་བཞིན་དུ་གཏང་ངོ་།། བྱིང་བའི་རྒྱུ་ནི་ཁ་ཟས་ཀྱི་བྱེ་བྲག་དང་། ངལ་དུ་བ་དང་། མུན་པ་ཡིད་ལ་བྱས་པ་ལ་སོགས་པས་དམིགས་པ་གསལ་བར་འཛིན་མི་ནུ་སོ།། རྒོད་པ་ནི་གོང་མ་བཞིན་དུ་གཏུང ་ཙམ་ན་དམིགསཔ་དེ་ལས་གཞན་གང་དྲན་ཡཱདྷི་རྒྱུད་པ་ཡིན་ཏེ། དྲན་མ་ཐག་ཏུ་སྐྱེ་བསྐྱེད་ཅིང་དམིགས་པ་གང་ཡིན་པ་ལ་མྱུར་དུ་གཏད་དོ།། རྒོད་པའི་རྒྱུ་ནི་ཕལ་ཆེར་ཆགས་པ་ལས་འབྱུང་སྟེ། དེ་བས་ནུ་མི ་རྟག་པར་བསམ་ཞིང་སྐྱོ་བ་སྐྱེ་བས་ཡུལ་ལས་ལྡོག་གོ།། སྒོམ་པ་ཡུན་ཐུང་བའི་དབང་གིས་བྱིང་བ་ནི་ཤས་ཆུང་སྟེ། རྒོད་པ་ལས་བླུན་པ་ལ་རབ་ཏུ་འབད་དོ།། སེམས་གནས་ནས་ཕྱིས་སྐྱེད་འདོན་ཙམ་ན་ནི་བསྒོམ ་པའི་རིམ་པར་གསུངས་པ་བཞིན་དུ་བྱའོ།། མདོར་ན་བྱིང་ན་གསལ་བར་བྱ།། རྒོད་ན་བླན། མཉམ་པར་ཞུགས་ན་ཡིད་གློད་དེ། དེ་ལྟར་ཉེས་པ་སྤང་ངོ་།། ཁམས་ཀྱི་ཚོད་གཟུང་བ་གང་ཞེ་ན། ཁམས་རབ་ཀྱི ་ཉིན་གྱི་བཞི་ཆ་མཚན་གྱི་བཞི་ཆ་ཉིན་བཞི་ཆ་ལ་ཐུན་བཞི་འམ་ལྔ། མཚན་གྱི་བཞི་ཆ་ནི་ནམ་གྱི་ཆ་སྟོང་དང་། ཆ་སྨད་ལ་ཐུན་བཞི་འམ་སྔར་བསྒོམ་མོ།། འབྲིང་གིས་ཉིན་གྱི་བཞི་ཆ་ལ་ཐུན་ལྔ་འམ་དྲུག་ཏུ ་བསྒོམ་མོ།། ཐ་མས་ཉིན་གྱི་ལྔ་ཆའམ། དྲུག་ཆ་ཙམ་ལ་ཐུན་དྲུག་གོམ་བདུན་ཙམ་དུ་བསྒོམ་མོ།། ཁམས་ཞན་ཅིང་ཐུན་མང་བ་ནི་ཐུང་བས་བྱེ་བྲག་ཏུ་བྱས་པ་ཡིན་ནོ།། རབ་ཀྱིས་ནི་ཟན་རེ་བཟའ་རན་ཙམ།། འབྲིང་དང ་ཐ་མས་ནི་གོམ་པ་ཐ་མལ་བས་མདར་རྒྱང་གཅིག་གམ་གསུམ་མམ་གཉིས་སམ་ཕྱེད་དུ་ཕྱིན་པའི་བར་ཙམ་དུ་བསྒོམ་མོ།། དེ་ནི་སྤྱིར་བཏང་པོའོ།། དེ་ཀུན་གྱིས་ཀྱང་ཡུན་ཐུང་བར་བསྒོམ་ཞིང་། དེའི་ཕྱིར་དེ་ཉིན་པར་གཉིས ་དེ་བཞིན་དུ་ཞག་བཅུའི་བར་དུ་ཉིན་རེ་ཐུན་རེ་བསྣུན་ཅིང་བསྒོམས་ནཱ། སྔ་དྲོ་ཕྱི་རེད་གང་བདེ་བ་དང་། ཁམས་རབ་འབྲིང་གི་ཚོད་ཞར་ལོ་ཤེས་པར་འོང་ངོ་།། མི་བྱེད་པ་ཕྲན་ཚེགས་ཙམ་ཡང་ཚོར་བར་བྱ་ཞིང་ཞི་བར་བྱའོ།། ་དེ་ལྟར་ན་ཁམས་ཀྱི་ཚད་གཟེང་ངོ་།། ངལ་གསོ་བའམ། མི་བསྐམ་པོའི་སྟོབས་སྒྲ་ཇི་ལྟར་བྱ་ཞེ་ན། བསམ་པ་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པར་བྱའོ།། དེ ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་བདག་འདུལ་བ་ལ་མངོན་པར་རྩོན་པར་བྱ་བའི་བསམ་པོ་དང་། གང་ཟག་གཞན་གྱི་སྐྱོན་ལ་མི་བརྟག་པ་དང་། འཇིགས་པ་ལ་སོགས་པ་ཟུང་བ་ལ་ཇི་ལྟར་བྱ་བའི་བསམ་པ་དང་། ་ཞི་གནས་ཀྱི་ཚོགས་སྤྱིར་བསམ་པའོ།། དེ་ལ་བདག་དུལ་བ་ལ་མངོན་པར་བརྩོན་པར་བྱ་བའི་བསམ་པ་ནི་འཕགས་པ་དྲག་ཤུལ་ཅན་ལས། བདག་ཅིའི་ཕྱིར་དགོན་པར་འོངས་དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང ་དང་བྲམ་ཟེ་མ་ཡིན་ཏེ། འདི་ན་མ་ཞི་བ། མ་བྱང་བ། མ་སྦས་པ། མི་བརྩོན་པ། མི་འགྲུས་པ། འདི་ལྟ་སྟེ་རི་དགས་དང་། སྤྲེའུ་དང་། བྱ་མང་པོ་དང་། ཆོམ་རྐུན་དང་། གདོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ནི་དགེ་སྦྱོང ་གི་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། བདག་གང་གི་ཕྱིར་དགོན་པ་ན་གནས་ནས་དགེ་སྦྱོང་གི་དོན་དེ་ཐོབ་པར་བྱའོ།། སྙམ་དུ་སེམས་བསྐྱེད་དོ་ཞེས་གསུངས་སོ།། གཞན་ཡང་བདག་ནི་ལམ་རིང་པོ་ནས་འདིར་འོངས་ཤིང་གཅིག ་པུ་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་ལ་བསྐུལ་བའི་གྲོགས་གང་ཡང་མེད་དེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་གཞན་གྱིས་སེམས ་ཤེས་པ་ཡོད་དེ། བདག་དགོན་པ་ན་གནས་པ་བས་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དེ་དག་གི་དབང་དུ་འགྱུར་རོ།། བདག་ལམ་རིང་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད་ལ་ང་ཡི་བ་མེད་པ་ཡོངས་སུ་འཛིན ་པ་མེད་པ་ཡིན་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། འཆི་བའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བའི་སེམས་ཀྱི་དབང་དུ་གྱུར་ན། འདུ་འཛི་ལ་གནས་པའི་སེམས ་ཅན་རྣམས་དང་། བྱེ་བྲག་མེད་པར་འགྱུར་ལ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ཀྱང་བསླུས་པར་འགྱུར་ཞིང་མ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར ་གྱི། དེ་བས་ན་བདག་ཅི་ནས་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་དགྱེས་པར་མི་འགྱུར་བ་དེ་ལྟར་སམ་བྱའོ་ཞེས་གསུངས་སོ།། གཞན་གྱི་སྐྱོན་ལ་མི་བརྟག་པ་ནི ་འདི་སྐད་དུ་མདོ་ལས། ཡོན་ཏནི་འདོད་པོ་ནགས་ན་གནས་པ་དག། ཕ་རོལ་དག་གི་སྐྱོན་ལེ་བརྟག་མི་བྱ། འཕགས་ཤིང་བ་ང་མཆོག་ཅཞོ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ།། རྒྱགས་ན་བག་མེད་ཀུན ་ཡི་རྩ་བ་སྟེ།། དགེ་སྦྱོང་དམན་ལ་བརྙས་པ་མ་བྱེད་ཅིག། བསྐལ་པ་གཅིག་གི་བྱང་ཆུབ་ཐོབ་མི་འགྱུར། འདི་ནི་མཔ་ལ་གོ་རིམས་ཡིན། ས་པ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། ཕ་རལ ་རྀཀཱ་པ་ནི་ང་གོན་པ་ལ་གནས་པའི་ཚུ་ལོ་བཞིན་མ་ཡིན་པ་ཡིད་ལ་བྱེད་པོའོ་ཞེས་གསུངས་སོ།། མ་མ་ཡན་པའ་འཇིགས་པ་ལ་སོགས་ན་པ་བསྐྱེད་དོ།། དེས་ཞི་བར་འགྱུར་བར་མདོ་སྡེ་ལས་གསུངས། ་ཞ་གནས་ཀྱི་ཚོགས་སོར་བསམ་པ་ནི་གོང་དུ་སྨོས་པ་རྣམས་སྐབས་སྐབས་སུ་བསམ་པར་བྱའོ།། འཚོ་བ་ཕུ་སོགས་པ་ནི་རབ་ཏུ་བྱུང་བ་ཡིནས་ཐར་ཆགས་ཀྱི་བསོད་སྙོམས་དང་། རྙེད་པས་ཆོག་པའི་བསོད ་སྙོམས་པ་གང་ཡང་རུང་བས་དང་པོར་འདུལ་བ་འམ་མདོ་སྡེ་ལས་འབྱུང་བ་བཞིན་དུ་བླང་བ་འམ། སྦྱིན་བདག་ལ་གསོལ་བ་གདབ་པ་བྱས་ལ་ཕྱིས་འཚོ་བ་ཤིན་ཏུ་ངན་ཀྱང་འགྱོད་པར་མི་བྱ་སྟེ། བདག་གི་འཚོ་བ་གཞན་ལ་རག ་ལས་པ་ཡིན་ནོ་སྙམ་དུ་བསམ་ཞིང་ང་རྒྱལ་བསྐྱུངས་ཏེ། ལྟེང་ཟན་ཞག་བདུན་པ་ཡང་རུང་སྟེ། ཟས་ཀྱི་རོ་ལྔ་ཆགས་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དེ། ཟས་ལ་བརྟེན་ནས་ཉོན་མོངས་པ་མ་སྐྱེས་པ་འདི་ནི ་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ནོ་སྙམ་དུ་བ་སམ་མོ།། དགེ་བསྙེན་ཡིན་ན་ཡང་། ཁ་ན་མ་ཐོ་བ་མེད་ཅིང་ཁམས་དང་འཕྲོད་པ་དང་པོ་ཚགས་བྱས་ནས་ཕྱི་འདོད་པའམ། ཕུལ་བསྐྱེད་པ་བྱམ། ཚོལ་བའི་བསམ་པ་མི་བྱ་བྱུར ་ཆོག་ཤེས་པར་བྱ་སྟེ། འདི་ལྟར་ཟླ་གཅིག་པས་ཀྱང་མ་ཐོབ་པ་ཐོབ་པར་བྱ་བ་འགྲུབ་ན། བདག་ཅག་དུས་དང་དུས་མ་ཡིན་པ་ཐམས་ཅད་དུ་ཟ་བས་ལྷུང་ཟ་ན་ལས་མེད་ཀྱང་ཁམས་ཅིའི་ཕྱི་མཱི་བརྟ། དེ་བས་ཟན་གྱི་དོན་དུ་སྡིག ་པ་བསག་ཅིང་དས་པའི་བར་ཆེད་མི་བྱེད་པ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ་སྙམ་དུ་བསམ་མོ།། སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་སེམས་མི་གནས་ཀྱི་བར་དུ་ཁ་ཏོན་དང་། ཕྱག་མང་པོ་མི་བྱ། ཡི་དམ་དུ་བཅད་པ་ཡི ་དུབས་སུ་བཅད་ཅིང་ཉིན་པར་ཕར་འགྲོ་ཚུར་འགྲོ་བྱ་ཞིང་ཞར་ལ་སྒྲ་ཧ་ཅང་མཆེ་བར་གདན། ལུས་ཀྱི་སྤྱོད་ལམ་སོས་ངལ་བར་བྱ། གེན་ཐུར་གཟུར་པོ་ལ་མི་འགྲོ། ས་གཅིག་ཏུ་ཡུན་ཧ་ཅང་རིང་བར་མི་འཇུག། ཉིན་པར་གློ་པས ་ལ་གཉིད་མཱི་ལོག། སྟོབས་བསྐྱེད་པའམ། དྲག་ཤུལ་ཆེན་པོ་མི་བྱ། སྤྱོད་ལམ་ཀུན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་བྱུང་བ་འམ། སྤྱོད་ཡུལ ་ཡོངས་སུ་དག་པ་ལས་འབྱུང་བ་བཞིན་དུ་དྲན་པར་བྱའོ།། དེ་བས་ན་དགེ་བ་ལ་ནི་ལུས་དང་སེམས་འཇུག་པར་བྱ་སྟེ། མི་ནུས་ན་བཏང་སྙོམས་དང་ལུང་དུ་མ་བསྟན་པས་གསོའོ།། མི་དགེ་བའི་སེམས་ཅུང་ཟད་ཀྱང་མི ་བཏང་སྟེ། འདུས་ཤིང་ཁ་སྟོབས་འགྱེད་པ་དང་། རྒྱལ་པོ་དང་བུད་མེད་ལ་སོགས་པའི་གཏམ་ངན་པ་སྨྲ་བའམ། ངན་པའི་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ།། གོང་དུ་བསྟན་པ་བཞིན་དུ་སྔོན་དུ་འགྲོ་བ་དང་། སྨོན་ལམ་ཅི ་རིགས་པར་ཅུང་ཟད་ལ་གདབ་པ་ནི་ལས་དང་པོ་པས་ཉིན་རེ་ལ་ཐུན་རེ་ཙམ་བྱ་སྟེ། སྒོམ་རེས་ཀྱི་མི་བྱའོ།། དེ་དག་ནི་མི་བསྒོམ་པའི་དུས་ཀྱི་བྱའོ།། བསྒོམ་པས་སེམས་ཀྱི་སྤྱད་ལུགས་ནི་རྣམ་པ་གཉིས་ཏེ། ཅིག་ཅར་དང ་རིམ་གྱིས་པའོ།། གོང་མ་ལ་གཉིས་ཏེ། ཐུན་གཅིག་ནས་ཞག་བདུན་ཚུན་ཚད་ཀྱིས་ཅིག་ཅར་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་སལ་གྱིས་སྣང་ནས་བསྟན་པ་དང་ཁྲུན་ཅིག་ཙམ་སྣང་ནས་གག་ཁ་ཅིག་མི་བྷ ་བྱིགྱིས་ཡང་ཚིག་ཅར་དུ་རྫོགས་པར་སྣང་ན་བརྟན་པ་པོའི་ཀྱིས་པ་མ་པོ་སྟེ་པོ་རྩོལ་བ་དྲག་ཀྱང་རུང་ཞན་ཀྱང་རུང་དམིགས་པ་ཅུང་ཟད་ཀྱང་མི་སྣང་བའི་ཉམས་དང་། དེ་ནིས་རྩོལ་བ་དྲག་ཏུ་བསྒོམས་ན་སྙིང་ལ། སྐབས་སྐབས་སུ་དྲག་ཞན་གཉིས ་ག་ལ་མི་སྣང་བའི་ཉམས་དང་། དྲག་ཏུ་བསྒོམས་ན་ནི། སྣང་ལ་གཞན་དུ་བསྒོམས་ན་སྐབས་ཁ་ཅིག་ཏུ་མི་སྣང་བ་དང་། རྩོལ་པ་དྲག་ཞན་གཉིས་ཀ་ལ་རྫོགས་པའི་མཚན་ཉིད་དུ་སྣང་བ་ལ་སོགས་པ་གཏང་དུ་འདོད་པའི་མཚན ་ཉིད་དང་ལྡན་པའོ།། ཡང་ཁ་ཅིག་ལ་འདི་ལྟར་སྐྱེ་སྟེ། ཐོག་མ་ཉིད་ལ་རྩོལ་བ་དྲུག་ཞན་གཉིས་ཀ་ལ་མི་སྣང་བ་མི་སྲིད་དེ། ཕྱོགས་རེ་ཙམ་སྐུང་སྟེ་རྫོགས་པར་སྣང་སྟེ་མི་འདོང་ངོ་།། གང་གསལ་བ་ལ་གཏད་ཅིང་དེ་མི་གསལ ་ཙམ་ན་རངས་པ་གཏད་དེ། ཡང་ཕྱོགས་གཅིག་གསལ་ན་དེ་ལ་གཏད་།། དེ་མི་གསལ་ན་ཡང་སྔ་མ་བཞིན་དུ་བྱས་པས་གསོལ་ཚབས་ཇེ་ཆེ་ཇི་ཆེ་བརྟེན་བསྐྱེད་བྱུང་ན་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས ་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ།། ཡང་ཁ་ཅིག་ལ་ཐོག་མ་ཉིད་ལ་རྩོལ་བ་དྲུག་ཞེན་གཉིས་ཀ་ལཱ་རེས་འགའ་སྣང་། རེས་འགའ་མི་སྣང་བའི་ཉམས་དང་། ཅུང་ཟད་སྐྱེད་བྱུང་ནས་རྩོལ་བ་དྲུག་ཞན་གཉིས་ཀ ་ལ་ཕལ་ཆེར་སྣང་ལ་གནས་སྐབས་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང་རྩོལ་བ་དྲག་ཞན་གཉིས་ཀ་ལ་ཡང་སྣང་སྟེ། རྩོལ་བཞིན་ཏུ་བསྒོམས་ནས་ཁ་ཅིག་ཏུ་མི་སྣང་བའི་ཉམས་དང་། རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས ་པར་སྣང་བ་ལ་སོགས་པ་གཏང་དུ་འདོང་པའི་མཚན་ཉིད་དང་ལྡན་པའོ།། ཡང་ཁ་ཅིག་ལ་སེམས་ཀྱི་སྐྱེ་ལུགས་འདས་མ་ཐག་པ་དང་འདྲ་བ་ལས་སྐྱེ་བའི་རིམ་པ་གསུམ་པ་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང་། སྐབས ་ཁ་ཅིག་ཏུ་ཞན་ཏུ་བསྒོམས་ན་ནི་སྣང་བར་འགྱུར་བའི་སྐབས་དེར་མ་ངེས་པ་ལྔ་སྣང་བ་བྱུང་སྟེ། དབྱིབས་མ་ངེས་པ་དང་། ཁ་དོག་མ་ངེས་པ་དང་། ཁ་དོག་འབའ་ཞིག་དང་། གྲངས་དང་། ཆེ་ཆུང་མ་ངེས ་པའོ།། དེ་ལ་དབྱིབས་མ་ངེས་པ་ནི། བདེ་བར་གཤེགས་པའི་སྐུ་གཟུགས་སྣང་བར་འདོད་པ་ལ། སྐུ་མི་སྣང་བར་མཆོད་རྟེན་ནམ། གཞན་ཟླུམ་པོ་ལ་སོགས་པར་སྣང་བའོ།། ཁ་དོག་མ་ངེས་པ་ནི་སེར་པོར་སྣང་བར་འདོད་པ ་ལ་སྔོན་པོ་འམ་དམར་པོ་ལ་སོགས་པ་གཞན་སྣང་བའོ།། ཁ་དོག་འབའ་ཞིག་པ་ནི་དབྱིབས་དང་ཁ་དོག་ཏུ་བཅས་པར་འདོད་པ་ལས་དབྱིབས་ཀྱི་ཐ་སྙད་ནི་གདགས་པར་ནི་དཀའ། སེར་པོ་ལ་སོགས་པ་འོད་དུ་སྣང་བའོ།། ་གྲངས་མ་ངེས་པ་ནི་གཅིག་བསྒོམ་ནཱ་གཉིས་ཡན་ཆད་སྣང་བའོ།། ཆེ་ཆུང་མ་ངེས་པོ་ནི་ཆེན་པོ་བསྒོམས་པ་ནི་ཆུང་སྣང་བ་ལ་སོགས་པའོ།། མ་ངེས་པ་དེ་དག་ལས་ཐུན་གཅིག་ལ་ཡང་གཉིས་སྣང་བ་དང་། གསུམ ་དང་བཞི་གང་ཟག་གཅིག་ལ་སྣང་བ་སྲིད་ཀྱི། ལྔ་ཁོ་ན་ཐུ་ནི་གཅིག་ལ་སྣང་བ་ནི་མི་སྲིད་དོ།། ཁ་དོག་འབའ་ཞིག་པ་དང་འགལ་བའི་ཕྱིར་རོ།། ཁ་དོག་འབའ་ཞིག་ལ་ཡང་སྔར་གྱི་སྒྲའི་ཁ་དོག་དང་མཐུན་པ་དང་། མི་མཐུ ་པ་ཡང་འབྱུང་ངོ་།། ཐམས་ཅད་ལ་ནག་པོར་སྣང་བ་ནི་ཁམས་མི་བདེ་བ་ཡིན་ནོ།། ཅིའི་ཕྱིར་མ་ངེས་པ་ཞེས་བྱ་ཞེ་ན། སྐྱེ་བའི་རིམ་པ་གསུམ་པའི་སྐབས་སུ་དེ་དག་གང་མ་ངེས་པ་ན་མ་ངེས་པ་ཞེས་བྱའོ།། སྐབས ་དེར་དེ་དག་གི་རྗེས་སུ་འབྲང་བར་མི་བྱ་སྟེ། སྔར་བརྟགས་པའི་སྐུ་ཉིད་ལ་བསྒོམ་མོ།། གཞན་ནི་གསལ་བ་འདྲ་ཡང་གཏད་དུ་འདོད་པའི་མཚན་ཉིད་དང་མི་ལྡན་པས་རྗེས་སུ་མི་འབྲང་སྟེ། ཁམས་ལ་གནོད་པའི་ཕྱིར་རོ།། ་རྗེས་སུ་མ་འབྲངས་པས་སྐྱེད་བྱུང་སྟེ། རྩོལེ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་ལ་སོགས་པ་གཏད་དུ་འདོད་པའི་མཚན་ཉིད་དང་ལྡན་པའོ།། གེ་ཏང་དུ་འདོད་པའི་མཚན་ཉིད་དང་ལྡན་པ་ནི་མ་ངེས་ལྔ་ཡོད་བརྟན ་བྱའི་ཐབས་བྱའོ།། ཕྱིས་གོང་མོས་པ་ལ་སྒྱུར་དུ་འདོད་དོ།། ཅིག་ཅར་བ་དང་རིམ་གྱིས་པ་དེ་དག་གི་གནས་པའི་ཚད་ནི་མཚན་ཉིད་བཞི་ཡིན་ལ། གསལ་བའི་བྱེ་བྲག་ནི་རབ་འབྲིང་གསུམ་མེ།། དེ་ལ་མཚན་ཉིད་བཞིན ་རྩོལ་བ་དྲག་ཞན་གཉིས་ཀ་ལ་རྫོགས་པར་སྣང་བ་དང་། ཐུན་རིང་པོར་གནས་ནུས་པཱ་དང་། བྱིང་རྒྱོད་གཉིས་དང་བྲལ་བ་དང་། ལུས་ཀྱི་བདེ་བ་ཡང་བ་དང་། འཇམ་པོ་ཅུང་ཟད་དང་། སེམས་ལ་དགའ་བ་རྒོད་འཆོར་བ་ཙམ་དང་། ་རྩེ་གཅིག་པའི་ཕྱོགས་མཐུན་པ་ཡོད་དོ།། གསལ་བའི་བྱེ་བྲག་གསུམ་ནི་རངའི་བ་མིག་གིས་མཐོང་བ་བས་གསལ་ཞིང་འཇམ་པའམ་སྙམ་པ་དང་། འབྲིང་མངོན་སུམ་དུ་མཐོང་བ་དང་འདྲ་སྙམ་པ་དང་། ཕ་མ་རྫོགས་པར ་གསལ་བར་མི་སྣང་བ་སྟེ། དེ་རྣམས་གང་བྱུང་ཡང་རུང་ཚིག་ཤེས་པར་བྱ་སྟེ། རེ་ཞིག་དེ་བརྟན་པར་བྱའོ།། ཕྱིས་ནི་སྐྱེད་དབྱུང་སྟེ། མི་གསལ་བ་གསལ་བར་བྱ་བ་དང་། གསལ་བ་ཡུན་རིང་བ་ལ་སོགས་པའི་ཐབས ་བྱའོ།། ལ་ལ་ནཱ་རེ་བརྟན་པའི་ཐབས་མི་དགོས་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། བརྟན་པའི་ཐབས་ནི་བསྒོམས་པ་དང་ངལ་གསོ་བ་གཉིས་ཀ་ཡིན་ཏེ། དེ་བས་ན་ཁམས་ཀྱི་བྱེ་བྲག་ལ་དཔག་དུགོས ་བྱས་ཤིན་ཏུ་གཅེས་སོ།། ཁམས་ཀྱི་བྱེ་བྲག་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁམས་རབ་ཅིག་ཡིན་ན་ཁམས་མི་བདེ་བ་མེད་པའི་སྐབས་སུ་སེམས་གནས་པ་རྙེད་ན། ཉི་མ་གསུམ་མཚན་མོ་གསུམ་སྲོང ་ཐོ་རངས་དང་། ཉིན་པར་གསལ་བའི་རྩོལ་བ་མི་བྱ་བར་སྔར་ཇི་ཙམ་སྣང་བ་དེ་མ་ཤོར་བར་ནུས་ཐང་གིས་བསྒོམ་མོ།། ཅུང་ཟད་མི་བདེ་བའི་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང་། མཚན་མོ ་གཉིས་སུ་སྲོང་དང་ཐོ་རངས་དང་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ།། ཁམས་འབྲིང་གི་མི་བདེ་བ་མེད་པའི་སྐབས་སུ་སེམས་གནས་པར་གྱུར་ན། ཉི་མ་གཉིས་དང་མཚན་མོ་གཉིས་སུ་སྲོང་དང་ཐོ་རངས་ཉིན་པར ་ནུས་ཐང་དུ་བསྒོམ་མོ།། ཅུང་ཟད་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་སྲོང་དང་ཐོ་རངས་ཉིན་པར་སྔ་མ་བཞིན་དུ་བསྒོམ་མོ།། ཁམྦྷས་ཐ་མས་མྱི་བདེ་བ་མེད་པའི ་དུས་སུ་སེམས་གནས་པར་གྱུར་ན། ཉི་མ་གཅིག་དང་མཚན་མོ་གཅིག་ཏུ་སྔ་མ་བཞིན་དུ་བསྒོམ་མོ།། ཅུང་ཟད་སེམས་མི་བདེ་བའི་དུས་སུ་སེམས་གནས་པར་གྱུར་ན། ཐུན་གྱི་ཚོད་ནི་དང་པོ་སློབ་པ་ཙམ་དུ ་བྱ་སྟེ། ཤེས་པ་ནཱ་མི་བསྒྲིམ་པར་ཉིན་མཚན་གཉིས་ཙམ་དུ་བསྒོམ་མོ།། དེ་ནི་སྤྱིར་བཏང་བ་སྟེ། གསུམ་གས་ཀྱང་ནམ་ལུས་ངལ་བ་དང་། ཤུགས་འབྱུང་བ་དང་། སྣང་བ་དང་། མགོ་བྱགས་ཀྱིས་ལྕི་བ་དང་། ཡང ་ཡང་བྱིང་སྟེ། འགྲོ་བ་འམ་ནུས་པ་ཆུང་མ་ཐག་ཏུ་འཕྲོ་གཅད། གསུམ་གས་ཀྱང་ཁམས་ཆེར་མི་བདེ་བ་དང་། སེམས་གནས་པ་དུས་མཚུངས་པར་གྱུར་ནཱ། ཡེ་མི་བསྒོམ་པ་རཱ་ངལ་གསོའོ།། ཁམས་སོར་མ་ཆུད ་ཀྱི་བར་དུ་ཡུད་ཙམ་ལྟ་བ་ལས་ཐུན་དུ་བཅད་པ་བསྒོམ་པར་བྱའོ།། དེ་ལྟར་བརྟན་པའི་ཐབས་ཀྱིས་བརྟན་པར་བྱས་པའི་དམིགས་པ་དེ་ངོས་བཟུང་བ་ནི་ཡིད་ལ་བྱེད་པ་དང་མཐུན་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་དགོངས ་པ་ངེས་པར་འགྲེལ་པ་ལས། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་དུ་སྦྱངས་པ་དེ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པཞི་གནས་དང་མཐུན་པའི་མོས་པ་དང་ལྡན་པ་ཡིན་ཏེ། ཞི ་གནས་ནི་མ་ཡིན་ནོ་ཞེས་གསུངས་སོ།། གང་ཞིག་དྲི་མ་གསུམ་གྱིས་བསྒྲིབས་པས་ན།། དམུས་ལོང་གྱུར་པས་སྦྲུལ་སྐུ་མ་མཐོང་ལ།། འདི་རྟོག་གོང་ནས་གོང་དུ་གྱུར་པ་ཡིས།། དེ་མཐོང་བྱ་ཕྱིར་བརྫེས་པས་དེ ་མཐོང་ཤོག། ཞི་གནས་ལ་འཇུག་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། ། དངོས་དང་དངོས་མེད་རབ་མཁྱེན་ཏེ།། སྐུ་མཆོག་མཁའ་འདྲ་བ་རྙེས་འགྱུར་ཀྱང་།། ཐུགས་རྗེའི་དབང་གིས་ཇི་སྲིད ་