CLOSE WINDOW

GT3873: zhi gnas sku la bsgom thabs chung ngu
Wyliee-texts produced with BDRC’s OCR application

དེ་ལ་འདོད་པའི་ཁམས་ན་མི་དང་བྱོལ་སོང་དང་ཡི་དགས་ལ་སོགས་པ་ཕལ་ཆེར་ཁམ་གྱི་ཟས་ལ་བརྟེན་ཏོ།། བྱོལ་སོང་བྱ་ལ་སོགས་པའི་སྒོ་ང་དང་བྱེའུ་ཕུག་གི་དུས་ན་ཕ་མའི་དྲོད་ཀྱིས་རེག་པའི་ཟས་ལ་བརྟེན་ཏོ།། ཡིད་ལ ་བྱེད་པའི་ཟས་ནི་སེམས་ཅན་ལས་ཁ་ཅིག་ཟས་ཡིད་ལ་བྱེད་པ་དང་མ་བྲལ་གྱི་བར་དུ་མི་འཆི་བ་ཡོད་དེ། དཔེར་ན་སྔོན་ལོ་ཉེས་ཆེན་པོ་ཞིག་བྱུང་བའི་དུས་ན་ཕ་མས་བུའི་མདུན་དུ་ཐལ་བའི་ཕུར་མ་ཅིག་གནམ་ལ་བཏགས་ནས་འདི་ན་ཕྱེ་ཡོད་ཀྱིས ་སླར་འོངས་ནས་སྦྱིན་ནོ་ཞེས་བྱ་སྟེ་སོང་བ་ལས། ཟླ་བ་དྲུག་གི་བར་དུ་མ་ཤྲཱི་སྟེ། ཕྱིས་བཀྲོལ་ནས་བལྟས་པ་ན་ཐལ་བར་གྱུར་པ་མཐོང་ནས་ཤི་བར་གྱུར་པ་ལྟ་བའོ།། བསམ་གཏན་གྱི་ཟས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི ་སེམས་ཅན་རྣམས་ཁ་ཟས་ལ་བརྟེན་པ་མེད་ཀྱང་། བསམ་གཏན་གྱི་རོའི་མཐུས་བསྐལ་བ་དུ་མར་གནས་པའོ།། ཡིད་དུ་འོང་བ་དང་མི་འོང་བའི་འགྲོ་བ་རབ་ཏུ་དབྱེ་བ་ནི་ལས་ལེགས་པར་བྱས་པ་ལ་བརྟེན་ནས་བདེ་འགྲོར་སྐྱེ་བ་དང་། ལས ་ཉེས་པ་བྱས་པ་ལ་བརྟེན་ནས། ངན་འགྲོར་སྐྱེ་བའོ།། རྣམ་པར་དག་པ་རབ་ཏུ་དབྱེ་བ་ནི་གཞན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཐར་པའི་ཆར་གཏོགས ་པའི་དགེ་བའི་རྩ་བ་འབྱུང་བ་དང་། ཐར་པའི་ཆར་གཏོན་པའི་དགེ་བའི་རྩ་བ་ལས་ངེས་པར་འབྱེད་པའི་ཕྱོགས་བཞི་སྐྱེ་བ་དང་། དེ་ལ་བརྟེན་ནས་མཐོང་བའི་ལམ་འབྱུང་བ་དང་། དེ་ལ་བརྟེན་ནས་བསྒོམ་པའི་ལམ་དང་། བསྒོམ་པའི ་ལམ་ལས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའོ།། མིཐུ་རབ་ཏུ་དབྱེ་བ་ནི་འཕགས་པའི་བདོན་པ་རྟོགས་པ་དང་། ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་ཤེས་པ་དྲུག་ལ་སོགས་པ་འབྱུང་བ་དང་། མཐའ་དག་སྐྱེ་མཆེད་ལ་སོགས ་པ་འབྱུང་བའོ།། ཇི་ལྟར་ན་ལུགས་བཞིན་དང་ལུགས་ལས་བཟློག་པར་བལྟ་ཞེ་ན། དེ་ལ་ལུགས་བཞིན་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཏེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི ་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ནི་མ་རིག་པའོ།། ཡང་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་བདག་མེད་པར་ཡོད་པའི ་དངོས་པོ་ནི་མི་མཐོང་གི། རྟག་པ་དང་། བདེ་བ་དང་གཙང་བ་དང་། བདག་ཅེས་བྱ་བ་མེད་པའི་དངོས་པོ་ཡོད་པར་མཐོང་བས་དེ་ནི་མ་རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་འདུ་བྱེད་རྣམ་པ་གསུམ་སྟེ། བསོད ་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ།། དེ་ལ་ཚེ་འདིར་བདེ་བར་བྱའོ་ཞེས་ཚེ་འདིའི་འདོད་པ་ལྔའི་ཡོན་ཏན་ལ་མངོན་པར ་གས་པས། ཚེ་རབས་གཞན་གྱི་ལས་ཀྱི་འབྲས་བུ་ལ་རྨོངས་ནས་འདོད་པའི་ཁམས་སུ་ངན་སོང་གསུམ་དུ་སྐྱེ་བར་བྱེད་པའི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་མི་དགེ་བ་བཅུ་ནི་བསོད་ནམས་མ ་ཡིན་པར་འགྲོ་བའི་འདུ་བྱེད་ཅེས་བྱའོ།། ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་བ་ལ་མངོན་པར་ཆགས་ནས་དགེ་བོ་བཅུའི་ལས་ཀྱི་ལྷ་དང་མིར་སྐྱེའོ་ཞེས་ཁོང་དུ་ཆུད་དེ། འདོད་པའི་ཁམས་ཀྱི་ལྷར་སྐྱེ་བར་བྱེད་པའི་ལས་སྲོག་མི ་གཅོད་པ་དང་། མ་བྱིན་པར་མི་ལེན་པ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ཅེས་བྱའོ།། ཚེ་རབས་གཞན་དུ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་རོ་ལ་ཆགས་པས་སེམས་རྩེ་གཅིག ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་མ་འོངས་པ་ན་གཟུགས་དང་གཟུགས་མེད་པའི་ཁམསུ་སྐྱེ་བར་བྱེད་པ་ནི་མི་གཡོ་བར་འགྲོ་བའི་འདུ་བྱེད་ཅེས་བྱའོ།། དེ་ལ་ལས་རྣམ་པ་གསུམ་ནི་འབྲས་བུ་རྣམ་པ་བཞིས་སྤོང་སྟེ། འབྲས་བུ་བཞི་ལ ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུས་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་སྤོང ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ན་ངན་སོང་གསུམ་དུ་སྐྱེ་བའི་སྐལ་པོ་མེད་པའི་ཕྱིར་རོ།། ལྷན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུས་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད་དེ། ལན་ཅིག ་ཕྱིར་འོང་བས་ནི་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེ་བར་བྱེད་པའི་ལས་སྤོང་བར་བྱེད་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་སུ་སྐྱེ་བའི་ལས་སྤངས་ནས་སླར་འདོད་པའི་ཁམས་སུ་མི་སྐྱེ་བའི་ཕྱིར། ཕྱིར་མི་འོང་བ་ཞེས་བྱའོ།། ་དགྲ་བཅོམ་པའི་འབྲས་བུ་ནི་མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་སྤོང་བར་བྱེད། སྲིད་པའི་རྩེ་མོ་མན་ཆད་ཀྱི་བསམ་གཏན་ལ་ཆགས་པའི་ལས་ཀྱི་བག་ལ་ཉལ་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའི་ཕྱིར་རོ།། དེ་ལ ་མ་རིག་པ་ཡོད་ན་ལས་རྣམ་པ་གསུམ་མངོན་པར་འདུ་བྱེད་བས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ།། མ་རིག་པ་ཡང་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་རྐྱེན་དུ ་འགྱུར་ཏེ། ཡན་ལག་ལྷག་མ་རྣམས་ལ་ཡང་སྔ་མའི་རྣམས་རྐྱེན་བཞིས་ཕྱི་མིའི་རྐྱེན་བྱེད་པར་ཤེས་པར་བྱེད་དེ། རྐྱེན་བཞིས་ཇི་ལྟར་རྐྱེན་དུ་འགྱུར་བ་ནི་སྔར་བཤད་པ་བཞིན་དུ་ལྟའོ།། དེ་ལྟར་ལས་རྣམ་པ་གསུམ ་མངོན་པར་འདུས་བྱས་ན། མའི་མངལ་ལ་སོགས་པའི་སྐྱེ་གནས་སུ་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་ཞུགས་ནས་བརྒྱལ་བ་ནི། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། དེ་ལྟར་སྐད་ཅིག་མ་དང་པོ་ལ་ཡིད ་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་ནས། སྐད་ཅིག་མ་གཉིས་པ་ཕན་ཆད་ཕ་མའི་ཁྲག་དང་ཁུ་བ་ལ་སོགས་པ་འདྲེས་ཏེ་ནུར་ནུར་པོ་དང་མེར་མྱེར་པོའི་དུས་ན་ནི་མིང་དང་གཟུགས་ཞེས་བྱའོ།། དེ་ལ་ཚོར་བ་དང་འདུ ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི་ཕུང་པོ་བཞི་ནི་མ་ངེས་སོ།། ནུར་ནུར་པོ་དང་མེར་མེར་པོའི་དུས་ན་ནི་གཟུགས་སོ།། དེ་ནས་ནུར་ནུར་པོ་དང་མེར་མེར་པོ་ལས་འདས་ནས་མའི་མངལ་ན ་མིག་དང་། རྣ་བ་ལ་སོགས་པའི་དབང་པོ་དོང་ནས་དབང་པོ་དྲུག་སོ་སོར་དོད་པར་གྱུར་པ་ནི། མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱའོ།། དེ་ནས་དབང་པོ་དོང་ནས་དབང་པོ་དང་ཡུལ་དང་རྣམ་པར་ཤེས ་པ་དུས་གཅིག་ཏུ་ཕྲད་པར་གྱུར་ན་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ།། དེ་ནས་ཡུལ་ཡིད་དུ་འོང་བ་དང་ཕྲད་དེ་ལུས་དང་སེམས་སིམ་པར་གྱུར་པའི་ཚོར་བ་བདེ་བ་དང་། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་དེ་ལུས ་དང་སེམས་གདུང་བར་གྱུར་པའི་ཚོར་བ་སྡུག་བསྔལ་བ་དང་། ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་དང་། ཕྲད་དེ་ལུས་སེམས་སིམ་པ་ཡང་མེད་གདུང་བ་ཡང་མེད་པའི་ཚོར་བ་བདེ་བ་ཡང་མ་ཡིན ་སྡུག་བསྔལ་ཡང་མ་ཡིན་པ་བསྐྱེད་པ་ནི་རིག་པའི་རྐྱེན་གྱི་ཚོར་བ་ཞེས་བྱའོ།། དེ་ལྟར་ཚོར་བར་གྱུར་ནས་ཚོར་བ་བདེ་བ་དང་ནི་ཕྲད་པར་ཆགས། སྡུག་བསྔལ་བ་དང་ནི་བྲལ་བ་ཆགས་པ་སྐྱེ་སྟེ། དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ ་ཞེས་བྱའོ།། དེ་ལྟར་སྲེད་པ་ཡོང་པོ་ལས་ཚོར་བ་བདེ་བའི་ཡོ་བྱད་དུ་གྱུར་པོ་རྣམས་ནི་ལེན་པར་བྱང་དེ་ང་ནི། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་ཉོན་མོངས་པའི་ཚོགས་སྲེད་པ་དང་། ལེན་པ་ལ་སོགས་པ་ཡོད་ན ་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་དེ། དེ་ནི་ལེན་པའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། དེ་ལྟར་ལས་དང་ཉོན་མོངས་པ་ཡོད་ན་སྐྱེ་གནས་དེ་དང་དེ་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་འཕོངས་ཤིང་ཕུང་པོ་དང་ཁམས་དང་། ་སྐྱེ་མཆེད་ལ་སོགས་པ་འབྱུང་བར་གྱུར་པ་ནི།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། དེ་ལྟོར་སྐྱེས་པར་གྱུར་ན་ཤིང་སྐྱེས་པ་མེས་ཚིག་པ་དང་ཆུང་ཁྱེར་བ་བཞིན་ཕུང་པོ་རྙིང་པའི་མཚན་ཉིད་རྒ་བ་དང་ཚེའི་འདུ་བྱེད་རྒྱུན་ཆད་པའི ་མཚན་ཉིད་ཤི་བ་འབྱུང་སྟེ། དེ་ནི་སྐྱེ་བའི་རྐྱེན་གྱིས་རྦ་ཤི་ཞེས་བྱའོ།། མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི་རྒ་ཤིའི་ཡན་ལག་དུ་བསྡུ་བས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས ་རྒ་ཤིའི་བར་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་སུ་ཟད་དོ།། དེ་ལ་རྒ་བ་རྣམ་པ་གཉིས་ཏོ། རྟེན་ཉམས་པ་དང་། བརྟེན་པ་ཉམས་པའོ།། རྟེན་ཉམས་པ་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་འོབྱུང་བ་ཆེན་པོ ་བཞི་ཉམས་པས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་འབྱུང་བ་དང་ལྡང་བ་དང་འདུག་པ་ལ་ལུས་ལྕི་བར་གྱུར་པའོ།། བརྟེན་པ་ཉམས་པ་ནི་དེ་ལྟར་དབང་པོ་རྣམས་ཉམས་པས་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྣམས་ཀྱང ་གཟུགས་དང་སྒྲ་ལ་སོགས་པ་མི་གསལ་བར་མཐོང་ཞིང་ཐོས་པ་དང་སྔོན་བྱས་ཤིང་སྨྲས་པ་རྣམས་བརྗེད་པར་གྱུར་པའོ།། འཆི་བ་ལ་རྣམ་པ་གཉིས་ཏེ་དུས་སུ་ཤི་བཱ་དང་། དུས་མ་ཡིན་པར་ཤི་བའོ།། དེ་ལ་དུས་སུ་ཤི་བ ་ནི་ཚེ་འདིར་གནས་པའི་ཚེ་འདུ་བྱེད་ལས་ཀྱི་ཤུགས་ཟད་པར་གྱུར་ནས། དྲོད་དང་རྣམ་པར་ཤེས་པ་དང་། ཚེས་ལུས་བཏང་བར་གྱུར་པའོ།། དུས་མ་ཡིན་པར་ཤྲཱི་བ་ནི། གཞན་གྱི་མཚོན་དང་། དབྱིག་པ་ལ་སོགས་པས ་ཕོག་ནས་གློ་བུར་དུ་ཤི་བ་འམ། སྡིག་པའི་ཆོས་ལ་བརྐམ་པས་ལྷ་མ་ཡིན་ལ་སོགས་པས་བྱིན་གྱིས་བརླབས་ནས་གློ་བུར་དུ་བསང་བ་ནི་དུས་མ་ཡིན་པར་འཆི་བའོ།། མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་། ཕྲད་པ་ལས ་སྐྱེས་པའི་སེམས་ཀྱིས་གདུང་བ་ནི་མྱ་ངན་ནོ།། མྱ་ངན་གྱི་རྒྱུ་ལས་སྐྱེས་པའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།། འབྱུང་བ་ཆེན་པོ་རྣམས་འཁྲུགས་ནས་ལུས་ལ་གནོད་པར་གྱུར་པ་ནི་སྡུག་བསྔལ་བའོ།། གང་དེའི་སེམས་ལ་གནོད ་བ་འབྱུང་བ་ཡིད་སློང་བའོ།། དགྲ་ལ་སོགས་པ་གནོད་པ་བྱས་པོ་དྲན་ནསྣ་གནོད་པའི་ལན་མ་གླན་ནོ་སྙམ་ཏེ། ལུས་དང་སེམས་ལ་གནོད་པར་གྱུར་པ་ནི་འཁྲུག་པ་ཞེས་བྱའོ།། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བཤད་པོ་ལྟར་ན་མ་རིག་པ་ནས་རྦ། ཤིའི་བར་དུ་སྡུག་བསྔལ་གྱི་ཚོགས་ཆེན་པོ་ཙམ་དུ་ཟད་དོ།། བདག་ལ་སོགས་པ་མྱོང་བ་ན། འབའ་ཞིག་ཀུན་འབྱུང་བར་འགྱུར་རོ་ཞེས ་གསུངསོ།། བརྒལ་བ་མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་། རྒ་ཤའི་འབྲས་བུ་མ་བསྟན་པས། འཁོར་བ་ལ་ཐ་མ་ཡོད་པར་འགྱུར་རོ།། ཡང་ན་ཡན་ལག་གཞན་བཤད་པར་བྱ་དགོས་ཏེ། ་དེའི་ཡང་གཞན་དེའི་ཡང་གཞན་བརྗོད་དགོས་པས་ཐུགས་མེད་པའི་རྐྱེན་དུ་འགྱུར་བའི་ཕྱིར་ཡན་ལག་བཅུ་གཉིསུ་བརྗོད་དུ་ཡང་མི་རུང་ངོ་།། སྨྲས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདི་ཉིད་དུ་ཐོག་མ ་དང་ཐ་མ་མེད་པའི་དོན་བསྟན་ཟིན་ཏེ། ཇི་ལྟར་ཞེ་ན་ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་སྟེ། སྲེད་པའི་རྐྱེན་གྱིས་ལེན་པ་འབྱུང་བ་དང་ཉོན་མོངས་པ་ལས་འབྱུང་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་དང་། ལེན ་དེའི་རྐྱེན་གྱིས་སྦྲིད་པ་འབྱུང་བ་དང་། ལས་ལས་སྡུག་བསྔལ་འབྱུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་འབྱུང་བ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་བའི་ཕྱིར་རོ།། སྡུག་བསྔལ་ལས་སྡུག་བསྔལ ་འབྱུང་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་འབྱུང་བ་དང་། སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་བའི་ཕྱིར་རོ།། དངོས་པོ་ལས་ཀྱང་ཉོན་མོངས་པ་འབྱུང་སྟེ། ཚོར་བ་ལས་སྤྱོད་པ་སྐྱེ་བའི་ཕྱིར་རོ།། གང་གི་ཕྱིར་སྲིད ་བའི་ཡན་ལག་གི་ཚུལ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། དེའི་ཕྱིར་མ་རིག་པ་ཡང་ཉོན་མོངས་པའམ་དངོས་པོ་གཞན་ལས་འབྱུང་བའི་ཕྱིར་སྐྱེ་བ་ལ་ཐོག་མ་མེད་དོ།། རྒ་ཤིའི་དངོས་པོ་ལས་ཀྱང་ཉོན ་མོངས་པ་འམ་དངོས་པོ་འབྱུང་བས་ན་ཐ་མ་ཡང་མྱེད་པ་ཡན་ལག་གཞན་ཡང་བརྗོད་མི་དགོས་པར་གྲུབ་པའོ།། མདོ་སྡེ་ཁ་ཅིག་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ལས་མ་རིག་པ་ཡང་ཚུལ་བཞིན་མ ་ཡིན་པའི་རྒྱུའོ་ཞེས་བཤད་པ་ཡང་གོང་དུ་ཉོན་མོངས་པ་ལས་ཉོན་མོངས་པ་འབྱུང་བ་དང་ལུས་ལས་ཉོན་མོངས་པ་འབྱུང་བ་ལ་སོགས་པར་བསྟན་པའི་ཚུལ་གྱི་ནོང་དུ་འདུས་ཟིན་པས་ལོགས་ཤིག་ཏུ་མ་བཤད་།། ཡང་ན ་ཆོས་མངོན་པའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ངོ་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སེམས་ཅན་དུ་སྟོན་པ་དང་། སེམས་ཅན་མ་ཡིན་པར་སྟོན་པ་སྟེ་རྣམ་པ་གཉིས ་སུ་བཤད་ལ། མདོ་འདི་ལས་ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་འབའ་ཞིག་བཤད། དེ་བཞིན་དུ་ཛྙཱ་ན་པྲ་སྟ་ནའི་གཙུག་ལག་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཉིས་སུ་བསྟན་ཏེ། རྒྱུན་གྱི་མཚན་ཉིད་དང་སྐད་ཅིག་མའི་མཚོན ་ཉིད་དོ།། དེ་ལ་རྒྱུན་གྱི་མཚན་ཉིད་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་གོང་དུ་བཤད་པ་ཉིད་དོ།། སྐད་ཅིག་མའི་མཚན་ཉིད་ནི་སྐད་ཅིག་མ་གཅིག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས ་འབྱུང་སྟེ། ཇི་ལྟར་ཞེ་ན་འདི་ལྟར་ཆགས་པའི་དབང་གིས་སྲོག་ཆགོས་རྣམས་ཀྱི་འཚོ་བ་འགོག་པ་ན་གང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་རྨོངས་པ་དེ་ནི་མ་རིག་པའོ།། དེའི་ཚེ་སེམས་ལས་བྱུང་བའི་ཚོགས་གང་ཡིན་པ ་དེ་ནི་འདུ་བྱེད་དོ།། དེའི་ཚེ་ན་དངོས་པོ་ལ་སོ་སོར་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བའི་ཕུང་པོ་ཚོར་བ་ལ་སོགས་པ་བཞི་དང་འབྱུང ་བ་ཆེན་པོ་བཞི་དང་། འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ནི་མིང་དང་གཟུགས་རྣམས་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་བརྟེན་པའི་མིག་ལ་སོགས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་དྲུག་གོ།། སྐྱེ་མཆེད ་དྲུག་གིས་ཡུལ་མཐོང་བ་ནི་རེག་པའོ།། རེག་པའི་ཚེ་བདེ་བ་འམ་སྡུག་བསྔལ་མྱོང་བ་ནི་ཚོར་བའོ།། དེའི་ཚེ་ཤ་དང་པགས་པ་ལ་ཆགས་པ་ནི་སྲེད་པའོ།། དེ་དང་ལྷན་ཅིག་ཏུ་འགྲོགས་པའི་ཉོན་མོངས་པ་ཀུན་ནས ་དཀྲིས་པ་གཞན་རྣམས་ནི་ལེན་པའོ།། དེའི་ཚེ་ལེན་པས་བསྐྱེད་པ་ཡིད་ཀྱི་ལས་ནཱ་སྲིད་པའོ།། ལག་པུ་གཡོ་བ་ལ་སོགས་པའི་ཆོས་དེ་རྣམས་འབྱུང་བ་ནི་སྐྱེ་བའོ།། དེ་ལས་མཚན་ཉིད་གཞན་དུ་གྱུར་ཏེ་སྦྱིན ་བ་ནི་རྒ་བའོ།། ཆོས་དེ་ཞིགས་པས་ནི་ཤི་བའོ།། ལན་དུ་མདོ་འདི་བཤད་པ་ནི། དགོངས་པ་ཅན་ཡིན་པས། རྟེན་ཅིང་འབྲེལ་ཏེ། འབྱུང་བ་སེམས་ཅན་དུ་མི་སྟོན་པ་མ་བཤད་ཀྱང་ཉེས་པ་མེད་དེ། འདུལ་བ་ཁ་ཅིག་འཁོར ་བར་འཇུག་པ་དང་། ལྡོག་པ་ལ་རྨོངས་པ་བསལྔ་བར་བྱ་བའི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྒྱུ་དང་འབྲས་བུ་གཅིག་གིས་གཅིག་བསྐྱེད་པ་སེམས་ཅན་དུ་སྟོན་པ་ཉིད་འདིར་གསུངསོ།། རྟེན ་ཅིང་འབྲེལ་ཏེ་འབྱུང་བ་ཡན་ལག་བཅུ་གཉིས་སྐད་ཅིག་མའི་མཚན་ཉིད་འདིར་བཤད་པོ་ནི། ལས་དངངོ་པོ་པ་རྣམས་ཀྱི་སྐུད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པར་ཐོས་ན། ཁོང་དུ་ཆུད་པར་མི་ནུས་ཏེ། དེ་བས ་ན་དེ་དག་གི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱུན་གྱིས་རྟེན་འབྲེལ་ཉིད་བཤད་དོ།། ཡང་ན་ཡིད་མི་བདེ་བ་དང་ལྡན་པའི་རྟོགས་པ་ནི་མྱ་ངན་ཏོ།། འཆི་བའི་དུས་ནཱ་ཨེ་མཱ་ཕའོ།། ཨེ་མའོ་མའོ།། ཞེས་བྱ་བ་ལ་སོགས་པ ་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་འབྲེལ་པའི་མི་བདེ་བ་ནི་སྡུག་བསྔལ་ལོ།། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་བདེ་བ་ནི་ཡིད་གློང་བའོ།། མྱ་ངན་དང་སྨྲེ་སྔགས་འདོན་པ་སྔོན་དུ ་བྱུང་བ་ལས་ལུས་དང་སེམས་ངལ་ཞིང་ཆད་པར་གྱུར་པ་ནི་འཁྲུག་པ་ཞེས་བྱའོ།། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ།། འཁོར་བ་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་བརྒྱུད་པ་མཐའ་མེད་པ་དང་། ་སྡུག་བསྔལ་གྱི་ཚོགས་ཡིན་པའི་ཕྱིར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱའོ།། བདག་དང་བདག་གི་མེད་པས་ན་འབའ་ཞིག་པའོ།། ཀུན་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུ་ཀུན་སྐྱེ་ཞེས་བྱ་བའི་དོན་ཏོ།། ལུགས ་ལས་བཟློག་པ་ནི་རྣམ་པར་བྱང་བའི་མཚན་ཉིད་དེ་དེ་བསྟན་པའི་ཕྱིར། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་ལུགས་བཞིན་དང་ལུགས་ལས་བཟློག་པ་གཉིས་བསྟན ་པ་ཡང་ལ་ལ་དག་སྲིད་པ་ཀུན་འབྱུང་མ་མཐོང་བས་ཆད་པར་མངོན་པར་ཞེན་ཏེ། དེ་སྤང་བར་བྱ་བའི་ཕྱིར་ལུགས་བཞིན་གསུངས་སོ།། ཁ་ཅིག་ཟེར་ཟུག་དུ་མངོན་པར་ཆགས་ཏེ་སྲིད་པ་འགགས་པའི་མཚན་ཉིད་མ་མཐོང ་བ་བསལ་བའི་ཕྱིར་ལུགས་ལས་བཟློག་པ་གསུངས་ཏེ། དེ་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པོར་བྱུང་བའི་ལམ་གཉིས་ཀྱིས་བཅིངས། གྲོལ་བར་བསྟན་པ་ཡིན་ནོ།། དེ་ལ་མར་མེ་བྱུང་ན་མུན་པ་མེད་པར་གྱུར་པ་བཞིན ་དུ། ཕྱི་དང་ནང་གི་ཆོས་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པར་མཐོང་བའི་རིག་པ་སྐྱེས་ན་མ་རིག་པ་འགགས་པར་འགྱུར་རོ།། དཔེར་ན་མེ་མེད་ན་དུད་པ་མི་འབྱུང་བ་བཞིན་དུ་མ་རིག་པ ་འགགས་ན་ལས་མ་བྱས་པ་རྣམས་ནི་མངོན་པར་འདུ་མི་བྱེད་བྱ་བ་རློམ་པ་རྣམས་ནི་གྲོགས་མེད་པས་བྱེད་པར་མི་ནུས་པའི་ཕྱིར། མ་རིག་པ་འགགས་པ་འདུ་བྱེད་འགུག་ཅེས་བྱ་སྟེ། དཔེར་ན་གྲོགས ་མེད་པར་གཅིག་པུས་སྡོང་པོ་ཆེན་པོ་འདྲེན་མི་ནུས་པ་བཞིན་ནོ།། དཔེར་ན་ཞིང་མང་ན་ས་བོན་གྱི་རྟེན་མེད་པས་ས་བོན་ཅི་ལ་ཡང་མི་གནས་པ་དེ་བཞིན་དུ་འདུ་བྱེད་མེད་ན་རྣམ་པར་ཤེས་པའི་རྟེན་མེད་པས་རྣམ་པར་ཤེས་པ་ཡང ་མེད་པར་འགྱུར་བའི་ཕྱིར། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགགས་པ་ཞེས་བྱའོ།། དཔེར་ན་ས་བོན་བསྲེགས་ན་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་བསྲེགས་ཏེ་མེད་པར་བྱས ་ན་མིང་དང་གཟུགས་ཀྱི་མྱུ་གུ་མི་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགགས་ཞེས་བྱའོ།། ཡང་ན་ཤིང་གསུམ་རྩེ་སྤྲང་པར་གནས་ཤིང་གཅིག་མེད་ན་ཤིང་གཉིས་གནས་པར་མི་ནུས་པ་བཞིན་དུ་རྣམ ་བར་ཤེས་པ་ཡང་མིང་དང་གཟུགས་ཀྱི་རྟེན་ཡིན་པས། རྣམ་པར་ཤེས་པ་ཉིད་ལ་མིང་དང་གཟུགས་གནས་པར་མི་ནུས་པའི་ཕྱིར་རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་ཅེས་བྱའོ།། དཔེར་ན་མེ་ལོང་མེད་ན ་དེའི་གསལ་བ་མི་འབྱུང་བ་བཞིན་དུ་མིང་དང་གཟུགས་མེད་ན་མིང་དང་གཟུགས་ཀྱི་གསལ་བ་མིག་གི་སྐྱེ་མཆེད་གཟུགས་དང་བ་ལ་སོགས་པ་མི་འབྱུང་བས་ན། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་པ་ཞེས ་བྱའོ།། དཔེར་ན་རྩིག་པ་མེད་ན་རི་མོ་འཇིག་པ་བཞིན་བྱེ་བྱུང་བ་སྐྱེ་མཆེད་དྲུག་མེད་ན་དེ་ལ་བརྟེན་པར་བྱེད་པའི་རེག་པ་མེད་པར་འགྱུར་བས། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་པ་ཞེས་བྱའོ།། དཔེར་ན་ཟངས་ལ་སོགས་པའི་འབྱུང ་ཁུངས་ཟད་དེ་མེད་ན་འབྱུང་བར་བྱ་བའི་རྫས་རྣམས་ཀྱང་མ་འབྱུང་བ་དེ་བཞིན་དུ། ཚོར་བའི་འབྱུང་ཁུངས་རེག་པ་མེད་ན་ཚོར་བ་མྱི་འབྱུང་སྟེ། དེ་བས་ན་རེག་པ་འགགས་པས་ཚོར་བ་འགག་ཅེས་བྱའོ།། དཔེར་ན་མར་མེ་མེད་ན་སྣང་བ ་མི་འབྱུང་བ་བཞིན་དུ། ཚོར་བ་མེད་ན་ཆགས་པ་མི་སྐྱེ་སྟེ། དེའི་ཕྱིར་ཚོར་བ་འགག་པས་སྲེད་པ་འགག་པ་ཞེས་བྱའོ།། བུ་དང་པོ་མ་སྐྱེས་ན་ཕྱི་མ་གཞོན་ནུ་དང་དར་ལ་བབ་པ་ལ་སོགས་པར་ཆེར་འགྱུར་ཞིང་འཕེལ་བ་མི་འབྱུང་བ་བཞིན་དུ ་སྲེད་པ་མེད་པར་གྱུར་ན། དེའི་འཕེལ་བ་དང་ཆེར་འགྱུར་བ་ལེན་པོ་མི་འབྱུང་བ་ན། སྲེད་པ་འགགས་པས་ལེན་པ་འགག་པ་ཞེས་བྱའོ།། དཔེར་ན་ཤིང་མེད་ན་མེའི་རྒྱུ་མེད་པས་མེ་མི་འབྱུང་བ་བཞིན་དུ། ལས་ཀྱི་རྒྱུ་ཉོན་མོངས་པ ་མེད་ན་ལས་མངོན་པར་འདུ་མི་བྱེད་པའི་ཕྱིར། ལེན་པ་འགགས་པས་སྲིད་པ་འགག་པ་ཞེས་བྱའོ།། དཔེར་ན་ནད་ཀྱི་རྒྱུ་མེད་པར་བྱོས་ན་ནད་མེད་པར་འགྱུར་བ་བཞིན་དུ། སྐྱེ་བའི་རྒྱུ་ལས་དང་ཉོན་མོང་བ་མེད་པ་བྱས་ན་སྐྱེ་བར་མི་འགྱུར་ཏེ། ་དེ་བས་ན་སྲིད་པ་འགགས་པས་སྐྱེ་བ་འགོག་པ་ཞེས་བྱའོ།། དཔེར་ན་བུམ་པ་མ་བྱས་ན་བསྲེགས་པ་དང་ཆག་པ་ལ་སོགས་པ་མི་འབྱུང་བ་དང་། ཤིང་མ་སྐྱེས་ན་ནགས་མེས་ཚིག་པ་དང་། ཚལ་ཆུས་ཁྱེར་བར་མི་འགྱུར་བ་བཞིན་དུ ་སྐྱེ་བ་མེད་ན་རྒྱུ་བ་དང་ཤི་བ་ལ་སོགས་པའི་སྡུག་བསྔལ་མི་འབྱུང་བས་དེའི་ཕྱིར། སྐྱེ་བ་འགགས་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་གསུངས་སོ།། ། ་ཡན་ལག་རྒྱས་པར་བཤད་པའི་དབང་དུ་བྱས་ན། དེ་ལ་མ་རིག་པ་གང་ཞེ་ན།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་མ་རིག་པ་ཞེས་བྱ་བ་འགོག་པའི་ཚིག་འདི་དོན་རྣམ་པ་བཞིར་འགྲོ་སྟེ། ཆུང་བ་དང་སྨད་པ་དང་མི་མཐུན་པ ་དང་མེད་པའོ།། དེ་ལ་ཆུང་བའི་དོན་དུ་འགྲོ་བ་ནི། དཔེར་ན་བུ་མོ་རྐང་པ་ཕྲ་མོ་ལ་རྐེང་པ་མེད་པ་ཞེས་བྱ་བ་ལྟ་བུའོ།། སྨད་པའི་དོན་དུ་འགྲོ་བ་ནི་དཔེར་ན་བུ་ངན་པ་ལ་བུ་མེད་པ་ཞེས་བྱ་བ་ལྟ་བུའོ།། མེད་པའི་དོན་དུ་འགྲོ་བ་ནི་དཔེར་ན་ཟས ་མེད་ཆུ་མེད་ཅེས་བྱ་བ་ལྟ་བུའོ།། འགལ་བའི་དོན་དུ་འགྲོ་བ་ནི་དཔེར་ན་འགྲོགས་པ་དང་མི་མཐུན་པ་ལ་གྲོགས་མ་ཡིན་ཞེས་བྱ་བ་ལྟ་བུའོ།། འདི་ནི་འགལ་བའི་དོན་དུ་འགྲོ་བར་ལྟ་སྟེ། རིག་པ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་མ་རིག ་པ་ཞེས་བྱའོ།། དེ་ཉིད་ཀྱི་མཚན་ཉིད་ཞིབ་དུ་བསྟན་པའི་ཕྱིར། སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་སྔོན་གྱི་མཐའ་ནི་ཚེ་རབས་སྔ་མ་སྟེ། ཚེ་རབས་སྔ་མ་ཡོད་པར་མི་ཤེས་པ་ནི། སྔོན་གྱི་མཐའ་མི ་ཤེས་པའོ།། ཡང་ན་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་ཅེས་འདས་པའི་དུས་ཀྱི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ནི་སྔོན་གྱི་མཐའ་མི་ཤེས་པའོ།། ་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱ་བ་ལ། ཕྱི་མའི་མཐའ་ནི་ཚེ་རབས་ཕྱི་མ་མ་འོངས་པའི་དུས་ལ་བྱ་སྟེ། ཚེ་རབས་ཕྱི་མ་ཡོད་པར་མི་ཤེས་པའོ།། ཡང་ན་ཅི་བདག་མ་འོངས་པ་ན་འབྱུང་བར་འགྱུར་རམ། འོན་ཏེ་བདག་མ་འོངས་པ་ན་འབྱུང་བར ་མི་འགྱུར། མ་འོངས་པ་ན་སུ་ཞིག་འབྱུང་བར་འགྱུར། ཇི་ལྟར་འབྱུང་བར་འགྱུར་ཞེས་མ་འོངས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ཕྱི་མའི་མཐའ་མི་ཤེས་པའོ།། སྔོན་དང་ཕྱི་མའི་མཐའ་མི་ཤེས་ན་ཞེས་པ་ལ ་སྔོན་དང་ཕྱི་མའི་མཐའ་ནི་ད་ལྟར་གྱི་ཚེ་འདི་ལྟ་བྱ་སྟེ། ཚེ་འདིར་ནང་དང་ཕྱི་རོལ་གྱི་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུར་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱའོ།། ཡང་ན་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ ་དུ་བརྒྱུད་དེ་འབྱུང་བ་མི་ཤེས་པ་ནི་སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱ་སྟེ། ཚེ་རབས་སྔ་མའི་ལས་དང་། ཉོན་མོངས་པ་ལས་ཚེ་འདིར་སྐྱེས། ཚེ་འདིའི་ལས་དང་ཉོན་མོངས་པ་ལས་ཚེ་ཕྱི་མ་འབྱུང་བ་མི་ཤེས་པའོ།། ཡང་ན་སེམས ་ཅན་གཞན་རྣམས་ལ་འདི་ལ་ཅི་ཞིག་སྣོད། འདི་ཅི་ཞིག་ཡིན། སེམས་ཅན་འདི་དག་གང་ནས་འདིར་འོངས་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་། ཐེ་ཚོམ་དུ་གྱུར་པ་ནི་སྔོན་དང་། ཕྱི་མའི ་མཐའ་མི་ཤེས་པ་ཞེས་བྱའོ།། ནང་མི་ཤེས་པ་ཞེས་བྱ་བ་ནང་ནི་བདག་གིས་ལུས་ཏེ་དེ་ཡང་ཕུང་པོ་ལྔའི་བདག་ཉིད་ཡིན་པར་མི་ཤེས་པ་ནི་ནང་མི་ཤེས་པ་ཞེས་བྱའོ།། ཡང་ན་བདག་ཉིད་ཀྱི་ནང་གི་སྐྱེ་མཆེད་དུ་གཏོགས་པ་རྣམས་ལ ་བདག་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ནང་མི་ཤེས་པ་ཞེས་བྱའོ།། ཕྱི་མི་ཤེས་པ་ཞེས་བྱ་བ་ལ་ཕྱི་ནི་གཟུགས་དང་སྒྲ་ལ་སོགས་པ་སྟེ། དེ་དག་རྡུལ་ཕྲ་མོའི་རང་བཞིན་ཡིན་པར་མི་ཤེས་པའོ།། ཡང་ན ་ཕྱི་རོལ་གྱི་ཆོས་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ལ་བདག་བདག་གི་བར་ཀུན་ཏུ་རྟོག་པ་ནི་ཕྱི་མི་ཤེས་པ་ཞེས་བྱའོ།། ཕྱི་ནང་མི་ཤེས་པ་ཞེས་བྱ་བ་ལ་ཕྱི་ནང་ནི་གཞན་གྱི་རྒྱུད་དུ་གཏོགས་པའི་འདུ་བྱེད་རྣམས་ལ་བྱ་སྟེ། དེ་དག ་ལ་མཛའ་བ་དང་། དགྲ་དང་བར་མར་ཚུལ་མ་ཡིན་པར་རྟོག་པ་ནི། ཕྱི་ནང་མི་ཤེས་པའོ།། བསོད་ནམས་དང་། བསོད་ནམས་མོ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་ཀྱི་མཚན་ཉིད་མི་ཤེས་པ་ནི་ལས་མི་ཤེས་པ་ཞེས་བྱའོ།། ཡང་ན་ལ ་ལ་བྱེད་པ་པོ་ཡོད་པར་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་ལས་མཱི་ཤེས་པ་ཞེས་བྱའོ།། རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི། ལས་དེ་དག་གི་འབྲས་བུ་ནི་ངན་སོང་གསུམ་དང་ལྷ་དང་མི་ལ་སོགས་པའི་རང་བཞིན་མཱི་ཤེས་པ་ནི།། ་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་བ་ནི་ལས་འདི་བྱས་ན་རྣམ་པར་སྨིན་པ་འདི་སྨིན་ཅེས་མི་ཤེས་པ་སྟེ། ལས་མི་དགེ་བ་བྱས་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པ་དང་། ་ལས་དགེ་བ་བྱས་ན་སྒྲ་དང་མི་ལ་སོགས་པར་རྣམ་པར་སྦྱིན་པོ་མི་ཤེས་པའོ།། ཡངོ་ན་རྣམ་པར་སྦྱིན་པོའི་འབྲས་བུ་རྣམས་བདག་གིམ་ཚོར་བ་པོས་མྱོང་བར་འགྱུར་རོ་ཞེས་ཚུལ་བཞིན་མ་ཡིན་པར་རྟོག་པ་ནི་རྣམ་པར་སྨིན་པ ་མི་ཤེས་པ་ཞེས་བྱའོ།། ལས་དང་ལས་ཀྱི་འབྲས་བུ་ལོག་པར་ཡིད་ལ་བྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་ཞེས་བྱ་སྟེ། དཔེར་ན་སྲོག་གཅོད་ན་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་ལ་སོགས་པའོ།། སྲོག་མི་གཅོད་པ་དང ་མ་བྱིན་པར་མི་ལོན་པ་ལ་སོགས་པ་དགེ་བ་ཡིན་པར་མི་ཤེས་པ་ནི་ལསོ་ལེགས་པར་བྱས་པ་མི་ཤེས་པའོ།། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་བྱས་པ་མི་དགེ་བ་ཡིན་པར་མི་ཤེས་པ་ནི་ལས་ཉེས་པ་བྱས ་བ་མི་ཤེས་པའོ།། མ་བྱིན་པར་བླངས་ནས་གཞན་ལ་བྱིན་པ་ནི་ལས་འདྲེན་མ་ཡིན་ཏེ། ལས་དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མ་ཡིན་པར་མི་ཤེས་པ་ནི་ལས་ལེགས་པ་དང་ཉེས་བུ་བྱས་པ་མི་ཤེས་པ་ཞེས་བྱའོ།། ་མི་ཤེས་བྱ་ཞེས་བྱ་བ་ལོ།། རྒྱུ་རྣམ་པ་དྲུག་སྟེ། ཆ་འདྲ་བོའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་དང་། ལྡན་པའི་རྒྱུ་དང་། བྱེད་པའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་སྟེ། དེ་དྲུག་མི་ཤེས་པ་ནི་རློ་མི་ཤེས ་པ་ཞེས་བྱའོ།། དེ་ལོ་ཚྭ་འདྲ་བའི་རྒྱུ་ནི་འདོད་པ་ནི་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་སྔོར་སྐྱེས་པ་རྣམས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བྱའི་ཆོས་ཕྱིས་སྐྱེས་པ་དང་། སྐྱེ་བར ་འགྱུར་བའི་ཆ་འདྲ་བའི་རྒྱུའོ།། གཞན་ཡང་སྔོན་དགེ་བའི་རྩ་བ་ཅུང་ཟད་ཡོད་པའི་གཞི་ལས་དགེ་བོའི་རྩ་བ་ཕྱི་མ་འཕེལ་ཞིང་སྐྱེ་བ་ལ་ཡང་ཆ་འདྲ་བའི་རྒྱུ་ཞེས་བྱ་སྟེ། དེ་ཡང་དཔེར་ན་སྡུག་བསྔལ་མཐོང་བའི་དགེ་བའི་རྩ་བ་ལས་སྡུག ་བསྔལ་མཐོང་བའི་ཡེ་ཤེས་སྐྱེ་བ་དང་དེ་བཞིན་དུ་ལམ་མཐོང་བའི་དགེ་བའི་རྩ་བ་ལས་ལམ་མཐོང་བའི་ཡེ་ཤེས་སྐྱེ་སྟེ། གཟུགས་དང་གཟུན་མེད་པའི་ཁམས་ཀྱི་བདེན་པ་བཞི་ཡང་སོ་སོར་སྦྱར་རོ།། ཀུན་ཏུ ་འགྲོ་བའི་རྒྱུ་གང་ཞེ་ན། དེ་ནི་ཉོན་མོངས་པའི་ཆོས་འབའ་ཞིག་དང་སྦྱར་ཏེ། སྔར་སྐྱེས་པའི་ཉོན་མོངས་པའི་ཆོས་རྣམས་ཕྱིས་སྐྱེ་བ་དང་སྐྱེ་བར་འགྱུར་བའི་རང་གི་ས་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་སྟེ། དཔེར་ན ་འདོད་པའི་ཁམས་ཀྱིས་ལོག་པར་ལྟ་བ་དང་ལྡན་པ་སྔར་སྐྱེས་པ་ནི་ཕྱིས་སྐྱེ་བ་དང་སྐྱེ་བ་ར་འགྱུར་པ་ལོག་པའི་རྟོག་པ་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་བྱེད་དོ།། དེ་ལ་ལྷན ་ཅིག་བྱེད་པའི་རྒྱུ་གང་ཞེ་ན། འདི་ལྟ་སྟེ་འབྱུང་བ་ཆེན་པོ་རྣམས་སྐྱེ་བའི་དུས་ན་གཅིག་ལ་གཅིག་བརྟེན། ཕན་ཚུན་གཅིག་གིས་གཅིག་སྐྱེད་པར་བྱེད་པ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་ཚེ་ན་ཡང་ཕན་ཚུན ་གཅིག་ལ་གཅིག་རྟེན་ནས་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྒྱུའོ།། ལྡན་པའི་རྒྱུ་གང་ཞེ་ན། དགེ་བ་དང་མི་དགེ་བ་དང་ལུང་མི་སྟོན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་ལྡན་པའི་རྒྱུ་སྟེ། དགེ་བའི་སེམས་དང ་དགེ་བའི་སེམས་ལས་བྱུང་བར་ལྡན་གྱི། མི་དོ་ཞེ་བའི་སེམས་ལས་བྱུང་བར་ལྡན་པ་མ་ཡིན་པ་དེ་བཞིན་དུ། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཡང་སེམས་དང་སེམས་ལས་བྱུང་བ་སོ་སོར་ལྡན་པའོ།། དེ་ལ་བྱེད་པའི་རྒྱུ་ནི ་གང་ཡོད་ན་དེ་འབྱུང་བ་དང་གང་མེད་ན་དེ་མི་འབྱུང་བ་སྟེ། ས་བོན་ཡོད་ན་མྱུ་གུ་འབྱུང་གི་ས་བོན་མེད་ན་མྱུ་གུ་མི་འབྱུང་བའོ།། ཡང་ན་ཁ་ཅིག་ན་རེ་རང་མ་གཏོགས་པར་མི་སྒྲིབ་པར་བྱེད་པའི་ཆོས་གཞན་བྱེད་པའི་རྒྱུ་སྟེ། དཔེར་ན་མིག ་དང་ཡུལ་དང་ཕྲད་ནས་རྣམ་པར་ཤེས་པ་སྐྱེ་བ་ན་གང་མི་སྒྲིབ་ཅིང་བགེགས་མི་བྱེད་པའི་ཆོས་ཐམས་ཅད་བྱེད་པའི་རྒྱུ་ཞེས་འཆད་དོ།། དེ་ལ་རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། མི་དགེ་བའི་ཆོས་དང་དགེ་པོ་ཟག་པ་ཅན་ནི་ངན་སོང་ལ ་སོགས་པར་རྣམ་པར་སྨིན་པ་འཕེན་པར་བྱེད་པས་ན་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ།། ལུང་དུ་མ་བསྟན་པའི་ཆོས་ནི་རྒྱུ་མཐུན་པ་ཙམ་སྐྱེ་བར་བྱེད་ཀྱང་ས་བོན་རུལ་པ་བཞིན་དུ་ཉམ་ཆུང་བས་རྣམ་པར་སྨིན་པ་འཕེན་པར་མི་ནུས་པའི ་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཞེས་མི་བྱའོ།། ཡང་ན་རྒྱུ་མེད་པར་རྟོག་པ་འམ་དབང་ཕྱུག་དང་རང་བཞིན་དང་སྐྱེས་བུ་ལྔ་སོགས་པའི་རྒྱུར་རྟོག་པོ་ནི་རྒྱུ་མི་ཤེས་པ་ཞེས་བྱའོ།། འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་འབྲས་བུ་རྣམ་པ་ལྔ ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། དབང་གི་འབྲས་བུ་དང་། བྲལ་བའི་འབྲས་བུ་སྟེ། དེ་ལྔ་མི་ཤེས་པ་ནི། འབྲས་བུ་མི་ཤེས་པ་ཞེས་བྱའོ།། དེ་ལ ་སྐྱེས་བུ་བྱེད་པའི་འབྲས་བུ་རྒྱུ་གང་གི་མཐུ་ལས་འབྲས་བུ་གང་འབྱུང་བ་སྟེ། དཔེར་ན་ཞིང་པ་རྣམས་ཀྱི་རང་གི་ཞོ་ཤའི་མཐུ་ལས་འབྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ།། རྒྱུ་མཐུན ་བའི་འབྲས་བུ་ནི་དགེ་བ་དང་མི་དགེ་བའི་ལས་རྒྱུས་ལྷ་དང་མི་དང་སེམས་ཅན་དམྱལ་བ་ལ་སོགས་པར་ཕུང་པོ་རྣམས་སྨིན་པའོ།། དབང་གི་འབྲས་བུ་ནི་དཔེར་ན་མིག་གི་དབང་པོའི་མཐུས་མིག་གི་རྣམ་པར་ཤེས ་བ་ཐོགས་པ་མེད་པར་སྐྱེ་བའོ།། བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་བསྒོམས་པའི་མཐུས་ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པའོ།། རྒྱུ་དང་འབྲས་བུ་མི་ཤེས་པ་ཞེས་བྱ་བ་ལ་རྒྱུ་འདི་བྱས་ན་འབྲས་བུ ་འདི་འབྱུང་ཞེས་རྒྱུ་དང་འབྲས་བུ་འབྲེལ་པར་མི་ཤེས་པ་ནི། རྒྱུ་དང་འབྲས་བུ་མི་ཤེས་པའོ།། རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ལ་ཕུང་པོ་ལྔ་དང་ཁམས་བཅཝོ་བརྒྱུད་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས ་པ་ནི་རྒྱུ་ལས་སྐྱེས་པའི་ཆོས་ཡིན་གྱི། སོ་སོར་བརྟགས་ཏེ་འགགས་པ་དང་མ་བརྟགས་པར་འགག་པ་དང་ནམ་མཁའ་ནི་རྒྱུ་ལས་སྐྱེས་པའི་ཆོས་མ་ཡིན་ནོ་ཞེས་མི་ཤེས་པ་འམ། ཕྱིའི་ཆོས་མྱུ་གུ་དང་འདབ་མ་ལ་སོགས་པ་ས ་བོན་ལས་སྐྱེས་པའི་ཆོས་ཡིན་པ་དང་། ནང་གི་ཆོས་སེམས་ཅན་དུ་གཏོགས་པ་རྣམས་ཀྱང་མ་རིག་པའི་རྒྱུ་ལས་འདུ་བྱེད་བྱུང་བའི་ཆོསྔ་ཅན་ཡིན་གྱི། དབང་ཕྱུག་དང་བྱེད་པ་པོ་ལ་སྐྱེས་པ་མ་ཡིན་ནོ་ཞེས་མི་ཤེས་པའི ་རྒྱུ་ལས་སྐྱེས་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པ་ཞེས་བྱ་བ་ནི། མི་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལོ་སོགས་པ་ནདང་རྟེན་ཅིང་འབྲེལ་ཏེ། ་འབྱུང་བའི་ཡན་ལག་བཅུ་གཉིས་ཚེ་རབས་གཅིག་ནས་གཅིག་ཏུ་ཇི་ལྟར་འབྱུང་བ་མི་ཤེས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་ས་བོན་ནས་མྱུ་གུ་མེ་ཏོག་ནས་འབྲས་བུའི་བར་དུ་ཕྱིའི ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ས་བོན་དང་འབྱུང་བ་ཆེན་པོ་བཞི་དང་དུས་ལ་སོགས་པར་བསྐྱེད་པར་མི་ཤེས་པའོ།། སངས་རྒྱས་མི་ཤེས་པ་ཞེས་བྱ་བ་ལ་འཕགས་པའི་ལམ་གྱི་ཆོས་གང་གིས་སངས་རྒྱས་སུ ་བྱེད་པའི་ཆོས་དེ་མི་ཤེས་པ་འམ། ཡང་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པར་དེ་ལྟ་བུའི་ཚུལ་དུ་མི་ཤེ ་ཤིང་དེ་ལྟ་བུ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་བ་ནི་སྤངས་རྒྱས་མི་ཤེས་པའོ།། ཆོསྔ་མི་ཤེས་པ་ཞེས་བྱ་བ་ལ་ཆོས་རྣམ་པ་གསུམ་སྟེ་བཤད་པར་བྱ་བའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དང་འབྲས་བུའི་ཆོས་སོ།། དེ་ལ ་བཤད་པར་བྱ་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིསོ།། བསྒྲུབ་པར་བྱ་བའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགསསོ་སུམ་ཅུ་རྩ་བདུན་རྣམསོ།། འབྲས་བུའི་ཆོས་ནི་མྱ་ངན་ལས་འདས་པ་རྣམས་ཏེ་དེ་གསུམ་མི་ཤེས་པ་འམ། དེ་དག་ལ ་ཐེ་ཚོམ་ཟ་བ་ནི་ཆོས་མི་ཤེས་པ་ཞེས་བྱའོ།། དགེ་འདུན་མི་ཤེས་པ་ཞེས་བྱ་བ་ལ་དགེ་འདུན་རྣམ་པ་གཉིས་ཏེ་སློབ་པའི་གང་ཟག་གི་འཕགས་པ་དང་མི་སློབ་པའི་གང་ཟག་གི་འཕགས་པའོ།། དེ་ལ་སློབ་པའི་གང་ཟག་གི་འཕགས་པ་ནི ་རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པ་ལ་འཇུག་པའི་བར་དུ་བདུན་ནོ།། མི་སློབ་པའི་གང་ཟག་གི་འཕགས་པ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། དེ་དག་ལ་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དང ་བྱ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕྲིན་ཚོགས་པ་དང་། ཐོས་པ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚུལ་དུ་མི་ཤེས་ཤིང་དེ་དག་ཐེ་ཚོམ་ཟ་བ་ནི་དགེ་འདུན་མི་ཤེས་པའོ།། སྡུག་བསྔལ ་མི་ཤེས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་སྐྱེ་བ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་མི་ཤེས་པའོ།། ཀུན་འབྱུང་མི་ཤེས་པ་ནི་ལས་དང་ཉོན་མོངས་པ་རྣམས་ཕུང་པོ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པར་མི ་ཤེས་པ་ཞེས་བྱའོ།། འགོག་པ་མི་ཤེས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞི་བ་དང་གྱ་ནོམ་པ་དང་བདྲེ་བ་ཡིན་པར་མ་ཤེས་པའོ།། ལམ་མི་ཤེས་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་མི་ཤེས་པའོ།། དགེ་བ་དང་མི་དགེ ་པའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནི་སྨད་པའི་ཆོས་ལས་རིང་དུ་འོང་བའི་ཕྱིར། དགེ་བ་འམ་ཀུན་ནི་ཤེས་རབ་ལ་བྱ་ལ། ལ་ནི་ལེན་པ་ལ་བྱ་སྟེ། ཤེས་རབ་ཀྱི་རྒྱུ་ལེན་པས་ནཱ་དགེ་བའོ།། དེ་ལས་བཟློག་པ་ནི་མི་དགེ་བ ་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཀྱི་རྒྱུ་མི་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱའོ།། ཡོད་ན་དགེ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ།། མི་དགེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་ཏེ། དེ་དག ་ལ་དེ་ལྟ་བུར་མྱི་ཤེས་པ་ནི་དགེ་བ་དང་མྱི་དགེ་བའི་ཆོས་རྣམས་མི་ཤེས་པའོ།། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ལ་སྨད་པའི་དངོས་པོ་ནི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། སྡིག་པ་དང་བཅས་པ ་ཞེས་བྱ་བའི་དོན་ཏོ།། སྤྱད་པའི་དངོས་པོ་སྤངས་པ་ནཱ་ཁ་ནི་མ་ཐོ་བ་མེད་པ་སྣ་ལེགས་པ་དང་བཅས་ཞེས་བྱ་བའི་དོན་ཏོ།། ཡང་ན་ཁ་ན་མ་ཐོ་བ་དང་བཅས་པ་ནི་ནག་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ།། ཁ་ནེ་མ་ཐོ་བ་མེད་པ་ནི ་དཀར་པོའི་ཕྱོགས་སུ་གཏོགས་པའི་ཕྱིར་དེ་དག་མི་ཤེས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་མི་ཤེས་པ་ཞེས་བྱའོ།། བསྟེན་པར་བྱ་བ་དང་། བསྟེན་པར་མི་བྱ་བའི་ཆོ་སོ་མི་ཤེས་པ་ཞེས་བྱ་བ་ལ་གང་ཕན ་པར་འགྱུར་བ་ནི་བསྟེན་པར་བྱ་བ་སྟེ། ཟག་པ་མེད་པའི་དགེ་བ་འདུས་མ་བྱས་རྣམས་སོ།། དེ་ལ་བསྟེན་ནས་རྣམ་པར་གྲོལ་བ་ཐོབ་པོར་འགྱུར་བའི་ཕྱིར། དེ་ནི་བསྟེན་པར་བྱ་བའི་ཆོས་སོ།། གང་གནོད་པར་འགྱུར་བའི་ཆོས ་ནི་བསྟེན་པར་མི་བྱ་བའི་ཆོས་ཏེ། མི་དགེ་བ་ངན་སོང་གསུམ་དུ་གཞོལ་བར་བྱེད་པའི་ལས་རྣམས་སོ།། ཆོས་དེ་དག་མི་ཤེས་པ་ནི་བསྟེན་པར་བྱ་བ་དང་བསྟེན་པར་མི་བྱ་བའི་ཆོས་མི་ཤེས་པ་ཞེས་བྱའོ།། རེག་པའི་སྐྱེ ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་ལ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་དང་ཆོས་ལ་བརྟན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་ཟད་ཀྱི། འདི་ལྟར་བྱེད་པའི་བདག་མེད་པ་ལ་བདག་ལ ་སོགས་པ་ཡོད་པར་མངོན་པར་ཆགས་ཤིང་ང་རྒྱལ་བྱེད་པ་ནི། རེག་པའི་སྐྱེ་མཆེད་དྲུག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱའོ།། མ་མཐོང་བ་དང་མངོན་པར་མ་རྟོགས་པ་ལ་སོགས་པ་ནི་མི ་ཤེས་པ་ཉིད་ཀྱི་ཚིག་གི་རྣམ་གྲངས་སམ་འོག་མས་གོང་མ་ཤེས་པར་རིག་པར་བྱའོ།། ཚིག་ཉི་ཤུ་རྩ་བརྒྱད་པོ་དེས་མདོར་ན་རྨོངས་པ་རྣམ་པ་བདུན་བསྟན་ཏེ། དུས་ལ་རྨོངས་པ་དང་། དངོས་པོ་ལ་རྨོངས་པ་དང་། འཕོ་བ་ལ་རྨོངས ་པ་དང་། མཆོག་ལ་རྨོངས་པ་དང་། དེ་ཁོ་ན་ལ་རྨོངས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རྨོངས་པ་དང་། མངོན་པའི་ང་རྒྱལ་གྱིས་རྨོངས་པའོ།། དེ་ལ་སྔོན་གྱི་མཐའ་མི་ཤེས་པ་ནས་སྔོན་དང་ཕྱི་མའི་མཐའ ་མི་ཤེས་པའི་ཚིག་གསུམ་གྱིས་དུས་ལ་རྨོངས་པ་བསྟན་ཏོ།། ནང་མི་ཤེས་པ་ནས་ཕྱི་དང་ནང་མི་ཤེས་པོ་གསུམ་གྱིས་དངོས་པོ་ལ་རྨོངས་པ་བསྟན་ཏོ།། ལས་མི་ཤེས་པ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས ་བ་ཞེས་བྱ་བ་ཡན་ཆད་ཀྱིས་འཕོ་བ་ལ་རྨོངས་པ་བསྟན་ཏོ།། སངས་རྒྱས་མི་ཤེས་པ་ནས་དགེ་འདུན་མི་ཤེས་པའི་ཚིག་གསུམ་གྱིས་མཆོག་ལ་རྨོངས་པ་བསྟན་ཏོ།། སྡུག་བསྔལ་མི་ཤེས་པ་ནས་ལམ་མི་ཤེས་པའི་བར་གྱི ་ཚིག་བཞིས་དེ་ཁོ་ན་ལ་རྨོངས་པ་བསྟན་ཏོ།། དགེ་བ་དང་མི་དགེ་བའི་ཆོས་རྣམས་མི་ཤེས་པ་ནས་བསྟན་པར་མི་བྱ་བའི་ཆོས་རྣམས་མི་ཤེས་པ་ཞེས་བྱ་བ་ནས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་བསྟན་ཏོ།། ། ་རེག་པའི་སྐྱེ་མཆེད་དྲུག་མི་ཤེས་པ་ཞེས་བྱ་བས་མངོན་པའི་ང་རྒྱལ་གྱིས་རྨོངས་པ་བསྟན་ཏོ།། དེ་ལྟར་རྨོངས་པ་རྣམ་པ་བདུན་ཡོད་པས་ན། མི་ཤེས་པ་ལ་སོགས་པ་ལ་མ་རིག་པའི་མིང་གི་རྣམ་གྲངས་ཀྱང་བདུན་རྨོངས་ཏེ། དུས ་ལ་རྨོངས་པོ་ནི་མི་ཤེས་པ་ཞེས་བྱའོ།། དངོས་པོ་ལ་རྨོངས་པ་ནི་མ་མཐོང་བ་ཞེས་བྱའོ།། འཕོ་བ་ལ་རྨོངས་པ་ནི་མངོན་པར་མ་རྟོགས་པ་ཞེས་བྱའོ།། མཆོག་ལ་རྨོངས་པ་ནི་མུན་པ་ཞེས་བྱའོ།། དེ་ཁོ་ན་ལ་རྨོངས་པ་ནི་གཏི ་མུག་ཅེས་བྱའོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རྨོངས་པ་ནི། མ་རིག་པ་ཞེས་བྱའོ།། མངོན་པའི་ང་རྒྱལ་གྱིས་རྨོངས་པ་ནི་མུན་ནག་ཅེས་བྱའོ།། ཡང་ན་ཤེས་རབ་རྣམ་གསུམ་སྟེ། མཉན་པའི་ཤེས་རབ ་དང་། སེམས་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་བོ།། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ཞེས་བྱ་བས་མ་རིག་པའི་རང་བཞིན་བསྟན་ནས། མ་རིག་པ་དེ་ཉན་པའི་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཡིན་པས་ན ་མ་མཐོང་བའོ།། སེམས་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་ན། མངོན་པར་མ་རྟོགས་པའོ།། བསྒོམ་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་ན་མུན་པའོ།། ཤེས་རབ་རྣམ་གསུམ་གྱི་མི་མཐུན་པའི ་མ་རིག་པ་དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་རྣམ་པ་གསུམ་མོ།། དེ་ལ་མ་རིག་པ་ཆུང་ངུ་ལ་ནི་གཏི་མུག་ཅེས་བྱའོ།། མ་རིག་པ་འབྲིང་པོ་ལ་ནི་མ་རིག་པ་ཞེས་བྱའོ།། མ་རིག་པ་ཆེན་པོ་ལ་ནི་མུན་ནག་ཅེས་བྱ་སྟེ། མ་རགི་བའི ་ཡན་ལག་བཤད་ཟིན་ཏོ།། །། དེ་ལ་འདུ་བྱེད་ཀྱི་ཡན་ལག་བཤང་བའི་སྐབས་ཡིན་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞེ་ན་དྲིངས་པ་ལ་སོགས་པའོ།། དེ་ཉིད་བསྟན་པ་སྨྲས་པ་འདུ་བྱེད་གསུམ ་སྟེ། ལུས་ཀྱི་འདུ་བྱེད་དང་ཞེས་བྱ་བ་ལ་སོགས་པའོ།། དེ་ནི་མདོར་ན་འདི་སྐད་དུ་སྟོན་ཏོ།། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་མཚན་ཉིད་ཀྱི་སེམས་ཀྱི་ས་བསྐྱེད་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད ་ཀྱི་ལས་ནི་འདུ་བྱེད་ཅེས་བྱའོ།། དེ་ལ་བསོད་ནམས་མ་ཡིན་པའི་འདུ་བྱེད་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་བྱེད་པ་ཚོར་བ་སྡུག་བསྔལ ་མྱོང་བར་འགྱུར་བ་ནི་བསོད་ནམས་མ་ཡིན་པའི་འདུ་བྱེད་དོ།། ལུས་དང་དོག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང་། ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པར་མི་བྱེད་པའི་ཚོར་བ་བདེ་བ་མྱོང་བར་བྱེད་པ་ནི ་བསོད་ནམས་ཀྱི་འདུ་བྱེད་དོ།། རྣལ་འབྱོར་པ་རྣམས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའི་ཚེ་འདི་དང་ཚེ་རབས་གཞན་དུ་བདག་དང་གཞན་གཉི་ག་ལ་གནོད་པ་མི་བྱེད་པ་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པར་མྱོང་བར ་བྱེད་པ་ནི་མི་གཡོ་བའི་འདུ་བྱེད་དོ།། འདུ་བྱེད་གསུམ་མདོ་ཙམ་དུ་སྨོས་པ་རྒྱས་པར་བསྟན་པའི་ཕྱིར། དེ་ལུས་ཀྱི་འདུ་བྱེད་གང་ཞེ་ན། ཞེས་བྱ་བ་ལོ་སོགས་པ་གསུངས་སོ།། དབུགས་འབྱུང་བ་ནི་རླུང་ཕྱིར་འབྱུང་བ་སྟེ་གང ་རླུང་ཕྱི་རོལ་ཏུ་རྒྱུ་བའོ།། རྔུབ་པ་ནི་དབུགས་ནང་དུ་རྒྱུ་བ་སྟེ་གང་རླུང་ནང་དུ་འཇུག་པའོ།། ལུས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་དང་རྐང་ལག་གཡོ་བ་དང་། འགུལ་པོ་ནི་ལུས་ཀྱི་ལས་ཀྱི་རང་བཞིན་ཡིན་པས ་ལུས་ཀྱི་ཆོས་ཉིད་ཅེས་བྱའོ།། དཔེར་ན་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་གནས་ཏེ། སྐྱེ་བ་བཞིན་དུ་དབུགས་འབྱུང་བ་དང་། རྔུབ་པ་ཡང་ལུས་ལ་གནས་པས་ན། ལུས་ལ་བརྟེན་པ་ཞེས་བྱའོ།། དཔེར་ན ་ལུས་འབྱུང་བ་ན་གྲིབ་མ་འབྱུང་སྟེ། ལུས་དང་གྲིབ་མ་གཉིས་འབྲེལ་པ་བཞིན་དུ་ལུས་ཡོད་ན་ཡང་དབུགས་འབྱུང་བ་དང་རྔུབ་པ་སྐྱེ་སྟེ། དེ་གཉིས་ཕན་ཚུན་འབྲེལ་བས་ན་ལུས་དང་འབྲེལ་པ་ཞེས་བྱའོ།། དཔེར་ན་ལུས་མེད ་ན་གྲིབ་མ་འཇིག་པ་བཞིན་དུ། ལུས་འདི་མེད་ན་ཡང་དབུགས་འབྱུང་བ་དང་རྔུབ་པ་མེད་པར་འགྱུར་བས་ན། ལུས་ལ་གནས་ནས་རབ་ཏུ་འབྱུང་བ་ཞེས་བྱའོ།། དབུགས་འབྱུང་བ་དང་རྔུབ་པ་ལུས་ཀྱི་འདུ་བྱེད་དུ་བཤད ་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། དགེ་བ་ལ་སོགས་པའི་སེམས་པས་བསྐྱེད་པའི་དགེ་བའི་ལུས་ཀྱི་ལས་ལ་སོགས་པ་ཡང་། ལུས་ཀྱི་ལས་ཡིན་པར་བསྟན་ཏེ། གཞན་དུ་ན་དགེ་བའི་ལུས་ཀྱི་ལས་དང་། མི ་དགེ་བའི་ལུས་ཀྱི་ལས་ལུས་ཀྱི་འདུ་བྱེད་དུ་མི་འགྱུར་རོ།། འདིར་རྒྱུ་ལ་འབྲས་བུ་བཏགས་ཏེ་བསྟན་པ་ཡིན་པར་བསྡུ་བའི་ཕྱིར། དེ་བས་ན་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་འབྱུང ་བ་དང་རྔུབ་པའི་རྒྱུ་ནི་ལུས་ཡིན་ནོ།། གང་ལུས་ཀྱི་གཡོས་པ་དེ་ལ་ལུས་ཀྱི་ལས་ཞེས་བྱ་བ་ལས་དབུགས་འབྱུང་བ་དང་རྔུབ་པ་ཡང་ལུས་ལས་འབྱུང་བ་ན། རྒྱུ་ལུས་ཀྱི་མིང་འབྲས་བུ་དབུགས་འབྱུང་བ་དང ་རྔུབ་པ་ལ་བཏགས་ནས། དེ་བས་ན་དབུགས་འབྱུང་བ་དང་རྔུབ་པ་ལ་ལུས་ཀྱི་འདུ་བྱེད་ཅེས་བྱའོ།། ངག་གི་འདུ་བྱེད་བསྟན་པའི་ཕྱིར། ངག་གི་འདུ་བྱེད་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བརྟགས ་ཤེས་བྱ་ལ་རྩིང་གེ་མར་སེམས་པ་ནི། རྣམ་པར་བརྟགས་ཞེས་བྱའོ།། ཞིབ་ཏུ་སེམས་པ་ནི་རྣམ་པར་དཔྱོད་པ་སྟེ། བསམས་ནས་ཚིག་ཏུ་སྨྲ་བས་ན་ཚིག་འབྱུང་བའི་རྒྱུ་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་བ་ལ་ངག་གི ་འདུ་བྱེད་ཅེས་བྱའོ།། རྣམ་པར་མ་བརྟགས་པ་དང་ཞེས་བྱ་བ་ནི་རྫོང་གེ་མྱུར་བསམས་ཞིབ་ཏུ་སེམས་པ་མེད་པར་ཚིག་ཏུ་མི་སྨྲའོ་ཞེས་བྱ་བའི་དོན་ཏོ།། སྨྲས་པ་དག་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཏེ། རླུང་ལས་སྐྱེས་པ་ཡིན ་ལ་རྟོགས་པ་དང་དཔྱོད་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ན། ཇི་ལྟར་རྟོག་པ་དང་དཔྱོད་པ་ལ་ངག་གི་འདུ་བྱེད་ཅེས་བྱ། ལེན་དུ་འདོར་ཡང་རྒྱུ་ལ་འབྲས་བུ་བཏགས་ཏེ། འདིར་ཡང་དགེ་བ་ལ་སོགས་པའི་རྣམ་པར་རྟོག་པ ་དང་རྣམ་པར་དཔྱོད་པ་གཉིས་ནི་ངག་སྐྱེད་པར་བྱེད་པའི་རྒྱུ་སྟེ། དེ་བས་ན་རྒྱུ་རྟོག་པ་དང་དཔྱོད་པ་ལ་འབྲས་བུ་དག་བཏགོས་ནས་རྣམ་པར་རྟོགས་པ་དང་དཔྱོད་པ་ཡང་དག་གི་འདུ་བྱེད་བཤད་དོ།། དེ་ལྟ་བུར་ཡང་འཇིག་རྟེན་དང ་གསུང་རབ་ལས་ཀྱང་མཐོང་སྟེ། དཔེར་ན་འཇིག་རྟེན་ན་མི་བདེའོ་ཞེས་བྱ་བ་དང་། གསུང་རབ་ལས་ཀྱང་སངས་རྒྱས་འབྱུང་བ་བདེ་ཞེས་བྱ། མེ་ནི་ཚིག་པའི་རང་བཞིན་ཡིན་པས་བདེ་བ་མ་ཡིན་ཡང་། མེ་དེའི་འབྲས་བུ་དྲོ་བ་བདེ་བ་སྐྱེ ་བའི་ཕྱིར་མེ་བདེ་ཞེས་བྱ་བ་དང་། སྐྱེ་བ་ཐམས་ཅད་ནི་སྡུག་བསྔལ་ཡིན་པར་བཤད་པས་སངས་རྒྱས་འབྱུང་བ་ལ་བདེ་བ་མེད་མོད་ཀྱི། སངས་རྒྱས་འབྱུང་བའི་རྒྱུ་ལས་སེམས་ཅན་མྱ་ངན་ལས་འདས་པ་དང་། མཐོ་རིས་བདེ་བ ་ཐོབ་པའི་འབྲས་བུ་འབྱུང་བའི་ཕྱིར་སངས་རྒྱས་འབྱུང་བ་བདེ་ཞེས་བྱ་བ་ལྟ་བུའོ།། ཡིད་ཀྱི་འདུ་བྱེད་བསྟན་པར་སྨྲས་པ། ཡིད་ཀྱི་འདུ་བྱེད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ།། གང་ཆགས་པའི་སེམས་ཞེས་བྱ་བ་ལུས་དང ་ལོངས་སྤྱོད་ལ་ཞེན་པ་ནི་ཆགས་པའི་སེམས་སོ།། སེམས་ཅན་དང་སེམས་ཅན་མ་ཡིན་པ་ལོ་ཁྲོད་ཁྲོ་བ་ནི། ཞེ་སྡང་བའི་སེམསོ་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མི་ཤེས་པ་ནི། གཏི་མུག་པའི་སེམས་སོ།། སྲོག ་ཆགས་གོང་འདོད་ཆགས་པའི་སེམས་ཀྱིས་འདོད་ཆགས་པའོ།། དེ་བཞིན་དུ་གང་ཞེ་སྡང་དང་བཅས་པའི་སེམས་ཀྱིས་ཞེ་སྡང་དང་བཅས་པ་དང་། རྨོངས་པ་དང་བཅས་པའི་སེམས་ཀྱིས་གཏི་མུག་དང་ལྡན་པའི་སེམས་དེ་ནི་ཡིད་ཀྱི་འདུ ་བྱེད་ཅེས་བྱའོ།། སེམས་ལས་བྱུང་བའི་ཆོས་འདི་ཞེས་བྱ་བ་ནི་ཆགས་པ་དང་ཞེ་སྡང་བ་དང་གཏི་མུག་པའི་སེམས་གསུམ་སེམས་ཀྱི་ཆོས་མ་ཡིན་གྱི་སེམས་ལས་བྱུང་བའི་ཆོས་ཡིན་པས་ན་སེམས་ལས་བྱུང་བའི་ཆོས་འདི་ཞེས ་གསུངས་སོ།། དེའི་བཤད་པ་ནི་སེམས་ལ་བརྟེན་པ་ཞེས་བྱའོ།། དེའི་བཤད་པ་ཡང་སེམས་ཀྱི་རྒྱུ་ཞེས་བྱའོ།། དེའི་བཤད་པ་ཡང་སེམས་དང་འབྲེལ་པ་ཞེས་བྱའོ།། དེར་བཤད་པ་ཡང་སེམས་ལ་གནས ་ནས་རབ་ཏུ་འབྱུང་སྟེ་ཞེས་བྱའོ།། ཡང་ན་སེམས་འདི་སེམས་ལས་བྱུང་བའི་ཆོས་རྣམས་ལ་རྣམ་པ་ལྔ་ལྟ་བུས་རྒྱུ་བྱེད་དེ། སྐྱེད་པོ་དང་རྟེན་པ་དང་གནས་པ་དང་བསྟན་པ་དང་སྤེལ་བའོ།། སེམས་ལས་བྱུང་བའི་ཆོས་ཞེས་བྱ ་བས་བསྐྱེད་པ་བསྟན་སྟེ། སེམས་མེད་ན་སེམས་ལས་བྱུང་བའི་ཆོས་ཀྱང་མི་སྐྱེ་ལ། སེམས་སྐྱེས་ན་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་སྐྱེ་བའི་ཕྱིར་རོ།། སེམས་ལ་བརྟེན་ཅེས་བྱ་བས་བསྟེན་པ་བསྟན་ཏེ། སེམས་ཉམས ་ན་སེམས་ལས་བྱུང་བ་ཡང་ཉམས་པར་འགྱུར་བས་སོ།། སེམས་ཀྱི་རྒྱུད་ཅེས་བྱ་བས་གནས་པ་བསྟན་ཏེ། ཇི་སྲིད་དུ་སེམས་དེ་ཡོད་ཀྱི་བར་དུ་དེའི་རྒྱུ་སེམས་ལས་བྱུང་བ་ཡང་གནས་པའི་ཕྱིར་རོ།། སེམས་དང་འབྲལ་ཅེས་བྱ་བས ་བསྟན་པ་བསྟན་ཏེ། སེམས་ཀྱིས་རྟག་ཏུ་སེམས་ལས་བྱུང་བ་ལ་བསྟངས་ཤིང་གྲོགས་བྱས་པའི་ཕྱིར་རོ།། སེམས་ལ་གནས་ནས་རབ་ཏུ་བྱུང་ཞེས་བྱ་བས། སྤེལྟ་བ་བསྟན་ཏེ། སོམས་བརྟས་པར་གྱུར་ན། སེམས་ལས ་བྱུང་བ་ཡང་བརྟས་པར་འགྱུར་བའི་ཕྱིར་རོ།། དེ་ལ་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི། ལུས་དང་དོག་དང་ཡིད་ཀྱི་འདུ་བྱེད་གསུམ་ཅར་ཡོད་དོ།། གཟུགས་མེད་པའི་ཁམས་ན་ནི། ཡིད་ཀྱི་འདུ་བྱེད་འབའ་ཞིག་ཡོད ་པར་ཟོད་དོ།། བརྒལ་པ། མདོ་གཞན་དག་ལས། བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ན། གང་ལས་དགེ་བ་ལས་སོགས་པ་སྤྱོད་པ་དེ་ནི། འདུ་བྱེད་དུ་བཤད་ན། འདིར་སྤྱིར་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་ལས ་ལ་འདུ་བྱེད་ཅེས་བཤད་པས་འགལ་ལོ།། ལན་དུ་འདིར་སྤྱིར་སྨོས་ཀྱང་བཤད་པའི་དབང་གིས་ཁྱད་པར་རིག་པར་འགྱུར་ཏེ། གང་འདས་པའི་དུས་ན་ལས་དགེ་བ་ལ་སོགས་པ་བྱས་པ་དེ་ཉིད་འདུ་བྱེད་ཅེས་རིག་པར་བྱ་སྟེ། ་གཞན་ནུ་གསུང་རབ་གཞན་དང་འགལ་བར་མི་འགྱུར་རོ།། །། འདུ་བྱེད་བཤད་ནས་རྣམ་པར་ཤེས་པའི་ཡན་ལག་བསྟན་པའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ་དེ་ལ་མིག་གི་དབང་པོ་ལ་བརྟེན་གཟུགས་ལ་དམིགས་ནས་གཟུགས་ཀྱི་མཚན་ཉིད་རིག་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ལྷག་མོ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ།། འོད་སྦྱོར་སྨོས་མོད་ཀྱི་རྣམ་པར ་ཤེས་པ་ཐམས་ཅད་ལ། འདུ་བྱེད་ཀྱི་རྐྱེན་ཅིས་མི་བྱའོ།། བག་ལ་ཉལ་བསགས་པ་དང་ལྡན་པས་དང་པོར་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་མཚམས་སྦྱར་བ་དེ་ཉིད་འདྲ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར ་དགོངས་པའོ།། དེ་ལྟ་མ་ཡིན་གྱི་རྣམ་པར་ཤེས་པ་སྤྱི་ལ་བྱ་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས། མིའི་མངལ་དུ་མཚམས་སྦྱོར་བའི་སྐད་ཅིག་མ་ན། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་རྣམ ་པར་ཤེས་པའི་ཡན་ལག་ཏུ་བཤད་པ་དང་འགལ་ལོ།། དེར་ཡང་ཅི་མངོན་ཞེ་ན། མདོ་ལས་དགའ་བོ་རྣམ་པར་ཤེས་པ་མ་ཞུགས་པར། མེར་མེར་པོ་ལ་སོགས་པ་མིང་དང་གཟུགས་འབྱུང་བ་ཡོད་དམུ ་གསོལ་པ་མ་ལགས་སོ་ཞེས་བྱ་བ་ལྟ་བུ་སྟེ། དེར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་བར་དགོངས་པའོ།། དེ་ལ་འདོད་པའི་ཁམས་ན་ནི། རྣམ་པར་ཤེས་པ་དྲུག་ཅར་ཡོད་དོ།། གཟུགས་ཀྱི་ཁམས་ན་ནི་ཟས་ཁམ་གྱིས་ཟ་བའི་འདོད ་ཆགས་དང་བྲལ་བས་སྣ་དང་ལྷོའི་རྣམ་པར་ཤེས་པ་མེད་ཀྱི། མིག་དང་རྣ་བ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་བཞི་ཡོད་དོ།། གཟུགས་མེད་པའི་ཁམས་ན་ནི། གཟུགས་ཀྱི་འདོད་ཆགས་དང་བྲལ་བས་དབང་པོ་ལྔ་མེད་པའི ་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་མེད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་རྣམ་པར་ཤེས་པ་བ་ཤད་ནས་མིང་དང་གཟུགས་ཀྱི་ཡན་ལག་བསྟན་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང ་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་འགྲོ་བ་གཞན་དུ་གཞོལ་བར་བྱེད་པས་ན་མིང་སྟེ། སྐྱེ་གནས་གཞན་དུ་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ།། ཡང་ན་གཟུགས་ལ་སོགས་པའི་དོན་ལ། དམིགས་པར་བྱེད་པའི ་ཕྱིར་མིང་སྟེ། དམིགས་པ་རྣམས་ལེན་པར་བྱེད་ཅེས་བྱའི་དོན་ཏོ།། ཐོགས་པ་དང་བཅས་ཤིང་གནོད་པར་བྱར་རུང་བའི་ཕྱིར་གཟུགས་ཏེ། དེ་གཉིས་གཅིག་ཏུ་བསྡོམས་ན།། མིང་དང་གཟུགས་ཞེས་བྱའོ།། མིང་དང་གཟུགས་མདོར ་བསྟན་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར། མིང་ནི་གཟུགས་མེད་པའི་ཕུང་པོ་བཞི་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལས་དགེ་བ་དང་མི་དགེ་བའི་འབྲས་བུ་མྱོང་བར་བྱེད་པ་ནི་ཚོར་བའོ།། ཡུལ་ལ་མཚན་མར་འཛིན་པ ་འདུ་ཤེས་སོ།། སེམས་ལ་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་དོ།། ཡུལ་རྣམས་སོ་སོར་རིག་པར་བྱེད་པ་ནི་རྣམ་པར་ཤེས་པ་སྟེ། གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་ལ་མིང་ཞེས་བྱའོ།། གོང་དུ་གཟུགས་ཞེས་སྨོས་པ ་དེ་ལ། གཟུགས་གང་ཡིན་པ་དང་། གྲངས་སུ་ཡོད་པ་མི་ཤེས་པས་ཐེ་ཚོམ་དུ་གྱུར་ནས་དེའི་ཕྱིར་གཟུགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གང་ཅུང་ཟད་གཟུགས་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། གང་ཅུང་ཟད་གཟུགས་ཞེས་བྱ་བ་ནི། འདས་པའི་གཟུགས་དང་། མ་འོངས་པའི་གཟུགས་དང་། ད་ལྟར་གྱི་གཟུགས་དང་། ནང་གི་གཟུགས་དང་། ཕྱིའི་གཟུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས ་ཅད་རྣམ་པ་གཉིས་སུ་འདུས་ཏེ་འབྱུང་བ་ཆེན་པོ་བཞིའི་གཟུགས་དང་། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་སུ་འདུའོ།། འདིས་རྒྱུའི་གཟུགས་དང་འབྲས་བུའི་གཟུགས་གཉིས་སྤྲོས་པ་ཡིན་ཏེ། འབྱུང་བ་ཆེན ་པོ་བཞི་ནི་རྒྱུའི་གཟུགས་སོ།། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་ནི་འབྲས་བུའི་གཟུགས་སོ།། དེ་ལ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་རྣམས་ནི་རྣམ་པ་བཅུ་ཅིག་གོ་ཞེས་གང་གོང་དུ་བཤད་པའོ།། གྱུར ་བའི་སྒྲ་ནི་རྒྱུལ་བྱ་སྟེ། རྒྱུ་རྣམ་པ་ལྔས་འབྱུང་བ་ཆེན་པོ་རྣམས་འབྱུང་བྱ་ལས་གྱུར་པའི་གཟུགས་ཀྱི་རྒྱུ་བྱེད་དེ། དཔེར་ན་ཤིང་ལ་བརྟེན་ནས་མེ་འབྱུང་ཞེས་བཤད་ན། ཤིང་གི་རྒྱུ་ལས་མེ་སྐྱེ་ཞེས ་བྱ་བའི་དོན་དང་འདྲའོ།། རྒྱུ་ལྔ་ནི་སྐྱེད་པ་དང་། གཞི་དང་བརྟེན་པ་དང་། འཕེལ་བར་བྱེད་པའོ།། དེ་ལ་སྐྱེད་པ་ནི་འབྱུང་བ་མེད་པར་འབྱུང་བ་ལས་གྱུར་པའི་གཟུགས་མི་སྐྱེ་བའི་ཕྱིར་རོ།། གཞི་ནི་འབྱུང་བ་ལ་མ་གཏོགས ་པར་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཡུལ་གཞན་དུ་གནས་ཤིང་རྟེན་པའི་མཐུ་མེད་པའི་ཕྱིར་རོ།། རྟེན་པ་ནི་འབྱུང་བ་ཉམས་ཏེ་གྱུར་ན་དེ་ལ་རྟོན་པའི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་གཞན་དུ་གྱུར་པའི་ཕྱིར་རོ།། ། ་རྟེན་པ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་འདྲ་བར་སྐྱེ་བའི་ཚེ་ནུ། འབྱུང་བས་འབྱུང་བ་ལྔས་གྱུར་པའི་གཟུགས་ཀྱི་རྒྱུད་རྒྱུན་མི་འཆད་བར་འཛིན་པའི་ཕྱིར་རོ།། འཕེལ་བ་ནི་འབྱུང་བ་འཕེལ་བའི་དུས་ན། ་ཡང་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་འཕེལ་ཞིང་བརྟས་པར་འགྱུར་བའི་ཕྱིར་རོ།། འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། སའི་ཁམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཁམས་ཀྱི་སྒྲ་ནི་འཛིན ་པ་ལ་བྱ་སྟེ། རང་གི་མཚན་ཉིད་འཛིན་པ་དང་། འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པའི་ཕྱིར། ཁམས་ཞེས་བྱའོ།། རང་གི་མཚན་ཉིད་འཛིན་པ་ནི་སྲ་བའི་ཁམས་སྲ་བའི་མཚན་ཉིད་འཛིན་པ་དང་། ཆུའི་ཁམས ་གཤེར་བའི་མཚན་ཉིད་འཛིན་པ་དང་། མེའི་ཁམས་དྲོ་བའི་མཚན་ཉིད་འཛིན་པ་དང་། རླུང་གི་ཁམས་གཡོ་བའི་མཚན་ཉིད་འཛིན་པའོ།། འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པ་ནི། རྒྱུའི་ངོ་བོར་འཛིན་ཏེ། དེ་དག་གི ་རྒྱུ་བྱེད་པའི་ཕྱིར་རོ།། འབྱུང་བ་ཆེན་པོ་ཡང་བཞི་ཉིད་དེ་དོན་མེད་པ་དང་། མི་ནུས་པའི་ཕྱིར། ཁྲིའི་རྐང་པ་བཞིན་པས་ལྷ་དང་གསུམ་དུ་མ་ཡིན་ནོ།། འབྱུང་བ་ཆེན་པོ་རྣམས་ཀྱི་རང་བཞིན་མ་ཤེས་ནས་དེ་བསྟན་པར ་བྱ་བའི་ཕྱིར། སོའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གང་ལྕི་བ་དང་སྲོ་བའོ་ཞེས་བྱ་བ་ལ། སྲང་གི་མགོ་དམའ་ཞིང་མཇུག་མཐོ་བར་གྱུར་པ་ནི་ལྕི་བའོ།། དེ་ལ་ལྕི་བ་ནི་ལྕི་བ་དང་ཡང་བ་ཞེས་བྱ་བ ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད་དེ། དེ་དགར་བར་བྱ་བའི་ཕྱིར། སྲ་བ་ཞེས་བྱ་བ་སྨོས་སོ།། སྲ་བ་སྨོས་པ་ནི་འབྱུང་བ་ལས་གྱུར་པའི་གཟུགས་དགར་བ་ཡིན་ཏེ། རྩུབ་པ་དང་མཁྲང་བ་ཞེས་བྱ་བའི་དོན་ཏོ།། ་འབྱུང་བ་ལས་གྱུར་པའི་གཟུགས་ལྕི་བ་ཡིན་ཡང་སྲ་བ་དང་མཁྲང་བའི་རང་བཞིན་མ་ཡོན་ནོ།། ཆུའི་ཁམས་གང་ཞེ་ན་གང་གཤེར་བ་དང་། རློན་པའོ་ཞེས་བྱ་བ་ལ། བདག་རང་གི་མཚན་ཉིད་ནི་གཤེར་བའོ།། གཞན ་ལ་ཡང་གཤེར་བར་བྱེད་པས་ན་རླན་པའོ།། མེའི་ཁམས་གང་ཞེ་ན་གང་དྲོ་བ་དང་སྨིན་པར་བྱེད་པའོ།། ཞེས་བྱ་བ་ལ། རང་ཉིད་ཚ་བའི་རང་བཞིན་ཡིན་པས་དྲོ་བའོ།། རྫས་གཞན་ལ་ཡང་དྲོ་བ་དང་སྨིན་པར་བྱེད ་བས་ན་སྦྱིན་པའོ།། རླུང་གི་ཁམས་གང་ཞེ་ན་གང་བསྐུམྦྷ་པ་དང་། སྦྲང་བུ་དང་ཡང་ཞིང་གཡོ་བའོ་ཞེས་བྱ་བ་ལ། ལུས་ཀྱི་རྐང་ལག་ལ་སོགས་པ་རླུང་དུ་བསྐུམ་ཞིང་ཕྱིར་སྦྱང་བ་དང་། ཕྱིའི་འདབུམ་ལ་སོགས་པ་གཡོ ་ཞིང་ཁྱེར་བར་བྱེད་པ་ནི་རླུང་གི་ཁམསོ།། ཡང་བ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱང་ཡོད་དེ་དེ་དང་འཁྲུལ་པར་མི་འགྱུར་བར་བྱ་བའི་ཕྱིར། གཡོ་བ་ཞེས་བྱ་བའི་རྣམ་གྲངས་སྨོས་སོ།། དེ་ལ་ཡང་པོ་ནི་རླུང་གི་ཁམས་ཀྱི་རང་བཞིན ་དོ། གཡོ་བ་ནི་རླུང་གི་ཁམས་ཀྱི་ལས་ཏེ། གཡོ་བ་ཞེས་བྱ་བ་ལས་བསྟན་པའི་སྒོ་ནས། ཡང་བ་ཞེས་བྱ་བའི་རང་བཞིན་བསལ་བར་འགྱུར་ཏོ། གང་གཡོ་བའི་བདོག་ཉིད་དུ་ཡང་བ་ནི། རླུང་གི་ཁམས་སོ།། གང་གཡོ་བ་མེད་པ་ལ་ཡང་བ ་འབའ་ཞིག་ཡོད་པ་དེ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཡིན་ནོ།། དེ་ལས་ཞེས་བྱ་བ་སྨོས་པས་ཆོག་མོང་། ཁམས་ཞེས་སྨོས་ཅི་དགོས་ཤེ་ན། ས་འགའ་ཞིག་སྨོས་ན་ནི་འབྱུང་བ་ལས་གྱུར་པ་དཀར་པོ་དང་དམར་པོ་ལ་ཡང་འཇིག ་རྟེན་ནས་ཞེས་བྱ་སྟེ། དེ་དང་ནོར་བར་འགྱུར་བ་དགག་པའི་ཕྱིར་ཁམས་ཀྱི་སྒྲ་སྨོས་སོ།། གང་གོང་དུ་བཤད་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་གཟུགས་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འབྱུང་བ་ཆེན་པོ་བཞིའི ་མཚན་ཉིད་ཀྱིས་གཟུགས་འདི་དང་། གོང་དུ་བཤད་པའི་གཟུགས་མེད་པའི་མིང་གི་ཕུང་པོ་བཞི་གཅིག་ཏུ་བསྡུས་ན། མིང་དང་གཟུགས་ཞེས་བྱའོ།། མངོན་པའི་ཆོས་ལས་ནི་གཟུགས་རྣམ་པ་གསུམ་སྟེ། བལྟར་སྣང་ལ་ཐོགས་པ ་དང་བཅས་པ་དང་། བལྟར་མི་སྣང་ལ་ཐོགས་པ་དང་བཅས་པ་དང་། ལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའོ།། མིང་ཡང་གསུམ་སྟེ་རྣམ་པར་ཤེས་པའི་ཕུང་པོ་མ་གཏོགས་པར་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དེ། གཟུགས ་གསུམ་དང་མིང་གསུམ་གཅིག་ཏུ་བསྡུས་ན་མིང་དང་གཟུགས་ཞེས་བྱའོ།། དེ་ལ་བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། གང་མིག་གི་དབང་པོའི་ཡུལ་དུ་གྱུར་པ་གཟུགས་ཞེས་རྣམ་པར་བཞག་པའོ།། བལྟར་མི་སྣང ་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། རྫས་དགུ་སྟེ་མིག་ལ་སོགས་པའི་དབང་པོ་ལྔ་དང་། སྒྲ་དང་དྲི་དང་རོ་དང་རེག་སྟེ་ཡུལ་བཞིའོ།། བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རྣམ་པར་རིག་བྱེད་མ ་ཡིན་པའི་གཟུགས་སྷོ།། །། སྐྱེ་མཆེད་དྲུག་བསྟན་པའི་ཕྱིར། མྱིང་གང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་མཆེད་དྲུག་དག་ཏུ་ཟད་དོ།། སྐྱེ་མཆེད་དྲུག་མིང་ཙམ་སྨོས་པ། རབ ་ཏུ་དབྱེ་བ་བསྟུན་པའི་ཕྱིར། མིག་གི་སྐྱེ་མཆེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་འབྱུང་བ་ཆེན་པོ་བཞིའི་གཟུགས་ཀྱི་རྒྱུ་ལས་ནི། མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་འབྱུང་ངོ་།། མིང་གི་ཕུང་པོ་བཞིའི་རྒྱུ ་ལས་ནི། ཡིད་ཀྱི་སྐྱེ་མཆེད་འབྱུང་བར་འགྱུར་རོ།། ཡང་ན་འབྱུང་བ་ཆེན་པོ་བཞི་དང་བ་དང་གསལ་བར་གྱུར་ན། མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆོད་ཀྱི་བར་དུ་འགྱུར་རོ།། མང་གི་ཕུང་པོ་བཞི་གསལ་བར་གྱུར་ན། ཡིད་ཀྱི་སྐྱེ་མཆེད ་དུ་འགྱུར་རོ།། དེ་ལ་གཟུགས་སྤྱོད་ཡུལ་དུ་གྱུར་པ་ལྟ་བའི་བདག་ཉིད་ཅན་གཟུགས་དང་ཤིང་བསལ་བ་ནི་མིག་གི་སྐྱེ་མཆེད་དོ།། སྒྲ་སྤྱོད་ཡུལ་དུ་གྱུར་པ་ཉན་པའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ ་ནིརྣ་བའི་སྐྱེ་མཆེད་དོ།། དྲི་སྤྱོད་ཡུལ་དུ་གྱུར་པ་སྡོམ་པའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་སྣའི་སྐྱེ་མཆེད་དོ།། རོའི་སྤྱོད་ཡུལ་དུ་གྱུར་པ་མྱོང་པོའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་ལྕེའི་སྐྱེ་མཆེད་དོ།། རེག ་བྱའི་སྤྱོད་ཡུལ་དུ་གྱུར་པ་འཇམ་རྩུབ་ལ་སོགས་པ་ཚོར་བའི་བདག་ཉིད་ཅན་གཟུགས་དང་ཞིང་གསལ་བ་ནི་ལུས་ཀྱི་སྐྱེ་མཆེད་དེ། ཆོས་སྤྱོད་ཡུལ་དུ་གྱུར་པ་ཤེས་ཤིང་རེག་པའི་བདག་ཉིད་ཅན་ནི་ཡིད་ཀྱི་སྐྱེ་མཆེད་དེ། འདོད་པའི ་ཁམས་ན་ནི་སྐྱེ་མཆེད་དྲུག་ཅུར་ཡོད་དོ།། གཟུགས་ཀྱི་ཁམས་ན་ནི་སྣ་དང་ལྕེ་གཉིས་མ་གཏོགས་པ་ལྷག་མ་བཞིའོ།། གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་སྐྱེ་མཆེད་འབའ་ཞིག་ཡོད་པར་ཟད་དོ།། རོག་པ་བསྟན་པར་བྱ་བའི ་ཕྱིར། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱི་རེག་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སྨོས་སོ།། གྲངས་སྨོས་པའི་བར་དུ་དབྱེ་བ་བསྟན་པའི་ཕྱིར། མིག་གིས་ཀུན་རེག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། མིག་དང ་གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་བས་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ལ་རེག་པ་ཞེས་བྱའོ།། དེ་བཞིན་དུ་རྣ་བ་དང་སྒྲ་དང་། རྣ་བའི་རྣམ ་བཔར་ཤེས་པ་གསུམ་དུས་གཅིག་ཏུ་ཚོགས་པ་ནི་རྣ་བས་ཀུན་ཏུ་རེག་པ་ཞེས་བྱ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ།། དེ་ལ་མིག་གིས་ཀུན་ཏུ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པའི་བར་དུ་ལྔ་ནི། ་ཐོགས་པ་དང་བཅས་པའི་རེག་པ་ཞེས་བྱ་སྟེ། མིག་ལ་སོགས་པའི་དབང་པོ་ཐོགས་པ་དང་བཅས་པ་མ་བརྟེན་པའི་ཕྱིར་རོ།། ཡིད་ཀྱི་ཀུན་ཏུ་རེག་པ་ནི་ལྷག་པར་ཡུལ་ལ་འཇུག་པའི་རེག་པ་ཞེས་བྱ་སྟེ། མིག་ལ་སོགས ་བས་གཟུགས་ཀྱི་དབང་དུ་བྱས་ཏེ། མཐོང་བ་རྣམས་ཀྱི་རྗེས་ལ། ཡིད་ཀྱི་གཅོད་པར་བྱེད་པས་ན་ལྷག་པར་ཡུལ་ལ་འཇུག་པའི་རེག་པ་ཞེས་བྱའོ།། ཚོར་བ་བཤད་པར་བྱ་བའི་ཕྱིར། རེག་པའི་རྐྱེན་གྱི་ཚོར་བ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཚོར་བའི་ཚོགས་དྲུག་ཅེས་བྱ་བས། གྲངས་བསྟན་ཏོ།། གྲངས་བསྟན་པ་ཉིད་ཀྱིས་དབྱེ་བ་བསྟན་པའི་ཕྱིར། མིག་གིས་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ཞེས་བྱ་བ་སྨོས་ཏེ། མིག་དང་ཡུལ་དང ་རྣམ་པར་ཤེས་པ་གསུམ་ཚོགས་པ་ལས་གང་སྐྱེས་པོའི་ཚོར་བ་ནི། མིག་གིས་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ཞེས་བྱའོ།། དེ་ཡང་ཡུལ་ཡིད་དུ་འོང་བ་དང་། ཡུལ་ཡིད་དུ་མི་འོང་བ་དང་། ཡུལ་གཉིས་ག་མ་ཡིན ་པ་ཕྲད་པའི་རྒྱུ་ལས། ཚོར་བ་རྣམ་པ་གསུམ་དུ་འགྱུར་ཏེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྐྱེའོ།། དེ་ལ་ཡུལ་ཡིད་དུ་འོང་བ་དང་ཕྲད་ན་ནི ་བདེ་བའི་ཚོར་བ་སྐྱེའོ།། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ན་ནི་སྡུག་བསྔལ་གྱི་ཚོར་བ་སྐྱེའོ།། ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་མྱི་འོང་བ་ཡང་མ་ཡིན་པ་དྲང་ཕྲད་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ ་ཡིན་པའི་ཚོར་བ་སྐྱེ་སྟེ། དེ་བཞིན་དུ་སྒྲ་སྙན་པ་དང་། མི་སྙན་པ་དང་། གཉི་ག་མ་ཡིན་པ་དང་ཕྲད་པའི་སྒོ་ནས། རྣ་བས་ཀུན་ཏུ་རེག་པ་ལས་ཀྱང་ཚོར་བ་རྣམ་པ་གསུམ་སྐྱེ་སྟེ། དབང་པོ་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར ་སྦྱར་རོ།། དེ་ལ་སིམ་པར་བྱེད་པ་ནི་བདེ་བའི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་འདོགས་པར་བྱེད་ཅེས་བྱ་བའི་དོན་ཏོ།། གདུང་བར་བྱེད་པ་ནི་སྡུག་བསྔལ་གྱི་ཚོར་བ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ ་གནོད་པར་བྱེད་ཅེས་བྱ་བའི་དོན་ཏོ།། སིམ་པར་ཡང་མི་བྱེད་གདུང་བར་ཡང་མི་བྱེད་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱ་སྟེ། དབང་པོ་དང་འབྱུང་བ་ཆེན་པོ་བཞི་ལ་ཕན་པར་ཡང་མི་བྱེད་གནོད ་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ།། ཡང་ན་ལུས་དང་དབང་པོ་དང་ཡིད་ལ་རྗེས་སུ་འཛིན་ཅིང་ཕན་འདོགས་པའི་ཚོར་བ་གང་སྐྱེས་ན། སྐྱེས་པའི་ཚེ་དང་གནས་པའི་ཚེ་ན་བདག་བདེའོ་སྙམ་དུ་སེམས་ལ། དེ་དང་ཕྲད་ན་བདག ་སྡུག་བསྔལ་ལོ་སྙམ་དུ་སེམས་པ་ནི། བདེ་བའི་ཚོར་བ་ཞེས་བྱའོ།། ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལ་གནོད་པར་བྱེད་པསོ།། གང་སྐྱེས་པ་དང་གནས་པའི་ཚེ་ན། བདག་སྡུག་བསྔལ་ལོ་སྙམ་དུ་སེམས་ལ། ་དེ་དང་བྲལ་ན་བདག་བདེའོ་སྙམ་དུ་སེམས་པ་ནི། སྡུག་བསྔལ་བའི་ཚོར་བ་ཞེས་བྱའོ།། ལུས་དང་དབང་པོ་དང་རྣམ་པར་ཤེས་པ་ལཱ། ཕནྡྷ་པར་ཡང་མི་བྱེད་གནོད་པར་ལྟུང་མྱི་བྱེད་པས། གང་སྐྱེས་པ་དང་གནས ་པའི་ཚེ་ན། བདེའོ་སྙམ་དུ་ཡང་མི་སེམས། སྡུག་བསྔལ་ལོ་སྙམ་དུ་ཡང་མི་སེམས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ།། དེ་ལ་ཡིད་ཀྱིས་ཀུན་ཏུ་རེག་པའི་ཚོར་བ་བདེ་བ་ཞེས ་བྱ་བ་ལ་སྩོགས་པ་ལ། མིག་གིས་ཀུན་ཏུ་རེག་པ་ནས། ལུས་ཀྱིས་ཀུན་ཏུ་རེག་པའི་བར་དག་གིས་སིམ་པ་ལ་ནི། བདེ་བའི་ཚོར་བ་ཞེས་བྱ། གདུང་བ་ལ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ།། ཡིད་ཀུན་ཏུ་རེག་པའི ་ཚོར་བ་སིམ་པ་ལ་ནི། མིང་དུ་བདེ་བའི་ཚེར་བ་ཞེས་བྱའོ།། ཡིད་བདེ་བའི་ཚོར་བ་ཞེས་བྱ་བ་དང་། གདུང་བ་ལ་སྡུག་བསྔལ་གྱི་ཚོར་བྱ་ཞེས་མི་བྱའཾ། ཡིད་མི་བདེ་བའི་ཚོར་བ་ཞེས་བྱའོ།། དེ་ལ་མིག་གིས་ཀུན་ཏུ ་རེག་པ་ནས། ལུས་ཀྱི་ཀུན་ཏུ་རེག་པ་ལས་སྐྱེས་པའི་ཚོར་བ་ནི། དབང་པོ་གཟུགས་ཅན་ལ་བརྟེན་པས་ལུས་ཀྱི་ཚོར་བ་ཞེས་བྱའོ།། ཡིད་ཀྱི་ཀུན་ནས་རེག་པ་ལས་སྐྱེས་པའི་ཚོར་བ་ནི། སེམས་ལ་བརྟེན་པའི ་ཕྱིར། སེམས་ཀྱིས་ཚོར་བ་ཞེས་བྱའོ།། བརྒལ་བ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་མ་གཏོགས་པའི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བའི་ཚོར་བ་གསུམ་པོ་ཡོད་པར་ཅི་མངོན། སྨྲས ་པ་ལུང་དང་རིགས་པས་མངོན་ཏེ། ལུང་ལས་བདེ་བ་དང་། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ནོ་ཞེས་གསུངས་པ་དང་། ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ནས། བདེ ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དྲན་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ།། རིགས་པ་ཡང་ཡོད་དེ་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མི་སྲིད་པས། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མ་མྱོང ་པའི་དུས་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རང་བཞིན་ཚོར་བ་ཀུན་ལ་རང་གིས་རིག་པོ་ཡོད་པའི་ཕྱིར་རོ།། དེ་ལ་འདོད་པའི་ཁམས་ན། ཚོར་བ་གསུམ་ཆར་དང་ལྡན་ནོ།། གཟུགས་ཀྱི་ཁམས་ཀྱི་བསམ ་གཏན་དང་པོ་དང་གཉིས་པ་ན་ནི་ཚོར་བ་བདེ་བ་དང་བཏང་སྙོམས་གཉིས་ཀ་དང་ལྡན་ནོ།། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གསུམ་པ་ཡན་ཆད་ནས། སྲིད་པའི་རྩེ་མོ་མན་ཆད་ནི། ཚོར་བ་བཏང་སྙོམས་འབའ་ཞིག་དང་ལྡན ་ནོ།། སྲེད་པ་བསྟན་པར་བྱ་བའི་ཕྱིར། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་གསུངས་ཏེ། སྲེད་པ་ཞེས་བྱ་བ་ནི། ཆགས་པ་དང་ཞེན་པ་དང་འདོད་ཆགས་དང་། རབ་ཏུ་ཆགས་པ་ཞེས་བྱ་བ་རྣམ་གྲངས་སུ་གཏོག་སོ།། གཟུགས ་ལ་སོགས་པའི་ཡུལ་དྲུག་ལ་ཆགས་པ་ནི་སྲིད་པ་ཞེས་བྱ་སྟེ། སྲེད་པ་དང་སྲིད་པའི་ལོངས་སྤྱོད་ལ། ཚྭ་ཆུ་འཐུང་བ་བཞིན་དུ་རྒྱུན་ཏུ་སྤྱོད་ཀྱང་ངོམས་མི་མྱོང་བ་ནི་སྲེད་པའོ།། ཕྱེ་མ་ལོ་བ་བརླག་པའི་གནས་མའི་གཟུགས་ལ ་ཆགས་པ་དེ་བཞིན་དུ། མི་གཙང་བའི་རང་བཞིན་བརླག་པའི་གནས་བུད་མེད་དང་། སྐྱེས་པ་གཉིས་གཅིག་གི་གཟུགས་ལ་གཅིག་ཆགས་པ་ནི། གཟུགས་ལ་སྲེད་པ་ཞེས་བྱའོ།། བརློག་པའི་གནས་ནི་རི་དགས་གླུ་ལ་ཆགས་པ ་བཞིན་དུ་སྒྲ་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་སྒྲ་ལ་སྲིད་པ་ཞེས་བྱའོ།། མི་གཙང་བའི་སྦྲང་བུ་མི་གཙང་བའི་དྲི་ལ་དམ་པར་འཛིན་ཅིང་ཆགས་པ་དེ་བཞིན་དུ་དྲི་རྣམ་པ་སྣ་ཚོགས་ལ་ཆགས་པ་ནི་དྲི་ལ་སྲེད་པ་ཞེས་བྱའོ།། ཕག་མི ་གཙང་བའི་རོ་རྣམ་པ་སྣ་ཚོགས་ལ་ཆགས་པ་བཞིན་དུ་རོ་རྣམ་པ་ཚོགས་ལ་ཞེན་པ་ནི་རོལ་སྲེད་པ་ཞེས་བྱའོ།། ཡུངས་མ་མར་གྱི་སྦྲང་བུ་ཡུངས་མར་གྱི་སྣོད་ཀྱི་རིག་པ་ལ་ཆགས་པ་དེ་བཞིན་དུ། འཇམ་པོ་དུང་རྩུབ་པཱུ་ལ ་སོགས་པའི་རེག་པ་ལ་ཆགས་པ་ནི། རེག་པ་ལ་སྲེད་པ་ཞེས་བྱའོ།། འདོད་པ་ལྔའི་ཡོན་ཏན་དེ་དག་སྔོན་སྤྱོད་དེ། འདས་པ་ལ་ཕྲད་པ་སྨོས་པ་དང་། མ་འོངས་པ་དང་ཡང་མྱུར་དུ་འཕྲོགས་པར་སྨོན་པ་དང་། འཇིག་རྟེན་གྱི ་བསམ་གཏན་གྱི་རོ་ལ་ཆགས་པ་དང་། ལྟ་བ་ཕྱིན་ཅི་ལོག་རྣམ་པོ་སྣ་ཚོགས་ལ་ཆགས་པ་ནི། ཆོས་ལ་སྲིད་པོ་ཞེས་བྱའོ།། དེ་ཡང་བསྡུས་ནི་ཕྱིའི་དངོས་པོ་ལྔ་ཆགས་པ་དང་། ནང་གི་དངོས་པོ་ལ་ཆགས་པ་དང་། ལྟ་བ་ལ ་ཆགས་པའོ།། དེ་ལ་ཕྱིའི་དངོས་པོ་ལ་ཆགས་པ་ནི།། འདོད་པ་ལྔའི་ཡོན་ཏན་ལ་ཆགས་པའོ།། ནང་གི་དངོས་པོ་ལོ་ཆགས་པ་ནི།། ཉེ་བར་ལོན་པའི་ཕུང་པོ་ལྔ་ལ་ཆགས་པའོ།། ལྟེ་བ་ལ་ཆགས་པ་ནི་རྟག་པར་མངོན་པར ་ཆགས་པ་དང་། ཆད་པར་མངོན་པར་ཆགས་པ་ལ་སོགས་པའོ།། ། ལེན་པ་བསྟུན་པའི་ཕྱིར་སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ། ལེན་པ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། བཞི་བཞི་ཞེས་བྱ་བས་གྲངས ་བསྟན་ཏོ།། ཡང་སྲིད་པ་ཉེ་བར་ལེན་པར་བྱེད་པས་ལེན་པའོ།། འདོད་པ་དང་ལྡན་པ་ལ་སོགས་པའི་སེམས་ཀྱི་རྒྱུན་མི་གཏོང་ཞིང་འཛིན་པར་བྱེད་པས་ན་ལེན་པ་ཞེས་བྱའོ།། ཡང་ན་ཤིང་གི་དོན་ནི་ལེན་པའི་དོན་ཏེ། ལོས་ཀྱི་མེ ་འབར་བའི་ཕྱིར་ལེན་པ་ཞེས་བྱའོ།། དཔེར་ན་བུད་ཤིང་གི་རྒྱུས་མེ་འབར་བ་དེ་བཞིན་དུ། ཉོན་མོངས་པའི་བུད་ཤིང་གི་རྒྱུས་སྐྱེས་བུས་ལས་ཀྱིས་མེ་འབར་བར་འགྱུར་བའི་དོན་ནི། ལེན་པ་ཞེས་བྱའོ།། ཡང་ན་ལྡན་པའི་དོན་ནི ་འཁྲི་བའི་དོན་ཏེ། དར་གྱི་སྲིན་བུས་རང་གི་ལུས་དཀྲིས་པ་བཞིན་དུ། ཉོན་མོངས་པའི་བཅིང་བས་བདག་ཉིད་བཅིངས་ནས་ཐར་པའི་གེགས་བྱེད་པ་ནི་ལེན་པའོ།། རབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ལེན་པ་དང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། གང་འདོད་པའི་ཁམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ནས་ད་མི་གཏོང་བ་ནི་འདོད་པའི་ལེན་པའོ།། ལྟ་བ་ལེན་པ་དང་ཞེས་བྱ་བ་ལ། རྟག་པར་ལྟ་བོ་དང་། ཆད་པར་ལྟ་བ་དང་། ལྟ་བ་བསྟིམ ་པབ་ལ་སོགས་པ་ལ་ཆགས་ཤིང་། དེ་མི་གཏོང་བ་ནི་ལྟ་བ་ལེན་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ་བ་ལ། མི་འམ་ལྷ་འམ་བརྒྱ་བྱིན་ནམ་ཚོངས་པར་གྱུར་ཅིག་ཅེས་སྨོན་ལམ་ལོག་པའི་རྒྱུ་དེ་འདོང་བའི་ཕྱིར། ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པའོ།། བདག་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་ལ། འཇིག་ཚོགས་སུ་ལྟ་བ་ལ་མངོན་པར་ཆགས་ཤིང་མི་གཏོང་བ་ནི། བདག ་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་སྟེ། འདོད་པ་ལེན་པས་ནི། འདོད་པའི་ཁམས་ཀྱི་སྡུག་བསྔལ་ཉིད་སྐྱེད་པར་བྱེད་དོ།། ལེན་པ་གསུམ་གྱིས་ནི་ཁམས་གསུམ་གྱི་སྡུག་བསྔལ་སྐྱེད་པར་བྱེད་དོ།། ཡང་ན་གང་འདོད་པའི་ཁམས ་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ། འདོད་ཚོགས་དོང་ང་རྒྱལ་དང་ཁོང་ཁྲོ་དང་མ་རིག་པ་སྟེ། རྫས་ཉི་ཤུའོ།། ཇི་ལྟ་ཞོ་ན། འདོད་པའི་ཁམས་ཀྱིས་སྡུག་བསྔལ ་མཐོང་བས་སྤང་བར་བྱ་བ་ནས། ཀུན་འབྱུང་དང་ལམ་དང་། འགོག་པ་དང་། ལམ་དང་བསྒོམ་པས་སྤང་བར་བྱ་བའི་བར་དུ་འདོད་ཆགས་ལྔ་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི ་བར་དུ་ང་རྒྱལ་ལྔ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཁོང་དུ་ཁོང་ཁྲོ་བ་ལྔ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བོར་དུ ་མ་རིག་པ་ལྔ་སྟེ། སྤྱིར་ལྔ་བཞི་ཉི་ཤུའོ།། ཐེ་ཚོམ་དང་བཅས་པས་སྒོམ་མི་སྲིད་པའི་ཕྱིར་བསྒོམ་པའི་ལམ་ལ་ནི་ཐེ་ཚོམ་མེད་དེ། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང ་བར་བྱ་བའི་ཐེ་ཚོམ་བཞི་དང་། དེའི་སྟེང་དུ་ངོ་ཚ་མེད་པ་དང་། ཕྲག་དོག་དང་འཇུངས་པ་དང་། ཞུམ་པ་དང་། ཐེ་ཚོམ་དང་། གཉིད་དང་། ཁྲོ་བ་དང་། ཆགས་པ་དང་། འཆབ་པ་སྟེ། རྫས་བཅུས་བསྟན་ནས་རྫས ་སུམ་བཅུ་རྩ་བཞི་པོ་འདི་ནི་འདོད་པ་ལེན་པ་ཞེས་བྱའོ།། ལྟ་བ་ལེན་པ་ཞེས་བྱ་བ་ལ་ཁམས་གསུམ་གྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས ་པ་བཞག་ནས་ཁམས་གཅིག་ཅིང་ཡང་ལྟ་བའི་རྫས་བཅུ་སྟེ། སུམ་ཅུ་ནི་ལྟ་བོ་ལེན་པ་ཞེས་བྱའོ།། ཇི་ལྟ་ཞེ་ན། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལོ་མ་མཐོང་བས་སྤང་བར་བྱ་བའི་བར་དུ་ལོག་པར་ལྟ་བ ་བཞིན་ལྟ་བ་བསྙེམས་པ་བཞི་སྟེ། བརྒྱད་ཀྱི་སྟེང་དུ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་འཇིག་ཚོགས་ཀྱི་ལྟ་བ་དང་། མཐར་འཛིན་པར་ལྟ་བ་བསྣན་ཏེ་བཅུའོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཡང་བཅུ ་གཟུགས་མེད་པའི་ཁམས་ན་ཡང་བཅུ་སྟེ་རྫས་སུམ་ཅུར་འགྱུར་རོ།། ཁམས་གསུམ་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྤྱིར་རྫས་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལེན་པ་ཞེས་བྱའོ།། ཇི་ལྟ་ཞེ་ན། ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་སྟེ་གཉིས་པ་དང་། ངོ་བཞིན་དུ་གཟུགས ་ཀྱི་ཁམས་ན་ཡང་གཉིས་གཟུགས་མེད་པའི་ཁམས་ན་ཡང་གཉིས་གཉིས་ཏེ་རྫས་དྲུག་ཏུ་འགྱུར་རོ།། དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ལ་སྲོག་གཅོད་པ་ལ་སོགས་པའི་ཚུལ་ཁྲིམས་ངན་པ་སྤངས་པ་ནི་ཚུལ ་ཁྲིམས་སོ།། ལུས་དང་ངག་གི་ཚུལ་དང་ལུས་སུ་བྱ་བ་རྣམས་ལ་ངེས་པར་འཇུག་པ་ནི་བརྟུལ་ཞུགས་ཏེ། སྐྲ་འདྲེག་པ་དང་དུས་སུ་རྐང་ལག་བཀྲུ་བ་ལ་སོགས་པའི་ལུས་ངེས་པར་བྱེད་པ་འམ། བདེ་བྱ་སྤངས་ནས་མེ་ལྔ་དང ་ཁྱིའི་དཀའ་ཐུབ་ལ་སོགས་པའི་ཚུལ་འཛིན་པ་ནི། བརྟུལ་ཞུགས་སྷོ།། སྨད་པའི་ལྟ་བ་ལ་ངེས་པར་ཡོན་ཏན་དུ་གཟུང་ནས་དབང་ཕྱུགས་ལ་སོགས་པ་དང་འཇིག་ཚོགས་ལ་ལྟ་བོ་ལ་སོགས་པ་སྔོན་དུ་བཏང་སྟེ། ཚུལ ་ཁྲིམས་དང་བརྟུལ་ཞུགས་འཛིན་པ་ནི་དག་པའི་རྒྱུ་དང་། ལམ་མ་ཡིན་ན་དེ་དག་ལ་དག་པ་དང་ལམ་གྱི་རྣམ་པ་ལྟ་བུར་འཛིན་ཏེ། གང་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ ་ལ་ལེན་པ་ཞེས་བྱའོ།། དེའི་ཕྱིར་བཤད་པའི་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཆགས་ཏེ། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ནི་འཇིག་རྟེན་རྣམས་ཀྱི་སྐྱེད་པའི་རྒྱུ་མ་ཡིན་ན། དེ་ལ་རྒྱུར་མངོན་པར་ཆགས་པས་ན་ཕྱིན་ཅི། ་ལོག་གོ།། ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་ནི་གྲངས་པའི་ཡེ་ཤེས་ཀྱི་སྦྱོར་བ་ལ་སོགས་པ་གྲོལ་བའི་ལམ་མ་ཡིན་ན་མངོན་པར་ཞེན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པས་དེ་སྔོན་ཏུ་བྱས་པའི་ཚུལ་ཁྲིམས་དང ་བརྟུལ་ཞུགས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྐེམས་པ་ལེན་པ་ཞེས་བྱའོ།། ཅིའི་ཕྱིར་ན་འོ་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་སྐེམས་པ་དེ་ལྟ་བ་ལས་བཀར་ཏོ་ལོགས་ཤིག་ཏུ་བཤད། ལམ་དུ་ལམ་གྱི ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་གྲངས་པའི་རྣལ་འབྱོར་གྱི་ཡེ་ཤེས་ལ་སོགས་པ་གྲོལ་བའི་ལམ་མ་ཡིན་ཡང་ཐར་པའི་ལམ་དུ་ལྟ་བའི་ཕྱིར་རོ།། ཡང་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ ་སླུ་བར་བྱེད་དེ། ཁྱིམ་ལ་གནས་པའི་ཕྱོགས་ལ་ནི་ཁྭ་ཟས་གཅོད་པ་དང་མེར་འཚོང་བ་ལ་སོགས་པ་མཐོ་རིས་ཀྱི་ལམ་མ་ཡིན་ཡང་ལམ་དུ་ཤེས་པས་སླུ་བར་བྱེད་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་འདོད་པའི་ཡུལ་གྱི ་བདེ་བ་སྤོངས་པས་དག་པར་ཡིད་ཆེས་ཤིང་། མེ་ལྔའི་དཀའ་ཐུབ་དང་སྐྲ་འབྱལ་བ་དང་། ཁ་ཟས་རྩུབ་པོ་ཟ་ཞིང་ཚེར་མིའི་སྟེང་ན་ཉལ་བ་ལ་སོགས་པ་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པས་སླུ་བར་བྱེད་དོ།། བདག ་ཏུ་སྨྲ་བ་ལེན་པ་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པོའི་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བའི་བར་དུ་བཅུ་བཅུ་སྟེ། སུམོ་ནུའོ་སྟེང་དུ ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཐེ་ཚོམ་བཞི་པ་ནི་བརྒྱད་དེ། སུམ་ཅུ་རྩ་བརྒྱད་ནི། བདག་ཏུ་སྨྲ་བ་ལེན་པ་ཞེས་བྱའོ།། ཇི་ལྟ་ཞེ་ན་གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས ་སྤང་བར་བྱ་བའི་བར་དུ་འདོད་ཆགས་ལྔ་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ལྔ་སྟེ་བཅུའོ།། གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་ང་རྒྱལ་ལྔ་དང་། གཟུ ་མེད་པའི་ཁམས་ན་ཡང་དེ་བཞིན་དུ་ལྔ་སྟེ་བཅུའོ།། གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྦྱང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་དུ་མ་རིག་པ་ལྔ་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་ལྔ་སྟེ་བཅུའོ ་གཟུགས་ཀྱི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་བློ་ཚོམ་བཞི་དང་། གཟུགས་མེད་པའི་ཁམས་ན་ཐེ་ཚོམ་བཞོ་སྟེ། ཐེ་ཚོམ་བརྒྱད་དོ།། དེ་ལྟར་ན་རྫས་སུམ་ཅུ་རྩ་བརྒྱད་དུ ་འགྱུར་རོ།། བརྒལ་བ་ཉོན་མོངས་པར་འདྲ་བ་ལས། འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་ནི། འདོད་པའི་ལེན་པར་བཤད་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལ་གཟུགས་དང་གཟུགས་མེད་པའི ་ལེན་པ་ཞེས་མི་བྱ། ཅིའི་ཕྱིར་ནཱ་བདག་ཏུ་སྨྲ་བའི་ལེན་པ་ཞེས་བྱ་ལན་དུ་གཟུགས་དང་གཟུགས་མེང་བའི་ཁམས་ཉོན་མོངས་པ་དང་། སེམས་ནི་ཁ་ནང་དུ་ལྟ་བ་ཡིན་པས། ཉོན་མོངས་པ་དེ་དག་ལ་བདག་ཏུ་ལྟ་སྟེ། དེ་བས་ན་དེ་དག ་བདག་ཡོད་པ་མོ་ཡིན་གྱི། ཉོན་མོངས་པ་ལ་བདག་ཏུ་ལྟ་ཞིང་སྤྲོ་བར་ཟད་དོ་ཞེས་བསྟན་པའི་ཕྱིར། བདག་ཏུ་སྨྲ་བ་ལེན་པ་ཞེས་བཤད་དོ།། ཡང་ན་ཁྱིམ་ན་གནས་པའི་ཕྱོགས་རྣམས་ནི། བུ་སྨད་ལ་སོགས་པ་འདོད་པ་ལ་ཆགས ་བ་ནཱ། འདོད་པ་ལེན་པར་བྱེད་དོ།། རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་སྣ་ཚོགས་ལ་ཆགས་པས་ན་ལྟ་བ་ལེན་པར་བྱེད་དོ།། གང་ཁྱིམ་པའི་ཕྱོགས་ལ་དུས་ཁྲིམས་དང་ཟས་གཅོད་པ་ལ་སོགས་པའི་དཀའ་ཐུབ་བྱེད ་བས། མཐོ་རིས་དང་ཐར་པའི་ལམ་དུ་ཆགས་པ་དོང་། རབ་ཏུ་བྱུང་ཡང་ཚུལ་དེ་ཉིད་ཀྱིས། ཐར་པར་སེམས་པས་ན། ཕྱོགས་གཉིས་ཀོ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྐེམས་པ་ལེན་ཏོ།། མུ་སྟེགས་པ་བདག་ཏུ་སྨྲ་བ་རྣམས ་ནི་བདག་ཏུ་སྨྲ་བ་ལེན་ཏོ།། དེ་ལ་སྤང་བའི་རིམ་པས་དགོད་ན། ས་རྣམ་པ་གསུམ་སྟེ། མཐོང་བའི་ལམ་གྱི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རིག་པའི་སའོ།། དེ་ལ་རྒྱུན་ཏུ་ཞུགས་པ་རྣམས་ནི། མཐོང་བའི ་ལམ་གྱི་ས་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་ལྟ་བ་ཕྱིན་ཅི་ལོག་སྣ་ཚོགས་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་ཀྱིས་ཐར་པའི་ལམ་དུ་འཛིན་པའི་ཕྱིན་ཅི་ལོག་མེད་པས་ན་མཐོང་བའི་ལམ་གྱི་ས་ལ་ནི། ལྟ་བ་ལེན་པ་དང་། ཚུལ ་ཁྲིམས་དང་། བརྟུལ་ཞུགས་སྙོམས་པའི་ལེན་པ་སྤངས་སོ།། ལན་ཅིག་ཕྱིར་འོང་བ་ནི་འདོང་བའི་ཁམས་ཀྱི། འདོད་ཆགས་སྤང་བར་བྱ་བ་ལ་འཇུག་པ་ཡིན་ལ། ཕྱིར་མི་འོང་བས་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་སྦྱངས་པས་ན།། ་དེ་གཉིས་ནི་འདོད་ཆགས་དང་བྲལ་བའི་ས་ལ་གནས་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཀུན་སྤངས་པས་ན། འདོད་པ་ལེན་པ་སྤངས་པ་ཡིན་ནོ།། དགྲ་བཅོམ་པའི་དུས་ན་ནི། བྱ་བ་ནི་བྱས། ཁུར་ནི་བོར་བ་ཞེས་བྱ ་པབ་ལ་སོགས་པ་ཁོང་དུ་རྒྱུད་པས། བྱས་པ་རིག་པའི་སཱ་ལ་གནས་པ་ཞེས་བྱ་སྟེ། དགྲ་བཅོམ་པའི་དུས་ན། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར། བདག་ཏུ་སྨྲ་བ་ལེན་པ ་སྤངས་པ་ཞེས་བྱའོ།། སྲིད་པ་བསྟན་པའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ། སྲིད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡན་པའི་དབང་གིས་ལས་དགེ་བ་དང་མི་དགེ་བ་བྱེད་པ་ལས་ཡང་སྲིད་པ་ཞེས་བྱ། ལས ་དང་ཉོན་མོངས་པོའི་དབང་གིས་གནས་གང་དུ་སྐྱེ་བའི་གནས་དྲི་ལ་ཡང་སྲིད་པོ་ཞེས་བྱའོ།། སྲིད་པ་གསུམ་སྟེ་ཞེས་བྱ་བས་གྲངས་སྨྲས་པའི་བར་དུ་དབྱེ་བ་བསྟན་པའི་ཕྱིར་འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། ཞེས་བྱ་བ་ལ ་སོགས་པ་སྨོས་སོ།། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ། གཙོར་བྱེད་པའི་ཁམས་ནི་འདོད་པའི་སྲིད་པའོ།། འདོད་པའི་ཡོན་ཏོན་ལ་ཆགས་པ་ནི་སྤངས་ཀྱི། བསམ་གཏན་བསྒོམ་ཞིང་གཟུགསོ ་གཙོར་བྱེད་ཅིང་གཟུགས་ལ་བརྟེན་པའི་ཁྱམས་ནི་གཟུགས་ཀྱི་སྐྱིད་པའོ།། གཟུགས་ལ་ཚོགས་པ་སྤུངས་ནས། དབང་པོ་ལྔ་ལ་སོགས་པའི་གཟུགས་དང་བྲལ་བ་ནི། གཟུགས་མྱེད་པའི་སྲིད་པའོ།། དེ་དག་ཉིད་གང་ཡིན ་པ་བསྟོན་པའི་ཕྱིར་བདེ་བ་ལ་འདོད་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པའི་སྲིད་པ་ནི་སེམས་ཅན་དམྱལ་བ་ཡན་ཆད་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆད་ལ་བྱའོ།། དེ་ལ་ཆེ་བའི་སེམས་ཅན་དམྱལ་བ ་ནི་བརྒྱད་དེ་བསྟིར་མེད་པ་དང་། རབ་ཏུ་ཚྭ་བ་དང་། ཚ་བ་དང་། འོ་དོང་ཆེར་འབོད་པ་དང་། འོ་དོད་འབོད་པ་དང་། འཇོམ་པ་དང་། ཐིག་ནག་དང་ཡང་སོས་སོ།། བསྟིར་མེད་པའི་སེམས་ཅན་དམྱལ་བ་ནི། འཛམ ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་འདུག་སྟེ། བསྟིར་མེད་པའི་སེམས་ཅན་དམྱལ་བ་དེའི་གནས་ཀྱི་འཕང་ཡང་དཔག་ཚད་སྟོང་ཕྲག་ཉི་ཤུ། དཀྱིལ་ཡང་སྟོང་ཕྲག་ཉི་ཤུ་སྟེ། སྤྱིར་དེ་དག་གི་གནས་དཔག་ཚད ་སྟོང་ཕྲག་བཞི་བཅུར་འགྱུར་རོ།། སྐབས་ཅུང་ཟད་ཀྱང་མེད་དེ་བསྟིར་མེད་པས་ན་བསྟིར་མེད་པ་ཞེས་བྱའོ།། ཡང་ན་སྡུག་བསྔལ་ཉིད་སྣ་ཚོགས་པ་བར་ཆད་མེད་པར་འབྱུང་བས་ན་བསྟེར་མེད་པ་སྟེ། འདི་ལྟར་དམྱལ་བ་དེ ་ལ་ནི་ཕྱོགས་ཅུ་ནས་མེ་འབར་བ་ཆེན་པོས་འབྱུང་ཞིང་མེ་ཤིན་ཏུ་འདར་བས་སེམས་ཅན་གྱི་ལུས་བསྩོགས་པ་དང་། ལྕགས་ཀྱི་མདུང་རྩི་ཐོགས་པའི་དམྱལ་བའི་སྲུང་མ་རྣམས་ཀྱི་མདུང་གི་རྩེ་ལ་བླངས་ཤིང་ཟངས་པོ་ཆེར ་རྒྱུན་ཏུ་འཚེད་པར་བྱེད་པས་ན། བསྟིར་མེད་པ་ཞེས་བྱའོ།། བསྟར་མེད་པའི་སེམས་ཅན་དམྱལ་བའི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ཏེ། དུས་བྱེད་དོ།། དེ་ལ་རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་བདུན་ནི ་བསྟོར་མེད་པའི་སེམས་ཅན་དམྱལ་བ་དེའི་གོང་ན་རིམ་བཞིན་དུ་རྩེགས་མར་གནས་ཏེ། བསྟར་མེད་པའི་གོང་ན་རབ་ཏུ་ཚ་བའོ།། རབ་ཏུ་ཚ་བའི་གོང་ན་ཚོ་བའོ།། ཚ་བའི་གོང་ན་འོ་དོད་ཆེར་འབོད་པའོ།། འོ་དོང་ཆེར་འབོད་པའི ་གོང་ན་འོ་དོད་འབོད་པའོ།། འོ་དོད་འབོད་པའི་གོང་ན་འཇོམ་པའོ།། འཇོམས་པའི་གོང་ན་ཐིག་ནག་གོ། ཐིག་ནག་གོང་ན་ཡང་སོས་སོ།། ཁ་ཅིག་ནི་སེམས་ཅན་དམྱལ་བ་བདུན་པོ་དེ་དག་བསྟིར་མེད་པའི་དམྱལ་བའི ་ངོས་ན་གནས་སོ་ཞེས་འཆད་དོ།། ཚ་བའི་སེམས་ཅན་དམྱལ་བ་ལ་བལྟོས་ནས་དེ་བས་ཀྱང་ཆེས་ཚ་བས་ལུས་དང་སེམས་ཤིན་ཏུ་གདུངས་པས་ན་རབ་ཏུ་ཚ་བའོ།། རབ་ཏུ་ཆེ་བའི་སེམས་ཅན་དམྱལ་བ་དེའི་ཚེའི ་ཚད་ནི་བསྐལ་པ་བར་མ་ཕྱེད་དུ་གནས་ནས་དུས་བྱེད་དོ།། མེ་ལྕེ་འབར་བ་ཆེན་པོས་ལུས་བསྐོར་ཅིང་བསྲེགས་པས་ཀུན་ཏུ་ཚ་ཞིང་གདུངས་པ་ནི། ཚ་བའི་སེམས་ཅན་དམྱལ་བ་ཞེས་བྱ་སྟེ། དེའི་ཚེའི་ཚད་ནི་གཞན་འཕྲུལ་དབང ་བྱེད་ཀྱི་ཚེའི་ཚད་ཇི་ཙམ་པོ་ཉིན་ཞག་གཅིག་ཏུ་བརྩི་བའི་ཚེ་ལོ་སྟོང་ཕྲག་བཅུ་དྲུག་གནས་དུས་བྱེད་དོ།། འོ་དོང་ཆེར་འབོད་པ་ནི་གང་ཚ་བ་ཆེར་མི་བཟད་པ་མང་པོས་མནར་བས་འོ་དོང་འབོད་པས་ཀྱང་མི་བཟད་དོ།། སྡུག ་བསྔལ་ལོ་ཞེས་འོ་དོད་ཆེར་འབོད་དེ། དེའི་ཚེའི་ཚད་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ཙམྦོ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་སྟོང་ཕྲག་བརྒྱད་ཐུབ་བོ།། འོ་དོད་འབོད་པའི་གཏུབ་བྱའི་སེམས་ཅནྡ་དང་མི་བཟད་པའི ་ལས་ཀྱི་རྣམ་པར་སྨིན་པས་བཙེས་སྡུག་བསྔལ་ཞིང་ཉམ་ཐག་ནས་འོ་དོད་འབོད་པ་སྟེ། དེའི་ཚེའི་ཚད་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེ་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཞིའོ།། དེ་ལ་འཇོམས ་བཱནྡེ་ཝཱ་གཱ་དང་དྲཱ་དྷཱ་རཱི་དང་། པཱ་འོད་ལ་སོགས་པ་རླུང་བ་བཱན་རྒྱུན་འདས་ཤིང་བནྡྷར་ནས་བསྲུང་བ་སྟེ། རྡོ་མ་ནང་ནི་རྒྱུ་མ་གནས་གྱི་ཝཱ་ནང་རྒྱ་རྣམ་པ་ཉིན་དྲུག་གཅིག་ཏུ་བཟླས་པའཚན་ན། ་བརྒྱ་གནས་ནས་དུས་བྱེད་དོ།། ཐིག་ནཱག་པོ་ནི་ཇི་ལྟར་ཤིང་ལ་ཧཱུ~ཾང་མཁན་གྱིས་ཐིག་གོ་སྡེ་བཏབ་ནས་སོག་ལེས་ཤིང་འགྲུ་བ་བཞིན་དུ་ཐིག་ནག་པོ་བཏབ་ནས་མགོ་འམ་མངོམས་ནཱས་སོག་ལེས་འགྲུ་ཞིང་གཤེགས ་པར་བྱེད་བའི་སྟེ།། དེའི་ཚེའི་ཚད་ནི་སམྦྷ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པ་སྦྱོང་གནས་ནས་དུས་བྱེད་དོ།། ཡང་སོས་ནི་དེར་སྐྱེས་པའི་སེམས་ཅན་གཅིག་ལ ་གཏུབ་ཅིང་གཤེགས་པའི་གནོད་པར་བྱེད་པ་སྟེ་བརྒྱལ་བར་གནས་པ་ལྔས་རླུང་གྲང་མོས་བྲུས་ཤིང་ན་མཁའ་ལས་ཀྱང་སེམས་ཅན་ཁྱེད་ཅུག་ཡང་སྤོས་ཞེས་བྱ་བའི་སྒྲ་བྱུང་བ་དང་། ཡང་སོས་པར་གྱུར་ནས་གཅིག ་ལ་གཅིག་གནོད་བྱར་བྱེད་པ་སྟེ། དེའི་ཚེའི་ཚད་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ཙམ་པ་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱའི་བར་དུ་གནས་ནས་དུས་བྱེད་དོ།། སེམས་ཅན་དམྱལ་བ་ཆེན་པོ་དེ ་བརྒྱད་ལ་སྒོ་བཞི་ཡོད་དེ།། སྒོ་གཅིག་ཅིང་ལྷག་པའི་སེམས་ཅན་དམྱལ་བ་བཞི་བཞི་སྟེ། སེམས་ཅན་དམྱལ་བ་བཅུ་དྲུག་གོ། ལྷག་པའི་སེམས་ཅན་དམྱལ་བ་བཞི་ནི་མེ་མ་མུར་དང་མི་གཙང་བའི་རྫབ་དང་སྤུ་གྲི་ལ ་སོགས་པའི་མཚོན་གྱི་ལམ་དང་བ་ཚྭའི་ཆུ་བའོ།། དེ་ལ་མྨེ་མཱ་མུར་ནི་དབུས་མོ་ནུབྷ་ཙམ་སྟེ། དེར་སེམས་ཅན་དག་གི་རྐང་པ་བཅུག་མ་ཐག་ཏུ་ཤ་ཁྲག་དང་པགས་བླ་མ་ལུས་པར་བསྙིལ་བར་བྱེད་དོ།། མི་གཙང་བའི་རྫབ་ནི་རབ་ཏུ ་དྲི་མི་ཞིམ་པའི་ངན་སྐྱུགས་ཀྱི་འདམ་གྱིས་གང་བ་སྟེ། དེའི་སྦྱིན་བུ་ནང་ཀུན་ཏ་ཞེས་བྱ་བ་ལུས་ཐལ་ཀཱ་ལ་མགོ་གནག་ཅིང་། མ་ཆུ་ཁབ་བཞིན་དུ་གནས་པ་རྣམས་ཀྱིས་དེར་ཞུགས་པའི་སེམོས་ཅན་རྣམས་ཀྱིས་རུལ་པ་ཡང ་ཐལ་བར་འབིག་སོ།། སྤུ་གྲི་སོས་གཏམས་པའི་ལམ་པོ་ཆེ་ནི་སེམས་ཅན་རྣམས་དེར་འཇུག་པ་ན་སྤུ་གྲི་གཤིག་པའི་ལམ་གྱིས་རྐང་པ་བཞག་མ་ཐག་ཏུ་ཤྭ་ཁྲག་དང་པགས་པ་མ་ལུས་པར་རློག་པར་བྱེད་པ་དང་རལ་གྲི་མདབ་མའི ་ཚཚུལ་ཡོད་དོ་སེམས་ཅན་དེ་དག་རལ་གྲི་རྣོན་པོའི་སོ་ངས་ཡན་ལག་དང་ཉིང་ལག་རྣམས་ཀྱང་དུམ་བུར་གཏུབ་ཅིང་། ཁྱི་སྲེ་མོ་སྟག་རིས་ཅན་རྣམས་འདུས་ཤིང་ཟ། བྱ་རོག་ལྕགས་ཀྱི་མཆུ་ཅན་གྱི་མིག་ཀྱང་འབྱིན་པར་བྱེད། ལྕགས ་ཀྱི་སྡོང་པོ་ཆེར་མ་སོར་བཅུ་དྲུག་ཡོད་པས་སེམས་ཅན་རྣམས་ཡར་འཛེག་ན་ནི། ཚིར་མའི་ཁ་ཐུར་དུ་ལྟས་པར་གྱུར་ཅིང་སེམས་ཅན་གྱི་ལུས་འབིགས། སླར་འབབ་ན་ཡང་ཁ་གྱེན་དུ་ལྟས་ཏེ་ལུས་འབིགས་པར་བྱེད་དོ།། ཚ་ཆུའི་ཆུ་བོ ་ནི་དེ་དག་གི་འགྲམ་ན་སེམས་ཅན་དམྱལ་བའི་སྲུང་མ་མཚོན་རལ་གྱི་དང་ཤག་ཏི་དང་མདུང་ལག་ན་ཐོགས་པ་རྣམས་ཀྱིས་ཕྱིར་འབྱུང་བ་དག་ཀྱང་སླར་འདོར་ཞིང་ནང་དུ་བོར་བ་རྣམས་ཟངས་ཆེན་པོར་འབྲས་དང་ཏིལ་ལོ་སོགས་པ་བསྐོར་བ ་བཞིན་དུ་བཙོ་ཞིང་སྒྲོལ་བར་བྱེད་དོ།། ། གྲང་བའི་སེམས་ཅན་དམྱལ་བ་བརྒྱད་ཡོད་དེ། འདི་ལྟ་སྟེ་རྒྱུ་བུར་དང་རབ་ཏུ་ཆུ་བྱུར་དང་། སོ་སྒྲ་ཐ་མ་ཐ་མ་དང་། ཨ་ལཱ་ལ་ད་། བ་ཧཱ་ཧཱ་དང་།། སྨྱུད་བ་ལ་དང་། དྨོ ་དང་། པདྨོ་ཆེན་པོའོ།། སེམས་ཅན་དེ་དག་ཧ་ཅང་ཡང་གྲང་ཆེས་པས་མནར་མེད་པའི་ལུས་ཆུ་བུར་གྱུར་པ་དང་། གས་པ་ལས་ནི་ཆུ་བུར་དང་རབ་ཏུ་ཆུ་བུར་དང་ཨུད་པ་ལ་དང་པདྨོ་དང་པདྨོ་ཆེན་པོར་གདགས་སོ།། གྲང་བས་ཉེན་པའི་སྒྲ ་རྣམ་པར་འགྱུར་བའི་ཚུལ་ལས་ནི་སོ་སྒྲ་ཐ་མ་ཐམ་དང་། ཨ་ལ་ལ་དང་ཧུ་ཧུ་བར་གདགས་སོ།། དམྱལ་བ་བརྒྱད་པོ་དེ་དག་གི་ཚེ་ཚད་ནི། བཅོམ་ལྡན་འདས་ཀྱིས་དཔེ་ཙམ་དུ་བཀའ་སྩལ་པ། འདི་ལྟ་སྟེ་དགེ་སློང་དག་ད་ལྟར་ཁ་རེ ་ལྔ་བྲེ་ཉི་ཤུ་ལ་དབུས་པའི་ཏིལ་གྱིས་འབའ་ཧ་ཡིན་ཏེ། གླང་སྟོབས་པོ་ཆེ་ནི་བཅུའི་ཁལ་གྱི་སྣོད་ལ་བྱཱ། དེའི་ཏིལ་གྱིས་བྱུར་བུར་སྦྱར་ལ། དེ་ནས་མ་ཞིག་གིས་ལོ་བརྒྱ་ལོན་ཞིང་ཏིལ་དེ་འབྲུ་རེ་རེ་བོ་ཏཾ། ཁྱ་རི་ཉི་ཤུ་ལྔ་དབུས་པའི ་ཏིཏེལ་གྱི་འབའ་ཧཱར་བཞུག་པ་དེའི་རིམ་གྱིས་ཟད་ཅིང་ཐུག་པར་གྱུར་པ་ནི་བླའོ།། ཆུ་བུར་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ཟད་པར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་པ་དེ་ནི་ཆུ་བུར་གྱི་ཚེའི་ཚ་།། ཆུ་བུར་ཉི་ཤུ་ལ་རབ ་ཏུ་ཆུ་བུར་གྱི་ཚེའི་ཚང་ངོ་།། རབ་ཏུ་ཆུ་བུར་ཉི་ཤུ་ལ་སོ་སྒྲ་ཐ་ཟམ་མོ།། སོ་སྒྲ་ཐ་མ་ཐ་མ་ཉི་ཤུ་ལ་ཨ་ལ་ལའོ།། ཨ་ལ་ལ་ཉི་ཤུ་ལ་ཧུ་ཧུ་བའོ།། ཧུ་ཧུ་བ་ཉི་ཤུ་ལ་ཨུཏ་པ་ལའོ།། ཨུད་པ་ལ་ཉི་ཤུ་ལ་པདྨོའོ།། པདྨོ་ཉི་ཤུ་ལ ་པདྨོ་ཆེན་པོའི་ཚེའི་ཚང་ངོ་།། གྲངས་པའི་སེམས་ཅན་དམྱལ་བ་བརྒྱད་པོ་དེ་དག་ཀྱང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དམྱལ་བ་ཆེན་པོ་རྣམས་ཀྱི་ཐང་ཀ་ན་གནས་སོ།། འཛམ་བུའི་གླིང་ཉིད་ཀྱི་ཆུ་ཞེང་དེ་སྙེད་དུ་མེད་ན་བསྟིར་མེད་པ་ལ་སོག ་བ་དེ་སྙེད་གནས་པའི་སྐབས་ག་ལ་ཡོད། ལན་དུ་འབྲས་ཀྱི་ཕུང་པོ་བཞིན་དུ་འཛམ་བུའི་གླིང་འདི་ཡང་ཞབས་ཡང་ལ་སྤྱི་ཕྲ་བས་ན་དེའི་ཕྱིར་དེ་དག་དེ་ན་གནས་སོ།། དེ་ལ་སེམས་ཅན་དམྱལ་བ་ཞེས་བྱ་བ་ལ། རྒྱ་གར་སྐད་དུ་ན་རཱ་ཀ ་ཞེས་འབྱུང་སྟེ། ན་ནི་ཁྲིད་པ་འམ་འགྲོ་བའི་དོན་པས་སྡུག་བསྔལ་གྱི་ལས་ཀྱི་གནས་དེར་བསོད་ནམས་མ་ཡིན་པའི་ལོས་ཀྱིས་སེམས་ཅན་རྣམས་ཁྲིད་ཅིང་འགྲོ་བས་ན་དམྱལ་བའོ།། ཡང་ན་ནཱ་ར་ཀོའི་དོན་ནི་ཆགས་པ་མེད་པའི ་དོན་ཏེ། དེར་སྐྱེས་པ་རྣམས་རྟག་ཏུ་སྡུག་བསྔལ་གྱིས་ཉེན་པས་ཆགས་པ་དང་དགའ་བའི་བསམ་པ་མི་འབྱུང་བས་དམྱལ་བའོ།། ཡང་ན་སེམས་ཅན་རྣམས་དེར་དམྱལ་བ་དང་གཏུབ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ ་ཚོགས་བྱེད་པས་ན་དམྱལ་བའོ།། །། ཡི་དག་ཞེས་བྱ་བ་ལ་ཡི་དགས་ཀྱི་སྒྲ་ནི་ཤིན་ཏུ་སོང་བ་ལ་བྱ་སྟེ། སེར་སྣ་ལ་སོགས་པའི་ལས་ཀྱི་དབང་གིས་མིའི་གནས་འདི་ནས་དུས་རིང་མོ་ཞིག་ཏུ་ཕྱིར་མི་ལྡོག་པར་སོང་བས་ན ་ཡི་དགས་ཏེ། ཡི་དགས་སུ་སྐྱེས་པ་རྣམས་ནི་ལྷག་པར་ཡང་ཚེ་རིང་བར་གྲགས་པའི་ཕྱིར།། ཡང་ན་བཀྲེས་པ་དང་སྐོམ་པ་ལ་སོགས་པས་རྟག་ཏུ་ཉེན་པའི་ཕྱིར་ཡི་དགས་ཞེས་བྱ་སྟེ། དེ་དག་གི་གནས་ཀྱང་ཕྲལ་ཆེར་གཅོད ་རོང་དང་། མྱ་ངམ་ན་གནས་ལ་མཐུ་ནི་གཅིག་ཏུ་མ་ཆུད་དེ། དེ་ལ་ཡི་དགས་མཐུ་བོ་ཆེ་ཁ་ཅིག་ནི་ལྷ་དང་འདྲ་བར་ལོངས་སྤྱོད་སྤྱོད་ལ། ཁ་ཅིག་ནི་མི་གཙང་བ་ལ་སོགས་པ་བཟང་བ་ཡང་མི་རྙེད་པ་ཡོད་དོ།། དེ་ལ་ཡི ་དདགས་ཀྱི་རྒྱལ་པོ་སྒྲ་གཅན་འཛིན་ནི་གཤིན་རྗེ་དང་འདྲ་བར་མཐུ་ཆེ་སྟེ། དེ་ཡང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་ན། དཔག་ཚད་སྟོང་ཕྲག་ལྔས་བཅད་པ་ན་གནས་སོ།། ཡང་ན་ཁ་ཅིག་ན་རེ་གཤིན་རྫ་ཉིད་ཡི་དགས་ཀྱི་རྒྱལ་པོ ་ཡིན་ཏེ། དེའི་གནས་ནི་སྒྲ་གཅན་འཛིན་གྱི་གནས་སུ་བཤད་པ་དང་འདྲ་བར་གནས་སོ།། ཡི་དགས་ཀྱི་ཚེའི་ཚད་ནི། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ལྔ་བརྒྱ་གནས་ནས ་དུས་བྱེད་དོ།། བྱོལ་སོང་ཞེས་བྱ་བ་ལ། མི་ནས་བྱོལ་ནས་གཞན་དུ་སྐྱེས་པ་འམ། བཟུར་ཅིང་འགྲོ་བས་ན་བྱོལ་སོང་སྟེ། དེ་དག་གི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་པར་ངེས་མོད་ཀྱི། འོན་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ཆུ་ལ ་སྤྱོད་པོ་དང་། སྐོམ་ལ་སྤྱོད་པ་དང་ན་མཁའ་ལ་སྤྱོད་པའོ།། དེ་ལ་ཆུ་ལ་སྤྱོད་པ་ནི་ཀླུའི་རྒྱལ་པོ་དང་ཆུ་སྲིན་ལ་སོགས་པའོ།། སྐམ་ལ་སྤྱོད་པ་ནི་ཕྱུགས་ལ་སོགས་པའོ།། ནམ་མཁའ་ལ་སྤྱོད་པ་ནི་བྱ་ལ་སོགས་པ་སྟེ། ཁྱོལ ་སོང་རྣམས་ཀྱི་ཚེ་དང་མཐུ་ནི་གཅིག་ཏུ་མ་ཆང་།། དཔེར་ན་ཀླུའི་རྒྱལ་པོ་སོ་འཛིན་དང་དགའོ་དང་ཉེ་དགའ་ལྟ་བུར་ཚེའི་ཚད་བསྐལ་པ་བ.རརོ་མར་གནས་ཤིང་། རི་རབ་འཛིན་ནུས་པའི་མཐུ་དང་ལྡན་པ་ཡང་ཡོད་དོ།། ་ལྷ་མ་ཡིན་ཞེས་བྱ་བ་ལ། ང་རྒྱལ་ལམ་ཞེ་སྡང་གིས་དགེ་བ་བྱས་པའི་ལས་ཀྱི་རྒྱུ་ལྔས་སྐྱེས་པ་སྟེ། དེ་དག་གི་གནས་ཀྱང་ས་ཆེན་པོ་འདིའི་སྟེང་ན་གནས་ལ། ཚེའི་ཚད་ནི་འདོད་པའི་ཁམས་ཀྱི་ལྷ་དག་དང་མཉམ་པར་གྲགས་སོ།། དེ ་ལ་མི་ནི་གང་གླིང་བཞིན་གནས་པ་དག་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཡིད་ལས་སྐྱེས་པས་ན། མིའོ་ཞེས་གསུང་རབ་ཀྱི་ནང་ནས་བཤང་པའི་དོན་ཏོ།། ཡང་ན་དྲང་སོང་མ་ནུ་ལས་སྐྱེས་ཤིང་བཙས་པས་ནི། ་ཤེད་བུ་ལས་སྐྱེས་པ་མཱ་ན་ཙ་ཞེས་ཀྱང་བྱ་སྟེ་ཤེད་བདག། མུ་སྟེགས་དག་སྐྱེ་དགུའི་ནི་བདག་པོ་ཞེས་བྱ། མིའོ་ཞེས་འཇིག་རྟེན་པ་དག་སྨྲའོ།། དེ་ལ་གླིང་བཞི་ནི་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་གླང་སྤྱོད་དང་། བྱང ་གི་སྒྲ་མི་སྙན་དང་། ལྷོའི་འཛམ་བུའི་གླིང་ངོ་།། དེ་ལ་ཤར་གྱི་ལུས་འཕགས་གླིང་ནི་ཟླ་བ་ཕྱེད་པ་ལྟར་འདུག་སྟེ། དེ་ཁོར་ཡུག་གི་ངོས་གསུམ་ལ། དཔག་ཚད་ཉིས་སྟོང་ཡོད་དོ།། ངོས་བཞི་ལ་ནི་དཔག་ཚད་སུམ་བརྒྱ་ལྔ ་བཅུའོ།། དེ་ན་གྲོང་ཁྱེར་ལུས་འཕགས་ཞེས་བྱ་བ་ཞིག་ཡོད་པ་ལས། དྲས་ཏེ་གླིང་གི་མིང་དུ་ཡང་ཤར་གྱི་ལུས་འཕགས་ཞེས་བྱ་བར་བཏགས་སོ།། ནུབ་ཀྱི་བ་ལང་སྤྱོད་ནི་དབྱིབས་ཟླ་བ་གླང་བ་ལྟ་བུ་སྟེ། རིལ་གྱི་འཁོར ་ཡུག་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡོད་དོ།། དེ་ན་ཉོ་ཚོང་གི་ཟོང་བ་ལང་གིས་བྱེད་པས་ན། དེ་ལ་དྲས་ཏེ་གླིང་གི་མིང་ཡོང་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བར་བཏགསོ།། བྱང་གི་སྒྲ་མི་སྙན་གྱི་གླེང་ནི། ཁྲེའུ་བཞིན་དུ ་གྲུ་བཞི་སྟེ། ངོས་གཅིག་ཅིང་ཡང་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ་སྤྱིར་ན་དཔག་ཚད་སྟོང་ཕྲག་བརྒྱད་དོ།། དེ་ཡང་འཆི་ཁར་སྒྲ་དྲག་པོ་བྱུང་ནས་དུས་བྱེད་པའི་ཕྱིར། གླིང་གི་མིང་ཡང་བྱང་གཱི་སྒྲ་མི་སྙན་ཅེས ་བཏགས་སོ།། འཛམ་བུའི་གླིང་གི་དབྱིབསྭཱ་ནི་སྔོགས་ཁར་འདུག་སྟེ། སྟོང་ཆེ་ལ་སྨད་ཕྱའོ།། ངོ་ས་གསུམ་རེ་རེ་ཞིང་ཡང་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད། ངོས་ཕྲ་མོ་ལ་ནི་དཔག་ཚང་ཕྱེད་དོང་བཞི་སྟེ། གླིང་དེ་ནཱ ་ཤིང་འཛམ་བུ་ཞེས་བྱ་བ་ལས་དྲས་ནས། གླིང་གི་མིང་ཡང་འཛམ་བུའི་གླིང་དུ་བཏུགས་སོ།། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུར་གནས་ལྔ། ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ།། ནུབ་ཀྱི ་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ལ་ལུས་ཀྱི་ཚད་ནི་འདོམ་བཞིའོ།། ཡང་ན་ཁྲུ་བཅུ་དྲུག་གོ། བྱང་གི་སྒྲ་མི་སྨན་གྱི་མི་རྣམས་ཀྱི་ཚེའི་ཚད་ན་ལི་སྟོང་ལ་ལུས་ཀྱི་ཚད་ནི་འདོམ་བརྒྱད་།། ཡང་ན་ཁྲུ་སུམ ་ཅུ་རྒྱུ་གཉིས་སོ།། ལྷོའི་འཛམ་བུ་གླིང་གི་མྦྷི་རྣམས་ཀྱི་ཆུའི་ཚད་ནི། ཆད་པ་མེད་ལ། ལུས་ཀྱི་ཚོང་ནི་འདིམ་གང་དུ་གླགས་མོད་ཀྱི། དེ་བས་ཀྱང་རིང་བ་དང་། ཐུང་བ་ཡང་སྐྱེ་བས་གཅིག་ཏུ་མ་ངེས་སོ།། འདོད ་ན་སྤྱོད་པའི་ལྷ་དྲུག་ཅེས་བྱ་བ་ལ། འདོད་པའི་ཁམས་ཀྱི་རིས་སུ་གཏོགས་པའི་ལྷ་རིས་དྲུག་སྟེ། རྒྱལ་ཆེན་བཞིའི་རིགས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་མན་ཆང་ངོ་།། དེ་ལ་མཐོ་རིས་སུ་སྐྱེས་ཤིང་བྱུང་བས་ན་ལྷ ་འམ། ལུས་དང་ལོངས་སྤྱོད་དམ་པ་དང་ལྡན་པས་ན་ལྷའོ།། རྒྱལ་ཆེན་བཞིའི་རིགས་ཀྱི་གནམ་ཞེས་བྱ་བ་ལ། འཇིག་རྟེན་སྐྱོང་བ་བཞི་ནི་རྒྱ་ཆེན་བཞི་སྟེ། འཕགས་སྐྱེས་པོ་དང་མིག་མི་བཟང་དང་། ངལ་གསོས་པོ་དང་། གནས ་སྲུང་བའོ།། དེར་སྐྱེས་པ་འོམ། དེའི་འཁོར་དུ་གཏོགས་པའི་ལྷ་རྣམས་ལ། རྒྱལ་ཆེན་བཞིའི་རིས་ཞེས་བྱའོ།། དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་ཉིན་ཞོག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱར་གནས་ཏེ། དུས་བྱེད་དོ།། ་ལུས་ཀྱི་ཚད་ནི་རྒྱང་གླགས་ཀྱི་བཞི་ཆ་གཅིག་གོ། སུམ་ཅུ་རྩ་གསུམ་གནམ་ཞེས་བྱ་བ་ལ། དགེ་བའི་ལས་ལྷན་ཅིག་ཏུ་མཐུན་པར་བྱས་པས། དེར་སྐྱེས་པ་རྣམས་ལ། སུམ་ཅུ་རྩ་གསུམ་ཞེས་བྱ་སྟེ། བརྒྱ་བྱིན་ལྷའི་དབང་པོའི ་འཁོར་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ། བརྒྱ་བྱིན་གྱིས་བསྣན་ནས་སུམ་ཅུ་རྩ་གསུམ་མོ།། དེ་ལ་བློན་པོ་སུམ་ཅུ་རྩ་གཉིས་ནི་བ་སུ་བརྒྱད་དང་། ཉི་མ་ཞེས་བྱ་བ་ལྷའི་བུའི་བཅུ་གཉིས་དང་། རུ་དྲ་དག་པོ་ཞེས་བྱ་བ་ལྷའི་བུ་བཅུ་དང་། ་ནབས་སོ་དང་། ཐ་སྐར་སྐྱེས་ཞེས་བྱ་བ་གཉིས་ཏེ། སུམ་ཅུ་རྩ་གཉིས་སོ།། དེར་གཏོགས་པའི་ལྷ་གཞན་དག་ལ་ཡང་སུམ་ཅུ་རྩ་གསུམ་པ་ཞེས་བྱ་སྟེ། ལྕེ་དེ་དག་གི་ཚེའི་ཚད་ནི་མི་རྣམས་ཀྱི་ཉིན་ཞག་བརྒྱ་ལ། ལྷའི་ཉིན ་ཞག་གཅིག་ཏུ་བརྩི་བའི་ལོ་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དོ།། ཟུང་མ་གནམ་ཞེས་བྱ་བ་ལ། རྒྱ་གར་དུ་ཡ་མ་ཞེས་འབྱུང་སྟེ། ལྷ་མ་ཡིན་དང་རྩོད་པའི་སྡུག་བསྔལ་དང་བྲལ་བས་ན། རྩོད ་བྲལ་ཞེས་བྱའོ།། ཡང་ནཱ་སྒྲའི་དོན་ཡ་མ་ནི་འགྲོ་བའི་དོན་ཏེ། དེར་བསོད་ནམས་ཀྱི་འགྲོ་བས་ནུ་ཡང་ཟུང་མ་ཞེས་བྱའོ།། ཡང་ན་མེ་ལ་ཆེ་ཐུན་ཐུན་ལ་ཨེ་མཱ་རོ་བདེ་བ་ཨེ་མའོ་བདེ་བ་ཞེས་སྒྲོག་པར་བྱེད་པས་ན་ཐུན ་སྤྱོམས་ཞེས་ཀྱང་བྱའོ།། དེ་དག་གི་ཚེའི་ཚད་ནི་མཱིའི་ཉིན་ཞག་ཉིས་བརྒྱ་ལ་ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་ཉིས་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་འདོམ་སུམ་བརྒྱའོ།། དགའ་ལྡན་གྲནམ་ཞེས་བྱ་བ་ལ། རྟག་ཏུ ་དགའ་བ་དང་འགྲོ་གོས་ཤིང་རིམ་པ་འོག་མ་རྣམས་ཀྱི་ལྷ་ལ་བལྟོས་ནས། ལོངས་སྤྱོད་ཀྱི་བདེ་བ་དང་ལྡན་པས་ན། དགའ་ལྡན་ཏེ། དེ་དག་གི་ཚེའི་ཚད་ནི། མིའི་ཉིན་ཞག་བཞི་བརྒྱ་ལ། ཉིན་ཞག་གཅིག་ཏུ་བརྩིས་པའི་ཚེ་ལོ་བཞི་སྟོང་དུ ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་འདོམ་ལྔ་བརྒྱའོ།། ཡང་ན་རྒྱང་གྲགསོ་བཞི་ཆ་གསུམ་མོ།། འཕྲུལ་དགའ་གནམ་ཞེས་བྱ་བ་ལ། རང་རང་གི་སྤྲུལ་པའི་འདོད་པའི་ལོངས་སྤྱོད་རྣམས་ལ་དགའ་བར་བྱེད་པས་ན་འཕྲུལ ་དགའ་སྟེ། དེའི་ཚེའི་ཚད་ནི་མིའི་ཉིན་ཞག་བརྒྱད་བརྒྱ་ལ། ལྷའི་ཉིན་ཞག་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་དུ་གནས་ནས་དུས་བྱེད།། ལུས་ཀྱི་ཚད་ནི་འཇོམ་དྲུག་བརྒྱའོ།། ཡང་ན་རྐྱོང་གྲགས་ལྔ་ཆ་བཞིའོ།། གཞན་འཕྲུལ་དབང ་བྱེད་ཅེས་བྱ་བ་ལ་གཞན་གྱིས་སྤྲུལ་པའི་འདོད་པའི་ལོངས་སྤྱོད་ལ་དབང་སྒྱུར་བར་བྱེད་པས་ན། གཞན་འཕྲུལ་དབང་བྱེད་དོ།། དེ་དག་གི་ཚེའི་ཚད་ནི། མིའི་ཉིན་ཞག་སྟོང་དྲུག་བརྒྱལ། ལྷའི་ཉིན་ཞིག་གཅིག་ཏུ་བརྩིས་པའི་ལོ་ཁྲི ་དྲུག་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་འདོམ་བདུན་བརྒྱ་ལྔ་བཅུའོ།། ཡང་ན་རྒྱང་གྲགས་ཕྱེད་དང་གཉིས་སོ།། མངོན་པའི་ཆོས་ལས་ནི་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ཇི་ཙམ་པ། ལུས་ཀྱི་ཚད་ཀྱི་འདོམ ་གྲངས་ཀྱང་ཚེའི་ཚད་དང་མཉམ་མོ་ཞེས་འཆང་དོ།། དེ་ལ་འདོད་པའི་ཁམས་ཀྱིས་ལྷ་རྣམས་ལས། རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དག་མི་དང་འདྲ་བར་ཟུང་དུ་འཁྱིལ་བས་འཁྲིག་པ་སྤྱོད་དོ།། དེ་ཡང་ཁུ་བ་མེད ་པའི་ཕྱིར། དེ་དག་ནི་རླུང་བཏང་བ་ཙམ་གྱིས་བདོ་བ་འཇིལ་སྟེ། ལོངས་སྤྱོད་གཞན་ནི་མི་དང་མཚུངས་སོ།། ཟུང་མ་རྣམས་ནི་འཁྱུད་པས་འཁྲིག་པ་སྤྱོད་དོ།། འཁྱུད་པ་ཙམ་གྱིས་བདོ་བ་འཇིལ་ལོ།། དགོའ་ལྡན་གནམ་གྱི་ལྷ་རྣམས ་ནི། ལོག་པ་སྦྲེལ་བས་འཁྲིག་པ་སྤྱོང་ངོ་།། ལག་པ་སྦྲེལ་བ་ཙམ་གྱིས་བོ་ངོ་བ་འཇིལ་བར་བྱེང་ངོ་།། འཕྲུལ་དགའ་གནམ་གྱི་ལྷ་རྣམས་ནི་འཛུམ་པ་ཙམ་གྱིས་འཁྲིག་པ་སྤྱོད་དོ།། ཕོ་མོ་གཉིས་ཕན་ཚུན་ནས་རྒོད་པ་ཙམ་གྱིས་བདོ་བ ་འཇིལ་ལོ།། གཞན་འཕྲུལ་དབང་བྱེད་གནམ་གྱི་ལྷ་རྣམས་ནི། བལྟས་པ་ཙམ་གྱིས་འཁྲིག་པ་སྦྱོང་ངོ་།། ཕན་ཚུན་མིག་ཟུར་འདྲེས་པ་ཙམ་གྱི་བངོ་བ་འཇིལ་བར་འགྱུར་རོ།། འདོད་པའི་ཁམས་ཀྱི་ལྷ་དྲུག་པོ་དེ་དག་གི་ལྷའི་བུ་ཕོ ་དང་། བུ་མོ་དག་ཕ་མིའི་བང་དུ་རྒྱལ་ཆེན་བཞིའི་གནས་ཀྱི་ལྷ་རྣམས་ནི། གོས་དང་རྒྱན་དུ་བཅས་པའི་བྱིས་པ་ལོ་ལྔའི་ན་ཚོད་ཙམ་པ་བྱུང་ངོ་།། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལོ་དྲུག་ནི་ན་ཚོད་ཙམ། ཟུང་མའི་ནི་ལོ་བདུན་གྱི་ན ་ཆོད་ཙམ་མོ།། དགའ་ལྡན་གྱི་ནི་ལོ་བརྒྱད་ཀྱི་ན་ཆོད་ཙམ་མོ།། འཕྲུལ་དག་རི་ནི་ལོ་དགུའི་ན་ཚོང་ཙམ་མོ།། གཞན་འཕྲུལ་དབང་བྱེད་ཀྱི་ནི་ལོ་བཅུའི་ན་ཆོད་ཙམ་མོ།། ། དེ་ལ་གཟུགས་ཀྱི་སྲིད་པ་བསྟན་པའི ་ཕྱིར། གཟུགས་ཀྱི་སྲིད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཟུགས་ཀྱི་སྲིད་པ་གནས་ནི་བཅུ་བདུན་བསམ་གཏན་ནི་བཞི་ཡོད་དོ།། བསམ་གཏན་དང་པོ་ལ་གསུམ། གཉིས་པ་ལ་གསུམ། གསུམ་པ་ལ་གསུམ ་བཞི་པ་ལ་བརྒྱད་དེ་བཅུ་བདུན་ནོ།། བསམ་གཏན་དང་པོའི་ས་གསུམ་ནི། ཚངས་རིས་གནམ་དང་། ཚངས་པ་ཉེ་ཕན་གནམ་མོ།། ཚངས་ཆེན་གནམ་མོ།། གཉིས་པའི་ས་གསུམ་ནི་འོད་ཆུང་གནམ་དང་ཚད་མེད་འོད་གནམ་དང་འོད ་སྣང་ངོ་།། གསུམ་པའི་ས་གསུམ་ནི་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་སོ།། བཞི་པའི་གནས་བརྒྱད་ནི་སྤྲིན་མིང་གནམ་དང་འོག་མིན་གནམ་མན་ཆད་དེ། དེ་ཡང་སྤྲིན་མེད་དང་བསོད་ནམས་འཕེལ་དང་། འབྲས་བུ་ཆེ་གསུམ ་ནི་སོ་སོའི་སྐྱེ་བོའི་སའོ།། དེ་ཡན་ཆད་ལྷ་ནི་འཕགས་པའི་སའོ།། ཚངས་རྙིས་གནམ་ཞེས་བྱ་བ་ལ་དགེ་བའི་རྩཝ་བ་རྒྱ་ཆེན་པོ་ལས་སྐྱེས་པས་ན་ཚངས་པ་ཞེས་བྱ་སྟེ། ཚངས་པ་གཞན་དེའི་རིས་སུ་སྐྱེས་པ་འམ་དེའི་གཡོག་འཁོར་དུ ་གྱུར་པ་རྣམས་ལ་ཚངས་རིས་ཞེས་བྱའོ།། ཁ་ཅིག་ན་རེ་ཚངས་པ་ཆེན་པོའི་འཁོར་དུ་གཏོགས་པས་ན་ཚངས་རིས་ཞེས་བྱའོ་ཞེས་འཚོང་ངོ་།། དེ་དག་གི་ཚེའི་ཚོང་ནི་བསྐལ་པ་ཕྱེད་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་དཔག ་ཚཆད་ཕྱེང་ངོ་།། ཚངས་ལྷ་ཉེ་ཕན་གནམ་ཞེས་བྱ་བ་ལ། ཚངས་པ་ཆེན་པོ་བློན་པོ་ལྟར་ཕན་ཞིང་རིས་དེར་སྐྱེས་པས་ན་ཚངས་པ་གཞན་པས་ནང་འཁོར་ལྟར་གནས་ཤིང་བསམ་གཏན་ལས་ལངས་པ་ན་མདུན་དུ་འགྲོ་བ་དང་རིམ་གྲོ་བྱེད་པས་ཚངས ་ལྷ་ལྷོ་ཕན་ཞེས་བྱ་བ་འམ་ཚངས་པ་ཆེན་པོ་ཡི་མདུན་དུ་ཐལ་མོ་སྦྱར་ནས་སྲུང་འདོན་པས་ན་ཚངས་པའི་མདུན་ན་འདོན་ཅེས་བྱ་སྟེ། དེ་དག་གི་ཚེའི་ཚད་ནི་བསྐལ་པ་གཅིག་ཏུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་ཁྲོ་མོ་དགོངས ་གཅིག་གོ། ཚངས་ཆེན་གནམ་ཞེས་བྱ་བ་ལ། ཚངས་པ་གཉིས་ལ་བ་ལྟོས་ནས་ཚེ་དང་ཁ་དོག་དང་མཐུ་ཁྱད་ཞུགས་པོས་ཚངས་ཆེན་ཞེས་བྱའོ།། ཡང་ན་གཞན་ལས་འཕགས་པར་དག་པའི་རྩ་བ་ཆེན་པོ་ལས་སྐྱེས་ཤིང་མཆོག་ཏུ ་གྱུར་པས་ན་ཚངས་ཆེན་ཞེས་བྱ་སྟེ། ཕལ་བས་ལྷག་པར་བསམ་གཏན་གྱི་ཁྱད་པར་ཐོབ་སྟེ་ཀུན་པས་སྔོན་དུ་སྱཻ་ལ། ཐ་མར་འཆི་བས་ན་ཚངས་ཚོན་ནོ།། དེའི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་གཉིསུ་གནས་ནས་དུས་བྱེད་དོ།། ལུས་ཀྱི ་ཆང་ནི་ཁྲོམ་དགོངས་ཕྱེད་དང་གཉིས་སོ།། འོད་ཆུང་ཞེས་བྱ་བ་ལ་རང་གི་ས་གོང་མ་གཉིས་ལ་བལྟོས་ནས་དེ་དག་གི་ལུས་ཀྱི་གཟི་དང་འོད་ཀྱི་སྣང་བ་ཆུང་བ་ན་འོད་ཆུང་སྟེ། ཚེའི་ཚོད་ནི་བསྐལ་པ་གཉིས་སུ་གནོས་ནས་དུས་བྱེད་དོ།། ། ་ལུས་ཀྱི་ཚང་ནི་ཁྲོམ་དགོངས་གཉིས་སོ།། ཚད་མེད་འོད་ཅེས་བྱ་བ་ལ་དེ་དག་གི་འོད་དང་། གཟི་འདི་ཙམ་ཞེས་ཚད་ཀྱིས་གཞལ་ཞིང་བཅད་པར་མི་ནུས་པས་ན་ཚད་མེད་འོད་དེ་ཚེའི་ཚད་བསྐལ་པ་བཞིར་གནས་ནས་དུས་བྱེད་དོ།། ལུས ་ཀྱཻ་ཚད་ནི་ཁྲོམ་དགོངས་བཞིའོ།། འོད་སྣང་ཞེས་བྱ་བ་ལ་བདག་གི་སར་མ་གཏོགས་པའི་གནས་གཞན་དུ་ཡང་གཟི་བརྗིད་དང་འོད་ཀྱིས་སྣང་བར་བྱེད་པས་ནཱ་འོད་སྣང་སྟེ། དེ་དག་གི་ཚེའི་ཆང་ནི་བསྒྲལ ་པ་བརྒྱད་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ནི་ཁྲོམ་དགོངས་བརྒྱད་ངོ་།། དགེ་ཆུང་ཞེས་བྱ་བ་ལ་དགེ་བ་ཡང་འདིའི་སྐབས་སུ་བསམ་གཏན་ལས་སྐྱེས་པའི་ཡིད་ཀྱིས་སྱའི་བདེ་བ་དགེ་བ་ཞེས་བྱ་སྟེ། བདག་གི ་སར་གཏོགས་པ་ལས་གོང་མོ་ལ་བལྟོས་ནས་ཡིད་ཀྱི་བང་བ་ཆུང་བས་ན་དགེ་ཆུང་ངོ་།། ཚེའི་ཚང་ནི་བསྐལ་པ་བཅུ་དྲུག་དུ་གནས་ནས་དུས་བྱེད་ངོ་།། ལུས་ཀྱི་ཚད་ནི་ཁྲོམ་དགོངས་བཅུའོ།། ཚང་མེད་དགེ་ཞེས་བྱ་བ་ལ། ་དེའི་དགེ་བ་ཡང་ཚད་ཀྱིས་གཞལ་དུ་མེད་པས་ན་ཚད་མེད་དགེ་ཞེས་པ་འམ་ཡིད་ཀྱི་བདེ་བ་ཚད་མེད་པ་དང་ལྡན་པས་ན་ཚད་མེད་དགེ་བ་སྟེ། དོ་དག་གོ་ཚེ་ཚད་ནི་བསྐལ་པ་སུམ་ཅུ་གཉིས་སུ་གནས་ནས་དུས་བྱེད་དོ།། ལུས ་ཀྱི་ཚད་ཀྱང་ཁྲོམ་དགོངས་སུམ་ཅུ་གཉིས་སོ།། མ་ལུས་དགེ་གནམ་ཞེས་བྱ་བ་ལ་དེ་ངག་མ་ལུས་དགེ་བ་སྟེ། ཡིད་ཀྱི་བདེ་བ་མ་ལུས་པར་རྫོགས་པར་ཡོད་པ་འམ་དེ་དག་དམ་པར་གྱུར་པའི་བདེ་བ་གཞོན་མེད་པའི ་ཕྱིར་མ་ལུས་དགེ་བའོ།། དེ་དག་གི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞིར་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་དྲུག་ཅུ་རྩ་བཞིའོ།། སྤྲིན་མེད་གནམ་ཞེས་བྱ་བ་ལ་ཇི་ལྟར་ཡུལ་གྱི་སྟེང་དུ་སྤྲིན ་གྱིས་ཆོད་པ་མེད་པ་དེ་བཞིན་དུས་དེའི་གོང་དུ་ས་གཞན་གྱི་བསྒྲིབས་པ་མེད་པས་ནཱ། སྦྱིནྡྷ་མེད་དུམ་སྦྱིན་བཞིན་དུ་དེ་དག་ས་དང་འབྲེལ་བ་མེད་པས་ན་སྦྱིན་མེད་དོ།། ལྷ་དེ་དག་གི་གཞལ་མོང་ཁང་ནམ་མཁའ་ལྷ་གནས་ལ་གཞལ ་མེད་ཁང་དང་ལྷན་ཅིག་ཏུ་སྐྱེ་ཞིང་དུས་གཅིག་ཏུ་འཇིག་པའི་ཕྱིར་རོ།། དེ་དག་གི་ཚེའི་ཆུང་ནི་བསྒྱེལ་བ་བཎྜི་ཉི་ཤུ་རྩ་ལྔར་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་ཉི་ཤུ་རྩ་ལྔའོ།། བསོད་ནམས་འཕེལ ་གནམ་ཞེས་བྱ་བ་ལ། སཾ་སོའི་སྐྱེ་བོའི་བསོད་ནམས་སུ་གཏོགས་པའི་མཆོག་ཐོབ་པའི་གནས་ཡིན་པས་ན་བསོད་ནམས་འཕེལ་གནམ་སྟེ། དེ་དག་གི་ཚེའི་ཚད་བསྐལ་པ་ཉིས་བརྒྱ་ལྔ་བཅུར་གནས་ནས་དུས་བྱུང་ངོ་།། ལུས ་ཀྱི་ཚད་ཀྱང་ཁྲོམ་དགོངས་ཉིས་བརྒྱ་ལྔ་བཅུའོ།། འབྲས་བུ་ཆེ་གནམ་ཞེས་བྱ་བ་ལ་གནས་གཞན་པས་ཤས་ཆེར་དགེ་བའི་འབྲས་བུ་བསགས་པས། དེར་སྐྱེས་པའི་ལས་ངན་པས་ནི་མ་ཡིན་ཏེ། འབྲས་བུའི་མཆོག་ཐོབ་པས ་ན་འབྲས་བུ་ཆེ་གནམ་མོ།། ཡང་ན་སེ་འོག་མ་སོ་སོའི་སྐྱེ་བོའི་ས་ལས་འབྲས་བུ་ཁྱུད་ཞུགས་པ་ཐོབ་པར་བྱ་བའི་ཕྱིར་འབྲས་བུ་ཆེ་གནམ་སྟེ། ཚེའི་ཚད་ནི་བསྐོལྔ་པ་ལྔ་བརྒྱར་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ ་དགོངས་ལྔ་བརྒྱའོ།། མི་ཆེ་གནམ་ཞེས་བྱ་བ་ལ། གནོས་གཙང་མའི་ནང་ན་དེའི་མཆོག་མ་ཡིན་ཏེ། གནོས་གཙང་མི་ས་གོང་མ་པས་བསོད་ནམས་ཆུང་བས་མི་ཆེ་བའོ།། དེ་དག་གི་ཆའི་ཚད་ནི་བསྐལ་པ་སྟོང་དུ་གནས་ནས ་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་སྦྱོང་ངོ་།། མི་གདུང་གནམ་ཞེས་བྱ་བ་ལ། བསམ་པ་དགེ་བའི་ཕྱིར། དེར་སྐྱེས་པ་རྣམས་ཀྱི་མཐུ་དང་ལྷག་པའི་བསམ་གླཏན་གྱི་འབྲས་བུ་དང་ཚེ ་དང་ཡོན་ཏན་ལྷག་པར་ཡོད་ཀྱང་ས་འོག་འོག་མ་རྣམས་ལ་མི་གནོད་ཟིལ་གྱིས་མི་གནོན་པས་ན་མི་གདུང་བའོ།། ཡང་ན་བསམ་གཏན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པ་རྣམས་ཀྱིས་གདུང་བར་མི་ནུས་པས་ན་མི་གདུང་བ ་སྟེ། ཚེའི་ཚད་ནི་བསྐལ་པ་ཉིས་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་ཉིས་སྟོང་ངོ་།། ཤིན་ཏུ་མཐོང་གནམ་ཞེས་བྱ་བ་ལ། གཞན་གྱིས་དེའི་ལྷ་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ། བདེ་བ ་དང་ལྡན་པས་མ་ཐོབ་པས་ན། ཤིན་ཏུ་མཐོང་བ་འམ་ལྟ་བ་རྣམ་པར་དག་སྟེ། ཟག་པ་མེད་པར་མཐོང་བས་ན་ཤིན་ཏུ་མཐོང་གནམ་མོ།། དེ་དགྲོ་གི་ཚེའི་ཚད་ནི་བསྐལ་པ་བཞི་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི ་ཚད་ཀྱང་ཁྲོམ་དགོངས་བཞི་སྟོང་ངོ་།། གྱ་ནོམ་སྣང་གནམ་ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ལ་ཅི་དགར་འདྲེན་མར་བསྒོམ་ཡང་འདྲེས་པ་དང་འཁྲི་བ་མེད་པར་བྱེད་པོའི་མཐུ་དང་ལྡན ་པས་ན་སྒྲིབ་པ་ཆེན་པོ་མ་ལུས་པ་དག་པར་མཐོང་བས་གྱ་ནོམ་སྣང་གནམ་མམ། བཟང་པོ་དང་ལེགས་པར་མཐོང་སྟེ་བདག་མེད་པ་དང་མི་རྟག་པ་ལ་སོགས་པར་མཐོང་བས་ན་གྱ་ནོམ་སྣང་གནམ་མོ།། དེ་དག་གི་ཚེའི ་ཚད་ནི་བསྐལ་པ་བརྒྱ་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚད་ཀྱང་ཁྲོམ་དགོངས་བརྒྱ་སྟོང་ངོ་།། འོག་མིན་གནམ་ཞེས་བྱ་བ་ལ། གནམ་ལྐོག་མ་མ་ཡིན་ཏེ། གཟུགས་ཀྱི་ཁམས་དེའི་གོང་ན་གཟུགས་ཅན་གྱི་ཁམས ་གཞན་མེད་པས་ན་འོག་མིན་ནམ། དེ་ལས་མཆོག་ཏུ་གྱུར་པའི་གནས་གཞན་མེད་དེ་གཞོན་པས་ཆུང་ངུ་དང་ངན་པར་མ་འགྱུར་པའི་ཕྱིར་འོག་མིན་ནོ།། ཡང་ན་རྡུལ་བསགས་པའི་ལུས་ཨཱ་གྷ་ཞེས་བྱ་སྟེ། བསགས་པའི ་གཟུགས་ཀྱི་མཐར་ཕྱིན་པས་ཨཱུ་གྷ་ནི་ཤྭཱ་ཞེས་བྱའོ།། ཡང་ན་ཨཱ་གྷ་ཞེས་བྱ་བ་ནི་སྡིག་པ་ལ་བྱ་སྟེ། སྡིག་པ་མཐར་ཕྱིན་ཏེ་ཟག་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་ཨཱ་གྷ་ནི་ཤྣཱའོ།། དེ་དག་གི་ཚེ་ཚད་ནི་བསྐལ་པཱ་ཁྲི ་དྲུག་སྟོང་དུ་གནས་ནས་དུས་བྱེད་དོ།། ལུས་ཀྱི་ཚོད་ཀྱང་ཁྲོམ་དགོངས་ཁྲི་དྲུག་སྟོང་ངོ་།། མི་ཚོ་བ་ནས་འོག་མིན་གྱི་གནས་མན་ཆད་གནས་གཙང་མའི་རིས་ཞེས་བྱ་སྟེ། འཕགས་པ་ལམ་གྱི་ཆུས་ཉོན་མོངས་པའི་དྲི་མ ་བཀྲུས་པའི་སེམས་ཀྱི་རྒྱུད་དག་པ་འབའ་ཞིག་སྐྱེ་བས་ན་གནས་གཙང་མ་འམ། ཡང་ན་བུ་ལོན་བརྩངས་པ་བཞིན་དུ་འཁོར་བའི་བུ་ལོན་མཐར་ཕྱུང་སྟེ་བསངས་པ་རྣམས་སྐྱེས་པས་ན་གནས་གཙང་མའོ།། ཡང་ན་སོ་སོའི ་སྐྱེ་བོ་དང་མ་འདྲེས་པར་འཕགས་པ་ཕྱིར་མི་འོང་བ་རྣམས་ཉི་ཚེ་གནས་པས་ན་གནས་གཙང་མའོ།། གཟུགས་མེད་པའི་སྲིད་པ་བསྟན་པའི་ཕྱིར། གཟུགས་མེད་པའི་སྲིང་པོ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྣང་བར་བྱར་རུང་བས་ནཱ་གཟུགས་ཡིན་ལ། སྣང་བར་བྱར་རུང་བ་མེད་པས་ན་གཟུགས་མེད་པའོ།། འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་ལ་དང་པོ་སྦྱོར་བའི ་དུས་ན་ནམ་མཁའ་ནི་མཐའ་ཡིས་སོ་ནམ་མཁའ་ནི་མཐའ་ཡས་སོ་ཞེས་དམིགསོ་བར་བྱེད་དེ་དེ་ཉིས་དེར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་བྱས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ།། དེ་དག་གི་དང་པོར་སྦྱོར་བའི་སེམས་ཀྱང ་མདོ་གཞན་དག་ལས་གཟུགས་ཀྱི་འདུ་ཤེས་ནི་ཡང་དག་པར་འདས་ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར་སྣ་ཚོགས་ཀྱི་འདུ་ཤེས་ནི་ཡིད་ལ་མི་བྱེད་དེ། ནམ་མཁའ་ནི་མཐའ་ཡས་སོ།། ནམ་མཁའ་ནི ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལཱ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་གསུངས།། དེའི་དོན་ཀྱང་འདི་དག་ནི་ན་མཁའ་ཙམ་སྟེ། གྲོང་དབྱིབས་དང་ཁ་དོག་སྔོ་བ་དང་སེར་བ་དང་དམར་བ་དང་དཀུར ་བ་དང་ཡང་དག་པར་ལྡན་པའི་རྒྱུ་ལས་བྱུང་བའི་བདེ་པ་དང་མི་བདེ་བ་འདོད་ཆགས་དང་བྲལ་ཏེ་ཁ་དོག་དེ་དག་ལ་འདུ་ཤེས་མི་འཇུག་པས་ན་དེའི་ཕྱིར་གཟུགས་ནི་ཡང་དག་པར་འདས་ཞེས་གསུངས་ཏེ། དེ་ལྟར་གཟུགས་ཀྱི ་འདུ་ཤེས་ཡང་དག་པར་འདས་པས་སྣང་བ་མེད་པར་སོང་བའི་རྒྱུས་ཁ་དོག་རྣམ་པ་སྣ་ཚོགས་པར་བྱེད་པའི་རྒྱུ་རྡུལ་བསགས་པ་ཐོགས་པ་ཅན་གྱི་དངོས་པོ་ལ་སྒྲིབ་པ་དང་ཐོགས་པའི་འདུ་ཤེས་དང་བྲལ་བར་གྱུར་ཏེ། དེ་བས ་ན་ཐོགས་པ་དང་བཅས་པའི་འདུ་ཤེས་ནི་ནུབ་པར་གྱུར་ཅེས་གསུངས་སོ།། འདུ་ཤེས་དང་བྲལ་བའི་རྒྱུད་གང་དེ་ལ་མ་གཏོགས་པའི་བསགས་པའི་ལྷག་མ་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གློས་དང་རྒྱན་དང་། ཁྱིམ ་དང་སྐྱེད་མོས་ཚལ་དང་། དམག་གི་ཚོགས་དང་། རི་ལ་སོགས་པ་ལ་འདུ་ཤེས་འཇུག་པ་རྣམས། ཐམས་ཅད་ནས་ཐམས་ཅད་དུ་འཇུག་པར་མི་འགྱུར་ཏེ། དེ་བས་ན་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་ཅེས ་གསུངས་སོ།། དེས་དེ་ལྟར་ཐོགས་པ་དང་བཅས་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་པཤིག་ནས་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ལས་འདས་ཏེ། སྦྱོར་བའི་ཏིང་ངེ་འཛིན་གྱིས་ནམ་མཁལ་མཐའ་ཡས་པའི་རྣམ་པར་མོས་པར ་བྱེད་དེ། དེ་བས་ནཱ་ནམ་མཁའ་ནི་མཐའ་ཡས་སོ་ནམ་མཁའ་ནི་མཐའ་ཡས་སོ་ཞེས་གསུངས་སོ།། དེ་ནས་སྦྱོར་བའི་ཏིང་ངེ་འཛིན་མཐར་ཐུག་པ་ཡིད་ལ་བྱས་པའི་འོག་ཏུ་སྦྱོར་བས་མཐར་ཐུག་པའི་འབྲས་བུ། རྩ་བའི ་ཏིང་ངེ་འཛིན་ལ་སྙོམས་བྱ་འཇོག་སྟེ། དེ་བས་ན་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངསོ།། དེ་ཇི་སྲིད་རྩཝ་བའི་ཏིང་ངེ་འཛིན་ལྀ་སྙོམས་པར་ཞུགས་པ་དེ་སྲིད་དུ་ན་མཁ ་ལ་དམིགས་ཏེ་གནས་སོ།། རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནི། རང་གི་སའི་ཕུང་པོ་བཞི་ལ་དམིགས་ཤིང་གནས་པར་ཟད་དོ།། ཉེ་བའི་ཏིང་ངེ་འཛིན་གྱི་དུས་ན་ནི། ས་འོག་མ་རྣམས་ཀྱི་ཕུང་པོ་དང་། ་ཁ་དོག་རྣམ་པ་སྣ་ཚོགས་ལ་མྱེ་བའི་མཚན་ཉིད་དུ་ཡིད་ལ་བྱེད་དོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ། ནམ་མཁའ་མཐའ་ཡས་པའི་རྣམ་པར་དམིགས་པའི་རྣམ་པར་ཤེས་པ་དེ ་ཡང་ནམ་མཁའ་བཞིན་དུ་མཐའ་ཡས་སོ་ཞེས་སྦྱོར་བའི་ཏིང་ངེ་འཛིན་གྱི་ཚེ་དམིགས་པ་ནི་རྣམ་ཤེས་མཐའ་ཡས་ཏེ། དེ་ཉིད་གནས་དོར་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ།། དེའི ་དོན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དུས་ན། རྣམ་པར་ཤེས་པས་ནམ་མཁའ་ལ་མཐའ་ཡས་པའི་རྣམ་པར་མོས་ཏེ། དེ་བས་ན་རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་པའི་རྣམ་པ་ཡིན་ནོ།། ནམ་མཁའ་ལ་མཐའ་ཡས་པའི ་རྣམ་པར་མོས་པའི་རྣམ་ཤེས་མཐའ་ཡས་ལ་སྙོམ་པར་འཇུག་པར་འདོད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་པ་དང་། རྩ་བའི་འདུ་ཤེས་ལས་བཟློག་ནས། རྣམ་པར་ཤེས་པ་དེ་ཉིད་ལ་མཐའ ་ཡས་པའི་རྣམ་པར་མོས་པར་བྱེད་དེ། དེ་བས་ན་མདོ་གཞན་ལས། རྣམ་པ་ཐམས་ཅད། ནམ་མཁའ་མཐོའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་འཇུག་གོ་ཞེས ་གསུངས་སོ།། དེ་དག་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང་། སྦྱོར་བའི་ཏིང་ངེ་འཛིན་ཏོ།། དེས་རྣམ་ཤེས་མཐའ་ཡས་ཀྱི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང་སྦྱོར་བ་མཐར ་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་ལངས་ནས། སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་བས་ན་མདོ་གཞན་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར ་ཞུགས་ནས་གནས་སོ།། ཞེས་གསུངས་སོ།། ཅུང་ཟད་མོད་པའི་སྐྱེ་མཆེད་ཅེས་བྱ་བ་ལ། སྦྱོར་བའི་ཏིང་ངེ་འཛིན་གྱི་རུས་ན། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་སྙོམས་པར་འཇུག་པས། ཅུང་ཟད ་མེད་པ་ཞེས་བྱ་སྟེ། དེ་ཉིད་གནས་དེར་སྐྱེ་བའི་རྒྱུ་དང་། རྐྱེན་ཡིན་པོས་ན། ཅུང་ཟོད་མེད་པའི་སྐྱེ་མཆེད་དོ།། དེའི་དོན་ཀྱང་དེ་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེ་དོ་ལས་བསྐྱོད་ནས། རྣམ་པར་ཤེས་པ་ལས། ཕ་རོལ ་ན་དམྱིགས་ཅོ་ཡོད་ཅེས་བཙལ་ན། གཟུགས་ཅནྡ་ནམ་གཟུགས་མེད་པའི་ཆོས་ཅུང་ཟད་ཀྱང་མོ་མཐོང་ངོ་།། དེས་དེ་ལྟར་དམིགས་པ་མཐོང་བསྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེར་བསྡོགས་པ་དང་། ་བའི་ཏིང་ངེ་འཛིན་ལས་ལངས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དམིགས་པ་གཞན་ལ་མྱོས་པར་བྱེད་དེ། དེ་ནི་ཅུང་ཟད་མེད་པའི་འདུ་ཤེས་ཀྱི་རྣམ་པ་ལ་མོས་པ་ཉིད་གནོས་པ་ཡིན་ཏེ། དེ་ལྟར་གནས་པ་དེ་ཅུང ་ཟད་མེད་ཀྱི་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པའི་ཏིང་ངེ་འཛིན་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེས་འདུ་ཤེས་དེ་ལ་མོས་པ་མང་དུ་བྱས་པས་ཅུང་ཟད་མེད་པའི་སྐྱེ ་མཆེད་ཀྱི་ཉེ་བར་བསྡོགས་པ་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་འདས་ནས། སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྣ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ་དེ་བས་ན་མདོ་གཞན་ལས་དེས་རྣམ་པ་ཐམས་ཅད་དུ། རྣམ་ཤེས་མཐའ་ཡས་སྐྱེ་མཆུང་ལོས་འདིའི་ཡང་དྲུག་པར་འདས་ནས། ཅུང་ཟད་ཀྱང་མེད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ ་གནས་སོ་ཞེས་གསུངས་སོ།། དེ་ཡང་དབྱེ་ན་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཉེ་བ.རོ་བསྒྲོགས་པའི་ཏིང་ངེ་འཛིན་གྱི་དུས་ན་ནི་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ ་མཆེད་ཅེས་བྱ་བ་ལ། འདུ་ཤེས་ནི་ཤུ་བོའོ།། འདུ་ཤེས་ནི་ཟུག་རྔུའོ།། འདུ་ཤེས་མེད་པ་ཡང་རྨོངས་པ་སྟེ་ཞེས་འདུ་ཤེས་ཕྲ་བ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་སྟེ། དེ་ཉིད་དེར་སྐྱེ ་པའི་རྒྱུ་དང་རྐྱེན་ཡིན་པས་ན་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ།། དེའི་དོན་ཀྱང་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་དུས་ན་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས་བསྐྱེད་ངོ་།། དེ་ཡང་ཇི་ལྟ་ཞོ་ན་ཅུང་ཟད་མེད་མིན ་སྐྱེ་མཆེད་ཀྱི་འདུ་ཤེས་ལ་ཆགས་པ་དང་ན་བ་དང་ཤུ་བ་ལ་སོགས་པ་བཞིན་དུ་ཉེས་དམིགས་དང་བཅས་པར་ཡིད་ལ་བྱེད་པའོ།། ཅུང་ཟོད་མང་ཅུང་ཟད་མེང་མིན་གྱི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི ་ཏིང་ངེ་འཛིན་གྱི་དུས་ན་ནི། འདུ་ཤེས་དང་ཅེས་པ་ཡང་ཟུག་རྔུ་དང་འདྲ་བར་མི་བདེ་བ་ཡིན། འདུ་ཤེས་ཐམས་ཅད་ནས་ཐམས་ཅད་དུ་སྤངས་པ་ཡང་རྨོངས་པ་ཡིན་ནོ་ཞེས་རབ་ཏུ་ཕྲ་བའི་འདུ་ཤེས་ལ་གནས་ཏེ། ཅུང ་ཟད་མེད་བྱའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་པས་ན། དེའི་ཕྱིར་མདོ་གཞན་ལས་ཅུང་ཟད་མེད་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་གནས་སོ་ཞེས་གསུངས་སོ།། དེས་ཅུང་ཟད་མེད་ཅུང་ཟད་མོད་མིན་གྱི་སྐྱེ་མཆེད་ཀྱིས ་ཉེ་བར་བསྡོགས་བའི་ཏིང་ངེ་འཛིན། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་འདས་ནས་སྦྱོར་བ་མཐར་ཐུག་པའི་འབྲས་བུ་རྩ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དྲི་བས་མདོ་ལས་ངོས་རྣམ་པ ་ཐམས་ཅད་དུ་ཅུང་ཟད་མེད་ཀྱི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་ཅུང་ཟད་མེད་མིན་སྐྱེ་མཆོད་ལ་སྙོམས་པར་ཞུགས་ནས་གནས་སོ་ཞེས་གསུངས་སོ།། གཟུགས་མེད་པའི་ཁམས་ན་ནི་གཟུགས་ཀྱི ་མཚན་མ་མེད་པས་སེམས་ཙམ་ལ་བརྟེན་ནས་སྒོམ་སྟེ། དེ་བས་ན་མདོ་ལས་སེམས་ཙམ་ལ་བསམ་གཏན་པ་ཞེས་གསུངསོ།། དེ་དག་ཀྱང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་བཞིན་དུ་གནས་ཀྱི་རིམ་པ་ནི་མེད ་ཀྱི། སྙོམས་པར་འཇུག་པའི་བྱེ་བྲག་དང་། ཚེ་རིང་ཐུང་ངུ་སྐྱེ་བའི་བྱེ་བྲག་ཙམ་གྱིས་དབྱེ་བར་ཟད་དེ་དེ་བས་ན་མདོ་ལས་གཟུགས་མེད་པའི་ལྷ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་པོ་འདི་ནི་ཞེས་བྱ་བ་གསུངས་ཏེ། གང་གོང་དུ་གཟུགས ་མེད་པའི་ལྷ་རྣམས་ཀྱི་སྐྱེ་བ་རྣམ་པ་བཞི་བཤད་པ་དེ་ནི། གཟུགས་མེད་པའི་སྲིད་པ་ཞེས་བྱའོ།། དེ་ལ་ནམ་མཁའ་མཐའ་ཡས་སུ་སྐྱེས་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་ཉི ་ཤུར་གནས་ནས་དུས་བྱེད་དོ།། རྣམ་ཤེས་མཐའ་ཡས་ནི་བསྐལ་བ་སྟོང་ཕྲག་བཞི་བཅུའོ།། ཅུང་ཟད་མེད་པ་ནི་སྟོང་ཕྲག་དྲུག་བཅུའོ།། ཐ་མ་ནི་སྟོང་ཕྲག་བརྒྱད་ཅུར་གནས་སོ།། གཟུགས་མེད་པའི་ལྷ་རྣམས་ཀྱང ་གནས་གང་དུ་སྙོམས་པོར་འཇུག་པའི་གནས་དེ་ཉིད་དུ་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བར་ཟད་ཀྱི་གཞན་དུ་སྐྱེ་བ་མེད་དོ།། བརྒལ་བ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ན་ནི་སེམས་གཟུགས་ལ་བརྟེན་ན། གཟུགས ་མེད་པའི་ཁམས་ན་མིང་གི་ཕུང་པོ་བཞི་རྣམས་ཅི་ལ་བརྟེན། སྨྲས་པ་མདུང་གསུམ་རྩེ་སྤྲད་པའོ་ཤིང་གཙུག་ལ་གཅིག་བརྟེན་པ་བཞིན་དུ། མིང་གི་ཕུང་པོ་བཞི་ཉིད་གཅིག་ལ་གཅིག་བརྟེན་པ་འམ། མིང་གི་ཕུང་པོ་བཞི་རྣམ ་འཚོ་བའི་དབང་པོ་དང་རིས་མཐུན་པའི་ཆོས་ལ་བརྟེན་ཏོ།། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་ཏུ་བྱེད་པའི་ལྟས་ནི། ནམ་མཁའ་ལས་ལུས་ལྟུང་བ་སྙམ་ཡིད་ལ་བྱེད་པ་སྐྱེའོ།། བརྒལ་བ་མདོ་གཞན་དག ་ལས་ནི་མ་འོངས་པ་ན་ཁམས་གསུམ་གྱི་འབྲས་བུ་ལེན་པར་བྱེད་པའི་ལས་གང་ཡིན་པ་དེ་ལ་སྲིད་པའི་སྒྲར་བརྗོད་ན། འདིར་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁོམས་ཉིད་ལ་སྲིད་པར་བརྗོད་པས་མདོ ་གཞན་དང་འགལ་ལོ།། སྨྲས་པ་འདི་ནི་ཉེས་པ་མེད་དེ་ཡང་ནི་སྲིད་པ་ཞེས་བྱ་བ། ལས་ལ་བྱ་མོད་ཀྱི། ལས་དེ་ནི་མ་འོངས་པའི་སྲིད་པ་སྐྱེད་པའི་རྒྱུ་ཡིན་ལ་སྲིད་པ་གཱསུམ་ནི་ལུས་ཀྱི་འབྲས་བུ་ཡིན་ཏེ། འདིར་རྒྱུའི་མྱིང་འབྲས་བུ་ལ ་བཏགས་ནས་རྒྱུ་དེ་ཁམས་གསུམ་དུ་སྐྱེད་པར་བྱེད་པའི་ཕྱིར་ཁམས་གསུམ་ལ་སྲིད་པ་ཞེས་བརྟགས་ཏེ་ཉེས་པ་མེད་དོ།། ། སྐྱེ་བ་བསྟན་པའི་ཕྱིར། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྲིད་པའི་རྒྱུ་ལས་སྐྱེ་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ།། གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སོང་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ། སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་ཞེས་བྱ་བ་ནི་ལྷ་དང ་མི་ལ་སོགས་པའི་རིས་མཐུན་པའི་གནས་ཚེ་ཕྱི་མ་དེ་དང་དེ་དག་ཏུ་ཞེས་བྱ་བའི་དོན་ཏོ།། དེ་ལ་མངལ་གྱི་གནས་དང་སྒོ་ངོའི་གནས་སུ་དང་པོ་ཉིད་དུ་རྣམ་པར་ཤེས་པ་མངོན་པར་བྱུང་བ་ནི་སྐྱེ་བ་ཞེས་བྱའོ།། དེར་རྣམ་པར་ཤེས་པ ་ཞུགས་ནས་མ་བྱུང་གི་བར་དུ་ཡན་ལག་དང་ཉིང་ལག་རྫོགས་པར་གྱུར་པ་ནི་ཀུན་ཏུ་སྐྱེ་བ་ཞེས་བྱའོ།། མངལ་དུ་ཡན་ལག་ལ་སོགས་པ་རྫོགས་ནས་མངལ་ནས་ཕྱིར་འབྱུང་བ་ནི་འཕོ་བོ་ཞེས་བྱའོ།། གང་དྲོད་གཤེར་ལས་སྐྱེས ་པ་དང་། རྫུས་ཏེ་སྐྱེ་བ་རྣམས་དུས་གཅིག་ཏུ་རང་གི་ལུས་རྫོགས་པར་གྱུར་པ་ནི་མངོན་པར་འབྱུང་བ་ཞེས་བྱའོ།། དེ་ལྟར་འབྱུང་བ་ལས་དེ་དག་གི་ཕུང་པོ་ལྔ་པོ་ཉིད་ཁ་ཟས་ལ་སོགས་པས་བརྟས་ཤིང་འཕེལ་བར་བྱས་པ་ནི ་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ།། ཁ་ཟས་ལ་སོགས་པ་མ་གཏོགས་པའི་མར་གྱི་བསྐུ་ཞིང་གཉེ་བ་དང་བཀྲུ་བ་ལ་སོགས་པ་རྐྱེན་གཞན་གྱིས་གྲོགས་བྱས་པ་ནི་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱའོ།། ་དེ་དག་གི་ཕུང་པོ་ཉིད་སྔོན་གྱི་ལུས་དང་ཉོན་མོངས་པའི་རྒྱུ་ལ་བརྟེན་པ་ནི་ཁམས་རབ་ཏུ་རྙེད་པ་ཞེས་བྱའོ།། དེ་དག་གི་ཕུང་པོ་དེ་དག་ཉིད་ཚེའི་མཐའི་བར་དུ་གནས་པ་ཉིད་ནི་འཚོ་བའི་དབང་པོ་འབྱུང་བ་ཞེས་བྱའོ།། ལྷ་དང་མོ་ལ ་སོགས་པའི་རིས་སུ་སྐྱེས་པའི་རིས་མཐུན་དང་མ་བྲལ་པོ་ནི་རིས་སུ་བསྐལ་པ་མཐུན་པ་དང་ལྡན་པ་ཞེས་བྱའོ།། དེས་ན་མདོ་རྣམ་པ་བཞི་བསྟན་ཏེ། གང་སྐྱེ་བ་དང་སྐྱེས་ནས་གང་གིས་བསྟན་པ་དང་། གང་གིས་གྲོགས་བྱས་པ ་དང་། སྐྱེ་བའི་རང་བཞིན་གང་ཡིན་པའོ།། དེ་ལ་སྐྱེ་བ་དང་ཞེས་བྱ་བ་ནས་མངོན་པར་འབྱུང་བ་ཞེས་བྱ་བས་གང་སྐྱེ་བ་བསྟན་ཏོ།། ཕུང་པོ་རྣམས་འབྱུང་བ་ཞེས་བྱ་བོས་ཉེ་བར་བརྟེན་པ་བསྟན་ཏོ།། སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ ་དང་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱ་བ་སྟེ། གོང་གིས་གྲོགས་བྱས་པ་བསྟན་ཏོ།། འཚོ་བའི་དབང་པོ་འབྱུང་བ་དང་། རིས་སུ་སྐལ་པ་མཐུན་པ་དང་། ལྗོན་པ་ཞེས་བྱ་བས་སྐྱེ་བའི་རང་བཞིན་གང་ཡིན་པ་བསྟན་ཏོ།། ཡང་ན ་གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི་འཆི་བའི་ཆར་གཏོགསོ་པའི་སེམས་ཅན་ལ་བསྙེགས་ཏེ། ཤི་བར་གྱུར་པའི་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བའི་དོན་ཏོ།། སེམས་ཅན་གྱི་རིས་དེ་དང་ངག་ཏུ་ཞེས་བྱ་བ་ནི་ཆར ་གཏོགས་པ་ལ་བསྙེགས་ཏེ། སྐྱེ་བར་བྱ་བའི་སེམས་ཅན་གྱི་གནས་དེ་དང་དེ་དག་ཏུ། ཞེས་བྱ་བའི་དོན་ཏོ།། གང་གིས་ལུས་དགེ་བ་ལ་སོགས་པ་བྱས་པའི་ཤུགས་དང་ལྡན་པས་མ་འོངས་པ་ལ་མཚམས་སྦྱོར་བར་བྱ་བའི ་གནས་སུ་རྣམ་པར་ཤེས་པ་སྐྱེས་ཤིང་བརྒྱལ་བ་ནི་སྐྱེ་བ་ཞེས་བྱའོ།། ཀུན་ཏུ་སྐྱེ་བ་ཞེས་བྱ་བའི་ཚིག་ལྷག་མ་རྣམས་ནི་དེ་ཉིད་ཀྱིས་བཤད་པ་སྟེ། ཕྱི་མས་སྔ་མ་བཤད་པར་བལྟའོ།། ཡང་ན་མངལ་དུ་སྐྱེ་བར་རྣམས ་མངལ་གྱི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་སྐྱེ་བའོ།། སྒོ་ངར་སྐྱེས་པའི་རྣམས་སྒོ་ངའི་གནས་སུ་རྣམ་པར་ཤེས་པ་དང་པོ་ཞུགས་པ་ནི་ཀུན་སྐྱེ་བའོ།། དྲོད་གཤེར་ལས་སྐྱེས་པའི་རྣམས་དྲོད་གཤར ་གྱི་གནས་སུ་རྣམ་པར་ཤེས་པ་དང་པོ་སྐྱེ་བ་ནི་འཕོ་བའོ།། བརྫུས་ཏེ་སྐྱེ་བོའི་རྣམས་དུས་གཅིག་ཏུ་ཕུང་པོ་ཅིག་ཅུར་འབྱུང་བ་ནི་མངོན་པར་འབྱུང་བའོ།། དེ་ལ་མངལ་དུ་སྐྱེ་བའི་སེམས་ཅན་ནི་མཱི་དང་བྱོལ་སོང་གི ་སྐྱེ་གནས་བཞི་ཀ་ནས་ཀྱང་སྐྱེ་མོད་ཀྱི། ཕལ་ཆེར་མངལ་ནས་སྐྱེ་སྟེ། མངོལ་ནས་སྐྱེ་བ་ནི་བྱོལ་སོང་ལ་ཡང་གླང་པོ་དང་རྟ་དང་བ་ལང་དང་མ་ཧཱ་དང་ཕག་པ་ལ་སོགས་པ་སྟེ། དེ་དག་ཀྱང་ཕོ་མོ་གཉིས་ཀྱི་ཁྲག་དང་ཁུ ་བོ་འདྲེས་པ་ལས་འགྱུར་རོ།། མི་ལས་སྒོ་ང་ལས་སྐྱེས་པ་ནི། ཤེ་ལོ་དང་། ཨུཏྤལ་དང་། པནོ་ཙ་ལའི་རྒྱལ་པོའི་བུ་ལྔ་བརྒྱ་དང་། རི་དགས་དགྲའི་མེ། ས་གའི་བུ་སུམ་ཅུ་ལྟ་བུའོ།། མི་ལ་དྲོད་གཤེར་ལས་སྐྱེས་པ་ནི། ་མན་དྷ་ཏཱ་ལྟ་བུའི་སྤྱི་བོ་ལས་སྐྱེས་པ་དང་། མཛེས་པ་དང་ཉེ་མཛེས་དང་། ཤཱིང་རྟོག་ཨཱུ་མྲ་ལས་སྐྱེས་པའི་བུ་མོ་ཨཱ་མྲ་སྐྱོང་ལི་ཙ་བཱིའི་གཙོ་བོ་རྣམས་ཀྱི་ཆུང་མ་ལྟ་བུའོ།། མི་ལས་བརྫུས་ཏེ་སྐྱེ་བ་ནི ་བསྐལ་པ་དང་པོ་པའི་མི་རྣམས་ལྷའི་གནས་ནས་གླིང་བཞིར་སྐྱེ་བ་ལྟ་བུའོ།། བྱོལ་སོང་སྐྱེ་གནས་བཞི་ཀ་ནས་སྐྱེ་བ་ཡང་ཇི་ལྟར་འཇིག་རྟེན་བཞག་པ་ལས་གསུངས་པ་སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལོས ་སྐྱེ་བའི་ཀླུ་འདྲེན་ཅིང་ཟ་བ་དང་། དེ་བཞིན་མངལ་ནས་སྐྱེས་པས་མངལ་ནས་སྐྱེ་བ་འདྲེན་ཅིང་ཟ་བ་དང་། དེ་བཞིན་དྲོད་གཤེར་དང་བརྫུ་བ་ལས་སྐྱེས་པས་ཀྱང་སྐྱེ་གནས་པ་སོ་སོར་འདྲེན་ཅིང་ཟ་བ་ཞེས་གསུངས་པ་ལྟ་བུའོ།། ་སྒོ་ང་ལས་སྐྱེས་པ་ནི་བྱ་ལས་ཕལ་ཆེར་ཏེ། དང་ངུར་དང་ཁྲུང་ཁྲུང་དང་རྨ་བྱཱ་དང་ནེ་ཙ་ལ་སོགས་པ་ལྟ་བུའོ།། དྲོད་གཤེར་ལས་སྐྱེས་པ་ནི་གྲོག་སྦུར་དང་ཕྱེ་མ་ལེབ་དང་། སྦྲང་བུ་དང་སྲོ་ཤིག་ལས་ཕལ་ཆེར་སྐྱེའོ་ཟེར ་རོ། བཛྲ་སཽ་ཏེ་སྐྱེ་བོའི་སེམས་གང་དབང་པོ་ཉམས་པ་མྱེད་ཅིང་མ་ཚང་བ་མེད་བཱ་དང་། ཡན་ལག་དང་ཉིང་ལགྣ་ཐམས་ཅད་དང་ལྡན་པར་ཅིག་ཅུར་དུ་སྐྱེ་བོ་སྟེ། དེ་ཡང་ལྷ་དང་དམྱལ་བ་དྲང་སྲིད་པ་བར་མ་པ་ལྟ་བུའོ།། ་ཡི་དགས་དག་ནི་མངལ་དང་། བརྫུས་ཏེ་སྐྱེ་བ་གཉི་ག་ཡོད་དེ། མངལ་ནས་སྐྱེ་བ་ནི་དཔེར་ན་ཚེ་དང་ལྡན་པ་མོདྒལ་གྱི་བུ་ལ་ཡི་དགས་སྐྱེ་བ་མཚན་མོ་བདག་གིས་བུ་ལྔ་བསྐྱེད།། ཉིན་པར་དེ་བཞིན་གཞན་དག་ཀྱང་།། བསྐྱེད་དེ ་ཟོས་པར་འགྱུར་མོད་ཀྱི།། འོན་ཀྱང་མོས་པར་བདག་མ་གྱུར།། ཅེས་སྨྲས་པ་ལྟ་བུའོ།། དྲིས་པ་ན་མཁའ་ལྡིང་གི་སྐྱེ་གནས་མཐུན་མཐུན་གྱི་ཀླུ་འདྲེན་ཅིང་ཟ་བ་ནི་རུང་གི། བརྫུས་པ་ནི་ཐམས་ཅད་ཀྱང་འཚོ་བ་འགགས་མ་ཐག་དུ ་ཕུང་པོ་མི་སྣང་བར་གྱུར་ན། ཇི་ལྟར་ཟ། སྨྲས་པ་དེ་ནི་མི་སྣང་བར་འགྲོ་བ་མི་ཤེས་ནས་ཟ་བའི་ཕྱིར་འདྲེན་པ་པོ་ཡོད་དོ་ཞེས་ཁ་ཅིག་གིས་བཤང་ངོ་།། དྲངས་ནས་སྲོག་དང་མ་བྲལ་གྱི་བར་དུ་ཟར་ཡང་རུང་ངོ་ཞེས་སློབ་དཔོན ་གཞན་དག་གིས་བཤད་དོ།། ཕུང་པོའི་དབང་དུ་བྱས་ན་སྐྱེ་གནས་དེ་དག་ཏུ་ཕུང་པོ་རྣམས་འབྱུང་བ་ཞེས་བྱ་སྟེ། མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ལ་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་ནི། རྣམ་པར་ཤེསྡེ་པའི་ཕུང ་བུའོ།། རྣམ་པར་ཤེས་པ་ལྔ་དང་ལྡན་པའི་འདུ་ཤེས་ཉོན་མོངས་པ་དང་བཅས་པ་ནི་འདུ་ཤེས་ཀྱི་ཕྱུང་པོའོ།། དེའི་དུས་ན་ཚོར་བ་མྱོང་བ་ནི་ཚོར་བའི་ཕུང་པོའོ།། ཁྲག་དང་ཁུ་བ་འདྲེས་པའི་མཚན་ཉིད་མིར་མེར་པོ་ནི་གཟུགས ་ཀྱི་ཕུང་པོ་སྟེ། དེ་བས་ན་ཕུང་པོ་རྣམས་འབྱུང་བ་ཞེས་བྱའོ།། སྐྱེ་མཆེད་ཀྱི་དབང་དུ་བྱས་ན། དེའི་ཚེ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། མཚམས་སྦྱོར་བའི་ཚེ་ཉིད་ན། ཁྲག་དང་ཁུ་བ་ནི་ལུས་ཀྱི་སྐྱེ་མཆེད་དོ།། ་དེ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་ནི། ཡིད་ཀྱི་སྐྱེ་མཆེད་དོ།། དེའི་དུས་ཀྱི་ཚོར་བ་ལ་སོགས་པ་ནི་ཆོས་ཀྱི་སྐྱེ་མཆེད་དེ། སྐྱེ་མཆེད་གསུམ་པོ་དེ་ཉིད་ལོ་སྐྱེ་མཆེད་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། མིག་ལ་སོགས ་བའི་སྐྱེ་མཆེད་ནི། དེའི་དུས་ན་མྱེད་པས་དེ་དག་ལ་ནི་མི་བྱའོ།། ཁམས་ཀྱི་དབང་དུ་བྱས་ན། དེའི་ཚེ་ཁམས་རྣམས་རབ་ཏུ་རྙེད་པ་ཞེས་བྱ་སྟེ། གང་དེ་ན་ཁྲག་དང་ཁུ་བའི་མཚན་ཉིད་ནི་ལུས་ཀྱི་ཁམས་སོ།། ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་སོ།། དེ་ན་ཚོར་བ་ལ་སོགས་པ་ཡོད་པ་ནི་ཆོས་ཀྱི་ཁམས་ཏེ། དེ་གསུམ་ལ་ཁམས་རྣམསྔ་རབ་ཏུ་རྙེད་པ་ཞེས་བྱའོ།། ཁམས་གཞན་དེའི་དུས་ན་མེད་པས་ན། གཞན་ལ་ནི་མི ་བྱའོ།། ཚོར་བའི་དབང་པོ་འབྱུང་བ་དང་ཞེས་བྱ་བ་ནི། ཚེའི་འདུ་བྱེད་དང་པོ་ཉིད་དུ་དེར་ཐོབ་པའི་ཕྱིར་ཏེ། ད་ནི་ལུས་ཀྱི་དབང་པོ་ཡང་དེར་སྨིན་པར་ལྟའོ།། ཅིའི་ཕྱིར་ཞེ་ན། འདོད་པ་དང་གཟུགས་ཀྱི་ཁམས་ནི། གཟུགས ་མེད་པར་འཚོ་བའི་དབང་པོ་མི་གནས་ཏེ། འཚོ་བའི་དབང་པོ་ན་གཟུགས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ།། གང་གི་མངལ་དུ་འཕོས་པའི་སེམས་ཅན་དེ་དང་དེ་ཕན་ཆད་དེ་དང་དེ་རིགས་གཅིག་པར་གྱུར་པས་ན། རིགས ་སུ་སྐལ་བ་མཐུན་པ་དང་ལྡན་པ་ཞེས་བྱའོ།། །། རྒ་བ་བསྟན་པར་བྱ་བའི་ཕྱིར་སྐྱེ་བའི་རྐྱེན་གྱིས་རྒ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་རྒྱུ་ལས་རྒ་བ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།། གང་སྤྱི་ཅེར་དང ་ཞེས་བྱ་བ་ལ་འབྱུང་བ་ཆེན་པོ་རྣམས་ཀྱི་དྲོད་དང་མཐུ་ཉམས་པར་གྱུར་པས་སྒྲ་བྱི་བ་འམ་ལུས་མཐུ་ཆུང་བས་ཡན་ལག་འདར་བར་གྱུར་པའོ།། སྐྲ་དཀར་ནི་གང་སྒྲ་ཁ་དོག་གཞན་དུ་གྱུར་པའོ།། གཉེར་མ་མངོ་བར་གྱུར་པ ་ནི། བགས་པ་རྣམས་རྙིས་ཤིང་ཞུམ་པར་གྱུར་པའོ།། འཁོགས་པ་ནི་གང་འདོད་པ་ལ་ཀུན་ལྗོངས་སྤྱོད་པ་ལ་ཀུན་ལོངས་སྤྱོད་པ་ནུསྨྲ་པ་མེད་པ་འམ། མདངས་དང་གཟི་ཉམས་པའོ།། ཞོམ་པ་ནི་གང་ལས་སུ་བྱ་བའི་རྣམས ་ལ་མཐུ་ཆུང་ཞིང་རང་བཞིན་གྱིས་ནད་དང་བཅས་པའོ།། ཤིང་སྐུ་བོ་ལྟར་འཁྱོར་བ་ནི་གང་འགྲོ་བའི་སྤྱོད་ལམ་གྱིས་དུས་ན། ལུས་ཀྱི་དབྱིབས་གཡས་གཡོན་དུ་འགྱུར་ཞིང་འཁོར་བའོ།། ལུང་པ་ངར་ངར་བའི་ལུས་ནི་གང་སྒྲ་བའི ་དུས་ན་བདེ་ཀན་ལ་སོགས་པས་འགགས་པས། དབུགས་ཕྱི་ནང་དུ་འབྱུང་བ་རྣམས་དཀའ་བཞིན་དུ་འབྱུང་བའོ།། སྐུར་པ་ནི་གང་ཚིགས་པ་ཡཱ་གནས་པའི་འབྱུང་བ་ཆེན་པོ་རྣམས་ཉམས་པས་ལུས་དྲང་པོར་སྲོང་མི་ནུས་ཤིང ་མདུན་དུ་སླུ་བའོ།། ཁབས་ནག་པོས་ཁམས་པའི་ལུས་ནི་གདོང་དང་ཡན་ལག་ཏུ་ཁ་དོག་ནག་པོ་ཕལ་ཆེར་བྱུང་བའོ།། མདུན་དུ་དགུ་པའི་ལུས་ནི་གང་འདུག་པའི་སྤྱོད་ལམ་གྱི་དུས་ན་ཡང་ལུས་མདུན་དུ་དུད་ཅིང་དྲང་པོར་གནས ་པབར་མི་ནུས་པའོ།། ཁར་བ་ལ་འཇུ་བ་ནི་གནས་པའི་སྤྱོད་ལམ་ལས་ལྡང་བའི་དུས་ན། ཁར་བ་ལཱ་མ་བརྟེན་པར་ལྡང་མི་ནུས་པའོ།། དབང་པོ་ཀུན་སྨིན་པ་ནི་རང་བཞིན་གྱིས་ཉམས་ཆུང་བས་གཟུགས་དང་སྒྲ་ལ་སོགས་པ་མི ་གསལ་བར་མཐོང་ཞིང་ཐོས་པའོ།། ཉམས་པ་ནི་གང་ལས་སུ་བྱ་བ་རྣམས་ལ་བརྩོན་འགྲུས་མེད་དེ། ཡན་ལག་ཞིགས་པས་རྟག་ཏུ་ལེ་ལོ་དང་བཅས་པའོ།། འདུ་བྱེད་རྣམས་རྙིངས་པར་གྱུར་པ་ནི། ཕུང་པོ་ལྔའི་ཐ་མར ་གྱུར་ཏེ། ཕུང་པོ་ཉིད་ཀྱང་འཆི་བའི་ཆའི་དུས་དང་ཉེ་བར་གྱུར་པའོ།། ཞིགས་པར་གྱུར་པ་ནི་གང་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་ལ། སྔོན་བཞིན་དུ་བལྟ་བ་དང་། མཉམ་པར་འདོད་པ་མི་སྐྱེ ་བའོ། རྨོངས་པ་ནི་དྲན་པའི་བློ་ཉམས་པས། སྔོན་བྱས་པ་དང་སྨྲས་པ་རྣམས་བརྗེད་ཅིང་མི་དྲན་པའོ།། ཞན་པ་ནི་གཉིས་ཀྱིས་ལོག་པ་ལས། གཉིད་སྡུག་ཅིང་རྒྱུན་རིང་དུ་གཉིད་ལ་གནས་པའོ།། བྲི་བ་ནི་དེ་ལྟར་གཉིད་ཀྱིས ་ལོག་པ་ལས་གང་མྱུར་དུ་ལྡང་མི་ནུས་པའོ།། ཀུན་དྲི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེའི་འདུ་བྱེད་ཀྱང་འཇུག་བསྡུས་པས་འཆི་བའི་དུས་ལ་མངོན་དུ་བལྟས་པའོ།། གོང་དུ་བཤད་པ་དེ་དག་བསྡུས་ན། དོན་རྣམ་པ་བཅུ ་གཅིག་སྟོན་ཏེ། བཅུ་གཅིག་ནི་རྟེན་རྣམ་པར་གྱུར་པ་དང་། སྐྲ་རྣམ་པར་གྱུར་པ་དང་། རྟས་རྣམ་པར་གྱུར་པ་དང་། གཟི་དང་སྟོབས་རྣམ་པར་གྱུར་པ་དང་། ནད་མེད་པ་རྣམ་པར་གྱུར་པ་དང་། ཁ་དོག་རྣམ་པར་གྱུར་པ་དང་། སྤྱོད ་ལམ་རྣམ་པར་གྱུར་པ་དང་། གཟུགས་ཅན་མ་ཡིན་པའི་དབང་པོ་རྣམ་པར་གྱུར་པ་དང་། གཟུགས་ཅན་གྱི་དབང་པོ་རྣམ་པར་གྱུར་པ་དང་། མཐར་ཐུག་པ་དང་། ཚེའི་འདུ་བྱེད་ཟད་པའོ།། དེ་ལ་སྤྱི་ཅེར་ཞེས་བྱ་བས་རྟེན་རྣམ ་པར་གྱུར་པ་བསྟོན་ཏོ།། སྐྲ་དཀར་ཞེས་བྱ་བས་སྒྲ་རྣམ་པར་གྱུར་པ་བསྟན་ཏོ།། གཉེར་མ་མང་ཞེས་བྱ་བས་བརྟས་པ་རྣམ་པར་གྱུར་པ་བསྟན་ཏོ།། འཁོགས་པ་ཞེས་བྱ་བས་གཟི་དང་། སྟོབས་རྣམ་པར་གྱུར་པ་བསྟོན་ཏོ།། ཞིམ་པ ་ཞེས་བྱ་བས་ནད་མོད་པ་རྣམ་པར་གྱུར་བསྟན་ཏོ།། ཁབས་ནག་པོས་ལུས་ཁེབས་ཞེས་བྱ་བས་ཁ་དོག་རྣམ་པར་གྱུར་པ་བསྟན་ཏོ།། སླུ་བ་དང་ཤིང་སྒྲ་བོ་ལྟར་འཁོར་བ་དང་ལུང་པ་ངར་བའི་ལུས་དང་།། མདུན་དུ་སླུ་བའི་ལུས་དང་ཁར་བ་ལ ་འཇུ་བོ་རྣམས་ཀྱིས་སྤྱོད་ལམ་གཞན་དུ་གྱུར་པ་བསྟན་ཏོ།། རྨོངས་པ་ཞེས་བྱ་བས་གཟུགས་ཅན་མ་ཡིན་པའི་དབང་པོ་གཞན་དུ་གྱུར་པ་བསྟན་ཏོ།། དབང་པོ་ཀུན་སྨིན་པ་དང་ཉམས་པ་དང་ཞིགས་པར་གྱུར་པ་དང་། ཞན་པ་དང་བྲ ་བ་རྣམས་ཀྱིས་གཟུགས་ཅན་གྱི་དབང་པོ་གཞན་དུ་གྱུར་པ་བསྟན་ཏོ།། འདུ་བྱེད་རྣམས་རྙིངས་པར་མཐར་ཐུག་པ་བསྟན་ཏོ།། ཀུན་བྲི་བས་ཚེ་ཟད་པ་བསྟན་ཏོ།། །། འཆི་བ་བསྟན་པའི་ཕྱིར། འཆི་བ་བསྟན་པ ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་སེམས་ཅན་དེ་དང་དེ་རྣམས་ཞེས་བྱ་བ་ནི། ལྷ་དང་མི་དང་བྱོལ་སྲོང་དང་སེམས་ཅན་དམྱལ་བ་ལ་སོགས་པའི་སེམས་ཅན་དེ་དང་དེ་དག་གོ།། སེམས་ཅན་གྱི་རིས་དང་དེ་ལས ་ཞེས་བྱ་བས་ནི་ལྷ་དང་མཱི་ལ་སོགས་པའི་རིས་མཐུན་པའི་གནས་དེ་དང་དེ་དག་ལས་སོ།། དེ་ལ་འཆི་བའི་མཚན་ཉིད་ནི་ནམ་དྲོ་དང་ཚེ་དང་རྣམ་པར་ཤེས་པས་བོར་བ་དེ་ནི་ཤི་བ་ཞེས་བྱའོ།། དེ་བས་ན་མདོ་གཞན་དག་ལས་ཀྱང ་ཚེ་དང་དྲོ་དང་རྣམ་ཤེས་ཀྱིས།། གང་ཚེ་ལུས་འདི་བོར་བ་ན།། དཔེར་ན་སེམས་མེད་ཤིང་བཞིན་དུ།། ས་ལ་འགྱེལ་ནས་ཉལ་བར་འགྱུར།། ཞེས་གསུངས་པ་ལྟ་བུའོ།། དེ་ལ་སེམས་ཅན་གང་དག་གནང་དུ་སྡུག་བསྔལ ་མྱོང་བ་མེད་པར་དུས་བྱས་པ་ནི་ཤི་འཕྱོས་པའོ།། གང་སེམས་ཅན་གནད་དུ་སྡུག་བསྔལ་མྱོང་བ་དང་བཅས་པས་དུས་བྱས་པ་ནི་ཤི་འཕོས་པར་གྱུར་པའོ།། རྣམ་པར་ཤེས་པས་ལུས་བཏང་སྟེ། ་ལུས་དང་རྣམ་པར་ཤེས་པ་བྱེད་པར་གྱུར་པ་ནི་བྲལ་བ་ཞེས་བྱའོ།། མིག་ལ་སོགས་པ་གཟུགས་ཅན་གྱི་དབང་པོ་འགགས་པ་ནི། མི་སྣང་བ་ཞེས་བྱའོ།། གང་དུས་མ་ཡིན་པར་ཤི་བ་རྣམས་ནི་འཆི་བའོ།། བསོད ་ནམས་དང་ལྡན་པ་རྣམས་གནོད་པ་འམ་སྡུག་བསྔལ་དང་རིང་དུ་མི་འགྲོགས་པར་མྱུར་དུ་འཆི་བའི་དུས་བྱེད་པའོ།། གང་འཆི་བའི་ཚེ་དབུགས་རྒྱུ་ཞིང་སྐྱིགས་བུ་འབྱིན་པའི་དུས་ལ་ནི་ཆ་ཟད་པ་ཞེས་བྱའོ།། གང ་དུས་སུ་ཤི་བེ་རྣམས་ནི། འཚོ་བའི་དབང་པོ་འགེགས་པ་དང་ཕུང་པོ་རྣམས་འདོར་བ་དང་། སྐྱེ་མཆེད་ཀུན་འཇིག་པ་ཞེས་བྱའོ།། ཡང་ན་ཚེའི་འདུ་བྱེད་ཟད་པ་ནི་ཚེའི་དབང་པོ་འགོག་པའོ།། སྔོན་གྱི་ཕུང་པོ་དང ་བྲལ་བ་ནི་ཕུང་པོ་རྣམས་འདོར་བའོ།། ཕུང་པོ་སྔ་མའི་མིག་ལ་སོགས་པའི་སྐྱེ་མཆེད་ཀྱིས་ལྟ་བོ་ལ་སོགས་པའི་བྱ་བ་མི་བྱེད་པ་ནི་སྐྱེ་མཆེད་ཀུན་འཇིག་པའོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས ་རྒྱས་པར་བཤད་པའི་རྣམས་མཇུག་བསྡུ་བར་བྱ་བའི་ཕྱིར། དགེ་སློང་དག་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འོ་ན་ཅིའི་ཕྱིར་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམས་རིམ་པ་འདི་ལྟར་བཀོད།། ་སྨྲས་པ་དང་པོ་ཉིད་དུ་ཤེས་བྱ་ལ་རྨོངས་པ་འབྱུང་སྟེ། དེ་བས་ན་མ་རིག་པ་སྔར་བཤད་དོ།། རྨོངས་པར་གྱུར་ན་དེ་ཉིད་ལ་ཕྱིན་ཅི་ལོག་གི་ལས་མངོན་པར་འདུ་བྱེད་པས་དེའི་འོག་ཏུ་འདུ་བྱེད་དོ།། ཕྱིན་ཅི་ལོག་གི་ལས ་མངོན་པར་འདུས་བྱས་ན་དེའི་རྒྱུས་སེམས་ཀྱང་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་བས་ན་དྲིའི་འོག་ཏུ་རྣམ་པར་ཤེས་པའོ།། སེམས་ཕྱིན་ཅི་ལོག་ཏུ་གྱུར་ན་དེ་ལས་མཚམས་སྦྱོར་བར་བྱེད་དེ་དེའི་འོག་ཏུ་མིང་དང་གཟུགསོ།། ། ་མིང་དང་གཟུགས་ལྟོས་དབང་པོ་ཡོངས་སུ་རྫོགས་པར་འབྱུང་སྟེ་དེ་བས་ན་དེའི་འོག་ཏུ་སྐྱེ་མཆེད་དྲུག་གོ། དབང་པོ་ཡོངས་སུ་རྫོགས་ན་ཡུལ་ལ་དབང་པོ་ཀུན་ལོངས་སྤྱོད་པར་བྱེད་དེ། དེ་བས་ན་དེའི་འོག་ཏུ་རིག ་པའོ། ཡུལ་ལ་ལོངས་སྤྱོད་པས་བདེ་བའི་ཚོར་བ་ལ་ཆགས་པ་དང་། སྡུག་བསྔལ་གྱི་ཚོར་བ་འདོར་བར་འདོད་པ་འབྱུང་སྟེ། དེའི་ཕྱིར་དེའི་འོག་ཏུ་ཚོར་བའོ།། ཆགས་པ་ལས་ཚོར་བ་བདེ་བ་དང་རྒྱུན་ཏུ་འགྲོགས ་པར་སྨོན་པ་སྐྱེ་སྟེ།། དེ་བོས་ན་དེའི་འོག་ཏུ་སྲེད་པའོ།། སྨོན་པ་ལས་དེ་ཚོལ་བ་ལ་བརྩོན་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ་ལེན་པའོ།། ལེན་པའི་དུས་ན་ཉོན་མོངས་པ་འཕེལ་ལ། ཉོན་མོངས་པ་འཕེལ་བ་ལ་ཡང ་སྲིད་པའི་ལས་བྱེད་དེ། དེ་བས་ན་དེའི་འོག་ཏུ་སྲིད་པའོ།། ལས་དང་ཉོན་མོངས་པ་འདུ་བྱས་ན་ལཿརྒྱུད་ལྔར་འབྱུང་བར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་སྐྱེ་བའོ།། སྐྱེས་ན་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང ་བས་ན་དེའི་འོག་ཏུ་རྒ་ཤི་སྟེ། དེའི་ཕྱིར་ན་རིམ་པ་དེ་ལྟར་བཀོད་དོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པའི་འོག་ཏུ། འཕགས་པའི་བདེན་པ་བནི་སྨོས་པས། ཇི་ལྟར་སྤྲོས་པ་བཞིན་བཤུད་པར་འདོད ་ནས་དྲིས་པ། དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ཞེས་བྱ་བ་ནི་དགར་བའི་ཚིག་སྟེ། དབང་པོ་ཉི་ཤུ་རྩ་གཉིས་ལ་སོགས་པ་ཡས་ཀྱང་། བདེན་པ་བཞིས་ཇེ་དགར་ཏེ་བསྟན་ཏོ་ཞེས་བྱ་བའི ་དོན་ཏོ།། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་འཕགས་པའི་བདོན་པ་བཞི་གསུངས་ཤེ་ན། འདི་ལྟར་སྟོན་པར་ཁས་འཆེས་པ་ཀུན་ཏུ་རྒྱུ་དང་། གཅེར་བུ་པཱ་དང་། མིའི་ཐོད་པ་ཅན་དང་། གཞུང་མེད་པ་ལ་སོགས་པ། རང ་རང་གི་ཆོས་ཀྱི་ཁྱད་པར་སྒྲོགས་ཤིང་སྟོན་པ་ན། བདག་གི་ཆོས་ནི་ཡང་དག་པ་བདེན་པ་ཕྱིན་ཅི་མ་ལོག་པ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ་ཞེས། ཕྱིན་ཅི་ལོག་ལ་མངོན་པའི་ང་རྒྱལ་བྱེད་པར་གཟིགས་ནས། བདེན་པ་ལ ་རྨོངས་པ་དེ་དག་ལ་དོན་དམ་པ་བསྟན་པར་བྱ་བའི་ཕྱིར་འཕགས་པའི་བདེན་པ་བཞི་གང་ཙྪི་ནཱ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་ན་གསུང་རབ་འདིར་ཞུགས་ནས་ཁྱིམ་ན་གནས་པོའི་མཚན་མ་ནི་ཡོངས་སུ་བཏང་། ་དགེ་སྦྱོང་གི་མཚན་མ་བཟུང་། དགོན་པར་གནས་པས་ནི་སྦྱོང་ངོ་ཞེས། ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་ཡང་དག་པར་འཛིན། ཡོ་བྱད་བསྲུངས་པ་ལ་ནི་གནས། ངོ་ཚ་དང་ཁྲེལོ་ཡོད་པས་ནི་བསྡམས། དབང་པོ་རྣམས་ཡུལ ་ལ་འཇུག་པའི་སྒོ་ནི་བཀག་ཀྱང་ཐོས་པའི་ཤེས་རབ་དང་མི་ལྡན་པས། བདག་ནི་དགེ་སྦྱོང་ངོ་ཞེས་ངེས་པ་སྐྱེས་པ་རྣམས་ཀྱི་མངོན་པའི་ང་རྒྱལ་སྤང་ཞིང་དོན་དམ་པའི་དགེ་སྦྱོང་བསྟན་པར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་རབ་འདི་ལས་བདེན་པ་ཁོང་དུ་ཆུད་པ་ཉིད་དོན་དམ་པའི་དགེ་སྦྱོང་ཡིན་པར་དགོངས་པའོ།། ཡང་ན་མི་ཁོམ་པ་བརྒྱད་ཡོངས་སུ་སྤོངས་པ་དང་། སྔོན་གྱི་དེ་བཞིན ་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བའི་མེ་ཏོག་གི་དྲིས་རྒྱུད་ཡོངས་སུ་བསྒོས་པས། འབྲས་བུ་ཐོབ་པའི་ཚོགས་ཡང་དག་པར་བསགས་ཤིང་བསམ་པ་དང་སྦྱོར་བ་རབ་ཏུ་དག་པས་འཕགས་པའི ་བདེན་པ་ཁོང་དུ་ཆུད་པར་འགྱུར་བའི་སྐོལ་བ་ཅན་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བའི་མདོ་འདི་གསུངས་སོ།། ཡང་ན་ངན་སྐྱོང་རྣམས་ཀྱི་སྡུག་བསྔལ་མི་བཟད་པ ་ཐོས་པས། ཡིད་སྒེག་པར་གྱུར་པ་རྣམས་ལ། དེར་མི་འགྲོ་བར་རྒྱུ་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་གསུངས་ཏེ། ཅིའི་ཕྱིར་ཞེ་ནྡོ། འདི་ལྟར་མནར་མེད་པ་དང་། རབ་ཏུ་འཇོམ་པ་དང་། འོ་དོད་འབོད་པ་དང་། ་འོ་དོད་ཆེར་འབོད་པ་དང་། ཚ་བ་དང་།། རབ་ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བར་སྐྱེས་པ་རྣམས། དབང་མེད་པར་ལྕོགས་ཀྱི་སྐམ་པས་ཁ་ཕྱི་ནས། ལྕགས་ཀྱི་གོང་བུ་དང་། ལྕགས་ཀྱི་ཁུ་བ་བླུད་པའི་དུས ་ན་སྣ་དང་སྤྱི་བོ་ལ་སོགས་པར་མྱེ་ལྕེ་རབ་ཏུ་འབྱུར་བའི་སྡུག་བསྔལ་མྱོང་བ་དང་། གཞན་ཡང་ཡི་དགས་སུ་སྐྱེ་བ་རྣམས་སྐོམ་པ་དང་། བཀྲེས་པའི་སྡུག་བསྔལ་གྱིས། ནོན་པས་ཛྙཱན་མི་འཆང ་བར་ཟོས་ཤིང་འཐུངས་ཀྱང་ཆོ་ག་པའི་དུས་མེད་ན་བཟློག་པ་ལྟ་ཅི་ཞིག་སྨོས་ཏེ། དེ་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མ་ནོར་བའི་ཕྱིརཆུ་འདོད་པའི་དོན་སོང་བ་ལས་ཀྱང་ཆུ་རྣམས་བསྐམས་པར་འགྱུར་བ ་འམ། རྣག་དང་ཆུ་སེར་ལ་སོགས་པ་མི་གཙང་བ་རབ་ཏུ་དྲི་མི་ཞིམ་པ་རྣམས་ཀྱིས་གང་བར་འགྱུར་བ་དང་། མེ་ཏོག་ཤིང་རྣམས་ཀྱང་། མེ་ཏོག་མེད་པར་འགྱུར་པ་དང་། འབྲས་བུའི་ཤིང་རྣམས་ཀྱང་འབྲས་བུ་མེད ་པར་འགྱུར་བ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་བ་དང་། གང་དག་བྱོལ་སོང་དུ་སྐྱེས་པ་རྣམས་བཅིང་བ་དང་། གསད་པ་དང་གཅིག་ལ་ཅིག་ཕན་ཚུན་ཟ་བ་ལ་སོགས་པའི་སྡུག་བསྔལ་འབྱུང ་བར་དགོས་པས་རྟག་ཏུ་ཡིད་མི་བདེ་བར་གནས་ལ། ངན་སོང་གསུམ་དུ་མི་འགྲོ་བའི་རྒྱུ་བསྟན་པར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་གསུངས་ཏེ། བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང ་དུ་ཆུད་ན། དེ་དག་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འགྱུར་རོ།། དེ་ལ་འཕགས་པའི་བདེན་པོའི་དོན་གང་ཞེ་ན། འཕགས་པ་ཞེས་བྱ་བ་ནི། གང་བདག་ལ་དབང་དུ་གྱུར་པ་ལ་བྱ་སྟེ། འདི་ལྟར་སངས ་རྒྱས་དང་། འཕགས་པ་ཉན་ཐོས་ཆེན་པོ་ལ་སོགས་པ་ནི་སེམས་ལ་དབང་ཐོབ་པས་འཕགས་པ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་རྣམས་ནི། ཉོན་མོངས་པའི་དཔུང་དུ་གྱུར་པས། འཕགས་པ་མ་ཡིན་པ་ཞེས་བྱའོ།། བདེན་པ་ནཱི་ཕྱིན་ཙྪ ་མ་ལོག་པ་འམ། མ་ནོར་བའམ། ཡང་དག་པའི་དོན་ཏེ། འཕགས་པར་འགྱུར་བའི་བདེན་པ་ནི་འཕགས་པའི་བདེན་པའོ།། ཡང་ན་འཕགས་པ་རྣམས་ཀྱིས་བཤད་པའི་བདེན་པ་ནི་འཕགས་པའི་བདེན་པའོ།། འོ་ན་སོ་སོའི ་སྐྱེ་བོ་རྣམས་ཀྱིས་བཤད་པ། འཕགས་པའི་བདེན་པར་མི་འགྱུར་རམ་ཞེ་ན། ལན་དུ་དེ་དག་ཐམས་ཅད་ཀྱང་འཕགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་འཆད་པ་དང་། འཕགས་པར་འགྱུར་བའི ་རྒྱོ་སྟོན་པས་ན་འཕགས་པའི་བདེན་པ་ཞེས་བྱའོ།། ཡང་ན་འདི་དག་འཕགས་པ་རྣམས་ལ་བདེན་པས་ན། འཕགས་པའི་བདུན་པ་ཞེས་བྱའོ།། བརྒལ་བ། སོ་སོའི་སྐྱེ་བོ་རྣམས་ལ་འདི་དག་བརྫུན་པ་ཡིན་ནམ་ཞེ་ན། སྨྲས་པ ་འདི་དག་འཕགས་པ་ཡང་རུང་བྱིས་པ་ཡང་རུང་སྟེ། ཐམས་ཅད་ལ་སྡུག་བསྔལ་བ་ལ་སོགས་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པས། ཀུན་ལ་ཡང་འཕགས་པའི་བདེན་པ་ཞེས་བྱའོ།། དེ་སྟེ་ཀུན་ལ་ཡང་བདེན་ན། ཅིའི ་ཕྱིར། འཕགས་པ་རྣམས་ཀྱི་བདེན་པ་ཞེས་བརྗོད་ཅེ་ན། སྨྲས་པ་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི། ཡང་དག་པ་ཇི་ལྟ་བ ་བཞིན་དུ་མི་མཐོང་བས། འཕགས་པ་རྣམས་ལ་བདེན་པ་ཞེས་བྱའོ།། དེ་བས་ན་མདོ་དག་ལས་བཤད་པ། འཕགས་པ་བདེ་བར་གང་གསུངས་པ། སྤྱུག་ཅིང་བསྔལ་བར་གཞན་གྱིས་རིག། གཞན་གྱིས ་བདེ་བར་གང་སྨྲས་པ། སྡུག་ཅིང་བསྔལ་བར་འཕགས་པས་རིག། ཅེས་གསུངས་པོ་ལྟ་བུའོ།། ཡང་སྤུ་ཡཱི་ཉག་མ་ཇི་ལྟར་ལག་པ་མཐིལ་འདུག་མི་ཚོར་མི། དེ་ཉིད་མིག་ཏུ་སོང་བར་གྱུར་ན་མི་དགའ་གནོད་པ་སྐྱེ། ལག་པའི ་མཐིལ་འདུ་བྱིས་པས་འདུ་བྱེད་སྡུག་བསྔལ་ཉག་མི་ཚོ། མིག་དང་མཚུངས་པའི་མཁས་པ་དེ་ཉིད་ཀྱིས་ན་ཡིད་འབྱུང་ཟབ་ཅེས་གསུངས་ཏེ། དེ་ལྟར་ན་ཉེ་བར་ལེནྡ་པའི་ཕུང་པོ་ལྔ་ལ་སོགས་པ་སྡུག་བསྔལ་བ་ཡིན་པར་འཕགས ་པ་རྣམས་ཀྱིས་གཟིགས་ཀྱི། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་དེ་ལྟར་མི་མཐོང་ངོ་།། འོ་ན་ཅིའི་ཕྱིར་འཕགས་པའི་བདེན་པ་བཞི་ཁོ་ནར་ངེས་ཤེས་ན། ལྟ་བ་ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར། དེའི་གཉེན་པོར་བདེན་པ་ཡང་བཞི ་ཁོ་ནར་བཤད་དེ། ལྟ་བ་ཕྱིན་ཅི་ལོག་བཞི་ནི། འཇིག་ཚོགས་སུ་ལྟ་བ་དང་། ཆད་པར་ལྟ་བ་དང་། ཐེར་ཟུག་དུ་ལྟ་བ་དང་། བྱ་བ་མེད་པར་ལྟ་བའོ།། དེ་ལོ་ཕུང་པོ་ལྔ་རྣམས་ལ་བདག་ཏུ་ལྟ་བ་སྟེ། འཇིག་ཚོགསུ་ལྟ་བའི ་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ཞེས་བཤད་དེ། འདིར་ཕུང་པོ་ཞིག་ནས། ཚེ་རབས་གཞན་དུ་སྐྱེ་བར་མི་འགྱུར་རོ་ཞེས་ཆད་པར་ལྟ་བའི་གཉེར་པོར། ཀུན་འབྱུང་གི་བདེན་པ་བཤད་དེ། ཇི་སྲིད་དུ་ལས་དང་ཉོན་མོངས ་པ་ཡོད་ཀྱི་བར་དུ། ཕུང་པོའི་རྒྱུན་མི་འཆད་པར་སྟོན་པའོ།། ཕུང་པོ་ལྔ་རྟག་པར་ཐེར་ཟུག་དུ་གནས་སོ་ཞེས་ལྟ་བའི་གཉེན་པོར་འགོག་པའི་བདེན་པ་བཤད་དོ།། ལུས་དང་ཉོན་མོངས་པ་སྤངས་ན་ཕུང་པོ་སྐྱེ་བ་རྒྱུན་ཡང་ཆད་པས། ་ཐེར་ཟུག་མ་ཡིན་ཞེས་བྱ་བར་བསྟན་ཏོ།། དགེ་བ་གཞན་གྱིས་བྱས་ཀྱང་། འབྲས་བུ་གཞན་གྱིས་མྱོང་བར་འགྱུར་རོ་ཞེས་མ་བྱས་པར། ལྟ་བའི་གཉེན་པོར་ལམ་གྱི་བདེན་པ་བཤད་དེ། གང་གིས་ལོམ་སྒོམས་པ་དེ་ཉིད ་རྣམ་པར་ཐར་པར་འགྱུར་གྱི། གཞན་གྱིས་ལམ་བསྒོམ་ལ། གཞན་ཐར་པར་ནི་མི་འགྱུར་ཏེ། གལ་ཏེ་དེ་ལྟར་འགྱུར་ན་ནི། ལྷས་བྱིན་གྱི་ལས་བྱས་པ་རྣམས་ཀྱི་འབྲས་བུ་མཆོད་སྦྱིན་གྱིས་མྱོང་བའི་སྐྱོན་དུ་འགྱུར་རོ།། ་ཡང་ན་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་རྣམ་པ་བཞིའི་གཉེན་པོར། བདེན་པ་བཞི་ཁོ་ནར་བཤད་དེ། ཕྱིན་ཅི་ལོག་རྣམ་པ་བཞི་ནི་འབྲས་བུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང་། རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུ་དོ་པ་དང་། ཐར་པ ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་དང་། དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པའོ།། དེ་ལྔ་འབྲས་བུ་ཕྱིན་ཅི་ལོག་ཏུ་ཁྱོང་དུ་ཆུད་པ་ཞེས་བྱ་བ་ནི། སྲེད་པ་དང་། ང་རྒྱལ་དང་། ལས་ཀྱི་འབྲས་བུར་གྱུར་པའི་ཕུང་པོ་དང་། ཁམས ་དོདང་སྐྱེ་མཆེད་རྣམས་མི་གཙང་བའི་སྣོད་ལྟར། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་ཅན། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མས་རྟག་ཏུ ་བསྲེགས་པ། མི་རྟག་པའི་རྡོ་རྗེས་རྒྱུན་དུ་བཅོམ་པ། བདག་དང་བདག་གི་དང་བྱེད་པ་པོ་དང་། ཚོར་བ་བློ་ལ་སོགས་པ་ལ། བྲལ་བ་ལ། གཙང་བ་དང་། བདེ་བ་དང་རྟག་པ་དང་བདག་ཏུ་འཛིན་པ་སྟེ། དེ་བཟློག ་པར་བྱ་བའི་ཕྱིར། སྡུག་བསྔལ་འཕགས་པའི་བདེན་པ་གསུངས་སོ།། རྒྱུ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། ཕྱི་དང་ནང་གི་དངོས་པོ་འདི་དག་ཐམས་ཅད་ཚངས་པ་དང་། དབང་ཕྱུགས་དང་། སྐྱེས་བུ་དང་། རང ་བཞིན་དང་། དུས་དང་རྒྱུ་མེད་པ་ལ་སོགས་པ་ལས་སྐྱེའོ་ཞེས་མི་མཐུན་པོའི་རྒྱུ་དང་རྒྱུ་མེད་པར་སྨྲ་བ་བཟློག་པར་བྱ་བའི་ཕྱིར། ཀུན་འབྱུང་གི་བདེན་པ་གསུངས་སོ།། ཐར་པ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི། ་གཏོགས་འདོད་ཀྱི་ལུགས་དང་བདག་དང་། རྡུལ་དང་མུན་པ་དང་། སེམས་ཅན་གསུམ་ཆ་མཉམ་ན་གཙོ་བོ་ཞེས་བྱ་བ་མཐོང་བར་གྱུར་པ་འམ། དབང་ཕྱུག་ཆེན་པོ་མཉེས་པར་བྱས་ན། ཐར་པ་དང་མཐོ་རིས་འཐོབ་བོ་ཞེས ་སྨྲ་བ་སྟེ། དེ་བཟློག་པར་བྱ་བའི་ཕྱིར་འགོག་པའི་བདེན་པ་གསུངསོ།། དེའི་ཐབས་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་གང་དག་མེ་ཏོག་དང་འབྲས་བུ་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་ཁ་ཟས་རྩུབ་མོ་ཟ་ཞིང་། རྩ་དང ་འདབ་མཾ་དང་། ཤིང་ལོ་བ་དང་ཚི་མ་དང་ཐལ་བ་ལ་སོགས་པར་ཉལ་བར་གནས་བཅས་པས་ཐར་པར་འགྱུར་རོ་ཞེས་སྨྲ་བ་དང་། མེ་ལྔའི་དཀའ་ཐུབ་དང་། ཟས་བཅད་པ་དང་། བྲག་ཁ་ནས་མཆོང་བ་ལ་སོགས་པས་ཐར ་པར་འགྱུར་རོ་ཞེས་སྨྲ་བ་སྟེ། དེ་བཟློག་པར་བྱ་བའི་ཕྱིར། ལམ་གྱི་བདེན་པ་བཤད་དོ།། ཡང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་འབྲས་བུ་དང་། རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་འཕགས་པའི་བདེན ་པ་བཞི་ཁོ་ནར་བཤད་དེ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། དེ་ནི་ཇི་སྙེད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་འབྲས་བུ་ནི་སྡུག་བསྔལ་ཡིན་པའི ་ཕྱིར་རོ།། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མི་ལོག་པར་བསྟན་པའི་ཕྱིར། ཀུན་འབྱུང་གི་བདེན་པ་བཤད་དེ། ལས་དང་ཉོན་མོངས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། འགོག་པའི་བདེན་པ་བ་ཤད་དེ། མྱ་ངན་འདས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ།། རྣམ ་པར་བྱུང་པོའི་ཆོས་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། ལམ་གྱི་བདེན་པ་བཤད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཡང་ན་མངོན ་བའི་ཆོས་ལས་འཁོར་བ་ལ་ཉེས་པ་དང་བཅས་པར་མཐོང་བ་དང་། མྱ་ངན་ལས་འདས་པ་ལ་རྗེསུ་བསྔགས་པ་དང་བཅས་པར་མཐོང་བ་རྣམས། འཁོར་བ་ལས་ཡང་དག་པར་འབྱུང་བར་བྱ་བའི་ཕྱིར་བརྩོན་འགྲུས ་བརྩོམ་མོ་ཞེས་བཤད་དེ། དེ་ལ་འཁོར་བ་ལ་ཉེས་པ་དང་བཅས་པ་མཐོང་བ་འགྲུབ་པར་བྱེད་པ་ནི། སྡུག་བསྔལ་གྱི་བདེན་པ་མཐོང་བ་སྟེ། ཁམས་གསུམ་པ་རྣམས་སྡུག་བསྔལ་རྣམ་པ་བརྒྱུད་དང ་ལྡན་པར་མཐོང་ན་འཁོར་བའི་ཆོས་རྣམས་ལ་ཉེས་པ་དང་བཅས་པར་བལྟའོ།། འཁོར་བའི་ཉེས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་ནི། སྲིད་པའི་མཚན་ཉིད་ཀུན་འབྱུང་སྟེ། སྒྱིད་པའི་དབང་གིས་འཁོར་བའི་སྤྲོག ་བསྔལ་རྣམས་སྐྱེ་བའི་ཕྱིར་རོ།། མྱ་ངན་ལས་འདས་པ་ལ་རྗེས་སུ་བསྔགས་པ་དང་བཅས་པར་མཐོང་བ་འགྲུབ་པར་བྱེད་པཔོ་ནི། འགྲོག་པའི་བདེན་པ་མཐོང་བ་སྟེ། འགོག་པ་ལ་ཞི་བ་དང་། གྱ་ནོམ་པ་ལ ་སོགས་པར་མཐོང་ནས་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟེའོ།། མྱ་ངན་ལས་འདས་པ་དུ་ཐོབ་པར་བྱེད་པའི་རྒྱུ་ནི་ལོམ་གྱི་བདེན་པ་སྟེ། ལམ་བསྒོམ་པའི་མཐུས་མྱ་ངན་ལས་འདས་པ་མངོན་དུ་འགྱུར་བསོ།། ་ཡང་ན་འཇིག་རྟེན་དང་། འཇིག་རྟེན་ལྔས་འདས་པའི་འབྲས་བུ་དང་། རྒྱུ་རྣམ་པར་བཞག་པའི་ཕྱིར་བདེན་པ་བཞི་ཉི་དུ་བཤད་དོ།། དེ་ལ་འཇིག་རྟེན་པའི་ཆོས་ཀྱི་འབྲས་བུ་ནི། སྡུག་བསྔལ་གྱི་བདེན་པའོ།། དེའི ་རྒྱུ་ནི་ཀུན་འབྱུང་གི་བདེན་པའོ།། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ནི། འགོག་པའི་བདེན་པའོ།། དེའི་རྒྱུནི་ལམ་གྱི་བདེན་པའོ།། ཡང་ན་མངོན་པར་ཆུད་པའི་དབང་དུ་བྱས་ན་ཡངམདོ ་ལས་བདེན་པ་བཞི་ཁོ་ནར་བཤད་དེ། ཇི་ལྟ་ཞེ་ན། ཕུང་པོ་རྣམས་ལ་མི་རྟག་པ་ལ་སོགས་པར་ཡང་དག་པར་རེག་པས་རེག་པར་བྱེད་པ་ནི། སྐྱེད་པ་མ་སྐྱེས་པ་རྣམས་ནི་མི་བསྐྱེད་ལ། སྐྱེད་པ་རྣམས་ནི་སྤྱོང་ངོ་ཞེས་གསུངས ་པ་ལ་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ།། སྲེད་པ་ནི་ཀུན་འབྱུང་གི་བདེན་པའོ།། མ་སྐྱེས་པ་ནི་མི་བསྐྱེད་པ་དང་། སྐྱེས་པ་སྤོང་བ་ནི་འགོག་པོའི་བདེན་པའོ།། མི་རྟག་པ་ལ་སོགས་པར་ཡང་དག་པར་རེག ་པར་བྱེད་པ་ནི་ལམ་གྱི་བདེན་པའོ།། ཡང་ན་ཀུན་ནས་སྦྱོར་བར་བྱེད་པའི་ཆོས་རྣམས་ལ། ཉེས་པ་དང་བཅས་པར་རྗེས་སུ་ལྟ་བ་རྣམས་སྲེད་པ་མ་ལུས་པར་འགོག་གོ་ཞེས་གསུངས་ཏེ། དེ་ལ་ཉོན་མོངས་པའི ་ཚོགས་ཀུན་ནས་སྦྱོར་བའི་ཆོས་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ།། སྲེད་པ་ནི་ཀུན་འབྱུང་གི་བདེན་པའོ།། སྲེད་པ་མུ་ལུས་པར་འགགས་པ་ནི། འགོགས་པའི་བདེན་པའོ།། ཉེས་པ་དང་བཅས་པར་རྗེ་སུ་ལྟ་བ ་ནི་ལམ་གྱི་བདེན་པོའོ།། ཡང་ནི་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བའི་ཆོས་རྣམས་བསྟན་པར་བྱ་བའི་ཕྱིར། བདེན་པ་བཞི་ཉིད་དུ་བཤད་དོ།། དེ་ལ་སྡུག ་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བའོ།། ཀུན་འབྱུང་གི་བདེན་པོ་ནི་སྤང་བར་བྱ་བའོ།། འགོག་པའི་བདེན་པ་ནི་མངོན་དུ་བྱ་བའོ།། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་བའོ།། ཡང་ན་ཉེ་བར་ལེན་བའི ་ཕུང་པོའི་རང་བཞིན་མངོན་པར་ཤེས་པ་དང་། ཀུན་ཏུ་ཤེས་པ་ན་ཆགས་པ་གཏོང་བར་བྱེད་དེ་ཞེས་གསུངས་ཏེ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པའོ།། ཆགས་པ་ནི་ཀུན ་འབྱུང་གི་བདེན་པའོ།། ཆགས་པ་གཏོང་བ་ནི་འགོག་པའི་བདེན་པའོ།། མངོན་པར་ཤཱ་བ་མཐོང་བ་ནི་ལམ་གྱིས་ཕུང་པོ་མི་རྟག་པ་ལ་སོགས་པ་ཤེས་པའོ།། ཀུན་ཏུ་ཤེས་པ་ནི་བསྒོམ་པའི་ལམ་གྱིས་མི་རྟག ་པ་ལ་སོགས་པར་ཤེས་པ་སྟེ། དེ་ནི་ལམ་གྱི་བདེན་པའོ།། འོ་ན་ཅིའི་ཕྱིར། འཕགས་པའི་བདེན་པ་འདི་རྣམས་དང་པོར་སྡུག་བསྔལ་འཕགས་པའི་བདེན་པ་བ་ཤྭད་ལ། དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ། ་དེ་ནས་འགོག་པའི་བདེན་པ། དེ་ནས་ལམ་སྟེ། རིམ་པ་འདི་ལྟར་ཅིའི་ཕྱིར་བཀོད་ཅེ་ན། ལན་དུ་སྒོམ་པ་དང་རགས་པའི་རིམ་པས་རིམ་པར་བཀོད་དེ། ཕུང་པོ་ལྔ་ནི་སྡུག་བསྐུལ་རྣམ་པ་སྣ་ཚོགས་ཀྱི་གནས ་སུ་གྱུར་པར། ཀུན་ལ་ཡང་མངོན་སུམ་སྟེ། གསལ་བས་ན་དང་པོར་སྡུག་བསྔལ་གྱི་བདེན་པ་བཤད་དོ།། དེ་ལྟར་སྡུག་བསྔལ་བར་མཐོང་ན། དེ་ནས་དེའི་རྒྱུ་གང་ཞེས་རྟོག་པས་ན། དྲོའི་འོག་ཏུ་ཀུན་འབྱུང་གི་བདེན་པའོ།། ། ་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་དེ་གང་དུ་འགག་པར་འགྱུར་ཞེས་རྟོག་པ་ལ་མྱ་ངན་ལས་འདས་ན། སྡུག་བསྔལ་འགག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་འགོག་པའི་བདེན་པའོ།། འགོག་པ་དེ་ཇི་ལྟར ་ཐོབ་པར་འགྱུར་ཞེས་རྟོག་པ་གསལ་བའི་ཕྱིར། དེའི་འོག་ཏུ་ལམ་གྱི་བདེན་པ་བཤད་དོ།། ཡང་ན་འཁོར་བ་ཐོག་མ་མྱེད་པ་ནས། སྐྱེ་བ་དང་རྒ་བ་ལ་སོགས་པ་དོན་མེད་པའི་ཚོགས་ནི་སྡུག་བསྔལ་གྱི་བདེན་པའོ།། དོན་མེད ་པའི་ཚོགས་ཀྱི་རྩ་བ་ནི་ཀུན་འབྱུང་གི་བདེན་པའོ།། དོན་མེད་པའི་ཚོགས་བཅོམ་པ་ནི། འགོག་པའི་བདེན་པའོ།། དོན་མེད་པའི་ཚོ་གྲོས་ཀྱི་རྩ་བ་འཇོམས་པ་ནི། ལམ་གྱི་བདེན་པའོ།། ཡང་ནི་ཁུར་ལྟ་བུ་ནི་སྡུག་བསྔལ་གྱི ་བདེན་པའོ།། ཁུར་ལེན་པ་ནི་ཀུན་འབྱུང་གི་བདེན་པའོ།། ཁུར་བོར་བ་ནི་འགོག་པའི་བདེན་པའོ།། ཁུར་ལེན་པ་བོར་བ་ནི་ལམ་གྱི་བདེན་པའོ།། ཡང་ན་ཀུན་ཏུ་སྦྱོར་བར་བྱེད་པའི་ཆོས་ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ།། ། ་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཀུན་འབྱུང་གི་བདེན་པའོ།། ཀུན་ཏུ་སྦྱོར་བ་ཟད་པར་བྱེད་པ་ནི་འགོག་པའི་བདེན་པའོ།། ཕུང་པོ་ལ་ཉེས་དམིགས་སུ་མཐོང་བ་ནི་ལམ་གྱི་བདེན་པའོ།། ཡང་ནི་འགྲོ་བ་ལྔ ་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ།། ལྟོས་དང་ཉོན་མོངས་པ་ནི་ཀུན་འབྱུང་གི་བདེན་པའོ།། འགྲོ་བ་མེད་པ་ནི་འགོག་པའི་བདེན་པའོ།། འགྲོ་བའི་རྒྱུ་ལས་དང་ཉོན་མོངས་པ་འཇོམས་པ་ནི་ལམ་གྱི་བདེན་པའོ།། ཡང་ན་འབྲོག ་དགོན་པར་ཞུགས་པ་བཞིན་དུ་འཁོར་བའི་འབྲོག་དགོན་པ་ན་ངན་སོང་གསུམ་ལ་སོགས་པའི་འཇིག་པ་ནི་སྡུག་བསྔལ་གྱི་བདེན་པའོ།། འཇིགས་པ་སྣ་ཚོགས་ཀྱི་རྒྱུ་བདག་གི་ལུས་ལ་ཆགས་པ་ནི་ཀུན་འབྱུང་གི་བདེན་པའོ།། ་འཇིགས་པ་མེད་པའི་གྲོང་ཁྱེར་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་རྒྱུ་ནི་ལམ་གྱི་བདེན་པའོ།། ཡང་ན་འབྲས་བུའི་ཆོས་ཐམས ་ཅད་ནི། སྡུག་བསྔལ་གྱི་བདེན་པའོ།། རྒྱུའི་ཆོས་ཐམས་ཅད་ནི་ཀུན་འབྱུང་གི་བདེན་པའོ།། འབྲས་བུའི་ཆོས་བཅོམ་པ་ནི་འགོག་པའི་བདེན་པའོ།། རྒྱུའི་ཆོས་འཇོམས་པར་བྱེད་པ་ནི་ལམ་གྱི་བདེན་པའོ།། ཡང་ན་མྱུ་གུ ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ།། ས་བོན་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ།། མྱུ་གུའི་ཆོས་དང་བྲལ་བའི་གནས་ནི་འགོག་པའི་བདེན་པའོ།། ས་བོན་གྱི་ཆོས་འཇིག་པར་བྱེད་པ་ནི་ལམ་གྱི་བདེན་པའོ།། ཡང་ན་ནང ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ།། བད་ཀན་དང་མཁྲིས་པ་ལ་སྩོགས་པ་ནད་ཀྱི་རྒྱུ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ།། ནད་མེད་པ་ལྟ་བུ་ནི་འགོག་པའི་བདེན་པའོ།། སྙུན་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་མ་བཞིན ་དུ་སྡུག་བསྔལ་གྱི་གདུང་བ་སྣ་ཚོགས་དང་ལྡན་པ་ནི་སྡུག་བསྔལ་གྱི་བདེན་པའོ།། མི་སྐྱེ་བའི་རྒྱུ་ཤིང་ལྟ་བཱ་ནི་ཀུན་འབྱུང་གི་བདེན་པའོ།། མེ་ཞི་བར་གྱུར་པ་ལྟ་བུ་ནི་འགོག་པའི་བདྲེན་བྱའོ།། མེ་ནི་བར་བྱེད་པའི་རྒྱུ ་བུནི་ལམ་གྱི་བདེན་པའོ།། ཡིང་ན་སྡུག་བསྔལ་གྱི་བདེན་པ་ནི་འདིས་དགྲ་བཞིན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེད་པར་བྱེད་པས་དགྲ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ།། སྔོན་གྱི་ཁོན་ལྟ་བུར་གྱུར་པ་ནི་ཀུན་འབྲུ ་བདེན་པའོ།། ཁམས་གསུམ་གྱི་གནོད་པ་ཀུན་བྲལ་བསྡུ། དགྲའི་གནོད་པ་དང་བྲལ་བ་ལྟ་བུ་ནི་འགྲོག་བྱིའི་བདེན་པའོ།། ཁོན་སྦྱངས་པ་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་ཉེས་པ་ཀུན་གྱི་གཞིར་གྱུར་པས་རས་ལྟ་བུ་ནི ་སྡུག་བསྔལ་གྱི་བདེན་པའོ།། དྲི་མ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ།། དྲི་མ་དག་པར་གྱུར་པ་ལྟ་བུ་ནི་འགོག་པའི་བདེན་པའོ།། དྲི་མོ་དག་པར་བྱེད་པའི་རྒྱུ་ཆུ་དང་ཁྲུས་རྩི་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་བུ་ལོན་ཆགས་པའི ་སྡིག་བསྔལ་དང་ལྡན་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ།། དབུལ་བ་ལྟ་བུ་ནི་ཀུན་འབྱུང་གི་བདེན་པའོ།། བུ་ལོན་སྦྱངས་པ་ལྟ་བུ་ནི་འགོག་པའི་བདེན་པའོ།། གཏེར་རྙེད་པ་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་ཚ ་བིའི་གདུང་བས་ཕོངས་པ་ལྟ་བུ་ནི་སྡུག་བསྔལ་གྱི་བདུན་པའོ།། ཚ་བའི་གདུང་བ་སྐྱེད་པར་བྱེད་པའི་རྒྱུ་མྦུ་ལྟ་བུ་ནི་ཀུན་འབྱུང་གི་བདྲེན་པའོ།། གདུང་བ་དང་བྲལ་བ་ལྟ་བུ་ནི་འགོག་པའི་བདེན་པའོ།། གདུང་བ་སེལ་བར ་བྱེད་པའི་སྨོན་ཙན་དན་དང་ག་བུར་ལ་སོགས་པཱ་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་དྲུག་ཟོས་པའི་སྐྱེས་བུ་དྲུག་གཡོས་པའི་སྡུག་བསྔལ་མྱོང་བ་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པའོ།། དུག་ལྟ་བུ་ནི་ཀུན་འབྱུང་གི ་བདེན་པའོ།། དུག་བཅོམ་པ་ལྟ་བུ་ནི་འགོག་པའི་བདེན་པའོ།། དུག་སྨན་ལྟ་བུ་ནི་ལམ་གྱི་བདེན་པའོ།། ཡང་ན་སྡུག་བསྔལ་རྣམ་པ་གཉིས་ཏེ། མི་མཛེར་བ་དང་ཕྲད་པ་དང་། མཛའ་བ་དང་བྲལ་བའོ།། དེས་ཀྱང་གནས ་གཉིས་ལ་གནོད་པར་བྱེད་དེ། ལུས་ཀྱི་གནས་དང་སེམས་ཀྱི་གནས་སོ།། ཀུན་འབྱུང་གི་བདེན་པ་ཡང་རྣམ་པ་གསུམ་སྟེ། སྲེད་པ་དང་ལྟ་བ་དང་ལས་སོ།། དེ་ལ་སྲེད་པ་དང་ལྟ་བས་ནི་ཁམས ་གསུམ་དུ་སྐྱེ་བའི་རྒྱུ་བྱེད་དོ།། ལས་དགེ་བ་དང་མི་དགེ་བས་ནི་དེར་བདེ་བ་དང་སྡུག་བསྔལ་བར་འགྱུར་བའི་རྒྱུ་བྱེད་དོ།། འགོག་པ་ཡང་རྣམ་པ་གསུམ་སྟེ། ལྟ་བ་ལ་གནས་པ་རྣམས་ཀྱི་བདག་ཏུ་ལྟ་བ་ལ་སོགས་པའི་རྒྱུ་ལས ་བྱུང་བ་ནི་ཉོན་མོངས་པ་སྤངས་པའི་འགོག་པ་དང་། འདོད་པ་ལ་གནས་པ་རྣམས་ཀྱི་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་སྤངས་པའི་མཚན་ཉིད་ཀྱི་འགོག་པ་དང་། སྲིད་པའི་འདོད་ཆགས་ལ་གནས་པ་རྣམས ་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྤངས་པའི་མཚན་ཉིད་ཀྱི་འགོག་པའོ།། ལམ་རྣམ་པ་བཞི་སྟེ། སྦྱོར་བའི་ལམ་དང་མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། བྱས་པ་རིག་པའི་ལམ་མོ།། ་དེ་ལ་སྦྱོར་བའི་ལམ་ནི། སོ་སོའི་སྐྱེ་བོའི་དུས་ན་ཚུལ་ཁྲིམས་ལ་གནས་པ་དང་། ཡོ་བྱད་བསྙུངས་པ་དང་། ཁ་ཟླས་ལ་ཚོད་རིག་པ་དང་། ཉན་པ་དང་། བསམ་པ་ལ་སོགས་པ་ལ་བརྩོན་པའི་ཆོ་གོས་སྦྱོར་བ་དང་། དྲོད་དང་རྩེ ་མོ་དང་། བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་སྟེ། ངེས་པར་འབྱེད་པའི་ཆོས་བཞི་པོ་འདི་དག་ནི། སྦྱོར་བའི་ལམ་མོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པའི་དུས་ན་འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར ་མཐོང་བ་ནི་མཐོང་བའི་ལམ་མོ།། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུའི་དུས་ན་བདེན་པ་མཐོང་བ་དེ་ཉིད་ལ་གོམས་པར་བྱེད་པ་ནི། བསྒོམ་པའི་ལམ་མོ།། དགྲ་བཅོམ་པའི་འབྲས་བུའི་དུས་ན་ངས་བྱ་བ་ནི་བྱས ་ཁུར་ནི་པོར་སྐྱེ་བ་ཟད། སྲིད་པ་ནི་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུད་པ་ནི་བྱས་པ་རིག་པའི་ལམ་མོ།། ཡང་ན་འཕགས་པའི་བདེན་པ་རིག་པ་འདི་ལྟར་བཀོད་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས་འཕགས་པའི་བདེན ་པ་ཇི་ལྟར་རྟོགས་པའི་རིམ་པས་ཀྱིས་ཀྱང་རིམ་པ་འདི་ལྟར་བཤད་དེ། བདེན་པ་གང་ལོ་དང་པོར་རྟོགས་པ་དེ་ཉིད་ཐོག་མར་བཤད་དོ།། དེ་ལ་རྣལ་འབྱོར་པས་དང་པོར་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་སྡུག་བསྔལ ་རྣམ་པ་སྣ་ཚོགས་ཀྱི་གཞི་སྡུག་བསྔལ་གྱི་བདེན་པ་ལ་རྟོག་སྟེ། རྟོག་པའི་ཚུལ་ཡང་སྡུག་བསྔལ་གང་ལ་ཆགས་པ་དང་། གང་གིས་སྡུག་བསྔལ་བ་དང་། སྡུག་བསྔལ་གང་ལས་ཐར་པར་སྨོན་པ་སྐྱེ་སྟེ། གང་སྡུག་བསྔལ ་ཞེ་ན། ཕུང་པོ་ལྔ་སྡུག་བསྔལ་ལོ།། གང་གིས་སྡུག་བསྔལ་ཞེ་ན། ཕུང་པོ་ལྔ་ཉིད་ཀྱིས་གནོད་ཅིང་སྡུག་བསྔལ་བའོ།། གང་ལས་ཐར་པ་རེ་འདོད་ཅེ་ན། སྡུག་བསྔལ་ཉིད་ལས་ཐར་པར་འདོད་དོ། དེའི་ཕྱིར་དང་པོ་སྡུག ་བསྔལ་གྱི་བདེན་པ་བཤད་དོ། སྡུག་བསྔལ་དེ་གང་ལས་བྱུང་ཞེས་བརྟགས་ན། ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ་བཤད་དོ།། དེ་ལྟར་སྡུག་བསྔལ ་དེ་གང་དུ་འགགས་པར་འགྱུར་ཞེས་བརྟགས་ན། ནམ་མྱ་ངན་ལས་འདས་པའི་གནས་ཐོབ་པའི་ཚེ་འགགྲག་པར་མཐོང་སྟེ། དེ་བས་ན་དེའི་འོག་ཏུ་འགོག་པའི་བདེན་པ་བཤད་དོ།། དེ་བས་ན་འགོག ་པ་དེ་རྒྱུ་གང་གིས་འཐོབ་ཅེས་བརྟགས་ན། འཕགས་པའི་ལམ་ཡན་ལག་བརྒྱད་བསྒྲུབས་པས་འཐོབ་པར་མཐོང་སྟེ། དེ་བས་དེའི་འོག་ཏུ་ལམ་གྱི་བདེན་པ་གསུངས་སོ།། དེ་ཡང་དཔེར་ན་སྨན་པས་ནད་པའི ་ནད་སྦྱོང་བ་ལ་ཞུགས་པ་ན། ནང་དང་ནད་ཀྱི་གླེང་གཞི་དང་ནད་མེད་པ་དང་སྨན་གང་ཡིན་ཚོལ་བ་དང་འདྲའོ།། སྨན་པ་དང་པོར་ནད་སྦྱོང་བར་ཞུགས་པ་ན། ནད་ཉིད་གང་ཡིན་པ་ལ་རྟོག་གོ། དེའི་འོག་ཏུ་ཁ་ཟས་ལ ་སོགས་པ་ནད་ཀྱི་རྒྱུ་གུང་ལས་བྱུང་བའི་ནད་ཀྱི་གཞི་ལ་རྟོག་གོ། དེ་ནས་ནད་དེ་གསོར་རུང་མི་རུང་ཞེས་ནད་མེད་པ་ལ་རྟོག་གོ། དེའི་འོག་ཏུ་ནད་དེའི་སྨན་གང་ཡིན་ཞེས་སྨན་ལ་རྟོག་གོ།། དེ་བཞིན་དུ་མདོ་སྡེ་འདི་ལས ་ཀྱང་བདེན་པ་རྣམས་ཀྱི་རིམ་པ་དེ་དང་སྦྱར་ནས་བཤད་དེ། ཇི་ལྟ་ཞེ་ན་དཔེར་ན་ཡན་ལག་བཞི་དང་ལྡན་པའི་སྨན་པ་ནི་ཟུག་རྔུ་ཐམས་ཅད་འབྱིན་པའི་རྒྱལ་པོ་ལ་འོས་པ། རྒྱལ་པོའི་རྐྱེན་དུ་གྱུར་པ། སྨན་པའི་རྒྱལ་པོ ་ཞེས་བྱ་བའི་གྲངས་སུ་འགྲོ་བ་སྟེ། ཡན་ལག་བཞི་གང་ཞེ་ན། གནོད་པ་ལ་མཁས་པ་ཡི་ནི།། གནོད་པའི་རྒྱུ་ལ་མཁས་པ་ཡིན། གནོད་པ་སྤོང་བ་ལ་མཁས་པ་ཡིན། གནོད་པ་སྤངས་པ་ཡང་ཕྱིས་མི་སྐྱེ་བ ་ལ་མཁས་པ་ཡིན་ནོ།། དེ་ལྟར་དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་བླ་ན་མེད་པ། ཟུག་རྔུ་ཐམས་ཅད་འབྱིན་པ་ཞེས་བྱ་སྟེ། ་ཡན་ལག་བཞི་པོ་གང་ཞེ་ན། འདི་ལ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་མཁྱེན་ཏོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་གི་བདེན་པའོ།། འདི་ནི་སྡུག་བསྔལ་འགོག་པའི་བདེན་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་བདེན་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་མཁྱེན་ཏོ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་བདེན་པ་བཞི་མདོ་ཙམ་དུ་བསྟན་པ་ཉིས་རྒྱས་པར་བཤད་པར་བྱ་བའི་ཕྱིར། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ། ་དེ་ལ་སྨྲས་པ་ཅིའི་ཕྱིར་མདོ་ཙམ་དུ་བསྟན་ནས་རྒྱས་པར་བཤད་ཅེ་ན། སློབ་མ་རྣམ་པ་གཉིས་ཏེ། མདོ་ཙ་མོ་དུ་བསྟོན་པ་ལ་དགའ་བ་དང་། རྒྱས་པར་བཤད་པ་ལ་དགའ་བའོ།། དེ་ལ་འཕགས་པ་ཤཱ་རིའི ་སྲས་བོ་ལྟ་བུ་མདོ་ཙམ་དུ་བསྟན་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་འཕགས་པའི་བདེན་པ་བཞི་གང་ཞེ་ན་ཞེས་བྱ་བ་ནས། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར ་དུ་མདོར་བསྡུས་ནས། བཀའ་སྩལ་ཏོ།། གང་འཕགས་པ་དགའ་བ་ཅན་ལ་སོགས་པ་ལྟ་བུ་རྒྱས་པར་བཤད་པ་ལ་དགའ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན་ཞེས ་བྱ་བ་ལ་སོགས་པ་སྤྲོས་ཏེ་གསུངསོ།། ཡང་ན་འདུལ་བ་རྣམ་པ་གཉིས་ཏེ། རྒྱུའི་སྟོབས་ཅན་དང་རྐྱེན་གྱི་སྟོབས་ཅན་ནོ་དེ་ལ་རྒྱུའི་སྟོབས་ཅན་ནི་འཕགས་པ་འོད་སྲུངས་ལྟ་བུ་སྟེ། ཚེ་རབས་སྔ་མ་ལ་དགེ་བའི་རྩཝ་བ་ཕལ ་ཚོར་བསགས་པ་རྒྱུད་ཡོངས་སུ་སྦྱིན་པར་གྱུར་པས་ཏེ། དེ་དག་ལ་མིང་ཙམ་སྨོས་པས་ཀྱང་དོན་རྒྱ་ཆེར་ཁོང་དུ་ཆུད་པར་འགྱུར་བས་ན། དེའི་རྒྱུའི་སྟོབས་ཅན་རྣམས་ཀྱི་ཆེད་དུ་མདོ་ཙམ་བསྟན་ཏོ།། རྐྱེན་གྱི་སྟོབས ་ཅན་ནི་དགེ་བའི་བ་ཤེས་གཉེན་གྱིས་བསྟན་དགོས་པ་སྟེ། དེ་དག་ལ་རྒྱ་ཆེར་བཤད་པ་མེད་ན། ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་སྤྲོས་ཏེ་བཤད་དོ།། ཡང་ན་དབང་པོ་རྣམ་པ་གཉིས་ཏེ། དབང་པོ་རྣོན་པོ་དང་རྟུལ་པོའོ།། ། ་དེ་ལ་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ་མདོ་ཙམ་དུ་བསྟན་ཏོ།། དབང་པོ་རྟུལ་པོ་རྣམས་ཀྱི་དོན་དུ་སྤྲོས་ཏེ་བཤད་དོ།། ཡང་ཉན་ཐོས་རྣམ་པ་གཉིས་ཏེ། ཐོས་པ་མང་པོ་དང་ཐོས་པ་ཉུང་ངུའོ།། ཐོས་པ་མང་པོ་རྣམས་ལ་ནི་མདོ ་ཙམ་དུ་བསྟན་ཏོ།། ཐོས་པ་ཉུང་ངུ་རྣམས་ལ་ནི་སྤྲོས་ཏེ་བཤད་དོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པའི་དོན་བསྡུས་ཏེ་བསྟན་པ་དང་། སྤྲོས་ཏེ་བཤད་པའི་སྐབསུ་ཡང་ལན་འདས་གླན་ནོ།། སྡུག་བསྔལ་འཕགས ་པའི་བདེན་པ་ཞེས་བྱ་བ་ལ། སྡུག་བསྔལ་བར་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པས། སྡུག་བསྔལ་འཕགས་པའི་བདེན་པ་འམ། སྡུག་བསྔལ་འཁོར་བར་ཁོང་དུ་ཆུད་ན་འཕགས་པར་འགྱུར་བས་སྡུག་བསྔལ་འཕགས་པའི ་བདེན་པ་སྟེ། བདེན་པ་ནི་སྡུག་བསྔལ་བར་མ་ནོར། སྡུག་བསྔལ་བར་ཡང་དག་པའི་ཕྱིར་སྡུག་བསྔལ་འཕགས་པའི་བདྲེན་པའོ།། ད་ཡང་སྡུག་བསྔལ་སྐྱེ་བ་ལ་སོགས་པས་སྡུག་བསྔལ་བརྒྱད་ལས། སྐྱེ་བ་ཅོའི་ཕྱིར་དང་པོར་བཤད ་ཅེ་ན། ཇི་ལྟར་ཚུལ་ཁྲིམས་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་དང་པོ་སྐྱེ་བའི་གཞི་བྱེད་པ་བཞིན་དུ། སྐྱེ་བ་ཡང་རྒ་བ་དང་ན་བ་ལ་སོགས་པ་སྡུག་བསྔལ་ལྷག་མ་རྣམས་ཀྱི་དང་པོ་སྐྱེ་བའི་གཞི ་བྱེད་པས་ན་ཐོག་མར་བཤད་དོ།། ཡང་ན་སྡུག་བསྔལ་རྣམ་པ་གཉིས་ཏེ། རྩ་བའི་སྡུག་བསྔལ་དང་ཡལ་ག་ལ་སོགས་པ་ལྟ་བུར་གྱུར་པའི་སྡུག་བསྔལ་ལོ།། དེ་ལ་རྩ་བའི་སྡུག་བསྔལ་ནི། སྐྱེ་བ་སྟེ་རྒ་བ་ལ་སོགས་པ ་སྡུག་བསྔལ་ལྷག་མ་རྣམས་ཀྱི་རྩ་བར་གྱུར་པའི་ཕྱིར་རོ།། ཡལ་ག་ལ་སོགས་པ་ལྟ་བུར་གྱུར་པའི་སྡུག་བསྔལ་ནི། རྒ་བའི་སྡུག་བསྔལ་ལ་སོགས་པ་ལྷག་མ་རྣམས་ཏེ། དེ་དག་ནི་སྐྱེ་བའི་རྒྱུ་ལས་བྱུང་བའི་ཕྱིར་རོ།། དེ་ལ ་སྐྱེ་བ་གང་ཞེ་ན། གང་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྐབས་སུ་ཡང་སེམས་ཅན་དེ་དང་དེ་རྣམས། སེམས་ཅན་གྱི་རིས་དེ་དང་དེ་དག་དུ་སྐྱེ་བ་དང་། ཀུན་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སྐྱོ་བ་ཡིན་ནོ།། ་ཡང་ན་ལས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཁྱད་པར་སྲེད་པ་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་དང་། འགྲོགས་པ་ཉིང་མཚམས་སྦྱོར་བའི་རྒྱུར་གྱུར་པའི་ཤུགས་ཀྱིས་སེམས་ཅན་གྱི་རིས་དེ ་དང་དེ་དག་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རབ་ཏུ་རྙེད་པ་ནི་སྐྱེ་བ་ཞེས་བྱའོ།། ཡང་ན་སྐྱེ་བ་རྣམ་པ་ལྔ་སྟེ། འཕགས་པའི་ཆོས་ཁོང་དུ་ཆུད་པ་ལས་སྐྱེས་པ་དང་། མངལ་གྱི་གནས་སུ་སྐྱེས་པ་དང་། རིགས་ཕུན་སུམ་ཚོགས ་པར་སྐྱེས་པ་དང་། རིས་མཐུན་པའི་མཚན་ཉིད་དུ་སྐྱེས་པ་དང་། རབ་ཏུ་བྱུང་བའི་མཚན་ཉིད་དུ་སྐྱེས་པའོ།། དེ་ལ་འཕགས་པའི་ཆོས་ཁོང་དུ་ཆུད་པོ་ལས་སྐྱེས་པ་ནི། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་རྟོགས ་པ་ལས། སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་སྟེ། མདོ་དག་ལས་ཐུགས་ལས་སྐྱེས་པ། ཞལ་ནས་སྐྱེས་པ་འཕགས་པའི་ཆོས་འདུལ་བ་ལས་སྐྱེས་པའོ་ཞེས་གསུངས་པ་ལྟ་བུའོ།། མངལ་གྱི་གནས་སུ་སྐྱེས་པ་ནི་ཡིད་ཀྱི་རྣམ་པར ་ཤེས་པ་དང་པོ་ཉིད་དུ་མངལ་དུ་ཞུགས་ནས། མངལ་ནས་ཕྱིར་མ་བྱུང་གི་བར། མེར་མེར་པོ་ལས་ནོར་ནུར་པོ་བྱུང་བ་དང་། ནུར་ནུར་པོ་ལྔས་ལྟར་ལྟར་པོ་གྱུར་པ་ལ་སོགས་པའོ།། རིགས་ཕུན་སུམ་ཚོགས་པར་སྐྱེས་པ་ནི།། ་ནོར་བུ་རིན་པོ་ཆེའི་རིགས་ཨིནྡྲ་ནཱི་ལར་གྱུར་པ་དང་། ཨིནྡྲ་ནཱི་ལ་ཆེན་པོར་གྱུར་པ་ཞེས་བྱ་བ་ལྟ་བུའོ།། སེམས་ཅན་གྱི་རིས་མཐུན་པར་སྐྱེས་པ་ནི། གང་གི་ལུས་ཀྱི་ཡན་ལག་འདྲ་བར་གྱུར་པ་སྟེ། བ་ལང་ཡང་བ་ལོང་དུ ་རིས་མཐུན། རྟ་ཡང་རྟར་རིགས་མཐུན་པར་གྱུར་པ་ལྟ་བུའོ།། རབ་ཏུ་བྱུང་བར་སྐྱེས་པ་ནི། མའི་མངལ་ནས་བྱུང་ནས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པར་སོ་སོར་རྫོགས་པར་གྱུར་པ་སྟེ། སྐྱེ་བ་ལྔ་ལས་འདིར་མངལ ་གྱི་གནས་སུ་སྐྱེས་པ་དང་། རབ་ཏུ་བྱུང་བར་བྱེད་པ་གཉིས་སུ་བལྟའོ།། ཅིའི་ཕྱིར་ན་སྐྱེ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། སྨྲས་པ་ཁམས་གསུམ་གྱི་སྐྱེ་བ་ཐམས་ཅད་ལ། སྡུག་བསྔལ་རྣམ་པ་གསུམ་གྱིས་རྟག་ཏུ་བསྲེགས ་པས་ན། སྐྱེ་བོ་སྡུག་བསྔལ་བ་ཞེས་བྱའོ།། ཇི་ལྟ་ཞེ་ན་བསོད་ནམས་མ་ཡིན་པའི་རྒྱུ་ལོས་བྱུང་བ་ངན་སོང་གསུམ་ལ་སོགས་པའི་རིས་སུ་སྐྱེས་པ་རྣམས་ལ་ནི། བསྲེགས་པ་དང་བཅད་པ་ལ་སོགས་པ་སྡུག་བསྔལ་གྱི ་ཡང་སྡུག་བསྔལ་གྱིས་མེས་རྟག་ཏུ་སྲོག་པར་བྱེད་དོ།། བསོད་ནམས་དང་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ། འདོད་པའི་ཁམས་ཀྱི་མིང་དང་ལྷ་ལ་སོགས་པར་རིས་མཐུན་པར་སྐྱེས་པ་རྣམས་ལ་ནི། ་འགྱུར་བའི་སྡུག་བསྔལ་གྱིས་མས་རྟག་ཏུ་སྲེགྲོ་བར་བྱེད་དོ།། བསོད་ནམས་དང་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་ལས་གཞན་པ་བས་གཏན་གྱི་མཚན་ཉིད་མི་གཡོ་བའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་དང ་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་རིས་སུ་སྐྱེས་པ་རྣམས་ལ་ནི། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མེས་རྟག་ཏུ་སྲེགས་པར་བྱེད་དོ།། དེ་དག་ཀྱང་མི་རྟག་པའི་ཆོས་དང་ལྡན་པའི་ཕྱིར་རོ།། ཡང་ན་ཤིང་སྐྱེས་པ ་པ་དང་ནགས་མེས་ཚིག་ཅིང་ཚལ་ཆུས་ཁྱེར་བ་ལ་སོགས་པ་བྱུང་བར་འགྱུར་གྱི། ཤིང་མ་སྐྱེས་ན་མ་ཡིན་པ་བཞིན་དུ། སྐྱེ་བ་ཡོད་པར་གྱུར་ན། བཅད་པ་དང་གབྲེགས་པ་དང་བཅིང་བ་དང ་བསད་པ་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་གྱི། སྐྱེ་བ་མེད་ན་དེ་དག་མི་འབྱུང་སྟེ། དེའི་ཕྱིར་ཡང་སྐྱེ་བོ་སྡུག་བསྔལ་བ་ཞེས་བྱའོ།། ཡང་ན་སྐྱེ་བ་ཞེས་བྱ་བ་ནི་སྡུག་བསྔལ ་མང་པོའི་འབྱུང་ཁུངས། མྱ་ངན་སྣ་ཚོགས་ཀྱི་འབྱུང་གནས། དོན་མེད་པ་རྣམས་ཀྱི་རྩ་བ། དགའ་བའི་རྒྱུ་འཆིང་བའི་གླེང་གཞི། ནང་སྣ་ཚོགས་ཀྱི་སྐྱེ་མཆེད། ཉེས་པ་དུ་མའི་གཏེར་ཆེན་པོ། ཉམས་པ་དང ་བརླག་པར་འགྱུར་བའི་གཞི། ལུས་དང་སེམས་ལ་ཤ་ཐང་ཞིང་མི་བདེ་བྷ་སྐྱེད་པར་བྱེད་པའི་ཞིང་། ཉོན་མོངས་པ་སྣ་ཚོགས་ཀྱི་རྒྱུ་མཐུན་པར་གྱུར་པ། འཕགས་པ་རྣམས་ཀྱིས་སྨད་པ། བྱིས་པ་རྣམས་ཀྱིས་རྗེསུ་བསྔགས ་པསྲིད་པ་ལ་མངོན་པར་ད་གའ་བ་རྣམས་མངོན་པར་དག་པར་བྱེད་པའི་གནས། དེ་བཞིན་གཤགས་པ་རྣམས་ཀྱི་ཐུགས་བརྩེ་བར་བྱ་བའི་ཡུལ་ཡིན་པས་ན། དེའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་བའོ།། ཡང་ན ་མངལ་གྱི་གནས་ནས་བརྩམས་ཏེ། འཆི་བའི་རྒྱ་མཚོ་ལ་ཐུག་གི་བར་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་། རྒྱུན་ཏུ་འགྲོགས་པའི་ཕྱིར་ཡང་སྐྱེ་བ་སྡུག་བསྔལ་ཞེས་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། དང་པོ་ཕ་དང ་མ་མི་ཚངས་པར་ཀུན་ཏུ་སྤྱོད་པའི་རྒྱུ་ལ། ཁྲག་དང་ཁུ་བའི་མི་གཙང་བ་འདྲེས་པའི་ནང་དུ་རྣམ་པར་ཤེས་པ་ཞུགས་ནས་བརྒྱལ་བའི་ཚེ། གཡང་ས་ཆེན་པོ་ནས་ལྷུང་སྟེ། མུན་ནག་གི་ནང་དུ་ཞུགས་པ་བཞིན་དུ། སྡུག་བསྔལ ་བ་དང་། ཕ་མིའི་ཁྲག་དང་ཁུ་བུཾ་ལས་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་ལ་སོགས་པ་རིམ་གྱིས་འགྱུར་ཤིང་སྨིན་པ་ན་ཡང་། འབྲས་སྦྱིན་པ་བཞིན་དུ། སྡུག་བསྔལ་དང་ལྡན་པ་དང་། སྐབ་ལས་ཡན ་ལག་དང་ཉིང་ལག་སོ་སོར་དོད་པའི་ཚེ་ཡང་ཕན་ཚུན་ནས་རྐང་ལག་བརྒྱངས་པ་བཞིན་དུ་སྡུག་བསྔལ་སྐྱེས་པ། མངལ་གྱི་གནས་ན་ཞུ་བ་དང་། མ་ཞུ་བའི་བར་ན་གནས་པའི་ཚེ་ནི་ཡང་རི་གཉིས་ཀྱི་བར་བར་བཅུག་པ་བཞིན་དུ ་སྡུག་བསྔལ་པ་དང་། ནམ་མ་ཁ་ཟས་དྲོང་བག་ཟ་བ་དང་། གྲང་བ་ལ་སོགས་པ་ཟེ་བ་དང་། རྒྱུག་པ་དང་། མཆོད་བ་དང་རྐང་ལག་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་གཡོ་བ་བྱེད་པའི་དུས་ན་ཡང་སྡུག་བསྔལ་རྣམ ་བ་སྣ་ཚོགས་མྱོང་སྟེ། མ་ཁ་ཟས་ཚ་བ་ཟོས་ན་ནི། མེས་བསྐོར་བ་དང་འདྲ་བར་སྡུག་བསྔལ། གླང་བ་ཟ་བའི་དུས་ན་ནི་གངས་ཀྱི་ལྗོངས་སུ་བོར་བ་དང་འདྲ་བར་སྡུག་བསྔལ། མཆོང་བའི་དུས་ན་ནི་སྐྱེས་བུ་སྟོབས ་པོ་ཆེས་བཏེག་ནས་ས་ལ་དྲག་ཏུ་བསྡབས་པ་དང་འདྲ་བར་སྡུག་བསྔལ་བ་དང་། ནམ་མའི་མངལ་ནས་ཕྱིར་བྱུང་བའི་ཚེ་ན་ཡང་འཁྲུལ་འཁོར་གྱི་བར་ནས་དྲངས་པ་བཞིན་དུ། ཤིན་ཏུ་བཙིར་ནས་ཕྱིར་འབྱིན་པས་རབ་ཏུ ་སྡུག་བསྔལ་ཆེ་ཞིང་ཕྱིར་འབྱུང་བ་ན་ཡང་། ཤིན་ཏུ་གཞོན་པའི་ལུས་ཁྲག་དང་། སྣབས་ལ་སོགས་པའི་ནང་དུ་འཇམ་པོར་བཙའ་བཙའ་བ། ལག་པ་དང་ཆུ་ལ་སོགས་པས་རེག་པའི་ཚེ། ་རྨའི་གསེབ་ཏུ་ཚྭ་ཆུ་བླུགས་པ་དང་འདྲ་བར་མི་བཟད་པ་སྐྱེ་བའི་ཕྱིར། སྐྱེ་བ་སྡུག་བསྔལ་བའོ།། རྨྱ་བའི་སྡུག་བསྔལ་དང་ཞེས་བྱ་བ་ལ། རྒྱུ་བ་གང་ཞེ་ན། གང་གོང་དུ་སྤྱི་ཅེར་དང་། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ ་གསུངས་པ་དྲི་ནི་རྒ་བའོ།། ཡང་ནཱ་རྒ་བ་ཞེས་བྱ་བ་ནི། ལང་ཚོ་མེད་པར་གྱུར་པ་དང་། གཞོན་ནུའི་མཐུ་རྩལ་ཉམས་པ་དང་འབྱུང་བ་ཆེན་པོ་རྣམས་བྲི་བ་དང་། འདུ་བྱེད་རྣམས་བརྙིངས་པར་གྱུར་པ་དང་། ཡན་ལག ་དང་ཉིང་ལག་ཞིགས་པ་དང་། ཁ་དོག་དང་། དབྱིབས་མི་མཛེས་པར་བྱས་པ་དང་། དབང་པོ་རྣམས་ཉམ་ཆུང་བ་དང་། དྲན་པ་དང་བློ་བྲི་བཱ་དང་། འཆི་བ་ལ་མངོན་དུ་ལྟ་བོ་ནི་རྒ་བའོ།། ཡང་ན་རྒ་བཱ་ཞེས་པའི་ཆོས་ཀྱིས ་ནོན་ན། དངོས་པོ་ཐམས་ཅད་གཞན་དུ་འགྱུར་བར་བྱེད་དེ། དེས་ཁོ་གདོང་ལ་ནོན་ན་ནི། གཉེར་མ་མང་བ་དང་། ཁབས་ནག་པོས་ཁེབས་པར་བྱེད་དོ།། དེས་ཀཱ་ལཱ་ནོན་ནཱ་ནི་སྐྲ་དཀར་དང་། སྨྱོ་ཙར་གྱུར་པར་བྱེད ་དོ། འབྱུང་བ་ཆེན་པོ་རྣམས་ལ་ནོན་ན་ནོ། ཡན་ལཀ་རྣམས་ལྕི་བ་དང་ཞིགས་པར་བྱེད་དོ།། སྐྱེ་མཆེད་རྣམས་ལ་ནོན་ན་ནི། དབང་པོ་རྣམས་ཉོམ་ཆུང་བར་བྱེད་དོ།། མི་གསལ་བར་མཐོང་པོ་དང་ཐོས་པར་འགྱུར ་རོ། ལུས་ལ་ནོན་ན་ནི་ལུས་འདར་བ་དང་ལྡེམ་པོར་བྱེད་དོ།། སེམས་ལ་ནོན་ན་ནི་དྲན་པ་དང་བློ་གྲོས་མེད་པར་བྱེད་དེ། སྔོན་སྨྲས་པ་དང་བྱས་པ་རྣམས་ཀྱང་བརྗེད་པར་འགྱུར་རོ།། རྒྱབ་ཀྱི་ཚིགས་སུ་ཞུགས་ན་ནི་དེས་ལུས ་སྐུར་བར་འགྱུར་རོ།། རྐང་ལག་གི་ཚིགས་ཞུགས་ནཱ་ནི་ཤིང་ཁྱོར་པོ་བཞིན་དུ་ལྡེམ་ལྡེམ་པོར་བྱེད་དོ།། ལང་ཚོའི་ལུ་ས་གཞོན་ནུ་དང་བྲལ་བས་འདུ་བྱེད་རྣམས་རྙིང་པར་ཡང་སྟོན་པར་བྱེད་དེ། དེ་ནི་རྒ་བའོ།། ཡང ་ན་རྒ་བ་རྣམ་པ་གཉིས་ཏེ། རྟེན་ཉམས་པའི་མཚན་ཉིད་དང་། རྟེན་པ་ཉམས་པའི་མཚན་ཉིད།། དེ་ལ་རྟེན་ཉམས་པའི་མཚན་ཉིད་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ཤཱ་དང་ཁྲག་དོང་ཚིལ་དང་། རུས་པ་དང ་རྐང་ལ་སོགས་པ་བྲི་བས་དེའི་རྒྱུ་ལས་རྒྱུག་པ་དང་། མཆོད་བ་དང་བརྐྱང་བ་དང་། བསྐུམ་པ་དང་། འོང་བ་དང་། འགྲོ་བ་ལ་སོགས་པའི་བྱ་བ་མི་ནུས་ཤིང་། ལུས་ཀྱི་བརྩོན་འགྲུས་དང་། སྟོབས་མེད་པར་གྱུར་པའོ།། ་བརྟེན་པ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་པས། མི་གསལ་བར་མཐོང་བ་དང་ཐོས་པ་དང་། སྣོམ་པ་དང་། མྱོང་བར་འགྱུར་ལ། དེའི་རྒྱུ་ལས་དྲན་པ་དང་བློ་གྲོས་བྲི་བའི་ཕྱིར། སྔོན་སྨྲས་པ་དང ་བྱས་པ་རྣམས་ཀྱང་རྗེད་ཅིང་སེམས་ཀྱི་བརྩོན་འགྲུས་དང་མཐུ་མེད་པར་བྱེད་པའོ།། ཅིའི་ཕྱིར་རྒ་བ་སྡུག་བསྔལ་བ་ཞེས་བྱ། སྨྲས་པ་རྒ་བ་འོདས་ཟིན་པར་གྱུར་ན། ལུས་ཀྱི་ཡན་ལག་ལ་མོ་མཛེ་བ་སྐྱེད་པར་བྱེད་ཅིང ་མཛེས་པ་དང་སྟོབས་དང་། བརྩོན་འགྲུས་དང་། དབུའུ་བ་དང་། བརྟན་པ་དང་། བྷྱོ་དང་ཤེས་རབ་ཉམས་པར་བྱས་ནས། འཆི་བའི་གནས་སུ་ཁྲིད་པར་བྱེད་དེ། དཔེར་ན་གཤེད་པོ་རྣམས་ཀྱིས་གསང ་པར་བྱ་བའི་སྐྱེས་བུ་ཁ་སྣ་ཚོགས་པ་བཅད་ཅིང་དྲལ་ནས། གཟུགས་ལ་མཱི་མཛེས་པ་སྐྱེད་དེ། གསད་པའི་གནས་སུ་ཁྲིད་པར་བྱེད་པོ་བཞིན་པས་ན། རྒྱབ་སྡུག་བསྔལ་བ་ཞེས་བྱའོ།། ཡང་ན་སྔོན་ལང་ཚོའི་དུས་ཀྱི་ཚེ། 1 ་དུ་གཉེན་བཤོས་ལ་སོགས་པའི་ཡིད་དགའ་བར་བྱེད་པ་འགྲོ་བ་བཟང་མོའི་སེམས་དང་ཡིད་ཀྱི་རྗེསུ་མཐུན་པར་བྱེད་ཅིང་། དེ་དག་གི་ཡིད་འཕྲོག་པ་འགྲོ་བ་མང་པོའི་ཡིད་དུ་འོང་བ་ཁ་དོག་དང་དབྱི་བ་སྣ་མཛེས་པ་ཤིན་ཏུ ་གཞོན་ནུའི་གཟུགས། པདྨོ་ལྟར་གྱུར་པ་དེ་རྒ་བའི་སེར་བ་དང་། སད་ཀྱིས་ཕོག་ན་ཞུམ་པ་དང་། འཁྲུམས་པོ་དང་། ཞིགས་པ་དང་། མོ་མཛེས་པར་གྱུར་པས་ཉེ་དུ་གཉེན་བཤེས་རྣམས་ཀྱོང་མི་དགའ་བར་གྱུར་ཅིང་།། ་འགྲོ་བ་བཟང་མོ་རྣམས་ཀྱིས་ཀྱང་གཏོང་བར་བྱེད་པས་ན། དེའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བའོ།། ཡང་ན་རྒ་བ་འདི་ནི་ཁ་དོག་དང་དབྱིབས་མཛེས་པ་མེད་པར་བྱེད་པ། དར་ལྔ་བབ་པ་དང་། ནད་མེད་པ་འཇོམས་པར་བྱེད་པ། ་སྟོབས་དང་བརྩོན་འགྲུས་དང་མཐུ་འཕྲོག་པ། དྲན་པ་དང་བློ་གྲོས་དང་ཐོས་པ་དང་། ཡེ་ཤེས་རྣམས་ཉམས་པར་བྱེད་པའི་རྒྱུ་དབང་པོ་རྣམས་ཉམས་ཆུང་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཡང་རྒ་བ་སྡུག་བསྔལ་བ་ཞེས་བྱའོ།། ནད ་ཀྱི་སྡུག་བསྔལ་དུང་ཞེས་བྱ་བ་ལ། ན་བ་གང་ཞེ་ན། ས་ལ་སོགས་པའི་ཁམས་མི་མཐུན་ཞིང་ཤས་ཆེ་ཆུང་ངུ་གྱུར་པ་ན། ན་བ་ཞེས་བྱ་བ་སྟེ། ནམ་ས་ལ་སོགས་པའི་ཁམས་མཉམ་ན། ནད་མེད་པའོ།། ཡང་ན་ན་བ་རྣམ་བྱ་གཉིས་ཏེ། ་ལུས་ཀྱི་ནད་དང་སེམས་ཀྱི་ནད་དོ།། དེ་ལ་ལུས་ཀྱི་ནད་ཀྱང་རྣམ་པ་གཉིས་ཏེ། ནང་གི་རྐྱེན་ལས་བྱུང་བ་དང་། ཕྱིའི་རྐྱེན་ལས་བྱུང་བའོ།། དེ་ལ་ནང་གི་རྐྱེན་ལས་བྱུང་བ་ནི། ལུས་ཀྱི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས ་འཁྲུགས་པས་གང་གནོད་པར་གྱུར་པའོ།། ཕྱིའི་རྐྱེན་ལས་བྱུང་བ་ནི་དབྱིག་པ་དང་། རྡོ་བ་ལ་སོགས་པས་ཕོག་ནོས་གང་གནོད་པར་བྱེད་པའོ།། ལུས་ཀྱི་ནད་དེ་ཡང་མིང་དང་རྒྱུ་རྐྱེན་ལས་ཐ་དད་པའི་སྒོ་ནས་རྣམ་པ་དུ་མར་བཞག་སྟེ། ་དེ་ལ་མིང་ནི་ཤུ་བ་དང་ནོམ་པོ་དང་མཛེ་དང་། འབྲུམ་བུ་དང་། འབྲས་དང་། རིམས་དང་། སྐྱིགས་བུ་ལ་སོགས་པ་ནད་ཀྱི་མིང་རྣམ་པ་དུ་མི་བཏགས་པའོ།། རྒྱུ་ནི་བད་ཀུན་ལས་བྱུང་བ་དང་། མཁྲིས་པ་ལས་བྱུང་བ་དང་། རླུང་ལས་བྱུང ་བའོ་ཞེས་བྱ་བ་ལ་སོགས་པའོ།། རྟེན་ནི་གླང་བ་ན་བ་དང་། རྐང་པ་ན་བ་དང་། མིག་ན་བ་དང་། མགྲིན་པ་ན་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ལུས་ཀྱི་ནད་དོ།། དེ་ལ་རྒྱས་པར་དབྱེན་ནད་ཀྱི་རྣམ་གྲངས་བཞི་བརྒྱ་རྩ་བཞིའོ་ཞེས ་འབྱུང་བའོ།། ཡིད་ཀྱི་ནང་ནི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ལས་སྐྱེས་པའི་སེམས་ལ་གནོད་པ་སྟེ། དེ་ཡང་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ། ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་སྟེ། རྣམ་པ་གཉིས་སོ།། ་དེ་ལ་ནང་གི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། གང་བདག་གི་ལུས་ཉིད་ལ་དམིགས་པ་ལས། སེམས་མི་བདེ་བ་དང་། ཉོན་མོངས་པ་སྐྱེས་པར་གྱུར་པའོ།། ཕྱིའི་དངོས་པོ་ལ་དམིགས་པ་ལས་བྱུང་བ་ནི། ་ཉེ་དུ་བཤེས་གཉེན་དང་། འདོད་པའི་ཡོན་ཏན་ལ་རྟོག་རྟོག་པ་ལས་སེམས་མི་བདེ་བ་དང་། ཉོན་མོངས་པ་སྐྱེས་པར་གྱུར་པའོ།། དེ་ཡང་མིང་དང་རྒྱུ་དང་རྟེན་གྱི་སྒོ་ནས་རྣམ་པ་དུ་མར་བཞག་སྟེ། མིང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་དང་ཁོང་ཁྲོ་བ་དང་ཕྲག་དོག་དང་། ཁོན་དུ་འཛིན་པ་ཞེས་བྱ་བ་ལ་སོགས་པའོ།། རྒྱུ་ནི་མཛེས་པའི་རྒྱུ་ལས་བྱུང་བ་དང་། ཁོང་ཁྲོ་བའི་རྒྱུ་ལས་བྱུང་བ་དང་དེ་གཉི་ག་མ་ཡིན་པའི་རྒྱུ་ལས་བྱུང་བའོ།། རྟེན་ནི་གཟུགས་ལ་ཆགས ་པ་དང་། སྒྲ་ལ་ཆགས་པ་དང་། དྲི་ལ་ཆགས་པ་དང་། རོ་ལོ་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ར་ནི་ལུས་ཀྱི་ནད་ལ་བྱ་བར་དགོངས་པ་ཡིན་ནོ།། ཅིའི་ཕྱིར་ན་སྡུག་བསྔལ་ཞེས་བྱ། འདི་ལྟར་ནད་འདིས་ཟིན་ན། བདག་གི ་ལུས་ལ་རྣམ་པ་དུ་མར་མི་བདེ་བ་སྐྱེད་པར་བྱེད་པ་དང་། ཚེའི་དབང་པོའི་བར་ཆད་དུ་འགྱུར་བ་དང་། གནང་དུ་གནོད་པས་ཉེན་པར་བྱེད་པས་ན། མེ་དང་དུག་དང་མཚོན་ལྟ་བུ་ཡིན་པའི་ཕྱིར་ན་སྡུག་བསྔལ་ཞེས་བྱའོ།། ཡང་ན་ནགས་མེས ་ཚིག་པའི་ནང་དུ་ཆུད་པའི་མིང་དང་དངོང་པོ་ལ་སོགས་པ་མེ་ལྕེའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཕོག་པ་ན། མི་བཟོད་པས། ཕན་ཚུན་དུ་འཁྱམ་ཞིང་སྐད་ཆེར་ཕྱུང་ནས་ངུ་བ་བཞིན་དུ་ན་བ་ཞེས་བྱ་བ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས ་ཕོག་པ་ན། སྐྱེ་བོ་རྣམས་ཀྱིས་མི་བཟོད་ཅིང་སྐད་ཆེར་འབྱིན་པ་དང་། ངུ་བར་བྱེད་པའི་ཕྱིར་ན་ཡང་སྡུག་བསྔལ་བའོ།། འཆི་བ་སྡུག་བསྔལ་ཞེས་བྱ་བ་ལ།། འཆི་བ་གང་ཞེ་ན། གང་གོང་དུ་སེམས་ཅན་དེ་དང་དེ་རྣམས། སེམས་ཅན་གྱི ་རིས་དེ་དང་དེ་དག་ལས་ཤི་འཕོས་པ་དང་། ཤི་འཕོས་པར་གྱུར་པའོ་ཞེས་གོང་གསུངས་པ་ནིའིཆི་བའོ།། ཡང་ན་ཚེའི་དབང་པོ་དང་དྲོད་དང་རྣམ་པར་ཤེས་པས་ལུས་བཏང་སྟེ། ཚེའི་དབང་པོ་རྒྱུན་ཆད་པ་ནི། འཆི་བ་ཞེས་བྱའོ།། ཡང ་ན་ས་ལ་སོགས་པའི་འབྱུང་བ་ཆེན་པོ་འཁྲུགས་པས་མིག་ལ་སོགས་པའི་དབང་པོ་ཉམས་པར་འགྱུར་བའོ།། དབང་པོ་ཉམས་ན་དེ་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མི་འབྱུང་ངོ་།། སེམས་དང་སེམས་ལས ་བྱུང་བ་མ་བྱུང་ན་ཤི་བ་ཞེས་བྱའོ།། ཡང་ན་འཆི་བ་རྣམ་པ་གཉིས་ཏེ། ཚེ་ཟད་ནས་ཤཾ་བྱ་དང་། ལས་ཟད་ནས་ཤི་བའོ།། དེ་ལ་ཚེ་ཟད་ནས་ཤི་བ་ནི། ཚེ་རབས་གཞན་ན་ཚེའི་འདུ་བྱེད་ཇི་སྲིད་གནས་པར་འགྱུར་བའི་ལས ་བྱས་པའི་ཤུགས་ཟད་ནས་ཤི་བྱའོ།། ལས་ཟད་ནས་ཤི་བ་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ལས་མ་བྱས་པས། ཚེ་འདིར་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་དང་མི་ལྡན་པས་ཤི་བར་གྱུར་པའོ།། ཡང་ན ་འཆི་བ་རྣམ་པ་གསུམ་སྟེ། སྐད་ཅིག་མ་རེ་རེ་ལ་འཆི་བ་དང་། རྒྱུ་ཟོད་ནས་འཆི་བ་དང་། ཉེ་བར་བཅོམ་ནས་ཤི་བའོ།། དེ་ལ་སྐད་ཅིག་མ་རེ་རེ་ལ་འཆི་བ་ནི། དང་པོ་མངལ་དུ་ཞུགས་པ་ནས་བརྩམས་ཏེ། རིས་མཐུན་པའི་ཚེའི་འདུ ་བྱེད་རྒྱུན་མ་ཆད་ཀྱི་བར་དུ།། སྐད་ཅིག་ན་སྔ་མ་འགགས་ནུས་ཕྱི་མ་སྐྱེ་བའི་མཚན་ཉིད་དོ།། རྫུ་ཟང་ནས་ཤི་བ་ནི་ཚེའི་འདུ་བྱེད་ཟད་པས་རིས་མཐུན་པའི་ཕུང་པོ་རྣམས་ཀྱི་རྒྱན་ཆུང་བར་གྱུར་པའོ།། ཉེ་བར ་བཅོམ་ནས་ཤི་བ་ནི། དྲུག་དང་མ་དང་མཚོན་ལ་སོགས་པའི་རྒྱན་དང་ཕྲད་ནས་ཤི་བར་གྱུར་པོའོ།། ཅིའི་ཕྱིར་འཆི་བ་སྡུག་བསྔལ་བ་ཞེས་བྱ་འདི་ལྟར་ལྔ་ལ་ཞིག་འབྲུ་དང་གཏེར་རིན་པོ་ཆེ་དང་། ཡོ་བྱད་དང་ཉེ་དུ་གཉེན་བ་ཤེས་པ ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ལས། རྒྱལ་པོ་ལ་སོགས་པ་དབང་ཡོད་པ་རྣམས་ཀྱིས་ཕྲོགས་ནས་ཅི་ཡང་མེད་པར་བྱས་པ་བཞིན་དུ། འཆི་བའི་དུས་ཀྱི་ཚེ། ཉེ་དུ་གཉེན་བ་ཤེས་བྲལ་བར་དཀའ་བ་རྣམས་ཀྱི་མཐའ ་བསྐོར་ནས་མིག་མཆི་མས་གང་ཞིང་ངུད་མོས་སྐད་འགགས་པར་གྱུར་པ་དང་། ནོར་དང་གཏེར་ལ་སོགས་པའི་ཡོ་བྱད་ཐམས་ཅད་བོར་ནས་གཅིག་པུ་མི་དགའ་བ་མ་མོས་བཞིན་དུ་དབང་མེད་པར་འགྲོ་དགོས་པའི་ཕྱིར་ཡང་འཆི་བ་སྡུག ་བསྔལ་བའོ།། ཡང་ན་བསོད་ནམས་མ་ཡིན་པ་བྱས་པ་རྣམས་མིག་ལ་སོགས་པའི་དབང་པོ་ལྔ་འགགས་པའི་སྡུག་བསྔལ་མི་ཟད་པ་མྱོང་ལ། གཤིན་རྗེའི་སྲིན་པོ་དང་། ཡི་དགས་ལ་སོགས་པས་མཐའ་བསྐོར་ཏེ། ཚེའི ་དབང་པོ་མ་ཆད་པར་ཡང་། བཅིང་བ་དང་། བསྡིགས་པ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་ཅིང་། འཚོ་བའི་དབང་པོ་ཆེད་ནས་ཀྱང་དབང་མེད་པར་སེམས་ཅན་དམྱལ་བའི་གནས་སུ་ཁྲིད་པར་བྱེད་པའི་ཕྱིར་ཡང་འཆི་བ ་སྡུག་བསྔལ་བའོ།། ཡང་ན་འཆི་བ་ཞེས་བྱ་བ་འདི་རི་རབ་བཞིན་དུ། རླུང་གིས་ཀྱང་མི་བསྐྱོད་པ། མེ་བཞིན་དུ་ཐམས་ཅད་ཟད་པར་བྱེད་པ། ཞེ་སྡང་ཅན་གྱི་སྐྱེས་བུ་བཞིན་དུ་རྟག་ཏུ་འགྲོ་བ་རྣམས་ལ་གནོད་པས་གདུང་བར་བྱེད་པ། ་འཚེའི་རླབས་བཞིན་དུ་དུས་ལས་མི་འདའ་བ། རྡོ་རྗེ་བཞིན་དུ། ཕུང་པོའི་རི་བོ་འཇོམས་པར་བྱེད་པ། རླུང་ལྟ་བུར་སྤུངས་པ་རྣམས་སྙིལ་བར་བྱེད་པ། སེར་བ་བཞིན་དུ་ཚེའི་འདུ་བྱེད་འཇིག་པར་བྱེད་པ། སྡིག་ཅན་བཞིན་དུ ་སྙིང་རྗེ་མེད་པ། གླང་པོ་ཆུ་བཞིན་དུ་རྒྱལ་བར་དཀའ་བ། དཔའ་བོ་བཞིན་དུ་གཞན་འཇོམས་པ་དུས་བཞིན་དུ་གདོན་མི་ཟ་བར་འབྱུང་བ་སྟེ། དེའི་ཕྱིར་འཆི་བ་སྡུག་བསྔལ་བའོ།། མདོ་གཞན་དག་ལོས་སྐྱེ་བའི་རྐྱེན་གྱིས་འཆི་བ ་དང་། བག་མེད་པའི་འཆི་བ་དང་། ཚུལ་ཁྲིམས་ངན་པའི་འཆི་བ་ཞེས་གསུངས་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ་ཤེས་རབ་ཀྱི་དབང་པོ་འཆལ་བས་ན། བག་མེད་པས་འཆི་བའོ།། ཚུལ་ཁྲིམས་རྣམ་པར་དག་པ ་དང་བྲལ་བའི་ཕྱིར་ཚུལ་ཁྲིམས་ངནྡ་པས་ཤི་བའོ།། ཚེའི་དབང་པོ་རྒྱུན་ཆད་པས་ན། སྐྱེ་བའི་རྐྱེན་གྱིས་ཤི་བའོ།། ཡང་ནི་དམ་པའི་ཆོས་ཉན་པ་དང་། བསམས་པ་དང་། བསྒོམས་པ་མི་བྱེད་པའི་ཕྱིར། བག་མེད་པས་ཤི་བའོ།། ། ་དགེ་སློང་གི་དངོས་པོ་དང་བྲལ་བའི་ཕྱིར་ཚུལ་ཁྲིམས་ངན་པས་ཤི་བའོ།། རིས་མཐུན་པས་དང་སྐལ་བ་གཅིག་པ་དང་བྲལ་བའི་ཕྱིར། སྐྱེ་བའི་རྐྱེན་གྱིས་ཤི་བའོ།། མཛའ་བ་དང་བྲལ་བའི་སྡུག་བསྔལ་དང་ཞེས་བྱ་བ་ལ། ་གང་སེམས་ཅན་གྱི་གྲངས་སམ་སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པའི་ཡུལ་ཡིད་འོང་བ་རྣམས་དང་བྲལ་བར་གྱུར་པ་ནི་མཛའ་བ་དང་བྲལ་བ་ཞེས་བྱའོ།། ཡང་ན་བདག་ཉིད་ཀྱི་ལང་རྒྱོ་དང་། ནང ་མེད་པ་དང་ཚེ་རིང་བ་དང་། རིགས་དང་། གཟུགས་བཟང་བ་དང་། ཕྱུག་པ་དང་ལོངས་སྦྱོང་དང་བྲལ་བར་གྱུར་པ་དང་། ཉེ་དུ་གཉེན་གཤེས་རྣམས་དང་། བྱེ་བར་གྱུར་པ་ནི་མཛའ་བ་དང་། བྲལ་བར་གྱུར་པ་ཞེས་བྱའོ།། ཡང་ན ་ཚུལ་ཁྲིམས་ཅན་རྣམས་དགེ་བའི་ལས་ཡོངས་སུ་ཉམས་པར་གྱུར་པ་ནི་མཛའ་བ་དང་གྲོལ་བའོ།། ཡང་ན་ཚོར་བ་རྣམ་པ་གསུམ་ལས་བདེ་བའི་ཚོར་བ་དང་། བྲལ་བར་གྱུར་པ་ནི་མཛའ་བ་དང་བྲལ་བའོ།། ཡང་ནི་ལྷ་དང་མི་ལ ་སོགས་པའི་བདེ་འགྲོའི་གནས་ལས་ཉམས་ནས། ངན་སོང་དུ་ལྟུང་བར་གྱུར་པ་ནི་མཛའ་བ་དང་བྲལ་བའོ།། ཅིའི་ཕྱིར། མཛའ་བ་དང་བྲལ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། འདི་ལྟར་མཛའ་བ་དང་བྲལ་བའི་རྒྱུས་སྲོག་ཆག་རྣམས ་ནགས་མེས་བསྲེགས་པ་བཞིན་དུ་རྟག་ཏུ་མྱ་ངན་ཆེན་པོའི་མེས། ཡིད་སྲེག་པར་བྱེད་ཅིང་སྐད་ཆེར་འབྱིན་ཅིང་ངུ་བསྲ་ནཱ། མཛའ་བ་དང་བྲལ་བ་སྡུག་བསྔལ་བའོ།། ཡང་ན་མཐོ་རིས་ལ་སོགས་པ་བདེ་བའི་གནས་ནས་འཕོས ་ཏེ། དམྱལ་བ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེས་པས་ན། སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བའི་ཕྱིར་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ།། ཡང་ན་མཛའ་བ་དང་བྲལ་བར་དོགས་པ་འམ། ཐོས་པ ་འམ། མཐོང་བ་འམ། རྗེས་སུ་དྲན་ན་ཡང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པ་འབྱུང་བའི་ཕྱིར་ཡང་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ།། ཡང་ན ་ཕ་དང་ཕུ་ནུ་ལ་སོགས་པ་ཉེ་དུ་དང་བྲལ་བའི་རྒྱུ་ལས་བྱུང་བའི་གདོན་གྱིས་ནོན་པ་བཞིན་དུ་ཚིགེ་རྣམ་པ་སྣ་ཚོགས་བླ་བ་དང་བརྒྱལ་བ་བཞིན་དུ་དྲན་པ་མེད་པར་གྱུར་པ་དང་། བདོག་པ་ཐམས་ཅད་ཕྱོགས་པ་བཞིན་དུ། སེམས ་རྣམ་པ་ཐམས་ཅད་དུ་འཁྲུགས་པར་འགྱུར་ཞིང་བྱ་བ་དང་མི་དྲན་པས་ལུས་ས་ལ་བླབས་ཙམ་དུ་ཟད་པའི་ཕྱིར་ཡང་མཛའ་བ་དང་བྲལ་བའི་སྡུག་བསྔལ་བའོ།། མི་མཛའ་བ་དང་ཕྲད་པའི་སྡུག་བསྔལ་དང་ཞེས་བྱ་བ་ལ ་མི་དགེ་བའི་ལས་ཀྱིས་རྒྱུ་མཐུན་པའི་འབྲས་བུ། སེམས་ཅན་དམྱལ་བ་ལ་སྩོགས་པ་དང་ཕྲད་པར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པའོ།། སེམས་ཅན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་དང་བྲལ་བར་མོས་པ ་ལས་སྡུག་བསྔལ་རྒྱ་ཚྭ་ར་བ་སྐྱེད་པར་བྱེད་པའི་ཡོ་བྱད་ཉེ་བར་གྱུར་པའི་རྒྱུས་ཚོར་བ་སྡུག་བསྔལ་མྱོང་བ་ནི་མི་མཛའ་བ་དང་ཕྲད་པའོ།། ཡང་ན་འགྲོ་བ་མི་བགྲུངས་པ་དང་འགྲོགས་པར་གྱུར་པ་ནི་མི་མཛའ་བ་དང་ཕྲད ་པའོ།། ཡང་ནི་ཚུལ་ཁྲིམས་དང་ལྡན་པོ་རྣམས་ལ། ངན་པའི་ངང་ཚུལ་བྱུང་བར་གྱུར་པ་ནི་མི་མཛའ་བ་དང་ཕྲད་པ་སྟེ། ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ་བ་རྣམས་ཉེས་པ་དེས་སེམས་གདུང་བར་བྱེད ་པའི་ཕྱིར་རོ།། ཅིའི་ཕྱིར་མི་མཛའ་བ་དང་ཕྲང་བ་སྡུག་བསྔལ་ཞེས་བྱ། འདི་ཁྱིམ་ཚེས་མ་བསྲུངས་པ་བཞིན་དུ། རྟག་ཏུ་གནོད་པ་སྐྱེད་པ་དང་། འགྲོ་བ་མི་བསྐྲུན་པ་བཞིན་དུ་ཞེ་སྡང་སྐྱེ་བའི ་གནས་སུ་གྱུར་པ་དང་། སེམས་ལོ་མི་དགའ་བའི་རྣམ་པར་རྟོག་པ་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་མི་མཛའ་བ་དང་ཕྱུད་པ་སྡུག་བསྔལ་བའོ།། ཡང་ན་མི་མཛའ་བློ་དང་ཕྲད་པའི་རྒྱུ་ལས་ནགས་མས་ཚིག་པ་བཞིན་དུ། ་ཞེ་སྡང་གི་མེས་སེམས་ཚིག་པར་བྱེད་ཅིང་དེ་དང་བྲལ་བར་སྨོན་པ་མང་དུ་སྐྱེ་སྟེ། གང་སྨོན་པ་མང་དུ་སྐྱེད་པ་དེ་ཉིད་སྡུག་བསྔལ་བ་ཡིན་པས། དེ་བས་ན་མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་བའོ།། གང་འདོད ་པབ་བཙལ་ནས་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ་ཞེས་བྱ་བ་ལ། གང་འདོད་པ་ནི་སྡུག་བསྔལ་བ་དང་གྲོལ་ཞིང་སླར་མི་ཕྲད་པ་དང་། བདེ་བ་དང་ཕྲད་ཅིང་སླར་མི་འབྲལ་བར་འདོད་པ་དེ་དེ་ལྟར་མ་གྱུར་པ་ཉིད་གང ་འདོད་པ་བཙལ་ན་སྔ་མ་རྙེད་པའོ།། ཡང་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་དང་མི་ཕྲད་པར་འདོད་དེ། འདོད་པ་དེ་དང་མི་ལྡན་པར་གྱུར་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པར་ཞེས ་བྱའོ།། ཡང་ན་མི་མཛའ་བ་དང་མི་ཕྲད་པ་དང་། མཛའ་བ་དང་མི་བྲལ་བར་འདོད་དེ་དེ་ལྟར་མ་གྲུབ་པ་ནི་གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ།། ཡང་ན་དགེ་བ་བྱེད་པ་རྣམས་འཕེལ་བར་ནི་འདོད ་ལ། མི་དགེ་བ་འགྲིབ་པར་འདོད་པ་ལས་དགེ་བ་འགྲིབ་པ་དང་། མི་དགེ་བ་འཕེལ་བར་གྱུར་པ་ནི། གང་འདོད་པ་བཙལ་ནས་མ་རྙེད་པ་ཞེས་བྱའོ།། ཡང་ན་ངན་སོང་གསུམ་དུ་མི་སྐྱེ་བ་དང་། མཐོ་རིས་སུ་སྐྱེ་བར་འདོད་པ་ལས། ་ངན་སོང་གསུམ་དུ་ལྟུང་བར་གྱུར་ལ། མཐོ་རིས་སུ་མྱ་སྐྱེས་པར་གྱུར་པ་ནི། གང་འདོད་པ་བཙལ་ནས་མཱ་རྙེད་པ་ཞེས་བྱའོ།། ཅིའི་ཕྱིར་གོང་འདོད་པ་དེ་བཙ་ལཱ་ནས་མ་རྙེ་ད་པ་དོ་སྡུག་བསྔལ་ཞེས་བྱ་ཞེ་ན། ཨེ་མའོ་འདི ་ལྟར་འདོད་པའི་དངོས་པོ་དེ་སྔོན་ཡང་རྙེད་པར་མ་གྱུར་ཏོ།། ད་ལྟར་ཡང་མ་རྙེད་དོ།། ཕྱིས་ཀྱང་རྙེད་པར་མི་འགྱུར་རོ་ཞེས་དུས་གསུམ་དུ་ཡང་གནོད་པ་སྐྱེད་པའི་ཕྱིར། གང་འདོད་པ་བཙལ་ནས་མ་རྙེད་པ་དེ་བསྡུག་བསྔལ་པ ་ཡིན་ནོ།། ཡང་ན་ཡིད་ལ་བསེམས་པ་འཇོམས་པར་བྱེད་པ་དང་། ཡིད་འབྱུང་བའི་རྟེན་དུ་གྱུར་པ་དང་། དེའི་རྒྱུས་སེམས་རྟག་ཏུ་གདུང་བར་བྱེད་པས་ན་ཡོང་གང་འདོད་པ་བཙལ་ནས་མ་རྙེད་པ་དེ་སྡུག་བསྔལ་བའོ།། མདོར་ན ་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་སྟེ་ཞེས་བྱ་བ་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ལེན་པའི་ཕུང་པོ་ནས། རྣམ་པར་ཤེས་པ་ལེན་པའི་ཕུང་པོ་ལེན་པའི་བར་དུའོ།། མདོར་ན་ཞེས་བྱ་བའི་དོན་ཕུང་ངོ་ལྔ་པོར་སྡུག ་བསྔལ་ཐམས་ཅད་བསྡུས་པར་སྟོན་པ་སྟེ། སྡུག་བསྔལ་ཐམས་ཅད་ནི་དང་པོའི་སྡུག་བསྔལ་དང་། དབུས་ཀྱི་སྡུག་བསྔལ་དང་། མཐའི་སྡུག་བསྔལ་ལོ།། དེ་ལ་དང་པོའི་སྡུག་བསྔལ་ནི་སྐྱེ་བོའོ།། བར་གྱི་སྡུག་བསྔལ་ནི ་རྒ་བ་དང་ན་བ་དང་། མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་ཕྲད་པ་དང་། གང་འདོད་པ་བཙལ་ནས་མ་རྙེད་པ་རྣམསོ།། ཐ་མའི་སྡུག་བསྔལ་ནི་འཆི་བ་སྟེ། སྡུག་བསྔལ་དེ་གསུམ་ཕུང་པོ་ལྔར་འདུས་པས ་ན། མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་ཞེས་བྱའོ།། ཡང་ན་རབ་ཏུ་གནས་པ་དང་། རྗེས་སུ་འབྲེལ་པའི་སྡུག་བསྔལ་རྣམས་སུ་ཕུང་པོ་ལྔ་འདུས་པས་ན། མདོར་ན་ལེན་པོའི་ཕུང་པོ་ལྔ་པོ་རྣམས་ནི་སྡུག་བསྔལ ་བ་ཞེས་བྱ་སྟེ། རབ་ཏུ་གནས་པའི་སྡུག་བསྔལ་ནི་རྐེ་བ་དང་། ནཻ་བ་དང་། འཆི་བ་དང་། མཛའ་བ་དང་བྲལ་བ་དང་། མི་མཛའ་བ་དང་ཕྲད་པ་དང་། གང་འདོད་པ་བཙལ་ནས་མ་རྙེད་པའོ།། རྗེས་སུ་འབྲེལ་བའི་སྡུག་བསྔལ་བའི ་སྡུག་བསྔལ་ནི་སྐྱེ་བ་སྟེ། ཚེ་རབས་གཅིག་ནས་གཅིག་ཏུ་སྲིད་པའི་ཡན་ལག་མཚམས་སྦྱོར་བ་རྣམས་དང་འབྲེལ་བའི་ཕྱིར་རོ།། ཡང་ན་སྡུག་བསྔལ་གྱི་ཁྱད་པར་ནི་ཚད་མེད་པ་བསྐལ་པའི་མཐར་བརྗོད་ཀྱང་ཟད་བར་མི་ནུས་ཏེ། དེ ་བས་ན་མཚན་ཉིད་ཐ་དད་པའི་སྡུག་བསྔལ་མཐའ་མེད་པ་རྣམས་སྤྱིའི་མཚན་ཉིད་དུ་བསྡུ་བོར་བྱ་བའི་དོན་དུ་མདོར་ན་ལེན་པའི་ཕུང་ལྔ་རྣམས་ནི་སྡུག་བསྔལ་བ་ཞེས་བྱ་བ་གསུངས་སོ།། ཡང་ན་མེ་ལྟ་བུར་གྱུར་པ་ནི་སྐྱེ་བ་ལ་སོགས ་པའི་སྡུག་བསྔལ་རྣམས་སོ།། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཤིང་ལྟ་བུར་གྱུར་པ་ནི་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་བྱེད་པའི་ཕྱིར་ན་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ ་རྣམས་ནི་སྡུག་བསྔལ་ཞེས་གསུངས་སོ།། ཡང་ན་སྐྱེ་བ་ལ་སོགས་པ་ནི་ས་བོན་གྱི་དངོས་པོ་ལྟ་བུ་ལ་ལེན་པའི་ཕུང་པོ་ལྟ་ནི་ཞིང་ལྟ་བུ་ཡིན་པར་གྱུར་པས་དེའི་ཕྱིར་ཡང་མདོར་ན་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། ཇི་ལྟ་ཞེ་ནི་ཕུང་པོ་འབྱུང་བའི་སྡུག་བསྔལ་ནི་སྐྱེ་བའོ།། ཕུང་པོ་ཡོངས་སུ་སྨིན་པའི་སྡུག་བསྔལ་ནི་རྐུ་བའོ།། ཕུང་པོ་ལ་གནོད་པའི་སྡུག་བསྔལ་ནི་ན་བའོ།། ཕུང་པོ་ཞིགས་པའི་སྡུག་བསྔལ་ནི་ཤྲཱི་བའོ།། ཡིད ་དུ་མི་འོང་བའི་ཕུང་པོ་དང་ཕྲད་པའི་སྡུག་བསྔལ་ནི་མི་མཛའ་བ་དང་ཕྲད་པའོ།། ཡོད་དུ་འོང་བའི་ཕུང་པོ་དང་བྱེ་བའི་སྡུག་བསྔལ་ནི་མཛའ་བ་དང་བྲལ་བའོ།། འདོད་པའི་ཕུང་པོ་དང་མ་ཕྲད་པའི་སྡུག་བསྔལ་ནི་གང་འདོད་པ ་བཙལ་ནས་མ་རྙེད་པའོ།། ཅིའི་ཕྱིར་ན་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ། སྨྲས་པ་ཇི་སྲིད་དུ་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྔ་ཡོད་ཀྱི་བར་དུ། སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བ་དང་། མཛའ ་པ་དང་བྲལ་བ་དང་། མི་མཛའ་བ་དང་ཕྲད་པ་དང་། གང་འདོད་པ་བཙལ་ནས་མ་རྙེད་པ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལ་སོགས་པ་འབྱུང་བའི་ཕྱིར། ལེན་པའི ་ཕུང་པོ་ལྔ་རྣམས་སྡུག་བསྔལ་བ་ཞེས་བྱའོ།། བརྒལ་བ་བཅོམ་ལྡན་འདས་ཀྱིས། ཚོར་བ་རྣམ་པ་གསུམ་དུ་བཤད་དེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ་ཡང་མ་ཡིན་པའི་ཚོར་བ་གསུངས་ཏེ། བདེ་བའི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཕུང་པོ་རྣམས་སྡུག་བསྔལ་བའི་རང་བཞིན་མ་ཡིན་ན། ཅིའི་ཕྱིར ་འདིར་མདོར་ན་ལེན་པའི་ཕུང་པོ་ལྔ་རྣམས་སྡུག་བསྔལ་ཞེས་གསུངས། ལེན་དུ་སྡུག་བསྔལ་རྣམ་པ་གསུམ་གྱིས་འདུས་བྱས་ཐམས་ཅད་ལ་ཁྱབ་པས་ན། ལེན་པའི་ཕུང་པོ་ཐམས་ཅད་སྡུག་བསྔལ་བར་བཤད་དོ།། ཚོར ་བ་སྡུག་བསྔལ་དང་ལྡན་པའི་ཕུང་པོ་རྣམས་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པའོ།། ཚོར་བ་བདེ་བ་དང་ལྡན་པོའི་ཕུང་པོ་རྣམས་ལ་ནི། འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པོ།། ཚོ་རེ་བ་བདེ་བ་ཡང་མ་ཡིན་མི ་བདེ་བ་ཡང་མ་ཡིན་པའི་ཕུང་པོ་རྣམས་ལ་ནི་རྒྱུ་རྐྱེན་གྱིས་བསྐྱེད་ཅིང་། མི་རྟག་པའི་མཚན་ཉིད་འདུ་བྱེད་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་རོ།། ཡང་ན་དཔེར་ན་སྲན་མ་ཤའི་ཕུང་པོའི་ནང་ན་མུང་ག་ཅུང་ཟད་ཀྱང་ཡོད་ཀྱང ་སྲན་མ་ཤ་ཞེས་བྱ་བ་བཞིན་དུ་ཕུང་པོ་འདི་དག་ལ་བདེ་བ་ཅུང་ཟད་ཡོད་ཀྱང་། སྡུག་བསྔལ་མང་པོའི་ཕྱིར་ཕུང་པོ་ཐམས་ཅད་སྡུག་བསྔལ་པོ་ཞེས་བྱའོ།། གཞན་ཡང་མཁས་པ་སུ་ཞིག་འབྲས་བྱུང་བའི་སྡུག་བསྔལ་ཆེན་པོ ་ཡུངས་མར་གྱི་བསྒོ་བ་དང་ཕྱུགས་པ་ཙམ་གྱིས་བདེ་བས་འབྲས་བདེ་ཞེས་པ་རྩི་སྟེ། དེ་དང་འདྲ་བར་ཕུང་པོ་ལྔ་སྡུག་བསྔལ་གྱིས་ཕུང་པོ་ལ་བདེ་བ་ཅུང་ཟད་ཀྱང་ཡོད་པས་མཁས་པ་སུ་ཞིག་བདེ་བར་ལྟ། མདོ་གཞན་དག ་ལས་སྡུག་བསྔལ་རྣམ་པ་གསུམ་དུ་བཤད་ལ། འདིར་སྡུག་བསྔལ་རྣམ་པ་བརྒྱད་དུ་གསུངས་ན། ཅི་གསུམ་གྱིས་བརྒྱད་བསྡུ་བར་བལྟ་འམ། བརྒྱད་ཀྱིས་གསུམ་བསྡུ་བར་བལྟ། སྨྲས་པ་གསུམ་གྱིས་བརྒྱད་བསྡུ་བར་བལྟ་སྟེ། ་གང་སྐྱེ་བ་སྡུག་བསྔལ་བ་དང་། རྒ་བ་སྡུག་བསྔལ་བ་དང་། ན་བ་སྡུག་བསྔལ་བ་དང་། འཆི་བ་སྡུག་བསྔལ་བ་དང་། མི་མཛའ་བ་དང་ཕྲད་པ་སྡུག་བསྔལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་བར་བསྡུའོ།། གང ་མཛའ་བ་དང་བྲལ་བ་དང་། འདོད་པ་བཙལ་ཏེ་མ་རྙེད་པ་གཉིས་ནི་འགྱུར་བའི་སྡུག་བསྔལ་དུ་བསྡུའོ།། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ་ཞེས་བྱ་བས། འདུ་བྱེད་ཀྱི་སྡུག་བསྔལ་བསྟན་ཏོ།། ། ་ཀུན་འབྱུང་གི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཅིའི་ཕྱིར་ན་སྡུག་བསྔལ་གྱི་བདེན་པོའི་རྗེས་ལ་ཀུན་འབྱུང་གི་བདེན་པ ་བཤད་ཅེ་ན། འཁོར་བའི་འབྲས་བུའི་ཆོས་ཁོང་དུ་མ་ཆུད་པ་རྣམས་ལ་སྡུག་བསྔལ་གྱི་བདེན་པ་བསྟན་ནས། རྒྱུ་ཁོང་དུ་མ་ཆུད་པ་རྣམས་ལ་རྒྱུ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་གྱི་འོག་ཏུ་ཀུན་འབྱུང་གི་བདེན་པ ་བཤད་དོ།། ཡང་ན་འཇིག་རྟེན་པ་འདི་དག་ནི་སྲེད་པའི་བཅིང་བ་དམ་པོས་དམ་དུ་བཅིངས་པ་དང་། འཁོར་བའི་བཙོན་ར་ལས་ཐར་པར་མ་གྱུར་པ་སྟེ། འཁོར་བའི་བཙོན་རའི་རྒྱུ་བསྟན་པའི་ཕྱིར། སྡུག་བསྔལ་གྱི ་འོག་ཏུ་ཀུན་འབྱུང་གི་བདེན་པ་གསུངས་སོ།། སྲེད་པའི་ཕུང་པོ་གང་ལས་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་ཞིང་སྐྱེ་བར་འགྱུར་བའི་རྒྱུ་འདོད་ཆགས་ཀྱི་མཚན་ཉིད་སྐྱེད་པ་ལ་སྡུག་བསྔལ་ཀུན ་འབྱུང་བ་ཞེས་བྱ་སྟེ། སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་དོན་ཏོ།། སྲེད་པ་དེ་སྡུག་བསྔལ་གྱི་རྒྱུ་ཡིན་པར་འཕགས་པ་རྣམས་ཀྱི་ཐུགསུ་ཆུད་པ་འམ། སྲེད་པ་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་ཁོང་དུ་ཆུང་ན་འཕགས ་པར་འགྱུར་ལ། སྲེད་པ་དེ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པར་མ་ནོར་བར་ཕྱིན་ཅི་མ་ལོག་པའི་ཕྱིར་སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ།། སྲེད་པ་དེ་ཡང་གང་ཞེ་ན་དེའི་ཕྱིར། གང་ཡང ་འབྱུང་བ་ཅན་གྱི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་ཡང་དེར་མངོན་པར་དགའ་བ་ཞེས་གསུངས་སོ།། དཔེར་ན་སྐྱེས་བུ་ལ་ལ་ཞིག་དཔྱིད་ཀྱི་དུས་ཀྱི་ཉི་མ་ཕྱེད་པའི་ཚེ་ན་རབ་ཏུ་སྐོམ་པས་གདུངས་ཏེ། ཆུ་འདོད ་པ་དེས་ཚྭ་ཆུ་ལ་རྒྱུན་ཏུ་འཐུངས་ཀྱང་ངོམས་པ་མེད་པ་བཞིན་དུ། འདོད་པའི་འདོད་ཆགས་ཅན་རྣམས་ལུས་དང་ལོངས་སྤྱོད་ཡོན་ཏན་དུ་ལྟ་བས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་རྒྱུན་དུ་སྤྱོད་ཀྱང་ངོམས་པ་མེད་པ་ནི ་སྲིད་པའོ།། ཡང་འབྱུང་བ་ཅན་དང་དགའ་བའི་འདོད་ཆགས་དང་ལྡན་པ་དང་དེ་དང་དེར་མངོན་པར་དགའ་བའི་ཚིག་རྣམས་ནི་སྲེད་པ། དེའི་ཁྱད་པར་རམ་སྲེད་པའི་མིང་གི་རྣམ་གྲངས་སོ།། དེ་ལ་ཡང་འབྱུང་བ་ནི་མ ་འོངས་པའི་ཚེ་རབས་ལ་བྱ་སྟེ། མ་འོངས་པའི་ཚེ་རབས་སྒྲུབ་པའི་ངང་ཚུལ་ཅནྡ་ནམ། དེ་སྐྱེད་པར་བྱེད་པའི་རང་བཞིན་ནམ་རྒྱུར་གྱུར་པ་ལ་ཡང་འབྱུང་བ་ཞེས་བྱའོ།། དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི། ་མ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ཆགས་ཤིང་། ཞེན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དེ་དང་དར་མངོན་བར་དགའ་བ་ཞེས་བྱ་བ་ནི་མ་འོངས་པའི་སེམས་ཅན་གྱི་གནས་རྣམ་པ་མང་པོ་ལོ་བདག ་ལྷུར་གྱུར་ཅིག་མྱིར་གྱུར་ཅིག། ཚངས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་འདེབས་པའོ།། ཡང་ན་མ་རྙེད་པའི་ཡུལ་ཚོལ་བ་དང་སོགས་པའི་རྒྱུར་གྱུར་པའི་སྲེད་པ་ནི་ཡང་འབྱུང་བ་ཅན་གྱི ་སྲིད་པ་ཞེས་བྱའོ།། རྙེད་ཅིང་ཕྲད་པའི་ཡུལ་ལ་ལྷག་པར་དམིགས་ཤིང་མི་འབྲལ་བར་འདོད་པའི་ཕྱིར་བསྲུང་བ་ལ་སོགས་པའི་བྱ་བ་བྱེད་པ་ནི། དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ།། ཕྲད་པའི་ཡུལ ་རྣམས་དང་བྲལ་བས་སྡུག་བསྔལ་བར་གྱུར་ཅིང་སྨོན་ལམ་འདེབས་པ་ནི་དེ་དང་དེར་མངོན་པར་དགའ་བོ་ཞེས་བྱའོ།། ཡང་ན་བདེ་བོའི་ཚོར་བ་དང་ཕྲད་ཅིང་མི་འབྲལ་བར་ཆགས་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད་པ ་ཞེས་བྱའོ།། སྡུག་བསྔལ་གྱི་ཚོར་བ་དང་མི་ཕྲད་ཅིང་འབྲལ་བར་འདོད་པ་ནི་དགའ་བའི་འདོད་ཆགས་དང་ལྗོན་པ་ཞེས་བྱའོ།། བསམ་གཏན་གྱི་ཚོར་བ་བཏང་སྙོམས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན ་བ་ལ་ཆགས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ།། ཡང་ན་མ་རྙེད་པའི་དངོས་པོ་རྣམས་དང་ཕྲད་པར་སྨོན་ལམ་འདེབས་པ་ནི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱའོ།། སྨོན་ལམ་བཏབ ་པའི་དངོས་པོ་རྣམས་ལ་ཚོར་བར་ཞུགས་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པོ་ཞེས་བྱའོ།། བཙལ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར་ཞུགས་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ།། ཡང་ན་རྙེད་པ་དང་མ ་རྙེད་པའི་བདག་གི་ཡུལ་དང་དབང་དུ་བྱས་ནས་སྐྱེད་པ་རྣམས་བཞིར་གསུངས་ཏེ། དེ་ལ་བདག་གི་ལུས་རྙེད་པ་རྣམས་དང་བྲལ་བར་མི་འདོད་པ་ནི་སྲེད་པའོ།། བདག་གི་ལུས་མ་རྙེད་པ་རྣམས་དང་ཕྲད་ཅིང་ལྡན་པར ་འདོད་པ་ནི་ཡང་འབྱུང་བ་ཅན་ནོ།། གཟུགས་ལ་སོགས་པའི་ཡུལ་རྙེད་པ་རྣམས་དང་། རྟག་ཏུ་འགྲོགས་པར་འདོད་པ་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ།། གཟུགས་ལ་སོགས་པའི་ཡུལ་མ་རྙེད་པ་རྣམས་དང ་ཕྲད་པར་འདོད་པ་ནི་དེ་དང་དེར་མངོན་པར་དགའ་བ་ཞེས་བྱའོ།། བརྒལ་པ། མངོན་པའི་ཆོས་ལས་རྒྱུར་གྱུར་པའི་ཕུང་པོ་ལྔ་ལ་ཀུན་འབྱུང་གི་བདེན་པ་ཞེས་བཤད་པ་འམ། ལས་དང་ཉོན་མོངས་པ་ལ་ཀུན་འབྱུང་གི ་བདེན་པ་ཞེས་བཤད་དེ། དེར་ཡང་ཅི་མངོན་ཞེ་ན། མདོ་ལས་སྡུག་བསྔལ་དང་ཀུན་འབྱུང་དང་། འཇིག་རྟེན་དང་། ལྟ་བའི་གནས་དང་། སྲིད་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ་ཞེས་གསུངས་པའི་ཕྱིར་ཏེ། ་འདིའི་དོན་ཀྱང་འབྲས་བུར་གྱུར་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ།། རྒྱུར་གྱུར་པའི་ཕུང་པོ་ལྔ་ནི་ཀུན་འབྱུང་ངོ་།། ཕུང་པོ་ལྔ་ནི་འཇིག་པའི་རང་བཞིན་ཡིན་པས་འཇིག་རྟེན་ནོ།། སེམས་ཅན་རྣམས་ཕུང་པོ་ལྔ་ལ་བདག ་ཏུ་ལྟ་བས་ན་ལྟ་བའི་གནསོ།། ཚེ་གཅིག་ནས་གཅིག་ཏུ་འཕོ་ཞིང་སྐྱེ་བར་བྱེད་པས་ན་སྲིད་པའོ།། ཡང་གསུངས་པ་ལས་དང་སྲེད་པ་ནི་མ་རིག་པ། འདུ་བྱེད་མ་འོངས་པའི་རྒྱུ་ཞེས་བཤད་པ་ལ་མདོ་འདི་ལས་སྲིད་པ་ཉི་ཚེ་ལ་ཀུན་འབྱུང ་དུ་བཤད་པས། མདོ་གཞན་དང་འགལ་ལོ།། ཡང་མདོ་དེ་ཉིད་ལས་བཤད་པ། དགེ་སློང་དག་ས་བོན་གྱི་རིག་ལྔ་པོ་འདི་དག་མ་གྲུབས་པ་དང་། མ་ཞིགས་པ་དང་། མ་རུལ་བ་དང་། རླུང་ལ་སོགས་པས་ཉམས་པར་མ་གྱུར ་པ་དང་། ལེགས་པར་བཏབ་བྱ་ཡང་ཡིན་ལ། སཱའི་ཁམས་ཀྱང་ཡོད་པ་དེ་བཞིན་དུ། ཆུ་དང་མེ་དང་རླུང་གི་ཁམས་ཀྱང་ཡོད་ན། དེ་ལྟ་ན་ནི་ས་བོན་དེ་དག་འཕེལ་བ་དང་རབ་ཏུ་འཕེལ་བ་དང་། རྒྱ་ཆེན་པོར་འགྱུར་རོ།། དེ་དང ་འདྲ་བར་དགེ་སློང་དག་དོན་འདི་ཁྱོད་དུ་ཆུད་པར་བྱ་བའི་ཕྱིར་འདི་ནི་དཔེར་བཞག་པ་སྟེ། ས་བོན་གྱི་རིགས་ལྔ་ཞེས་བྱ་བ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བའི་ཚིག་བླ་དྭགས་སོ།། སའི་ཁམས་ཞེས་བྱ་བ་ལ་སོགས་པའི ་རྣམ་པར་ཤེས་པའི་གནས་བཞིའི་ཚིག་བླ་དགས་ཏེ། རྣམ་པར་ཤེས་པའི་གནས་བཞིའི་གཟུགས་ཡང་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང་། ཚོར་བར་ཉེ་བར་སོང་བའི་རྣམ་པར་ཤེས་པ་དང་། འདུ་ཤེས་སུ་ཉེ་བར་སོང ་བའི་རྣམ་པར་ཤེས་པ་དང་། འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པའོ།། དེ་ལ་འདོད་པའི་ཁམས་ནི་རྣམ་པར་ཤེས་པ་གཟུགས་ལ་བརྟན་ནས་གཟུགས་སུ་ཉེ་བར་སོང་བའི་རྣམ་པར་ཤེས་པ ་ཞེས་བྱའོ།། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ནི་རྣམ་པར་ཤེས་པ་བདེ་བའི་ཚོར་བ་ལ་བརྟེན་པས་ན། ཚོར་བ་ཉེ་བར་སོང་བའི་རྣམ་པར་ཤེས་པ་ཞེས་བྱའོ།། གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ནི་རྣམ་པར་ཤེས་པ་ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པ་དམིགས་པའི་འདུ་ཤེས་ལ་བརྟེན་པས་ནང་དུ་ཤེས་སུ་ཉེ་བར་སྤོང་བའི་རྣམ་པར་ཤེས་པ ་ཞེས་བྱའོ།། སྲིད་པའི་རྩེ་མོའི་འདུ་ཤེས་མེད་འདུ་ཤེས་མོད་མིན་སྐྱེ་མཆེད་ན་ནི། རྣམ་པར་ཤེས་པ་འདུ་བྱེད་སེམས་དང་ལྡན་པ་དང་། སེམས་དང་ལྡན་མི་ལྡན་པ་ལ་བརྟན་པས་ན། འདུ་བྱེད་དུ་ཉེ་བར་སོང་བའི་རྣམ་པར་ཤེས་པ ་ཞེས་བྱའོ།། ས་བོན་གྱི་རིགས་ལྔ་དང་། ས་བོན་གྱི་ས་བོན་དང་། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། མགོ་ཐོགས་ཀྱི་ས་བོནྡ་དང་། ས་བོན་ནོ།། ལན་དུ་སྨྲས་པ་དང་། མདོ་འདི་ལས་ཀུན་འབྱུང་གི་སྲེད་པ་འབའ་ཞིག་ལ ་ཀུན་འབྱུང་གི་བདེན་པར་བཤད་པ་ནི། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོའི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། རྒྱུའི་གཙོ་བོ་ནི་སྲེད་པ་ཡིན་ནོ།། ཇི་ལྟར་གཙོ་བོ་ཡིན་ཞེ་ན། སྲེད་པ་འདི་གནས ་ཐམས་ཅད་དུ་ཁྱབ་པ་དང་། དུས་ཐམས་ཅད་དུ་ཁྱབ་པ་དང་། ཁམས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ།། གནས་ཐམས་ཅད་ལ་ཁྱབ་པ་ནི། རྟག་ཏུ་ཚོར་བ་རྣམ་གསུམ་གྱི་རྗེས་སུ་འབྲང་བ་སྟེ། ཇི་ལྟ་ཞེ་ན་སྡུག་བསྔལ་གྱི་ཚོར་བ ་དང་ཕྲད་པའི་དུས་ན་ནི། དེ་དང་འབྲུལ་བར་འདོད་པའི་སྲེད་པ་སྐྱེ་ཞིང་མ་ཕྲད་པའི་དུས་ན་ནི་ཡང་མི་ཕྲད་པར་འདོད་པའི་སྲེད་པ་སྐྱེ་བོ་དང་། བདེ་བའི་ཚོར་བ་དང་། ཕྲད་པའི་དུས་ན་ནི་ཡང་དེ་དང་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ ་བ་དང་། དེ་དང་བྲལ་བའི་དུས་ན་ནི་ཡང་ཕྲད་པར་འདོད་པའི་སྲེད་པ་སྐྱེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་དུས་ན་ནི། ཀུན་ཏུ་གཏི་མུག་སྐྱེ་བའི་ཕྱིར་རོ།། དུས་ཐམས་ཅད་ལ་ཁྱབ་པའི་སྲེད། ་པ་ནི། དུས་གསུམ་གྱི་རྗེས་སུ་འབྲལ་བར་བྱེད་པའི་ཕྱིར་ཏེ། འདས་པའི་དུས་ཀྱི་ལུས་དང་ལོངས་སྤྱོད་རྣམས་ནི་སྲིད་པར་འདོད་པའི་སྲེད་པ་སྐྱེ་བ་དང་། མྱ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ནི་མངོན་པར་སྨོན་པའི་སྲེད་པ་སྐྱེ ་བཱ་དང་། ད་ལྟར་གྱི་ལུས་དང་ལོངས་སྤྱོད་དང་ནི་རྟག་ཏུ་འགྲོགས་པར་སྲེད་པ་སྐྱེ་བའི་ཕྱིར་རོ།། ཁམས་ཐམས་ཅད་དུ་ཁྱབ་པ་ནི་ཁམས་གསུམ་གྱི་དངོས་པོ་ལ་ཞེན་པར་བྱེད་པའི་ཕྱིར་ཏེ། འདོད་པའི་ཁམས་ན་ནི་སྲེད་པའི་དབང ་གི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པར་བྱེད་པ་དང་། གཟུགས་ཀྱི་ཁམས་ན་ནི་སྲིང་བའི་དབང་གིས་བསམ་གཏན་གྱིས་རོ་ལ་ཆགས་པར་བྱེད་པ་དང་། གཟུགས་མེད་པའི་ཁམས་ན་ནི་སྲེད་པའི་དབང་གིས་གཟུགས ་མེད་པའི་སྙོམས་པར་འཇུག་པ་ལ་ཆགས་པར་བྱེད་པའི་ཕྱིར་རོ།། ། འགོག་པའི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་གྲོལ་ཞིང་དེ་དང་མི་ལྡན་པར་གྱུར་པ་ནི་སྡུག་བསྔལ་འགོག་པ་སྟེ། དེ་ལྟར་ཁོང་དུ་ཆུད་པ་འཕགས་པར་འགྱུར་བ་འམ། འཕགས་པ་རྣམས་ཀྱིས ་དེ་ལྟར་ཐུགས་སུ་ཆུད་པའི་ཕྱིར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ལ་ནི་སྡུག་བསྔལ་ཐམས་ཅད་སྤངས་པ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་སྡུག་བསྔལ ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ།། འགོག་པ་དེ་ཡང་རྣམ་པ་གཉིས་ཏེ། སོ་སོར་མ་བརྟགས་ཏེ་འགོག་པ་དང་། སོ་སོར་བརྟགས་ཏེ་འགོག་པའོ།། དེ་ལོ་སོ་སོར་མ་བརྟགས་ཏེ་འགོག་པ་ནི་རྡོ་གནམ་དུ ་འཕངས་པ་ཐུར་དུ་ལྟ་བ་དང་འདྲ་བར་སྐྲོད་ཅིག་མ་རེ་རེ་ལ་སྐྱེ་ཞིང་གང་གིས་ཀྱང་མྱ་བཅོམ་པར་རང་གིས་འཇིག་པའོ།། སོ་སོར་བརྟགས་ཏེ་འགོག་པ་ནི་འཕགས་པའི་བདེན་པ་རྟོགས་པའི་ཤེས་རབ་ཀྱི་མེ་ས་ཉོན་མོངས་པའི ་ཤིང་བསྲེག་ནས། ཁམས་གསུམ་དུ་མི་སྐྱེ་བར་གྱུར་པ་སྟེ། འདིར་ནི་སོ་སོར་བརྟགས་ཏེ་འགོག་པ་ལ་བྱ་བར་དགོངས་པའོ།། འགོག་པའི་བདེན་པ་ཡང་དོན་བཅུ་གཅིག་གིས་བསྟན་ཏེ། མཚན་ཉིད་དང་ཟབ་པ་དང་། ་ཟླ་སྙད་དང་། དོན་དམ་པ་དང་། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་རྫོགས་པ་དང་། རྒྱན་མེད་པ་དང་། རྒྱན་དང་བཅས་པ་དང་། ལྷག་མ་ཡོད་པ་དང་། ལྷག་མ་མེད་པ་དང་། རྣམ་གྲངས་སོ།། ཇི་ལྟར་མཚན་ཉིད ་ཀྱིས་ཤེ་ན། དེ་བཞིན་ཉིད་དང་། ལུས་དང་ཉོན་མོངས་པ་མི་སྐྱེ་བ་ནི་འགོགས་པའི་མཚན་ཉིད་དེ། དེ་བཞིན་ཉིད་ནི་གང་ཟག་ལ་བདག་མེད་པའོ།། ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ།། ཉོན་མོངས་པ་མི་སྐྱེ ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྷན་ཅིག་སྤངས་ནས་ཕྱིས་མི་འབྱུང་བ་སྟེ། དེས་གང་དུ་འགགས་པ་དང་། གང་གིས་འགགས་པ་དང་། གང་འགགས་པ་ནི་འགོག་པའི་མཚན་ཉིད་ཡིན་པར་བཤད ་དོ།། དེ་ལ་གང་དུ་འགགས་པ་ནི་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པར་མྱ་ངན་ལས་འདས་པའི་གནས་སུ་འགོག་གོ།། གང་གིས་འགགས་པ་ནི་ལམ་གྱི་བདེན་པས་འགགས་སོ།། གང་འགགས་པ་ནི་ཉོན ་མོངས་པའི་ཚོགས་འགགས་སོ།། དེ་བས་ན་འགོག་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་མིག་དང་རྣ་བ་དེ་བཞིན་སྣ།། ལྕེ་དང་ལུས་ཡིད་དེ་བཞིན་དེ། གང་དུ་མིང་དང་གཟུགས་ལ་སྩོགས།། མ་ལུས ་པར་ནི་འགག་གྱུར་པའོ།། ཞེས་གསུངས་སོ།། ཇི་ལྟར་ཟབ་པ་ཡིན་ཞེ་ན། འདུ་བྱེད་དེ་དག་འགགས་པ་ལས་འགོག་པ་དེ་གཞན་ཞེས་ཀྱང་བརྗོད་དུ་མི་རུང་། གཞན་མ་ཡིན་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་རོ།། ་ཇི་ལྟ་ཞེ་ན། གལ་ཏེ་འདུ་བྱེད་རྣམས་ལས་འགོག་པ་གཞན་དུ་གྱུར་ན་ནི། འདུ་བྱེད་འགགས་པའི་ཆོས་འགོག་པ་མ་ཡིན་པར་འགྱུར་རོ།། གལ་ཏེ་འདུ་བྱེད་རྣམས་ལས་འགོག་པ་གཞན་མ་ཡིན ་ན་ཡང་། འགོག་པ་དེ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེ་བས་ན་གཉིས་མ་ཡིན་ནོ་ཞེས་བརྗོད་དོ།། ཇི་ལྟར་ཐ་སྙད་ཀྱིས་ཤེ་ན། གང་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་བཀག་པ་རྣམས་ཐང་ཅིག་འགག ་ཀྱང་ཕྱིས་སྐྱེ་བས་ན། དེ་ནི་ཐ་སྙད་ཀྱི་འགོག་པ་ཞེས་བྱའོ།། ཇི་ལྟར་དོན་དམ་པར་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྩ་བ་ནས་བཅོམ་སྟེ། གང་ལན་ཅིག་བཅོམ་པ་དེ་ཕྱི་ས་མི་སྐྱེ་བས་ན་དོན་དམ ་པའི་འགོགྲོ་བ་ཞེས་བྱའོ།། ཇི་ལྟར་ཡོངས་སུ་མ་རྫོགས་པ་ཞེ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ། གང་ཟག་སློབ ་པ་རྣམས་ཀྱིས་ཉོན་མོངས་པ་སྤངས་པ་ན། ཉོན་མོངས་པ་མ་ལུས་པར་སྤངས་པ་ཡིན་པས། ཡོངས་སུ་མ་རྫོགས་པའི་འགོག་པ་ཞེས་བྱའོ།། ཇི་ལྟར་ཡོངས་སུ་རྫོགས་པ་ཡིན་ཞེ་ན། མི་སློབ་པའི་གང་ཟག ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་རྣམས་ཀྱིས་ཏེ། དེས་ཉོན་མོངས་པ་ཐམས་ཅད་སྤངས་པས་ན། ཡོངས་སུ་རྫོགས་པའི་འགོག་པ་ཞེས་བྱའོ།། ཇི་ལྟར་ན་རྒྱན་མེད་པ་ཡིན་ཞེ་ན། ཤེས་རབ་རྣམ་པར་གྲོལ་བའི ་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་ནི། མངོན་པར་ཤེས་པ་དྲུག་གི་ཁྱད་པར་བྱེ་བྲག་མེད་པས། རྒྱན་མེད་པའི་འགོག་པའོ།། ཇི་ལྟར་རྒྱན་དང་བཅས་པ་ཡིན་ཞེ་ན། བསམ་གཏན་དང་ཤེས་རབ་ཀྱི་བག་ཆུ་གཉི་ག་ལས ་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་སྟེ། དེ་དག་རིགསོ་བ་གསུམ་དང་། མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན། རྒྱན་དང་བཅས་པའི་འགོག་པ་ཞེས་བྱའོ།། ཇི་ལྟར་ལྷག ་མ་དང་བཅས་པ་ཞེ་ན། ཕུང་པོའི་ལྷག་མ་མ་སྤངས་པའི་མྱ་ངན་ལས་འདས་པ་སྟེ། ཕུང་པོའི་ལྷག་མ་མེད་པ་གང་ཞེ་ན། ད་དུང་མེད་པའི་ཕྱིར་རོ།། ཇི་ལྟར་ལྷག་མ་མེད་པ་ཞེ་ན། ཕུང་པོ་ལྷག་མྱ་མ་ལུས་པར ་མྱ་ངན་ལས་འདས་པ་སྟེ། ཕུང་པོ་ཙམ་ཡང་སྤངས་པའི་ཕྱིར་རོ།། ཇི་ལྟར་རྣམ་གྲངས་ཀྱིས་ཤེ་ན། དེའི་ཕྱིར་མདོ་ལས་གང་དེའི་ཡང་འབྱུང་བ་ཅན་གྱི་སྲེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་དེའི ་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་འཕགསོ་བ་དགྲ་བཅོམ་པ་དེའི་སྟེ། དེའི་ཡང་འབྱུང་བ་ཅནྡོ་གྱི་སྲང་བ་ལ་སོགས་པ་མཱ་ལུས་པར་སྤངས་པ་དེ་ནི། འགོག་པའི་བདེན་པ་ཡིན་ནོ་ཞེས་བྱ་བར ་སྦྱར།། སྨྲས་པ། མ་ལུས་པར་སྤངས་པ་ལ་སོགས་པའི་ཚིག་འདི་དག་ལ་ཁྱད་པར་ཅི་ཡོད། སྨྲས་པ། འདི་ནི་མྱ་ངན་ལས་འདས་པའི་མིང་གི་རྣམ་གྲངས་ཡིན་ཏེ། ཁྱད་པར་མེད་ཀྱང་འདུལ་བའི་སྣོད་ཀྱི་དབང ་གིས་མིང་དེ་དང་དེ་དག་ཏུ་བཏགསོ།། མ་ལུས་པར་སྤངས་པ་ནི། འཕགས་པའི་ལམ་གྱིས་སྲེད་པ་སྤངས་ནས་དེ་དང་བྲལ་བ་ཐོབ་པ་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་། གང་འཕགས ་པའི་ལམ་གྱིས་སྤངས་པ་ནི། ཡང་དག་པར་སྤངས་པ་ཡིན་ནོ།། ཞེས་གསུངས་པ་ལྟ་བུའོ།། འཇིག་རྟེན་པའི་ལམ་གྱིས་སྤངས་པ་ནི། བྲལ་བའི་རྙེད་པ་ཐོབ་པ་མེད་པས་ན། ཕྱིས་སྐྱེ་བའི་ཕྱིར་མ་ལུས་པ་སྦྱངས་པ་ཡིན།། ་སོ་སོར་སྤངས་པ་ནི་ཉོན་མོངས་པའི་ཐམས་ཅད་མེད་པར་བྱས་པ་སྟེ།། ཉོན་མོངས་པའི་བག་ལ་ཉལ་སྤངས་ཞེས་བྱ་བའི་དོན་ཏོ།། འཇིག་པར་གྱུར་པ་ནི་ཉོན་མོངས་པའི་ཐོབ་པ་སྤངས་པས། འཁོར་བ་མཐར ་ཕྱིན་པ་སྟེ། འཁོར་བའི་ཆོས་དང་མི་ལྡན་པར་གྱུར་པའོ།། ཟད་པ་ནི་འདོད་ཆགས་ལ་མ་གཏོགས་པའི་ཉོན་མོངས་པ། ཁོང་ཁྲོ་བ་དང་ང་རྒྱལ་དང་། མ་རིགས་པ་ལ་སོགས་པ་སྤངས་པའོ།། འདྲོང་ཆགས ་དོང་བྲལ་བ་ནི་འདོད་ཆགས་མ་ལུས་པར་སྤངས་པ་སྟེ། མེད་པར་བྱས་པའོ།། འགོག་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟག་པ་དང་བཅས་པའི་མཚན་ཉིད་སྤངས་ནས་མེད་པར་བྱས་པའོ།། ཉེ་བར་ཞི་བ་ནི་སྐྱེ་བ ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་པར་བྱས་པའོ།། ནུབ་པ་ནི་ཚེ་རབས་གཅིག་ནས་གཅིག་ཏུ་མཚམས་སྦྱོར་བའི་རྒྱུན་བཅད་པ་སྟེ། དེ་ལྟར་གྱུར་པ་དེ་སྡུག་བསྔལ་འགོག་པ་འཕགས ་པའི་བདེན་པ་ཞེས་བྱའོ།། ཡང་ན་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་སྤངས་པས། མ་ལུས་པར་སྤངས་པ་ཞེས་བྱའོ།། གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ ་ཐམས་ཅད་སྤངས་པས། སོ་སོར་སྤངས་པ་ཞེས་བྱའོ།། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་མ་ལུས་པར་སྤངས་པས་འཇིག་བར་གྱུར་པ་ཞེས་བྱའོ།། ཉོན་མོངས་པ་གང་སྤངས་པ་རྣམས་ཕྱིས ་སྐྱེ་བ་མེད་པས་ཟད་པ་ཞེས་བྱའོ།། སླར་ཡང་ཁམས་གསུམ་གྱི་དངོས་པོ་ལ་ཆགས་ཤིང་ཞེན་པ་མི་འབྱུང་བས། འདོད་ཆགས་དང་བྲལ་བ་ཞེས་བྱའོ།། ད་ལྟར་གྱི་ཉེ་བར་ལོན་པའི་ཕུང་པོ་རྣམས་ཀྱང་འདོར་བར་འགྱུར་བས ་འགོག་པ་ཞེས་བྱའོ།། ཉོ་བར་ལེན་པའི་ཕུང་པོ་རྣམས་བོར་བས་ཉེ་བར་ཞི་བ་ཞེས་བྱའོ།། མ་འོངས་པའི་ཕུང་པོ་སྐྱེ་བ་མེད་པས་ནུབ་པ་ཞེས་བྱའོ།། ཡང་ན་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་མདོ་ཙམ་དུ་བཞག་པ་སྟེ་སོ་སོར་སྤངས ་པ་ལ་སོགས་པོའི་ཚིགས་ལྷག་མ་དེའི་བཤད་པའོ།། སྲེད་པའི་བག་ལ་ཉལ་སྤོངས་པས་སོ་སོར་སྤངས་པ་འོ།། བག་ལ་ཉལ་སྤོངས་པའི་ཕྱིར་ཉོན་མོངས་པ་མངོན་དུ་འབྱུང་བ་ལ་སྤྱོད་པ་མེད་པས་འཇིག་པར་གྱུར ་པ་སྟེ། དེ་བས་ན་ཟད་པ་ཞེས་བྱའོ།། ཉོན་མོངས་པའི་དངོས་པོ་ཐམས་ཅད་ལ་སྐྱོན་དུ་ལྟ་བས། འདོད་ཆགས་དང་བྲལ་བའོ།། ཉོན་མོངས་པ་རྒྱུན་དུ་འབྱུང་བའི་རྒྱུན་ཆད་པས་འགོག་པའོ།། ཐར་པའི་མཚན་ཉིད་ཐོབ་པས་ཉེ ་བར་ཞི་བའོ།། བདག་ཏུ་འཛིན་པ་དང་བྲལ་བས་ནུབ་པའོ།། ཡང་ན་མ་ལུས་པར་སྤངས་པ་ནི་འདོར་བཞག་པ་སྟེ། ལྷག་མ་རྣམས་ཀྱང་དེའི་བཤད་པའོ།། ཇི་ལྟར་མ་ལུས་བྱར་སྤངས ་བ་ཡིན་ཞེ་ན། སོ་སོར་སྤངས་པ་ལ་སོགས་པའི་ཕྱིར་མ་ལུས་པར་སྤངས་པའོ།། ཉོན་མོངས་པ་ཀུན་ནས་དཀྲིས་པ་མངོན་དུ་སྤྱོད་པ་རྣམས་མི་འབྱུང་ཞིང་། བྱུང་བ་ཡང་སྤོང་བར་བྱེད་པས་ན། སོ་སོར་སྤངས་པའོ།། ་ཉོན་མོངས་པའི་བག་ལ་ཉལ་རྩ་ནས་ཕྱུང་སྟེ། ཅུང་ཟད་ཀྱང་མེད་པར་བྱས་པས་ན། འཇིག་པར་གྱུར་པའོ།། དེ་ཡང་མཐོང་བའི་ལམ་དང་བསྒོམ་པའི་ལམ་སྟེ། གཉེན་པོ་རྣམ་པ་གཉིས་ཀྱི་སྒོ་ནས་ཟད་པ་དང ་འདོད་ཆགས་དང་བྲལ་བ་ཞེས་རྣམ་པ་གཉིས་སུ་བཞག་གོ། མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི་ཟད་པ་ཞེས་བྱའོ།། བསྒོམ་པའི་ལམ་གྱིས་བསྒོམ་པར་བྱ་བའི་ཉོན་མོངས ་པ་རྣམས་སྤངས་ནས། ཁམས་གསུམ་གྱི་ཆགས་པ་ཐམས་ཅད་དང་བྲལ་བ་ནི། འདོད་ཆགས་དང་བྲལ་པོ་ཞེས་བྱའོ།། དེ་ལྟར་མཐོང་བ་དང་། བསྒོམ་པའི་ཉོན་མོངས་པ་སྤངས་པས། མ་འོངས་པ་ན་ཕུང ་པོ་ལྔ་སྐྱེ་བའི་རྒྱུན་མེད་པར་བྱས་པས་ན། འགོག་པ་ཞེས་བྱའོ།། མཐོང་བའི་ཆོས་ཉིད་ལ་ཡང་ཡིད་མི་བདེ་བ་ལ་སོགས་པ། སེམས་ལ་གནོད་པ་ཐམས་ཅད་མི་འབྱུང་བས་ཉེ་བར་ཞི་བ་ཞེས་བྱའོ།། ཚེ་རབས ་ལཱ་མའི་ཤུགས་ཀྱིས་འཕངས་པའི་ཕུང་པོ་སྡུག་བསྔལ་སྣ་ཚོགས་ཀྱི་བཞིར་གྱུར་པ་འདི་ཡང་མེད་པར་འགྱུར་བས་ནུབ་པ་ཞེས་བྱའོ།། ལམ་གྱི་བདེན་པ་བསྟན་པར་བྱ་བའི་ཕྱིར། སྡུག་བསྔལ་ལ་འགོག་པར་འགྲོ་བའི་ལམ ་གྱི་འཕགསྡེ་པའི་བདེན་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་གོང་དུ་བཤད་པའི་སྡུག་བསྔལ་བརྒྱད་རྣམས་འགག་པ་སྡུག་བསྔལ་འགོགས་པ་སྟེ། མྱ་ངན་ལས་འདས་པའོ།། དེ་ཐོབ་པར་བྱེད ་པ་འམ་དེར་ཕྱིན་པར་བྱེད་པའི་ལམ་ལ། སྡུག་བསྔལ་འགོག་པའི་ལམ་ཞེས་བྱ་སྟེ། དེ་ཡང་འོག་ནས་ཡང་དག་པའི་ལྟ་བ་ལ་སོགས་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཡིན་པར་བཤད་དོ།། ལམ་དོ ་དགེ་བའི་རང་བཞིན་ཡིན་པས་ན། འཕགས་པ་ཞེས་བྱ་བ་འམ། ལམ་དེ་ཉོན་མོངས་པའི་གཉེན་པོར་གྱུར་པས་ན་འཕགས་པ་ཞེས་བྱ་བ་འམ། འཕགས་པ་རྣམས་ཀྱི་བཤད་པའི་ལམ་ཡིན་པའི་ཕྱིར། འཕགས་པ ་ཞེས་བྱ་བ་འམ། ལམ་དེ་ལ་གནས་ན་འཕགས་པར་འགྱུར་བའི་ཕྱིར། འཕགས་པའི་ལམ་སྟེ། ལམ་དེས་ཉོན་མོངས་པ་སྤོངས་པ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི ་ཕྱིར། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་འཕགས་པའི་བདེན་པ་ཞེས་བྱའོ།། ལམ་གྱི་དོན་ནི་ཚོལ་བ་ལ་ཡང་བྱ་སྟེ། ལམ་འོངས་རྣལ་འབྱོར་པ་རྣམས། མྱ་ངན་ལས་འདས་པ་དང་། དགེ་སྦྱོང་གི ་འབྲས་བུ་ཚོལ་བའི་ཕྱིར་ལམ་ཞེས་བྱའོ།། ཡང་ན་ལམ་གྱི་དོན་ནི་འགྲོ་བའི་དོན་ལ་བྱ་སྟེ། དཔེར་ན་འཇིག་རྟེན་ན་ལམ་འདིས་མཐོ་རིས་ཀྱི་གྲོང་ཁྱེར་དུ་འགྲོའོ་ཞེས་བྱ་བ་བཞིན་དུ། འཕགས་པའི་ལམ་གྱི་ཡན ་ལག་བརྒྱད་འདིས་ཀྱང་མྱ་ངན་འདས་པའི་གྲོང་ཁྱེར་དུ་ཕྱིན་ཅིང་འགྲོ་བར་བྱེད་པས་ན་ལམ་ཞེས་བྱའོ།། དེ་དངོས་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལྟ་བ་ལ་སོགསོ་པ་འཕགས་པའི་ལམ་གྱི་ཡན་ལག་འདི་ཉིད ་དེ་ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་ལྟ་པོ་ནི། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་གཉིས་ལས། འདིར་འཕགས་པ་ཞེས་བྱ་བའི་ཚིག་སྨོས་པ་ན། ཟག་པ་མེད་པ ་ལ་བྱ་བའི་ཕྱིར། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ལ་ནི་མི་བྱའི། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་བྱ་སྟེ། སོགས་པའི་སྒྲས་ནི། ཡང་དག་པའི་རྟོག་པ་དང་། ངག་ལ་སོགས་པ་ཡང་བསྡུའོ།། ཡན་ལག ་ཅེས་བྱ་བ་ནི་ཆ་ལ་བྱ་བ་འམ་གྲོགས་སུ་གྱུར་པ་ལ་བྱ་སྟེ། ཆོ་བརྒྱད་དམ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་དང་། གྲོགས་བརྒྱད་ཅེས་བྱ་བའི་དོན་ཏོ།། འདི་ཉིད་དེ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱང ་འོག་ནས་སྙེག་སོ།། བརྒལ་བ་འགོག་པའི་བདེན་པ་བསྟན་པའི་སྐབསུ། སྲེད་པ་མ་ལུས་པར་བཀག་པ། འགོག་པ་ཡིན་པར་བཤད་ལ། འདིར་ལམ་གྱི་བདེན་པ་བསྟན་པའི་སྐབ་སུ། སྡུག་བསྔལ་འགོག་པའི་བདེན་པ ་ཡིན་པར་བཤད་པས། སྔ་ཕྱི་འགལ་ལོ་ཞེས་ཟེར་བའི་ལན་དུ་སྨྲས་པ། འདི་ལྟར་མེ་བསད་ན་དུ་བ་མི་འབྱུང་བ་བཞིན་དུ། སྲང་བའི་མཚན་ཉིད་ཀྱི་རྒྱུ་བཀག་ན། འབྲས་བུའི་མཚན་ཉིད་ཀྱི་སྡུག་བསྔལ་ཡང་འགག་པར་འགྱུར་བས། ་མྱ་ངན་ལས་འདས་པའི་ཚེ། སྡུག་བསྔལ་ཡང་མེད་པར་འགྱུར་བའི་ཕྱིར། སྡུག་བསྔལ་འགོག་པ་ཞེས་བྱ་བ་བཤད་པ་དེ་ཉེས་པ་མང་ངོ་།། བརྒལ་བ། ཡན་ལག་གི་གཙོ་བོ་ཡོད་ན། འདོད་ཡན་ལག་ཅེས་བརྗོད་པར་བྱ་སྟེ། ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ། ཡན་ལག་གི་གཙོ་བོ་གང་ཡིན་ན། འདི་དག་ལ་ཡན་ལག་ཅེས་བརྗོད། སྨྲས་པ། ཡང་དག་པའི་ལྟ་བ་ནི། ལམ་གྱི་ཡན་ལག་གི་གཙོ་ཡང་ཡིན་ལ། ཡན་ལག་ཀྱང་ཡིན་པས ་ན། ཡན་ལག་གི་གཙོ་བོ་དང་། ཡན་ལག་རྣམ་པ་གཉིས་སུ་བཞག་གོ། ཡང་དག་པའི་རྟོག་པ་ལ་སོགས་པ་ལྷག་མ་བདུན་ནི། དེའི་གྲོགསུ་གྱུར་པས། ཡན་ལག་འབའ་ཞིག་ཏུ་རྣམ་པར་བཞག་གོ།། འཕགས་པའི་ལམ་གྱི ་ཡན་ལག་བརྒྱད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། དཔེ་སྨྲས་པ། འདི་ལྟར་སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པའོ།། སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བས་ནི། སྐྱེས་བུ་གང་ཡང་རུང་བ་འབའ་ཞིག་གོ། རིམས་ཀྱིས་བཏབ་ནས ་ཞེས་བྱ་བ་ནི། ཚ་བའི་ནད་ཀྱིས་བཏོབ་པའོ།། སྨན་པ་མཁས་པར་བསྔགས་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག་ལག་ཀུན་ལ་མཁས་པར་འཇིག་རྟེན་དུ་གྲགས་པའོ།། བློ་དང་ལྡན་པ་ཞེས་བྱ་བ་ནི། སྨན་དཔྱད་ཀྱི་གཙུག ་ལག་གི་མན་ངག་ཡོང་བའོ།། ལས་མཐོང་བ་ཞེས་བྱ་བ་ནི། སྟོན་ཆད་སྨན་བྱས་པ་རྣམས་པན་པར་གྱུར་སྨན་ཕན་ཚུན་སྦྱོར་བ་ལ་ཡང་མཁས་ཤིང་སྨན་སྦྱོར་བ་དང་གཏོང་བའི་ལས་ཀྱང་ཕལ་ཆེར ་བྱས་པའོ།། གཙུག་ལག་ཐོས་པ་ནི་སྨན་དཔྱད་དུ་བྱ་བའི་གཙུག་ལག་ཀུན་མ་ལུས་པར་ཐོས་པའོ།། དྲུང་དུ་སོང་བ་ནི་དེའི་ཐད་དུ་སོང་བའོ།། ནད་པ་དེ་ལ་སྨན་པས་ནད་ཀྱི་གཞི་བརྟག་པར་བྱ་བའི་ཕྱིར། སྨན་པ་དེས་ཀྱང་དེ ་ལོ་ཐོག་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ནད་པས་ཀྱང་སྨན་པ་ལ་ནད་གཞི་སྨྲས་པ་བདག་གིས་ཞོ་དང་ག་གོན་ཟོས་ཞེས་བྱ་བ་ལ་སོགས་པའོ།། སྨན་པས་ནད་ཀྱི་གཞི་གླེངས་ནས། སྨན་བསྟན་པར་སྨྲས་པ་སྨན་པ ་དེས་དམིགས་ཀྱིས་ཕྱེ་སྟེ་སྨན་སྟོན་ཏོ།། ཞེས་གསུངས་པའོ།། དམིགས་ཀྱིས་ཕྱེ་སྟེ། སྨན་སྟོན་ཅེས་བྱ་བ་ནི། ཁྱོད་ཀྱིས་ཞོ་འཐུང་སྟེ། ག་གོན་ཟོས་ལ། སྐོམ་དུ་དར་བ་འཐུངས་པས། བད་ཀན་རྒྱས་པའི་ཕྱིར་ཚ་བར ་གྱུར་པ་ཡིན་ཏེ། དེ་བོས་ནཱ་བད་ཀན་རྒྱུས་པ་ཞི་བར་བྱ་དགོས་པའི་ཕྱིར། དི་རིང་ཟན་མ་ཟ་ཅིག་ཅེས་བསྒོ་ནས། དེའི་འོག་ཏུ་བསིལ་བའི་སྨན་སྟོན་པར་བྱེད་པའོ།། དཔེ་སྨྲས་ནས་དོན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན ་དུ་བདེན་པ་ལ་སོགས་པའི་རིམས་ཆེན་པོས་གདུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞི་ཁོང་དུ་མ་ཆུང་བར་བྱ་བར་འདོད་པ་ཉིད ་བདེན་པ་ལ་སོགས་པའི་རིམས་ཆེན་པོས་གདུང་བ་ཞེས་བྱའོ།། དགེ་བ་རྣམས་ཞེས་བྱ་བ་ནི། གང་ཟག་བདེན་པ་བཞི་རྟོགས་པར་འདོད་པ་དེ་དག་ཚེ་རབས་གཞན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚུལ་ཁྲིམས་དང་། ཉན ་བ་ལ་སོགས་པའི་བསོད་ནམས་བསགས་པ་དང་། ཚེ་འདིར་ཡང་འདོད་ཆགས་ལ་སོགས་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར། འཕགས་པའི་བདེན་པ་འདྲི་བར་བྱེད་པའི་ན་དགེ་བའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། ་འཕགས་པའི་བདེན་པ་བཞི་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས། དེ་བཞིན་གཤེགས་པ་འམ། སྔོན་གྱི་དེ་བཞིན་གཤེགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ ་གཤེགས་པ་བཞིན་དུ། དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་། ཉོན་མོངས་པ་ཐམས་ཅད་སྤངས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ།། སེམས་ཅན་གྱི་སྨན ་པ་ཆེན་པོ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པ། སེམས་དང་སེམས་ལས་བྱུང་བ་དང་བཅས་པ་རྣམས་ལ། སེམས་ཅན་ཞེས་བྱ་སྟེ། སེམས་ཅན་དེ་དག་ལ། འདོད་ཆགས ་དང་། ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར། མི་གཙང་བ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་བཅུ་རྩ་བདུན་གྱིས་སྨན་འཆད་པར ་མཛད་པས་ན། སྨན་པ་ཆེན་པོའོ།། ཅིའི་ཕྱིར་སེམས་ཅན་ལ། ཉོན་མོངས་པའི་སྨན་གཏོང་ཞེ་ན། དེའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས། ཐུགས་རྗེ་ཆེན་པོ་དང ་ལྡན་པའི་ཕྱིར། དེ་བས་ན་ཉོན་མོངས་པའི་སྨན་གཏོང་ངོ་ཞེས་བྱ་བར་སྦྱར་རོ།། སྙིང་རྗེ་དང་སྙིང་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད། སྨྲས་པ། རྣམ་པ་བདུན་གྱིས་སྙིང་རྗེས་ལས་སྙིང་རྗེ་ཆེན་པོ་ཁྱད་ཞུགས་ཏེ། རྣམ་པ ་བདུན་ནི་རང་བཞིན་དང་། རྣམ་པ་དང་། དམྱིགས་པ་དང་། སོ་དང་། རྒྱུ་དང་། འདོད་ཆགས་དང་བྲལ་བ་ཐོབ་པ་དང་། སྐྱོབ་པ་དང་། མི་སྐྱོབ་པར་བྱེད་པའོ།། དེ་ལ་རང་བཞིན་ནི་སེམས་ཅན་ཐམས་ཅད་ལྔ་ཞེ་མི་སྡང་བ ་དང་། གཏི་མུག་པའི་རང་བཞིན་ཡིན་པའི་ཕྱིར་རོ།། རྣམ་པ་ནི་སྡུག་བསྔལ་གཅིག་དང་གཉིས་དང་གསུམ་དང་། སྡུག་བསྔལ་བརྒྱ་སྟོང་གྲངས་མེད་པ་རྣམས་ལ་རྩེ་བའི་རྣམ་པ་ཡིན་པའི་ཕྱིར་རོ།། དམིགས་པ་ནི་ཁམས ་གཅིག་དང་།། གཉིས་དང་། གསུམ་ནསྣ་འཇིག་རྟེན་གྱི་ཁྱམས་ཐམས་ཅད་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ།། ས་ནི་སྙིང་རྗེ་ཆེན་པོ་དེ་བསམ་གཏན་བཞི་པའི་སར་གཏོགས་པའི་ཕྱིར་རོ།། རྒྱུད་ནི་སྙིང་རྗེ་ཉན་ཐོས ་དང་། རང་སངས་རྒྱས་ཀྱི་རྒྱུད་ལ་གནས་ཀྱི་སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རྒྱུད་ལ་གནས་པའི་ཕྱིར་རོ།། འདོད་ཆགས་དང་བྲལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེས། འདོད་པའི་ཁམས་ཀྱི་འདོད་ཆགས ་དང་བྲལ་ཟད་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ནི། ཁམས་གསུམ་གྱི་འདོད་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། སྐྱོབ་པ་དང་མི་སྐྱོབ་པ་ནི། ཉན་ཐོས་ཀྱི་སྙིང་རྗེས་སེམས་ཅན་འགའ་ཙམ་སྐྱོབ ་པར་ཟད་ཀྱི། སེམས་ཅན་མ་ལུས་པ་ལ་མི་སྐྱོ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ནི། སེམས་ཅན་མ་ལུས་པོ་སྐྱོབ་པར་མཛད་པའི་ཕྱིར་རོ།། སྡུག་བསྔལ་གྱི་རིམ་པ་སྤངས་པའི་ཆོས་འདྲི་སྟེ་ཞེས་བྱ་བ ་ལ། སྡུག་བསྔལ་བརྒྱད་པོ་ཉིད། ལུས་དང་སེམས་ལ་གནོད་པར་བྱེད་པས། རིམས་དང་འདྲ་བའི་ཕྱིར། སྡུག་བསྔལ་གྱི་རིམས་ཏེ། དེ་སྤང་བར་བྱ་བའི་ཕྱིར། འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཆོས་འདྲ་བའོ།། ་དེ་རྣམས་ལ་བཞི་ཀུན་འབྱུང་བ་གསུངས་པར་བསྟན་ནས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རིམས་སྤང་བར་འདོད་པའི་ཕྱིར། ཆོས་འདྲི་བའི་གང་ཟག་དགེ་བ་དེ་དག་ལ། སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ། ལས་དང་ཉོན་མོངས་པའི ་མཚན་ཉིད། ཀུན་འབྱུང་གི་བདེན་པ་ཡིན་པར་གང་མདོ་སྡེ་གཞན་ལས་གསུངས་པའི་ལས་དང་ཉོན་མོངས་པ་ཉིད་གང་ཡིན་པ་དམིགས་ཀྱི་ཕྱེ་ནས་བསྟན་པའོ།། དེའི་སྨན་གང་ཡིན་ཞེ་ན། དེའི་ཕྱིར་འཕགས་པའི་ལམ་ཡན་ལག ་བརྒྱད་ཀྱི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཉིད་ལས་ཉོན་མོངས་པ་སྤོང་བར་བྱེད་པའི་སྨན་ནོ།། ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པས་ན། ཞི་བར་བྱེད་པའོ།། སྡུག་བསྔལ་གྱི ་ཕུང་པོ་སྤོང་བར་བྱེད་པས་ན། མྱ་ངན་ལས་འདས་པའོ།། ཞི་བའི་མཆོག་རྙེད་དོ་ཞེས་བྱ་བ་ནི་ཕས་དང་ཉོན་མོངས་པ་ཐད་སྤངས་པ། སྐྱེ་བ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་ཀུན་དང་བྲལ་བ། འཇིགས ་རྟེན་གྱི་བདེ་བ་ཐམས་ཅད་ལ་དམ་པར་གྱུར་པ། ཐོབ་པའི་ཕྱིར་ཞི་བའི་མཆོག་རྙེད་པ་ཞེས་བྱའོ།། འཕགས་པའི་བདེན་པ་བཞི་གོང་དུ་བཤད་པ་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་འདི་ནི་འཕགས་པའི་བདེན་པ་བཞི ་ཞེས་བྱའོ་ཞེས་གསུངས་སོ།། །། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དོ་ཞེས་གྲངས་ཙམ་སྨོས་པ་དེ་དག་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ ་གསུངས་སོ།། ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཁོ་ནར་བཤད་ལ། དགུ་དང་བདུན་ལ་སོགས་མ་ཡིན་ཞེ་ན། ལན་དུ་ཕུང་པོ་གསུམ་དུ་འགྱུར་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཉིད་དེ་མི་མང་མི་ཉུང་།། ་དེ་ལ་ཕུང་པོ་གསུམ་ནི།། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོའོ།། དེ་ལ་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་གསུམ་ནི། ཚུལ་ཁྲིམས ་ཀྱི་རང་བཞིན་ཡིན་པས་ཚུལ་ཁྲིམས་ཀྱི་ཕུང་པོར་བསྡུའོ།། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོར་བསྡུས་ཏེ། དྲན་པ་དངོས་སུ་ཏིང་ངེ་འཛིན་གྱི་ངོ་བོ་མ་ཡིན་ཡང་། དྲན་པ་གཡེང ་པ་རྣམས་ལ། སེམས་རྩེ་གཅིག་ཏུ་གནས་པ་མེད་པས། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་སོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ ་གསུམ་ནི། ཤེས་རབ་ཀྱི་ཕུང་པོར་བསྡུ་སྟེ། ཡང་དག་པའི་རྟོག་པ་དང་། རྩོལ་བ་གཉིས་རྣམ་པར་རྟོག་པ་དང་། བརྩོན་འགྲུས་ཀྱི་རང་བཞིན་ཡིན་པས། དངོས་སུ་ཤེས་རབ་ཀྱི་རང་བཞིན་མ་ཡིན་མོད་ཀྱི་ཕྱིན་ཅི་མ་ལོག་པར ་རྟོག་པ་དང་། དགེ་བ་བསྒྲུབ་པའི་བརྩོན་འགྲུས་ཀྱི་རྒྱུ་ལས་ཤེས་རབ་འབྱུང་བས་ན། དེའི་གྲོགས་སུ་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕུང་པོར་གཏོག་སོ།། ཡང་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་འོངས། ཡོན་ཏན ་བརྒྱད་སྐྱེད་པར་བྱེད་པའི་ཕྱིར། ལམ་གྱི་ཡན་ལག་བརྒྱད་ཀྱང་བརྒྱད་ཉིད་དེ་མྱི་མང་མི་ཉུང་ངོ་།། ཡོན་ཏན་བརྒྱད་ལ་སེམས་ཀུན་ཏུ་དག་པ་དང་། རྣམ་པར་དཀར་བ་དང་། སྐྱོན་མེད་པ་དང་། ཉོན་མོངས་པ་དང་། བྲལ་བ་དང་། ་འཇམ་པ་དང་། ལས་སུ་རུང་བ་དང་། གནས་པ་དང་། མི་གཡོ་བ་ཐོབ་པའོ།། དེ་ལ་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པ་དང་བྲལ་བ་ནི། སེམས་ཀུན་ཏུ་དག་པའོ།། ཕྱག་འཚལ་བ་ལ་སོགས་པ་བསྙེན་བཀུར་ལ ་ཆགས་པ་དང་བྲལ་བ་ནི་རྣམ་པར་དཀར་བའོ།། སྡོད་པ་ལ་ཆགས་ཤིང་། ཁ་གསག་མེད་པ་ནི་སྐྱོན་མེད་པའོ།། སྲང་བ་སྤངས་པ་ནི་ཉོན་མོངས་པ་དང་བྲལ་བའོ།། ལྟ་བ་སྤངས་པ་ནི་འཇམ་པོར་གྱུར་པའོ།། ཐེ་ཚོམ ་སྤངས་པ་ནི་ལས་སུ་རུང་བའོ།། ཕྱིས་ཉམས་པ་མེད་པ་ནི་གནས་པའོ།། བསམ་གཏན་བཞི་མི་གཡོ་བ་ཐོབ་པའོ།། དེ་ལ་ཡང་དག་པའི་ལྟ་བ་དང་ལྡན་པས། སེམས་ཤིན་ཏུ་དག་པར་འགྱུར་རོ།། ཡང ་དག་པའི་རྟོག་པ་དང་ལྡན་པས། རྣམ་པར་དཀར་བར་འགྱུར་ཏེ། བཀུར་སྟི་ལ་སོགས་པ་ལ་མི་རྟོག་པའི་ཕྱིར་རོ།། ཡང་དག་པའི་ངག་དང་ལྡན་པས་སྐྱོན་མེད་པར་འགྱུར་ཏེ། ཁ་གསག་ལ་སོགས་པ་དང་བྲལ་བའི་ཕྱིར་རོ།། ཡང ་དག་པའི་ལས་ཀྱི་མཐའ་དང་ལྡན་པས། ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། དགེ་བ་བསྒྲུབ་ཅིང་ཉོན་མོངས་པ་སྤོང་བར་བརྩོན་པའི་ཕྱིར་རོ།། ཡང་དག་པའི་འཚོ་བ་དང་ལྡན་པས་འཇམ་པོར་འགྱུར་ཏེ། ཡང་དག་པའི་ལྟ་བ ་ལ་གནས་དཤིང་ཕྱིན་ཅི་ལོག་གི་འཚོ་བ་སྤོང་བའི་ཕྱིར་རོ།། ཡང་དྲག་པོའི་རྩོལ་བས་ལས་སུ་རུང་བར་བྱེད་དེ། མངོན་པའི་ང་རྒྱལ་སྤངས་ནས་སེམས་སྐྱོན་མེད་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་དྲན་པ་དང་ལྡན་པས ་གནས་པར་བྱེད་དེ། ཐེ་ཚོམ་སྤངས་ནས་མི་གཡོ་བོར་འཇོག་པའི་ཕྱིར་རོ།། ཡང་དག་པའི་ཏིང་ངེ་འཛིན་དང་ལྡན་པས་མི་གཡོ་བ་ཐོབ་པར་བྱེད་དེ། ཏིང་ངེ་འཛིན་གྱི་དབང་གིས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་ས ་མངོན་སུམ་དུ་ལེན་པར་བྱེད་པའི་ཕྱིར། འོ་ན་ཅིའི་ཕྱིར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་རིམ་པས་འདི་ལྟར་བཀོད། སྤྲོས་པ། དང་པོར་མི་རྟག་པ་ལ་སོགས་པར་ཡང་དག་པར་མཐོང་ནས། ད་ནི་འདི་དང ་འདི་ལྟ་བུའོ་ཞེས་དེའི་འོག་ཏུ་ཡང་དག་པར་རྟོག་གོ།། ཡང་དག་པར་བརྟགས་པའི་ཆོས་རྣམས་གཞན་ལ་ཡང་འདི་འདྲའོ་ཞེས་ཚིག་ཏུ་འབྱིན་ཏོ།། དེ་ལྟར་ཡང་དག་པར་ཚིག་ཏུ་ཕྱུང་ནས། ཇི་ལྟར་ཚིག་ཏུ་སྨྲས་པ་རྣམས་དེ་བཞིན་དུ་སྒྲུབ ་བར་བྱེད་དོ།། ཡང་དག་པའི་ལས་བསྒྲུབ་པ་རྣམས་ལ་ལོག་པའི་འཚེ་བ་མེད་པས་དེའི་འོག་ཏུ་ཡང་དག་པར་འཚོ་བའོ།། ཡང་དག་པར་འཚོ་བ་རྣམས་ལ་མི་དགེ་བ་སྤོང་བ་དང་དགེ་བ་བསྒྲུབ་པའི་ལས་འབའ་ཞིག་འབྱུང་བས ་ཡང་དག་པའི་རྩོལ་བའོ།། ཡང་དག་པའི་རྩོལ་བ་ལ་གནས་པ་རྣམས་ལ་ཉོན་མོངས་པས་ཕྲོགས་པའི་དྲན་པ་མི་འབྱུང་བས། ཡང་དག་པའི་དྲན་པའོ།། ཉོན་མོངས་པའི་དབང་དུ་མ་གྱུར་ཏེ། དྲན་པ་མ་ཉམས་ན་རྟག་ཏུ ་སེམས་རྩེ་གཅིག་ཏུ་གནས་པར་འགྱུར་བས་འཇུག་ཏུ་ཡང་དག་པའི་ཏིང་ངེ་འཛིན་ཏེ། དེའི་ཕྱིར་རིམ་པ་དེ་ལྟར་བཀོད་དོ།། དེ་ལ་ཐེག་པ་ཆེན་པོའི་ཚུལ་གྱིས་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་པའི་ལམ་དུ་བཤད ་ལཱ། ཉན་ཐོས་བྷེའི་བྷ་ཤྭ་ཀ་པའི་ལྟ་བས་ནི། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་མཐོང་བྱའི་ལམ་གྱི་ངོ་བོར་འདོད་དོ།། དེ་ལྟར་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་དག་མཐོང་བའི་ལམ་གྱི་ངོ་བོ ་ཡིན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ།། ཇི་ལྟར་འཁོར་ལོ་རིན་པོ་ཆེ་དང་དཔེ་འདྲ་ཞེ་ན། འདི་ལྟར་མགྱོགས་པར་འགྲོ་བར་དང་། ་གཏོང་ཞིང་འཇུག་པ་དང་། ཨཱ་རྟུལ་བ་རྒྱལ་བར་བྱེད་བ་དང་། རྟུལ་བར་གནས་འཆ་བ་དང་། སར་འབར་ཤིང་མྱུར་ལྷུང་བས་སོ།། དཔེར་ན་འཁོར་ལོས་བསྒྱུར་བར་འཁོར་ལ་རིན་པོ་ཆེ་མགྱོགས་པར ་འགྲོ་བ་དེ་བཞིན་དུ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅཝོ་ལྔ་ལ་བདེན་པ་བཞི་རྟོགས་པས་ན་མགྱོགས་པར་འགྲོ་བའོ།། སྐད་ཅིག་མ་བཅོ་ལྔ་ནི་སྡུག་བསྔལ་ལ་ཆོས་ཤེས་བའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས ་ཤེས་པའི་ཡང་ཤེས་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་ན། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་དང་། ་ཀུན་འབྱུང་ལ་རྗེསུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེསུ་ཤེས་པའི་ཡེ་ཤེས་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པའི་ཡང་ཤེས་དང་། འགོག་པ་ལ་རྗེ་སུ་ཤེས་པའི་བཟོད ་པ་དང་། འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་ཡེ་ཤེས་དྲང་། ལམྦ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པའི་ཡེ་ཤེས་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེ་ལྟར་བཅོ་ལྔའོ།། ལམ ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་དུ་གཏོགས་པས། མཐོང་བའི་ལམ་དུ་མི་བཞག་གོ། དེ་ལ་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ ་དང་། སྟོང་པ་དང་བདག་མེད་པར་མཐོང་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེ་ལྟར་མཐོང་བའི་ཚེ་འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བཅུ་སྤོང་སྟེ། འཇིག ་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་ལོག་པ་དང་། ལྟ་བ་སྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་པཱ་དང་། ་ང་རྒྱལ་དང་། མ་རིག་པའོ།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དཔེར་ན་མི་གཉིས་ཀྱིས་ཅིག་གིས ་ཁྱིམ་ནས་རྐུན་པོ་བཟུང་སྟེ་ཕྱུང་ལ་གཅིག་གིས་སྒོ་བཅད་པ་དང་འདྲའོ།། དེ་ཡང་གཙོག་རྐུན་པོ་བཟུང་ནས་རྐུན་པོ་དང་བཅས་ཏེ་སྒོར་ཕྱུང་བ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཀྱང་ཉོན་མོངས ་པ་བཅུ་བཟུང་ནས་ཀྱང་ཉོན་མྱོངས་པ་དང་བཅས་ཏེ་འགག་གོ། དེ་ནས་ཕྱིས་མི་གཉིས་པོས་ཕྱེས་རྐུན་མོ་མི་འཇུག་པར་སྒོ་བཅད་པ་བཞིན་དུ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཀྱིས་ནི་ཕྱིས་སེམས་ཀྱི་རྒྱུད་ལ ་ཉོན་མོངས་པ་མི་སྐྱེ་བར་བྱེད་དོ།། དེ་ལ་བཟོད་པ་ནི་བར་ཆད་མེད་པའི་ལམ་ཞེས་བྱའོ།། ཡེ་ཤེས་ལ་ནི་རྣམ་པར་གྲོལ་བའི་ལམ་ཞེས་བྱ་སྟེ། དཔེར་ན་མ་གཉིས་ཀྱི་རྐུན་པོ་སློང་པའི་ཚུལ་འདི་ནི། སྡུག་བསྔལ་ལ ་རྗེས་སུ་ཤེས་པའི་བཟོད་པ་ལ་ཡང་སྦྱར་རོ།། དེ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིར་བཀོད་པ་ཡང་ལོག་པའི་རྣལ་འབྱོར་པ་རྣམ་པ་བཞིའི་གཉེན་པོ་སྟེ། བཞི་ནི་འདོད་ཆགས་ལ་སྤྱོད་པ་རྣམ་པ ་གཉིས་དང་། ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་སོ།། འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་ནའོ་ཞེས་པའི་ང་རྒྱལ་གྱི་ནོན་པ་དང་ལེ་ལོ་ལ་ཆགས་པའོ།། ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་ནི་བདག་ཏུ་འཛིན་པ་དང ་བདག་གིར་ལྟ་བ་ལ་མངོན་པར་ཆགས་པའོ།། དེ་ལ་ངའོ་ཞེས་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་གོ་ཞེས་སྙེམས་ཤིང་སྤྱོད་པ་སྟེ། དེའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པར་བཤད་དེ། ཕུང་པོ་ལྔ་ནི ་སྐད་ཅག་མའི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་ལ་བདེན་པར་འཛིན་ཅིང་ཆགས་པ་དེ་སྤང་བའི་ཕྱིར། དགེ་པ་མི་བྱེད་པོའི་ཕྱིར་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་དུ་བཤད་དེ་འདུ་བྱེད་ཐམས ་ཅད་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ།། དེ་ལ་བདག་ཏུ་འཛིན་པའི་གཉེན་པོར་བདག་མེད་པར་བཤད་དེ། ཕུང་པོ་ལྔ་ལ་མུ་སྟེགས་ཀྱིས་རྟག་པའི་བདག་མི་དམིགས་པའི་ཕྱིར། རོ།། བདག ་གིར་འཛིན་པའི་གཉེན་པོར་སྟོང་པ་ཉིད་དུ་བཤད་དེ། བདག་མ་གྲུབ་ན་བདག་གིས་ཡང་མི་འགྲུབ་པའི་ཕྱིར་རོ།། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ། མི་རྟག་པ་ལ ་སོགས་པའི་རྣམ་པ་བཞིར་མཐོང་ན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེའི་ཚེ་ཡང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཟུགས་ཀྱི་ཁམས་ན ་ཁོང་ཁྲོ་བ་སྤང་ཏེ། འཇིག་ཚོགས་ལ་སོགས་པ་དགུ་དང་། གཟུགས་མེད་པའི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་ཚོགས་ལ་སོགས་པ་དགུ་སྟེ། སྤྱིར་བསྡོམས་ན་ཉོན་མོངས་པ་བཅོ་བརྒྱད་སྤོང་ངོ་།། ཁམས ་གཉིས་ན་ཞེ་སྡང་མེད་པ་ནི་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུད་ཤིན་ཏུ་བརླན་པ་དང་། ལས་མི་དགེ་བའི་འབྲས་བུ་ལུས་དང་སེམས་ལ་གནོད་པ་མེད་པའི་ཕྱིར་རོ།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་ཤིང་། ཕྱིས ་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ།། དེ་ལ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་ཀུན་ཏུ་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་། རྐྱེན་དེ ་རྣམ་པ་བཞི་མཐོང་ན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར ་ལྟེ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་གསུམ་བཀོལ་ཏོ།། ལོག་པའི་ལྟ་བ་དང་། ལྟེ་བ་སྐམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་བདུན་སྤྲོ་།། ་དེ་ནས་ཉོན་མོངས་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ན། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་སོ།། གཟུགས་དང་གཟུགས་མང་བའི་ཁམ ་ཀྱི་ཀུན་འབྱུང་གི་བདེན་པ་ལ། རྒྱུ་ལ་སོགས་པ་རྣམ་པ་བཞིར་མཐོང་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན ་མོངས་པ་ལོག་པའི་ལྟ་བ་དང་ལྟ་བ་སྙེམས་པ་དང་། ཐེ་ཚོམ་དང་འདོད་ཆགས་དང་། ང་རྒྱལ་དང་མ་རིག་པ་སྟེ་དྲུག་དང་། གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤང་། ་འི་རྗེས་ལ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ།། ས་བོན་གྱི་ཆོས་བྱེད་པས་ན་རྒྱུའོ།། མ ་འོངས་པའི་སྲེད་པ་འཕེལ་བར་བྱེད་པས་ན་ཀུན་འབྱུང་བའོ།། བར་ཆད་མེད་པར་སྲིད་པའི་རྒྱུན། རྒྱུནི་མ་ཆད་པར་འབྱུང་བར་བྱེད་པས་ན། རབ་ཏུ་འབྱུང་བའོ།། ཆུ་དང་སྲུང་པ་དང་འཁོར་ལོ་དང་། འཇིམ་པ་རྣམས ་ཀྱིས་རྫ་མ་སྒྲུབ་པ་བཞིན་དུ། འབྲས་བུ་སྒྲུབ་པར་བྱེད་པས་ན་རྐྱེན་ཏོ།། འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་དང་ཞི་བ་དང་། གྱ་ནོམ་པ་དང་། འབྱུང་བ་ལྟ་བུར་མཐོང་ན། འགོག་པ་ལ ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་རྒྱུ་འང་འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་མཐོང་བས་སྤང་བར་བྱ་བའོ་ཉོན་མོངས་པ་ལོག་པའི་ལྟ་བ་དང་། ལྟ་བ་སྙོམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང ་པ་དང་། ང་རྒྱལ་དང་མ་རིག་པོ་སྟེ་བདུན་སྤོང་ངོ་།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ན། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་སོ།། ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་ལ་སོགས་པ་རྣམ་པ་བཞི་ལྟ་བུར་མཐོང་ན། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་ཡང་ཁམས་གཉིས ་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཟུགས་ཀྱི་ཁམས་ན་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་ཐེ་ཚོམ་དང་འདོད་ཆགས་དང་། ང་རྒྱལ་དང་མ་རིག་པ་སྟེ་དྲུག། གཟུགས་མང་བའི་ཁམས ་ན་ཡང་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ་།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་བ་ནི། འགོག་པ་ལ་རྗེས་སུ་ཤེས་པའི་ཡེ་ཤེས ་ཞེས་བྱའོ།། དེ་ལ་ཕུང་པོ་སྐྱེ་བར་བྱེད་པའི་རྒྱུའི་ཉོན་མོངས་པ་དང་བྲལ་བས་འགོག་པའོ།། སྡུག་བསྔལ་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར་ཞི་བའོ།། དགེ་བོ་དང་བདེ་བའི་གནས་སུ་ཕྱིན་པའི་ཕྱིར་གྱ་ནོམ་པའོ།། རྟག ་བ་དང་མཉམས་པ་མེད་པའི་ཕྱི་འཐུང་བའོ།། འདོད་བའི་ཁམས་ཀྱི་ལམ་གྱི་བདེན་པ་ལ། ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པ་སྟེ། རྣམ་པ་བཞིར་མཐོང་ན། ལམ་ལ ་ཆོས་སུ་ཤེས་པའི་བཟོད་པ་ཞེས་བྱའོ།། དེའི་ཚེ་འདོང་པའི་ཁམས་ཀྱི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་སྐེམས་པ་དང་། ་ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་མ་རིག་པ་སྟེ། བརྒྱད་སྤོང་ངོ་།། དེ་ནས་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ལམ་ལ ་ཆོསུ་ཤེས་པའི་ཡེ་ཤེས་ཞེས་བྱའོ།། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ་ལམ་ལ་སོགས་པ་རྣམ་པ་བཞིར་མཐོང་ན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས ་ཀྱི་ཁམསཱ་ལ་ལམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ། ལོག་པའི་ལྟ་བ་དང་ལྷ་བ་སྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཤུགས་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ང་རྒྱལ ་དང་། མ་རིག་པ་སྟེ་བདུན་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་བདུན་ཏེ། ཉོན་མོངས་པ་བཅུ་བཞི་སྤོང་ངོ་།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས ་པ་ནི་སྐྱེ་བར་བྱེད་པ་ནི་ལམ་ལ་རྗེསུ་ཤེས་བིའི་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་བསྒོམ་པའི་ལམ་དུ་བཞག་གོ། འཕགས་པའི་བདེན་པ་བཞི་ཚོལ་བར་བྱེད་པས་ན་ལམ་མོ།། ཉོན་མོངས་པའི་གཉེན་པོར་གྱུར་པས་ན་རིགས ་བླབྱའོ།། མི་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་མོང་པར་བྱེད་པས་ན་སྒྲུབ་པའོ།། ། ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་པར་བྱེད་པས་ན་ངེས་པར་འབྱིན་པའོ།། དེའི་འདོད ་བིའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆོག་སྟ་དང་། ཁྱོང་ཁྲོ་བ་དང་། ང་རྒྱུ་ལ་དང་མ་རིག་པ་སྟེ། ཉོན་མོངས་པ་བཞི་སྤོང་ངོ་།། གཟུགས་ཀྱི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང་། ་རྒྱལ་དང་མ་རིག་པ་གསུམ་དང་། གཟུགས་མེང་བའི་ཁམས་ཀྱི་བཛྲམྦྷ་པའི་ལམ་གྱིས་ཀྱང་གསུམ་སྟེ་དྲུག་སྟོང་ངོ་།། དཔེར་ན་འཁོར་ལོ་རིན་པོ་ཆེ་ཡུལ་གཟུན་སྤོང་ཞིང་། ཡུལ་གཞན་དུ་འཇུག་ཅིང་འགྲོའོ།། དེ ་བཞིན་དུ་མཐོང་བའི་ལམ་ན་ཡང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དྲི་མ་ཐག་པའི་ལམ་ནི་གཏོང་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཏེ། རྣམ་པར་གྲོལ་བའི་ལམ་ནི་མངོན་སུམ ་དུ་བྱེད་ཅིང་ལེན་ཏོ།། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རྗེས་སུ་ཤེས་པའི་བཟོད་པ་དང་། ཡེ་ཤེས་ལེ་ཡང་གཏོང་ཞིང་ལེན་པར་སྦྱར་རོ།། ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི ་བདེན་པ་མཐོང་ནས་བོར་བ་ལ། གཟུགས་དང་གཟུགས་མེད་བྱའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མངོན་དུ་བྱེད་པས་ན་འགྲོ་བའོ།། དཔེར་ན་འཁོར་ལོ་རིན་པོ་ཆེས་ས་ཕྱོགས་མྱ་རྒྱལ་བའི་གྲོང ་དང་གྲོང་ཁྱེར་ལས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་ནི་གནས་འཆའ་བར་བྱེད་དོ།། དེ་བཞིན་དུ་མཐོང་བའི་ལམ་གྱིས་ཀྱང་། དེ་མ་ཐེག་པའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ལས། ་མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད་ཅིང་ཉོན་མོངས་པའི་རྙེད་པ་ཡོངས་སུ་གཅོད་པའི་ཕྱིར་རོ།། རྒྱལ་བ་རྣམས་སུ་ཡང་གནས་འཆའ་བར་བྱེད་དེ། རྣམ་པར་གྲོལ་བའི་ལམ་གྱིས་ཉོན་མོངས་པ་དྲང་བྲལ་བའི་མཚན་ཉིད་བསྐྱེད ་ནས། མྱ་ངན་ལས་འདས་པའི་གནས་ལ་གནས་པར་བྱེད་པའི་ཕྱིར་རོ།། དཔེར་ན་འཁོར་ལོ་རིན་པོ་ཆེ་གནས་ཁ་ཅིག་ཏུ་ཡར་འཕར་ལ། གནས་ཁ་ཅིག་ཏུ་མར་ཐུར་དུ་ཡང་ལྟུང་ངོ་།། དེ་བཞིན་དུ་དེ་མ་ཐག་པའི་ལམ་ལ ་ཡང་ནས་ཡང་དུ་དམིགས་པཱ་ན། འདོད་པའི་ཁམས་ཀྱི་ངོ་མ་ཐག་པོའི་ལམ་ལ་དམྱིགས་པའི་ཚེ་ནི། མར་བབས་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡར་འཕར་བ་ཡིན་ནོ།། དེ་བཞིན་དུ་གཟུགས་དང ་གཟུགས་མེད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་མངོན་དུ་བྱེད་པ་ན་མར་འབབ་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡང་འཕར་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ།། ་ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་བྱ་ལ་དམིགས་པ་ན་ནི་མར་འབབ་པའོ།། གཟུགས་དང་གཟུ་གུས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་ན་ནི། ཡར་འཕར་བ་སྟེ། བདྲེན་པ་ལྷག ་མ་རྣམས་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་རོ།། བརྒལ་བ་མཐོང་བའི་ལམ་ལ་ཅིའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་ཞེས་བྱ། འཁོར་ལོ་ཡིན་པར་ཅི་མངོན་ཞེ་ན། དེ་ལ་ཡང་ལུས་ལས་གསུངས་བྱས་ན་མངོན་ཏེ། ལུང ་ལྔས་འཕགས་པ་ཀུན་ཤེས་ཀོ་དི་ནྱས་བདེན་པ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཀཽ་ད~ཾ་ནྱ་ཁྱོད་ཀྱིས་བདེན་པ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་།། ཀཽ་དི་ནྱ་ཁྱོད ་ཀྱིས་བདེན་པ་རྟོགས་སམ། གསོལ་པ། བཅོམ་ལྡན་འདས་རྟོགས་སོ།། དེ་བས་ན་འདིས་བདེན་པ་ཀུན་ཤེས་པས་ན། ཀུན་ཤེས་ཀཽ་དཱི་ནྱ་ཞེས་གྲགསོ།། ནམ་འཕགས་པ་ཀཽ་དི་ནྱས་བདེན་པ་མཐོང་བས་ན། ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ།། གཞན་ཡང་བཙུན་པ་ཀུན་ཤེས་ཀཽ་དི་ནྱ་ཡང་འདི་སྐད་དུ་འཆང་དེ། འཕགས་པའི་ལམ་གྱི་ཡན ་ལག་མཐོང་བའི་ལམ་གྱི་ངོ་བོ་འདི། ལྟེ་བ་དང་རྩིབས་དང་མུ་ཁྱུད་ཀྱི་དཔེ་དང་འདྲ་བར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ།། དེ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གསུམ་ནི་ཚུལ་ཁྲིམས ་ཀྱི་ཕུང་པོ་ཡིན་པར་ལྟེ་བའི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་ལྟེ་བའི་རྩིབས་ཀྱི་གཟུགས་བྱེད་པ་བཞིན་དུ། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་གཞན་ཡང་ཚུལ་ཁྲིམས་ལ་རྟེན་ཅིང་དེ་དག་གི ་གཟུང་ཚུལ་ཁྲིམས་བྱེད་པའི་ཕྱིར་རོ།། ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུད་ཀྱི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་མུ་ཁྱུད་ཀྱི་རྩིབས་རྣམས་མི་གྱེས་པར་སྡུད་པ་བཞིན་དུ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཀྱང་སེམས་ཀྱི ་འཕྲོ་བ་ཐམས་ཅད་སྤྱོད་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། དྲན་པ་དང་། རྩོལ་བ་བཞི་ན། འཕྲོ་བའི་རང་བཞིན་པས་རྩིབས་ལྟ་བུའོ།། དེ་ལྟར་འཕགས་པ་ཀཽ་དོ་ནྱས་མཐོང་བའི་ལམ་སྐྱེས ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བོསྐོར་ཏོ་ཞེས་གསུངས་པས་ན། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བར་མངོན་ནོ།། དེ་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ། ཚུལ་ཁྲིམས་ཀྱི་ཕུང་པོར ་གཏོགས་པས་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ།། ཡང་དག་པའི་ཏིང་ངེ་འཛིན་དང་། རྟོག་པ་དང་རྩོལ་བ་གསུམ་ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་པས་འདོད་ཆགས་མི་དགེ་བའི་རྩ་བ་བརྗོད་པར་བྱེད་དོ།། ། ་ཡང་དག་པའི་ལྟ་བ་དང་དྲན་པ་ཤེས་རབ་ཀྱི་ཕུང་པོར་གཏོགས་པས་གཏི་མུག་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ་ཞེས་ཀྱང་སློབ་དཔོན་ཁ་ཅིག་གིས་བཤད་དོ།། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་དོན་རྒྱས ་པར་ནི་མདོ་ཉིད་ལས་འོག་ནས་འཆང་བས་མདོ་ཙམ་ཞིག་བསྟན་པར་བྱའོ།། ཡང་དག་པའི་ལྟ་བ་ཞེས་བྱ་བ་ལ། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ།། ལྟ་བ་ནི་མཐོང་བའི་དོན་ཏེ། ནང་དང་ཕྱིའི་དངོས་པོ་མི་རྟག ་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི། ཡང་དག་པའི་ལྟོ་བའོ།། ཡང་ན་ཡང་དག་པ་ཞེས་བྱ་བ་ནི་དེ་ཁོ་ན་ལ་བྱ་ལ། ལྟ་བ་ཞེས་བྱ་བ་ནི། རྟོགས་པ་ལ་བྱ་སྟེ། བདེན་པ་བཞིའི་དེ་ཁོ་ན་ལ་ཎྜོ་ལ་ནི་ཡང་དག་པའི་ལྟ་བའོ།། ། ་ཡང་ན་ཡང་དག་པ་ནི་བཀྲིས་པའི་བསྔགས་པ་འམ་དགེ་བ་ལ་བྱ་ལ། ལྟ་བུ་ནི་གསལ་བར་བྱེད་པ་ལ་བྱ་སྟེ། བཀྲ་ཤིས་པ་འམ་དགེ་བ་གསལ་བྱར་བྱེད་པ་ནི་ཡང་དག་པའི་ལྟོ་བའོ།། ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ། ཡང ་དག་པ་ཞེས་བྱ་བ་ནི་སྔོན་མེ་བྱུང་བ་བྱུང་བ་ལ་བྱ། རྟོག་པ་དག་ནི་འདི་དག་འདི་མི་དགེ་ཞེས་འཇིག་པ་ལ་བྱ་སྟེ། དེ་ལྟ་བུའི་འཇིག་པ་སྔོན་མོ་བྱུང་བ་བྱུང་བ་ནི་ཡང་དག་པའི་རྟོག་པའོ།། ཡང་ན་ཡང་དག་པ་ནི་མཉམ་པ ་འམ་མཐུན་པོར་བྱེད་པ་ལ་རྟོག་པ་ནི། དེའི་རྗེས་སུ་སེམས་པ་སྟེ། ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་དང་མཐུན་པར་སེམས་པ་ནི་ཡང་དག་པའི་རྟོག་པའོ།། ཡང་དག་པའི་ངག་ཅེས་བྱ་བ་ལ ་དང་པོར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་སོགས་པ་ཡང་དག་པར་བླངས་ནས་སྡིག་པ་མི་དགེ་བའི་ཆོས་མི་བྱ་བར་ཁས་བླངས་པ་བཞིན་དུ་ཡི་དམ་འདྲལ་བར་མི་བྱད་པ་ནི། ཡང་དག་པའི་ངག་གོ། ཡང་དག་པའི་ངག་རྣམ་པ ་གཉིས་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་དང་། རྣམ་པར་རིག་བྱེད་དོ།། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་བརྫུན་དང་ཚིག་རྩུབ་པོ་ལ་སོགས་པའི་སྨྲ་བ་ལས་ལོག་པའོ།། རྣམ་པར་རིག ་བྱེད་ནི་དུས་སུ་སྨྲ། ཡང་དག་པར་སྨྲ། བདེན་པར་སྨྲ་ཞེས་བྱའོ།། ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱ་བ་ལ། གང་ལུས་ཀྱི་ལས་མ་ཉམས་པ་ཞིག་སྟེ། སྲོག་བཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་ལ ་ངེས་པར་ལྟ་ཞིང་དེ་ལ་མི་འཇུག་པའོ།། ཡང་དག་པའི་འཚོ་བ་ཞེས་བྱ་བ་ལ་ཆོས་བཞིན་དུ་འཚོ་བ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་འཚེ་བ་དགེ་བྱ་དང་། རབ་ཏུ་བྱུང་བ་རྣམས་ཀྱི་འཚོ ་བ་དག་པ་སྟེ། རྣམ་པ་གཉིས་སོ།། ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་ནི། མེ་དང་མཚོན་དང་། དུག་དྲུང་ཆང་ལ་སོགས་པ་ལ་སྭཱ་སླར་ལོག་པའོ།། རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དག་པ་ནི། ཡོ་བྱད་བསྙུངས་པ ་དང་། ཆོག་ཤེས་ཤིང་འདོད་པ་ཉུང་བ་དང་ཚུལ་ཆོས་པ་ལ་སོགས་པ་ལས་སླར་ལོག་པའོ།། ཡང་དག་པའི་རྩོལ་བ་ཞེས་བྱ་བ་ལ། སྡིག་པ་མི་དག་པའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་སྤོང་བ་དང་། དགེ ་བའི་ཆོས་མ་སྐྱེས་པ་བསྐྱེད་དང་། སྐྱེས་པ་འཕེལ་བར་བྱེད་པའི་ལུས་དང་སེམས་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ།། ཡང་དག་པའི་དྲན་པ་ཞེས་བྱ་བ་ལ་སྔོན་མཉོན་ཅིང་བསམས་ཏེ། མྱོང་བའི་དངོས་པོ ་སེམས་ལ་མི་བརྗེད་པར་བྱེད་པ་ནི་ཡང་དག་པའི་དྲན་པ་སྟེ། དེ་ཡང་རྒྱུ་རྣམ་པ་གསུམ་ལས་དྲན་པ་འབྱུང་ངོ་།། རྒྱུ་རྣམ་པ་གསུམ་ནི་གོམས་པ་དང་། མཚན་མ་མཐོང་བ་དང་། ཡིད་དང་བའོ།། དེ་ལ་གོམས་པ་ནི་གཟུགས་ལ ་སོགས་པའི་དངོས་པོ་ལོ་ཡང་ནས་ཡང་དུ་ལྟ་བ་ལ་སོགས་པ་བྱས་པ་དང་། གཟུགས་ལ་སོགས་པའི་དངོས་པོ་མེད་ཀྱང་ཕྱིས་སེམས་ལ་དྲན་པ་འབྱུང་སྟེ། དཔེར་ན་ཉིན་མོ་གོམས་པའི་རྨི་ལམ་དུ་མཐོང་བ་བཞིན་ནོ།། མཚན ་མར་མཐོང་བ་ནི་ཆོས་འདྲ་བ་དང་མི་འདྲ་བ་མཐོང་བ་ལས་དྲན་པ་འབྱུང་སྟེ། དཔེར་ན་བུ་དང་འདྲ་བ་མཐོང་ནས་བུ་བྲན་པ་དང་། ལྷགས་པས་ཉེན་ནས་མེ་དྲན་པའོ།། ཡོད་དང་བར་ནི་ཆུ་གསལ་བར་བཞིན་གྱིས་གཟུགས་བརྙན་སྨང ་བ་དང་འདྲ་བར། སེམས་གསལ་ཏེ་སྒྲིབ་པའི་ཤས་ཆུང་ན་སྔོན་ཅི་བྱིས་པ་རྣམས་དྲན་ནོ།། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ལ། ཡང་དག་པ་ནི་དྲང་པོ་ལ་བྱ་བ་ལ། ཏིང་འཛིན་ནི་གྱུར་པ་འམ་འཛིན་པ་ལ་བྱ་སྟེ། དཔེར ་ནཱན་སྦྲུལ་སྐྱུག་མའི་སྦུབས་བཅུག་ན་དྲང་པོར་གྱུར་པ་བཞིན་དུ། སེམས་རྨུགས་པ་དང་རྒོད་པ་ལ་སོགས་པ་ལས་བཟློག་ནས་དྲང་པོར་འཛིན་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ།། ཡང་ན་ཡང་དག་པ་ནི་མཉམ་པོ་ལཱཾ་བྱཱ་ལ། ་ཏིངའཛིན་ནི་འཇོག་པ་ལ་བྱ་སྟེ། སེམས་མཉམ་པར་འཇོག་པ་ཡང་དག་པའི་ཏིང་ངེ་འཛིན་ཏོ།། དེ་ལ་ལམ་གྱི་ཡན་ལག་ནི་མདོ་ཙམ་དུ་གསུངས་པ་བརྒྱས་པར་བཤད་པར་བྱ་བའི་ཕྱིར་རོ།། དགེ་སློང་དག ་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ།། ཅིའི་ཕྱིར་མདོ་ཙམ་དུ་བཤད་ནས། རྒྱས་པར་བཀའ་སྩལ་ཅེ་ན། འདུལ་བ་རྣམ་པ་གཉིས་ཏེ། གླེངས་པས་ཤེས་པ་དང་། ་སྤྲོས་པས་ཤེས་པའོ།། དྭེ་ལཱ་གླེངས་པས་ཤེས་པ་རྣམས་ཀྱི་ཆེད་དུ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟོ་བ་དང་ཞེས་བྱ་བ་ལ་སོགས་པ་མདོ་ཙམ་དུ་གསུངས་ནས་སྤྲོས་པས་ཤེས་པ་རྣམས་ལ། རྒྱ་ཆེར་མ་བཤད་ན ་དོན་རྟོགས་པར་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ལ་སློབ་དཔོན་འཆབ་པ་མི་མངའ་ཞིང་། ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལ་དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་རྒྱ་སྐྱེ ་པར་བཀའ་སྩལ་ཏོ།། དེ་ལ་ཡང་དག་པའི་ལྟ་བ་རྣམ་པ་གསུམ་སྟེ། སློབ་པའི་ཡང་དག་པའི་ལྟ་བ་དང་། མི་སློབ་པའི་ཡང་དགེ་བའི་ལྟ་བ་དང་། འཇིག་རྟེན་གྱི་ཡང་དག་པའི་ལྟ་བའོ།། དེ་སློབ་པ་དང་མི་སློབ ་པའི་གང་ཟག་རྣམས་ལ་སྙོམས་པར་འཇུག་པ་ན་ལྟ་བ་གང་ཡིན་པ་ནི་སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ།། ཏིང་ངེ་འཛིན་ལས་ལངས་ནས་ལྟ་བ་ནི་རྟོག་པ་དང་བཅས་པ་ཡིན་པས། འཇིག་རྟེན ་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ།། ཡང་ན་གང་ཟག་དགེ་བ་རྣམས་ཚེ་རབས་ཡོད་པར་ལྟ་ཞིང་། ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་མི་འདེབས་པ་ནི།། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟེ། འདིར་ནི་འཇིག་རྟེན ་གྱི་ཡང་དག་པའི་ལྟ་བ་སྟོན་པར་རིག་པར་བྱའོ།། དེ་ལ་ཆོས་དྲུག་སྤྱོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བུ་སྟེ། འཇུག་པའི་རྟེན་ཡོད་པར་ལྟ་བ་དང་། དེའི་རྐྱེནྡ་གྱིས་ས་བོན་དང་། གཞི་ཡོད་པར་ལྟ་བ་དང་། སྦྱིན་པའི་ཡོན ་ཏན་ཡོད་པར་ལྟ་བ་དང་། སྦྱིན་པ་དང་ཚུལ་ཁྲིམས་དང་གཉེན་པོ་བསྒོམ་པའི་དང་། མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་དང་། དེ་གསུམ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་འབྲས་བུ་ཡོད་པར་ལྟོ་བ་དང་། ་འཇུག་པ་ལས་རྣམ་པར་ལོ་ག་པར་ལྟ་བ་དང་དྲུག་གོ། དེ་ལ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕྲ་རོལ་ཡོད་ཅེས་བྱ་བས་འཇུག་པའི་རྟེན་ཡོད་པར་ལྟ་བ་བསྟན་ཏེ། ཚེ་གཅིག་ཏུ་འཇུག་པའི་རྟེ་ནུ་ནི་འདི་དང་འཇིག་རྟེན ་ཕ་རོལ་ཡིན་ལ། ཚེ་འདི་ཡང་ལས་དང་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔར་ཡོད་པར་འདོད་ཅིང་ཚེ་འདིའི་ལུས་དོང་ཉོན་མྱོངས་པའི་རྒྱུས་ཚེ་རབས་གཞན་དུ་ཡང་ཕུང་པོ་ལེན་པར་འདོད་པ་ནི་འཇིག་རྟེན་འདི་ཡོད་པ་དང ་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བ་ཞེས་བྱའོ།། མ་ཡོད་པ་དང་ཕ་ཡོད་པ་དང་ཞེས་བྱ་བས་དེའི་རྐྱེན་གྱིས་ས་བོན་དང་གཞི་ཡོད་པར་བསྟན་ཏེ། ཕུང་པོ་ལྷ་སྐྱེ་བའི་ས་བོན་འཇོག་པ་ནི་ཕྱཝ་ཡིན་ནོ།། ས་བོན་གྱི་རྟེན ་བྱེད་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱང་ཡོད་པར་ལྟ་བ་ནི་མ་ཡོད་པ་དང་། ཕ་ཡོད་པ་ཞེས་བྱའོ།། སྦྱིན་པ་ཡོད་པ་དང་། སྦྱིན་སྲེག་ཡོད་པ་ཞེས་བྱ་བས་སྦྱིན་པོ་དང་། ལྷ་ལ་མཆོད་པ་ཡོད་པར་ལྟ་བ་བསྟན་ཏེ། ཡོ ་བྱང་རྣམས་བྱིན་ན་དེ་ལེན་པར་བྱེད་པའི་སེམས་ཅན་ཡོད་པར་ལྟ་བ་དང་། སྦྱིན་སྒེག་བྱས་ན་དེ་ན་སྦྱིན་སྲེག་ལེན་པའི་ལྷ་ཡོད་པར་ལྟ་བ་སྦྱིན་པ་ཡོད་པ་དང་། སྦྱིན་སྲོག་ཡོད་པར་ལྟ་བ་ཞེས་བྱའོ།། ་འདོད་པ་དང་མི་འདོད་པ་ཞེས་བྱ་བས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་ནི་མཐུན་པའི་ཕྱོགསོ་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མཚན་ཉིད་དགེ་བའི་ཕྱོགས་གཉེན་པོར་གྱུར་པོ་ལ་ནི ་འདོད་པ་ཞེས་བྱའོ།། དེའི་མི་མཐུན་པའི་ཕྱོགས་སཱིར་སྣ་དང་ངང་ཚུལ་ངནྡྷ་པ་དང་། སེམས་གཡེངས་པ་མི་དགེ་བའི་ཕྱོགས་སུ་གྱུར་པ་ནི་མི་འདོད་པ་ཞེས་བྱའོ།། ཡང་ན་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཀྱི་ལས ་དགེ་བ་ནི་འདོད་པའོ།། བསོད་ནམས་མ་ཡིན་པའི་མཚན་ཉིད་ཀྱི་ལས་མི་དགེ་བ་ནི་མི་འདོད་པ་སྟེ། དེ་དག་ཡོད་པར་ལྟ་བ་ནི།། འདོད་པ་དང་མི་འདོད་པ་ཡོད་པར་ལྟ་བ་ཞེས་བྱའོ།། ལེགས་པར་བྱས་པ་དང་ཉེས་པར ་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང་ཞེས་བྱ་བས་དེ་གསུམ་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་བྱས་ན་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་ཚུལ ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བ་དང་། ཚད་མེད་པ་བསྒོམས་ན་མྱ་ངན་ལས་འདས་པར་འགྱུར་བར་ལྟ་བ་དང་། སེར་སྣ་བྱས་ན་དབུལ་པོར་འགྱུར་བ་དང་། ཚུལ་ཁྲིམས་དྲལ་ན་ངན་སོང་དུ་སྐྱེ་བ་དང་། ཆེད ་མེད་པ་མ་བ་སྒོམས་ན་ཐར་པར་མི་འགྱུར་རོ་ཞེས་ལྟ་བ་འམ། བསོད་ནམས་དང་མི་གཡོ་བའི་ལས་བྱས་ན་བདེ་འགྲོར་སྐྱེ་བ་དང་། བསོད་ནམས་མ་ཡིན་པའི་ལས་བྱས་ན་ངན་སོང་གསུམ་དུ་སྐྱེ་བར་ལྟ་བ་ནི།། ལས ་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་པར་ལྟ་བ་ཞེས་བྱའོ།། འཇིག་རྟེན་ནོ་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ཡོད་ཅེས་བྱ་བས་འཇུག་པ་ལས ་རྣམ་པར་ལྡོག་པར་ཡོད་པར་ལྟ་བ་བསྟོན་ཏེ། འཇུག་པ་ནི་འཁོར་བར་སྐྱེ་བའོ།། འཁོར་བར་སྐྱེ་བ་ལས་ལོག་པ་ནི་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པོ་རྣམས་ཏེ་དེ་དག་ཡོད ་བར་ལྟ་བ་ནི་འཇིག་རྟེན་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགསྔོ་པ་ཡོད་པར་ལྟ་བ་ཞེས་བྱའོ།། དེ་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འཕགས་པ་ནི་ཡང་དག་པར་སོང་བའོ།། དེ་ལ་བཟློག་པ་འདི་ལོག ་བའི་ལྟ་བའོ།། ཞེས་བྱ་བ་ལ་ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སྩོགས་པར་ལྟ་བའོ།། །། ཡང་དག་པའི ་རྟོག་པ་བཤད་པར་བྱ་བའི་ཕྱིར། ཡང་དག་པའི་རྟོག་པ་གང་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་སངས་རྒྱས་སུ་འགྱུར་བ་ལ་སོགས་པར་བསྔོ་སྟེ། འཁོར་ལོས་བསྒྱུར་བ་ལ་སོགས་པར་མ་བསྔོས་པ་འདི་ཡང་དག ་པའི་རྟོག་པའོ་ཞེས། གསུངས་སོ།། དོན་དུ་ན་མི་དགྱེ་བ་ལ་སོགས་པར་རྟོག་པའི་གཉེན་པོར་སེམས་དགེ་བར་རྟོགས་པ་ནི། ཡང་དག་པར་རྟོག་པའོ།། དེ་ལ་སྦྱིན་པ་གང་ཁ་ན་མ་ཐོ་བ་མེད་པ། སེམས ་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་གཏོང་བ་ནི་སྦྱིན་པའོ།། དེ་ཡང་གང་གིས་སྦྱིན་པ་དང་གང་དུ་སྦྱིན་པ་དང་། ཅི་སྦྱིན་པ་དང་། ཅིས་སྦྱིན་པ་དང་། ་ཇི་ལྟར་སྦྱིན་པ་དང་། ཅིའི་ཕྱིར་སྦྱིན་བྱ་སྟེ། རྣམ་པ་དྲུག་ཏུ་བལྟའོ།། དེ་ལྔ་གང་གིས་སྐྱོ་ནི་ཞེ་ན། སྦྱིན་པ་པོ་དང་། སྦྱིན་པའི་བདག་པོས་སྦྱིན་ཏེ། གང་རང་གིས་ལགྲོ་ནས་དངོས་པོ་ག་ཏོང་བ་ནི་སྦྱིན་པ་བོའོ།། ་གང་གི་ཞེན་དུ་སྦྱིན་དུ་འཇུག་པ་ནི་སྦྱིན་པའི་བདག་པོ་འོ།། གང་ལ་སྦྱིན་ཞེ་ན། ཞིང་རྣམ་པ་བཞི་ལ་སྦྱིན་ཏེ། སྡུག་བསྔལ་གྱི་ཞིང་དང་། ཕན་བཏགས་པའི་ཞིང་དང་། ཡིད་དུ་འོང་བའི་ཞིང་དང་། ཁྱད ་ཞུགས་པའི་ཞིང་།། དེ་ལ་ལྡོག་བསྔལ་གྱི་ཞིང་འདྲོན་པོ་འམ། བཀྲེན་པ་འམ་མུ་ལྟོ་འམ། ལོང་བ་འམ་འོན་པ་འམ་མགོན་མེད་པ་འམ་སྐྱབས་མེད་པ་འམ། གང་ནད་ཀྱིས་གཟིར་བ་ལ་སོགས་པའོ།། ་དེ་ལ་ཕན་བཏགས་པའི་ཞིང་ནི་ཕ་འམ་མ་འམ་གཞན་ཡང་གནོད་པའི་སྡུག་བསྔལ་ལས་བདག་བསྒྲལ་བ་བྱས་པ་འམ། ལོ་ཉེས་སམ་རྒྱལ་པོ་གཞན་གྱི་འཇིགས་པའམ། བཅིངས་པའི་ནད་ཀྱིས་བཏབ་པ་ལས ་གྲོགས་བྱས་པའི་ལས་སུ་བྱ་བ་རྣམས་ཀྱི་གྲོགས་བྱས་པ་འམ། ནོར་དང་གཉེན་བཤེས་ལ་སོགས་པ་དང་བྲལ་བའི་མྱ་ངན་ལས་བསངས་པ་འམ། ཕན་བྱ་དང་བདེ་བར་འགྱུར་བའི་ལྡན་དྲག་བྱིན་པའོ།། ཡིད་དུ་འོང་བའི་ཞིང ་ནི། གང་གྲོགས་པོ་མཛའ་བ་དང་བཤེས་པ་ཕན་ཚུན་འདྲིས་པ་དང་། སེམས་མཐུན་པར་གྱུར་པ་འམ། ཉེ་དུ་གཉེན་པ་ཤེས་ལ་སོགས་པ་གཞན་ཡང་ངོ་།། ཁྱེད་ཞུགས་པའི་ཞིང་ནི་བྲམོ་ཟེ་འམ་དགེ་སློང་གང་དགེ་བའི ་རང་བཞིན་ཅན་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་སྤང་བར་བྱ་བའི་ཕྱིར་ཞུགས་པའོ།། དེ་ལ་ཅི་སྦྱིན་ཞེ་ན། དོན་དུ་དངོས་པོ་རྣམ་པ་གཉིས་སྦྱིན་ཏེ། སེམས་ཅན་གྱི་གྲས་སུ་གཏོགས་པ་དང་། སེམས་ཅན་གྱི ་གྲངས་སུ་མ་གཏོགས་པའི་དངོས་པའོ།། དེ་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ།། དེ་ལ་ཕྱིའི་དངོས་པོ་ནི་བུ་དང་ཆུང་མ་དང་། བླམ་ཕོ་མོ་དང་། རྟ་དང་གླང་པོ་དང་།། ་ར་ལུག་ལ་སོགས་པ་སྦྱིན་པའོ།། ནང་གི་དངོས་པོ་ནི་བདག་ཉིད་ཀྱི་ལུས་ཀྱི་རྐང་པ་དང་། ལག་བྱ་དང་མགྲོ་དང་ཤ་ཁྲག་ལ་སོགས་པ་སྦྱིན་པའོ།། སེམས་ཅན་གྱི་གླངསུ་མ་གཏོགས་པའི་དངོས་པོ་ཡང་རྣམ་པ་གསུམ ་སྟེ། འབྲུའི་དངོས་པོ་དང་། གཏེར་གྱི་དངོས་པོ་དང་། ཡུལ་གྱི་དངོས་པོའོ།། དེ་ལ་འབྲུའི་དངོས་པོ་ནི་འདི་ལྟ་སྟེ། ནས་དང་གྲོ་དང་འབྲས་དང་ཏིལ་ལ་སོགས་པའོ།། གཏེར་གྱི་དངོས་པོ་ནི་འདི་ལྟ་སྟེ། གསེར་དང ་དངུལ་དང་མུ་ཏིག་དང་བཻ་ཌཱུརྱ་ལ་སོགས་པའོ།། ཡུལ་གྱི་དངོས་པོ་ནི་འདི་ལྟ་སྟེ། ཞིང་གི་དངོས་པོ་དང་། ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་དང་། བསོད་ནམས་ཀྱི་དོན་དུ་བརྩིགས་པའི་ཁང་པ་ལ ་སོགས་པའོ།། ཅིས་སྦྱིན་ཞེ་ན། འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། ལྡན་པའི་རྒྱུ་ས་བསྐྱེད་པའི་ལུས་ཀྱི་ལས་དང་། ངག་གི་ལུས་ཀྱིས་སྦྱིན་ནོ།། ཇི་ལྟར་སྦྱིན་ཞེ་ན། དད་པའི་སེམས་ཀྱིས་ཚེ་ཕྱི་མ་དང་འབྲས་བུ་ཡོད་པར ་ལྷུ་ཞིང་། གུས་པ་དང་འདུད་པའི་སེམས་ཀྱིས་རང་གིས་ལག་ནས་གུསྐྱེ་པར་བྱས་ཏེ་དུས་སུ་སྦྱིན་ནོ།། ཅིའི་ཕྱིར་སྦྱིན་ཞེ་ན་སྡུག་བསྔལ་གྱི་ཞིང་ལ་ནི་སྙིང་རྗེ་བས་སྦྱིན་ནོ།། ཕན་བཏགས་པའི་ཞིང་ལཱ་ནཱི་བྱས་པ་གཟོ་བའི་སེམས ་ཀྱིས་སྦྱིན་ནོ།། ཡིད་དུ་འོང་བའི་ཞིང་ལ་ནི་མཛའ་བར་གྱུར་པས་སྦྱིན་ནོ།། ཁྱོད་ཞུགས་པའི་ཞིང་ལ་ནི་འཇིག་རྟེན་ཀུན་ལས་ཁྱད་པར་དུ་འཕགས་པ་དེ་ལས་འབྲས་བུ་དམ་པ་འབྱུང་བའི་ཕྱིར་སྦྱིན་ཏེ་འདི་ནི་སྦྱིན་པ་ཞེས་བྱའོ།། ཚུལ ་ཁྲིམས་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང་། སོ་སོར་ཐར་བྲིའི་སྡོམ་པས་བསྣམས ་བ། སྤྱོད་པ་དོང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོབ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་། ཡང་དག་པར་བླངས་པའི་གནས་རྣམས་སློབ་བོ་ཞེས་གང་གསུངས་པའོ།། དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་ཇི་ལྟར ་བསླབ་པ་ཡང་དག་པར་བླངས་པའི་གནས་དང་། ལུས་ཀྱིས་ལས་ཀྱིས་ཞིག་པར་མ་བྱས་པ་དང་། ངག་གི་ལས་ཀྱིས་ཞིག་པར་མ་བྱས་པའོ།། ཇི་ལྟར་སོ་སོར་ཐར་པའི་སྡོམས་པས་བསྡམས་ཤྭེ་ན། སྡེ་བདུན་པའི་ཚུལ་ཁྲིམས་བྱ་ནི ་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་དང་ལྡན་པའོ།། དེ་ལ་སྡེ་བདུན་ནི་དགེ་སྦྱོང་ཕ་དང་དགེ་སློང་མ་དང་། དགེ་བསྙེན་པ་དང་། བསྙོན་མ་དང་། དགེ་སྦྱོང་པ་དང་། དགེ་སྦྱོང་མ་དང་། དགེ་སློབ་མའོ།། དེ་ལ་སྤྱོད་པ་ཕུན་སུམ་ཚོགས ་བ་ནི། སྤྱོད་ལམ་བཞི་འམ་ལས་སུ་བྱེ་བ་འམ། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ཀྱང་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང་། འཇིག་རྟེན་དང་མཐུན་པར་བྱེད་པ་དང་། འདུལ་བའི་རྗེསུ་འཇུག་ཅིང་འདུལ་པོ་དང་མཐུན་པར་བྱེད ་པ་སྟེ། དོན་དུན་ལས་སུ་བྱ་བ་ཐམས་ཅོད་ལ་འཇིག་རྟེན་པ་རྣམས་ཀྱི་མིག་མི་འགག་པ་འམ། འདུལ་བ་དང་མི་འགལ་བར་བྱེད་པའོ།། ཇི་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ཡུལ་རྣམ་པ་ལྷུར། འཇུག་ཏུ ་མ་གནང་བ་རྣམས་སུ་མི་འཇུག་པ་སྟེ། སྤྱོད་ཡུལ་རྣམ་པ་ལྔ་ནི། བཤན་པའི་གནས་དང་། སྨད་འཚོང་མའི་གནས་དང་།། ཆང་གི་གནས་དང་།། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་གནས་སོ།། ཇི་ལྟར་ཁ་ན་མ་ཐོ་བ ་ཕྲ་བ་ལ་འཇིག་པར་ལྟ་ཞེ་ན་ཁ་ན་མ་ཐོ་བོ་ཕྲ་བ་ཞེས་བྱ་བ་ནི། གང་བསླབ་ཚིག་ཕན་ཚེགས་སུ་གྱུར་པ་ཉམས་ན་ཡང་བསླང་བར་སླ་བ་སྟེ། དཔེར་ན་དུག་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོ་གསོད་པ་བཞིན་དུ། ཁ་ན་མ་ཐོ་བ་ཕྲ ་མོ་འདི་དག་བྱུང་ན་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་བ་མེད་ཅིང་ངན་སྡོང་དུ་ལྟུང་བར་འགྱུར་རོ་ཞེས་དེ་དག་ལྔ་ཡང་བག་བྱེད་ཅིང་འཇིགས་པའོ།། ཇི་ལྟར་ཡང་དག་པར་བླངས་པའི་གནས ་ལ་སྐྱོབ་ཅེ་ན། དང་པོར་སོ་སོར་ཐར་པའི་སྡོམ་པ་ཡིང་དག་པར་ལེན་པའི་དུས་ན་གསོལ་བ་དང་ཞུ་བའི་ལས་བི་ནིས་བསྙེན་པར་རྫོགས་པའི་ཚེ་བསླབ་པའི་གནས་ཀྱི་ལུས་ལས་དུ་ཞིག་ཐོས་ནས་གཞན་ནི་ཟླ་བ་ཕྱེད་བྱེད་ཅིང ་སོ་སོར་ཐར་པའི་མདོ་འདོན་པ་ལས་ཤེས་པར་གྱིས་ཤིག་ཅེས་བསྒོ་སྟེ། ཕྱིས་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཚུལ་ཁྲིམས་ཀྱི་དངོས་པོ་དུ་ཡོད་པ་རྒྱས་པར་ཉན་ཅིང་ཇི་ལྟར་མཉན་པ་རྣམས་མི་ཉམས ་པར་ཡང་བྱེད་ལ། ཉམས་པ་རྣམས་ཀྱང་ཆོས་བཞིན་དུ་གསོ་བར་བྱེད་པའོ།། དོན་དུ་ན་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པ་གསུམ་སྟེ། མཚན་ཉིད་གསུམ་ནི་མ་ཞིག་པའི་མཚན་ཉིད་དང་། རང་བཞིན་གྱི་མཚན་ཉིད་དང་། ་གཞན་དང་བདག་ལ་བལྟོས་ནས་ཡོན་ཏན་གྱི་མཚན་ཉིད་དོ།། དེ་ལ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བས་མ་ཞིག་པའི་མཚན་ཉིད་བསྟན་ཏོ།། སོ་སོར་ཐར་པའི་སྡོམས་པས་བསྡམས་ཞེས་བྱ་བས་རང་བཞིན་གྱི་མཚན ་ཉིད་བསྟན་ཏོ།། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བས་གཞན་ལ་བལྟོས་ནས་ཡོན་ཏན་གྱི་མཚན་ཉིད་བསྟན་ཏེ། སྤྱོད་ལམ་མཛེས་ཤིང་འགྲོ་བར་བྱ་བ་མ་ཡིན་པའི་གན་སུ་མི་འགྲོ་ན། གཞན་དག་སེམས ་མ་དང་བ་ནི་དང་བར་འགྱུར། དང་བཱ་རྣམས་ནི་དད་པ་ཆེར་འཕེལ་བར་འགྱུར་ཞིང་། ཕྱོགས་ཕྱོགས་སུ་མི་སྙན་པའི་ཚིག་མྱི་སྒྲོགས་པའི་ཕྱིར། གང་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། ཡང་དག་པར་བླངས ་པའི་གནས་ལ་སློ་བ་ལ་གཉིས་ཀྱིས་ནི་བདག་ལས་བལྟོས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་ཏེ། བསླབ་པ་ཕྲ་མོ་རྣམས་ཀྱང་མ་ཉམས་ན། དགྲ་བཅོམ་པོའི་འབྲས་བུ་མ་ཐོབ་པ་དང་། མངོན་དུ་མ་བྱས་པའི་རྣམས་ཐོབ ་པ་དང་། མངོན་དུ་བྱ་བའི་སྐལ་བ་ཅན་དུ་འགྱུར་པའི་ཕྱིར་རོ།། སངས་རྒྱས་སུ་འགྱུར་བར་བསྔོས་ཏེ་ཞེས་བྱ་བ་ནི། སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བ་བྱས་པ་དེ་དག་གི་རྒྱུ་སངས་རྒྱས་སུ་གྱུར་ཅིག་ཅེ་འམ། ་སོགས་པའི་སྒྲས་དགྲ་བཅོམ་པ་འམྦྷ། རྒྱུན་ཏུ་ཞུགས་པར་གྱུར་ཅེས་བསྔོའོ།། འཁོར་ལོ་སྣ་བསྒྱུར་བར་གྱུར་ཅིག་ཙེ་འམ། སོགས་པའི་སྒྲས་བརྒྱ་བྱིན་དང་ཆོངས་པར་གྱུར་ཅིག་ཅེས་མི་བསྔོ་བ་འདི་ནི་ཡང་དག ་བའི་རྟོག་པའོ།། ཉོན་མོངས་པའི་སྒྲིབ་པ་རྣམས་སྦྱངས་ནས་སྐྱེས་བྱ་གཉིད་ལས་སད་པ་བཞིན་དུ། མ་རིག་པའི་གཉིད་ལས་སད་པར་བྱས་ཤིང་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་མངོན་དུ་གྱུར། ་པདྨོ་ཁ་ཕྱེ་བ་ལྟ་བུར་གྱུར་པ་ནི་སངས་རྒྱསོ།། འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ། འཁོར་ལོ་རིན་པོ་ཆེའི་མཐུས་འགྲོ་བ་རྣམས་ལ་དབང་བྱེད་ཅིང་རྒྱལ་སྲིད་འཛིན་པ་ནི་འཁོར་ལོས་སྒྱུར་བ་ཞེས་བྱའོ།། འཁོར་ལོས ་སྦྱར་བའང་རྣམ་པ་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཅན་དང་། དངུལ་གྱི་འཁོར་ལོ་ཅན་དང་། ཟངས་ཀྱི་འཁོར་ལོ་ཅན་དང་། ལྕགས་ཀྱི་འཁོར་ལོ་ཅན་དང་། དེ་ལ་གསེར་གྱི་འཁོར་ལོ་ཅན་ནི ་མཆོག་གོ། དངུལ་གྱི་འཁོར་ལོ་ཅན་ནི་མཆོག་དང་ཉེ་བའོ།། ཟངས་ཀྱི་འཁོར་ལོ་ཅན་ནི་བར་མའོ།། ལྕགས་ཀྱི་འཁོར་ལྷོ་ཅན་ནི་བླ་མའོ།། དེ་ཡང་རིམས་བཞིན་དུ་གསེར་གྱི་འཁོར་ལོ་ནི་གླིང་བཞི་ལ་དབང ་སྦྱར་རོ།། དངུལ་གྱི་འཁོར་ལོ་ཅན་ནི་གླིང་གསུམ་ལའོ།། ཟངས་ཀྱི་འཁོར་ལོ་ཅན་ནི་གླིང་གཉིས་ལའོ།། ལྕགས་ཀྱི་འཁོར་ལོ་ཅན་ནི་གླིང་གཅིག་ལའོ།། དེ་ལ་དབང་སྒྱུར་བའི་ཚུལ་ཡང་གསེར་གྱི་འཁོར་ལོ་ཡོད་པ ་རྣམས་ལ་ནི་མཁར་གྱི་རྒྱལ་ཕྲན་རྣམས་བདག་ཅག་ཉིད་བསུ་ཞིང་མདུན་དུ་འོངས་ནས་འདི་སྐད་དུ། ཀྱེ་ལྷ་སྐྱེ་དགུ་འདི་དག་ནི་ཕྱུག་ཅིང་འབྱོར་ལ། སྐྱེ་བོ་མང་པོས་ཀྱང་རྒྱས་པ་ལགས་ཏེ། བདག་ཅག་ཀྱང ་ལྷའི་ལགས་པས་བདག་ཅག་ལ་ལྷས་ལུང་སྩལ་དུ་གསོལ་ཞེས་ཟེར་རོ།། གང་དངུལ་གྱི་འཁོར་ལོ་ཙན་དེ་དག་ཉིད་རྐང་གིས་བཙུགས་ཏེ་སོང་བའི་འོག་ཏུ་རྒྱལ་ཕྲན་རྣམས་འདུད་པར་བྱེད་དོ།། གང་ཟངས་ཀྱི ་འཁོར་ལོ་ཅན་དེ་དག་ནི་མཁར་གྱི་རྒྱལ་ཕྲན་རྣམས་ཀྱི་དྲུང་དུ་སོང་ནས། ཚིག་གིས་ཐབས་དང་འདུད་པར་འགྱུར་རོ།། ལྕགས་ཀྱི་འཁོར་ལོ་ཅན་གྱིས་ནི་དྲུང་དུ་སོང་ནས་གཅིག་ལ་གཅིག་མཚོན་གཟས་པ་དང་དེའི་འོག་ཏུ ་འདུད་པར་བྱེད་དོ།། །། ཡང་དག་པའི་ངག་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ངག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྫུན་ཏུ་སྨྲ་བ་ཞེས་བྱ་བ་ལ་གང་སྨྲ་བར་བྱ་བའི་དོན་དེ་འདུ་ཤེས ་གཞན་དུ་བོ་ཞིག་ནས་གཞན་དུ་སྨྲ་བ་སྟེ། གང་ལ་སྨྲ་བར་བྱ་བའི་མེ་དེས་དོན་གོ་བར་བྱས་ན་རྫུན་ནོ།། དེ་བས་ན་མངོན་པའི་ཆོས་མཛོད་ལས་འདུ་ཤེས་གཞན་དུ་བསྒྱུར་བའི་ཚིགས། དོན་ཤེས་པ་ལ་སྨོས་ན་རྫུནུ་ཞེས་གསུངས ་སོ།། ངག་རྩུབ་བོ་ཞེས་བྱ་བ་ལ་ཞེ་སྡང་དང་བཅས་པའི་སེམས་ཀྱི་ཕ་རོལ་པོ་མི་དགའ་བར་བྱ་བའི་ཕྱིར་རིགས་དང་རུས་ལ་སོགས་པ་སྐྱོན་སྨོས་པའི་ཚིག་སྨྲས་ནས་གཞན་གྱིས་གོ་བར་གྱུར་ན་ཚིག་རྩུབ་བོ།། ཕྱཝ་མ་ཞེས ་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་བེཅ་སྨྲ་པའི་སེམས་ཉོན་མོངས་པས་ཕ་རོལ་དབྱེ་བར་བྱ་བའི་ཕྱིར་ཕན་ཚུན་བསྒྲལ་བ་ལས་དོན་གྲོ་བར་གྱུར་ན་ཕྲ་མའོ།། དེ་བས་ནུ་མངོན་པའི་ཆོས་མཛོད་ལས་ཀྱང་། ཕྲ་མ་ཉོན་མོངས ་པོ་ཅན་གྱི་སེམས་དང་ཚིག་སྟེ་དབྱེ་བར་བྱ་བའི་ཕྱིར་ཞེས་གསུངས་སོ།། བཀྱིལ་པར་སྨྲ་བ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས། ཁ་གསག་དང་གླུ་དང་མུ་སྟེགས་ཀྱི ་གཙུག་ལག་བཤད་ནས་གཞན་གྱིས་དོན་གོ་བར་གྱུར་ན་ཚིག་བཀྱལ་པ་སྟེ། དེ་བས་ཆོས་མངོན་པའི་མཛོད་ལས་ཀྱང་། ཁ་བསག་གླུ་དང་གླུ་ཚིག་བཞིན།། གཙུག་ལག་ངན་པ་བཞིན་དུ་ཡང་། ཞེས་གསུངས་སོ།། ་དོན་ངག་གི་སྐྱོན་རྣམ་བཞི་སྤངས་ནས། འཇམ་པ་དང་དོན་དང་བཅས་པའི་དམ་པའི་ཆོས་སྟོན་པ་ནི། ཡང་དག་པའི་ངག་ཅེས་བྱ་སྟེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ཡང་དག་པའི་ལས་ཀྱི་མཐའི ་སྐབས་སུ་བཤད་དོ།། ། ཡོང་དག་པའི་ལས་ཀྱི་མཐའ་བསྟུན་པར་བྱ་བའི་ཕྱིར། ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལུས་དང་དོག་དང་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ནུ་ལུས ་དང་ངག་དང་ཡིད་ཀྱི་མི་དགེ་བ་བཅུ་སྤུངས་ནས་ལུས་དང་དག་དང་ཡིད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་བསྒྲུབས་པ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ།། །། མི་དགེ་བ་བཅུ་དང་དགེ་བ་བཅུ་གང་ཡིན་པ ་བསྟན་པའི་ཕྱིར། དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་ནི་ལུས་ཀྱི་མི་དགེ་བ་གསུམ ་ཞེས་བྱ་བ་ལོ། དེ་གསུམ་སྤངས་པ་ནི་ལུས་ཀྱི་དགེ་བ་གསུམ་ཞེས་བྱའོ།། ངག་གི་བཞི་སྟེ་ཞེས་བྱ་བ་ལ། རྫུན་དུ་སྨྲ་བ་དང་། ངོག་རྩུབ་པོ་དང་། ཕྲ་མ་དང་། བཀྱིལ་བར་སྨྲ་བོ་ནི་ངག་གི་མི་དགེ་བ་བཞི་ལ་དེ ་བཞི་སྤོངས་པ་ནི་ངག་གི་དགེ་བ་བཞིའོ།། ཡིད་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཆགས་པ་དང་གནོད་སེམས་དང་ལོག་པར་ལྟ་བ་ནི། ཡིད་ཀྱི་མི་དགེ་བ་གསུམ་ལ། དེ་གསུམ་སྤངས་པ་ནི་ཡིད་ཀྱི་དགེ་བ ་གསུམ་སྟེ། ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་དང་། ཡིད་ཀྱི་མི་དགེ་བ་གསུམ་བསྣོམས་ན་མི་དགེ་བ་བཅུའོ།། ལུས་ཀྱི་དགེ་བ་གསུམ་དང་ངག་གི་དགེ་བ་བཞི་དང་། ཡིད་ཀྱི་དགེ་བ་གསུམ་སྟེ། བསྡོམས་ན ་དགེ་བ་བཅུའོ།། ལས་ཀྱི་ལམ་བཅུ་བྲོ་འདི་དག་རྣམ་པ་བརྒྱད་ཀྱིས་རྣམ་པར་བཞག་སྟེ། ཡན་ལག་ཡོངས་སུ་རྫོགས་པ་དང་། རབ་ཏུ་དབྱེ་བ་དང་། རྒྱུ་དང་གནས་དང་། སྒོ་དང་ལས་ཀྱི་ལམ་ཆེ་ཆུང་དང་འབྲས་བུ་དང་རྣམ་གྲངས་སོ།། དེ ་ལེ་ཡན་ལག་ལྗོངས་སུ་རྫོགས་པའི་དབང་དུ་བྱས་ནས། དེ་ལ་སྲོག་བརྗོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡན་ལོག་ལྔ་དང་ལྡན་ན་སྲོག་གཅོད་པའི་སྲོག་བཅད་བྱ་རྫོགས་པར་འགྱུར་ཏེ། དཾ་ལས་འགའ ་ཞིག་མ་ཚང་ན་ནཱི། སྲོག་བཅད་པ་མ་ཡིན་ནོ།། ཡན་ལག་དང་པོ་བསྟན་པའི་ཕྱིར། སྲོག་ཆ་གོས་ཀྱང་ཡིན་ཞེས་པ་སྨོས་ཏེ། གང་གསད་པར་བྱ་བ་དེ་ཡང་དག་པར་ན་སེམས་ཅན་ནམ་སྲོག་ཆགས་ཡིན་གྱི། མཐོའམ་སྡོང་བུ་ལ ་སོགས་པ་མ་ཡིན་ནོ།། ཡན་ལག་གཉིས་པ་བསྟན་པའི་ཕྱིར། སྲོག་ཆགས་སུ་འདུ་ཤེས་ཀྱང་གྱུར་ཅེས་བྱ་བ་སྨོས་ཏེ། གལ་ཏེ་གང་བསད་པར་བསམས་པ་དེ་ཡང་སྲོག་ཆགས་ཡིན་པར་ཤེས་ཤིང་། སྲོག་བཅད་པ་ཡིན་ཏེ། ་སྡོང་དུམ་ལ་སོགས་པ་ཡིན་ནོ་བའི་འདུ་ཤེས་ཀྱིས་སྲོག་ཚོགས་ལ་བསྣུན་ནས། སྲོག་གཅད་པ་ནི་མ་ཡིན་ནོ།། དེ་ནི་མདོར་ན་འདི་སྐད་བསྟན་པ་ཡིན་ཏེ། གང་བསད་པར་བསམ་པ་དེ་ཉིད་བསད་ཀྱི་ནོར་ཏེ་གཞན་མ་བསད ་ཅེས་བྱ་བའི་དོན་ཏོ།། ཡན་ལག་གསུམ་པ་བསྟན་པའི་ཕྱིར། གསང་སེམས་ཀྱང་སྐྱེས་ཞེས་བྱ་བ་སྨོས་ཏེ་གསད་དོ་སྙམས་པའི་སེམས་ཀྱིས་བསད་སེམས་སྐྱེས་ནས་བསད་ན་ནི་སྲོག་བཅད་པ་ཡིན ་གྱི། གསད་པའི་བསམ་པ་མེད་དོ་ཉོན་མོངས་པ་མེད་པའི་སེམས་ཀྱི་བསད་ན་སྲོག་བཅད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཡན་ལག་བཞི་པ་བསྟན་པའི་ཕྱིར་གནོད་པར་ཡང་བྱས་ཞེས་བྱ་བ་སྨོས་ཏེ། གསད་སེམས ་ཡོད་ཀྱང་གལ་ཏེ་མཚོན་ལ་སོགས་པས་མ་བསྣུན་ན་སྲོག་བཅད་བླ་མ་ཡིན་གྱི། བསད་པར་བསམ་པས་མཚོན་ཆ་ལ་སོགས་པས་ཀྱང་བསྣུན་ཅེས་བྱ་བའི་དོན་ཏོ།། ཡན་ལོག་ལྔ་པ་བསྟན་པའི་ཕྱིར། དེ་ཡང་ཤི།། ་ན་ཞེས་བྱ་བ་གསུངས་ཏེ། གང་གསུད་པར་བྱ་བ་དེ་ཡང་སྲོག་གི་ང་པོའི་རྒྱུན་ཆད་དེ་ཤི་ན་ཡན་ལག་ལྔ་ཚུང་བས་སྲོག་བཅད་པ་རྫོགས་པ་ཡིན་ནོ།། སྲོག་བཅུད་ཅེས་བྱ་བ་ལ་འཚོ་བའི་དབང་པོ་ནི་སྲོག་ཏོ།། དེའི་རྒྱུན ་གནོད་པར་བྱེད་པ་འམ་འགོག་པར་ནི་སྲོག་གཅོད་པའོ།། ཐ་ན་ཆུང་ངུ་ནུ་ཚེ་ཀུན་ཟད་འགགས་ཟིན་ནས་འཚོ་བའི་དབང་པོ་སྐད་ཅིག་མཱ་གཅིག་སྐྱེ་བར་འགྱུར་བའི་བྱར་ཆད་བྱས་ན་ཡང་སྲོག་བཅད་པའི་ཁ་ནཱ་མ་ཐོ་བ་དང ་ལྡན་པར་འགྱུར་ན་གཞན་ལྟ་ཅི་སྨོས། བག་བྱས་པ་དང་མི་མཐོང་བ་མ་གཏོགས་ཏེ་ཞེས་བྱ་བ་ལ་བག་བྱས་བཞིན་པ་ལས་ཤི་བ་དང་སྡོང་པོ་ལ་བསྣུན་ནོ་སྙམ་པ་ལས་མི་ལ་ཕོག་སྟེ་ཤི་བ་དང་མི་ཡོད་པར་མ ་མཐོང་སྟེ། རྡོ་འཕངས་པ་ལ་སོགས་པས་ཤི་བར་གྱུར་པ་ནི་སྲོག་གཅོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། མ་བྱིན་པར་ལེན་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་མ་བྱིན་པར་ལེན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཐུར ་འམ་སྭ་ཥཱ་མ་འཇབ་བུས་གཞན་གྱི་ནོར་བླངས་པ་ནི་མུ་བྱིན་པར་ལེན་པའོ།། དེ་ཡང་ཡན་ལག་ལྔ་དང་ལྡན་ནོ་མ་བྱིན་པར་ལེན་པ་རྫོགས་པར་འགྱུར་ཏེ། བརྐུས་པར་འགྱུར་རོ།། ཡན་ལག་དང་པོ་བསྟན་པའི་ཕྱིར། རྐུ་སེམས ་ཀྱིས་ཞེས་བྱ་བ་གསུངས་ཏེ། གསལ་ཏེ་གནས་འདིར་རྫོས་བཞན་ན་སྟོར་བར་འགྱུར་བས་གཞན་དུ་བཞག་གོ་སྙམ་པའི་དགེ་བའི་སེམས་ཀྱིས་བླངས་པ་ནི་མ་ཡིན་གྱིས་གཞན་གྱི་ནོར་ལ་ཆགས་པས་དེ་བརྐུའོ་སྙམ་སེམས་པའོ།། ། ་ཡན་ལག་གཉིས་པ་བསྟན་པའི་ཕྱིར། ཕ་རོལ་གྱིས་ཞེས་བྱ་བ་སྨོས་ཏེ། བདག་གི་ནོར་ནི་མ་ཡིན་གྱི་སེམས་ཅན་གཞན་གྱི་ནོར་ཞེས་བྱ་བའི་དོན་ཏོ།། ཡན་ལག་གསུམ་པ་བསྟན་པར་བྱ་བའི་ཕྱིར། ནོར་ཞེས་བྱ་བ་སྨོས་ཏེ། ་སེམས་ཅན་གཞན་གྱིས་བདག་གྲོར་བྱས་པའི་འབྲུ་དང་གཏེ་རོ་ལ་སོགས་པའི་རྗེས་སོ།། ཡན་ལག་བཞི་པ་བསྟུན་པ་ནི་སྦྱོར་བར་བྱེད་པ་སྟེ། རང་གི་གནས་ནས་འཕགས་པ་དང་། ལམ་དུ་ཞུགས་པ་དང་། ཁང་ཁྱིམ ་འབུགས་པ་ནས་ནོར་རྫས་ལག་གིས་རིག་པའི་བར་དུའོ།། ཡན་ལག་ལྔ་པ་བསྟན་པར་བྱ་བའི་ཕྱིར། བདག་གིར་བྱེད་པ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་ནོར་རྫས་གནས་ནས་སྦགས་ནས་བདག་ཁོ་ནའི་ནོར་དུ་བྱས ་ན་ཡན་ལག་རྫོགས་པ་ན་མ་བྱིན་པར་བླངས་པར་འགྱུར་རོ།། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་རྒྱུན་བརྐུས་པ་བདག་པོ་མེད་ན་སུ་ལས་བརྐུས་པ་ཡིན། སྨྲས་པ་དེ་སངས་རྒྱས་ལས་བརྐུས་པ་ཡིན་ཏེ། དེ་དག ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་ངན་ལྔས་འདས་པའི་ཚེ། ཡོངས་སུ་གཟུང་ཞིང་བཞེས་པས་སོ།། དགེ་སློང་ཤི་བའི་ནོར་བདག་པོ་མེད་པ་བརྐུས་ན་སུ་ལུས་བརྐུས་པར་འགྱུར། སྨྲས་པ་གསོལ་བ་དང་ཞུ་བའི་ལས ་བྱས་ན་ནི་མཚམ་སུ་གཏོགས་པའི་སངས་རྒྱས་ཀྱི་སྲས་རྣམས་ལས་བརྐུས་པར་འགྱུར་རོ།། ལས་མ་བྱས་ན་ནི་སངས་རྒྱས་ཀྱི་སྲས་ཐམས་ཅད་ལས་བརྐུས་པ་ཡིན་ནོ།། མཆོད་རྟེན་ལས་བརྐུས་པ་གང་ལས་བརྐུས་པར་འགྱུར།། ་དེདོ་ཡང་དེ་བཞིན་གཤེགས་པ་ཉིད་ལས་བརྐུས་པར་འགྱུར་རོ།། བདག་པོ་མེད་པའི་གཏེར་བྱིན་ན་སུ་ལ་བརྐུས་པ་ཡིན། ཡུལ་གྱི་བདག་པོ་སྟེ། རྒྱལ་པོ་ལས་བརྐུས་པ་ཡིན་ནོ།། མ་དང་ཕ་ཞེས་བྱ་བ་ལ་སོགས་པ་ནི་ཕ་མ་ལ ་སོགས་པའི་ནོར་ཡིད་བཅུགས་པ་བླངས་ཀྱང་མི་དཀའ་བར་མི་འགྱུར་བའི་ནོར་བླངས་པ་ནི་མ་བྱིན་པར་བླངས་པ་མ་ཡིན་ནོ།། དེ་དག་ལ་ཡང་སྟོང་གཡོགས་དང་སྨད་གཡོགས་ལ་སོགས་པ་ལུས་ལ་གྱོན་བཞིན་པ་ལེན་པ་དང་། ཁ་ཟས ་ཟ་བ་བཞིན་འཕྲོག་པ་ནི་དེ་དག་མི་དགའ་བར་འགྱུར་བས་ན་མ་བྱིན་པར་བླངས་པ་ཡིན་ནོ།། འདོད་པས་ལོག་པར་སྤྱོད་པ་བསྟན་པའི་ཕྱིར་འདོད་པ་ལོག་པར་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བུད ་མེད་ལ་གཡེམ་པ་དང་ཞེས་བྱ་བར་སྦྱར་རོ།། མདོར་ན་གཞན་གྱིས་བདག་གིར་བྱས་པའི་བུད་མེད་རྣམས་ལ་མཐུའམྱ། རྐུན་བུར་སྤྱོད་པ་ནི་འདོད་པས་ལོག་པར་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔ་བཞུག་གོ། ལྷ་གང་ཞེ་ན། ་འགྲོ་བ་མ་ཡིན་པར་འགྲོ་བ་དང་ཡན་ལོག་མ་ཡིན་པར་འགྲོ་བ་དང་། མི་རིགས་པར་འགྲོ་བ་དང་། གནས་མ་ཡིན་པར་འགྲོ་བ་དང་། ས་མ་ཡིན་པར་འགྲོ་བའོ།། འགྲོ་བ་མ་ཡིན་པར་འགྲོ་བ་ཡང་རྣམ་པ་ལྔ་སྟེ། ཁྱོས་བསྒྲེངས་པ ་དང་། རྒྱལ་པོས་བསྲུངས་པ་དང་། ཕམྦྷས་བསྲུངས་པ་དང་། ཆོས་ཀྱིས་བསྲུངས་པ་དང་། འགྲོ་བས་བསྲུངས་པའོ།། དེ་ལ་ཁྱོས་བསྲུངས་པ་ནི་གང་གི་བག་མར་བླངས་ནས་བདག་གི་ཆུང་མར་བྱས་པའོ།། རྒྱལ་པོས ་བསྲུངས་པ་ནི། གླང་ཁྱོ་ཤི་བར་གྱུར་པ་ནི་བུད་མེད་ཡུག་ས་འམ། མགོན་མེད་པ་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཁྲིམས་སུ་བཅས་ཏེ། སྤྱོད་དུ་མྱ་གནང་བར་བྱས་པའོ།། ཕྲ་མས་བསྲུངས་པ་ནི་བུ་མོ་དེ་གཞན་ལ་མུ་བྱིན་གྱི ་གཞན་དང་འཁྲིར་མི་གཞུག་པའི་ཕྱིར་ཕ་མའི་གོ་ན་གནས་པའོ།། ཆོས་ཀྱིས་བསྲུངས་པ་ནི་དགེ་སློང་མྱ་འམ་ཁྲིམས་མནོས་པ་ཐམས་ཅད་ངོ་།། འགྲོ་བས་བསྲུངས་པ་ནི། འགྲོ་བ་མང་པོས་ཁྲིམས་སུ་བཅས་ཏེ། འདོད་ཆགས ་སྤྱོད་དུ་མི་སྟེར་བའོ།། དེ་ལ་ཁྱོས་བསྲུངས་པ་ལ་སྤྱད་ན་ཁྱོད་ལས་འདོད་པས་ལོག་པར་སྤྱད་པ་ཡིན་ནོ།། རྒྱས་པོས་བསྲུངས་པ་ལ་སྤྱད་ན། རྒྱལ་པོ་ལས་ཕྲོགས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མོ་བཟོད་པར ་བྱ་བའི་ཕྱིར། རྒྱལ་པོ་དེ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུམ་མོ་དུས་ཁྲིམས་མནོས་པའི་ཚེ་སྤྱད་ན་རྒྱལ་པོ་ཉིད་མི་ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་དང་ལྡན ་བ་བཞིན་དུ་དོན་འདི་ཡང་འདྲ་བར་བལྟའོ།། ཆོས་ཀྱི་བསྲུངས་པ་དགེ་སློང་མ་ལ་མི་ཚངས་པར་སྤྱོད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། རྒྱལ་པོ་ལས་རྐུས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱས་པ ་ཡིན་པས་སོ།། རྒྱལ་པོ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་མོ་དུས་ཁྲིམས་མནོས་པ་ལ་སྤྱད་བ་དང་འདྲ་བར། ཁ་ན་མ་ཐོ་བ་ཐོབ་པར་འགྱུར་རོ།། འགྲོ་བས་བསྲུངས་པ་ལ ་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། འགྲོ་བ་མང་པོ་ལས་བརྐུས་ཤིང་མི་ཚངས་པར་སྤྱོད་པར་འགྱུར་རོ།། ཡན་ལག་མ་ཡིན་པར་འགྲོ་བར་ནི། རང་གི་ཁ་དང་མི་གཙང་བའི་ལམ་དང་། བདག་གི་ཆུང་མ ་ལོ་ཡང་། ཁ་རྐུ་བ་ལ་སོགས་པ་སྤྱད་པར་བྱ་བ་མ་ཡིན་པའི་གནས་སུ་སྤྱོད་པའོ།། མི་རིགས་པར་འགྲོ་བ་ནི་མ་དང་སྲིང་མོ་ལ་སོགས་པའི་རིགས་ཀྱི་རྒྱུད་དང་འབྲལ་པ་རྣམ་འགྲོ་བའོ།། གནས་མ་ཡིན་པར་འགྲོ་བ་ནི། གཡེལ ་བ་ཀུན་གྱིས་མཐོང་བའི་གནས་སམ། མཆོད་རྟེན་དང་། གཙུག་ལག་ཁང་ལ་སོགས་པའི་གནསུ་སྤྱོད་པའོ།། དུས་མ་ཡིན་པར་འགྲོ་བ་ནི། ཉིན་པར་བདག་གི་ཆུང་མ་ཁྲག་འཛག་པ་ལ་ལྟོ་སྣུམ་པ་འམ། བྱི་བ་ཆུང་ངུ་ནུ་མ ་མཐུན་པའི་ཚེ་སྤྱོད་པ་སྟེ་སྦྲུམ་པའི་ཚེ་སྤྱོད་ན་ནི། མངལ་ན་གནས་པ་ལ་གནོད་པ་དང་། བྱི་བ་ཆུང་ངུ་འོ་མ་འཐུང་བའི་ཚེ་སྤྱད་ན་ནི། འོ་མ་མྱུར་དུ་ཟད་པར་འགྱུར་ལ། འོ་མ་འཐུངས་ཀྱང་དེ་ལ་ལུས་བརྟས་པ་དང་རྒྱས་པར་མི་འགྱུར་བའི་ཕྱིར ་སྤྱད་དུ་མི་རུང་ངོ་།། ལུས་ཀྱི་མི་དགེ་པ་གསུམ་རྒྱས་པར་བཤད་པ་སྔ་བའི་ཕྱིར། འདི་ནི་ལུས་ཀྱི་རྣམ་པ་གསུམ་མོ་ཞེས་བྱ་བ་གསུངས་སོ།། འདོད་པས་ལོག་པར་སྤོད་ཅེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། འདོད་པ ་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་འདོད་པ་ཞེས་བྱ་བའི་ཚིག་འདི་ནི་ངན་པ་འཕགས་པ་རྣམས་ཀྱི་སྐུད་པ་ཡིན་བྱས། དེ་ཕྱིར་འདོད་པས་ལོག་པ་ནོར་གཡེམོ་པ་ཞེས་བྱའོ།། དེ་ཡང་ཡན་ལག་ལྔ་རྫོགས་པ ་ན། འདོད་པསོ་ལོག་པར་སྤྱོད་པ་ཡིན་ཏོ།། ཡན་ལག་ལྔ་ནི་བུད་མེད་ཀྱང་ཡིན། སྒོ་གསུམ་ཡང་མ་ཉམས་ཆགས་སེམས་ཀྱང་ཡོང་སྒོ་གསུམ་དུ་ཡང་བཅུག་དགའ་བར་ཡང་ཚོར་བའོ།། རྫུན་དུ་སྒྲུབ་བསྟན་པའི་ཕྱིར། རྫུན ་གང་ཞེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་མ་ཡིན་པའི་ཚིག་ནི་རྫུན་ནོ།། དེ་ཡང་འཇིག་རྟེན་གྱི་ཕྱིར་དང་། འཇིག་རྟེན་ལྔས་འདས་པའི་ཕྱིར་ཏེ། རྣམ་པ་གཉིས་སུ་བཞག་གོ།། དེ་ལ་འཇིག་རྟེན་གྱི་དབང་དུ ་བྱས་ནས། དབང་དྲིས་ན་ཡང་དག་པ་ཇི་ལྟ་བ་ལས་ལོག་པར་སྨྲ་བ་ཞེས་གསུངས་ཏེ། མི་གཉིས་ཤིག་ཤགས་ལ་ཞུགས་པ་ན་དགེ་བའི་མི་རྣམས་ཀྱིས་ལ་ལ་ཞིག་ལ་དབང་དུ་བསྐོས་ཏེ། མི་འདི་གཉིས་ཀྱི་ཕྱིར་སྨྲས་པ ་རྣམས་ཇི་ལྟར་ཐོས་པ་དང་། མཐོང་བཞིན་དུ་སྨྲོས་ཤིག་ཅེས་བསྒོ་བ་དང་། བདག་གི་དོན་ནམ་གཞན་བསླུ་བར་བྱ་བའི་ཕྱིར་དབང་དེ་དྲིས་པའི་དུས་ན་ཐོས་པ་དང་མཐོང་བ་ལ་སོགས་པ་ཡང་དག་པ་ཇི་ལྟ་བཞིན ་དུ་དྲང་པོར་མི་སྨྲ་མི་སྨྲའི། གཞན་དུ་སྨྲ་བ་ནི་རྫུན་ཞེས་བྱའོ།། རྫུན་དུ་སྨྲ་བའི་མི་དེས་ཀྱང་དྲོན་ཤེས་པའི་མདུན་དུ་སྨྲ་བ། གོ་བར་འགྱུར་ན་རྫུན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། དེ་བས་ན་རྫུན་གྱི་མཚན་ཉིད་གཞན ་དུ་འདུ་ཤེས་པའི་ངག་དོན་ཤེས་པའི་མདུན་དུ་སྨྲས་ནི་རྫུན་འགྱུར་ཞེས་པཤད་དོ།། འཇིག་རྟེན་ལས་འདས་པ་འི་དབང་དུ་བྱས་ནས། དགྲ་མ་བཅོམ་པ་ལ་དགྲ་བཅོམ་པའོ་ཞེས་བྱ་བ་གསུངས་ཏེ། དགྲ་ནི་འདོད་ཆག ་ལ་སོགས་པའི་ཉོན་མོངས་པའོ།། དེ་བཅོམ་པ་ནཱི་དགྲ་བཅོམ་པ་འམ། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པས་འགྲོ་བ་ཀུན་གྱིས་མཆོད་པར་འོས་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཁེ་དང་བཀུར་སྟི་ལ་ཆགས་པའི ་རྒྱུད་དགྲ་བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲས་ན། རྫུན་ཞེས་བྱ་སྟེ་བཞང་གླད་ཀྱི་ཕྱིར་བྱས་པ་ནི་རྫུན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྨྲས་པ་དོན་གང་གིས་གོ་བར་བྱ་བ་དེ་ལུས་ཀྱིས་གོ་བར་བྱས་ན། ་རྫུན་དུ་འགྱུར་རམ། སྨྲས་པ་དེ་ཡང་འགྱུར་ཏེ་དེའི་ཕྱིར་བཤད་པ་འདི་ལྟར་ཚིག་མི་འབྱོན་ནི་རྔོན་གྱོས་ཁ་ན་མ་ཐོ་བས་རེག་པ་ཡོད་དམ། ཡོད་དེ་ལུས་ཀྱི་གལ་ཏི་གོ་བར་བྱིད་ནའོ་ཞེས་དཔེར་ན་གསོ་སྦྱིན་གྱིས ་བཤད་པའོ།། ཡན་ལག་བཞི་དང་ལྡན་ན་རྫུན་བྱས་པར་འགྱུར་ཏེ། ཁེ་དང་བཀུར་སྟི་ལ་ཆགས་པས་བདག་གི་ཕྱིར་དང་། རྫུན་སླུ་བར་བསམས་པ་དང་། གཞན་གྱིས་གོ་བར་གྱུར་པའོ།། ཕྲ་མ་བསྟན་པར་བྱ་བའི་ཕྱིར། ཕྲ་མ་གང་ཞེ་ན་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། མཛའ་བ་དབྱེ་བར་བྱ་བའི་ཕྱིར་བསམ་པས་ཕན་ཚུན་ཚིག་སྐྱེལ་བ་ནི་ཕྲ་མ་སྟེ། དེ་ཡང་ཡང་དག་པའི་ཚིག་སྐྱེལ་བ་དང་། ཡང་དག་པ་མ་ཡིན་པའི་ཚིག་སྐྱེལ་བ་སྟེ་རྣམ་པ་གཉིས།། དེ་ལ་བདེན་པ་ཞེས་བྱ་བས ་ཡོཡང་དག་པའི་ཚིག་སྐྱེལ་བ་བསྟན་ཏེ། གཞན་གྱིས་གཞན་དག་ལ་མི་དགའ་བའི་ཚིག་སྨྲས་པར་ཡང་བདེན་ལ། དེ་ཉིད་སྒྲོ་མ་བཏགས་པར་ཕན་ཚུན་སྐྱེལ་བའོ།། ཡང་དག་པ་མ་ཡིན་པ་ནི་གཞན་གྱིས་གཞན་དག་ལ་ཚིག་མི་སྙན་པ་མོ་སྨྲས ་ཀྱང་། སྒྲོ་བཏགས་ནས་ཕན་ཚུན་ཚིག་སྐྱེལ་བ་སྟེ། དེ་ལྟ་བུའི་སྒོ་ནས་མཛའ་བ་འབྱེད་པར་བྱེད་པའི་ཚིག་སྨྲས་ཞིང་བྱེ་བར་གྱུར་ན་ཕྲ་མའོ།། ཡན་ལག་བཞི་དང་ལྡན་ན་ཕྲ་མ་བྱས་པ་ཡིན་ཏེ། ཕྲ་མ་བྱ་བར་ཡང་བསམས་ཕྲ་མའི་ཚིག ་ཀྱང་སྨྲས། གཞན་གྱིས་ཀྱང་དོན་གོ་བར་ཡང་གྱུར་པའོ།། ཚིག་རྩུབ་པོ་བསྟན་པའི་ཕྱིར། དེ་ལ་ངག་རྩུབ་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ང་ལ་གཞོན་གྱིས་ཞེར་འདེབས་པའི་ཚིག་ནི་ཚིག་རྩུབ་པའོ།། དེ་ཉིད་བསྟན།། ་པབཔར་བྱ་བའི་ཕྱིར། འདི་ནི་སྡུག་བསྔལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གི་སེམས་ཀྱིས་གཞན་གྱི་སེམས་ལ་སྡུག་བསྔལ་བར་འདོད་དེ། གང་གཞན་གྱི་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་པའི ་ཚིག་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨྲ་བ་ནི་ཚིག་རྩུབ་པོ་ཞེས་བྱའོ།། ཡན་ལག་བཞི་དྲང་ལྡན་པའི་ཚིག་རྩུབ་པོ་སྨྲས་པ་ཡིན་ཏེ། ཞེ་སྡང་བའི་སེམས་དང་ཚིག་རྩུབ་པོ་སྨྲ་བར་བསམས་པ་དང་། ་སྨྲས་པ་དང་། དེའི་རྒྱུས་གཞན་ཡང་སེམས་ལ་སྡུག་བསྔལ་བར་འགྱུར་བའོ།། ཚིག་བཀྱིལ་པ་བསྟན་པར་བྱ་བའི་ཕྱིར་བཀྱིལ་པར་སྨྲ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་རྣམ་པར་བྱང་བ་ཐོབ་པ ་དང་། ཉོན་མོངས་པ་འཇོམས་པར་བྱེད་པའི་དོན་དང་། ཆོས་ཀྱི་གཏམ་མ་ཡིན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཚིག་སྨྲ་བ་ནི་བཀྱིལ་བར་སྨྲ་བ་ཞེས་བྱའོ།། དེ་ཉིད་གང་ཡིན་པ་རྒྱས་པར་བསྟན ་པ་ནི། རྒྱལ་པོའི་གཏམ་ཞེས་བྱ་བ་ལོ་སོགས་པའོ།། སྔོན་རྒྱལ་པོ་ཤྲཱི་ཧེ་རི་ཤ་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་དང་བློན་པོ་དང་ཕོ་བྲང་ལ་སོགས་པ་འདི་འདྲའོ་ཞེས་སྨྲ་བ་ནི་རྒྱལ་པོའི་གཏམ་མོ།། རྐུན་པོ་འགའ་འམ ་སྡེར་ཆས་པ་ཆེ་གྲེ་མོ་ཞིག་གིས་གཞན་གྱིས་གནས་བཅོམ་ནས་རྫས་ལ་སོགས་པ་འདི་ལྟ་རོ་ཞེས་སྨྲས་པ་ནི་རྐུན་པོའི་གཏམ་མོ།། རྒྱལ་པོ་སྡེ་གཉིས་ལས་དམག་གིས་འཐབས་པ་ན་དཔའ་བོ་ནི་འདི་སྙེད། གླང་པོ་ནི་འདི ་སྙིང་། རྟ་ནི་འདི་སྙེད། དཔུང་བུ་ཆུང་ནི་འདི་སྐད་ཅིག་སྟེ། མཐའ་འདི་ལྟར་འགྱུར་རོ་ཞེས་སྨྲ་བ་ནི་དམག་གི་གཏམ་མོ།། བདག་གི་ཕ་མ་ཉེ་དུ་གཉེན་བཤེས་སམ་མཛའ་བོ་རྣམས་དང་དུས་འདིའི་ཚེ། བཟའ་བ་འདི་ལྟ ་བུ་དང་། བཏུང་བ་འདི་ལྟ་བུ་དག། སྤྱོད་སྤྱོད་དེ་འདི་ལྟར་དགའ་བར་གནས་ཤེ་འམ། ཕྱིས་ཀྱང་བཟའ་བ་དང་བཏུང་བ་འདི་ལྟ་བུ་དག་བྱའོ་ཞེས་སྨྲ་བ་ནི། ཆང་གི་གཏམ་མོ།། རྒྱན་པོ་འདི་གཉིས་རྒྱན་བཀྱེ་བ་ལས་འདི་ཕམ། ་འདི་རྒྱལ་ཞེས་འམ། བདག་ཅག་ཀྱོང་རུས་འདི།། རྒྱན་པོ་འདི་ལྟར་བརྒྱའོ་ཞེས་སྨྲ་བོ་ནི། རྒྱན་པོའི་གཏམ་མོ།། སྔོན་ནམ་ད་ལྟར་འགྲོ་བ་བཟང་མོ་འདི་ལྟ་བུ་དག་བྱུང་སྟེ། སྐྱེས་བུ་འདི་དག་དང་རྟག་ཏུ་འགྲོགས། བདག་ཀྱང ་འགྲོ་བ་བཟང་མོ་འདི་ལྟ་བུ་འདི་སྙེད་ཅིག་དང་འགྲོགས་ཏེ་སྤྱོད་པ་འདི་འདྲ་ཞེས་སྨྲ་བ་ནི་བུད་མེད་ཀྱི་གཏམ་མོ།། སྔོན་གྱི་རྒྱལ་པོ་དང་། བློན་པོ་དང་བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ཤེས་པ་དང་། དཔའ་བའི་གཏམ་གྱི ་རྒྱུད་གླེང་བ་ནི་སྲུང་གཏམ་མོ།། གཞན་ཡང་གླུ་ལེན་པ་དང་མུ་སྟེག་ཀྱི་གཙུག་ལག་ལ་སོགས་པ་འཆད་པ་ཡང་ཚིག་བཀྱིལ་པ་ཞེས་བྱའོ།། འོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུས་ན། གླུ་ལེན་པ་དེ་ཡང་བཀྱིལ་པ་ཡིན ་ནམཱ་མ་ཡིན་ཏེ། འཁོར་བ་ལས་བྱུང་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཚིག་དག་གླུ་དང་སྦྱར་ཏེ། ལེན་ལ་གྲོང་མའི་ཚིག་ལྟ་བུར་མ་རིག་ས་པས་བསྡུས་པ་མེད་པས་ན་ཉེས་པ་མེད་དོ།། ཡན་ལག ་བཞི་དང་ལྡན་ན་ཚིག་བཀྱིལ་བར་སྨྲ་བ་ཡིན་ཏེ། ཡན་ལག་བཞི་ནི་ཆགས་པའི་བསམ་པ་དང་ལྡན་པ་དང་། ཚིག་བཀྱིལ་བར་སྨྲ་བ་བསམ་པ་དང་། ཚིག་བཀྱིལ་པར་སྨྲས་པ་དང་། གཞན་དག་གིས་ཀྱང་ཐོས་ཏེ ་ཆགས་པ་སྐྱེས་པའོ།། གང་གིས་ལས་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་འདི་ནི་ངག་གི་རྣམ་པ་བཞིའོ་ཞེས་བྱ་བ་གསུངས་སོ།། ཆགས་སེམས་བསྟན་པའི་ཕྱིར། དེ་ལ་ཆགས་པ་གང་ཞེ་ན་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། གང་གཞན་གྱི་ནོར་དེ་རྣམས་བདག་གིར་གྱུར་ཅིག་ཅེས་བྱ་བ་ལ། གང་སེམས་ཅན་གཞན་གྱི་ནོར་འབྲུའི་དངོས་པོ་དང་། གཏེར་གྱི་དངོས་པོ་དང་། ཡུལ་གྱི་དངོས་པོ་རྣམས་ལ་ཆགས་པས་དེ་དག ་ལྟར་བདག་གིར་གྱུར་པར་བྱ་ཞེས་བསམས་ཏེ། གཞན་གྱི་ནོར་ལ་མཐུ་དང་འཛག་བུ་ལ་སྩོགས་པས་བརྐུས་ནས་བདག་གིར་བྱེད་པར་འདོད་པ་ནི་ཆགས་པ་ཞེས་བྱའོ།། ཡན་ལག་གསུམ་དང་ལྡན་ན་ཆགས་སེམས་སུ་འགྱུར ་ཏེ། ཆགས་པའི་བསམ་པ་ཡང་ཡོད། ནོར་ལ་བརྐུ་བར་ཡང་སེམས། བརྐུ་བར་བྱ་བའི་སྦྱོར་བ་ཡང་རྩོམ་པའོ།། གནོད་སེམས་བསྟན་པར་བྱ་བའི་ཕྱིར། དེ་ལ་གནོད་སེམས་གང་ཞེ་ན་ཞེས་བྱེ་བ་ལ་སོགས་པ་གསུངསོ།། ་ཞེ་སྡང་གི་སེམས་ཀྱི་གཞན་གྱི་འཚོ་བ་དང་འབྲལ་བར་བྱ་བ་འམ། ལུས་ལ་གནོད་པར་བྱ་བ་སེམས་པ་ནི་གནོད་སེམས་སོ།། དེ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། ཕ་རོལ་འཚོ་བ་དང་དཔྲལ་བར་ཞེས་བྱ་བ་གསུངས་ཏེ། ་འཚེ་བ་དང་དབྲལ་བ་སེམས་པ་ནི་གཞན་དག་གསང་བར་སེམས་པའོ།། བཅད་པ་ནི་མཚོན་ཆ་ལ་སོགས་པས་ཡན་ལག་གཏུབ་པས་སེམས་པ་འམ། ནོར་ལ་སོགས་པ་དང་དབྲལ་བར་སེམས་པའོ།། གཟིར་བ་ནི ་བཅིང་བ་དང་བརྡེག་པ་ལ་སོགས་པར་སེམས་པའོ།། ཡན་ལག་གསུམ་དང་ལྡན་ན་གནོད་སེམས་སུ་འགྱུར་ཏེ་ཞེ་སྡང་དང་ལྡན་པ་དང་། གནོད་པར་བྱ་བར་སེམས་པ་དང་། གནོད་པར་བྱ་བའི་ཕྱིར་སྦྱོར་བ་ལ་རྩོམ་པའོ།། ལོག ་པའི་ལྟ་བ་བསྟན་པར་བྱ་བྱའི་ཕྱིར། དེ་ལ་ལོག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། དེ་ཡང་འཇིག་རྟེན་འོད་མོད། འཇིག་རྟེན་ཕ་རོལ་མེད ་ཅེས་བྱ་བ་ལ་སོགས་པ་གོང་མོ་ལས་བཟློག་པའོ།། ལོག་པའི་ལྟ་བས་ཆོས་ལྔ་ལ་སྒྲུབ་འདེབས་ཏེ། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་སྐུར་པ་འདེབས་པ་དང་། ས་བོན་འཇོག་པ་དང་གཞི་ལ་སྐུར་པ་འདེབས་པ་དང་། རྒྱུ ་ལ་སྐུར་པ་འདེབས་པ་དང་། འབྲས་བུ་ལ་སྐུར་པ་འདེ་བྱས་པ་དང་། དམ་པའི་དངོས་པོ་ཆུང་ཟ་བར་བྱེད་པའོ།། དེ་ལ་འཇིག་རྟེན་འདི་མེད་འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་མི་འགྲོ་བ ་སྐུར་པ་འདེབས་པའོ།། མ་མེད་པ་མེད་ཅེས་བྱ་བ་ནི་ས་བོན་དང་བཞིའི་བྱ་བ་ལ་སྐུར་པ་འདེབས་པའོ།། སྦྱིན་པ་མེད་སྦྱིན་སྲེག་མེད། འདོད་པ་དང་མི་འདོད་པ་མེད་ཅེས་བྱ་བ་ནི་རྒྱུ་ལ་སྒྱུར་པ་འདེབས་བྱའོ།། ལེགས་པར་བྱས་པ ་དང་ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་མེད་ཅེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ།། འཇིག་རྟེན་ནོ་ཡང་དག་པར་སོང་བ་དང་། ཡང་དག་ཞུགས་པ་མེདོ་ཅེས་བྱ་བ་ནི་དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ།། ཡན ་ལག་གསུམ་དང་ལྡན་ན་ལོག་པའི་ལྟ་བ་ཡིན་ཏེ། གཏི་མུག་དང་ལྡན་པ་དང་། འཇིག་རྟེན་ཕ་རོལ་མེད་དོ།། ཞེས་བྱ་བ་ལ་སོགས་པར་སེམས་ཡིད་ཆེས་པ་དང་། དེ་བཞིན་དུ་ཚིག་ཏུ་ཡང་འབྱིན་པའོ།། རབ་ཏུ ་དབྱེ་བ་ནི། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བཞིར་བཞག་སྟེ། དངོས་པོ་དང་བསམ་པ་དང་སྦྱོར་བ་དང་། མཐར་ཐུག་པོའོ།། དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དངོས་པོ་ནི་དངོས་པོ་གང་ལ་བརྟེན་ནས་སྲོག ་བཙོད་པ་ལ་སོགས་པ་འབྱུང་བ་སྟེ། དེ་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་སྟེ། རྣམ་པ་གཉིས།། བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་པ་དང་། དེའི་ལས་བྱ ་བར་འདོད་པའི་སེམས་སྐྱེས་པའོ།། སྦྱོར་བ་ནི་དེའི་ལས་བྱ་བའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་རྩོམ་པ་འཇུག་པའོ།། ཡོངས་སུ་རྫོགས་པ་ནི་སྦྱོར་བ་དེ་དང་དེ་ལྔ་དེ་དག་དེའི་དུས་ན་མཐར་ཕྱིན་པར་བྱས་པ་འོམ།། ་ཕྱིས་མཐར་ཕྱིན་པར་བྱས་པའོ།། དེ་ལ་སྲོག་བཅོད་པའི་དངོས་པོ་ནི་མི་དགེ་བ་དང་ཕྱུགས་ལ་སོགས་པ་སེམས་ཅན་གྱི་གྲངསུ་གཏོགས་པའོ།། བསམ་བྱ་ནི་སེམས་ཅན་ཡིན་པར་ཡང་ཤེས་ལྔ། དེ་གསང་པར་ཡང་བསམས ་པོའོ།། སྦྱོར་བ་ནི་དེ་ལ་འགའ་ཞིག་ཕྱུགས་བསད་པར་འདོད་ནས། ཁྲི་ལས་ལྡང་རིན་བླངས་ལམ་དུ་ཞུགས། སྣ་ནས་ཁྲིད་བྲན་ཁྱིམ་དུ་བཅུག། མཚོན་གྱིས་བསྣུན་ཏེ། ཚོན་གཅིག་གཉིས་ལ་སོགས་པ་ཇི་སྲིད་དུ ་འཚོ་བ་དང་བྲལ་བར་མ་གྱུར་གྱིས་ལས་བྱེད་པ་ནི་སྦྱོར་བྱའོ།། ཡོངས་སུ་རྫོགས་པ་ནི་སྲོག་ཆགས་དེ་སྦྱོར་བ་དེས། དེའི་ཚེ་ཤི་འམ་ཕྱིས་ཤི་བར་གྱུར་པའོ།། མ་བྱིན་པར་ལེན་པའི་དངོས་པོ་ནི་མི་དང་ཕྱུགས་ལ་སོགས་པའི ་སེམས་ཅན་གྱི་དངོས་པོ་འམ། འབྲུ་དོང་གཏེར་ལ་སོགས་པ་སེམས་རྐྱེན་མ་ཡིན་པའི་དངོས་པའོ།། བསམ་བུ་འདི་ནི་དངོས་པོ་དེ་ཀུན་ཡིན་པར་ཤེས་ལ། གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་བདག་གིར་བྱ་བྱར ་འདོད་པའོ།། སྦྱོར་བ་ནི་ཁྲི་ལས་ལྡང་ངོ་ལམ་དུ་འཇུག་གོ།། ཁྱིམ་འབིགས་པཱ་ལ་སོགས་པ་བྱེད་པ་ནས། ཇི་སྲིད་དུ་དངོས་པོ་མེ་བླངས་ཀྱི་བར་གྱི་ལས་བྱེད་པའོ།། ཡོངས་སུ་རྫོགས་པ་ནི་མཐུ་འམ་འཇབ་བུས་དངོས ་པོ་དེ་དག་བདུག་གིར་བྱས་པའོ།། འདོད་པས་ལྡོག་པར་སྤྱོད་པའི་དངོས་པོ་ནི་འགྲོ་བར་བྱ་བ་མྦྷ་ཡིན་པ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པོ་ཉིད་ངོ་།། བསམ་པ་ནི་བུད་མེད་ལ་སྩོགས་པ་ཡིན་དུར་ཡང ་ཤེས་ལ། དེ་ལ་ཀུན་ཏུ་སྤྱད་པར་བྱ་བར་འདོད་པ་སྐྱེས་པའོ།། སྦྱོར་བ་ནི་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར་སྟན་ལས་ལངས་ནས་བུད་མེད་ཀྱི་གནས་སུ་ཕྱིན་ཏེ། མགོ་དང་རྐང་ལག་ལ་སོགས་པ་ལ་འཛིན་པའི་བར་གྱི་ལས་བྱེད ་པའོ།། ཡོངས་སུ་རྫོགས་པ་ནི་གཉིས་ཀྱིས་གཉིས་སྤྲད་པའོ།། རྫུན་དུ་སྨྲ་བའི་དངོས་པོ་ནི་མཽ་ལ་སོགས་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་འབྲུ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང་། ་མཐོང་བ་དང་ཐོས་པ་དང་རིགས་པ་དང་ཤེས་པ་དང་མ་མཐོང་བ་དང་མ་ཐོས་པ་དང་མ་རིགས་པ་དང་མ་ཤེས་པའོ།། བསམ་པ་ནི་ཤེས་བཞིན་དུ་གཞན་དུ་འདུ་ཤེས། གཞན་དུ་སྨྲ་བར་འདོད་པའོ།། སྦྱོར ་བ་ནི་དེའི་ཕྱིར་ཁྲི་ལས་ལྡང་བ་དང་ལམ་དུ་འཇུག་པ་དང་། སྨྲ་བར་རྩོམ་པའི་བར་དུའོ།། ཡོངས་སུ་རྫོགས་པ་ནི་དབང་གི་འཁོར་ཚོགས་པའི་དབུས་སུ་རྫུན་གྱི་ཚིག་སྨྲས་པའོ།། ཕྲ་མའི་དངོས་པོ་ནི་དུམ་པའི་སེམས ་ཅན་དང་མོ་དུམ་པའི་སེམས་ཅན་ཏེ། ཕྱོགས་གཉིས།། དེ་ལ་དུམ་པ་ནི་སྔ་ནས་མཛའ་བའོ།། མ་དུམ་པ་ནི་བྱེ་བ་གྱུར་པའོ།། བསམ་པ་ནི་དེ་ཉིད་དབྱེ་བར་བྱ་བར་འདོད་པའི་སེམས་ཏེ། དེ་ཡང་འདུམ་པ་ལ་མྱི་དགའ ་བ་དང་། མི་འདུམ་པ་ལ་དགའ་བ་སྟེ། རྣམ་པ་གཉིས་སོ།། སྦྱོར་བ་ནི་དེ་དག་དབྱེ་བར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་ལས་རྩོམ་པོའོ།། ཡོངས་སུ་རྫོགས་པ་ནི་ཚུ་རོལ་ནས་བླངས་ཏེ་ཕ་རོལ་ཏུ ་བསྙད་པ་དང་། ཕ་རོལ་ནས་བསླང་སྟེ་ཚུ་རོལ་དུ་བསྐྲད་ནས་ཕྱོགས་གཉིསུ་བྱེད་པོར་གྱུར་པའོ།། དེ་ལ་མཛའ་བ་རྣམས་ལ་ནི་མི་མཛའ་བར་བྱ་བའི་ཕྱིར་དབྱེ་བའི་ཚིག་སྨྲ་བའོ།། མི་མཛའ་བ་རྣམས་ལ་ཕྱིས ་ཀྱང་མཛའ་བར་མི་འགྱུར་བའི་ཕྱིར་ཚིག་གིས་སྨོན་པའོ།། ངག་རྩུབ་པོའི་དངོས་པོ་ནི་ཞེ་སྡང་གི་རྒྱུར་གྱུར་པའི་སེམས་ཅན་ནོ།། བསམ་པ་ནི་དེ་ལ་གནོད་པའི་སེམས་སྐྱེས་པ་སྟེ། དེ་ཡང་འདིས་སྔོན་པོདག ་ལ་གནོད་པར་བྱས། ད་ལྟར་གནོད་པར་བྱེད། མ་འོངས་པ་ན་གནོད་པ་བྱེད་པར་འགྱུར་ཏེ། འདིས་བདག་གི་མཛའ་བོ་ལ་སྔོན་གནོད་པ་བྱས། ད་ལྟར་གནོད་པ་བྱེད་དོ།། ཕྱིས་གནོད་པ་བྱེད་པར་འགྱུར། འདིས་སྔོན་བདག་གི ་དག་ལ་ཕན་བཏོགས། ད་ལྟར་ཕན་འདོག་སོ་ཕྱིས་ཕན་འདོགས་པར་འགྱུར་ཞེས་སེམས་ཤིང་དེ་ལ་གནོད་པ་བྱ་བར་འདོད་པའོ།། སྦྱོར་བ་ནི་ངོ་ལ་གནོད་པ་བྱ་བའི་ཕྱིར་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ།། ཡོངས་སུ ་རྫོགས་པ་ནི་དེའི་རྒྱུ་ལས་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་སྡུག་བསྔལ་བར་འགྱུར་བའི་ཚི་གོ་རྩུབ་མོ་འབྱིན་པའོ།། ཚིག་བཀྱིལ་པའི་དངོས་པོ་ནི། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་དོན་མེད་པས ་ཡོངས་སུ་བསྡུས་པའི་གཏམ་རྒྱུད་ངོ་།། བསྒོམ་པ་ནི་གཏམ་ང་བྱ་བར་སེམས་ཤིང་འདོད་པ་སྐྱེས་པའོ།། སྦྱོར་བ་ནི་གཏམ་བྱ་བའི་ཕྱིར་རོང་གི་སྟན་ལས་ལྡང་བ་ལ་སོགས་པའི་ལུས་རྩོམ་པའོ།། ཡོངས་སུ་རྫོགས་པ་ནི་འཁོར ་འདུས་པའི་ནང་དུ་གཏམ་སྨྲས་པའོ།། ཆགས་སེམས་ཀྱི་དངོས་པོ་རྣམ་པ་གཉིས་ཏེ། བདག་གོ་རི་བྱ་བའི་དངོས་པོ་དང་ཡོངས་སུ་མི་གཏོང་བའི་དངོས་པའོ།། དེ་ལ་མི་གཏོང་བའི་དངོས་པོ་ནོར་འབྲུ་ལ་སོགས་པའི་རྗེས་སོ།། ཡོད ་སུ་མི་གཏོང་བའི་དངོས་པོ་ནི་ལྷག་པར་ཆགས་པར་འགྱུར་བའི་ཡུལ་ཏེ། བུ་དང་ཆུང་མ་ལ་སོགས་པའོ།། བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་ཤིང་དེ་ལ་འདོད་པ་སྐྱེ་བ་སྟེ། འདོད་པ་སྐྱེ་བ་ཡང་བསླང་བའི་སྒོ་དང་འཐོབ་པར ་སྨོན་པའི་སྒོ་དང་། བརྐུ་བའི་སྒོ་དང་རྣམ་པ་གསུམ་མོ།། དེ་ལ་བསླང་བའི་སྒོ་ནི་དངོས་པོ་དེ་ལ་ཆགས་པས་བསླང་སྟེ་ཐོབ་པར་བྱའོ་སྙམ་དུ་སེམས་པའོ།། ཐོབ་པར་སྨོན་པའི་སྒོ་ནི་ཅི་ནས་ཀྱང་དངོས་པོ ་འདི་བདག་གིས་ཐོབ་པར་གྱུར་ཅེས་སྨོན་ལམ་འདེབས་པའོ།། བརྐུ་བའི་སྒོ་ནི་ཐབས་འདིས་བདག་གིས་དངོས་པོ་འདི་འཐོབ་པ་འམ་བརྐུ་བར་བྱ་བར་སེམས་པའོ།། སྦྱོར་བ་ནི་བདག་གྲིར་བྱ་བའི་ཕྱིར་ཇི་ལྟར་བདག་གིར་འགྱུར་བའི ་ཐབས་རྣམ་པ་སྣ་ཚོགས་ཚོལ་བའོ།། ཡོངས་སུ་རྫོགས་པ་ནི་དེ་དང་བདག་གིས་མི་བྱ་མི་གཏོང་ངོ་ཞེས་སེམས་ངེས་པར་འགྱུར་བའོ།། གནོད་སེམས་ཀྱི་དངོས་པོ་ནི་ཞེ་སྡང་སྐྱེ་བའི་རྒྱུར་གྱུར་པའི་སེམས་ཅན་ནོ།། བསམ་པ ་ནི་དེ་ལ་གནོད་པར་བྱའོ།། སྙམ་པའི་སྔམས་སྐྱེས་པའོ།། སྦྱོར་བ་ནི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ།། ཡོངསུ་རྫོགས་པ་ནི་མི་བསད་མི་བརྡེག་ཏུ་མི་གཏོང་ངོ་ཞེས་སེམས་ལ་ངེས་པར་བྱས་པའོ།། ལོག་པར ་ལྟ་བའི་དངོས་པོ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དང་། ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པའོ།། བསམ་པ་ནི་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མེད་དོ་སྙམ་སེམས་ཤིང་དེ་ལྟར་མོས་པའོ།། སྦྱོར་བ་ནི ་དེ་སྐད་དུ་སྨྲ་བའི་གཙུག་ལག་ཉན་པ་དང་འཆད་པ་རྣམས་དང་འགྲོགས་པའོ།། ཡོངས་སུ་རྫོགས་པ་ནི་མེད་པར་ཡིད་ཆེས་ནས་མེད་དོ་ཞེས་ཚིག་ཏུ་ཡང་འབྱིན་བྱའོ།། རྒྱུ་དང་ཞེས་བྱ་བ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག ་མངག་དའི་རྩབ་གསས་གྱིརྫྫ་ལས་སྨྲསཏེ། མ་དག་པ་ན་པ་གསུམ་ནི་འདོད་རྒྱགས་མྦྷ་དགེ་བའི་རྩ་བ་དང་། ནཱ་སྠུ་མྱ་དགེ་པའི་རྩ་བ་དང་། གཏི་མུག་ས་དག་པར་ཙྪ་བའོ།། ད་ལ་སྒྲོག་གཙུང་པ་ལ་ཡང་ཆགས་པས་སྐྲག་བཅང་། ་བྱབ་དང་། ཞེ་སྡང་བས་གཅོད་པ་དང་།། གཏི་མུག་ཁས་གཅོད་པ་སྟེ། རྣམ་པ་གསུམ་མོ།། དེ་ལ་ཆགས་པས་སྲོག་གཅོད་པ་ནི། ཤྲ་དང་པགས་པ་དང་ཁྲག་ལ་སོགས་པ་འདོད་པའི་ཕྱིར་སྲོག་གཅོད་པ་དང་། རྩེད་མོའི་ཕྱིར ་སྲོག་གཅོད་པ་དང་། བདག་དང་མཛའ་བ་ཤེས་ལ་སོགས་བསྐྱབ་པའི་ཕྱིར་སྲོག་གཅོད་པའོ།། ཞེ་སྡང་གིས་སྲོག་གཅོད་པ་ནི་མི་མཛའ་བ་དང་ཤར་གཉེར་བའི་ཕྱིར་དགྲ་གསོད་པའོ།། གཏི་མུག་གིས་སྲོག་གཅོད་པ་ནི ་དཔེར་ན་མཆོད་སྦྱིན་བྱེད་པ་རྣམས་སྲོག་གཅོད་དེ་སྦྱིན་སྲེག་བྱས་ནས་མཐོ་རིས་སུ་སྐྱེའོ་ཞེས་ཆོས་ཀྱི་བསམ་པས་སྲོག་གཅོད་པའོ།། རྒྱལ་པོ་དག་ཀྱང་ཆོས་ལས་འབྱུང་བ་ཚང་མར་བྱས་ནས་གསོད་དེ་མི་བགྲུངས་པ་རྣམས ་བསད་བ་ལ་སོགས་པའི་ནན་ཐུར་བྱས་ན་བསོད་ནམས་ཀྱི་ཤོས་སུ་འགྱུར་རོ་ཞེས་ཟེར་བ་དང་། པར་སིག་ལ་སོགས་པ་འདི་ལྟར་ཕ་མ་རྒསཱ་ཏེ་ཡོར་ཞུགས་པ་ནང་ཚབས་པོ་ཆེས་ཉན་པར་གསང་པར་བྱའོ།། ཞེས་ཟེར་བ་ལ ་སྲོགས་པའོ།། ཡང་ཁ་ཅིག་འོད་སྐད་དུ་སྦྲུལ་དང་སྡིག་པ་དང་། ཏྲེ་མེ་བུ་ཀ་ལ་སོགས་པ་མི་ལ་གནོད་པར་བྱེད་པ་ཡིན་པས་གསང་བ་དང་རི་དགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་མིའི་ལོངས་སྤྱོད་ཀྱི་རྐྱེན་ཡིན་པས ་བསད་ཀྱང་སྡིག་དུ་མི་འགྱུར་རོ་ཞེས་ཟེར་བ་ལ་སོགས་པའོ།། མ་བྱིན་པར་ལེན་པ་ཡང་ཆགས་པ་དང་གཏི་མུག་གསུམ་ལས་སྐྱེས་ཏེ། ཆགས་པ་ལས་སྐྱེ་བ་ནི་དངོས་པོ་གང་འདོད་པ་དེ་འཕྲོག་པར་བྱེད་པ་འམ། ་ཁེ་དང་བཀུར་སྟི་ལ་ཆགས་པའི་ཕྱིར་རྐུ་འམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ནོར་འཕྲོག་པར་བྱེད་པའོ།། ཞེ་སྡང་གིས་རྐུ་བྱ་ནི་དགྲ་ཤར་གཉེར་བའི་ཕྱིར་དགྲ་ལས་འཕྲོག་ཅིང་རྐུའོ།། གཏི་མུག་ལས་བྱུང་བ་ནི་ཇི་ལྟར་རྒྱལ ་བོའི་ཆོས་ལས་བྱུང་བ་ཚང་མར་བྱས་ནས་མི་བགྲུངས་པ་རྣམས་ཚུར་བཅད་པའི་ཕྱིར་དེ་དག་གི་ཕྲོགས་ན་བསོད་ནམས་ཀྱི་ཤས་འཐོབ་པོ་ཞེས་སྨྲས་པ་དང་། ཇི་ལྟར་བྲམ་ཟེ་རྣམས་སྨྲ་བ། འདི་དག་ལ་ཐམས་ཅད་ཚངས་པས་བྲམ ་ཟེ་ལ་བྱིན་ཏེ། བྲམ་ཟེས་དམས་པོ་ན་དམངས་རིགས་ཀྱི་ལོངས་སྤྱོད་རྣམས་ཀུན་ཏུ་སྤྱད་པར་བྱའོ།། དེ་བས་ན་བླངས་ཀྱང་བྲམ་ཟེ་བདག་གི་ལེན་བདག་གིས་སྤྱོད་བདག་གི་ལ་གནས་ཤིང་བདག་གི་གཏོང་དུ་ཟད་ཀྱི་བྲམ་ཟེས་ལྟ ་དབྲོག་པར་བྱའོ།། དེ་ལྟར་བྱས་ཀྱང་འདི་ལ་གཞན་གྱི་ཡིན་པར་འདུ་ཤེས་ཆུ་མིང་དོ་ཞེས་འབྱུང་བའོ།། འདོད་པ་ལ་སོགས་པར་སྤྱོད་པ་ཡང་འདོད་པ་ལས་སྐྱེ་བ་དང་། ཞེ་སྡང་ལས་སྐྱེ་བ་དང་། གཏི་མུག་ལས་སྐྱེ་བ་སྟེ་རྣམ་པ ་གསུམ་མོ།། དེ་ལ་འདོད་པ་ལས་སྐྱེ་བ་ནི་གཞན་གྱི་བུད་མེད་ལ་ཆགས་པའི་ཕྱིར་སྤྱོད་པ་དང་བུད་མེད་ཁ་ཅིག་ལས་སྤྱད་ན་འཐོབ་པ་དང་བཀུར་སྟི་འབྱུང་ངོ་ཞེས་ཁེ་དང་བཀུར་སྟིའི་ཕྱིར་སྤྱོད་པ་དང་། བུད་མེད་ཁ་ཅིག་ལོ་སྤྱད་ན་བདག ་དང་མཛའ་བཤེས་ལ་སྐྱབས་འབྱུང་ངོ་ཞེས་བདག་དང་གཞན་ལ་བསྒྲུབ་པའི་ཕྱིར་སྤྱོད་པའོ།། གཏི་མུག་ལས་བྱུང་བ་ནི་དཔེར་ན་ཕྱུགས་ཀྱུས་རྗེད་པའི་མཆོད་སྦྱིན་ལས་པོ་མོས་ཉེ་དུ་གཉེན་བ་ཤེས་གྱུར་པ་ཐམས་ཅད་བསྡུས་ནས ་ཁང་པ་གཅིག་ཏུ་བཙུད་དེ། སྒྲེན་མོར་ཕྱུང་ནས་ཕྱུགས་ཐབས་སུ་དོགུས་སུ་བཅུག་ལ་ཆུ་འཐུང་རྩཝ་ཟ། བབ་བབི་དུ་སྤྱོད་ཅིག་དང་མཐོ་རིས་སུ་འགྲོའོ་ཞེས་ཟོར་བ་དང་། ཡང་ཁ་ཙོག་བུད་མེད་རྣམས་ནི་གཏུན་དང་མེ་ཏོག་དང ་འབྲས་བུ་དང་ཁ་ཟས་དྲོད་ལ་བབ་པ་དང་སྔགས་དང་ལམ་ལྟ་བུ་སྟེ། ཀུན་གྱི་སྤྱད་ཀྱང་ཉེས་པ་མེད་ཞེས་ཟེར་བ་དང་། བར་སིག་ལ་སོགས་པ་ལ་སྦྱང་བར་བྱའོ་ཞེས་ཟེར་བ་ལྟ་བུའོ།། ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར ་གཉེར་བའི་ཕྱིར་ཏེ། ཆུང་མ་ཀུན་དུ་སྤྱོད་ཅིང་ཁ་འདྲེན་པར་བྱེད་པའོ།། བརྫུན་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ།། དེ་ལ་འདོད་ཆགས་ལས་སྐྱེ་བ་ནི་ནོར་འདོད་པ་དང་བདག་དང་མཛའ ་བཤེས་བསྐྱོབ་པའི་ཕྱིར་རྫུན་དུ་སྒྱུ་བོའོ།། ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤྭར་གཉེར་བའི་ཕྱིར་རྫུ་ནུ་སྨྲ་བའོ།། གཏི་མུག་ལས་སྐྱེ་བ་ནི་དཔེར་ན་བྲམ་ཟེའི་གཞུང་ལས། རྒྱལ་པོ་བཞོད་གང་གཏོགས་པ་རྫུ་ན་མ་ཡིན། ་བུད་མེད་དང་ནི་གཉེན་དུ་འཐམ་པའི་ཚེ།། སྲོག་གི་ཕྱིར་དང་ནོར་ཀུན་སྟོར་བའི་ཕྱིར།། རྫུན་ལྔ་སྔོག་མེད་ཅེས་པར་སྨྲ་བ་ཡིན།། ཞེས་འཆད་པ་ལྟ་བུའོ།། ཕྲ་མོ་ཡང་ཆགས་པ་དང་ཞེ་སྡང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ ་གསུམ་མོ།། ཆགས་པ་ལས་སྐྱེ་བ་ནི་ནོར་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཕྲ་མ་སྨྲ་བའོ།། ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཕྲ་མ་སྨྲ་བའོ།། དགྲ ་དང་བཤེས་པ་རྣམས་ལ་ཕྲ་མ་སྐྱེལ་བའོ།། གཏི་མུག་ལས་སྐྱེས་པ་ནི་མུ་སྟེགས་པའི་གཞུང་ཁ་ཅིག་ལས་ཕྲ་མ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆང་པ་ལྟ་བུའོ།། ཚིག་རྩུབ་པོ་ཡང་ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས ་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་སྟེ་གསུམ་མོ།། ཆགས་པ་ལས་སྐྱེ་བ་ནི་གཞན་གྱི་ནོར་འདོད་པའི་ཕྱིར་ཚིག་རྩུབ་པོས་བསྡིགས་པར་བྱེད་པ་དང་། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཚིག་རྩུབ་མོ་སྨྲ་བའོ།། ཞེ ་སྡོང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་རྩུབ་པོ་སྨྲ་བའོ།། གཏི་མུག་ལས་སྐྱེས་པ་ནི་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ།། ཚིག་བཀྱལ་པ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ ་སྟེ། རྣམ་པོ་གསུམ་མོ།། ཆགས་པ་ལས་སྐྱེ་བ་ནི་ནོར་ལ་ཆགས་པ་འམ་མཛའ་བཤོས་བསྐྱབ་པའི་ཕྱིར་གླུ་ལེན་པ་དང་སྟོན་གྱི་གཏམ་རྒྱུད་སྨྲ་བར་བྱེད་པའོ།། ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་བཀྲོལ ་པབར་དེའི་མཛའ་བཤེས་རྣམས་བསྡུས་ནས་བདག་གི་དབང་དུ་བྱེད་པའོ།། གཏི་མུག་ལས་སྐྱེས་པ་ནི་གླུ་དང་གར་གྱི་གཙུག་ལག་དང་གཏིམ་རྒྱུད་ཀྱི་གཙུག་ལག་གཞན་ལོ་བཤད་ན་བསོད་ནམས་སུ་འགྱུར་རོ་ཞེས་ཟེར ་འོ།། ཆགས་སེམས་ཀྱང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ།། ཆགས་པ་ལས་སྐྱེ་བ་ནི་གཞན་གྱི་ནོར་ལ་ཆགས་པ་འམ་བདག་དང་མཛའ་བཤེས་བསྐྱབ་པའི་དོན་དུ་ཕ་རོལ་གྱི་ནོར་རྫས་བླང་། ་སེམས་པའོ།། ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་དགྲའི་ནོར་འཕྲོག་པ་དང་རྩུ་བར་སེམས་པའོ།། གཏི་མུག་ལས་སྐྱེས་པ་ནི་བརྐུས་ཀྱང་ཉེས་པ་མེད་པར་སེམས་པའོ།། གནོད་སེམས་ཀྱང་འདོད་པ་དང་ཞེ་སྡང ་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ།། དེ་ལ་འདོད་པ་ལས་སྐྱེ་བ་ནི་གཞན་གྱི་ནོར་རྫས་ལ་ཆགས་པ་འམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་གཞན་དག་ལ་གནོད་སེམས་སྐྱེ་བའོ།། ཞེ་སྡང་ལས་སྐྱེ་བ ་ནི་ཤར་གཉེར་པོའི་དོན་དུ་དགྲ་ལ་གནོད་སེམས་སྐྱེ་བའོ།། ལོག་པའི་ལྟོ་བ་ཡང་ཆགས་པ་དང་ཞེ་སྡང་གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ།། དེ་ལས་ཆགས་པ་ལས་སྐྱེས་པ་ནི་ལྟ་བ་ཕྱིན་ནཱི་ལོག་ཉིད་ལ་དགའ་བྱེའི ་རྒྱུས་ལྟ་བ་དེ་འཛིན་པའོ།། ཞེ་སྡང་ལས་སྐྱེ་བ་ནི་དག་ལ་ཤར་གཉེར་བའི་ཕྱིར་ལྟ་བ་ལོག་པའི་ཕྱོགས་འཛིན་པར་བྱེད་པའོ།། གཏི་མུག་ལས་སྐྱེས་པ་ནི་ལྟ་བ་ལོག་པར་གཟུང་ཡང་ཉེས་པོར་མི་འགྱུར་བར་འཛིན་པའོ།། ་དེ་ལ་སྲོག་གཅོད་པ་དང་གནོད་སེམས་དང་། ཚི་གོ་རྩུབ་པོ་གསུམ། སྐྱེད་པའི་རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་དུ་ཟིན་ཀྱང་མཇུག་ཏུ་ཞེ་སྡང་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ།། མ་བྱིན་པར་ལེན་པ་དང་འདོད་པས ་ལྡོག་པར་སྤྱོད་པ་དང་ཆགས་སེམས་གསུམ་ཡང་སྐྱེད་པའི་རྒྱུ། མི་དགེ་བའི་རྩ་བ་གསུམ་ཡིན་མང་ཀྱ། མཇུག་ཏུ་འདོད་ཆགས་ཀྱིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ།། ལོག་པའི་ལྟ་བ་ནི་རྩ་བ་གསུམ ་ལས་བྱུང་ཡང་མཇུག་ཏུ་གཏི་མུག་གི་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ།། རྫུན་སྨྲ་བ་དང་། ཚིག་བཀྱིལ་པ་དང་། ཕྲ་མ་གསུམ་ནི་ཁ་ཅིག་འདོད་ཆགས་ཀྱིས་མཐར་ཕྱིན་པ་ཡོད།། ཁ་ཅིག་ཞེ་སྡང་གིས་མཐར་ཕྱིན་པ ་ཡོད། ཁ་ཅིག་གཏི་མུག་གིས་མཐར་ཕྱིན་པོ་ཡོད་པ་དང་། རྫོགས་པར་བྱེད་པ་ཡོད་དོ།། གནས་ཤེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པོ་ལྔ་རིག་པར་བྱ་སྟེ། ཆུང་བའི་གནས་དང་འབྲིང་གི ་གནས་དང་། ཆེན་པོའི་གནས་དང་། སྐྱེ་བའི་གནས་དང་བྲག་ལ་ཉལ་བའི་གནས་སོ།། དེ་ལ་ཆུང་བའི་གནས་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཤེས་ཆུང་བས་མེ་དགེ་བའི་ལས་བཅུ་པོ་ལས་གང་ཡང་རུང་བར་བྱས ་པའོ།། འབྲིང་གི་གནས་ནི་དེ་གསུམ་ཤྭས་ཆེ་བ་ཡང་མ་ཡིན་ཆུང་བ་ཡང་མ་ཡིན་པའི་འབྲིང་གི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ།། ཆེ་བའི་གནས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤིན་ཏུ་བདོ་བའི ་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ།། སྐྱེས་པའི་གནས་ནི་ཉོན་མོངས་པ་གསུམ་གྱིས་ལས་ཀྱི་ལམ་བསྐྱེད་ནས་འགགསོ་བའོ།། བག་ལ་ཉལ་བའི་གནས་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་རྣམས་བག་ཆགས ་སུ་གནས་པ་སྟེ། གང་སྐྱེས་ཀྱང་མཱ་སྐྱེས་འགགས་ཀྱང་མ་འགགས་པའོ།། སྒོ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་སྤྱོད་པ་ལ། ཁ་ཅིག་མཐོང་བའི་ཆོས་ལ་འབྲས་བུ་རྣམ ་བར་སྨིན་པ་ཡོད།། ཁོ་ཅིག་ཚེ་ཕྱི་མོར་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད།། ཁྭ་ཅོག་ཚེ་རབས་གཞན་དུ་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད།། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ཡང་ཡོད། ཁ་ཅིག་འབྱས ་བུ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད། དེ་ལ་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ནི་ཚེ་གང་ལ་བྱས་པའི་ཚེ་དེ་ཉིད་ལ་འབྲས་བུ་རྣམ་པར་སྨིན་པ་སྟེ། དེ་ཡང་ཞིང་དང་བསམ་པའི་བྱེ་བྲག་ལས་རྣམ་པ་གཉིས་སུ་བཞག་གོ།། དེ ་ལ་ཞིང་གི་བྱེ་བྲག་ནི་སྔོན་དགེ་སློང་གཉིས་ཤིག་རྩོད་པར་གྱུར་པ་ལས། དགེ་འདུན་གྱི་འདུལ་བ་བཞིན་དུ་བཅད་ནས་གཅིག་ཕམ་པར་གྱུར་པ་དང་། ཕམ་པའི་དགེ་སློང་གི་དགེ་འདུན་ལ་བློད་མེད་ཅེས་སྨྲས་པས་འཕྲལ་དུ་མཚན་ཡོད ་སུ་གྱུར་ཅེས་གྲགས་པ་ལྟ་བུའོ།། བསམ་པའི་བྱེ་བྲག་ཀྱང་སྔོན་མ་ནིང་ཞིག་གིས་སྙིང་རྗེ་བའི་སེམས་ཀྱིས་གླང་རྨོ་ཞིང་ཤ་བཅད་པར་བྱས་པ་བསླུས་ནུས་བཏང་བ་ལས་འཕྲལ་དུ་མྱ་ནིང་ཉིད་ཕོར་རེད་པ་ལྟ་བུའོ།། གཞན་ཡང་ཕ་མ ་དང་དཀོན་མཆོག་གསུམ་ལ་རབ་ཏུ་དང་བའི་བསམ་པས་ཕན་བཏགས་པ་དང་། ཞེ་སྡང་གི་སེམས་ཀྱིས་གནོད་པ་བྱས་པ་ལ་སོགས་པ་ཡང་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ།། ཚེ་ཕྱི་མར་འབྲས་བུ་རྣམ་པར ་སྨིན་པར་འགྱུར་བ་ནི་ཚེ་རབས་རྗེས་མ་ཐག་ཏུ་འབྲས་བུ་མྱོང་བར་གྱུར་པའོ།། ཚེ་རབས་གཞན་དུ་རྣམ་པར་སྨིན་པ་མྱོང་བ་ནི་ཚེ་རབས་གཉིས་སམ་གསུམ་དག་གིས་མཆོད་དེ་མྱོང་བ་འམ། བཅུའམ ་རྒྱ་སྟོང་དག་གིས་ཆོད་དེ་མྱོང་བའོ།། དེ་ལ་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ནི་ཉོན་མོངས་པ་འམ། དད་པ་དྲག་པོས་གང་བྱས་པ་འམ། རྟག་པར་བྱས་པ་འམ། ཕན་བཏགས་པ་འམ། ཡོན་ཏན་གྱི་ཞིང་ལ་གནོད་པ་འམ། ་ཕན་པར་བྱས་པ་ནི་འབྲས་བུ་གདོན་མི་ཟ་བར་མྱོང་བར་རིག་པར་བྱའོ།། དེ་ལ་ཉོན་མོངས་པ་དང་། དད་པ་དྲག་པོས་བྱས་པ་ནི་གང་གོང་དུ་དགེ་འདུན་ལ་ཁ་བྱས་པ་དང་། མ་ནིང་གིས་གླང་བཏང་བ་ལྟ་བུའོ།། རྟག་པར་བྱས ་པ་ན་ལས་དེ་ཡང་དང་ཡང་དུ་གོམས་པར་བྱས་ན་འབྲས་བུ་ངེས་པར་མྱོང་བར་འགྱུར་རོ།། ཕན་བཏགས་པ་ནི་པ་དང་མ་ལྟ་བུ་སྟེ། དེ་དག་བསད་ན་ཇི་ལྟར་བསོད་ཀྱང་རུང་འབྲས་བུ་ངེས་པར་མྱོང་བར་འགྱུར་ཏེ། དེ་དག་ལ་ཕན ་བཏགས་ནཱ་ཡང་འབྲས་བུ་མྱོང་བར་ངེསོ།། ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ལ་ལ་སྟེ། དེ་དག་ལྔ་ཕན་པ་དང་གནོད་པ་བྱས་པ་ཡང་འབྲས་བུ་ངེས་པར་སྨིན་པར་འགྱུར་རོ།། ་རྣམ་པར་སྨིན་པ་མ་ངེས་པ་ནི་གོང་དུ་བཤད་པ་ལས་གཞན་པའི་ལས་གལ་ཏེ་འབྲས་བུ་རྣམ་པར་སྨིན་པར་འགྱུར། གལ་ཏེ་ན་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་བའོ།། ལས་ཀྱི་ལམ་ཆེ་ཆུང་ནི་རྣམ་པ་དྲུག་ཏུ་བཞག་སྟེ། ་མངོན་པར་འདུ་བྱེད་བྱ་དྲུང་། གོམ་སྨྲ་བ་དང་རང་བཞིན་དང་། དངོས་པོ་དང་། མི་མཐུན་པའི་ཕྱོགས་ངེས་པ་དང་། གཉེན་པོས་བཅོམ་པའོ།། དེ་ལ་མངོན་པར་འདུ་བྱེད་པ་ནི། འདོད་ཆགས་དང་། ནེ་དྲང་དྲུག་པས་ལ་མྦྷ ་ལམ་རྣམས་ཞེས་བྱ་བ་ནི་ལྕི་བ་ཞེས་བྱའོ།། འདོད་ཆགས་ད་ཤེ་སྡང་དང་། གཏི་མུག་འབྲིང་གིས་བྱོས་པའི་ལས་ཀྱི་ལམ་རྣམས་ལྔ་ནཱི་འབྲིང་ཞེས་བྱའོ།། འདོད་ཆགས་དང་། ཞེ་སྣང་དང་གཏི་མྱུག་ཆུང་ངུས་བྱས་པའི་ལས་ཀྱི ་རྣམས་ལ་ནི་ཡང་བ་ཞེས་བྱའོ།། དེ་ལ་གོམས་པ་ནི་དགེ་བ་དང་། མི་དགེ་བའི་ལས་གང་ཡང་རུང་དུས་རིང་པོར་རྒྱུན་ཏུ་བྱས་པ་ནི་ལྕི་བའོ།། དུསོ་ཐ་གི་ཟད་ཅིག་བྱས་པ་ནི་འབྲིང་ངོ་།། ཆེན་པོ་གོམས་པར་མོ་བྱས་པ་ནི་ཡང་བའོ།། ་རང་བཞིན་ནི་འདོད་པས་ལོག་པར་སྤྱོད་པ་བས། མ་བྱིན་པར་བླངས་པ་ཁ་ན་མ་ཐོ་བ་ཆེའོ་མ་བྱིན་པར་ལེན་པ་བས། སྲོག་གཅོད་པ་ཁ་ན་མ་ཐོ་བ་ཆེའོ།། སྲོག་གཅོད་པས་ཚིག་བསྐུལ་པ་ཁ་ན་མ་ཐོ་བ་ཆེའོ།། ཚིག་བཀྱིལ ་པ་བས་ཚིག་རྩུབ་པོ་ཁ་ནཱ་མ་ཐོ་བ་ཆའོ།། ཚིག་རྩུ་བོ་པོ་བས་ཕྲ་མ་ཁ་ན་མ་ཐོ་བ་ཆེའོ།། ཕྲ་མ་བས་རྫུན་ཁ་ན་མ་ཐོ་བ་ཆེའོ།། ཆགས་སེམས་པས་གནོད་སེམས་ཁ་ན་མ་ཐོ་བ་ཆེའོ།། གནོད་སེམས་ལས་ལོག་སེམས ་ཁ་ན་མ་ཐོ་བ་ཆེའོ།། སྦྱིན་པ་བས། ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པའོ།། ཚུལ་ཁྲིམས་པས་བསྒོམ་པ་ཁ་ན་མ་ཐོ་བ་མེད་པའོ།། དངོས་པོ་ནི་ཕ་མ་དང་། དཀོན་མཆོག་གསུམ་ལ་གནོད་པ་དང་། ཕན་པ་བྱས་པའི་ལས ་དགེ་བ་དང་། མི་དགེ་བ་ཡང་ལྕི་བར་རྣམ་པར་གཞག་གོ། མི་མཐུན་པའི་ཕྱོགས་སུ་གཅིག་དུ་ངེས་པ་ནི་འདི་ལ་སུ་ཡང་རུང་བས་ཚེ་གཅིག་ཏུ་མི་དགེ་བ་ཤ་སྟག་སྤྱད་ཀྱི། དགེ་བ་མ་སྤྱད་ན་ལས་དེ་ཉིད་ཀྱི་ལྕི ་བར་རྣམ་པར་བཞག་གོ། གཉེན་པོས་བཅོམ་པ་ནི་མི་དགེ་བའི་ལས་ཀྱི་གཉེན་པོར་གྱུར་པ་དགེ་བ་ལ་གོམས་པར་བྱས་ན། དགེ་བའི་ལས་དེ་ཡང་ལྕི་བར་རྣམ་པར་བཞག་གོ། འབྲས་བུ་ཞེས་བྱ་བ་ལྔ་མཱི་དགེ་བའི་ལས་ཀྱི་ལམ་བཅུ་པོ ་འདི་དག་སྤྱད་པས་འབྲས་བུ་རྣམ་པ་གསུམ་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ།། དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་བཅུ་ལས་ཤས་ཆེས ་སྤྱང་ན། སེམས་ཅན་དམྱལ་བར་སྐྱེའོ།། འབྲིང་དུ་སྤྱད་ན་ཡི་དགས་སུ་སྐྱེའོ།། ཆུང་ངུ་སྤྱང་ན་བྱོལ་སོང་གི་སྐྱེ་གནསུ་སྐྱེའོ།། ཤས་ཆེ་ཆུང་ནི་ཉོན་མོངས་པ་དྲག་དལ་གྱི་དབྱེའོ།། ཡང་ན་ལས་བྱེད་པ་ལ་སྦྱོར་བ་དང་། རྩ་བ ་དང་། རྒྱབ་སྟེ། རྣམ་པ་གསུམ་མོ།། དེ་ལ་སྦྱོར་བ་ནི་སྲོག་བཅོད་པ་ལ་སོགས་པ་མི་དགེ་བའི་ལོས་བྱེད་པར་རྩོམ་པའོ།། རྩ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པའོ།། རྒྱུ་བ་ནི་དེ་དག་བྱེད་པོ་ལ་རྗེས་སུ་ཡི ་རང་ཕྱིས་ཀྱང་དེ་བཞིན་དུ་རྒྱུན་དུ་བྱེད་པ་སྟེ། དེ་གསུམ་གྱིས་བྱས་ན་ཤས་ཆེ་བས་སེམས་ཅན་དམྱལ་བར་སྐྱེའོ།། རྒྱུ་གཉིས་ཀྱིས་ནི་ཡི་དགས་སུ་སྐྱེའོ།། ། གཅིག་གིས་ནི་བྱོལ་སོང་དུ་སྐྱེའོ།། རྒྱུ་འདྲོ་བའི་འབྲས་བུ་ནི་ངན ་ང་གསུས་ལུས་ཐར་ཏེ་བརྟུལ་མར་སྨྲས་ན་ཡང་མི་དགེ་བ་གརྦྷག་ཅིང་རྣམ་པར་སྨིན་པ་གཉིས་བྱུང་བར་གྱུར་རོ།། དེ་ལ་སྲོག་གཅོད་བྱའོ། གྲུས་བུ་རྩཝ་མཐུན་པ་གནས་ཏེ། བྱུང་བ་དང་། ནད་མྱང་བའོ།། རྒྱུ་ཐུང་བ་ནི་སྤྱན་སམ ་ཅན་གཞན་གྱི་ཚེའི་རྒྱུནྡྷ་བཅད་པས་མེར་སྐྱེས་ན་མངལ་དུ་འཆི་བ་འམ་སྐྱེས་ནས་རིང་པོར་མ་ལོན་པར་འཆི་བར་འགྱུར་རོ་ནད་མང་བ་ནི་སྔོན་སེམས་ཅན་གཞན་གསོང་བ་ན་ཡང་དབྱིག་པ་དང་། མཚོན་ཆ་ལ་སོགས་པས་སྡུག ་བསྔལ་བསྐྱེད་པའི་ཕྱིར། མིར་སྐྱེས་པ་ནི་ཡང་མཛེ་དང་། འབུམ་བུ་ལ་སོགས་པ་ནད་སྣ་ཚོགས་ཀྱི་རྒྱུན་ཏུ་སྡུག་བསྔལ་བར་འགྱུར་རོ།། མ་བྱིན་པར་ལེན་པའི་འབྲས་བུ་བྷྱོ་མཐུན་པ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད ་རླུཆུང་བ་དང་བློན་མོང་གི་ལྗོངས་སྦྱོང་དུ་འགྱུར་རོ།། ལོངས་སྦྱོང་ཆུང་བ་ནི་སྔོན་གཞན་དག་གི་ལོངས་སྤྱོད་ཕྱོགས་ནས་འཕོངས་པར་བྱིས་པས་ཚེ་འོདིར་ཡང་རྟག་ཏུ་ཡོ་བྱད་ཀྱིས་བྲལ་འཕོངས་པར་འགྱུར་རོ།། ཐུན་མོང་གི ་ལོངས་སྤྱོད་དུ་འགྱུར་བ་ནི། ཟློགས་པ་དེ་ཡང་བརྒྱུ་ལ་ཕྱོགས་ནས་གཞན་ལེ་བྱིན་པའི་འབྲས་བུས་ལྗོངས་སྤྱོད་ཅི་བདོག་ནཱ་ཡང་རྟག་ཏོ་ཀུན་གྱིས་འཕྲོག་ཅིང་བདག་ཅིག་བླ་སྤྱོད་དུ་མེད་ལ། ཀུན་དང་ཐུན་མོང་དུ་སྤྱོད་པར་འགྱུར་རོ།། ་འདོད་པསོ་ལོག་པར་སྤྱོད་པའི་རྒྱུ་མཐུན་པ་ཡང་གཉིས་ཏེ། གཡོག་འཁོར་བརྟན་དུ་མི་རུང་བ་དང་ལྟོས་པ་དང་བཅས་པའི་ཆུང་མར་འགྱུར་རོ།། གཡོག་འཁོར་བརྟན་དུ་མི་རུང་བ་ནི་བདག་གི་འཁོར་རྣམས་ཀྱང་སྙིང་བསྟན་དུ་མི ་རུང་བསྟེ། ཕན་ཚུན་གཅིག་ཡང་མི་ཆེས་པར་འགྱུར་བའོ།། ལྟོས་པ་དང་བཅས་པའི་ཆུང་མར་འགྱུར་བ་ནི་བད་གི་ཆུང་མཱ་ལ་ཀུན་རེ་ཞིང་ཀུན་གྱིས་མི་ཚངས་པར་སྤྱོད་པར་འགྱུར་རོ།། རྫུན་དུ་སྨྲ་བའི ་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། སྐུར་བ་མང་བ་དང་གཞན་གྱིས་བསྡུ་བར་འགྱུར་རོ།། སྐུར་བ་མང་བ་ནི་མ་ཉེས་ཀྱང་ཉེས་ཞེས་གཞན་གྱིས་སྐུར་བ་འདེབས་པར་འགྱུར་རོ།། གཞོན་གྱིས་བེསྨྲ་བ་ནི་འདི་ལྟ་བུ་ཞིག ་ཧཱུ~ཾ་ཞེས་འམ་སྦྱིན་ཞེས་ཁས་བླངས་ནས་མྱི་སྦྱིན་ཞིང་སླུ་བར་འགྱུར་རོ།། པྲཱྀ་མའི་རྒྱུ་མཐུན་པའི་འབྲས་བླ་ཡང་གཉིས་ཏེ། གཡོག་འཁོར་མཱཾ་འདུམ་པ་དང་གཡོག་འཁོར་ངན་པར་འགྱུར་རོ།། གཡོག་འཁོར་མྱི་འཛུམ་པ ་ནི་བདག་གི་འཁོར་རྣམས་ཀྱང་རྟག་ཏུ་རྩོད་ཅིང་འཐབ་པར་འགྱུར་རོ།། གཡོག་འཁོར་དན་པ་ནི་གཡོག་འཁོར་ཞིག་བདོག་ན་ཡང་ལུས་ཀྱི་བྱང་ལག་མི་མཛེས་པ་དང་མཐུ་དང་ཞོ་ཤ་ཆུང་བར་འགྱུར་རོ།། ཚིག་རྩུབ ་བོ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཡིད་དུ་མྱི་འོང་བ་ཐོས་བྱ་དང་འཐབ་མོའི་ཚིག་ཏུ་འགྱུར་བྱའོ།། ཡིད་དུ་མི་འོང་བའི་ཆོ་ག་ཐོས་པ་ནི་རྟག་ཏུ་སེམས་འཁྲུག་པའི་གཏམ་ཤ་སྟག་ཐོས་པ་དང་བྷདག ་གིས་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣ་བར་མི་འོང་བའོ།། འཐབ་མོའི་ཚིག་ཏུ་གྱུར་པ་ནི་བདག་གིས་ཚིག་ཉེས་པར་མ་སྨྲས་ན་ཡང་། གཞན་དང་འཐབ་ཅིང་རྩོད་པར་འགྱུར་བའོ།། ཚིག་བཀྱལ་པའི ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། གཟུང་བར་འོས་པའི་ཚིག་མ་ཡིན་པ་དང་མ་ངེས་པའི་སྤོབས་པར་འགྱུར་བའོ།། གཟུང་བར་འོས་པའི་ཚིག་མ་ཡིན་པ་ནི་ཚིག་སྨྲས་པ་རྣམས་མི་བཙུན་ཞིང་བདག་གི་ཚིག་སུས་ཀྱང ་མི་ཉན་པར་འགྱུར་བའོ།། མ་ངེས་པའི་སྤོབས་པར་འགྱུར་བ་ནི། བདག་གི་ཚིག་སྨྲས་པ་རྣམས་ཐོག་ཏུ་མཱི་ཕེབས་པར་འགྱུར་བའོ།། ཆགས་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། ཆོག་མི ་ཤེས་པ་དང་འདོད་པ་ཆེ་བའོ།། ཆོག་མི་ཤེས་པ་ནི་བདག་གི་བདོག་པས་མི་ཆོག་པའོ།། འདོད་པ་ཆེ་བ་ནི་གཞན་གྱི་ལོངས་སྤྱོད་ལ་ཡེ་བརྡུམ་བྱེད་པའོ།། གནོད་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ་ཕན་པ་མི་ཚོལ་བ་དང་གཞན་གྱིས་གནོད་པར་བྱེད་པའོ།། ཕན་པ་མི་ཚོལ་བ་ནི་གཞན་ཐམས་ཅད་ལ་བདག་གནོད་པར་འགྱུར་བར་དགའ་ཞིང་གནོད་པོ་བྱེད་པར་སེམས་པའོ།། གཞན་གྱིས་གནོད་པར་བྱེད་པ་ནི་དུས་ཐམས ་ཅད་དུ་གཞན་གྱིས་བདག་ལ་རྡེག་བརྩོག་ལ་སོགས་པ་མི་བདེ་བ་བྱེད་པའོ།། ལོག་པར་ལྟ་བའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པ་གཉིས་ཏེ། གར་སྐྱེས་ཀྱང་མུ་སྟེགས་ལ་སོགས་པའི་གནས་སུ་སྐྱེ་ཞིང་ལོག་པའི་ལྟ་བ ་ལ་ཕྱོགས་པར་འགྱུར་པ་དང་། རྟག་ཏུ་དྲང་པོ་དང་བྲལ་ཏེ་གཡོ་སྒྱུའི་ལས་ཤ་སྟག་ལ་འཇུག་པར་འགྱུར་རོ།། མི་དགེ་བའི་ལས་བཅུ་པོ་དེ་དག་གི་བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་རྣམས་ཉམས་པར་གྱུར་པ ་སྟེ། སྲོག་བཅད་པས་འབྲས་བུ་ལ་སོགས་པའི་དངོས་པོ་མཐུ་ཆུང་ཞིང་གཟི་ཆུང་བར་འགྱུར་རོ།། མ་བྱིན་པར་བླངས་པས་ཐན་པ་དང་། སེར་བས་བཅོམ་པར་འགྱུར་བའོ།། འདོད་པས་ལོག་པར་སྤྱོད་པས་ས ་གཞི་རྡུལ་གྱིས་ཁྱབ་པར་འགྱུར་རོ།། རྫུན་དུ་སྨྲ་བས་འབྲས་བུ་ལ་སོགས་པ་དྲི་མི་ཞིམ་པར་འགྱུར་རོ།། ཕྲ་མས་ཡུལ་ས་ཐོག་ཐུག་ཆེ་བར་འགྱུར་རོ།། ཚིག་རྩུབ་པོས་སྐམ་ས་དང་བ་ཚྭ་ཅན་དུ་འགྱུར་རོ།། ཚིག་བ་ཀྱལ་པས ་དུས་འགྱུར་ཞིང་ཆར་ལ་སོགས་པས་དུས་མ་ཡིན་པར་འབབ་པར་འགྱུར་རོ།། ཆགས་སེམས་ཀྱིས་འབྲས་བུ་ལ་སོགས་པ་ཕྲ་བར་འགྱུར་རོ།། གནོད་སེམས་ཀྱིས་ཚྭ་བ་དང་ཁ་བར་འགྱུར་རོ།། ལོག་པའི་ལྟ་བས་འབྲས་བུ ་ཉུང་ཞིང་འབྲས་བུ་མེད་པར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་འབྲས་བུ་ནི་དེ་ལས་བཟློག་པར་རིག་པར་བྱའོ།། རྣམ་གྲངས་ཞེས་བྱ་བ་ལ་མདོ་དག་ལས། ལས་ཀྱི་ལམ་བཅུ་པོ་ཉིད་ཀྱི་དབང་དུ་མཛད་ནས། ལུས་ཀྱི ་ཡོ་བ་དང་ངག་གི་ཡོ་བ་དང་ཡིད་ཀྱི་ཡོ་བ་ཞེས་གསུངས་པ་དང་། ལུས་ཀྱི་རྙོག་པ་དང་ངག་གི་རྙོག་པ་དང་ཡིད་ཀྱི་རྙོག་པ་ཞེས་གསུངས་པ་དང་། ལུས་ཀྱི་ཉེས་པ་དང་ངག་གི་ཉེས་པ་དང་ཡིད་ཀྱི་ཉེས་པ་ཞེས་གསུངས་པ་དང་། ་ཡང་ལས་དཀར་པོ་རྣམ་པར་སྨིན་པ་ཡང་དཀར་པོ།། ལས་ནག་པོ་རྣམ་པར་སྨིན་པ་ཡང་ནག་པོ་དང་། ལས་འདྲེན་མ་རྣམ་པར་སྨིན་པ་ཡང་འདྲེན་མ་དང་། ལས་དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ། ལས་དཀར ་ནག་གི་རྣམ་པར་སྨིན་པ་ཟད་དོ་ཞེས་གསུངས་པ་ནི་རྣམ་གྲངས་ཏེ་དེ་ལ་རྒྱུའི་སེམས་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་སྤོ་བའོ།། འདོད་ཆགས་ཀྱིས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ལས་ནི་རྙོག་པ། ཞེས་སྣང་གི ་སེམས་ཀྱི་རྒྱུ་ལས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ལས་ནི་ཉེས་པའོ།། ངན་སྟོང་གསུམ་དུ་སྐྱེ་བར་བྱེད་པ་མི་དགེ་བ་བཅུའི་ལས་ནི་ལས་ཀྱང་གནག། རྣམ་པར་སྨིན་པ་ཡང་གནག་པའོ།། གཟུགས་ཀྱི་ཁམས ་སུ་སྐྱེ་བ་ནི་ལས་ཀྱང་དཀར་རྣམ་པར་སྨིན་པ་ཡང་དཀར་བའོ།། འདོད་པའི་ཁམས་ཀྱི་མི་ལ་སོགས་པ་སྐྱེ་བར་བྱེད་པའི་དགེ་བ་ནི་ལས་ཀྱང་དཀར་ནག་འདྲེན་མ། རྣམ་པར་སྨིན་པ་ཡང་དཀར་ནག་འདྲེན་མཱ་ཞེས་བྱའོ།། དེ་མ ་ཐག་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལས་དཀར་ནག་ཀྱང་མ་ཡིན་ལ། རྣམ་པར་སྨིན་པ་དཀར་ནོག་ཟད་པར་བྱེད་པའི་ལམ་ཞེས་བྱའོ།། །། ཡང་དག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། ལོག་པའི ་འཚེ་བ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། ལོག་པའི་འཚོ་བ་བསྟན་ནས། དེ་ལས་བཟློག་ན་ཡང་དག་པའི་འཚོ་བར་འགྱུར་བས། ལོག་པའི་འཚོ་བ་ཇི་ལ་འཆད་དོ།། དེ་ཡང་དགེ་སློང་གི་ལོག་པའི་འཚོ་བ་དང་། དགེ་བསྙེན་གྱི་ལོག་པའི ་འཚོ་བ་སྟེ་རྣམ་པ་གཉིས་སུ་གཞག་གོ། དེ་ལ་དགེ་སློང་གི་ལོག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ཚུལ་འཆོས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཚོས་པ་དང་ཁ་བསག་དང་གཞོགས་སློངས་དང ་གཞོགས་བསྡིག་དང་རྙེད་པས་རྙེད་པ་འདོད་པ་ནི། དགེ་སློང་གི་ལོག་པའི་འཚོ་བ་སྟེ། དགེ་བསྙེན་གྱི་ལོག་པའི་འཚོ་བ་ནི་ཕྱིས་འཆད་དོ།། ཚུལ་འཆོས་པ་བསྟན་པའི་ཕྱིར། དེ་ལ་ཚུལ་འཆོས་པ་ཞེ་ན་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཚུལ་འཆོས་པ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་རྣམ་པར་འཇོག་པ་དང་། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྡུས་པར་སྟོན་པ་དང་། ངན་པ་དང་། བསོད་པ་སྟེན་པ་དང་མི་སྟོན་པའོ།། དེ་ལ ་སྤྱོད་ལམ་རྣམ་པར་འཇོག་པ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་གཞན་དག་གི་ཡོན་ཏན་ཡོད་པར་དཔག་པའི་སེམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ལམ་འཛིན་པའོ།། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་ནི་ཁེ ་དང་བཀུར་སྟི་ལ་ཆགས་པའི་སེམས་ཀྱིས་དུར་ཁྲོད་དམ་དགོན་པའི་གནས་སུ་གནས་འཆའ་ཞིང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་མང་པོ་མི་འཛིན་པའོ།། ངན་པ་དང་བསོད་པ་སྟེན་པ་དང་མི་སྟེན་པ་ནི། ཁ་ཟས་ངན་པ་དང་ཆོས་གོས ་ལ་སོགས་པ་ངན་པ་སྟེན་པར་སྟོན་ཅིང་ཁ་ཟས་བསོད་པ་དང་ཆོས་གོས་ལ་སོགས་པ་བཟང་པོ་མི་སྟོན་པར་སྟོན་པ་སྟེ། འདིར་ཡང་ཁེ་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་ལ་ཆགས་པ་ཞེས་སྦྱར་རོ།། དེ་ལྟར་ཚུལ་འཆོས་པ་རྣམ ་བ་གསུམ་ལས། མདོ་འདིར་སྤྱོད་ལམ་རྣམ་པར་འཇོག་པའི་ཚུལ་འཆོས་པ་དང་། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པའི་ཚུལ་བསྟན་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་བསྟན་པའི་ཕྱིར། དགེ་སློང ་དག་སྦྱིན་པའི་བདག་པོ་མཐོང་ན་ཞེས་གསུངས་ཏེ་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་དབང་གིས། རྙེད་པ་དང་བཀུར་སྟི་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བསམས་ནས། དགེ་སྦྱོང་གི་སྦྱིན་པའི་བདག་པོ་མཐོང་བ་དང་། ལམ་མམ་གྲོང ་སྟོང་བར་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་ལ། སྦྱིན་པའི་བདག་པོ་རྣམས་ཀྱིས་ཀྱང་། དགེ་སློང་འདི་ནི་བསམ་གཏན་པ་དགྲ་བཅོམ་པ་སྟེ། རྙེད་པ་དང་བཀུར་སྟི་བྱ་བའོ་འོས་སོ་སྒོམྦྷ་པའི་སེམས་ཀྱིས་སྤྱོད་ལམ་འཆོས་པ་ནི་རྒྱུ ་འཆོས་པ་ཞེས་བྱའོ།། སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི། སོང་བའི་སྤྱོད་ལམ་གྱིས་གནས་ཞེས་བྱ་བའི་ཐ་ཚིག་གོ། རྙེད་པ་ནི་ལྷུང་བཟེད་དང་ཆོས་གོས་ལ་སྩོགས་པའོ།། བཀུར་སྟི་ནི་ཐལ་མོ་སྦྱར་བ་དང་ཕྱག་འཚལ་བ་ལ་སོགས ་བའི་ལུས་བྱེད་པའོ།། བདག་ལ་ཤོག་ཅིག་ཅེས་བྱ་བ་ནི། བདག་ལ་གྲུབ་པར་གྱུར་ཅེས་སེམས་པའོ།། སོགས་པའི་སྒྲས་ནི་ངན་པ་དང་བསོད་པ་ལ་སྟེན་པ་དང་མི་སྟེན་པའི་ཚུལ་འཆོས་པ་ཡང་བསྡུའོ།། ཁ་བསགས་བསྟན་པར ་བྱ་བའི་ཕྱིར།། དེ་ལ་ཁ་གསག་གང་ཞེ་ན་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཁེ་དང་བཀུར་སྟི་ལ་བསམ་པས་དེ་དག་དགའ་བའི་ཚིག་སྨེ་བ་དང་། བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་དང་ཆོས་སྨྲ་བའོ།། ཁེ་དང་བཀུར་སྟིའི་བསམ་པས ་དེ་དགའོ་བའི་ཚིག་སྨྲ་བ་ནི་ཁེ་དང་བཀུར་སྟི་ལོ་ཆགས་པའི་རྒྱུས། ཁྱེད་ཀྱི་ནི་ཕ་ཡིན་ཁྱོད་ཀྱི་ནི་མ་ཡིན་ཞེས་བྱ་བའི་ཚིག་སྨྲ་བའོ།། བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་ནི། བདག་ནི་དད་པ་དང་ལྡན་པ་ཐོས་པ་དང་ལྡན་པ། ཚུལ་ཁྲིམས ་དང་ལྡན་པའོ།། ཞེས་བྱ་བ་ལ་སོགས་པ་སྨྲ་བྱའོ།། ཆོས་སྒྲུ་བ་དང་ཁེ་དང་བཀུར་སྟི་ལ་ཆགས་བྱས་གཞན་དག་གི་ཐང་དུ་དེ་བཞིན་གཤེགས་པའི་གསུངས་རབ་འཆང་བ་སྟེ། འདྲི་ནི་དེ་དག་དགྱུའ་བྲལ ་ཚིག་སྨྲ་བའི་དབང་དུ་མཛད་པར་བསྟེན་པའི་ཕྱིར། ཁྱོད་ནི་ངའི་ཕ་ཁྱོད་ནི་ངའི་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ། དེ་བཞིན་གཞན་ཡང་ཚིག་སྙན་པ་ཞེས་བྱ་བ་ནི་ཁྱོད་ནི་ངའི་ཇོ་བོ།། ཁྱོད་ནི་ངའི་མཁྱེན ་པོ། ཁྱོད་ནི་ངའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་དང་། ཆོས་སྨྲ་བ་ཡང་བསྡུའོ།། གཞོགས་སློང་བསྟན་པའི་ཕྱིར། དེ་ལ་གཞོགས་སློང ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྙེད་པའི་བསམ་པས་ལུསཱ་ལ་གནོད་པའི་དངོས་པོ་སྟོན་པ་དང་། ཕོངས་པའི་དངོས་པོ་སྟོན་པ་དང་། ཚིག་གིས་འདོད་པའི་དངོས་པོ་བརྗོད་པའོ།། ལུས་ཀྱི་གནོད་པའི ་དངོས་པོ་སྟོན་པ་ནི་ཆོས་གོས་དང་བཟའ་བ་ལ་སོགས་པ་རྙེད་པ་ལ་ཆགས་པའི་སེམས་ཀྱིས་བདག་གི་ལུས་ཉིད་ལ་རྨ་དང་ཤུ་བ་ལ་སོགས་པས་ཉེན་པར་སྟོན་པ་དང་གྲང་བཱ་དང་ཚ་བས་ཉེན་པར་སྟོན་པའོ།། ཕོངས་པའི ་དངོས་པོར་སྟོན་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་མི་བདོག་པ་དང་། མེད་པ་འདྲ་བར་སྟོན་པའོ།། ཚིག་གིས་འདོད་པའི་དངོས་པོ་བརྗོད་པ་ནི། བདག་ལ་དངོས་པོ་འདི་ལྟ་བུ་ཞིག་ཁོ་ན་མི་བདོག་ཅེས་ཆོས་གོས་ལ ་སོགས་པ་དམ་པ་འདི་ལྟ་བུ་ནི་ཁྱིམ་བདག་དམ་པ་འདི་དག་ཁྱིམ་ན་སྣ་རྙེད་ཀྱི། གཞན་དག་གི་དེ་ནས་མྦྷི་རྙེད་དོ་ཞེས་སྨྲ་བ་སྟེ། མྱང་འདིར་ཚིག་གིས་དངོས་པོ་འདོད་པའི་དབང་དུ་བཤད་པའི་ཕྱིར། དགེ་སྦྱོང་དགུ་བསོད་སྙོམས་ཟོས་ནས་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། བསོད་སྙོམས་ཟློས་པ་ནི་ཁྱིམ་བདག་དད་པ་ཅན་དག་གི་ཁྱིམ་སྟེ། བསོད་སྙོམས་ཟློས་ནས་ཡང་རྙེད་པ་ལ་ཡང་ཆགས་པའི་དབང་གིས་ཡང་ན་ས་ཡང་དུ་དགེ་བསྦྱིན་ཁྱོད་ཀྱི་ཁྱིམ་ནས་རྙེད་པ ་གོགཞན་དག་ནས་མི་རྙེད་དོ་ཞེས་སྨྲ་བ་ནི། གཤེགས་སློངས་སོ།། ཁ་དང་བཀུར་སྟི་ལ་ཆགས་པ་མེད་པར་དྲང་པོར་སྨྲ་བ་ནི་ཉེས་མེད་དེ། གཞོགས་སློངས་མ་ཡིན་ནོ།། གཞོགས་སྡིགས་བསྟེན་པའི་ཕྱིར་དེ་ལ་གོཞོགས་བསྡིགས ་གང་ཞེ་ན་ཞེས་བྱ་བ་ལ་སོགས་གསུངས་སོ།། གླ་ནོགསྣ་བསྡིགས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་སྦྱིན་པའི་ཡོན་བདག་ལ་སྡོང་པུར་བྱེད་པ་དང་། གཞན་དང་འབྲེལ་པ་ལ་སློང་བ་དང་། ལྗོངས་སུ་མི་གཏོང་བྱ ་ལ་སྨོད་པར་བྱེད་པའོ།། རྙེད་པའི་བསམ་པས་སྦྱིན་པའི་ཡོན་བ་དག་ལ་སྨོད་པར་བྱེད་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པས་གང་གི་ཚེ་སྦྱིན་པའི་ཡོན་བདག་གིས་ཆོས་གོས་ལ་སོགས་པའི་རྙེད་པ་མི་བྱིན་ན་དེ་ནི་དབུལ་པོར ་འགྱུར་རོ།། གཞན་ཡང་མི་བདེན་པ་རྣམ་པ་སྣ་ཚོགས་འདྲའོ་ཞེས་སྨྲའོ།། གཞོན་ཡང་འབྲེལ་པ་ལ་སློང་བ་ནི་ཡོན་བདག་གིས་སྐབསུ་མ་བྱིན་ན་ཡོན་བདག་ཁྱོད་གཅིག་པུར་མ་ཟད་ཀྱི། གཞན་དག་ཀྱང་ཡོད་དོ་ཞེས ་སྨྲ་ཞིང་གཞན་ལ་སློང་བར་བསྡིགས་པའོ།། ཡོངས་སུ་མི་གཏོང་བ་ལ་སྨོས་པ་ནི། གང་སྦྱིན་པ་མི་བྱེད་བ་དག་ནི་གདོན་མི་ཟ་བར་ངན་སོང་དུ་ལྟུང་བ་ཁྱོད་ཀྱང་སྦྱིན་པ་མི་བྱེད་པས་ངེས་པར་ངན་སོང ་དུ་ལྷུང་ངོ་ཞེས་བསྡིགས་པ་སྟེ། འདིར་ཡོངས་སུ་མི་གཏོང་བ་ལ་སྨོད་པའི་དབང་དུ་མཛད་ནས་བཤད་པར་བསྟན་པོའི་ཕྱིར། དགེ་སློང་དག་ཁྱིམ་གང་ནས་བསོད་སྙོམས་མ་རྙེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་མདོའི་ཚིག་དངོས་གསལ་བར་མ་བཤད་ན། གཞོགས་བསྡིགས་རྣམ་གཉིས་ཀྱང་འདིར་བསྡུ་བར་བལྟའོ།། རྙེད་པས་རྙེད་པ་འདོད་པ་བསྟན་པའི་ཕྱིར། དེ་ལ་རྙེད་པས་རྙེད་པ་འདོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུང ་སོ།། དེ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པཱ་དང་། སྦྱིན་པའི་ཡོན་བདག་རྒྱ་ཆེན་པོར་སྟོན་པ་དང་། ཟུང་ཟིང་རྙེད་པར་སྟོན་པའོ།། རྙེང་པའི་བསམ་པས་གཞན་ལ་རྒྱ ་ཆེན་པོ་རྙེད་པར་སྟོན་པ་ནི་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པའི་རྒྱུས་བདག་ཉིད་ཀྱི་ནོར་གྱིས་ཆོས་གོས་ལ་སོགས་པ་བཟང་པོ་ཉོས་ནས་བདག་གི་ཡོན་བདག་ལ་ཆོས་གས་འདི་ལྟ་བུའི་ཡོན་བདག་གཞན་དག་ལས ་རྙེད་དོ་ཞེས་སྨྲ་བའི་སྒོ་ནས་རྙེད་པ་སྒྲུབ་པའོ།། ཡོན་བདག་རྒྱུ་ཆེན་པོར་སྟོན་པ་ནི་ཡོན་བདག་ཆེ་གེ་མོ་ཞིག་མང་དུ་གཏོང་། གཏོང་བ་རྒྱ་ཆེན་པོ་ལ་དགའ་བ། ཡོན་བདག་གཞན་དག་དེ་ལྟ་བུ་མ་ཡིན་ནོ།། ཞེས་སྨྲ་བའོ།། ཟང ་བྱིདྱཱ་རྙེད་པ་སྨྱོན་པ་ནི་སྦྱིན་བདག་གང་གི་ཁྱིམ་དུ་སོང་ནས། ཁ་ཟས་དང་ཆོས་གོས་ལ་སོགས་པ་བྱིན་ནུ་སྦྱིན་བདག་གཞན་རྣམས་ཀྱི་ཁྱིམ་དུ་ཡང་ཟང་ཟིང་ཅི་སྦྱིན་པ་སྟ་བ་སྟེ། འདིར་རྙེད་པས་རྙེད་པ་སྒྲུབ་པ་རྣམ་པ་གསུམ་ལས་རྣང ་པབའི་བསམས་པས་གཽཞན་རྒྱ་ཆེན་པོར་རྙིང་པར་སྟོན་པའི་དབང་དུ་མཛད་ནས་བཤདྲ་པའི་ཕྱིར། དགེ་སློང་དག་བདག་གིས་ནོར་གྱིས་ཞེས་བྱ་བ་ལ་སོགས་པོ་གསུངསྭཱ་ཏེ། དེ་ཡང་མདོར་ན་བདག་ཉིད་ཀྱི་ནོར་གྱི་ཆོས་གོས་ལ ་སྩོགས་པ་ཉོས་ནས་སྦྱིན་པའི་བདུག་པོ་དགེ་བ་སྤྲིན་གྱི་མདུན་དུ་འདུག་སྟེ། སྦྱིན་པའི་ཡོན་བདག་གཞན་གྱིས་བདག་ལྔ་རྒྱོས་གོས་ལ་སོགས་པ་འདི་འདྲ་བ་བྱིན་ནོ་ཞེས་སྨྲས་པ་དང་། དེ་ཡང་ངོ་ཚ་བས་ཆོས་གོས་ལ ་སོགས་པ་སྦྱིན་པར་བྱེད་པ་སྟེ། རྙེད་པས་རྙེད་པ་བ་སྒྲུབ་པ་རྣམ་པ་གཉིས་ཀྱང་འདིར་བསྡུ་བར་བལྟའོ།། དགེ་སློང་གི་ལོག་པར་འཚོ་བ་རྣམ་པ་ལྔ་པོ་དེ་ཡང་རྣམ་པ་ག་སུམྱ་དུ་བཞག་སྟེ། ལུས་ཀྱི་ལས་དང་། ངག ་གི་ལས་དང་། ལུས་དང་ངགྲ་གིཉྩི་གའི་ལས་སོ།། དེ་ལ་ཚུལ་འཆོས་པ་ནི་ལུས་ཀྱི་ལས་ཡིན་ནོ།། ཁ་གསག་ནི་ངག་གིས་ལས་སོ།། གཞོགས་སློངས་དང་། གཞོགས་བསྡིགས་དང་། རྙེད་པས་རྙེད་པ ་བསྒྲུབ་པ་ནི་ལུས་དང་ངག་གཉི་གའི་ལས་དང་ལྡན་པ་ཡོད་དོ།། དེ་ལ་ལོག་པའི་མཆེ་བ་རྣམ་པ་ལྔ་སྤངས་ནས་དགེ་སློང་རྣམས་ཀྱི་ཡང་དག་པའི་འཚོ་བར་འགྱུར་རོ།། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཡིན་པ་བསྟན ་པར་བྱ་བའི་ཕྱིར། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བསྙེན་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་བསྙེན་མཱ་དང་དུས་ཁྲིམས་པ་ཡང་བསྡུའོ།། ་གོང་དུ་དགེ་སློང་གི་སྐབས་སུ་ཡང་། དགེ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་སློང་མ་དང་། དགེ་སྦྱོང་ཕ་དང་དགེ་སྦྱོང་མ་དགེ་ཚུལ་མ་རྣམས་ཀྱང་བསྡུའོ།། སེམས་ཅན་འཚོང་བ་ཞེས་བྱ་བ་ནི་མི་འཚོང་བ་སྟེ། དགེ་བསྙེན་མ ་རྣམས་ལ་དེ་ནི་དགག་པ་ཡིན་ཏེ། རྟ་ལ་སོགས་པ་སེམས་ཅན་འཚོང་དུ་མི་གནང་བ་ནི་མ་ཡིན་ནོ།། མ་བརྟགས་པར་འབྲུ་དང་ཡུངས་ཀར་འཆར་བ་ཞེས་བྱ་བ་ནི་དུས་རིང་པོར་ལོན་པའི་འབྲུ་དང་ཡུངས་ཀར་ལ་སྲིན་འཇུག ་པ་སྣ་མ་བརྟགས་པར་ཏིལ་དང་ཡུངས་ཀཱར་ལ་སོགས་པ་བཙིར་ནུ་སྲོག་ལ་གནོད་པའི་ཕྱིར་ལོག་པའི་འཚེ་བར་བཞག་སྟེ། བརྟགས་ཏེ་བཙིར་བ་ནི་ལོག་པའི་འཚོ་བྱ་མ་ཡིན་ནོ་ཞེས་དགོངས་པའོ།། དེ་ཡང་རྣམ་པ ་གཉིས་སུ་བཞག་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ལོག་པའི་འཚོ་བ་དང་། སེམས་ཅན་གྱི་གྲངས་སུ་མཾ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ།། དུག་འཚོང་བ་དང་མཚོན་ཆ་འཚོང་བ་ཆང ་འཚོང་བ་ནི། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ།། །། ཡང་དག་པའི་རྩོལ་བ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། གསོང་པོར་སྨྲ་བ་དང་ཞེས་བྱ་བ་ནི་ཁྱིམ་ན་གནས་པའི་ཕྱོགས་ཀྱི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་བྱ་སྟེ། ཕ་དང་མ་དང་རིགས་ཀྱི་རྒན་པ་རྣམས་དང་ཕྲད་ན་ལུས་ཀྱིས་འདུད་པ་དང་ཚིག་གིས་བས ་སྟེ་འཇམ་པོར་སྨྲ་བའོ།། ཕྱག་འཚལ་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དཔུང་དུ་མཛད་ནས། མཁན་པོ་དང་སློབ་དཔོན་ལ་སོགས་པ་དང་ཕྲད་ན་ཡན་ལག་བཏུད་དེ་ཕྱག་བྱེད་པའི་ལས་བྱེད་པའོ།། ལྡང་བ ་ཞེས་བྱ་བས་བླ་མཱ་ལ་སོགས་པ་གཞན་ནས་འོང་བའི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། གང་ཟག་ཡོན་ཏན་ཅན་བླ་མ་གཞན་དག་གུས་ནས་འོངས་པ་རྣམས་ལ་ཡོད་སྟན་ལས་ལོངས་ནས་བསུ་སྟེ། ་སྨན་ལོ་འཇོག་ཅིང་སྟོབས་པའོ།། ཐལ་མོ་སྦྱར་བའི་ལས་བྱེད་ཅེས་བྱ་བས་གནས་གཅིག་ནི་འཁོད་པའི་གང་ཟུག་ཡོན་ཏན་ནྡན་རྣམས་ལ་གུས་པའི་ཚུལ་སྟོན་བྱ་སྟེ། གནས་གཅིག་ནཱ་གྲཱནྡྷས་པའི་གང་ཟག ་ཚངས་པ་མཚུངས་པར་སྤྱོང་པ་རྣམས་དང་ཕྲད་ནོ་ཡང་ལུས་འདོད་པ་དང་ཐལ་མོ་སྦྱར་བའི་ལས་བྱེད་པ་སྟེ། འདི་ནི་ཡང་དག་པའི་རྣོལ་བའོ།། མ་དོར་ན་མི་མཐུན་པའི་ཕྱོགས་སྤང་བ་དང་། གཉེན་པོ་སྒོམ་པ་ལ་བརྩོན་པ་ནི ་ཡང་དག་པའི་རྩོལ་བའོ།། ། ཡང་དག་པའི་དྲན་པ་བསྟན་པའི་ཕྱིར། ཡང་དག་པོའི་དྲན་པ་གང་ཞེ་ན། འདི་ལ་དགེ་སློང་དག་ཅེས་བྱ་བ་གསུངས་སོ།། དེ་ལ་སེམས་ཅན་རྣམ་པ་གསུམ་སྟེ། འདོད་ཆགས ་ཀྱི་རང་བཞིན་ཅན་དང་། ཞེ་སྡང་གི་རང་བཞིན་ཅན་དང་། གཏི་མུག་གི་རང་བཞིན་ཅན་ནོ།། གསུམ་པོ་དེ་དག་གི་མཚན་མྱ་བརྟགས་པར་བྱ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་གྱི་མཚན་མ་ནི་རང་བཞིན་གྱིས ་གཡོ་ཞིང་གཡེང་བའི་ངང་ཚུལ་ཅན་གླུ་དང་གར་ལ་སོགས་པ་ལ་དགའ་བ། དྲན་པ་ཉམས་པ་ལ་རྟག་པར་སེམས་དང་གིས་འཇམ་པ། ཕྲག་དོག་ཆེ་བ་ངོ་ཚ་བ་མོང་བ་ལ་གནས་པ། འདོད་ཆགས་སྤང་བར་དཀའ་བ་ཁ་ན་མ་ཐོ་བ ་ཆུང་བའོ།། ཞེ་སྡང་གི་རང་བཞིན་ཅན་གྱི་མཚན་མ་ནི་ཅི་ལ་ཡང་གླེང་བ་དང་སྨྲ་བར་བྱེད་པ་འཐབ་མོ་ལ་དགའ་བ་བཞིན་ཁྲོ་གཉེར་ཅན། མགུ་དཀའ་བ། སེམས་དང་རྩུབ་པོ་རྣོ་བ་སྡིག་ལ་དགའ་བ། སེམས་ཅན་སེམས་རྩུབ་ཅིང ་གནོད་པར་བྱེད་པ་ལ་མོས་པ། ཉོན་མོངས་པ་སྤང་བར་སླུ་བ་སྟེ། ཁ་ནཱ་མ་ཐོ་བ་ཆེན་པའོ།། གཏི་མུག་གི་རང་བཞིན་ཅན་གྱི་མཚན་མ་ནི་ཡིད་གཉིས་ཅན་ལས་སུ་བྱ་བ་ལ་སྤྲོས་པ་མེད་པ། གཉིད་དང་རྨུགས་པ་མང་བ་རྟོག ་པ་དང་སེམས་ལྕིགས་ཅན་གྱི་རང་བཞིན་ཅན་ཡིན་པ། ཤིང་བལ་དང་སྲིན་བལ་ལྟ་བུའི་སེམས་རྨོངས་པ་མང་བ། ལེ་ལོ་ཆེ་བ་སུ་ལ་ཡང་ཡིད་མི་རྟོན་པ་སྐྱེ་བོ་དེ་ཉིད་ཀྱང་ཡིད་བརྟན་དུ་མི་རུང་བ། འགྲོ་བ་དགེ་བ་རྣམས་ཞེ ་སྡང་སྐྱེ་བ། བྱས་པ་མི་གཟོ་བ། ཉོན་མོངས་པ་སྤང་བར་དཀའ་བ་ཁ་ན་མ་ཐོ་བ་ཆེ་བའོ་དེ་དག་ལ་ཡང་ཞིབ་དུ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདོད་ཆགས་ཀྱི་སྤྱོད་པ་ནི་འདོད་པའི་ཡོན་ཏན་ལ་དགའ་བ་གཞན་དག་གི་ཡོན ་ཏན་ཕལ་ཆེར་ཚོལ་གྱི་ཉེས་པའི་གླགས་མི་ལྟའོ།། ཞེ་སྡང་ཅན་གྱི་སྤྱོད་པ་ནི་གང་ལ་ཡང་ཆགས་པ། མི་ཆེ་བ་གཞན་དག་གི་སྐྱོན་དང་ཉེས་པ་ཕལ་ཆེར་ཚོལ་བར་བྱེད་པའོ།། གཏི་མུག་ཅན་གྱི་སྤྱོད་པ་ནི་གང་དུ་ཡང་མི་གནས་པ་འཇོག ་པབ་དང་རྟོག་པའི་རང་བཞིན་ཅན་མ་ཡིན་པའོ།། སྔོན་གྱི་སྤྱོད་བའི་སྒོ་ནས་བརྟག་ན། འདོད་ཆགས་ཅན་ནི་སྔོན་དགེ་བའི་ལས་ཕལ་ཆེར་བྱས་པས་བདེ་བའི་འབྲས་བུ་ལ་གནས་པའི་ཕྱིར་མཐོ་རིས་ཀྱི་གནས་ནས་ཤི་འཕོས་ཏེ། ་འདིར་སྐྱེས་པར་བལྟའོ།། ཞེ་སྡང་ཅན་སྔོན་གསང་ཁ་དོང་བཅས་པ་དང་བརྡེག་པ་ལ་སོགས་པའི་ལས་ཕལ་ཆེར་བྱས་པས་སེམས་ཅན་དམྱལ་བ་འམ། ཀླུའི་སྐྱེ་གནས་སམ་མཱའི་སྐྱེ་གནས་ན་ཡང་རྟག་ཏུ་སྡུག་བསྔལ་བ ་གནས་པོ་ལས་ཤི་འཕོས་ནས། འདིར་སྐྱེས་ཏེ། སྔོན་ཡང་རྟག་ཏུ་སྡུག་བསྔལ་གྱི་སེམས་དཀྲུགས་པས་གར་སྐྱེས་པ་དེ་ཡང་སེམས་འཁྲུགས་པ་དང་ཞེ་སྡང་ཆེ་བར་བལྟའོ།། གཏི་མུག་ཅན་གྱི་སྤྱོད་པ་ནི་སྔོན་གྱི་རྒྱུ་སྔོན་ཆབ ་མང་དུ་འཐུངས་པ་འམ་མཉན་པ་དང་འདྲི་བོ་ལ་སོགས་པའི་ལས་མ་བྱས་པ་དང་། བྱོལ་སྡོང་གི་སྐྱེ་གནས་ནས་ཤྲཱི་འཕོས་ནས་འདིར་སྐྱེ་བར་བལྟའོ།། ཁམས་ཀྱི་རྒྱུས་བརྟག་ནུ་ས་དང་ཆུ་དང་མེ་དང་རླུང་སྟེ། འབྱུང་བ་ཆེན་པོ ་བཞི་ཤས་མཉམ་ན་ནི་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ།། མེའི་ཁམས་དང་རླུང་གི་ཁམས་ཤས་ཚ་ན་ནི་ཞེ་སྡང་ཆེ་བར་འགྱུར་རོ།། ས་དང་ཆུའི་ཤས་ཆེ་ན་ནི་གཏི་མུག་ཆེ་བར་འགྱུར་རོ།། ཉེས་པའི་གླེང་གཞིས ་རྟག་ན་རླུང་གི་ཤས་ཆེ་བ་རྣམས་ནི་འདོད་ཆགས་སྤྱོད་པ་གནས་པའོ།། མཁྲིས་པའི་ཤས་ཆེ་བ་རྣམས་ནི་ཞེ་སྡང་ཆེ་བ་ལ་གནས་པའོ།། བད་ཀན་གྱི་ཤས་ཆེ་བ་རྣམས་ནི་གཏི་མུག་ཆེ་བ་རྣམས་སོ།། ཡང ་རྣམ་པ་བདུན་གྱི་སྒོ་ནས། རྣམ་པ་གསུམ་གྱི་སྤྱོད་པ་བརྟག་སྟེ། རྣམ་པོ་བདུན་ནི་དམིགས་པ་དང་། ཉོན་མོངས་པ་དང་། འགྲོ་བ་དང་། ཆོས་གོས་བགོ་བ་དང་། ཁ་ཟླས་ཟ་བ་དང་། ལས་བྱེད་པ་དང་། ཉལ་བའོ།། ་དདམིགས་པས་ཇི་ལྟར་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་གཟུགས་འགའ་ཞིག་མཐོང་ན། ངོ་མཚར་དུ་གྱུར་པར་ལྟ་ཞིང་། ཡུན་རིང་དུ་ལྟ་བ་ལ་ཉེས་པ་ཞིག་བྱུང་ན་ཡང་ཉེས་པར་མི་ལྟ་ཡོན་ཏན་ཅུང་ཟད་ཙམ ་ཡང་མཚར་དུ་ཡིད་གཅུགས་པར་བྱེད་ལ། གང་མཐོང་བ་དེ་དང་འབྲལ་བར་མི་དགའ་ཞིང་བྲལ་ན་ཡང་སླར་འཕྲད་པར་འདོད་པ་དང་བཅས་ཏེ་འགྲོ་བའོ།། ཞེ་སྡང་གི་ཤས་ཆེ་བ་གཟུགས་འགའ་ཞིག་མཐོང་ན་མཚར་དུ་བྱ་བ ་མེད་ཀྱི་བྲལ་བ་དང་ཆད་པའི་ཚུལ་དུ་ལྟ་ཞིང་། ཡུནྟ་རིང་དུ་མི་ལྟ་ལ་གཞན་དག་ལ་ཡང་ཉེས་པ་དང་སྐྱོན་ཚོལ་བ་མང་བ། སློང་བ་ལ་དགའ་བ་ཡོན་ཏན་དང་ལྤགས་པ་ཆེར་བྱས་ན་ཡིད་མི་སྟོན་པ། གང་མཐོང་བ་དང་བྲལ ་བར་འདོད་ལ། མི་དགའ་བའི་ཚུལ་བསྟན་ནས་འགྲོ་བར་བྱེད་པའོ།། གཏི་མུག་གི་ཤས་ཆེ་བ་ནི་གཟུགས་འགའ་ཞིག་མཐོང་ནས་ང་ཉེས་པ་ཡོན་ཏན་གྱི་ངོ་མི་ཟིན་པ། གཞན་དག་གིས་སྨད་ན་ཡང་རྗེས་སུ་སྨོས་ལ ་གཞན་དག་གོས་བྱ་སྟོན་ན་ཡང་རྗེས་སུ་སྤྱོད་པར་བྱེད་དེ། བདག་ཉིད་ཀྱི་ལེགས་ཉེས་ཀྱི་ངོ་མི་ཤེས་པའོ།། ཇི་ལྟར་ཉོན་མོངས་པའི་སྒོ་ནས་བརྟག་ཅེ་ན་འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་ཉོན་མོངས་པ་ལྔ་ལ་རྟག་ཏུ ་སྤྱོད་དེ། ཕྲག་དོག་དང་སེར་སྣ་དང་གཡོ་དང་སྨྱོ་དང་ཆགས་པ་དང་ལྷའོ།། ཞེ་སྡང་གི་ཤས་ཆེ་བ་རྣམས་ཀྱང་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ལྔ་ནི་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག ་བོ་དང་། ཁོང་ཁྲོ་བའོ།། གཏི་མུག་གཱི་ཤཱས་ཆེ་བ་ནི་ཉན་ཉོན་མོངས་པ་ལྔ་ལ་རྐྱེན་དུ་སྐྱོང་དེ། ལྔ་ནི་ལྕེ་ལོ་དང་གཉིད་དང་འགྱོད་པ་དང་ལྔའོ།། ཇི་ལྟར་འགྲོ་བའི་སྒོ་ནས་བརྟག་ཅེ་ན་འདོད་ཆགས་ལ་སྤྱོད་པ་འགྲོ་བ་ན ་ཏཱརཱ་བ་མཉམ་དུ་འདོར་ཞིང་ངལ་བུས་འགྲོ་བ་གོམས་པ་མཛེས་པར་འདོར་ཞིང་འགྲོའོ།། ཞེ་སྡོང་ལ་སྤྱོད་པ་འགྲོ་བ་ན། རང་བཞིན་གྱིས་གོམ་པ་གྱི་ཚོམ་དུ་འདོར་ལ་རྐང་པ་སཱ་ལ་གླནོན་པ་འདྲ་བར་བྱས་ཤིང་གཡས་ཕྱོགས ་ཀྱི་འགྲོའོ།། གཎྜཱི་མུགྣ་ལ་སྤྱོད་པ་འགྲོ་བ་ན། རང་བཞིན་གྱིས་རྐང་པ་ས་ལ་འཇོག་པ་ན། ཐིག་བག་ཏུ་འཇོག་ལ་འགྲོ་བའི་ཚེ་རྐང་པ་གཉིས་ས་ལ་འཆའ་བ་དང་རྐང་པ་གཉིས་ཅིག་ལཱ་ཅིག་འདུད་ཅིང་འགྲོའོ།། ཇི་ལྟར ་ཆོས་གོས་གྱོན་པའི་སྒོ་ནས་བརྟོག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱི་གོས་ཧ་ཅང་དོག་པ་ཡང་མ་ཡིན་ཡངས་པ་ཡང་མ་ཡིན་པ་ལ་དགའ་བ་དང་། སྐ་རགས་དམ་དུ་ཡང་མི་འཆིང་ལ་ལྷོད་པར་ཡང་མི་འཆིང ་བ་དང་གོས་ཡིད་ཀྱིས་རིང་བ་ལ་དགའ་བ་སྟེ། སྡུག་གུ་དང་མཛེས་པར་བྱས་ནས་གྱོན་ནོ།། ཞེ་སྡང་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་དོག་པ་ལ་དགའ་ཞིང་། སྐ་རགས་དམ་དུ་འཆིང་བ་དང ་གོས་ཐུང་ངུ་གྱོན་ཞིང་གཅིག་ཏུ་མཛེས་པ་ཁོ་ནར་བལྟ་ཞིང་གྱོན་པ་མེད་པའོ།། གཱིཏི་མུག་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཡངས་པོ་ལ་དགའ་ཞིང་སྐྱེ་རགས་ལྷོད་པར་འཆིང་བ་དང་གོས་ཅས་ཅོསུ་མི་མཛེས་པར་བྱས ་ནས་གྱོན་པའོ།། ཇི་ལྟར་ཁ་ཟས་ཟ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་སྤྱོད་པ་ནི་རང་བཞིན་གྱིས་སྣུམ་པ་དང་། མངར་བའི་ཁ་ཟས་ལ་དགའོ།། ཞེ་སྡང་ལ་སྤྱོད་པ་ནི་རྩུབ་པ་དང་སྦྱར་བའི་ཁ་ཟས་ལ་དགའ ་བའོ། |གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་གཅིག་ཏུ་ངེས་པ་མེད་དོ།། འདོད་ཆགས་ལ་སྤྱོད་པ་ཁ་ཟས་ལ་ཟ་བ་ན་ཁམ་རན་པ་དང་མཛེས་པར་བྱས་ནས་ཚེགས་བཞིན་དུ་ངལ་བུས་ཟ་ལ། རོ་ཞིམ་པོ་འགའ ་ཞིག་མྱོང་ན་ལྷག་པར་ཡོད་དགའ་བར་སྐྱེ་བའོ།། ཞེ་སྡང་ལ་སྤྱོད་པ་ཁ་ཟས་ལ་ཟ་བ་ན་ཁྲ་མོ་ཆེར་བྱས་ནས་ཁ་གང་བར་མི་ཆགས་པར་མྱུར་དུ་ཟ་ལ། ཁ་ཟས་ཞིམ་པོ་འགའ་ཞིག་མྱོང་ན་ཡང་ལྷག་པར་ཡང་ཡིད ་མི་བདེ་བར་སྐྱེ་བའོ།། གཏི་མུག་ལ་སྤྱོད་པ་ཁ་ཟས་ཟ་བ་ནེ་ཁམ་ཆུང་ངུ་བྱས་ལ་ཁ་ཟས་ཀྱི་ཁམ་ཡོང་མི་མཛེས་པར་བྱས་ནས། ལག་པ་དང་ཁ་ལ་སོགས་པ་ཁ་ཟས་ཀྱི་བསླུས་ཏེ་གང་ལ་ཡང་ཆེན་པོར་མི་རྟོག ་བར་ཟའོ།། ཇི་ལྟར་ལས་ཀྱི་སྒོ་ནས་བརྟག་ཅེ་ནུ། འདོད་ཆགས་ལ་སྤྱོད་པ་ནི་ཕྱོགས་མ་ཐོགས་ནས་དལ་བུས་ཕྱག་དང་རྣམས་དག་པར་བྱས་ཏེ། གཅིག་ཀྱང་མ་ལུས་པར་ཕྱགས་པར་བྱེད་དོ།། ཞེ་སྡང་ལ་སྤྱོད་པ་ནི་ཕྱགས ་མ་བླངས་ནས་རིངས་བིནྡྷ་ཚུལ་དུ་ཕྱོགས་གཉིས་ཀར་ཕྱག་དར་འདོར་ཞིང་སྒྲ་དང་བཅས་པར་དྲག་ཏུ་ཕྱག་པར་བྱེང་ངོ་།། གཏི་མུག་ལ་སྤྱོད་པ་ནི་ཕྱོགས་མ་ཐོགས་ནས་སྙོམས་པའི་ཚུལ་དུ་བྱེད་ལ་ཕྱག་དར་རྣམས ་ཀྱང་མ་དག་པ་དང་། མི་མཛེས་པོར་དལ་བུས་ཕྱག་པོར་བྱེད་དོ།། དེ་བཞིན་དུ་ལས་གཞན་ལ་ཡང་བརྟག་སྟེ། འདོད་ཆགས་ལ་སྤྱོད་པོ་ནི་ལསོ་གང་ལ་ཡང་མཛེས་པ་དང་གུས་པར་བྱེད་དོ།། ཞེ་སྡང་ལ་སྤྱོད་པ་ནི ་ལས་གང་ལ་ཡང་དྲག་ཏུ་བསྒྲུབ་པ་བརྟན་པོར་བྱེད་དོ།། གཏོ་མུག་ལ་སྤྱོད་པ་ནི་ལས་གང་ལ་ཡང་འཁྲུགས་པར་བྱེད་ལ་གཅིག་ཏུ་མི་བྱར་མི་རུང་བར་ཆད་པ་མེད་པའོ།། ཇི་ལྟར་ཉལ་བའི་སྒོ་ནས་བརྟག་ཅེ་ན། འདོད ་ཆགས་ལ་སྤྱོད་པ་ནི། མལ་སྟན་དལ་བྲུས་བཅས་ལ་མཛེས་པར་བྱས་ནས་ཉལ་བ་ན་ཡང་ལུས་བསྐུམ་སྟེ་ཉལ་ལོ།། ནང་པར་ལོང་བ་ཡང་མྱུར་དུ་ལྡང་ཞིང་འདོད་པ་འམ་སྐྲག་བྱ་དང་བཅས་པ་དང་འདྲ་བར་ཚིག་དལ ་བུས་འབྱིན་ཏོ།། ཞེ་སྡང་ལ་སྤྱོད་པ་ནི་མ་ལ་སྟན་འཆའ་ན་ཡང་མྱུར་དུ་བཅས་ནས་གང་ཇི་ལྟར་རུང་བར་ཡང་བྱས་ཏེ། རྐང་ལག་བརྐྱང་ནས་ཁྲོ་གཉེར་དང་བཅས་པར་ཉལ་ལོ།། ནང་པར་ལྡང་ན་ཡང་མྱུར་དུ ་ལངས་ལ་ཁྲོས་པ་བཞིན་དུ་ཚིག་དྲག་ཏུ་འབྱིན་ཏོ།། གཏི་མུག་ལ་དཔྱོང་བ་ནི་མལ་སྟན་ལ་ངེས་ལོང་ངེར་བཅས་ལ་ཉལ་བ་ན་ཡང་ཁཱ་སྦུབ་ཏུ་བྱས་ཤིང་ཉལ་ལོ།། ནང་པར་ལྡང་ན་ཡང་ཚིག་ཅི་ཡིན་གཏོལ ་མེད་པ་ནི་མི་གསལ་བར་འབྱིན་ཅིང་དུས་ཐ་གི་ཟད་ཅིག་ལོན་ནས་གདོང་མལ་ནས་ལྡང་ངོ་།། དེ་ལྟར་སྤྱོད་པ་རྣམས་གསུམ་ལ་སྤྱོད་པ་གང་ལ་ཆོས་གོས་ཅི་འདྲ་བ་དང་བསོད་སྙོམས་ཇི་ལྟ་བུ་དང་མལ་སྟན་ཅི་འདྲ་བ་དང་སྤྱོད་ཡུལ ་གྱི་གྲོང་ཁྱེར་གང་བཞག་པ་བསྟན་དགོས་ཏེ། དེ་བས་ན་འདོད་ཆགས་ལ་སྤྱོད་པ་རྣམས་ལ་མི་གཙང་པོ་བསྒོམ་པའི་ཚྭ་ནྡྷེ་ལ་དགོང་དགོས་པས་དགེ་སློང་དག་དགེ་སློང་བུད་མེད་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ། ་ཞེ་སྡང་ལོ་སྤྱོད་པ་རྣམས་ལ་ནི་བྱམས་པ་བསྒོམ་པ་ལ་དགོད་དེ། དེ་ནི་འོག་མེས་ཚད་མེད་པ་བཞི་བསྟུན་པའི་སྐབས་ནས་འཆང་ངོ་།། གཏི་མུག་ལ་སྦྱོང་བ་རྣམས་ལ་ནི་རྟེན་ཅིང་འབྲེལ་ཏོ། འབྱུང་བ་གཞན་ཏེ། དེའི ་ཚུལ་ཇི་ལྟ་བུ་ནི་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་བསྟན་པའི་སྐབསུ་བཤང་ཟིན་ཏོ།། དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་ཐུང་བ་དང་རྩུབ་པ་སྦྱིན་ནོ།། ཞེ་སྡང་ལ་སྤྱོད་པ་རྣམ ་ལ་ནི་ཆོས་གོས་གཙང་མ་དང་ཁ་དོག་བཟང་བ་དང་རི་ང་བ་དང་མཛེས་པ་སྦྱིན་ནོ།། གཏི་མུག་ལ་སྤྱོད་པ་པ་རྣམས་ལ་ནི་གང་ཡང་རུང་བའོ།། འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་རྩུབ་པ་དང་མི་ཞིམ་པ་དང ་ཉུང་ངུ་སྦྱིན་ནོ།། ཞེ་སྡང་ལ་སྦྱོང་བ་རྣམས་ལ་ནི་བསོད་སྙོམས་འཇམ་པ་དང་བཙང་བ་དང་ཞིམ་པ་དང་ཚིམ་པར་གྱུར་གྱི་བར་དུ་སྦྱིན་ནོ།། གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ།། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་མལ ་སྟན་ནི་དུར་ཁྲོད་དང་དུརུ་ཁྲོད་ལོ་ཉེ་བའམ། གཙུག་ལག་ཁང་ལ་སོགས་པ་ཡང་ལས་སུ་རུང་བ་མ་བྱས་པ། གདིང་བ་དགའ་བོ་ཕུན་སུམ་ཚོགས་པ་མོང་བར་བཞག་གོ།། ཞེ་སྦྲང་ལ་སྤྱོད་པ་རྣམས་ཀྱི་མལ་བསྟན་ནི་ཤིང་དང་ཆུ་ཕུན ་སུམ་ཚོགས་པ་ས་གཞྀ་མཉྫམ་ཞིང་མཛེས་པ་འམ་གཙུག་ལུག་ཁང་མཛེས་པར་བྱས་པ་གདིང་བྱ་དང་མལ་བསྟན་ཕུན་སུམ་ཚོགས་པར་བཞག་གོ། གཏི་མུག་ལ་སྤྱོད་བཱ་ནཱི་གང་དུ་ཡང་རུང་ངོ་།། འདོད་ཆགས་ལ་སྤྱོད་བྱ ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ནི་ཁ་ཟས་རྩུབ་པ་མང་དུ་ཟ་ཞིང་གྲོང་ཁྱེར་རྣམས་མི་མཛེས་པ་ལ་འགྲོ་བ་ཕོས་གང་བར་བཞོག་གོ།། ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་ཁ་ཟས་ཕུན་སུམ་ཚོགས་བྱ་དོང་གྲོང་ཁྱེར ་མཛེས་པ་དང་འགྲོ་བ་དད་པ་བསྒྱངས་པ་མང་བར་བཞག་གོ། གཏི་མུག་གི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་གང་དུ་ཡང་རུང་ལ་འགྲོ་བ་མཁ་ས་པོ་ཕལ་ཆེར་ཡོད་པོ་གནས་སུ་བཞིག་གོ། དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམ་པ་བཞི ་སྟེ། རེག་པ་ལ་ཆགས་པ་དང་། རང་བཞིན་ལ་ཆགས་པ་དང་། ཁ་དོག་ལ་ཆགས་པ་དང་། ཉེ་བར་སྤྱོད་པ་ལ་ཆགས་པའོ།། དེ་ལ་རེག་པ་ལ་ཆགས་པ་ནི་རེག་བྱ་འཇམ་པ་ལ་ཆགས་པ་སྟེ། དེས་རུས་པོ་དཀར་པོ ་བསྒོམ་པར་བྱའོ།། རང་བཞིན་ལ་ཆགས་པ་ནི། བུད་མེད་ལ་སོགས་པའི་ལུས་ཀྱི་ངོ་བོ་མ་ཉམས་པ་ལ་ཆགས་པ་སྟེ། ངེས་བམ་པ་དང་། སྤྲོས་པ་ལ་སོགས་པ་བསྒོམ་པར་བྱའོ།། ཁ་དོག་ལ ་ཆགས་པ་རྣམས་ཀྱིས་ནི་རྣམ་པར་བསྔོས་པ་ལ་སོགས་པ་བསྒོམས་པར་བྱའོ།། ཉེ་བར་སྤྱོད་པ་ལ་ཆགས་པ་རྣམས་ཀྱིས་ནི་བུད་མེད་ལ་སོགས་པའི་ལུས་དུར་ཁྱོད་དུ་བོར་བ་སེམས་མེད་དེ་ཤིང་བཞིན་དུ་གནོས་པ་ལ་སྒོམ་པའོ།། ། ་བདག་དང་བུད་མེད་ཀྱི་ཕྱི་ནང་གིས་ལུས་ལ་རྣམ་པར་འཇིག་པ་ནི་འདོད་ཚོགས་རྣམ་པ་བཞི་ཆར་གྱི་གཉེན་པོར་འགྱུར་བས། མདོ་འདི་ལས་དེ་ཉིད་ལས་གཙོ་བོར་མཛད་དེ་གསུངས་སོ།། དེ་ལ་བུད་མེད་ཀྱི་ལུས་ནི་ཕྱིའི ་ལུས་སོ།། བདག་ཉིད་ཀྱི་ལུས་ནི་ནང་གི་ལུས་སོ།། ཡང་ན་སྒྲ་དང་སྤུ་དང་སེན་མོ་དང་སོ་དང་རྡུལ་དང་དྲི་མ་དང་པགས་པ་ནི་ཕྱིའི་ལུས་སོ།། ཤ་དང་རུས་པ་ནས་བཤང་བ་དང་གཅི་བའི་བར་དུ་གསུངས་པ་ནི་ནང་གི ་ལུས་སོ།། དེ་ལ་མགོ་ལ་སྐྱེས་པ་ནི་སྐྲའོ།། མཆན་ཁུང་དང་ཁ་ལ་སོགས་པ་ལུས་ལ་སྐྱེས་པ་ནི་སྨྲ་སྟེ། བདག་དང་གཞན་གྱི་ལུས་དེ་ལྟར་བརྟགས་ན། ཇི་ལྟར་བརྟགས་པ་ལ་སོགས་པར་བྱས་ན་འདོད་ཆགས ་འཇིལ་བར་འགྱུར་ཏེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། །། ཡང་དག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར ་དགེ་བའི་ཆོས་ལ་སེམས་རྗེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཡང་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་པས་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། ་དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྟ་ལ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ།། བསམ་གཏན་གཉིས་པ་ནི་ཡན་ལག་བཞི་དང་ལྡན་པ་།། ་ཡན་ལག་བཞི་ལ་ནང་རབ་ཏུ་དང་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ།། བསམ་གཏོན་གསུམ་པ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་སེམས་རྩེ ་གཅིག་པའོ།། བསམ་གཏན་བཞི་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་བཏང་སྙོམས་རབ་ཏུ་དགའ་བ་དང་དྲན་པ་དང་རབ་ཏུ་དགའ་བ་དང་བྱེད་པ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང ་སེམས་རྩེ་གཅིག་པའོ།། དེ་ལྟ་བས་ན་བསམ་གཏན་བཞི་པོ་འདི་དག་ལ་ཡན་ལག་བཅཝོ་བརྒྱད་དུ་འགྱུར་ཏེ། ཡན་ལག་བཅོ་བརྒྱད་ནི་བསམ་གཏན་དང་པོ་ལ་ཡན་ལག་ལྟ། བསམ་གཏན་གསུམ་པ་ལ་ཡན་ལག་ལྟ ་སྟེ་བཅུ་དང་། བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི། བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ་བརྒྱད་དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་རོ།། བསམ་གཏན་བཞི་པོ་འདི་དག་ཞིབ་ཏུ་འཆད་པ་ནི། ཕྱིས ་བསམ་གཏན་གྱི་སྐབས་སུ་འཆད་པས། འདིར་བཤད་ན་དགོས་པ་ཆུང་ལ་བྱ་བ་ཆེ་བའི་ཕྱིར་ནི་མ་བཤད་དོ།། ། འཕགས་པའི་བདེན་པ་བཤད་པའི་འོག་ཏུ། དབང་པོ་ཉི་ཤུ་རྩ ་གཉིས་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དབང་པོ་ཉི་ཤུ་རྩ་གཉིས་གོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབང་པོ་རྣམས་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དབང་པོ་བསྟན་པས།། ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅ་པ་དང་། ཟག་པ་མེད་པ་དང་། འབྱུང་བར་བྱེད་པ་དང་། འབྱུང་བར་བྱེད་པ་མ་ཡིན་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཆོས་ཁོང་དུ་ཆུད ་པར་བྱ་བའི་ཕྱིར་རོ།། ཆོས་དེ་དག་ཁོང་དུ་ཆུད་ན་བདག་དང་བདག་པར་མངོན་པར་ཆགས་པ་སྤོང་བར་འགྱུར་རོ།། མངོན་པར་ཆགས་པ་སྤངས་ནས་འཁོར་བའི་སྡུག་བསྔལ་མེད་པར་འགྱུར་རོ།། འཁོར་བའི་སྡུག ་བསྔལ་མེད་ན་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་སྤང་བ་དང་། བདེ་བ་འཐོབ་པར་བྱ་བའི་ཕྱིར་དབང་པོ་བསྟན་ཏོ།། དེ་ལ་མིག་གི་དབང་པོའི་རྡུལ་ཕྲན་ནི་མིག་གི་སྤྲིན་གྱི་ནང་ན་གོ ་སྣོད་ཀྱི་མེ་ཏོག་ཁ་འབུས་པ་འདྲེ་བར་གནས་སོ།། རྣ་བའི་དབང་པོའི་རྡུལ་ཕྲན་ནི་གྲོ་བ་བཅུས་པའི་མདུང་པ་འདྲ་བར་རྣ་བའི་ནང་ན་གནས་སོ།། སྣའི་དབང་པོའི་རྡུལ་ཕྲན་ནི་ལྕགས་ཀྱི་ཐུར་མ་ལྟར་མཚུལ་བའི་ནང་ཐོག ་ཟག་གནས་སོ།། ལྕེའི་དབང་པོའི་རྡུལ་ཕྲན་ནི་ཟླ་བ་ཁམ་པ་འདྲ་བར་གནས་སོ།། ལུས་ཀྱི་དབང་པོའི་རྡུལ་ཕྲནྡ་ནི་ལུས་བཞིན་དུ་ཐོག་ཐག་ཏུ་ཁྱབ་པར་གནས་སོ།། ཡིད་ཀྱི་དབང་པོ་ནི་རྡུལ་ཕྲན་བསགས་པའི་མཚན་ཉིད ་མ་ཡིན་པས་ཆོས་ཐམས་ཅད་ཤེས་པའི་མཚན་ཉིད་དོ།། བུད་མེད་ཀྱི་དབང་པོའི་རྡུལ་ཕྲན་ནི་རྔའི་ཁོ་བཞིན་ནམ་ཤིང་བར་བཙལ་བ་འདྲ་བར་གསང་བའི་ཕྱོགས་ན་གནས་སོ།། སྐྱེས་པའི་དབང་པོའི་རྡུལ་ཕྲ་མོ ་ཁྱུད་དཀོར་གྱི་ཕྱོགས་ན་མཛུབ་མོ་ལྟར་གནས་སོ།། འཚོ་བའི་དབང་པོ་ནི་རིས་མཐུན་པའི་ཕུང་པོ་གནང་པ་དང་མི་འཇིག་པར་འཛིན་བྱར་བྱེད་པའོ།། ཁཾ་ཅིག་ན་རེ་ཕུང་པོའི་རྒྱུན་འབྲེལ་པར་གནས་པ་ནི་འཚེ་བའི ་དབང་པོའོ།། ཤེས་འཆད་དོ།། ལ་ལ་ན་རེ་དྲོད་དང་རྣམ་པར་ཤེས་པ་དང་ལྡན་པའི་འབྱུང་བ་ཆེན་པོ་གནས་པ་ལ་དབང་བྱེད་པ་ནི་འཚོ་བོའི་དབང་པོ་ཞེས་ཟེར་རོ།། སྡུག་བསྔལ་གྱི་དབང་པོ་ནས་བཏང་སྙོམས་ཀྱི ་དབང་པོའི་བར་དུ་ཅིའི་ཕྱིར་དབང་པོ་ལྔར་བཤད་ཅེ་ན། དབང་པོ་ལྔ་པོ་དེ་དག་བསམ་གཏན་དང་སྙོམས་པར་འཇུག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། མི་མཐུན་པའི་ཕྱོགས་རྣམ་པ་ལྔ་ཡོད་པས་ན་སྡུག ་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ཉིད་དུ་བཤད་དོ།། དེ་ལ་བསམ་གཏན་དང་པོས་ཡིད་མི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ།། བསམ་གཏན་གཉིས་པས་ནི་སྡུག་བསྔལ་གྱི་དབང་པོ་འཇོམས་པར་བྱེད་དོ།། ་བསམ་གཏན་གསུམ་པས་ནི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ།། བསམ་གཏན་བཞི་པས་ནི། ཡིད་བདེ་བའི་དབང་པོ་བཅོམ་ནས། བཏང་སྙོམས་ཀྱི་དབང་པོ་རྣོ་པར་དག་པཱ་ལ་གནས་སོ།། དེ་ལ ་འདོད་པའི་ཁམས་ན་རྣམ་པར་ཤེས་པ་ལྔ་དང་། བསམ་གཏན་དང་པོའི་མིག་དང་རྣ་པོ་དང་ལུས་ཀྱི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས ་བྱའོ།། བསམ་གཏན་གསུམ་པ་ན་ཡིད་ཀྱི་སིམ་པ་གང་ཡིན་པ་ལ་ཡང་བདེ་བའི་དབང་པོ་ཞེས་བྱའོ།། རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་སིམ་པ་མ་ཡིན་པ་ནི། སྡུག་བསྔལ་གྱི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས ་ཉིད་ན་ཡོད་ཀྱི། ཁམས་གཞན་ན་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ལས་མི་དགེ་བའི་ལས་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ།། ཡིད་ལ་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི། ་ཡིད་བདེ་བའི་དབང་པོ་སྟེ། དེ་ཡང་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་ན་ཡོད་དོ།། བཏང་སྙོམས་ཀྱི་དབང་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། ས་ཐམས ་ཅད་ན་ཡོད་དོ།། ཡང་ན་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་ལུས་དང་སེམས་ཀྱི་རྟེན་ཐ་དང་པའི་སྒོ་ནས་དབང་པོ་རྣམ་པ་ལྔར་བཞག་སྟེ། བདེ་བའི ་ཚོར་བ་ཡང་ལུས་ལས་བྱུང་ཞིང་ལུས་དང་འབྲེལ་བའི་དུས་ན་ནི་བདེ་བའི་དཔྱང་པོ་ཞེས་བྱ་ལ། བདེ་བའི་ཚོར་བ་དེ་ཉིད་སེམས་དང་འབྲེལ་པའི་དུས་ནཱ་ནི་ཡིད་བདེ་བའི་དབང་པོ་ཞེས་བྱའོ།། སྡུག་བསྔལ་གྱི་ཚོར་བ་ཡང་ལུས་དང ་འབྲེལ་ཅིང་ལུས་ལས་བྱུང་བའི་དུས་ན་ནི། སྡུག་བསྔལ་གྱི་དབང་པོ་ཞེས་བྱ་ལོ། སྡུག་བསྔལ་གྱི་ཚོར་བ་དེ་ཉིད་སེམས་དང་འབྲེལ་པའི་དུས་ན་ནི། ཡིད་མི་བདེ་བའོ་དབང་པོ་ཞེས་བྱའོ།། ལུས་དང་སེམས་གཉི ་ག་དང་འབྲེལ་པ། བདེ་བ་དང་སྡུག་བསྔལ་གཉི་གར་མཻ་ཏོག་པ་ནི་བཏང་སྙོམས་ཀྱི་དབང་པོའོ།། ཡང་ན་དབང་པོ་ལྔའི་གཞི་ལ་རྟེན་ནས་ཡིད་དུ་མྱི་འོང་བའི་ཡུལ་ལ་དམིགས་ཏེ། རྣམ་པར་རྟོག་པ་མེད་པར་ཤེས་པ ་ལྷའི་ཆོག་སྣ་དང་ཡང་དག་པར་ལྡན་པ་ནི་སྡུག་བསྔལ་གྱི་དབང་པོའོ།། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་མི་འོང་བ་ལ་དམིགས་ཤིང་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར ་ལྡན་པ་ནི་ཡིད་མི་བདེ་བའི་དབང་པོའོ།། དབང་པོ་ལྔ་ལ་བརྟེན་ནས། ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་བར་ལྡན་པ་ནི་བདེ་བྱའི་དབང་པོའོ།། ཡིད་ཀྱི་དབང་པོ་ལ ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་བདེ་བའི་དབང་པོའོ།། དབང་པོ་དྲུག་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་ལ་དམིགས་ཤིང་རྟོག་པ་མེད་པ་དང་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང་ཡང་དག་པར་ལྡན་པ་ནི་བཏང་སྙོམས་ཀྱི་དབང་པོ་ཞེས ་བྱའོ།། ཡང་ན་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ།། བསོད་ནམས་ཀྱི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང ་བོ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་འོ།། མི་གཡོ་བའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བཏང་སྙོམས་ཀྱི་དབང་པོའོ།། ཡང་ན་ལུས་དང་དབང་པོ་དང་ཡིད་དང་བློ་ལ་གནོད་པར་བྱེད ་པའི་བདག་ཉིད་སྐྱེས་པ་ན་ཡང་སྡུག་བསྔལ་གནས་པ་ན་ཡང་སྡུག་བསྔལ་ལ། ཡོངསུ་འགྱུར་བ་ན་བྱེང་བར་བྱེད་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ།། ལུས་དང་དབང་པོ་དང་བློ ་དང་ཡིད་ལ་རྗེས་སུ་ཕན་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངསུ་འགྱུར་པ་ན་སྡུག་བསྔལ་བ་ནི་བདེ་བའི་དབང་པོ་ཞེས་བྱའོ།། ལུས་དང་དབང་པོ་དང་བློ་དང་ཡིད་ལ ་གནོད་པར་ཡང་མི་བྱེད་ཕན་པར་ཡང་མི་བྱེད་ཅིང་ཤེས་པ་མ་སྐྱེས་པ་ན་ནི་སྡུག་བསྔལ་ལ། ཡེ་ཤེས་སྐྱེ་ན་ནི་བདེ་བ་སྟེ་དེ་ལྟ་བུ་མེད་པ་ནི་བཏང་སྙོམས་ཀྱི་དབང་པོའོ།། ཡང་ན་སྡུག་བསྔལ་གྱི་སྡུག་བསྔལ ་དང་། རྗེས་སྨྲ་འབྲེལ་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ།། འགྱུར་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ཞེས་བྱའོ།། འདུ་བྱེད ་སྡུག་བསྔལ་གྱི་རྗེས་སུ་འབྲེལ་པ་ནི་བཏང་སྙོམས་ཀྱི་དབང་བའོ།། ཡང་ན་སྡུག་བསྔལ་གྱི་དབང་པོ་དང་ཡོད་མི་བདེ་བའི་དབང་པོས་ནི་ཕྲད་པར་མི་འདོད་པའི་སྲེད་པ་དང་། བྲལ་བར་འདོད་པའོ་སྲེད་པ་སྐྱེད་པར་བྱེད་དོ།། ། ་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོས་ནི་འདོད་པའི་སྨད་པ་དང་ཕྲད་པར་འདོད་པའི་སྐྱེད་པ་སྐྱེད་པར་བྱེད་དོ།། བཏང་སྙོམས་ཀྱི་དབང་པོ་ནི་ཀུན་ཏུ་གཏི་མུག་པའི་སྲེད་པ་སྐྱེད་པར་བྱེད་དོ།། ཡང་ན་གོནོད ་བཱ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ།། གནོད་པ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡོད་མི་བདེ་བའི་དབང་པོའོ།། གནོད་པ་མེད་པའི་ལུས་ཀྱི་ཚོར་བ་ནི་བདེ་བོའི་དབང་པོའོ།། གནོད་པ་མེད་པའི ་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ།། གཉི་ག་ལས་བཟློག་པ་ནི་བཏང་སྙོམས་ཀྱི་དབང་པོའོ།། ཡང་ན་ཁམས་འཁྲུགས་པ་ལས་སྐྱེས་པ་འམ་བདག་གམ་གཞན་གྱིས་གནོད་པ་བྱས་པ་ལས་བྱུང་བ་འམ།། འཆི་བའི ་དུས་ན་སྡུག་བསྔལ་མྱོང་བ་འམ་སྤྱོད་ལམ་མི་བདེ་བར་གནས་པ་སྟེ། བདེ་བའི་རོ་དང་བྲལ་བའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ།། མི་མཛའ་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་དང་། སྐྱོབ་པ་དང་ང་རྒྱལ་དང ་འཇིགས་པ་དང་སྨད་པ་དང་། ཆད་པས་གཅད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདེ་བ་དང་བྲལ་བའི་ཡིད་ཀྱི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ།། ཁམས་མཉམ་པར་གྱུར་པ་ལས ་སྐྱེས་པ་འམ། སྡུག་བསྔལ་གྱི་གཉེན་པོས་སྡུག་བསྔལ་བཅོམ་པ་འམ། སྤྱོད་ལམ་བདེ་བར་གནས་པ་འམ། ལུས་བག་ཡངས་ཀྱིས་བསྐྱེད་པ་རོ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་ཡིད་བདེ་བའི་ཚོར་བའོ།། ཡུལ་ཡིད་དུ་འོང་བ ་དོང་ཕྲད་པར་གྱུར་ལ། ཡུལ་ཡིད་དུ་མི་འོང་བ་དང་། ཐག་རྙིང་བར་གྱུར་པ་འམ། གྲགས་པ་དང་བསྔགས་པ་ལ་སོགས་པའི་ཡོན་ཏན་ལ་རྣམ་པར་རྟོག་པ་ལས་བྱུང་བའི་རོ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ ་བའི་དབང་པོའོ།། ལུས་དང་ཡིད་ལ་ཕན་པ་དང་གནོད་པར་ཡང་མི་བྱེད་པའི་ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གཅིག་ཏུ་མ་ངེས་པས་བཏང་སྙོམས་ཀྱི་དབང་པོའོ།། ཅིའི ་ཕྱིར་དད་པ་ལ་སོགས་པའི་དབང་པོ་ལྔ་ཉིད་དུ་བཤད་པ་དྲུག་དང་བཞི་ལ་སོགས་པར་མ་ཡིན། སྨྲས་པ། སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ཡོད་པས་ན་དད་པ་ལ་སོགས་པ་ལྔ་ཉིད་དུ་བཤད་དེ། དྲུག་དང་བཞི་ལ ་སོགས་པར་མ་ཡིན་ནོ།། སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ནི་མ་དད་པ་དང་། ལེ་ལོ་དང་མི་དྲན་པ་དང་གཡེང་བ་དང་ཤེས་པ་མེད་པའོ།། དེ་ལ་མ་དད་པའི་གཉེན་པོ་ནི་དད་པའི་དབང་པོའོ།། ལེ་ལོའི་གཉེན་པོ་ནི་བརྩོན ་འགྲུས་ཀྱི་དབང་པོའོ།། མི་དྲན་པའི་གཉེན་པོ་ནི་དྲན་པའི་དབང་པོའོ།། གཡེངས་པའི་གཉེན་པོ་ནི་ཏིང་ངེ་འཛིན་གྱི་དབང་པོའོ།། མི་ཤེས་པའི་གཉེན་པོ་ནི་ཤེས་རབ་ཀྱི་དབང་པོའོ།། ཡང་ན་མོས་པ་རྣོ་པ་ལྔའི་ཕྱིར་དབང་པོ་ལྔར ་ཤད་དེ། མོས་པ་རྣམ་པ་ལྔ་ནི་ཁ་ཅིག་དད་པའི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་བར་ཀཱ་ལ་བཞིན་ནོ།། ཁ་ཅིག་བརྩོན་འགྲུས་ཀྱི་སྒྲོལ་མོས་ཏེ། དཔེར་ན་འཕགས་པ་ཉན་ཐོས་རྣམ་པ་བཞིན་ནོ།། ཁྭ་ཅིག་དྲན་པའི་སྐྱེ ་ལ་མོས་ཏེ། དཔེར་ན་འཕགས་པ་མིང་ཆེན་བཞིན་ནོ།། ཁ་ཅིག་ཞི་གནས་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་རེ་བ་ཏཱི་བཞིན་ནོ།། ཁ་ཅིག་ཤེས་རབ་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུའི་སྲས་པོ་བཞིན་ནོ།། ་དེ་ལ་གང་དད་པའི་སྒོ་ལ་མོ་སྣ་པ་རྣམས་ནི་དྲང་བྱའི་དབང་པོ་ལ་བརྟེན་ནས་ཁམས་གསུམ་ལས་འབྱུང་བར་བྱེད་དེ། དེ་དག་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་འོག་ནས་འབྱུང་བ་རྣམས་ལ་བརྟེན་ཏོ།། བརྩོན་འགྲུས ་དབང་པོ་ལ་མོས་པ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ལྔ་བརྟེན་ནས་བརྩོན་འགྲུས་ཀྱིས་ཁམས་གསུམ་ནས་འབྱུང་བར་བྱེད།། དྲན་པའི་དབང་པོ་ལ་མོས་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟན་ནས་དྲན་པའི ་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ།། དེའི་ཕྱིར་ན་ཏིང་འཛིན་གྱི་དབང་པོ་ལ་མོས་པ་རྣམས་ནི་བསམ་བཏན་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ།། ཤེས་རབ་ཀྱི ་དབང་པོ་ལ་མོས་པ་རྣམས་ནི། འཕགས་པའི་བདེན་པ་བཞི་ཤེས་པ་ལ་བརྟེན་ནས་ཤེས་རབ་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ།། དེའི་ཕྱིར་ན་ཡང་དབང་པོ་ལྔ་ཉིད་དུ་བཤང་ངོ་།། ཅིའི་ཕྱིར ་དབང་པོ་ལྔ་རྣམས་རིམ་པ་དེ་ལྟར་བཀོད་ཅེ་ན། སྨྲས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་ས་བོན་དུ་གྱུར་པ་ནི་དད་པའི་དབང་པོ་སྟེ། དེ་བས་ན་དད་པའི་དབང་པོ་དང་པོར་བཞག་གོ།། འདི་ལྟ་སྟེ། ་ཁྲོན་པ་བཀོས་ནས་ཆུ་འབྱུང་བར་དད་པ་རྣམས་ཁྲོན་པ་བརྐོ་བར་བྱ་བའི་ཕྱིར་ལས་རྩོམ་པ་བཞིན་དུ་འཁོར་བའི་ཉེས་པ་མཐོང་ཞིང་མྱ་ངན་ལས་འདས་པའི་ཡོན་ཏནྡ་ལ་དང་ན་མྱ་ངན་ལྔས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན ་འགྲུས་རྩོམ་སྟེ། དེ་བས་ན་དེའི་འོག་ཏུ་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏོ།། བརྩོན་འགྲུས་བརྩམས་པ་རྣམས་ལ་དྲན་པ་ཉམས་པ་མི་སྲིད་དེ། དེ་བས་ན་དེའི་འོག་ཏུ་དྲན་པའི་དབང་པོའོ།། དྲན་པ་མ་ཉམས་ན་རྟག་ཏུ ་སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཏིང་ངེ་འཛིན་གྱིས་དབང་པོ་བསྟན་ཏོ།། སེམས་མ་ཡེངས་ཤིང་སེམས་རྩེ་གཅིག་ཏུ་གྱུར་ན་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བས་ཐ་མར་ཤེས་རབ་ཀྱི ་དབང་པོར་བཤད་དོ།། ཡང་ན་འཕགས་པའི་བདེན་པ་བཞི་ལ་དད་པ་ནི་དད་པའི་དབང་པོའོ།། དད་པ་རྣམས་བདེན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བའི་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། བརྩོན་འགྲུས་དང ་ལྡན་པ་དག་བདེན་པ་བཞིའི་མཚན་ཉིད་མི་རྗེད་པར་བྱེད་པ་ནི་དྲན་པའི་དབང་པོའོ།། བདེན་པ་བཞི་ལ་སེམས་རྩེ་གཅིག་ཏུ་སྒོམ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ།། བདེན་པ་བཞི་ཤེས་པར་གྱུར་པ་ནི་ཤེས་རབ་ཀྱི་དབང་པོའོ།། ཡང ་ན་ཡོན་ཏན་རྣམ་པ་ལྔ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་སྡེ་གཞན་འཇོམས་པར་བྱེད་དོ།། ཡོན་ཏན་རྣམ་པ་ལྔ་འདི་ལྟ་སྟེ། བློན་པོ་འཛངས་པ་དང་། གནས་དང་ས་བཞི་བཙན་པ་དང་། གོ་ཆ་དང་། མཚོན་ཆ་རྣོ་བ་དང་། ་གཡོག་འཁོར་མི་བྱེད་པའོ།། དེ་དང་འདྲ་བར་ཡོན་ཏན་ལྔ་དང་ལྡན་པའི་རྣལ་འབྱོར་པ་ནི་ཉོན་མོངས་པའི་སྡེ་རྣམས་འཇོམས་པར་བྱེད་དེ། དེ་ལ་ཤེས་ཀྱི་དབང་པོ་བློན་པོ་ལྟ་བུར་གྱུར་པ་དང་ལྡན་པ་དང་ཏིང་ངེ་འཛིན་གྱི་གནས ་དང་། ས་བཞི་ལ་བརྟེན་པ་དང་། དྲན་པ་མི་བྱེད་པའི་གོ་ཆ་དང་ལྡན་པ་དང་། བརྩོན་འགྲུས་བསྟན་པའི་མཚོན་ཆུ་རྣོ་བ་དང་། ད་པ་མི་བསྐྱོད་པའི་གཡོག་འཁོར་དང་ལྡན་པའོ།། དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི ་དབང་པོ་དང་ཤེས་པའི་དབང་པོ་དང་། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་བསྟན་པར་བྱ་སྟེ། གང་མཐོང་བའི་ལམྦ་ནུ་ཡིད་དང་། ཡིད་བདེ་བ་དང་བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་རྫས་དགུ་ལ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས ་ཤེས་པ་དང་རིག་པ་དང་ཁོང་དུ་ཆུད་པ་དང་། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ནཱ། གང་ཟག་དེའི་དབང་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་གོ།། རྫས་དགུ་པོ་དེ་དག་ཉིད ་བསྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་བཞག་སྟེ། ཅིའི་ཕྱི་ཞེ་ན། བསྒོམ་པའི་ལམ་ན་བདེན་པ་བཞི་སྔོན་ཀུན་ཏུ་མྱ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང་། རིག་པ་དང་། ཁོང་དུ ་ཆུད་པ་དང་། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ན། གང་ཟག་དེའི་དབང་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ།། རྫས་དགུ་པོ་དེ་དག་ཉིད་བསྒོམ་པའི་ལམ་གྱི་དུས་ན་ནི། ཤེས་པའི་དབང ་བོ་ཞེས་རྣམ་པར་བཞག་སྟེ། ཅིའི་ཕྱིར་ཞེ་ན། བསྒོམ་པའི་ལམ་ན་ནི་སྔོན་མ་མཐོང་བ་མཐོང་བར་བྱ་བ་མྱེད་ཀྱི། བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་མ་ལུས་པ་སྤངས་པར་བྱ་བའི་ཕྱིར། མཐོང་བའི་ལམ་ན ་འཕགས་པའི་བདེན་པ་བཞི་ཤེས་དེ་ཉིད་ཡང་ནས་ཡང་ཡང་དུ་སྒོམ་ཞིང་ཤེས་པར་བྱེད་པས་ན། སྒོམ་པའི་ལམ་གྱི་གང་ཟག་གི་དབང་པོ་དགུ་པོ་རྣམས་ལ་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་བཞག་གྲོ། རྫས ་དགུ་པོ་དེ་ཉིད་མི་སློབ་པའི་ལམ་གྱི་དུས་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ངས་བདེན་པ་བཞི་ཀུན་ཤེས་སོ་ཞེས་ཁོང་དུ་ཆུད་པ་དང་། རིག་པའི ་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ།། ཡང་ནུ་ཀུན་ཤེས་པའི་ཆོས་ཡོངས་སུ་སྲུང་བ་དང་སྐྱོང་བར་བྱེད་པའི་ངང་ཚུལ་ཅན་པས་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེ་ཅིའི་ཕྱིར ་ཞེ་ན། མི་སྐྱོབ་པའི་ལོམ་གྱི་ཚེ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་བདག་གི་སྡུག་བསྔལ་ཤེས་པར་བྱས་པས་ཡང་ཤེས་པར་བྱར་མྱེད། ཀུན་འབྱུང་སྤང་བས་ཡང་སྤང་དུ་མེད། འགོག་པ་མངོན་དུ་བྱོས ་པས་ཡང་མངོན་དུ་བྱར་མེད། ལམ་བསྒོམས་པས་ཡང་བསྒོམ་དུ་མེད་ཅེས་བྱ་བའི་ཆོས་དང་ལྡན་པའི་ཕྱིརརོ།། དེ་ནི་འདི་སྐད་དུ་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་ན་རིམ་བཞིན་དུ་རྫས་དགུ་པོ་དེ་དག་ཉིད་ཕོན ་ཚུན་དུ་བལྟོས་ནས་མིང་གཞན་དང་གཞན་དུ་བརྟགས་པའོ་ཞེས་བསྟན་པ་ཡིན་ནོ།། རྫས་དགུ་པོ་དེ་དག་ལམ་གསུམ་པོའི་ཚེ་ལྡན་ནོ་ཞེས་སྨོས་པ་ཡང་ཚོགས་གཞན་ལ་བལྟོས་ནས་སྨྲས་པ་ཡིན་གྱི། སྐད་ཅིག་མ་གཅིག ་གེམ་དུས་གཅིག་ཏུ་ནི་རྒྱུས་དགུ་པོ་ཅིག་ཅིར་མི་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་ལས་གང་ཡང་རུང་བ་ཞིག་འབྱུང་གི་གསུམ་ཅར་དུས་གཅིག་ཅར་འབྱུང་མི་སྲིད་དོ།། ཇི་ལྟ ་ཞེ་ན་གལ་ཏེ་ལམ་མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སར་གཏོགས་པ་ཡིན་ན་ནི་དེ་ན་བཏང་སྙོམས་ཀྱི ་ཚོར་བ་ཉིད་ཡོད་ཀྱི། བདེ་བ་དང་ཡིད་བདེ་བུའི་དབང་པོ་མེད་ངོ་།། གལ་ཏེ་བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཡིན་ན་ནཱི་དེ་ན་ཡིད་བདེ་བའི་དབང་པོ་ཉིད་ཡོད་ཀྱི། བདེ་བ་དང་བཏང་སྙོམས་ཀྱི ་དབང་པོ་མེད་དོ།། གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཡིན་ན་ནི་དེ་ན་བདེ་བའི་དབང་པོ་ཉིད་ཡོད་ཀྱི། ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ།། དེ་ལ་འདོད་པའི་ཁམས་ན་ནི་མི་ཤེས་པ་ལ་ཤེས་སོ། ་བཔའི་དབང་པོ་དང་། ཤེས་པའི་དབང་པོ་དང་། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་མ་གཏོགས་པའི་དབང་པོ་གཞན་ཐམས་ཅད་ཡོད་ངོ་།། གཟུགས་ཀྱི་ཁམས་ན་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང ་སྣའི་དབང་པོ་དང་ལྕེའི་དབང་པོ་མེད་དོ།། འདོད་པའི་འདོད་ཆགས་དང་། ཁ་ཟླས་ཁམ་གྱིས་ཟ་བ་དང་ཆགས་པ་བྲལ་བའི་ཕྱིར་དེ་བཞིན་དུ་སྡུག་བསྔལ་གྱི་དབང་པོ་ཡང་མེད་ང། ལུས་ཤིན་ཏུ་དང་བས་ཕྱིའི ་ཡུལ་གྱི་གནོད་པ་མེད་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ་ཡིད་མི་བདེ་བའི་དབང་པོ་ཡང་མེད་དེ། ཞི་གནས་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་དང་བ་དང་གཉེན་པོར་བྱ་བའི་ཕྱིར་རོ།། གཟུགས་མེད ་པའི་ཁམས་ན་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དང་། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དང་། འཚོ་བའི་དབང་པོ་དང་བརྒྱད་ཡོད་ཀྱི་གཞན་མེད་དོ།། ཡང་ན་རིགས་ཀྱི་ས་ལོ་གནས་པའི་ཚེ་འཕགས་པའི ་བདེན་པ་བཞི་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར། ཞུགས་པའི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་སྟེ། ཅིའི་ཕྱིར་ཞེ་ན་བདེན་པ་མ་ཤེས་པ་རྣམས་ཤེས་པར་བྱའོ་ཞེས་སྦྱོར ་བའི་ཕྱིར་རོ།། སློབ་པའི་ས་ལ་བདེན་བུ་བཞི་ཁོང་དུ་ཆུད་པར་འགྱུར་བའི་དད་པ་ལ་སོགས་པའི་དབང་པོ་ལྔ་ལ་ནི་ཤེས་པའི་དབངོ་བོ་ཞེས་བྱ་སྟེ། ཤེས་བྱ་ཤེས་པར་གྱུར་པའི་ཕྱིར་རོ།། མི་སློབ་པའོ་ས་ན་མཐོང ་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར། དེའི་ཚེ་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཤེས་པ་དང་མེ་བྲལ་བའི་དབང་པོ་ཞེས་བྱ་བ་སྟེ། ཤེས་བྱ་མྱོ་ལུས་པར་ཤེས་པ་དང་ལྡན་པའི་ཕྱིར་རོ།། ཡང་ན་དང ་པའི་རྗེས་སུ་འབྲང་བའི་གང་ཟག་རྣམས་ཀྱི་དབང་པོ་ནི་མ་ཤེས་པ་ཤེས་པར་བྱ་བའི་འཇུག་པ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་བཞག་གོ། རྒྱུན་ཏུ་འཇུག་པ་ནས་དགྲ་བཅོམ་པ་ལ་འཇུག་པའི ་བར་གྱི་གང་ཟག་རྣམས་ཀྱི་དབང་པོ་ནི་བདེན་པ་ཤེས་པར་གྱུར་པས་ཤེས་པའི་དབང་པོར་བཞག་གྲོ། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། མི་སློབ་པའི་ས་ལ་གནས་པ་གང་ཟུག་རྣམས་ཀྱི་དབང་པོ་ནི་ཀུན་ཤེས ་པ་མི་ཉམས་པའི་ཆོས་དང་ལྡན་པས་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ།། དབང་པོ་འདི་གསུམ་ཅིའི་ཕྱིར་རིམ་པ་འདི་ལྟར་བ་ཀོད་ཅེ་ན། འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང་། འདི་ནི་འགོག་པ། ་འདི་ནི་ལམ་ཞེས་ཆོས་ཀྱི་འཁོར་ལོ་དང་པོར་རྣམ་པ་བཞིར་བསྐོར་བ་ན་དབང་པོ་དང་པོ་སྟེ། མི་ཤེས་པ་ལ་ཤེས་པའི་དབང་པོའོ།། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྦྱང་བར་བྱ། ་འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལྡན་གཉིས་པ་བསྐོར་བའི་ཚེ་ན་ནི་དབང་པོ་གཉིས་ཏེ། ཤེས་པའི་དབང་པོའོ།། སྡུག་བསྔལ་ཤེས་པར་བྱས་པས་ད་ཤེས་པར་བྱ་མི་དགོས། ཀུན་འབྱུང ་སྤང་བར་བྱས་པས་དེ་སྤོང་མི་དགོས། འགོག་པོ་མངོན་དུ་བྱས་པས་ང་མངོན་དུ་བྱ་མི་དགོས། ལམ་བསྒོམས་པས་དུ་བསྒོམ་མི་དགོས་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལེན་གསུམ་དུ་བསྐོར་བའི་ཚེ་ན་ནི་དབང་པོ་གསུམ་རྣམ་པར ་བཞག་སྟེ། ཤེས་པ་དང་བྲལ་བའི་དབང་པོའོ།། དེ་ལོ་མི་ཤེས་པ་ལྔ་ཤོསྔོ་སོ་ཞེས་བྱ་བའི་དབང་པོའི་དུས་ན་ནི་ཐོག་མར་དགེ་བའོ།། ཤེས་པའི་དབང་པོའི་དུས་ནུ་ནྟི་བཱར་དུ་དགེ་བའོ།། ཤེས་པ་དང་མ་བྲལ་བའི་དུས་ན་ནི ་ཐ་མར་དགེ་པ་སྟེ། དེའི་ཕྱིར་ཡང་རིམ་པ་འདི་ལྟར་བཀོད་དོ།། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་དང་། ཤེས་རབ་ཀྱི་ཕུང་པོ་ལས་གནས་པའི་ཚེ་ནི་མི་ཤེས་པ་ཤེས་སོ་ཞེས་བྱ་བའི་དབང་པོའོ།། རྣམ ་པར་གྲོལ་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི་ཤེས་པའི་དབང་པོའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོའོ།། དེ་ལ་དབང་པོའི་དོན་ཅི་ཞེས་སྨྲས་པ། ་དདང་འི་དོན་ནི་རྒྱུ་གར་སྐད་དུ་ཨིནྡྲ་ཡཱ་ཞེས་འབྱུང་སྟེ། ཨཱིནྡྲ་སྱའི་དོན་ནི་ཕྱུག་པ་འམ། དབང་བྱེད་པ་སྟེ། གཟུགས་ལ་སོགས་པ་ཡུལ་ལ་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ།། འོ་ན་དབང་པོ་གང་དག་ཡུལ་གང་ལ་དཔྱད་བྱེད་ཅེ ་ན། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ནི་དོན་རྣམ་པ་བཞི་ལ་དབང་བྱེད་པས་དབང་པོའོ།། དེ་ལྟ་ཐང་ཅིག་མིག་དང་རྣ་བ་གཉིས་དོན་རྣམ་པ་བཞི་ལ་དབང་བྱེད་དེ། དོན་རྣམ་པ་བཞི་ནི་རང་གི་ངོ་བོ་མཛེས ་པར་བྱ་བ་དང་། རང་གི་ངོ་བོ་བསྲུང་བ་དང་། རྣམ་པར་ཤེས་པ་ལྡན་པ་དང་བཙས་པ་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་དོ།། རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོ་མེད་ན་ལོང་བ ་དང་འོན་པ་ལ་སོགས་པའི་གཟུགས་ཤིན་ཏུ་མི་མཛེས་པའི་ཕྱིར་རོ།། རང་གི་ངོ་བོ་བསྐྱོང་བ་ལ་དབང་བྱེད་པ་ནི་ཉམ་ངའི་གནས་དག་མིག་གིས་མཐོང་ཞིང་རྣ་བས་ཀྱང་ཐོས་ནས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ།། རྣམ ་པཪྵ་ཤཾས་པ་ལྡན་པ་དང་བཅས་པ་སྐྱེད་པ་ལ་དབྱུང་བྱུང་བ་ནི་མིག་དང་རྣ་བའི་དཔུང་པོའི་མཐུས། མཱིགོ་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་བཱར་ཤླེས་པ་སེམས་ལ་བྱུང་བ་དང་ལྡན་པ་བསྐྱེད་པའི་ཕྱིར་རོ།། ཐུན་མོང ་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི། གཟུགས་ཀྱང་མིག་གི་དབང་པོ་ཉིད་ཀྱིས་མཐོང་གི་དབང་པོ་གཞན་གྱིས་མ་ཡིན་པ་དང་། སྒྲ་ཡང་རྣ་བའི་དབང་པོ་ཐོས་ཀྱིས་དབང་པོ་གཞན་གྱིས་མི་ཐོས་པའི་ཕྱིར། སྣ་དང་ལྕེ་དང ་ལུས་ཀྱི་དབང་པོ་ཡང་དོན་རྣམ་པ་བཞི་ལ་དབང་བྱེད་དེ། རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི། སྣའི་དབང་པོ་དང་ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་མི་ལྡན་པ་རྣམས་གཟུགས་རབ་ཏུ་མི ་མཛེས་པའི་ཕྱིར་རོ།། རང་གི་ངོ་བོ་སྲུང་བ་ལ་དབང་བྱེད་པ་ནི། ཁམ་གྱིས་ཟེ་བའི་ཁ་ཟས་དང་དྲི་དང་རེག་བྱའི་ཁྱད་པར་གྱིས་ལུས་རྟས་པར་བྱེད་པའི་ཕྱིར་རོ།། རྣམ་པར་ཤེས་པ་དང་ལྡན་པ་དང་བཅས་པ་བསྐྱེད་པ་ལྔ ་དབང་བྱེད་པ་ནི་སྣ་དང་། ལྕེ་ལ་སོགས་པ་དབང་པོའི་མཐུས་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྐྱེད་པར་བྱེད་པའི་ཕྱིར་རོ།། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི། དྲི་སྣའི ་དབང་པོ་ཉིད་ཀྱིས་ཚོར་བ་དང་། རོ་ལྕེའི་དབང་པོ་ཉིད་ཀྱིས་མྱོང་བ་དང་། རེག་བྱ་ལུས་ཀྱིས་ཚོར་ཏེ། དབང་པོ་གཞནྡ་གྱིས་བྱེད་པར་མི་ནུས་པའི་ཕྱིར་རོ།། ཡིད་ཀྱི་དབང་པོ་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི ་དབང་པོ་དང་། ཚོར་བའི་དབང་པོ་བཞི་ནི། སོ་སྦྱོར་དོན་རྣམ་པ་གཉིས་ལ་དང་བྱེད་པས་དབང་པོའོ།། དེ་ལ་ཐང་ཅིག་སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་དབང་བྱེད ་དེ། ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་མི་ལྡན་པ་མ་ནིང་དང་ཟ་མ་ལ་སོགས་པ་སྡོམ་པ་མ་ཡིན་པ་དང་། མཚ་མོས་མེད་པ་བྱེད་པ་དང་། དགེ་བའི་རྩ་བ་ཆད་པ་ཡང་མེད་པ་དང་། སྡོམ་པ་དང་། འབྲས་བུ་ཐོབ ་བ་དང་། འདོད་ཆགས་དང་བྲལ་བ་རྣམས་སུ་མི་འགྱུར་བས་ན་།། འཚོ་བྱའི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ། རིས་གཅིག་པའི་སེམས་ཅན་རིགས་སོ་སོར་སྐལ་བ་མཉམ་པ་རྒྱུན་ཏུ་འབྲེལ་བ་ལ་དབང ་བྱེད་པ་དང་། དྭེ་མོ་ཉམས་པར་འཛིན་པ་ལ་དབང་བྱེད་དེ། ཇི་སྲིད་དུ་འཚོ་བའི་དབང་པོ་ཡོད་ཀྱི་བར་དུ་རིས་གཅིག་པའི་སྐལ་བ་མ་ཉམས་པའི་སྐད་ཅིག་མའི་བྲེང་མཐུན་པར་གནས་ལ། ཚྭའི་འདུ་བྱེད་ཀྱང་མི་འཇིགས ་བོར་འཛིན་པའི་ཕྱིར་རོ།། ཡིད་ཀྱི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ་ཡང་སྲིད་པ་འབྲེལ་པ་དང་དབང་དུ་གྱུར་པའོ།། ཡང་སྲིད་པ་འབྲེལ་པ་ནི་འདོད་ཆགས་དང་བཅས་པའི་ཡིད་ངམ། ཞེ་སྡང་དང་བཅས ་པའི་ཡིད་ཀྱིས་སྐྱོ་བའི་མཚམས་སྦྱོར་བའི་ཕྱིར་རོ།། དབང་དུ་གྱུར་པ་ནི་འཇིག་རྟེན་འདི་དག་སེམས་ཀྱིས་ཁྲིད་དྲོ་ཞེས་འབྱུང་བའི་ཕྱིར་རོ།། གང་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་དང་། དད་པའི་དབང་པོ་ནས་ཤེས ་པ་དང་མ་བྲལ་བའི་དབང་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་གཉིས་ལ་དབང་བྱེད་ཇི་ལྟར་ཞེ་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ལྔས་བདེ་བ་དང་། ཡིད་བང་བྱའི་དབང་པོ་གཉིས་ཀྱིས ་འདོད་ཆགས་བག་ལ་ཉལ་བ་བྱེད་དོ།། སྡུག་བསྔལ་དང་ཡིད་མི་བདེ་བོའི་དབང་པོ་གཉིས་ཀྱིས་ཞེ་སྡང་བག་ལ་ཉལ་བར་བྱེད་དོ།། བཏང་སྙོམས་ཀྱི་དབང་པོས་ནི་གཏི་མུག་བག་ལ་ཉལ་བྱེད་དོ།། ཡང་ན་མིག་གི་དབང ་བོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་པོ་དག་ནི། གཟུགས་ལ་སོགས་པ་རང་རང་གི་ཡུལ་ལ་དབང་བྱེད་པའི་ཕྱིར་དབང་པོའོ།། ཡིད་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཆོས ་ཀུན་ལ་དབང་བྱེད་པས་ན་དབང་པོའོ།། བུད་མེད་ཀྱི་དབང་པོ་ནི་བུད་ཀྱི་ངོ་བོ་ལ་དབང་བྱེད་དེ་བུད་མེད་ཀྱི་ངོ་བོ་ནི་བྱད་ལག་དང་། ང་རོ་དོང་། བསམ་པ་དང་སྤྱོད་པ་སྟེ། དེ་དག་ལ་བུད་མེད་ཀྱི་དབང་པོས་དབང་བྱེད་དོ།། དེ་ལ ་བྱང་ལག་ནི། སྟོང་ཕྲ་སྨད་སྒྲོམ་ལ་ནུ་མ་དང་བཅས་པའོ།། ང་རོ་ནི་འཇམ་ཞིང་མཉེན་པའོ།། བསམ་པ་ནི་བུད་མེད་ཐམས་ཅད་ཀྱང་སྐྱེས་པ་ལ་སེམས་གཏོང་བའོ།། སྤྱོད་པ་ནི་བུད་མེད་ཐམས་ཅད་ཀྱང་སྤྱོད་པ་མི་གཙང ་བྱིའོ། སྐྱེས་པའི་དབང་པོ་ནི་སྐྱེས་པའི་ངོ་བོ་ལ་དབང་བྱེད་པ་སྟེ། དེ་ལ་སྐྱེས་པའི་ངོ་བོ་ཡང་བྱད་ལག་དང་བསམ་པ་དང་སྤྱོད་པ་སྟེ། དེ་ལ་སྐྱེས་པའི་དབྱུང་པོ་དབང་བྱེད་དོ།། དེ་ལ་བྱད་ལག་ནི་སྟོང་སྦོམ་པའོ།། ང ་རོ་ནི་སྒྲ་ཆེ་ལོ་ཟབ་པའོ།། བསམ་པ་ནི་སྐྱེས་པ་ཀུན་ཀྱང་བུད་མེད་ལ་སེམས་འཇུག་པའོ།། སྤྱོང་པ་ནི་སྐྱེས་པ་ཀུན་ཀྱང་སྤྱོད་པ་གཙང་བ་འོ།། འཚོ་བའི་དབང་པོ་ནི་གཅིག་པའོ་སྐལ་བ་མཉམ་པར་གནས་པར་བྱ ་པ་ལ་དབང་བྱེད་དོ།། སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། ཇི་ལྟར་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ནི་སྔར་བཤད་པ་བཞིན་ནོ།། ཁ་ཅིག་ན་རེ་ལྔ་པོ་དེ་དག ་རྣམ་པར་བྱང་བ་ལ་དབང་བྱེད་དོ་ཞེས་འཆད་དོ།། འདི་ལྟར་སྡུག་བསྔལ་བའི་རྒྱུ་ལས་དད་པ་སྐྱེའོ།། བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ།། ཡིད་བདེ་བ་དང་མི་བདེ་བའི་དབང་པོ་ཡང་མྱ་ངན་ལས་འདས་པའི་ལམ་ལ ་དམིགས་པཱ་ལས་འབྱུང་བར་བྱེད་དོ།། འདི་ལྟར་ལམ་ལ་དམིགས་ན་ནི་བདེ་བ་སྐྱེ་འོ།། ལམ་ལ་དམིགས་པར་མ་བྱས་ན་ནི་བདག་གིས་མ་བྱས་སོ་ཞེས་ཡིང་མི་བདེ་བ་སྐྱེའོ།། ནམ་ཀུན་ནས་ཉོན་མོངས་པ་སྤངས་ཏེ།། ་ལམ་ལྷུན་གྱིས་གྲུབ་པ་ནི་བདེ་བ་དང་ཡིད་བདེ་བ་དྲང་མི་བདེ་བ་གཉིས་ཀ་མི་དམིགས་སོ།། དང་པ་ལ་སོགས་པའི་དབང་པོ་ལྔ་ནི་རྣམ་པར་བྱ་བའི་ཕྱོགས་ལ་དབང་བྱེད་དེ། ཇི་ལྟར་འཇིག་རྟེན་པའི་ལམ་དུ་གཏོགས ་པཱའི་དང་པ་ལ་སོགས་པ་ལྔས་ནི་ཉོན་མོངསྨྲ་བ་འཇིལ་བར་བྱེད་དོ།། ངེས་པར་འབྱེད་པའི་ཕྱོགས་བཞིར་གཏོགས་པའི་དྲང་པ་ལ་སོགས་པ་ལྔ་ནཱི་ལོམ་ལ་འཇུག་པར་བྱེད་དེ། དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བའི ་ཕྱིར་རོ།། མི་ཤེས་པ་ལ་ཤེས་སོ་བྱ་བའི་དབང་པོ་ཤེས་པའི་དབང་པོ་ལ་བྱེད་དེའི་རྗེས་ལ་ཤེས་པའི་དབང་པོ་འབྱུང་བའི་ཕྱིར་རོ།། ཤེས་པའི་དབང་པོ་ནི་ཤེས་པ་དོང་མ་བྲལ་བ་དབང་བྱེད་དེ། ཤེས་པ་འོ་བང ་པོའི་འོག་ཏུ་ཤེས་པ་དང་མ་བྲལ་བའི་དབང་པོ་སྐྱེ་བའི་ཕྱིར་རོ།། ཤེས་པོ་དང་མ་བྲལ་བའི་དབང་པོ་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ་སེམས་རྣམ་པར་མ་གྲོལ་བར་མྱ་ངན་ལས་འོངས་པ་མི་འཐོབ་པའི་ཕྱིར ་རོ། ཡང་ན་མཐོང་བྱས་སྦྱང་བར་བྱ་བའི་ཉོན་མོངས་པ་སྤང་བ་ལ་མྱི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་ལ་དབང་བྱེད་དོ་དེའི་དབང་གིས་མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་སྤོང ་བའི་ཕྱིར་རོ།། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པོ་སྤང་བ་ལ་ཤེས་པའི་དབང་པོ་དབང་བྱེད་དེ། དེའི་མཐུས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པར་འགྱུར་བའི་ཕྱིར་རོ།། མཐོང་བའི་ཆོས ་ལ་བདེ་བར་གནས་པར་བྱ་བ་ལ་ཤེས་པ་དང་མ་བྲལ་བའི་དབང་པོ་ལ་དབང་བྱེད་དེ། དགྲ་བཅོམ་པའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བ་ལས་བྱ་བ་གཞན་མེད་པའི་ཕྱིར་རོ།། ཅིའི་ཕྱིར་དབང་པོ་ཉི་ཤུ་རྩ ་གཉིས་ཉིད་དུ་གསུངས་ལོ་མང་དུ་ཡང་མ་ཡིན་ཉུང་ངུ་ཡང་མ་ཡིན་ཞེ་ན། སྨྲས་པ་སེམས་ཀྱི་རྟེན་དང་དེར་རྣམ་པར་རྟོག་པ་དང་གནས་པ་དང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀྱི་ཕྱིར་དབང་པོ་ཉི་ཤུ ་རྣ་གཉིས་ཁོ་ནར་བཤད་དོ།། དེ་ལ་སེམས་ཀྱི་རྟེན་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ། དེར་རྣམ་པར་རྟོག་པ་ནི་བུད་མེད་དང་སྐྱེས་པའི་དབང་པོ་གཉིས་ཏེ། གཉིས་ཀྱི་དབང་པོའི་སྒོ་ནས་འདི་ནི ་སྐྱེས་པ་འདི་ནི་བུད་མེད་ཅེས་རྟོག་པའི་ཕྱིར་རོ།། འཚོ་བའི་དབང་པོས་ནི་གནས་པར་བྱེད་དོ།། ཚོར་བ་ལ་སོགས་པ་ལྔས་ནི་ཀུན་ནས་ཉོན་མོངས་པོར་བྱེད་དོ།། དད་པ་ལ་སོགས་པ་ལྔས་ནི་རྣམ་པར་བྱང་བའི ་ཚིགས་སོགས་སོ།། མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་དབང་པོ་གསུམ་ནི་རྣམ་པར་བྱང་བའི་ངོ་བོའོ།། ཡང་ན་འཇུག་པའི་རྟེན་དང་སྐྱེ་བ་དང་གནས་པ་དང་ཀུན་ཏུ་ལོངས་སྤྱོད་པ་དང་། ལྡོག་པའི་རྟེན་དང་། ་སྐྱེ་བ་དང་། གནས་པ་དང་ཀུན་ཏུ་ལོངས་སྤྱོད་པའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་ཁོ་ན་ལས་མང་དུ་ཡང་མཱ་བཤད་ཉུང་ངུ་ཡང་མ་བཤད་དོ།། དེ་ལ་འཁོར་བྱར་འཇུག་པ་འམ་ཡུལ་ལོ་འཇུག་པའི་རྟེན་ནི་མིག་གི ་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ།། སྐྱེ་བར་བྱེད་པ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཏེ། དེ་གཉིས་ལས་སེམས་ཅན་སྐྱེ་བའི་ཕྱིར་རོ།། གནས་པ་ནི་འཚོ་བའི་དབང་པོ་སྟེ་དེའི་མཐུས་གནས ་པར་བྱེད་པས་སོ།། ཀུན་ཏུ་ལོངས་སྤྱོད་པ་ནི་སྡུག་བསྔལ་ལོ་སོགས་པ་ལྔ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོས་ནི་ཚོར་བའི་སྡུག་བསྔལ་མྱོང་བར་བྱེད་དོ།། བདེ་བ་དང་ཡིད་བདེ་བའི་དབང་པོས་ནི ་ཚོར་བ་བདེ་བ་མྱོང་བར་བྱེད་དོ།། བཏང་སྙོམས་ཀྱི་དབང་པོས་ནི། ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་བྱེད་དོ།། འཁོར་བ་ལས་ལྡོག་པའི་རྒྱུ་ནི་དད་པ་ལ་སོགས་པ་དབང་པོ་ལྔའོ།། ། ་ལྡོག་པའི་སྐྱེ་བའི་རྒྱུ་ནི་མི་ཤེས་སོ་ཞེས་པའི་དབང་པོ་སྟེ། དེའི་མཐུས་ཁམས་གསུམ་ལས་ལྡོག་པའི་ཕྱིར་རོ།། གནས་པ་ནི་ཤེས་པའི་དབང་པོ་སྟེ། དེའི་ཚེ་འཁོར་བ་ལས་ལྡོག་པའི་མཚན་ཉིད་བསྒོམ ་བའི་ལམ་ལ་གནས་པའི་ཕྱིར་རོ།། ཀུན་ནས་ལོངས་སྤྱོད་པ་ནི་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེའི་དུས་ན་རྣམ་པར་གྲོལ་བའི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ།། དབང་པོ་ཉི་ཤུ་རྩ ་གཉིས་བཤད་ཟིན་ཏོ།། །། དབང་པོ་ཉི་ཤུ་རྩ་གཉིས་བསྟན་པའི་འོག་ཏུ་བསམ་གཏན་དེ། དེ་བས་ན་ཇི་ལྟར་བསམ་གཏན་དེ་བཞིན་དུ་བཤད་པར་འདོད་པས། བསམ་གཏན་བཞི་གང་ཞེ་ན། ་ཞེས་བྱ་བ་ལ་སོགས་པ་དྲིས་སོ།། བསམ་གཏན་ཞེས་བྱ་བའི་དོན་ཅི། འདིས་བསྒོམ་ཞིང་བསམ་གཏན་བྱེད་པས་ན། བསམ་གཏན་ཏེ་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ཡང་དོན་དུ་ན་སེམས ་མཉམ་པར་བཞག་ཅིང་རྩེ་གཅིག་ཏུ་བཞག་པ་ནི་བསམ་གཏན་ཏེ། དེ་ལ་མཉམ་པར་བཞག་པ་ལ་རབ་ཏུ་དཤོས་པ་ཞེས་བྱ་བར་ཅི་མངོན་ཞེ་ན། འདི་ལྟར་སེམས་མཉམ་པར་བཞག་པ་ལྔས་ཡང་དག་པ་ཇི་ལྟ ་བཱ་བཞིན་དུ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ།། དེ་ལ་བསམ་གཏན་གྱི་སྒྲའི་དོན་སེམས་ལ་བྱ་མོད་ཀྱི། སེམས་ཉིད་འདོར་ཤེས་རབ་ལ་བྱ་བར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་གྲུབ་པའི་མཐའི་ཚུལ་གྱིས་དེ ་ཡིན་པའི་ཕྱིར་རོ།། དེ་ནི་འདི་སྐད་དུ་བསྟོན་པ་ཡིན་ཏེ། དགེ་བའི་ཆོས་ལ་སེམས་རྩེ་གཅིག་པོ་ནི་བསམ་གཏན་ནོ་ཞེས་བྱ་བའི་དོན་ཏོ།། བསམ་གཏོན་དང་པོ་བསྟན་པའི་ཕྱིར། འདི་ལ་དགེ་སློང་དག་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་འདིར་ཞེས་བྱ་བའི་དོན་ཏེ། འདོད་པའི་ཁམས་འདིར་གནས་པའི་གང་ཟག་ཅེས་བྱ་བའི་དོན་ཏོ།། དགེ་སློང་དག་ཅེས་བྱ་བ་ནི་བོས་ཏེ་བཀའ་སྩལ་པ། དགེ་སློང་ཞེས་བྱ་བ་ནི ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་དགེ་སློང་ཞེས་བྱ་བའི་དོན་ཏོ།། དེ་ལ་བསམ་གཏན་དང་པོ་དེ་ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ངོ་བོ་ཡིན་པས་འདོད་པའི་འདོད་ཆགས་དང་བྲལ་བའི་རྒྱུ་ཉིད ་ལས་སྐྱེའི།། གཞན་ལས་མ་ཡིན་པ་བསྟན་པའི་ཕྱིར། འདོད་པ་ལས་དབེན་པ་ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་ཀྱི་འདོད་པ་འམ་ཡོན་ཏན་ལྔ་ལ་ཆགས་པ་སྤང་བ་ཞེས་བྱ་བའི་དོན་ཏོ།། འདིར་ཁོང་ཁྲོ་བ་མ་གཏོགས ་པར་གོང་འདོད་པའི་ཁམས་ཀྱི་འདོད་ཆགས་པའི་ཉོན་མོངས་པ་ལ་འདོད་པ་ཞེས་བྱ་བའི་སྒོར་བརྗོད་དེ། དེ་སྤངས་ན་འདོད་པ་ལ་དབེན་པའོ།། སྡིག་པ་མི་དགེ་བའི་ཆོས་ལྔས་དབེན་བ་ཞེས་བྱ་བ་ནི་ཁོང་ཁྲོ་བ་ལ་སོགས་པའི ་མཚན་ཉིད་ཞེ་སྡང་གི་ཆ་རྣམས་དང་། དེའི་རྒྱུ་ལས་སྐྱེས་པའི་སེམས་ཅན་ལྔ་སྡིག་པ་དང་། བསོད་པ་ལ་སོགས་པ་སྤངས་པའོ།། དེ་ལ་མི་དགེ་བ་འབའ་ཞིག་སྨོས་ཀྱི། སྡིག་པའི་ཚིག་མ་སྨོས་ན་ནི་མི་དགེ་བའི་ཚིག་འདོད ་པའི་ཁམས་ཀྱི་ཉོན་མོངས་པ་གཞན་ལ་ཡང་བྱ་བ་ཡིན་པས་ལན་གཉི་སུ་སྨོས་པར་འགྱུར་རོ།། དེ་བས་ན་སྡིག་པ་ཞེས་བྱ་བའི་ཚིག་སྨོས་ཏེ། བདག་དང་གཞན་གྱི་རྒྱུད་མ་རུངས་པར་བྱེད་པས། ཞེ་སྡང་ཁ་ན་མ་ཐོ་བ་ཆེ ་བའི་ཕྱིར་སྡིག་པ་ཞེས་བྱའོ།། རྣམ་པར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་བྱ་བ་ལ་རྟོག་པ་དཔྱོད་པ་ཅེས་བྱ་བའི་དོན་ཏེ། འདོད་པའི་ཁམས་ཀྱི་ཆོས་རྣམས་ལ་སྐྱོན་དང་ཉེས་པར་ལྟ་བའི ་རྟོག་པ་དང་དཔྱོད་པར་ལྡན་ཞེས་བྱ་བའི་ཐ་ཚིག་གོ། རྫིང་བ་དང་རགས་པར་རྟོགས་པ་ནི་རྟོག་པའོ།། ཞིབ་ཏུ་འཛིན་ཅིང་རྟོག་པ་ནི་དཔྱོད་པའོ།། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བ་ལས་དབེན་པའི་སྒྲས་ནི ་འདོད་པའི་འདོད་ཆགས་སྤངས་པོ་དང་། སྡིག་པ་མི་དགེ་བའི་ཆོས་སྦྱངས་པ་ལ་བྱ་སྟེ་དེ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ལྡན་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་སོ་ཞེས་སྦྱར་རོ།། དབེན་པ་ལས ་སྐྱེས་པའི་སྒྲས་དྲུག་པ་དང་ཟག་མེད་པའི་བསམ་གཏན་ལ་བྱ་བར་སྟོན་ཏེ། དག་པ་ནི་འཇིག་རྟེན་པའི་བསམ་གཏན་གོང་མ་ལ་གྲོལ་བར་འདུ་ཤེས་ལ་འོག་མ་ལ་ཟུག་རྔུར་འདུ་ཤེས་པ་སྟེ། བསམ་གཏན་གྱི་རོ་ལ་ཆགས་པ ་དང་། ང་རྒྱ་ལྔ་མེད་པའི་མཚན་ཉིད་དོ།། ཟག་པ་མེད་པ་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་ཞུགས་པ་ལས་ཐོབ་པ་འཇིག་རྟེན་ལས་འདས་པའི་མཚན་ཉིད་དོ།། དགའ་བའོ་སྒྲས་ནི་ཡིད་བདེ་བ་ལ་བྱའོ།། བདེ་བའི་སྨྲས ་ནི་བག་ཡངས་ཀྱི་བདེ་བ་ལ་བྱ་སྟེ། འདི་ལྟར་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དང་། རྗེས་སུ་མཐུན་པའི་བག་ཡངས་ཀྱི་བདེ་བ་ལ་བདེ་བ་ཞེས་བྱའི། ཚོར་བ་བདེ་བ་ལ་ནི་མི་བྱའོ།། སྨྲས་པ། འོ་ན་ཅིའི་ཕྱིར་འདིར ་བ་འདི་ལ་བྱའོ།། ཞེས་དམིགས་ཀྱིས་ཕྱེ་བ་མེད་པར་བདེ་བ་ཞེས་སྤྱི་ཙམ་ཏུ་སྨོས། ལན་དུ་གལ་ཏེ་ཚོར་བའི་བདེ་བ་ཡིན་པར་འདོད་ན། ལུས་ཀྱི་ཚོར་བའི་བདེ་བ་འམ། སེམས་ཀྱི་ཚོར་བའི་བདེ་བ་ཡིན་གྲང་ན། འདི་ལྟར་སྙོམས ་པར་འཇུག་པའི་དུས་ན། ལུས་ཀྱི་བདེ་བ་ནི་ཡོད་པར་མི་རིགས་ཏེ། མཉམ་པར་བཞག་པའི་ཚེ་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པའི་ཕྱིར་རོ།། སེམས་ཀྱི་བདེ་བ་ཡང་མི་བྱ་སྟེ། དགའ་བ་ཞེས་བྱ་བ་ཚིག་སྨོས་པའི་ཕྱིར ་དགའ་བ་ནི་འདིར་ཡིད་ཀྱི་བདེ་བ་ལ་བྱ་བས་ན། ཡིད་ཀྱི་བདེ་བ་དངོས་སུ་ཡོད་པས་ན། སེམས་ཀྱི་བདེ་བ་ལ་བྱ་བར་འདོད་ན་ནི་ཚིག་ཟློས་པར་འགྱུར་རོ།། གལ་ཏེ་ན་དེའི་ཚེ་བདེ་བ་དང་ཡིད་བདེ་བ་གཉིས་ཀ་ཡོད་ང་ཞེ་ན་ནི། དེ་ལྟར ་ན་རྫས་མཉམ་པར་ཉམས་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ལ་སེམས་ལས་བྱུང་བའི་རྫས་གཉིས་འབྱུང་མི་སྲིད་བྱས་སོ།། དེ་ལྟར་སྐད་ཅིག་མ་གཅིག་ལ་རྫས་གཉིས་མི་འབྱུང་ཡང་། སྒོམ་པར་འཇུག་པ་ནི་སྐད་ཅིག ་མ་མང་པོའི་རང་བཞིན་ཡིན་པས་དང་པོ་ལ་དགའ་བ་ཕྱིས་བདེ་བ་འབྱུང་ངོ་ཞེ་ན། འོ་ན་ནི་བསམ་གཏན་དང་པོའི་སྐད་ཅིག་མ་གཅིག་ལ་ཡན་ལག་ལྔར་བཤད་པ་མེད་པར་འགྱུར་བྱས་མི་རིགས།། དེ་བས་ན་དགའ་བའི ་སྒྲས་ནི་ཡིད་བདེ་བ་ལ་བྱ་ལ། བདེ་བའི་སྒྲས་ནི་བག་ཡངས་ཀྱིས་བདེ་བ་ལ་བྱའོ།། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག ་སྟེ་གནས་ཞེས་བྱ་བའི་དོན་ཏོ།། །། བསམ་གཏན་གཉིས་པ་བསྟན་པའི་ཕྱིར། དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བྱ་ལ་སོགས་པ་གསུངས་ཏེ། ་དེ་ཞེས་བྱ་བའི་སྒྲས་རྣལ་འབྱོར་པ་ལ་བྱ་སྟེ། རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ།། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ཞེས་བྱ་བ་ནི་དེ་གཉིས་དང་བྲལ་བ་ཞེས་བྱ་བའི་ཐ་ཚི་གོ་གོ། བསམ་གཏན་གཉིས་པ་ལ ་སྙོམས་པོར་ཞུགས་ན་རྟོག་པོ་དཔྱོད་པའི་འཁྲུག་པ་དང་བྲལ་བས་ན།། ནང་རབ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ་ཞེས་བྱ་སྟེ། ནངོ་ཞེས་བྱ་བའི་སྒྲ་ནི་དེ་དག་ཕྱི་རོལ་གྱི་ཡུལ་ལ་དམིགས་པ་མེད་ཀྱི་སེམས་ནང་དུ ་ལྟས་པའི་ཕྱིར་རོ།། དང་ཞེས་བྱ་བ་ནི་བསམ་གཏན་དང་པོ་ན་ཡོད་པའི་རྟོག་དཔྱོད་ཀྱི་འཁྲུག་པའི་དྲི་མ་དང་བྲལ་ཞེས་བྱ་བའི་དོན་ཏོ།། ཡངོན་དང་ཞེས་བྱ་བའི་དོན་ནི་དད་པ་ལ་བྱ་སྟེ། གང་གི་ཕྱིར་བསམ་གཏན ་གཉིས་པའི་རྣལ་འབྱོར་པ་དེ་བསམ་གཏན་གཉིས་ཐོབ་པ་ཡང་བསམ་གཏན་དང་པོའི་མཉམ་པར་བཞག་པའི་ས་ལ་བརྟེན་ནས་འབྱུང་བར་ཡིད་ཆེས་པ་སྐྱེ་སྟེ། དེའི་ཕྱིར་ན་ནང་དང་པོ་ཞེས་བྱའོ།། གཅིག་ཏུ་གྱུར་པ་དང ་ཞེས་བྱ་བ་དང་སེམས་ཞེས་བྱ་བར་སྦྱར་ཏེ། སེམས་རྩེ་གཅིག་ཏུ་གྱུར་པ་འམ། སེམས་དམིགས་པ་གཅིག་ལ་འདུས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། གང་གི་ཕྱིར་བསམ་གཏན་གཉིས་པ་ཡན་ཆད་སྲིད་པའི ་རྩེ་མོ་མན་ཆད་ཀྱི་བསམ་གཏན་ཐམས་ཅད་རྟོག་པ་དང་དཔྱོད་པ་དང་བྲལ་བར་འདོད་དེ། དེ་བས་རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་ཅེས་བྱ་བ་གསུངས་སོ།། དགའ་བ་དང་བདེ་བ་ཞེས་བྱ་བ་ལ་དགའ་བ་ནི་ཡིད་བདེ་བ་ལ ་བྱའོ།། བདེ་བ་ནི་བག་ཡངས་ཀྱི་བདེ་བ་ལ་བྱ་སྟེ། སྔར་བཤད་པ་བཞིན་ནོ།། བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སེམས་མཉམ་པར་བཞག་ནས་གནས ་ཞེས་བྱ་བའི་དོན་ཏོ།། བསམ་གཏན་གསུམ་པ་བསྟན་པའི་ཕྱིར། དེ་དགའ་བའི་འདོད་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་གཉིས་པ་ལས་འདས་ནས་བསམ་གཏན་གསུམ་པ་ལ ་སྙོམས་པར་འཇུག་པའི་གང་ཟག་དེ་ཞེས་བྱ་བའི་ཐ་ཚིག་གོ། གང་གི་ཕྱིར་བསམ་གཏན་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ་བས་བས་གཏན་གསུམ་པའི་སྙོམས་པར་འཇུག་སྟེ། དེའི་ཕྱིར་དགའ ་བའི་འདོད་ཆགས་དང་བྲལ་ཞེས་གསུངས་ཏེ། བསམ་གཏན་གཉིས་པའི་ཡིད་བདེ་བའི་འདོད་ཆགས་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ།། བཏང་སྙོམས་ལ་གནས་ཏྲཾ་ཞེས་བྱ་བ་ལ་བཏང་སྙོམས་གསུམ་སྟེ། ཚོར་བ ་བཏང་སྙོམས་དང་། ཚད་མེད་པའི་བཏང་སྙོམས་དང་། འདུ་བྱེད་ཀྱི་བཏང་སྙོམས་སོ།། དེ་ལ་ཚོར་བ་བཏང་སྙོམས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ།། ཚད་མེད་པའི་བཏང་སྙོམས ་ནི་སེམས་ཅན་ལ་ཆགས་པ་ཡང་མི་སྐྱེ། ཁྱོང་ཁྲོ་ཡང་མི་སྐྱེ་བའི་མཚན་ཉིད་དོ།། འདུ་བྱེད་ཀྱི་བཏང་སྙོམས་ནི་དམིགས་པར་བྱ་བའི་ཡུལ་ལ་བརྩལ་བ་དང་། འབད་པ་མེད་པའི་ལྷུན་གྱིས་གྲུབ་པར་སྤྱོད ་བྱའི་མཚན་ཉིད་དེ། འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ལ་བྱ་བར་འདོད་དོ།། ཇི་ལྟ་ཞེ་ནོ་བསམ་གཏན་གསུམ་དམིགས་པར་བྱ་བའི་ཡུལ་ལ་བཙལ་བ་དང་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་སྤྱོད་པ་དང་ལྡན་པས་ན། བཏོང ་མས་ལ་གནས་ཏེ་ཞེས་བྱའོ།། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ལུས་ཀྱི་བདེ་བ་སོ་སོར་ཚོར་དེ་ཞེས་བྱ་བ་ལ་བཏང་སྙོམས་དང་ལྡན་པའི་མཚན་མ་མ་བརྗོད་པ་དྲན་པའོ།། ཤེས་བཞིན་ནི་ཤེས་རབ་ལ་བྱ་སྟེ། དྲན་པ་ལ ་སོགས་པ་བསམ་གཏན་གསུམ་པའི་ཡན་ལག་ཏུ་གཏོགས་པ་རྣམས་མཚན་ཉིད་སོ་སོར་མ་ནོར་བར་ཤེས་པའོ།། ལུས་ཀྱི་བདེ་བ་སོ་སོར་ཚོར་དེ་ཞེས་བྱ་བ་ལ་ལུས་ཀྱི་སྒྲ་ས་ནི་འདིར་ཡིད་ཀྱི་ལུས་ལ་བྱ་བར་དགོངས་ཏེ། ་དེ་དག་ན་རྣམ་པར་ཤེས་པ་ལྔའི་ཚོགས་མེད་པས། བསམ་གཏན་གསུམ་པའི་བདེ་བ་ལ་སེམས་ཀྱི་སོ་སོར་ཚོར་ཞེས་བྱ་བའི་དོན་ཏོ།། བསམ་གཏན་གསུམ་པ་ནི་བུ་བའི་སེམས་ཀྱིས་སོ་སོར་ཚོར་བ་དབྱེ་བསྟན་པའི ་ཕྱིར། གང་དེ་འཕགས་པ་བཏང་སྙོམས་པ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ།། ཞེས་གསུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་ཚོགས་སམ། སྡིག་པ་མི་དགེ་བའི་ཆོས་སྤྱོད་པ ་པ་ལས་རིང་དུ་སྟོང་བས་ན་འཕགས་པ་སྟེ། དེ་བཞིན་གཤེགས་པ་དང་ཉན་ཐོས་ལ་སོགས་པའོ།། འཕགས་པ་དེ་དག་གིས་ཀྱང་བཏང་སྙོམས་པ་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པའོ་ཞེས་གསུངས་པ་ནི་བསམ་གཏན ་གསུམ་པ་འདི་ཉིད་ཡིན་ནོ་ཞེས་གསུངས་པའི་བསམ་གཏན་གསུམ་པ་དེ་ལ་སེམས་རྩེ་གཅིག་ཏུ་བཞུག་ནས་གནས་སོ་ཞེས་བྱ་བར་སྦྱར་རོ།། །། བསམ་གཏན་བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་བདེ་བ ་ཡངས་སྤང་སྡུག་བསྔལ་ཡངས་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་ལུས་ཀྱི་ཚིམ་པའི་མཚན་ཉིད་དོ།། སྡུག་བསྔལ་ཡང་ལུས་ཉིད་ལ་གདུང་བར་བྱེད་པའི་མཚན་ཉིད་དེ། བསམ་གཏན་བཞི ་ལ་དེ་གཉིས་མེད་པས་ནི་སྤངས་ཞེས་བྱའོ།། སྔོན་ཡིད་བདེ་བ་དང་མི་བདེ་བ་ལ་ནུབ་ནས་ཤེས་པ་ལ་བསམ་གཏན་དང་པོ་ཐོབ་པ་ཡོད་ནས་ཡིད་ནི་སིམ་པ་དང་གདུང་བ་གཉིས་སྤངས་པས་སྔ་ནུས་ཡིད་བདེ་བ་དང་མི་བདེ་བ ་ནུབ་པ་ཞེས་བྱའོ།། དེ་ལ་བསམ་གཏན་གཉིས་པ་ཐོབ་པ་ན་བདེ་བ་སྤངས་སོ།། བསམ་གཏན་གསུམ་པ་ཐོབ་པ་ན་ཡིད་མི་བདེ་བ་སྤངས་སོ།། བསམ་གཏན་བཞི་པ་ཐོབ་པ་ན་ཡིད་བདེ་བ་ཚོར་བ་ཡང་མེད་དོ།། སྡུག ་བསྔལ་ཡང་མེད་དེ་ཞེས་བྱ་བ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་ཞེས་བྱ་བར་གཟུང་སྟེ། གང་གི་ཕྱིར་བསམ་གཏན་བཞི་པ་ཐོབ་པ་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཚེ་ར ་བྱ་ཡང་མེད་པའི་ཕྱིར་རོ།། འདི་ལྟར་ཚོར་བ་མྱེད་པའི་སྙོམས་པར་འཇུག་པ་ཡང་མི་སྲིད་པས་ནཱ་དེ་བས་ན་བཏང་སྙོམས་དང་ལྡན་ནོ་ཞེས་བྱ་བར་རིགས་པར་བྱའོ།། དག་པའི་སྒྲ་མཇུག་ཏུ་སྨོས་པ ་གཉི་ག་དང་སྦྱར་ཏེ། བཏང་སྙོམས་དག་པ་དྲན་པ་དག་པའོ།། བཏང་སྙོམས་ཀྱི་སྒྲ་ཡང་འདི་ཡི་སྐབས་སུ་འདུ་བྱེད་ཀྱི་བཏང་སྙོམས་ལྔ་བྱའོ།། དྲིན་པའི་སྒྲ་ཡང་བསམ་གཏན་བཞི་པའི་ཡན་ལག་དུ་ག་ཏོགས་པའི ་རྣམས་པ་མ་བརྗེད་པ་ལ་བྱའོ།། ས་འོག་མའི་ཉེས་པའི་དྲི་བརྒྱད་དང་བྲལ་བས་ན་བཏང་སྙོམས་དག་པ་དྲན་པ་དག་པ་ཞེས་བྱ་སྟེ། དྲི་མོ་བརྒྱད་ནི། རྟོག་པ་དྲང་དཔྱོད་པ་དང་། དབུགས་དབྱུང་བ་དང་། རྔུབ་པ ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་མ་བདྲེ་བ་སྟེ་བརྒྱད་།། བསམ་གཏན་བཞི་ལ་སྙོམས་པར་ཞུགས། ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་ལ་སེམས་རྩེ་གཅིག་ཏུ་བཞག ་ནས་གནས་ཞེས་བྱ་བའི་ཐ་ཚིག་གོ། བརྒལ་བ་བསམ་གཏན་བཞི་པོ་འདི་དག་ན་དད་པ་དང་བརྩོན་འགྲུས་ལ་སོགས་པ་གཞན་ཡང་ཡོད་ན། དེ་དོག་བསྣམ་གཏན་གྱི་ཡན་ལག་དུ་མ་བཤད་ཀྱི། རྟོག་པ ་དང་དཔྱོད་པ་ལ་སོགས་པ་ཅིའི་ཕྱིར་ཡན་ལག་ཏུ་བཤད་ཅེ་ན། སྨྲས་པ་འདི་རྣམས་ཙམ་ཉིད་ཀྱིས་གཉེན་པོ་དང་ཡོན་ཏན་དང་། དེ་གཉིས་ཀྱི་ས་གཞིའི་ཡན་ལག་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པས།། ་རྟོག་དཔྱོད་ལ་སོགས་ཉིད་ཡན་ལག་ཏུ་བཤད་ཀྱི་གཞན་ཡོད་ཀྱང་ཡན་ལག་ཏུ་མ་གཞག་གོ།། དེ་ལ་བསམ་གཏན་དང་པོ་ན་རྟོགས་པ་དང་། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི་ཁམས་ཀྱི་ཆོས་རྣམས་ལ་ཟུག་རྔུ་དང་ཤུ ་བ་ལ་སོགས་པར་རྟོག་ཅིང་དཔྱོད་པས་འདོད་པ་དང་གནོད་སེམས་དང་ཁོང་ཁྲོ་བའི་གཉེན་པོར་གྱུར་ཅིང་དེ་དག་སེལ་བར་བྱེད་པའི་ཕྱིར་རོ།། དབྱེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བས་རྗེས་སུ་བསྔགས་པའི་ཡན་ལག་བསྟན ་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས། འདོད་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྤངས་པ་ལས་སྐྱེས་པའི་དགའ་བོ་དང་། བདེ་བ་སོ་སོར་མྱོང་བར་འགྱུར་བའི་ཕྱིར་རོ།། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་གནས ་ཞེས་བྱ་བས་དེ་གཉི་གའི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་གནས་པའི་མཐུས་འདོད་པ་སུན་འབྱིན་པའི་རྟོག་དཔྱོད་འཇུག་ཅིང་དེ་ལས་དབྱེན་པའི་དགའ་བ་དང་། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ།། བསམ་གཏན ་གཉིས་པ་ལ་ནང་རབ་ཏུ་དང་བའི་སེམས་ཀྱིས་གཅིག་ཏུ་གྱུར་པ་ནི་གཉེན་པོའི་ཡན་ལག་སྟེ་ནང་རབ་ཏུ་དང་བ་དང་། སེམས་རྩེ་གཅིག་ཏུ་གྱུར་པ་སཱ་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་པ་དང་དཔྱོད་པ་བསམ་གྲཏན་གཉིས་པའི ་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེལ་བར་བྱེད་པའི་ཕྱིར་རོ།། དེ་ལྟར་བསལ་བས་ན་བསམ་གཏན་གཉིས་པ་ལ་རྟོག་དཔྱོད་མེད་པའི་ཕྱིར།། རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་པ་ཞེས་བྱའོ།། ཏིང་ངེ་འཛིན་ལས ་སྐྱེས་པའི་དགའ་བ་དང་བདེ་བ་ནི་རྗེ་སུ་བསྔགས་པའི་ཡན་ལག་དེ། ནང་དང་བ་དང་རྩེ་གཅིག་ཏུ་གྱུར་པས་རྟོགས་པ་དང་དཔྱོད་པ་བསལ་ན། རྟོག་དཔྱོད་དང་བྲལ་བའི་ཏིང་ངེ་འཛིན་ལས་དགའ་བ་དང ་བདེ་བ་སོ་སྔོར་མྱོང་བའི་ཕྱིར་རོ།། བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་གནས་ཞེས་བྱ་བས། དེ་གཉི་གའི་གཞིའི་ཡན་ལག་བསྟན་ཏོ། སེམས་རྩེ་གཅིག་པ་ལ་བརྟེན་ནས། ནད་དང་ཞིང་གཅིག་ཏུ་གྱུར ་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་སོ་སོར་མྱོང་བའི་ཕྱིར་རོ།། བསམ་གཏན་གསུམ་པ་ལ་བཏང་སྙོམས་ལ་གནས་པ་དང་། དྲན་པ་དང་ཤེས་བཞིན་གསུམ་ནི་གཉེན་པོའི་ཡན་ལག་སྟེ། ་དེ་དག་གིས་བསམ་གཏན་གཉིས་པའི་དགའ་བ་དང་བདེ་བ་སེལ་བར་བྱེད་པའི་ཕྱིར་རོ།། ལུས་ཀྱི་བདེ་བ་སོ་སོར་ཚོར་བ་ནི་རྗེསུ་བསྔགས་པའི་ཡན་ལག་སྟེ། དེ་ན་ཡིད་ཀྱི་བདེ་བ་ཡོད་པར་དཔེས་བསྟན་པ་ནི་གང་དེ་འཕགས ་བས་ཞེས་བྱ་བ་ལ་སོགས་པའོ།། བསམ་གཏན་གསུམ་པ་ལ་སྙོམསོ་པར་ཞུགས་ཏེ། གནས་ཞེས་བྱ་བས་དེ་གཉི་གའི་གཞི་ཡི་ཡན་ལག་བསྟན་ཏེ། སེམས་རྩེ་གཅིག་པ་ལ་བཞག་ནས། བཏང་སྙོམས་དང་དྲན་པ་དང ་ཤེས་བཞོན་དུ་འཇུག་ཅིང་ལུས་ཀྱི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ།། བསམ་གཏན་བཞི་པ་ལ་བཏང་སྙོམས་དག་པ་དང་། དྲན་པ་དག་པ་ནི་གཉེན་པོའི་ཡན་ལག་ཏེ། དེས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་སེལ ་བར་བྱེད་པའི་ཕྱིར་རོ།། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྗེ་སུ་བསྔགས་པའི་ཡན་ལག་ཡིན་ནོ།། བསམ་གཏན་བཞི་ལ་སྙོམས་པར་ཞུགས་ཏེ་གནས་པ་ནི་དེ་གཉི་གའི་གཞིའི་ཡན་ལག་ཡིན་ཏེ། སེམས ་རྩེ་གཅིག་པའི་མཐུས་བཏང་སྙོམས་དང་དྲན་པ་དག་ཅིང་བད་པ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་འགྱུར་བའི་ཕྱིར་རོ།། དེ་ལ་བསམ་གཏན་དང་པོ་ནས་འདུ་ཤེས་མང་མཱན་སྐྱེ་མཆེད་མན་ཆད་ཡིད་ལ ་བྱེད་པ་རྣམ་པ་བདུན་བསྒོམ་སྟེ། ཡིད་ལ་བྱེད་པ་རྣམ་པ་བདུན་གང་ཞེ་ན། མཚན་ཉིད་རྣམ་པར་རིགས་པའི་ཡིད་ལ་བྱེད་པ་དང་། ལྷག་པར་མོས་པ་ཡིད་ལ་བྱེད་པ་དང་། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། དགའ་བ ་ཡོང་དག་པར་སྨྲས་པ་ཡིད་ལ་བྱེད་པ་དང་། འཇིག་པ་ཡིད་ལ་བྱུང་བ་དང་། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡོད་ལ་བྱེད་པ་དང་། དེ་ལ་བསྣམ་གཏན་དང་པོ་ལ་སྙོམས་པར ་འཇུག་པའི་ཚེ། ལྗང་རྣལ་འབྱོར་པ་ཡིད་ལྟ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པར་བྱེད་དོ།། ཡིད་ལ་བྱེད་པ་བདུན་ནི་མཚན་ཉིད་རྣམ་པར་རིག་པའི་ཡིད་ལ་བྱེད་ལ་སོགས་པའོ།། ་མཚན་ཉིད་རྣམ་པར་རིག་པའི་ཡོད་ལ་བྱེད་པ་ནི། དེས་འདོད་པའི་ཁམས་ཀྱི་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་རྣམ་པར་རིག་པར་བྱེད་ལ།། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་རིག་པར་བྱེད་དོ།། དེ་ལ ་རགས་པའི་མཚན་ཉིད་ཇི་ལྟར་རིག་པར་བྱེད་ཅེ་ན། འདོད་པའི་ཁམས་ཀྱི་འདོད་པ་རྣམས་དངོས་པོ་དྲུག་ཏུ་རྟོག་ཅིང་ཚོལ་བར་བྱེད་དེ། དངོས་པོ་དྲུག་ནི་དོན་དང་། དངོས་པོ་དང་། མཚན་ཉིད་དང་། ཕྱོགས ་དང་། དུས་དང་རིག་པའོ།། དེ་ལ་རིགས་པའི་དོན་དུ་ཇེ་ཚོལ་ཞིང་རྟོག་སྟེ། ཇི་ལྟ་ཞེ་ན། འདོད་པ་འདི་དག་ནི་ཉེས་པའི་དམིགས་དང་བཅས་པ། གནོད་པ་མང་བ་ནང་མང་བ་མི་བདེ་བ་མང་བ་སྟེ་ཞེས་དེ་ལྟར་ཚོལ་བར་བྱེད་པ་ནི ་རིགས་པའི་དོན་དུ་ཚོལ་བའོ།། དེ་ལ་དངོས་པོ་ཚོལ་བར་བྱེད་པ་ནི་འདོད་པའི་དངོས་པོ་རྣམ་པ་གཉིས་ཏེ་ནང་དང་ཕྱིའི་འོ།། དེ་ལ་ནང་གི་འདོད་པའི་དངོས་པོ་ཚོལ་བར་བྱེད་པ་ནི། བདག་གི་ལུས་ལ་ཆགས་པ་དང་འདོད ་པའི་འདོད་ཆགས་ཀྱི་སེམས་སྐྱེས་པ་ན། ལུས་ལ་ཆགས་པ་དང་། འདོད་པའི་འདོད་ཆགས་ཀྱི་སེམས་སྐྱེས་སོ་ཞེས་རྟོག་པར་བྱེད་པའོ།། ཕྱི་རོལ་དངོས་པོ་ཚལ་བར་བྱེད་ན་ནི། གཟུགས་དང་སྒྲ་ལ་སྩོགས་པ་འདོད ་པའི་ཡོན་ཏན་རྣམས་ལ་སེམས་ཞུགས་པ་ན་སེམས་དེ་དག་ལ་འཕྲོས་སོ་ཞེས་ཚོལ་བར་བྱེད་པའོ།། མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ་རང་གི་མཚན་ཉིད་ཚོལ་བ་དང་། སྤྱིའི་མཚན་ཉིད་ཚོལ་བའོ།། རང་གི་མཚན་ཉིད ་ཚོལ་བ་ཡང་འདོད་པའི་རང་གི་མཚན་ཉིད་གཉིས་ཏེ། ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་དང་། དངོས་པོའི་མཚན་ཉིད་ཀྱི་འདོད་པའོ།། ཉོན་མོངས་པའི་མཚན་ཉིད་ཀྱི་འདོད་པ་ནི་འདོད་ཆགས་ཀྱི་སེམས་སྐྱེས ་པའོ།། དངོས་པོའི་མཚན་ཉིད་ཀྱི་འདོད་པ་ནི་བུད་མེད་ལ་སོགས་པ་ཕྱིའི་ཡུལ་རྣམས་སོ།། འདོད་པ་དེ་གཉིས་ཀྱང་ཚོར་བ་བདེ་བའི་གནས་སུ་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་གནས་སུ་གྱུར་པའོ།། ། ་ཚོར་བ་བདེ་བའི་གླན་སུ་འགྱུར་བའི་དུས་ན་ནི། འདོད་ཆགས་སྐྱེས་པའི་རྟེན་དུ་འགྱུར་ཞིང་མི་བདེ་བ་ལས་བདེ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པ་འབྱུང་བའི་རྟེན་ཏུ་འགྱུར་རོ།། ཚོར་བ་སྡུག་བསྔལ་གྱི་གནས་སུ ་གྱུར་པའི་དུས་ན་ནི་ཞེ་སྡང་སྐྱེ་བའི་གནས་སུ་གྱུར་པ་དང་། ཁྲོ་བོ་དང་འཁྲུགས་པ་འབྱུང་བའི་གནས་སུ་འགྱུར་རོ།། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་སྐྱེ་བའི་རྟེན་དུ་འགྱུར་ན་ནཱི། རྨོངས་པ་གཡོ ་དང་སྒྱུ་དང་། ངོ་ཚ་མོ་ཤེས་པ་དང་། ཁྲེལ་མེད་པ་སྐྱེ་བའི་གནས་སུ་གྱུར་པ་སྟེ། འདོད་པ་འདི་དག་ལས་རྟག་ཏུ་ཉོན་མོངས་པ་རྗེསུ་འབྲང་ངོ་ཞེས་ཚོལ་བ་ནི་རང་གི་མཚན་ཉིད་ཚོལ་བའོ།། ཇི་ལྟར་སྤྱིའི་མཚན་ཉིད ་ཚུལ་ཞེ་ན། འདོད་པ་འདི་དག་ཐམས་ཅད་ཀྱང་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་ནས། འདོད་པ་མི་རྙེད་པའི་བར་གྱི་སྡུག་བསྔལྔ་དག་དང་རྟག་ཏུ་འགྲོགས་ཤི་དྲོ་འབྲལ་བ ་ཡིན་ལ། གང་དག་འདོད་པའི་ལོངས་སྤྱོད་ལ་གནས་ཤིང་འདོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་ཀྱང་སྐྱེ་བ་ལ་སོགས་པའི་ཆོས་ཉིད་དང་མི་འབྲལ་ལ། ཐང་ཅིག་འགྲོགས་པ་ཙམ་དུ་ཟད་དོ་ཞེས་ཚོལ་བ་ནི། ་སྤྱིའི་མཚན་ཉིད་ཚོལ་བའོ།། ཇི་ལྟར་ཕྱོགས་ཚོལ་ཞེ་ན། ཕྱོགས་རྣམ་པ་གཉིས་ཏེ། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ལས་འདོད་པའི་ཚོ་གས་འདི་དག་ནི་ནག་པོའི་ཕྱོགས་སུ་གཏོག ་པ་མེད་མདག་དང་འདྲ་བ་དུག་རབ་ཏུ་གདུག་པ་དང་མཚུངས་པ་རྨི་ལམོ་ལྟ་བུ་ཐང་ཅིག་བརྙེས་པའི་རྒྱན་དང་འདྲ་བ་ཤིང་གི་འབྲས་བུ་སྨིན་པ་དང་མཚུངས་པ་སྟེ། འདོད་པ་དེ་དག་ཚོལ་བའི་དུས་ན་ཡང་སེམས་ཅན་རྣམས ་ཚོར་བའི་སྡུག་བསྔལ་སོ་སོར་མྱོང་ཞིང་། རྙེད་ན་ཡང་སྲུང་བའི་སྡུག་བསྔལ་དང་། བྲལ་བའི་སྡུག་བསྔལ་དང་། དཔུང་མེད་པའི་སྡུག་བསྔལ་ལ་སོགས་པ་སོ་སོར་མྱོང་བར་འགྱུར་རོ།། དེ་བཞིན་དུ་འདོད་པ་འདི ་དག་བརྟེན་ནི་ཉེས་པའི་དམིགས་རྣམ་པ་ལྔ་ཡོད་པར། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདོད་པ་འདི་དག་བདེ་བའི་རོ་ཆུང་བ་སྡུག་བསྔལ་མང་བ། ཉེས་པའི་དམིགས་པ་མང་པོ་དང་ལྡན་པ་སྟེ། དེ་བསྟེན་ནའང ་ཚིམ་པ་འམ་ཆོག་པའི་མཐའ་མེད་དོ་ཞེས་གསུངས་སྟེ། རྣམ་གྲངས་དེས་ན་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཡང་དག་པར་ཞུགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་པ་དུ་མས་སྨད་པའོ།། ཇི་ལྟར་དུས ་ཚོལ་ཞེ་ན། འདོད་པའི་འདོད་ཆགས་འདི་དག་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་གྱི་དུས་སུ་རྟག་པ་རྟག་པར་ཐེར་ཟུག་ཐེར་ཟུག་ཏུ་ཡོང་འདོད་པ་འདི་དག་ནི་འཚེ་བ་མང་བ་སྡུག་བསྔལ་མང་བ། གནོད་པ ་མང་ངོ་ཞེས་དེ་ལྟར་ཚོལ་བ་ནི་དུས་ཚོལ་བའོ།། ཇི་ལྟར་རིགས་པས་ཚོལ་ཞེ་ན། འདོད་པ་འདི་དག་བཙལ་བ་ཆེན་པོ་དང་། འབད་པ་ཆེན་པོ་དང་ངལ་བ་དང་ཆད་པ་རྣམ་པ་དུ་མ་དང་བཟོའི་གནས་རྣམ་པ་སྣ་ཚོགས་ཀྱིས་བསྒྲུབ ་དགོས་ཏེ། དེ་ལྟར་བསགས་ཤིང་བཙལ་བ་ཡང་བདག་གི་ལུས། གཟུགས་ཅན་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་རགས་པ་རྟག་ཏུ་མཉེ་བ་དང་བཀྲུ་བ་དང་གསོ་དགོས་ཤིང་འཇིག་པ་དང་བཅས་པ་དང་རྣམ་པར་འཐོར ་བའི་ཆོས་ཅན་ལས་སྡུག་བསྔལ་ཙམ་བསལ་བའི་གཉེན་པོར་འགྱུར་ཏེ། བཀྲེས་པའི་སྡུག་བསྔལ་བསལ་བའི་ཕྱིར་ནི་ཁ་ཟས་སོ།། གྲང་བ་དང་དྲོ་བའི་སྡུག་བསྔལ་དང་། འཛེམ་པ་དང་། ངོ་ཚ་བའི་སྡུག་བསྔལ ་བསལ་བའི་ཕྱིར་ནི་བགོ་བའོ།། གཉིད་དང་ཆད་པའི་སྡུག་བསྔལ་བསལ་བའི་ཕྱིར་ནི་མལ་སྟན་ཏོ།། ཆགས་པ་དང་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་བཞོན་པའོ།། ན་བའི་སྡུག་བསྔལ་བསལ་བའི་ཕྱིར་ནི་ན ་བའི་རྐྱེན་གྱི་སྨན་ཏེ། འདོད་པའི་ཆོས་འདི་དག་ཀྱང་སྡུག་བསྔལ་གྱི་གཉེན་པོ་བྱེད་པ་ཙམ་དུ་ཟས་པས་དེ་དག་ལ་ཆགས་པ་དང་ཞིན་པར་མྱི་བྱའོ།། གཞོན་དུ་ན་ནད་ཀྱིས་ཉེན་པའི་ནད་པ་རྣམས་ནད་ཞི་བར་བྱ་བའི་ཕྱིར ་སྨན་ལ་བརྟེན་པ་འདྲ་བའི་ཚུལ་དུ་བྱའོ་ཞེས་ཚོལ་བ་ནི་རིགས་པས་ཚོལ་བ་སྟེ། དེ་ལྟར་ན་འདོད་པའི་ཆོས་དེ་དག་ལ་དངོས་པོ་རྣམ་པ་དྲུག་ཚོལོ་བས་རགས་པའི་མཚན་ཉིད་དུ་རིགས་པར་བྱེད་ལ། བསམ་གཏན་དང་པོ ་ལ་ནི་ཞི་བའི་མཚན་ཉིད་དུ་རྣམ་པར་རིག་པར་བྱེད་དོ།། ཡིད་ལ་བྱེད་པ་དེ་ནི་མཉན་པ་དང་བསམ་པའི་ཤེས་རབ་དང་འདྲེས་པའི་ཡིན་པར་ཤེས་པར་བྱའོ།། དེའི་འོག་ཏུ་མཉན་པ་དང་བསམ ་པའི་ཤེས་རབ་ལས་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པར་འདོད་པའི་ཁམས་ཀྱི་འདོད་པ་ལ་རག་པ་དང་། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་དམིགས་པའི་ཞི་གནས་དང་། ལྷག་མཐོང་བསྒོམ་པ ་ན་ཡང་ནས་ཡང་དུ་ཇི་ལྟར་བཙལ་བའི་རགས་པ་དང་ཞི་བ་ལ་མོས་པར་བྱེད་དོ།། དེ་ནི་མངོན་པར་མོས་པ་ཅན་ཡིད་ལ་བྱེད་པ་ཞེས་བྱའོ།། དེ་ལ་རྒྱུན་ཏུ་གོམས་པས་དང་པོ་ཉིད་དུ་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ ་བྱེད་པ་སྐྱེ་སྟེ། དེས་ཉོན་མོངས་པ་ཆེན་པོའི་རྣམ་པ་སྤོང་བར་བྱེད་པས་རབ་ཏུ་དབེན་པ་ཡིད་ལྟ་བྱེད་པ་ཞེས་བྱའོ།། དེའོ་མི་མཐུན་པོའི་ཕྱོགསུ་གྱུར་པའི་ཉོན་མོངས་པ་དང་བྲལ་ནས་རྣལ་འབྱོར་པ་དེ་དེའི་འོག་ཏུ་སྲིང་བ ་ལོ་དགའ་བོ་དང་། སྤོང་བ་ལ་རྗེས་སུ་བསྔགས་པའི་བསམ་པ་སྐྱེ་ཞིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཤས་ཆུང་ངུ་དང་ལྡན་ལ་དུས་དུས་སུ་བསམ་གཏན་བྷི་འབྲས་བུ་འམ་དེ་བཞིན་གཤེགས་པའི ་ཡོན་ཏན་ལ་སོགས་པ་གང་ཡང་རུང་བ་སེམས་དང་བར་འགྱུར་བའི་ཡིད་ལ་བྱེད་པས་གཟེངས་བསྟོད་ཅིང་སེམས་སྤྲོ་བ་སྐྱེད་པར་བྱེད་དེ། དེ་ཡང་རྨུགས་པ་དང་རྒོད་པའི་སྒྲིབ་པ་བསལ་བའི་ཕྱིར་རོ།། འདི་ནི་དགའ་བ ་ཡང་དག་པར་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ།། དེས་དེ་ལྟར་ཡང་དག་པར་ཞུགས་པ་ན་དགེ་བའི་རྩ་བས་ཡང་དག་པར་བརྟན་པས་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་འགྲོ་བ་འམ་གནས་པ་ན་ཡང་དག་པར ་མི་འབྱུང་སྟེ། དེ་དེའི་ཚེ་ན་འདི་སྙམ་དུ་ཅི་བཱདག་འདོད་པའི་འདོད་ཆགས་ལ་ཚོགས་པ་སྟོང་བ་འམ་མི་འབྱུང་ཞིང་འབྱུང་བར་ཚོར་རམུ་འོན་ཏེ་མེད་པ་ལས་མྱི་འབྱུང་ཞིང་འབྱུང་བར་མ་ཚོར་ཞེས་རྟོག་ཅིང་གཞན་ཡང་རབ་ཏུ་དང ་འགྱུར་བ། དགེ་བའི་མཚན་མ་དག་པ་ཡིད་ལ་བྱེད་པ་ཞེས་བྱའོ།། དེ་ནི་འཇིག་པ་ཡིད་ལ་བྱེད་པ་ཞེས་བྱའོ།། དེས་དེ་ལྟར་གཉེན་པོའི་ཕྱོགས་སོ་སོར་འཇིག་ཅིང་བཙལ་ནས་བསྒོམ་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་འདོད ་བའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་དང་བྲལྟ་བུ་དང་། བསོམ་གཏན་དང་པོའི་སྦྱོར་བ་མཐ་རོ་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་འབྱུང་སྟེ། དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ།། དེའི་འོག་ཏུ་རྩ་བའི ་བསམ་གཏན་དང་པོ་ཐོབ་པར་འགྱུར་ཏེ། དེའི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ།། དེ་ལ་མཚན་ཉིད་ཡང་དག་པར་རིག་པ་ཡིད་ལ་བྱེད་པས་ནི། གང་སྤང་བར་བྱ་བ་དང་ཐོབ་པར་བྱ་བ་དེ་དག་ཡང་དག ་པར་ཤེས་ནས། སྤང་བར་བྱ་བ་དང་། ཐོབ་པར་བྱ་བའི་ཕྱིར་སེམས་རབ་ཏུ་འཛིན་ཏོ།། ལྷག་པར་མོས་པ་ཡིད་ལ་བྱེད་པས་ནི་དེའི་འོག་ཏུ་ཡང་དག་པའི་སྦྱོར་བ་ལ་རྩོན་པར་བྱེད་དོ།། རབ་ཏུ་དབེན་པ་ཡོད་ལ་བྱེད་པས་ནི། ་ཉོན་མོངས་པ་ཆེན་པོའི་རྣམ་པ་སྦྱོང་བར་བྱེད་དོ།། དགའ་བ་ཡང་དག་པར་སྡུད་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་འབྱིང་གི་རྣམ་པར་སྤོང་བར་བྱེད་དོ།། འཇིག་པ་ཡིད་ལ་བྱེད་པས་ནི། ཐོབ་པ ་ཡིད་ལ་བྱེད་པ་ཡང་སེམས་ང་རྒྱལ་མེད་པར་འཇོག་པར་བྱེད་དོ།། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པས་ནི། ཉོན་མོངས་པ་ཆུང་ངུའི་རྣམ་པ་སྤོང་བར་བྱེད་དོ།། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི་ལེགས ་པར་བསྒོམ་པའི་འབྲས་བུ་སོ་སོར་མྱོང་བར་བྱེད་དོ།། ཇི་ལྟར་བསམ་གཽ་ཏན་དང་པོ་ལ་ཡང་ལྟ་བྱེད་པོ་བདུན་ཡོད་པ་བཞིན་དུ་ཅུང་ཟད་མེད་མ་ནི་སྐྱེ་མཆེད་ཀྱི་བར་དུ་ཡང་ཡིད་ལ་བྱེད་པ་བདུན་དང་ལྡན་པར་ཅི་རིགས་པར་སྦྱར་ཏེ། ་རྒྱས་པར་བཤད་ན་ཡི་གེ་གཞུང་མོངས་པས་ཞིབ་ཏུ་ནི་མ་བཤད་དོ།། དེ་ལ་རྣམ་པ་གཉིས་ཀྱིས་ས་འོག་མ་ཐམས་ཅད་རགས་པ་ཡིན་ཏེ། རྣམ་པ་གཉིས་ནི་མ་ཞི་བའི་མཚན་ཉིད་དུ་གནས་པ་དང་ཚེའི་འདུ་བྱེད་ཐུང་བྱའོ།། ། ་བསམ་གཏན་གྱི་འོག་ཏུ་ཚངས་པའི་གནས་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། ཚུངས་པའི་གནས་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ལ་ཞེས་བྱ་བ་ནི་འདོད་པའི ་ཁམས་འདིར་ཞེས་བྱ་བའི་དོན་ཏོ།། དགེ་སློང་དག་ཅེས་བྱ་བ་ནི་བོས་ནས་བཀའ་སྩལ་ཏེ་སྔ་མ་བཞིན་ནོ།། དགེ་སློང་ཞེས་བྱ་བ་ནི་ཚད་མེད་པ་བཞི་བསྒོམ་པའི་རྣལ་འབྱོར་པའི་དགེ་སློང་ངོ་།། དེ་ལ་ཚངས་པ་ནི་མྱ་ངན་ལས ་འདས་པ་སྟེ། དེ་ཐོབ་པར་བྱེད་པ་ནི་ཚངས་པའི་གནས་སོ།། ཡང་ན་ཚངས་པ་ནི་སྡིག་པ་ཐམས་ཅད་ལ་མི་འཇུག་ཅིང་སྤོང་བར་བྱེད་པ་སྟེ། སྨྲིག་པ་མི་འཇུག་པའི་ཆོས་བཞི་ནི་ཚངས་པའི་གནས་བཞིའོ།། བྱམས་པ་དང་ལྡན ་པའི་སེམས་ཞེས་བྱ་བ་ལ་ཏིང་ངེ་འཛིན་མ་སྨོས་ཀྱང་བྱམས་པའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏེ།། བྱམས་པའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཁྱད་བར་བསྟེན ་པ་ནི། དགྲ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཛའ་བ་དང་དགྲར་དབྱེར་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་པའི་སེམས་དང་ལྡན་པས་ན་དགྲ་མེད་པའོ།། སེམས་ཅན་རྣམས་དགེ ་བའི་ཕྱོགས་ལ་དགོད་ཅིང་འཕགས་པའི་ལམ་བསྒོམ་དུ་བཅུག་པ་ནི་ཕན་པའི་སེམས་ཏེ། དེ་ལྟ་བུའི་བསམ་པ་དང་ལྡན་པས་ན་མི་མཐུན་པ་མྱེད་པའོ།། དོན་དུ་ནུ་སེམས་ཅན་ཀུན་ལ་ཕན་པར་སེམས་ཀྱི། བུད་མེད་ཆེ་ཆུང ་བཞིན་གཅིག་ལ་གཅིག་འགྲན་ཟླ་མེད་ཅེས་བྱ་བའི་ཐ་ཚིག་གོ། སེམས་ཅན་རྣམས་ལྷ་དང་མིའི་བདེ་འགྲོ་དང་མྱ་ངན་ལས་འདས་པར་དགོད་པར་སེམས་པ་ནི་བདེ་བའི་བསམ་པ་སྟེ་བསམ་པ་དེ་དང་ལྡན་པས་ན་གནོད་པ ་མེད་པའོ།། ཡང་ན་དགྲ་ལ་ཡང་གནོད་པར་བྱ་བའི་སེམས་མེད་པས་ན་གནོད་པ་མེད་པའོ།། ལས་དང་པོ་པའི་དུས་ན་ཕྱོགས་གཅིག་ཏུ་ཇེ་བྱམས་པ་ཁྱབ་པར་བྱེད་པས་ན་ཡངས་པའོ།། བྱམས་པ་གྲུབ་པའི་དུས་ན་ནི ་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་བྱེད་པས་ནཱ་ཆེར་གྱུར་པའོ།། ཀུན་ལ་སེམས་མཉམ་སྟེ་གྲོགས་ལ་བྱམས་པ་དང་། དགྲ་ལ་ཞེ་སྡང་མེད་པས་ན་གཉིས་སུ་མེད་པའོ།། འདོད་པའི་ཁམས་ཀྱི་སེམས ་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པའོ།། བྱམས་པའི་མི་མཐུན་པའི་ཕྱོགས་ཞེ་སྡང་སྤངས་ཏེ་བྱམས་པ་དེ་ཞེ་སྡང་དང་མ་འདྲེས་པར་བསྒོམ་པས་ན། ཤིན་ཏུ་སྒོམ་པའོ།། ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ ་པར་བྱས་པ་ལ་ཕྱོགས་གཅིག་ནི་དྲང་པོ་ཉིད་དུ་ཤར་རམ་ནུབ་བམ་ཕྱོགས་གང་ཡང་རུང་བ་གཅིག་ཏུ་དམིགས་པ་སྟེ་འདིར་རི་ཚིག་པ་བཞིན་དུ་སྣོད་ཀྱི་སྒོ་ནས་སྣོད་ལ་ཆགས་པའི་སེམས་ཅན་ལ་དམིགས་པར་བྱེད་པ་བསྟན ་ཏོ།། མོས་ཞེས་བྱ་བ་མོས་པ་ཡིད་ལ་བྱེད་པ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་གྱིས་ཁྱབ་པའོ་ཞེས་དམིགས་པ་མེད་པས་ན་དེ་ཁོ་ན ་ཡིད་ལ་བྱེད་པ་ནི་མཱ་ཡིན་ནོ།། ཁྱབ་པ་རཽ་བྱས་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་བྱམས་པས་རྒྱས་པར་བྱས་ཞེས་བྱ་བའི་དོན་ཏོ།། བསྒྲུབས་ནས་གནས་ཞེས་བྱ་བ་ནི་བྱམས་པའི་སེམས་འགྲུབ་པར་བྱས་ནས་གནས་པའོ།། ། ་ཇི་ལྟར་ཕྱོགས་གཅིག་ལ་གནས་པ་བཞིན་ཕྱོགས་གཉིས་པོ་ལ་སོགས་པ་ལ་ཡང་དམིགས་པར་བསྟན་པའི་ཕྱིར། དེ་བཞིན་དུ་གཉིས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྟེང་ནི་འདོད་པའི་ཁམས་ཀྱི ་ལྷ་ལ་སོགསྨྲ་བའི་གནས་སོ།། འོག་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ།། མཚམས་ནི་ཕྱོགས་བཞིའི་མཚམས་ན་གནས་པའི་སེམས་ཅན་ནོ།། ཇི་ལྟར་བྱམས་པའི་ངོ་བོ་དང་བསྒོམ་པའི་མཚན་ཉིད་བསྟན ་པ་བཞིན་དུ་སྙིང་རྗེ་ལ་སོགས་པ་ལ་ཡང་ཚུལ་དེ་དང་འདྲ་བར་བསྟན་པའི་ཕྱིར་རོ།། དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ཀྱང་སྔར་བཤད་པ་བཞིན་དུ་བལྟའོ།། ་མདོ་ཁ་གཅིག་ལས་ཚད་མེད་པ་བིཉྩ་ཞེས་འབྱུང་སྟེ། དེའི་དོན་ཀྱང་ཚད་མེད་པའི་སེམས་ཅན་ལ་དམིགས་པས་ནཱ་ཚད་མེད་པ་ཞེས་བྱའོ།། འོ་ན་ཅིའི་ཕྱིར་ཚངས་པའི་གནས་ལྔ་དང་གསུམ་ལ་སོགས་པར་མ་བཤུད ་ལ། བཱ་ནི་ཁོ་ནར་བཤད་སྨྲས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར་གྱུར་པས་བཞི་ཁོ་ནར་བཤད་དེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམ་པ་བཞི་ནི། གནོད་པ་དང ་བ་དང་མི་དགའ་བ་དང་འདོད་ཆགས་དང་། གནོད་སེམས་སོ།། དེ་ལ་གནོད་སེམས་མང་བའི་སེམས་ཅན་རྣམས་དེ་སྤངས་པའི་ཕྱིར་བྱམས་པ་གཉེན་པོར་འགྱུར་རོ།། བརྡེག་འཚོགས་པ་ལ་སོགས་པའི་འཚེ་བ ་མང་བ་རྣམས་སྤངས་པའི་ཕྱིར་སྙིང་རྗེ་གཉེན་པོར་འགྱུར་རོ།། མི་དགའ་བ་མང་བ་རྣམས་དེ་སྤངས་པའི་ཕྱིར་དགའ་བ་གཉེན་པོར་འགྱུར་རོ།། འདོད་ཆགས་དང་གནོད་སེམས་མང་བ་རྣམས་དེ་སྤང་བར་བྱ་བའི ་ཕྱིར་བཏང་སྙོམས་གཉེན་པོར་འགྱུར་རོ།། འོ་ན་མི་གཙང་བ་བསྒོམས་པ་ཡང་འདོད་ཆགས་ཀྱི་གཉེན་པོ་ཡིན་ན་མི་གཙང་བ་དང་བཏང་སྙོམས་གཉིས་གཉེན་པོར་གྱུར་པ་ལ་ཁྱད་པར་ཅི་ཡོད། སྨྲས ་པ། མི་ཚངས་པར་སྤྱོད་པའི་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམས་པའོ།། ཕ་དང་མ་དང་གཉེན་ལ་ཆགས་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏུང་སྙོམས་དེ་ཁྱད་པར་དེ་ཡོད་དོ།། དེ་བྱམས་པ་ལ་སོ། ་པའི་མཚན་ཉིད་བསྟན་ཏེ། ཀྱི་ཧུད་སེམས་ཅན་འདི་དག་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་བྱམས་པའོ།། །། ཨ་མའོ་སེམས་ཅན་འདི་དག་སྡུག་བསྔལ་བ་སྟེ། སྡུག་བསྔལ ་དང་བྲལ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་སྙིང་རྗེའོ།། སེམས་ཅན་བདེ་བ་དང་ལྡན་པ་རྣམས་རྟག་ཏུ་བོདེ་བ་དང་དགའ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད་པ་ནི་དགའ་བའོ།། གྲོགས་ལ་བྱམས་པ་ཡང་མི་སྐྱེད་དགྲ་ལ་ཞོ ་སྡང་ཡང་མི་སྤྱོད་ཏེ། སེམས་མཉམ་པ་ཙམ་དུ་འཛིན་པ་ནི་བཏང་སྙོམས་སོ།། འོ་ན་ལས་དང་པོ་པ་རྣམས་ཐོག་མ་ཉིད་དུ་བྱམས་པ་ལ་སོགས་པ་ལ་ཇི་ལྟར་བསྒོམས།། དེ་ལྟར་བདག་ཉིད་བདེ་བ་དང་། ལྡན ་བྲི་འམ་བདག་བདེ་བ་མེད་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་བདེ་བ་ཐོབ་པར་མཐོང་ངམ་ཐོས་ན་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱེད་དོ།། གལ་ཏེ ་གང་ཟག་དེ་ཉོན་མོངས་པའི་མཐུ་ཆེ་བས། སེམས་ཅན་ཀུན་ལ་བདག་དང་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་མོས་པར་མི་ནུས་ཏེ། དགྲ་ལ་ལྷག་པར་ཞེ་སྡང་ཡོད་ལ། གྲོགས་ལ་ལྷག་པར་བྱམས་པ་ཡོད་ན། དེས་གྲོགས་ཀྱི ་ཕྱོགས་ལ་ཡང་རབ་དང་འབྲིང་དང་ཐ་མ་སྟེ་རྣམ་པ་གསུམ་དུ་དབྱེའོ།། དེ་ལྟར་ཕྱེ་བ་ལས་ཇེ་གྲོག་སྡེ་པོ་རབ་ལ་བདེ་བ་དེ་དག་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱའོ།། དེ་ནས་དེ་གྲུབོ་ནི་གྲོགས་པོ་འབྲིང་ལའོ།། དེ ་ནོནས་དེ་གྲུབ་ན་གྲོགས་པོ་ཐ་མ་ལའོ།། དེ་ནས་གྲོགས་པོའི་ཕྱོགས་གསུམ་མཉམ་པ་ཁོ་ནར་དམིག་པ་གྲུབ་ན། ཐ་མ་ལ་པའི་མི་རྣཾས་སྤྱིར་དམྱིགས་པར་བྱའོ།། དེ་ནས་དེ་གྲུབ་པོ་དང་དགྲ་ཐ་མ་དང་འབྲིང་དང་རབ ་རྣམ་པ་གསུམ་དུ་ཕྱེ་སྟེ། དང་པོར་ཐ་མ་ལ་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མོས་པར་བྱའོ།། དེ་ནས་དགྲ་འབྲིང་ལའོ།། དེ་ནས་དགྲ་རཱ་བོ་ལའོ།། དེ་ནས་གོང་གྲོགས་ཀྱི་མཆོག་དང་། དགྲ་ར་བ་གཉིས་ཀྱིས ་ཕྱོགས་གཉིས་ལ་བོད་བར་གྱུར་ཅིག་ཅེས་བྱམས་པས་མཉམ་པར་གྱུར་ན། དེ་ནས་རིམ་གྱིས་བདག་གི་རིགས་ཙམས་ཀྱི་འཁོར་ལ་དམིགས་སོ།། དེ་ནས་གྲོང་ཁྱེར་ལའོ།། དེ་ནས་རྒྱལ་པོའི་ཕོ་བྲང་འཁོར་དུའོ།། ་དེ་ནས་ཁད་ཀྱི་རྗེ་ཆེ་ཇེ་ཆེ་ནས་ཕྱོགས་བཅུ་ཀུན་ཏུ་བྱམས་པས་ཁྱབ་པར་བྱའོ།། གང་ཀུན་ཏུ་ཡོན་ཏན་དང་བཅས་པའི་གང་ཟག་གཞན་དག་ལ་ཡོན་ཏན་ཅུང་ཟད་ཡོད་པ་ཡང་ཁྱད་དུ་མི་གསོད་ཅིང་། ཡོན་ཏན་དང་ལྡན ་བར་འཛིན་པ་དེས་ནི་མྱུར་བར་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། བཟློག་ཏེ་སྨྲས་པ། ཡོན་ཏན་གཟུང་བར་བྱ་བ་ན་ནི། དགེ་བའི་རྩ་བ་ཆད་པ་ལ་ཡང་ཡོན་ཏན་གཟུང་བར་ནུས་ཏེ། ་ད་ལྟར་དགེ་བའི་རྩ་བ་ཆད་པ་ལ་གནས་ཀྱང་སྔོན་གྱི་བསོད་ནོམས་ཀྱི་འབྲས་བུ་མཐོང་ནས། ཁྱོད་ཀྱིས་བསོད་ནམས་ཀྱིས་ལས་བྱས་པར་གྱུར་པས་གྲོང་གི་ཕྱིར་ཁྱོད་དེ་ལྟར་གཟུགས་བཟང་པོར་གྱུར་ཏོ་ཞེས་གཟུང་བ་ལྟ ་བུའོ།། ཡོན་ཏན་ཕན་ལ་ཡང་ཉེས་པ་གཟུང་བར་ནུས་ཏེ། དཔེར་ན་རང་སངས་རྒྱས་ལྟ་བུ་སྒོ་གསུམ་ནས་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་མོད་ཀྱི། སྔོན་གྱི་བསོད་ནམས་མ་ཡིན་པའི་འབྲས་བུ་མཐོང་ནས། སྔོན ་ཆང་གང་གི་ཕྱིར་བསོད་ནམས་མ་ཡིན་པའི་ལས་ཅུང་ཟད་བྱས་པར་གྱུར་པས། ད་ལྟར་གཟུགས་མི་མཛེས་པ་དང་ལྡན་པར་གྱུར་ཅེས་གསུངས་པ་ལྟ་བུའོ།། སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ་སེམས་ཅན་འང་དག་ནི་ཆགས་པ་མང་པོའི་འདམ་དུ་ནུབ་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་མོས་པར་བྱེད་པའོ།། ཁ་ཅིག་ན་རེ་བསོད་ན་མོས་ཀྱི་ཚིག ་ཆེན་པོ་དང་ལྡན་པར་བྱེད་པའི་གནས་ཡིན་པས་ཚངས་པའི་གནས་ཏེ། དེ་ལྟར་བྱས་ན་བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་རོ།། ཡང་ན་སེམས་ཅན་རྣམས་ལ་ཕན་པའི་སེམས་དང་བདེ་བའི་སེམས་ཡོད་པས་ན། བྱམས ་བ་དང་ལྡན་པའི་སེམས་ཞེས་བྱའོ།། བྱམས་པ་དེ་ཡང་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་སྨིན་པའི་ཕྱིར་དགྲ་མེད་པས་ན་མི་མཐུན་པ་མེད་པ་ཞེས་བྱའོ།། ཉོན་མོངས་པ་གསུམ་ནི་སེམས་ཅན་བདག་དང་རིགས་དང་ཡོན ་ཏན་ལ་སོགས་པ་མཉམ་པ་འམ། ཁྱོད་ཞུགས་པ་གནོད་པ་བྱེད་པ་ལ་ཞེ་སྡང་བ་དང་གནོད་པར་མི་བྱེད་པ་ལོ་ཕྲག་དོག་པ་དང་། དམན་པ་དེ་གཉི་ག་ལ་ཞེ་སྡང་བའོ།། དེ་ལ་སེམས་ཅན་བདག་པས་རིགས་དང་ཡོན་ཏན་ལ ་སོགས་པ་མཉམ་པ་འམ་ཁྱད་པར་ཙན་གནོད་པར་བྱེད་པ་ཞེ་སྡང་གི་གཉེན་པོར་གྱུར་པས་ན་དགྲ་མེད་པ་ཞེས་བྱའོ།། སེམས་ཅན་རིགས་དང་ཡོན་ཏན་ལ་སོགས་པས་མཉམ་པ་འམ་ཁྱད་པར་མྱི་བྱེད་པ་ལ་ཕྲག་དོག་པའི་གཉེན ་པོར་གྱུར་པས་ན་མི་མཐུན་པོ་མེད་པའོ།། སེམས་ཅན་རིགས་དང་ཡོན་ཏན་ལ་སྩོགས་པ་བདག་པས་དམན་པ་ལ་གནོད་པར་བྱེད་པ་དང་། གནོད་པར་མི་བྱེད་པ་གཉི་ག་ལ་ཞེ་སྡང་བའི་གཉེན་པོར་གྱུར་པས་ན། གནོད་པ ་མྱེད་པའོ།། བྱམས་པ་དེ་བསྒོམས་ན་དེའི་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་བའི་ཕྱིར་ཡངས་པའོ།། བྱམས་པའི་སེམས་དེ་ཡང་གཟུགས་ཀྱི་ཁམས་ཀྱི་བསམས་ཏན་ཐོབ་པའི་སར་གཏོགས་ལ། གཟུགས་ཀྱི་ཁམས ་ཐོབ་པའི་སེམས་ཀྱི་རྒྱུད་ལ་འབྱུང་བས་ན་ཆེར་གྱུར་པའོ།། ཁ་ཅིག་ནི་གཟུགས་མེད་པའི་ཁམས་ཀྱི་སར་གཏོགས་པས་ན་ཆེར་གྱུར་པ་ཞེས་འཆད་དོ།། དགྲ་དང་མཛའ་བོར་དབྱེར་མེད་པས་ན་གཉི་སུ་མེད་པའོ།། འདོད་པའི ་ཁམས་ཀྱི་སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པའོ།། མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་རྒྱལ་བའི་ཕྱིར། ཤིན་ཏུ་བསྒོམས་པ་སྟེ། བྱམས་པའི་མི་མཐུན་པའི་ཕྱོགས་ནི་ཞེ་སྡང ་བའོ།། དེ་ལྟར་ན་ཚིག་དེ་དག་གི་གཉེན་པོ་དང་འབྲས་བུ་དང་ས་དང་དམིགས་པ་དང་། རྣམ་པར་དག་པའི་སེམས་ཡོངས་སུ་བསྟན་པ་ཡིན་ཏེ། དགྲ་མེད་དང་མི་མཐུན་པ་མེད་པ་དང་། གནོད་པ་མེད་པའི་ཚིག་གསུམ་གྱིས་ནི ་གཉེན་པོ་དང་བཅས་པར་བསྟན་པ་ཡིན་ནོ།། ཡངས་པ་ཞེས་བྱ་བས་འབྲས་བུ་བསྟན་པ་ཡིན་ནོ།། ཆེར་གྱུར་པ་ཞེས་བྱ་བས་ས་བསྟན་པ་ཡིན་ནོ།། གཉིས་སུ་མེད་པ་དང་ཚད་མེད་པ་ཞེས་བྱ་བས་དམིགས་པ་བསྟན་པ་ཡིན་ནོ།། ། ་ཤིན་ཏུ་བསྒོམ་པ་ཞེས་བྱ་བས་རྣམ་པར་དག་པ་བསྟན་པ་ཡིན་ནོ།། ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་རི་ལ་གནས་པའི་རྩཝ་དང་ཤིང་ཚིག་ན་རི་ཆུག ་ཅེས་གནས་ཀྱིས་གནས་པ་སྟོན་པ་བཞིན་དུ། འདི་ལ་ཕྱོགས་གཅིག་གི་གནས་པའི་སེམས་ཅན་དམིགས་པར་བྱེད་པ་སྟོན་ཏོ།། མོས་ཞེས་བྱ་བས་མོས་པ་ཡིད་ལ་བྱེད་པ་བསྟན་གྱི། དེ་ཁོ་ན་ཡིད་ལ་བྱེད་པ་མ་ཡིན་པ་ནི ་སྔ་མ་བཞིན་ནོ།། ཁྱབ་པར་བྱ་སྟེ་ཞེས་བྱ་བས་དུས་གཅིག་ཏུ་དམིགས་པར་བྱ་བའི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་དམིགས་ཞེས་བྱ་བའི་དོན་ཏོ།། བསྒྲུབས་ནས་ཞེས་བྱ་བས་རྩ་བའི་ཏིང་ངེ་འཛིན་བཞི་མངོན་དུ་བྱས་པ ་འམ། བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་ཉིད་མངོན་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ།། གནས་སོ་ཞེས་བྱ་བའི་ཚིག་གིས་སྐད་མ་གཅིག་མ་གཎྜཱིག་ལ་གནས་པ་མ་ཡིན་གྱི། དེའི་རྗེ་སུ་རྒྱུན་ཏུ་འབྲང་ཞེས་བྱ་བའི་དོན་ཏོ།། ་ཡང་ན་ཚངས་པའི་གནས་བཞི་ནི་རིམ་བཞིན་དུ་བདེ་བ་ཡང་དག་པར་སྒྲུབ་པར་བྱེད་པའི་མཚན་ཉིད་དང་། སྡུག་བསྔལ་སྤེལ་བར་བྱེད་པ་ལ་འཇུག་པའི་མཚན་ཉིད་དང་། བདེ་བ་དང་མི་འབྲལ་བར་རྗེས་སུ་མྱོས་པའི་མཚན་ཉིད ་དང་གསུམ་ཆར་ལ་བཏང་སྙོམས་པའོ།། །། དེ་ལ་བདེ་བ་ཡང་དག་པར་བསྒྲུབ་པའི་མཚན་ཉིད་ནི་བྱམས་པའོ།། སྡུག་བསྔལ་སེལ་བ་ལ་འཇུག་པར་བྱེད་པའི་མཚན་ཉིད་ནི་སྙིང་རྗེའོ།། བདེ་བ་དང་མི ་འབྲལ་བར་རྗེས་སུ་མྱོང་པའི་མཚན་ཉིད་ནི་དགའ་བའོ།། རྣམ་པ་གསུམ་ཆར་ལྟར་མི་འཇུག་པའི་མཚན་ཉིད་ནི་བཏང་སྙོམསོ།། ཚད་མོད་བཞི་ལས་ཀྱང་ཇེ་བྱམས་པ་བསྟན་པའི་ཕྱིར། འདི་ལ་དགེ་སློང་དག། དགེ་སློང ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་བྱམས་པ་དེ་སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་གནས་པ་ཡིན་པས་ན་བྱམས་པ་དང་ལྡན་པའི་སེམས་ཞེས་བྱའོ།། ཕན་འདོགས་པའི་མཚན ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཕན་པོ་སྒྲུབ་པ་དང་བདེ་བ་སྒྲུབ་པ་སྟེ། དེའི་དོན་ཀྱང་སྔར་བཤད་པ་བཞིན་ནོ།། སེམས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར་ན་དགྲ་མེད་པའོ།། སུས་ཀྱང་གནོད་པར་མི་བྱེད་ལ་བདག་ཀྱང་སུ་ལ་ཡང ་གནོད་པར་མི་གནས་པས་ན་མི་མཐུན་པ་མེད་པའོ།། གནོད་པར་བྱ་བའི་ལྷ་མི་བྱེད་པས་ན་གནོད་པ་མེད་པའོ།། དམིགས་པར་བྱ་བའི་ཡུལ་རྒྱ་ཆེ་བས་ན་ཡངས་པའོ།། ཕན་པ་དང་བདེ་བ་གཙོར་བསྒྲུབ ་པས་ན་རྒྱ་ཆེ་བར་གྱུར་པ་སྟེ། ཆེར་གྱུར་པའི་དོན་ནི་གླཙེར་སྒྲུབ་པའི་དོན་ཏོ།། ཆགས་པ་དང་ཞེ་སྡང་མེད་པས་ན་གཉིས་སུ་མེད་པའོ།། དེའི་འབྲས་བུ་དཔག་ཏུ་མེད་པ་འབྱུང་བས་ཚད་མེད་པའོ།། མི་མཐུན་པའི་ཕྱོགས་ལས་རབ ་ཏུ་རྒྱལ་བས་ན་ཤིན་ཏུ་བསྒོམས་པའོ།། ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་ཞེས་བྱ་བ་ལ་ཞེ་སྡང་མེད་ལ་སེམས་ཅན་ལ་ཕན་པ་དང་། བདེ་བའི་བསམ་པའི་མོས་པས་ཕྱོགས་གཅིག་ཏུ་ཁྱབ་པར་བྱ་ཞེས་བྱ་བའི ་དོན་ཏོ།། བསྒྲུབས་ནས་གནས་ཞེས་བྱ་བས་ནི་བྱམས་པ་དག་པར་བྱས་པ་འམ། རྫོགས་པར་བྱས་ནས་གནས་ཞེས་བྱ་བའི་དོན་ཏོ།། ལྷག་མ་རྣམས་སྔར་བཤད་པ་བཞིན་དུ་བལྟའོ།། ། ཚངས་པོའི ་གནས་ཀྱི་འོག་ཏུ་ལམ་བཞི་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་འདྲི་བའི་ཚུལ་དུ་འགྲོ་དྲངས་ཏེ་བཀའ་སྩལ་པ། ལམ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སྩོགས་པའོ།། མྱ་དྲན་ལས་འདས་པ་ཐོབ་པར ་བྱེད་པའི་ཕྱིར་ལམ་སྟེ། མྱ་ངན་ལས་འདས་པའི་གནས་བསྒྲུབས་པའི་དོན་ཏོ།། དེ་ལ་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་དང་པོའོ།། སྡུག་བསྔལ་གྱི་ལམ་མྱུར་དུ་ཤེས་པ་ཡང ་ཡོད་ཅེས་བྱ་བ་ནི་ལམ་གཉིས་པའོ།། བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་གསུམ་པའོ།། བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཡང་ཡོད་ཅེས་བྱ་བ་ནི་ལམ་བཞི་པའོ།། དེ་ལ་ཐོབ་ཏུ་མི ་རུང་བ་དང་བསམ་གཏན་གྱི་བར་དང་། གཟུགས་མེད་པ་དག་ནི་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཤས་ཆུང་བས་སྡུག་བསྔལ་གྱི་ལམ་མངོན་པར་ཤེས་པ་དང་། སྡུག་བསྔལ་གྱི་ལམ་མྱུར་དུ་ཤེས་པ་རྣམ་པར་བཞག ་སྟེ། ནཱམ་དབང་པོ་རྟུལ་པོ་རྣམས་མི་ཐོབ་ཏུ་མི་རུང་བ་དང་། བསམ་གཏན་གྱི་བར་དང་། གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ན་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ།། ནམ་དབང་པོ་རྣོན་པོ ་རྣམས་མི་ཐོབ་ཏུ་མི་རུང་བ་དང་། བསྣམ་གཏན་གྱི་བར་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ནཱ་ནཱི། སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱའོ།། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ ་སྙོམས་པར་འཇུག་པ་རྣམས་ནི་བདེ་བའི་ལམྦུ་རྨོངས་པ་མངོན་པར་ཤེས་པ་དང་། བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པར་རྣམ་པར་བཞིག་སྟེ། ནམ་གང་ཟག་དབང་པོ་རྟུལ་པོ་རྣམས་གཟུགས་ཀྱི་ཁམས་ཀྱི་བླས་མ་གཏན ་བཞི་ལ་སྙོམས་པར་འཇུག་པ་ན་ནི་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ།། ནམ་དབང་པོ་རྣོན་པོའི་གང་ཟག་རྣམས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ན་ནི་བདེ་བའི་ལམ ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱའོ།། ལམ་དང་པོ་རྒྱས་པར་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི ་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་འདིར་ཞེས་བྱ་བའི་ཐ་ཚིག་གོ། འགའ་ཞིག་ཅེས་བྱ་བ་ནི་སྐྱེས་བུ་ལ་ལ་ཞིག་གམ། གང་ཟག་ལ་ལ་ཞེས་བྱ་བའི་དོན་ཏོ།། རང་བཞིན་གྱིས་ཞེས་བྱ་བ་ནི་དྲོ་བོ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏེ། ་འདོད་ཆགས་བདོ་བ་དང་ཞེས་བྱ་བ་ལས། བདོ་བོའི་སྒྲ་ནི་འདོད་ཆགས་ཤས་ཆེ་བ་ལ་བྱ་སྟེ། འདོད་པའི་དངོས་པོ་ཆུང་ངུ་ལ་ཡང་ལྷག་པར་ཆགས་པ་དང་། ཡང་ནས་ཡང་དུ་འདོད་ཆགས་ཀྱི་སེམས་མངོན་དུ་བྱེད་པ་ནི་འདོད ་ཆགས་བདྲོ་བའོ།། ཞེ་སྡང་བ་ངོ་བ་ཡང་ཞེ་སྡང་ཤས་ཆེ་བ་སྟེ། གནོད་པ་དང་ཉེས་པར་བྱས་པའི་དམིག་སྣ་ཆུང་ཡང་འཁྲུགས་པ་དང་། གནོད་སེམས་ཆེར་ལྡན་ཞིང་ཞེ་སྡང་གི་སེམས་ཡང་ནས་ཡང་དུ་རྒྱུན་ཏུ་སེམས་ལ ་འབྱུང་བ་ནི་ཞེ་སྡང་བདྲོ་བའོ།། གུཏི་མུག་བདོ་བ་ཡང་གཏི་མུག་གི་ཤས་ཆེ་བ་སྟེ། གང་གི་ཕྱིར་གཏི་མུག་ཤས་ཚ་བས་དོན་བསྟན་པས་ཆུང་སྟེ། མི་རྟོགས་པའི་གནས་མ་ཡིན་ཡང་རྟོགས་པར་མི་ནུས་པ་ནི་གཏི ་མུག་བདོ་བའོ།། དེ་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བའི་གང་ཟག་དེའོ།། ཕྱིར་ཞིང་འདོད་ཆགས་བདོ་བས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཤས་ཆེ་བའི་ཆགས་པ་ཡང་ནས་ཡང་ན་འབྱུང་བས་ཞེས་བྱ ་བའི་དོན་ཏོ།། འདོད་ཆགས་སྐྱེས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བ་ཞེས་བྱ་བ་ནི་འདོད་ཆགས་ཤས་ཆེ་བའི་རྒྱུ་ལས་སྐྱེས་པའི་ལུས་སྡུག་བསྔལ་བ་སོ་སོར་མྱོང་བ་དང་། སེམས་མི་བདེ་བ་སོ་སོར་མྱོང ་བར་འགྱུར་རོ།། ཞེ་སྡང་དང་གཏི་མུག་ལ་ཡང་དེ་བཞིན་དུ་སྦྱར་རོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་ལ་རྨོངས་པ་ཡིན་ཏེ་ཞེས་བྱ་བྱ་ནི་འདོད་ཆགས་དང་ཞེ་སྡང་དྲུང་གཏི་མུག་གྲི་ཤས་ཆེ་བས་ཤས་ཆེ ་བའི་གང་ཟག་དེ་འཕགས་པའི་དབང་པོ་ཟག་པ་མེད་པ་དང་པོ་ལ་སོགས་པ་ལྔ་ལ་རྨོངས་པ་ཡིན་ཏེ། དབང་པོ་དེ་ལྔ་སྟེ་མཐུ་ཆུང་བ་དང་སྟོབསྣ་ཆུང་བ་དང་ཉམས་ཆུད་བ་ཡིན་ཞེས་བྱ་བའི་དོན་ཏོ།། ། ་འཇིག་རྟེན་ལས་འདས་པའི་དབང་པོ་ཞེས་བྱ་བ་ནི་ཟག་པ་མྱེད་པའི་དབང་པོ་ཞེས་བྱ་བའི་ཐ་ཚིག་གོ།། གླང་ཐོབ་པར་བྱ་བ་ལ་མཐུ་ཆུང་ཞེ་ན། དེའི་ཕྱིར་ཟག་པ་ཟད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ཟག་པ་ཟད་པ ་ཐོབ་པར་བྱ་བའི་ཕྱིར། དེ་དག་མཐུ་ཆུང་བ་ཞེས་བྱ་བའི་དོན་ཏོ།། མཐུ་ཆུང་བའི་དོན་བསྟན་པར་བྱ་བའི་ཕྱིར། ཞན་པ་དང་མྱུར་ཏུ་མི་ཐོབ་པོ་ཞེས་བྱ་བ་གསུངས་ཏེ། དང་པོ་ཉིད་དུ་འཇུག་པའི་དུས་ན་ཡང་མྱུར་དུ ་འཇུག་པར་མི་ནུས་པས་ན་ཞན་པའོ།། བསྒོམ་པོའི་དུས་ན་ཡང་འབྲས་བུ་འཐོབ་པར་མི་ནུས་པས་ན་མྱུར་དུ་མི་འཐོབ་པའོ།། འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་གང་ཡིན་པ་བསྟན་པའི་ཕྱིར་འདི་ལྟར་དད་པའི ་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ལྔའི་མཚན་ཉིད་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་སྐབས་སུ་ཞིབ་ཏུ་བསྟན་ཏོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་དེ་ལ་ཞན་པ ་དང་ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག་དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་མཐུ་ཆུང་བས་ཉོན་མོངས་པ་ཟག་པ་དང་བཅད་པའི་ཆོས་རྣམས་ཟད་པར་བྱ་བའི་ཕྱིར། ཉོན་མོངས་པ་སྤོང་བའི་ལམ་དེ་མ ་ཐག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་ལ་མྱུར་དུ་འཇུག་པར་མི་ནུས་པ་ནི་སྡུག་བསྔལ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ།། དོན་དུ་ན་ཉོན་མོངས་པ་གསུམ་གྱི་ཤས་ཆེ་བ་འཇིག ་རྟེན་ལ་འདས་པའི་དབང་པོ་ལྔ་མཐུ་ཆུང་ཞིང་དཔུང་པོ་རྟུལ་ལོ།། དབང་པོ་དེ་དག་གིས་མི་ཐོབ་ཏུ་མི་རུང་བ་དང་། བསམ་གཏན་གྱི་བར་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ན། མཉམ་པར་འཇོག་པ་ན་སྡུག་བསྔལ ་གྱི་ལམ་རྨོངས་པ་མངོན་པར་ཤེས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་ནུ་ནི་ཡན་ལག་བསྡུ་བ་མེད་པ་དང་། ཞི་གནས་དང་ལྷག་མཐོང་ཤས་ཆུང་བ་སྡུ་བསྒྲིབས་ཏེ། བསྒྲུབ་དེ་གོས་པ ་དང་གཟུགས་མེད་པའི་ཁམས་ན་ཡང་ཡན་ལག་ཏུ་བསྡུ་བ་མེད་པ་དང་། ལྷག་མཐོང་ཤས་ཆུང་བས་ན་བསྒྲིམས་ཏེ་བསྒྲུབ་དགོས་པའི་ཕྱིར་སྡུག་བསྔལ་བའོ།། གང་ཟག་དབང་པོ་རྟུལ་བས་འབྲས་བུ་མྱུར་དུ་ཐོབ ་པར་མི་ནུས་པའི་ཕྱིར་མོངས་པའོ།། དོན་དུ་ན་དེའི་ལམ་མངོན་པར་ཤེས་པ་རྨོངས་པ་ཆུང་བས་ན་རྨོངས་པའི་ལམ་སྟེ། ཤེས་རབ་ཆུང་ཞེས་བྱ་བའི་དོན་ཏེ། འདོད་ཆགས་དང་ཞེ་སྡང་ནི་ཕན་ཚུན་མི་མཐུན་པའི་ཆོས་ཡིན་པས ་ལྷན་ཅིག་འབྱུང་བ་མེད་པའི་ཕྱིར་རྒྱུད་ཀྱི་དབྱེ་བས་དེ་གཉིས་འབྱུང་བར་རིག་པར་བྱ་སྟེ། བར་འགའ་འདོད་ཆགས་འབྱུང་། བར་འགའ་ཞེ་སྡང་འབྱུང་། བར་འགའ་གཏི་མུག་འབྱུང་། དེ་ལ་སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས ་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གཞན་ནི་སྔར་བཤད་པ་དང་འདྲའོ།། མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་བ་ནི་གང་གི་དེ་མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཤེས་པར་བྱེད་པ་ནི། མྱུར་དུ་མངོན་པར་ཤེས ་པར་བྱེད་པ་སྟེ། ཤེས་རབ་རྣོ་ཞེས་བྱ་བའི་དོན་ཏོ།། ཤེས་རབ་རྣོ་བའི་དོན་ཉིད་བསྟན་པའི་ཕྱིར། ཤས་ཆེ་བས་དང་རྣོ་བ་དང་མྱུར་དུ་ཐོབ་པ་ཡིན་ནོ་ཞེས་གསུངས་སོ།། རྣོ་བའི་ཕྱིར་ན་ཤྲཱིས་ཆེ་བའོ།། མྱུར་དུ་ཐོབ་པའི་ཕྱིར་ན་རྣོ། ་བ་སྟེ། ཕྱི་མས་སྔ་མ་བཤད་པར་བལྟའོ།། ཡང་ན་ལམ་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ལམ་དང་། མཐོང་བའི་ལམ་དང་། བསྒོམས་པའི་ལམ་མོ།། ངེས་པར་བྱེད་པའི་ལམ་ལ་དབང་པོ་ལྔ་མྱུར་དུ་འཇུག ་པར་བྱེད་པས་ན་ཤེས་ཆེ་བའོ།། མཐོང་བའི་ལམ་ལ་མྱུར་དུ་འཇུག་པར་བྱེད་པས་ན། རྣོ་བའོ།། བསྒོམ་པའི་ལམ་ལ་མྱུར་དུ་འཇུག་པར་བྱེད་པས་ན་མྱུར་དུ་འཐོབ་པའོ།། དོན་དུ་ཉོན་མོངས་པ་གསུམ་ཤས་ཆེ་བའི་གང་ཟག ་དབང་པོ་རྣོན་པོ་མི་ཐོབ་ཏུ་མི་རུང་བ་དང་། བསམ་གཏན་གྱི་བར་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་པ་ན། སྡུག་བསྔལ་གྱི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱ ་སྟེ། ས་དེ་དག་ནཱ་ཡན་ལག་ཏུ་བསྡུ་བ་མེད་པ་དང་། ཞི་གནས་དང་ལྷག་མཐོང་ཤས་ཆུང་བྱའི་ཕྱིར་བསྒྲིམས་ཏེ། བསྒྲུབྱ་དགོས་པས་ན་སྡུག་བསྔལ་གྱི་ལམ་མོ།། གང་ཟག་ཤེས་རབ་རྣོ་བ་ས་ང་མ་ཐག་པའི་ཏིང་ངེ་འཛིན་མྱོར ་ཏུ་ཐོབ་པར་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ།། ལམ་གསུམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆུང ་པ་ལ་སོགས་པ་ཡང་འདི་ད་ཆགས་ཆེ་ལ་སོགས་པ་ལས་བཟློག་པོའི་དོན་དུ་རིག་པར་བྱའོ།། དོན་དུ་ཉོན་མོངས་པ་གསུམ་ཤས་ཆུང་བའི་གང་ཟག་འཇིག་རྟེན་ལས་འདས་པའི་དབང་པོ་ལྡད་རྟུལ་ཞིང་མཐུ་ཆུང་བས། གཟུགས ་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ལ་སྒོམ་པ་ནི། བདེ་བའི་ལམ་རྨོངས་པ་མངོན་པར་ཤེས་པ་ཞེས་བྱ་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དེ་དག་ན་ཡན ་ལག་བསྡུ་བ་ཡོད་པ་དང་། ཞི་གནས་དང་ལྷག་མཐོང་མགོ་མཉམ་དུ་འཇུག་པས། བསྒྲིམས་ཏེ་བསྒྲུབས་མི་དགོས་པས་ན་བདེ་བའི་ལམ་མོ།། གང་ཟག་དབང་པོ་རྟུལ་བས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་མྱུར་ཏུ་འཇུག ་མི་ནུས་པའི་ཕྱིར་རྨོངས་པ་མངོན་པར་ཤེས་པ་ཞེས་བྱའོ།། ལམ་བཞི་པ་བསྟན་པའི་ཕྱིར། དེ་ལ་བདེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་གཞན་ཡང་སྔར་བཤད་པ ་བཞིན་དུ་བལྟའོ།། དེ་ཡང་དོན་དུ་ན་འདི་སྐད་སྟོན་ཏོ།། གང་ཟག་ཉོན་མོངས་པ་གསུམ་གྱི་ཤས་ཆུང་ཞིང་འཇིག་རྟེན་ལས་འདས་པའི་དབང་པོ་ལྷ་མཐུ་ཆེ་ལ།། རྣོ་བ་དེས་གཟུགས་ཀྱི་ཁམས་ཀྱི་བསམྦྷ་གཏན་བཞི་བསྒོམས ་པ་ན་བདྲེ་བའི་ལམ་མྱུར་དུ་མངོན་པར་ཤེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་དེ་དག་ན་ཡན་ལག་བསྡུ་བ་ཡོད་པ་དང་། ཞི་གནས་དང་ལྷག་མཐོང་མ་གོ་མཉམ་དུ་འཇུག་པས་སྒྲིམས་ཏེ། བསྒྲུབ་མི་དགོས་པའི་ཕྱིར ་བདེ་བའི་ལམ་མོ།། གང་ཟག་དབང་པོ་རྣོ་བས་དེ་མ་ཐོག་པའི་ཏིང་ངེ་འཛིན་མྱུར་དུ་མངོན་དུ་བྱེད་པའི་ཕྱིར་མྱུར་དུ་མངོན་པར་ཤེས་པའོ།། ། ལམ་གྱི་འོག་ཏུ་ཏིང་ངེ་འཛིན་བསྒོམ་པ་བཞི་པསྟོན ་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏེ། དེ་ལ་ཡང་ནས་ཡང ་དུ་གོམས་པར་བྱེད་པ་ནི་ཏིང་ངེ་འཛིན་བསྒོམ་པའོ།། དེ་ཡང་རྣམ་པ་གསུམ་སྟེ། བསྟེན་པ་བསྒོམ་པ་དང་། བསྙེན་པ་བསྒོམ་པ་དང་། མང་དུ་བྱས་པའོ།། འཐོབ་པའི་བསྒོམ་པ་ནི་བསྟེན་པ་ཞེས་བྱ་སྟེ། ཏིང ་ངེ་འཛིན་མངོན་དུ་མ་གྱུར་གྱི། དེ་མངོན་དུ་འགྱུར་བའི་རྙེད་པ་ཙམ་སྐྱེ་བ་འམ་རྒྱུ་ཙམ་སྐྱེས་པའོ།། མངོན་དུ་གྱུར་པར་བསྒོམ་པ་ནི་གཉེན་པོ་བསྒོམ་པ་སྟེ་ཏིང་ངེ་འཛིན་ཉིད་མངོན་སུམ་དུ་བྱས ་པའོ།། མི་མཐུན་པའི་ཆོས་རིང་དུ་སྤངས་ནི་མང་དུ་བྱས་པའོ།། ཡང་ན་སྦྱོར་བའི་ལམ་སྟེ། མོས་པ་སྤྱོད་པོའི་དུས་ན་ནི་བསྟེན་པ་བསྒོམ་པའོ།། དེ་མ་ཐག་པའི་ལམཱ་མམ། སྦྱོང་བའི་ལམ་གྱི་དུས་ན་ནི་བསྙེན་པོ ་བསྒོམ་པའོ།། རྣམ་པར་གྲོལ་བའི་ལམ་གྱི་དུས་ན་ནི་མང་དུ་བྱུས་པའོ།། ཡང་ན་བསྟེན་པ་དང་། བསྙེན་པ་དང་། བསྒོམས་པ་དང་། མང་དུ་བྱས་པ་ཞེས་ཚིག་བཞིར་བྱ་ཞག་གི། དེ་ཉོན་མོངས་པོ་སྤོང་བའི་གཉེན ་པོ་ཡང་བཞི་སྟེ། སུམ་འབྱིན་པའི་གཉེན་པོ་དང་། རབ་ཏུ་སྤོང་བའི་གཉེན་པོ་དང་། རྟེན་གྱི་གཉེན་པོ་དང་། རིང་དུ་བྱས་པའི་གཉེན་པོའོ།། དེ་སུན་འབྱིན་པའི་གཉེན་པོ་ནི། འདོད་པ་འམ་འདུ་བྱེད་རྣམས་ལ་ནང ་དང་འབྲས་ལ་སོགས་པའི་རྣམ་པར་སུན་འབྱིན་པ་སྟེ། དང་པོར་འདུ་བྱེད་ལ་སུན་འབྱིན་པ་ནི་བསྟེན་པའོ།། རབ་ཏུ་སྤོང་བའི་གཉེན་པོ་ནི་སྦྱོར་བ་དང་དེ་མ་ཐག་པའི་ལམ་སྟེ། དུས་ཉོན་མོངས་པ་རབ་ཏུ་སྤོང་བར་བྱེད ་བའི་ཕྱིར་རོ།། ལམ་དེ་གཉིས་ཀྱི་ཚེ་ན་ནི་བསྙེན་པ་ཞེས་བྱའོ།། རྟེན་གྱི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ། དེའི་ཚེ་ན་ནི་བསྒོམས་པ་ལས་བྱའོ།། རིང་དུ་བྱས་པའི་གཉེན་པོ་ནི་དེ་ཕན་ཆད་ཀྱི་ལམ་ཉོན་མོངས་པ་སྔ ་མ་ནི་སྤངསྟེ། ཕྱི་མ་ནི་རྣམས་ཀྱང་རྒྱུད་ལ་མི་སྐྱེ་བ་སྟེ། དེའི་ཚེ་ན་ནི་མང་དུ་བྱས་པའོ།། ཡང་ན་སོ་སོ་སྐྱེ་བོའི་ཚེ་ན་ནི་བསྟེན་པའོ།། མོས་པས་སྦྱོང་བུའི་ལམ་ནཱི་བསྙེན་པའོ།། མཐོང་བའི་ལཱམྱ་ནི་བསྒོམས་པའོ།། ་བསྒོམ་པའི་ལམོ་ནི་མངོན་དུ་བྱས་བའོ།། ཅིའི་ཕྱིར་བསྒོམས་ཤེ་ན། འདོད་པའི་འདོད་ཆགས་སྤོང་བར་འགྱུར་བ་ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་སྤང་བར་བྱ་བའི་དོན་དུ་བསྒོམ་པ་ཡང ་ཡོད་ཅེས་བྱ་བའི་ཐ་ཚིགུ་སྟེ། དེ་ནི་ཏིང་ངེ་འཛིན་བསྒོམ་པ་དང་པོའོ།། ལྟ་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་པ་ལ་ལྟ་བའི་སྒྲ་མངོན་སུམ་ལ་བྱ་ལ། ཆོས་ཀྱི་སྒྲ་ནི་ཚེ་ལ་བྱ་སྟེ། དོན་དུ་ན ་མངོན་སུམ་ཀྱི་ཚེ་ནའམ་ཚེ་འདི་ལྟ་ཞེས་བྱ་བའི་དོན་ཏོ།། བདེ་བར་གནས་པ་ནི་ཚེ་འདྲི་ལ་འཁྲུག་པ་མེད་པ་དང་། ཞི་བར་གནས་པ་སྟེ་ལྟ་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་སྒོམ་། འདོད་པོའི་འདོད་ཆགས་སྤང ་བའི་ཕྱིར་སྒོམ་པ་ནི་མ་ཡིན་པ་སྟེ། དོ་ནི་ཏིང་ངེ་འཛིན་སྒོམ་པ་གཉིས་པའོ།། ཡེ་ཤེས་མཐོང་བ་རབ་ཏུ་ཐོབ་པར་འགྱུར་བ་ཡོད་ཅེས་བྱ་བ་ལ། ཡེ་ཤེས་མཐོང་བ་རབ་ཏུ་ཐོབ་པར་འགྱུར་བ་དང་། མཐོང་བ་རབ་ཏུ ་འཐོབ་པར་འགྱུར་པའོ།། དེ་ལ་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་པའི་ཤེས་རབ་ལ་བྱ་སྟེ། དེ་ཡང་སེམས་ཅན་འདི་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། སེམས་ཅན་འདི་ནི་ངག་གི་ཉེས་པར ་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་དང་། སེམས་ཅན་འདི་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་རྟོག་པ་ཅན་གྱི་ཤེས་རབ་བོ།། མཐོང་བ་ནི་མིག་གི་རྣམ་པར་ཤེས ་པ་དང་ལྡན་པའི་ཤེས་རབ་མི་རྟོག་པ་ལ་བྱ་སྟེ། གང་གིས་གཟུགས་རྣམ་པ་སྣ་ཚོགས་དང་། སེམས་ཅན་གྱི་སྤྱོད་པ་རྣམ་པ་མྱེང་པོ་མཐོང་བ་དང་ལྡན་པ་འཕྲུལ་གྱི་མིག་ལ་བྱའོ།། དེ་ཐོབ་པར་བྱ་བའི་ཕྱིར་སྒོམ་པ་ནི ་ཏིང་ངེ་འཛིན་སྒོམ་པ་གསུམ་པའོ།། ཤེས་རབ་རབ་ཏུ་ཐོབ་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ། ཤེས་རབ་ཀྱི་ཁྱད་པར་ཐོབ་པར་བྱ་བ་ནི། ཤེས་རབ་རབ་ཏུ་ཐོབ་པར་འགྱུར་བ་སྟེ། འཕགས་པའི་བདེན་པ་བཞི ་ཤེས་པའི་ཤེས་རབ་བམྦྷ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ཐོབ་པར་འགྱུར་བའོ།། དེ་ཐོབ་པར་བྱ་བའི་སྒོམ་པ་ནི་ཏིང་ངེ་འཛིན་གྱི་སྒོམ་པ་བཞི་པའོ།། ཏིང་ངེ་འཛིན་སྒོམ་པ་དང་པོའི ་དབང་དུ་བྱས་ནས། འདྲི་ལ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་འདོད་ཆགས་ཇི་ལྟར་སྤོང་བ་སྒོམ་ཞེ་ན།། དེའི་ཕྱིར་ལུས་འདི་ལ་རྐང་པའི་མཐིལ་ནས་གྱེན་དུ་སྐྲ་དང་ཞེས་བྱ་བ་ལ་སོགས་པ ་གསུང་སོ་ཏེ། ལུས་འདི་ལ་ནི་བདག་གམ་གཞོན་གྱི་ལུས་ལ་སྟེ། ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་གོ།། ཞེས་སྦྱར་རོ།། ཇི་ལྟར་རྟོག་ཅེ་ན། རྐང་པའི་མཐིལ་ནས་བརྩམས་ཏེ།། གྱེན་དུ་སྒྲ་དང ་མགོའི་བར་དུ་རྟོག་པའམ་སྐྲ་དང་མགོ་ནས་བརྩམས་ཏེ། ཐུར་དུ་རྐང་པའི་མཐིལ་གྱི་བར་དུ་རྟོག་པའོ།། པགས་པ་ཡན་ཆད་ཅེས་བྱ་བ་ནི་ཕྱིའི་སྒྲ་དང་པགས་པ་ནས་བརྩམས་ཏེ། ནང་གི་ཁྲག་དང་ཤ་དང་རུས་བཱི་བུ་དུ་རྟོག་གོ།། ་ཇི་ལྟར་གནས་པ་དང་ཞེས་བྱ་བ་ནི་ལུས་འདི་ད་ལྟར་གྱི་དུས་ན་ཡང་མཱི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་མཚན་ཉིད་དུ་གནས་པར་རྟོག་པའོ།། ཇི་ལྟར་སྨོན་པ་ཞེས་བྱ་བ་ནི་ལུས་འདི་སྔོན་ཡང་ལས་དགེ་བོ་དང ་མི་དགེ་བས་ཇི་ལྟར་འཕངས་པ་དང་མངལ་དུ་ཞུགས་ནས་ཀྱང་ཕ་མའི་མི་གཙང་བ་ལས་ཇི་ལྟར་གྱུར་པ་རྟོག་པའོ།། དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཞེས་བྱ་བ ་ལ་སོགས་བྱ་གསུངས་ཏེ། ལུས་འདི་ད་ལྟེ་ཡང་མགོ་ནས་རྐང་པའི་མཐིལ་གྱི་བར་དུ་ཁྲག་དང་ཆུ་སེར་ལ་སོགས་པའི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་གནས་པ་དང་། སྔོན་ཡང་ཕ་མྱའི་ཁྲག་དང་ཁུ་བ་ལས་བྱུང ་བརླ་རྟོག་པའོ།། ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི། ཟག་པ་མེད་པ་རྟོག་པ་དང་རྗེ་སུ་མཐུན་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏེ། དེ་ལྟར་རྟོགས་པ་ཅན་ཉིད་ནི་ཟག་པ་ཅན་ནོ།། ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་རྟོག་གོ།། ཞེས་བྱ་བ་ནི་མི་གཙང་བ་ཡིན་པར་ཕྱིན་ཅི་མ་ལོག་ཅིང་མ་ནོར་བ་ཁོ་ནར་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ།། ལུས་མི་གཙང་བ་དང་རྣམ་པར་འཇིག་པ་བསྒོམ་པ་མདོ་ཙམ་དུ་བསྟེན་པ་ཉིད་རྒྱས ་པར་བཤད་པའི་ཕྱིར་འདི་ལྟར་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཐར་གྱིས་ཀུན་འབྱུང་བ་ཞེས་བྱ་བ་ནི་ལུས་འདི་དང་པོ་ནུར་ནུར་པོ་འབྱུང་ངོ་།། དེ་ནས་མེར་མེར་པོ་འབྱུང་ངོ་།། ་དེ་ནས་ལྟར་ལྟར་པོ་འབྱུང་བས་ན་གཞོན་ནུ་དང་དར་ལ་བབ་པ་དང་རྒས་པ་ལ་སོགས་པ་འབྱུང་ངོ་།། མཐར་གྱིས་འཇིག་ཅེས་བྱ་བ་ནི་ནུར་ནུར་པོ་ལ་སོགས་པ་རིམ་གྱིས་འཇིག་པ་སྟེ། ནུར་ནུར་པོ་ཞིག་ནས་མེར་མེར ་པོ་འཇིག་གོ། མར་མར་པོ་ཞིག་ནས་དར་ལ་བབ་པ་འཇིག་པ་དང་། རྒ་བ་འཇིག་པའི་བར་དུའོ།། རྡུལ་ཤིན་ཏུ་ཕྲག་མོ་བསགས་པ་ཞེས་བྱ་བཱ་ནི། ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲན་འདུས་པ་ལས་གྱུར་པའོ།། ་ཡ་མ་བརླ་ཞེས་བྱ་བ་ནི་ཁ་ཟས་ཀྱི་གསོ་དགོས་ཤིང་སྒྱུ་མཱི་གཟུགས་དང་འདྲ་བར་གྱི་ན་སྣང་བ་ཙམ་དུ་ཟད་པའོ།། མཐོན་དམན་ཅན་ཞེས་བྱ་བ་ནི་དབུགས་ཕྱིར་འབྱིན་པ་ན་ལུས་དེ་མཐོ་བའོ།། དབུགས་རྔུབས་བཱ་ནུ ་ལུས་ཞུམས་བསོ་དམའ་བའོ།། ཡང་ན་ཁ་ཟས་ཀྱི་གསོ་དགོས་པས་མཐོང་དམན་ཅན་ཏེ་ཁ་ཟས་དང་ལྡན་ན་ནི་བརྟས་པར་གྱུར་པས་མཐོ་བ། ཁ་ཟས་དོང་བྲལ་ན་ཉམ་ཆུང་བར་འགྱུར་བས་དམའ་བའོ།། རྨའི་སྒོ ་དགུ་དང་སྤུའི་ཁོང་བུ་འཛག་པ་ཞེས་བྱ་བ་རྨའི་སྒོ་དགུ་ནི་མིག་དང་སྣའི་བུག་གཉིས་ཏེ་དྲུག་དང་། ཁ་དང་བཤང་ཁུང་དང་གཅིན་ཁུང་གིས་བསྣན་ནས་དགུའོ།། དེ་དག་ནས་རྟག་ཏུ་སྣབས་དང་མཆིལ་མ་དང ་དཱར་སྣབས་ལ་སོགས་པ་འཛག་ཅིང་བ་སྤུའི་བུ་གཱ་རེ་རེ་ནས་རྟག་ཏུ་རྡུལ་འཛག་པའི་ཕྱིར་རོ།། ས་བུན་ལྟར་སྦྲུལ་གདུག་པའི་གནས་ཞི་བ་ནི་ཇི་ལྟར་གྲོག་མཁྱེར་ས་བྲུན་གྱི་གནས་ན་སྦྲུལ་གདུག་པ་གནས་པ་བཞིན་དུ་ལྔ་ཕུང་གི་ས་བྲུན ་གྱི་གནས་ན་སྦྲུལ་གདུག་པ་གནས་པའི་ཕྱིར་རོ།། སྦྲུལ་གདུག་པ་ལྟར་དྲིན་མི་ཤེས་པ་ཞེས་བྱ་བ་ནི། ཇི་ལྟར་སྦྲུལ་གདུག་པ་ཅུང་ངུ་ན་ཁ་ཟས་ཀྱི་གསོས་ནས་བསྐྱེད་པ་ཅུང་ཟད་ཙམ་ཞིག་ཉེས་པ་འམ། མ་ཉེས་ཀྱང་སླར་གསོད ་པ་བཞིན་དུ། ཕུང་པོ་འདི་ཡང་བཀྲུ་བ་དང་མཉེ་བ་ལ་སོགས་པ་ལེགས་བྱར་བྱས་ནས་འགའ་བཀྲུ་བ་དང་མཉེ་བ་ལ་སོགས་པ་མ་བྱས་ན། སླར་གནོད་པ་བྱེད་པསོ་ན་དྲིན་མི་ཤེས་པའོ།། མ་སྐྱེས་དགྲ་དང་སྤྲེའུ་གྲོགས་ལ་འཁུ ་བ་ཞེས་བྱ་བ་ལ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་དྲིན་བཏགས་པའི་མཆོག་པ་གསོད་པར་བྱེད་པ་དང་། ཇི་ལྟར་སྤྲེའུ་བསྟེན་ཅིང་རིམ་གྲོ་བྱས་པ་དེ་ལྟར་རྒྱགས་ཤིང་གནོད་པ་བྱེད་པ་དེ་བཞིན་དུ། ཕུང་པོ་འདི་ཡང་ཕ་མས ་བསྐྱེད་ན་ཕ་མ་ལ་སྙིང་རིང་བ་དང་། ལེགས་པས་རིམ་གྲོ་བྱས་ན། ཉོན་མོངས་པ་བདོ་སྟེ་སློར་གནོད་པ་བྱེད་པས་ན་འཁུ་བའོ།། གྲོགསོ་པོ་ངན་པ་ལྟ་བུར་སླུ་བར་བྱེད་པ་ཞེས་བྱ་བ་ནི། གྲོགས་པོ་ངན་པའི་ཕྱིའི་ཚུལ་དང ་ཚིག་ཏུ་འཇར་བ་དང་འཇམ་པ་སྐད་སྨྲ་བ་ཡང་ཁོང་དུ་གནོད་པར་སེམས་པ་དེ་བཞིན་དུ། ཕུང་པོ་འདི་ཡང་ཐོང་ཅིག་འགྲོགས་པ་ན་ཕན་པ་དང་འདྲ་ཡང་། འདི་བསྟེན་པ་ལ་ཡུན་འོངས་ན་ཕྱིར་གནོད་པ་འབྱུང་བའི་སླུ་བར་བྱེད ་བྱེད་པའོ།། དབུ་བའི་ཕུང་པོ་ལྟར་རང་བཞིན་གྱིས་མཐུ་ཆུང་བ་ཞེས་བྱ་བ་ནི་ཇི་ལྟར་དབུ་བའི་གྲོང་བུ་རང་བཞིན་གྱིས་མཐུ་ཆུང་སྟེ། གཟུང་ཞིང་བཅང་དུ་མི་བཟོད་པ་བཞིན་དུ། གཟུགས་ཀྱི་ཕུང་པོ་འདི ་ཡང་ཤེས་རབ་ཀྱིས་བརྟགས་ནི་སྙིང་པོར་གཟུང་རྙིང་བཅང་དུ་མི་བཟོད་པས། རང་བཞིན་གྱིས་མཐུ་ཆུང་བའོ།། ཆུ་རྦྦ་བུར་ལྟུ་བུར་སྐྱེ་ཞིང་འཛེག་པ་ཞེས་བྱ་བ་ནི། དཔེཪྵ་ནི་ཆུའི་ཆུ་བུརྱ་སྐད་ཅིག་མ་གཅིག་ལ་སྐྱེས་ནས་དེ་མ ་ཐག་དུ་འཇིག་པར་འགྱུར་བ་དེ་བཞིན་དུ། ཕུང་པོ་འདི་དག་ཀྱང་སྐྱེས་མ་ཐག་ཏུ་འཇིག་པས་ན་སྐྱེ་ཞིང་འཇིག་པ་ཅན་ནོ།། སྨིག་རྒྱུ་བ་ལྟ་བུར་རྗོད་པར་བྱེད་པོ་ཞེས་བྱ་བ་ནི། དཔེར་ན་སྨིག་རྒྱུ་བ་ཆུ་མ་ཡིན་ཡང་ཆུ་འདྲ་བརླ་སྣང ་བཱས་ཆུ་འདོད་པའི་མི་དག་དེའི་དྲུང་དུ་འོངས་ན་ཆུ་མེད་པར་གྱུར་པས་གཞན་སླུ་བར་བྱེད་པ་བཞིན་དུ། ཕུང་པོ་འདི་དག་ཀྱང་བདེ་བ་དང་གཅིང་བ་མ་ཡིན་ཡང་བོད་པ་དང་། གཙང་བ་ལྟ་བུར་སྣང་བ་ས་སེམས་ཅན་སྤུ་བུཪྵི་བྱེད་པའི ་ཕྱིར་བརྗོད་པར་བྱེད་པ་ཞེས་བྱའོ།། ཆུ་སྐྱེས་ཀྱི་ཤིང་ལྟར་བཤིག་ནུ་སྙིང་པོ་མེད་པ་ཞེས་བྱ་བ་ནི། དཔེར་ན་ཆུ་ཤིང་གི་ལྡུམ་བུ་པགས་པ་ཕྱི་ཤུན་རེ་རེ་ནས་བཱ་ཤིག་ནཱ་ཤུན་ཙཱམྦ་ལིས་གཞན་སྙིང་པོ་མེད་པ་དེ་བྱི་ཞོན་དུ ་ཕུང་པོ་འདི་དག་ཀྱང་རེ་རེ་ནས་པོ་ཤིག་སྤྱི་བོསོལ་ན། དཔེ་པ་འམ་སྙིང་པོ་གང་ཡང་མེད་པོའི་ཕྱིར་རོ།། སྒྱུ་མ་ལྟ་བུར་སྲུ་བོར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་སྒྱུ་མིར་གླང་པོ་དང་མོའི་གླང་པོ་དང་མི་མ་ཡིན་པའི་གླང་པོ་དང་མི་འདྲ ་བར་སྣང་བས་སེམས་ཅན་སླུ་བར་བྱེད་པ་དེ་བཞིན་དུ། ཕུང་པོ་ལྔ་པོ་དག་ལ་ཡང་བདག་གྲམ་སེམས་ཅན་ཞེས་བྱ་བ་མེད་ན། བདག་དང་སེམས་ཅན་ལྟ་བུར་སྣང་བས་སེམས་ཅན་སླུ་བར་བྱེད་དོ།། རྒྱལ་པོ་ལྟར་བཀའ་མང་བ་ཞེས ་བྱ་བ་ནི། དཔེར་ན་རྒྱལ་པོ་བཀའ་མང་བས་དེའི་བྱ་བ་མང་དུ་བསྒྲུབ་དགོས་པ་དེ་བཞིན་དུ། ལུས་འདི་ཡང་དེའི་ཕྱིར་བྱ་བ་མང་པོ་བསྒྲུབ་དགོས་ན། རྒྱལ་པོ་བཀའ་མང་པོ་བཞིན་ནོ།། དགྲ་ལྔར་གླགས་ལྟ་བ་ཞེས་བྱ་བ་ནི།། ་དཔེར་ན་དགྲ་བདག་གསང་པ་དང་། མ་རུང་བར་བྱ་བའི་ཕྱིར། གླགས་ཚོལ་བ་བཞིན་དུ་ལུས་འདི་ཡང་དུས་ཐམས་ཅད་དུ། དགེ་བའི་རྩ་བ་མེད་པར་བྱ་བའི་ཕྱིར་གླགས་ཚོལ་བའི་ཕྱིར་རོ།། རྐུན་པོ་ལྟར་ཡིད་མི་བརྟན་པ ་ཞེས་པ་ནི་དཔེར་ན་ཀུན་པོ་འདི་མི་རྐུ་ཞེས་དེ་ལྔ་ཡིད་བརྟན་དུ་མྱི་རུང་བ་བཞིན་དུ། ལུས་འདི་ཡང་འདི་དང་རྟག་པར་འགྲོགསོ་ཞེས་ཡིད་བརྟན་དུ་མི་རུང་སྟེ། གདོན་མི་ཟ་བར་སྐབསུ་འཇིགོས་པར་བྱེད་པའི་ཕྱིར་རོ།། མི་འཛུའ་བ ་ལྟར་གནོད་པར་སེམས་པ་ཞེས་བྱ་བ་ནི། མཱི་མཛའ་བ་ནི་གྲོག་པོ་མ་ཡིན་པ་སྟེ། གང་ཡིད་ཀྱིས་སེམས་མི་མཐུན་པར་གྱུར་པའོ།། ཇི་ལྟར་མི་མཛའ་བར་བདག་ལ་ཕན་པར་བྱ་བར་མི་སེམས་པོ་དེ་བཞིན་དུ། ལུས་འདི་ཡང ་བདག་ལ་ཕན་པར་བྱ་བར་མི་སེམས་པའི་ཕྱིར་རོ།། གཤེད་མ་ལྟར་ཤེས་རབ་ཀྱིས་འཚེ་བའི་བར་ཆད་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་གསོད་པའི་གཤེད་པོ་དག་སེམས་ཅན་གྱི་སྲོག་གི་བར་ཆད་བྱེད་པ་བཞིན་དུ། ་ལུས་འདིས་ཀྱང་མཉན་པ་དང་བསམ་པ་དང་། བསྒོམ་པའི་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པའི་ཕྱིར་རོ།། གྲོང་སྟོང་པ་ལྟར་བཅུད་མེད་པ་ཞེས་བྱ་བ་ནི། དཔེར་ན་གྲོང་སྟོང་པ་ན་མི་དང་ཕྱུག་དང ་རྫས་ཀྱི་བཅུད་མེད་པ་བཞིན་དུ། ཕུང་པོ་ལྔའི་ནང་ན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་བཅུད་ཕུང་པོ་གང་ལ་ཡང་མེད་པའི་ཕྱིར་རོ།། རྫ་མཁན་གྱི་སྣོད་ལྟར་འཇིག་པ་ལ་ཐུག་པ་ཞེས་བྱ་བ་ནི། ་དཔེར་ན་རྫ་མཁན་གྱི་སྣོད་ཁམ་ཕོར་དང་བུམ་པ་མཐར་ཆགས་པ་དང་། འཇིག་པ་འབྱུང་བ་བཞིན་དུ། ཕུང་པོ་སྐྱེ་བ་འདི་མཐའ་ཡང་མཇུག་ཏུ་གནས་པ་མེད་ཀྱི། འཇིག་པ་འབྱུང་བའི་ཕྱིར་རོ།། བང་བ་ལྟར་མི་གཙང་བ ་སྣ་ཚོགས་ཀྱིས་གང་བ་ཞེས་པ་ནི། དཔེར་ན་མི་གཙང་བའི་སྣོད་དང་གནས་གཅིག་སྐྱུག་ལ་སོགས་པ་མི་གཙང་བ་མང་པོས་གང་བ་བཞིན་དུ་ལུས་འདི་ལྟ་ཡང་མི་གཙང་བ་ལྔ་སོགས་པ་སྣ་ཚོགས་ཀྱིས་གང་བའི་ཕྱིར ་རྀ། གྲུམ་སྣོང་ལྟར་མི་གཙང་བ་འཛག་པ་དང་ཞེས་པ་ནི། ཇི་ལྟར་གླུམ་སྣོད་ལ་གླུ་མོ་གྱི་ཁུ་བུ་འཛག་པ་བཞིན་དུ། ལུས་འདི་ལས་ཀྱང་སྣབས་དང་མཚོལ་མ་ལ་སོགས་པའི་མི་གཙང་བ་འཇུག་པའི་ཕྱིར་རོ།། སྒྲོལ ་དང་མི་དང་ཁྱི་དང་རོ་ལྟར་དྲི་མི་ཞིམ་པ་ཞེས་བྱ་བ་ནི། དཔེར་ན་སྦྲུལ་གྱི་རོ་དང་མི་རོ་དང་ཁྱོ་རོ་རུལ་པ་དྲི་མི་ཞིམ་པ་བཞིན་དུ་ལུས་འདི་ལས་ཀྱང་དྲི་མི་ཞིམ་པ་རྒྱུན་དུ་ལྡང་བའི་ཕྱིར་རོ།། ཕྱི་ས་ཁུང་ལྷོར་མི་གཙང ་བའི་འབྱུང་ཁུངས་ཞེས་པ་ནི། དཔེར་ན་སྣབས་ཀྱིས་ལ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བ་བཞིན་དུ། ལུས་འདི་ལས་ཀྱང་མི་གཙང་བ་རྣམ་པ་སྣ་ཚོགས་འབྱུང་བའི་འབྱུང་ཁུང་བྱེད་པའི་ཕྱིར་རོ།། རྨ་ལྟར་མི ་བསྐྱོད་པ་མི་བཟོད་པ་ཞེས་བྱ་བ་ནི། དཔེར་ན་རྨ་ཁ་འབྱེ་བ་ཡང་གཟུང་བ་དང་མཉེ་བ་ལ་སོགས་པས་བསྐྱོད་ན་ནཱ་བ་བཞིན་དུ། ལུས་འདི་ཡང་དབྱུག་པ་ལ་སོགས་པ་ཅུང་ཟད་ཀྱིས་ཕོ་ག་ན་ཡོང་གནོད་པར་འགྱུར་རོ།། ཟུག ་རྡུརྫུརྡུ་ལྷོར་གནོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་ཟུག་རྔུས་ཟུག་ན་ཇི་སྲིད་དུ་ཟུག་རྔུ་དེ་མ་ཕྱུང་སྟེ། འགྲོགས་ཀྱི་བར་དུ་རྟག་ཏུ་གནོད་པ་བཞིན་དུ། ལུས་འདི་ཡང་ཇི་སྲིད་འགྲོགས་ཀྱི་བར་དུ་ཡང་གནོད་པར་བྱེད་པའི་ཕྱིར་རོ།། ་རྗེ་བོ་མི་སྲུན་པ་ལྟར་རིམྦི་གྲོ་བྱ་དཀའ་བྱ་ཞེས་བྱ་བ་ནི། དཔེར་ན་རྗེ་པོ་མི་བགྲང་པ་ཇི་ལྟར་རིམ་གྲོ་བྱས་ཀྱང་མགུ་བར་དཀའ་བ་བཞིན་དུ། ཕུང་པོ་འདི་ཡང་དངོས་པོ་གང་གིས་བསྟེན་ཅིང་རིམ་གྲོ་བྱས་ཀྱང་མགུ་ཞིང་ཆོ་ག་པ་མེད ་པའི་ཕྱིར་རོ།། ཁྱིམ་ཞིག་པོ་ལྟར་བཅོས་དཀོའ་བ་དང་ཞེས་པ་ནི། དཔེར་ན་ཁྱིམ་རྙིང་པ་ཞིག་ནོ་སླར་གསོ་ཞིང་བཅོས་དཀའ་ལ་ཕྱོགས་གུར་བཅོས་ཀྱང་། ཕྱོགས་གཞན་དུ་འཇིགས་པ་བཞིན་དུ། ལུས་འདྲི་ཡང་རྟག་ཏུ ་ཁ་ཟས་དང་སྐོམ་གྱིས་གསོ་དཀའ་ཞིང་བར་འགའ་གསོས་ཀྱང་མི་མཐུན་པའི་ཁ་ཟས་དང་ཕྲད་ན་དུས་གཞན་དུ་འཇིག་པར་འགྱུར་བའི་ཕྱིར་རོ།། རྫ་མ་བཅོས་པོ་ལྟར་དཀའ་བ་ཞེས་པ་ནི། ཇི་ལྟར་རྫ་མཁན་གྱི་སྣོད་སོ་མ ་བཏང་བ་བསྲུང་དཀའ་སྟེ་ཅུང་ཟད་ཅིག་སྤྱོད་ན་འཆགས་པ་དེ་བཞིན་དུ། ལུས་འདི་ཡང་ཅུང་ཟད་ཅིག་གིས་རྐྱེན་གྱིས་འཇིག་པས་ན་བསྲུང་དཀའ་བའོ།། གྲོགས་མི་སྲུན་པ་ལྟར་རྟག་པར་བསྲུང་དགོས་པ ་ཞེས་པ་ནི། གྲོགས་པོ་མི་བགྲུང་བ་རྟག་ཏུ་བ་སྲུང་དགོས་ཏེ། རྟག་ཏུ་ཡིད་མ་བསྲུང་ན། ཅུང་ཟད་ཅིག་གིས་ཀྱང་མཱི་དགའ་བར་འགྱུར་ཞིང་རིང་དུ་འཕང་བ་དེ་བཞིན་དུ། ཕུང་པོ་འདི་ཡང་རྟག་ཏུ་མ་བསྲུང་ན་འཚོ་བའི་བར་ཆད ་དུ་འགྱུར་བ་འམ། ལུས་དང་བྲེལ་བར་འགྱུར་བའི་ཕྱིར་རོ།། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་ཞེས་པ་ནི། དཔེར་ན་ཆུ་འགྲམ་གྱི་ཤིང་གཡོ་ཞིང་མི་བསྟན་པ་སྟེ། ནམ་ཞིང་ལྟུང་བར་འགྱུར་ཞིང་། ཆུས་ཁྱེར ་བར་འགྱུར་བ་བཞིན་དུ། ཕུང་པོ་འདི་ཡང་འཇིག་པ་ལ་གནས་པས་མི་བརྟན་པ་སྟེ།། མཐར་མ་རྟག་པའི་ཆུ་བོས་ཁྱེར་བར་འགྱུར་བའི་ཕྱིར་རོ།། འབབ་ཆུ་ཆེན་པོའི་རྒྱུན་ལྟར་འཆི་བྱའི་རྒྱ་མཚོ་ལ་ཐུག་པ་ཞེས་པ་ནི། དཔེར་ན ་འབབ་ཆུའི་རྒྱུན་མཇུག་ཏུ་རྒྱ་མཚོ་ཆེན་པོར་ཐུག་པ་བཞིན་དུ། ཕུང་པོའི་སྐད་ཅིག་མའི་ཆུ་བོའི་རྒྱུན་འདི་ལ་ཡང་མཐོར་འཆི་བའི་རྒྱ་མཚོ་ལ་ཐུག་པའི་ཕྱིརརོ།། བླ་ཐབས་སུ་འོངས་པའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད ་ཀྱི་གནས་ཞེས་པ་ནི། དཔེར་ན་བློ་བུར་ཁྱིམ་དུ་བྱས་པ་དེ་ན་མལ་སྟན་དང་ཁ་ཟས་མེད་པས། སྡུག་བསྔལ་གྱི་གནས་ཡིན་པ་བཞིན་དུ། ཕུང་པོ་འདི་ལ་ཡང་བདེ་བ་མེད་ཀྱི། སྐྱེ་རྒན་འཆི་དང་ལྡན་པས་སྡུག་བསྔལ ་ཀུན་གྱི་གནས་སོ།། སྐབས་མེད་པའི་གནས་ལྟར་ཀུན་མ་བཟུང་བ་ཞེས་པ་ནི། དཔེར་ན་བདག་བྱོས་མ་གཟུང་བའི་ལམ་སྲུང་ངམ་བཞི་མདོ་དག་ཏུ་འདྲོན་པོའི་དོན་ཏུ་བརྩིག་པའི་ཁང་ཁྱིམ་མཆོས་པའི་བདག་པོ་མེད་པ་དེ་བཞིན་དུ། ་ལུས་འདི་ལ་ཡང་ཕན་པར་བྱེད་པའི་གྲོག་པོ་དང་སྐྱབས་བྱེད་པའི་བདུག་པོ་མེད་པའི་ཕྱིར་རོ།། བརྩོན་སྟངས་ལྟར་གསུག་ཆུད་པ་ཞེས་པ་ནི། དཔེར་ན་བཙོན་སྲུངས་གསུག་གི་མགུན་བརྩོན་གཏོང་བར་བྱེད་པ་དེ་བཞིན་དུ། ་ལུས་འདི་ཡང་འདོད་པའི་ཡོནྨ་ཏནྡ་ལྔ་ལ་བསྟེན་པ་སྟེ། མགུ་ན་དགེ་བའི་རྩ་བ་གཏོང་བར་བྱེད་པའི་ཕྱིར་རོ།། ཡང་ན་བཙོན་སྲུང་གསུག་ཅུང་ཟད་ཀྱིས་མགུ་བར་དཀའ་བ་བཞིན་དུ། ལུས་འདི་ཡང་བོད་པ་ཅུང་ཟད་ཙམ ་གྱིས་མགུ་བར་དཀའ་བའི་ཕྱིརརོ།། མཐའ་འཁོབ་ཀྱི་གྲོང་ལྟར་རྟག་པར་གཙེས་པ་ཞེས་པ་ནི། དབྱེར་ན་ཡུལ་མཐའ་འཁོབ་ཀྱི་གྲོང་འཇོམ་པ་དང་། འཕྲོག་པའི་དགྲ་མྱོང་བ་བཞིན་དུ། ལུས་འདི་ཡང་ནང་གི ་གནོད་པ། ནད་ལ་སོགས་པོ་དང་། ཕྱིའི་གནོད་པ་གླང་བཱ་དང་ཚ་བ་ལ་སོགས་པའི་འཚེ་བ་མྱང་བའི་ཕྱིར་རོ།། བྱེ་མའི་གློང་ཁྱེར་འཇིག་པ་ཞེས་བྱ་བ་ནི། དཔེར་ན་བྱེ་མིའི་ཁྱིམ་མྱི་བརྟན་ཞིང་འཇིགས་པའི་རང་བཞིན ་ཡིན་པ་བཞིན་དུ་ཕུང་པོ་འདི་ཡང་སྐད་ཅིག་མས་འཇིག་ཅིང་མི་བརྟན་པའི་རང་བཞིན་ཡིན་པའི་ཕྱིར་རོ།། མེ་ལྟར་ཆོག་མི་ཤེས་པ་ཞེས་པ་ནི། དཔེར་ན་མེ་བསྲེག་པའི་དངོས་པོ་ཅི་བཅུག་ཀྱང་ཆོག་པ་མེད་དེ་ཀུན ་སྲེག་པར་བྱེད་པ་དེ་བཞིན་དུ། ལུས་འདི་ལྟ་ཡང་ཚྭ་ཆུ་འཐུངས་བུ་བཞིན་དུ། འདོད་པའི་ཡོན་ཏན་ལྟ་སྤྱད་པཱ་ལ་ཆོག་པ་མེད་པའི་ཕྱིར་རོ།། རྒྱ་མཚོ་ལྟར་རྒལ་དཀའ་བྱ་ཞེས་པ་ནི། དཔེར་ན་རྒྱ ་མཚོ་ཆེན་པོ་ཆུ་སྲིན་ལ་སོགས་པའོ་གནོད་པ་མང་བས་མཐར་ཕྱིན་པར་དཀའ་བ་བཞིན་དུ། ལུས་འདི་ལ་ཡང་ཉོན་མོངས་པའི་གདུག་པ་མང་པོ་དང་ལྡན་པས་སྦྱོང་བར་དཀའ་བའི་ཕྱིར་རོ།། སྦྲུལ་གྱི་སྣོད་ལྟར ་ནན་ཏན་དུ་སྤང་བར་བྱ་བ་ཞེས་པ་ནི། དཔེར་ན་སྦྲུལ་གདུག་པའི་འཇིག་པ་ལ་འཛེམ་པ་རྣམས་ཀྱིས། དེའི་གནོད་པ་དང་མི་ཕྲད་པར་བྱ་བའི་ཕྱིར་སྦྲུལ་གདུག་པའི་སྣོད་རིང་དུ་སྤང་བར་བྱ་བ་བཞིན་དུ། སྐྱེ་རྒན་འཆིའི ་སྡུག་བསྔལ་གྱིས་འཇིག་པ་རྣམས་ཀྱིས་ཕུང་པོ་འདི་རང་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར།། བྱིས་པ་གཞོན་ནུ་ལྟར་རྟག་པར་བསྲུང་དགོས་པ་ཞེས་པ་ནི། དཔེར་ན་བྱིས་པ་ཆུང་ངུ་རྟག་པར་མ་བསྐྱོང་ན་མེར ་འཇིག་པའམ། གཡང་དུ་ལྟུང་བ་འམ། མཚོན་གྱིས་ཟུག་པར་འགྱུར་བས། རྟག་ཏུ་སྲུང་དགོས་པ་བཞིན་དུ། ལུས་འོད་ཡང་དབང་པོའི་སྒོ་རྣམས་ཡུལ་ལ་མི་འཇུག་པའི་ཚུལ་དུ་མ་བསྲུང་ན་ཉོན་མོངས་པའི་མཚོན་ལ་སོགས ་པར་ཟུག་པར་འགྱུར་བའི་ཕྱིར་རོ།། སྣོད་ཆག་པ་ལྟར་རྟག་པར་སྤངས་པ་ཞེས་པ་ནི། དཔེར་ན་སྣོད་ཆག་པའི་ནང་དུ་རྟག་ཏུ་ཆུ་མི་གནས་པ་དེ་བཞིན་དུ། ལྔ་ཕུང་འདིར་ཡང་རྟག་ཏུ་དགེ་པ་མི་གནས་ཤིང་འཛག་པར ་བྱེད་པའི་ཕྱིར་རོ།། ཡང་ནཱ་དཔེར་ན་སྣོད་ཆག་པ་རྟག་ཏུ་ཡང་ཕྱིར་འདོར་བ་བཞིན་དུ། ཕུང་པོ་ལྔ་དག་ཀྱང་འཕགས་པ་མཁས་པ་རྣམས་ཀྱིས་རྟག་ཏུ་འདོར་བར་བྱེད་པའི་ཕྱིར་རོ།། ཡུལ་ངན་པ་ལྟར་རྟག་པར་གཙེས་པ་ཞེས་པ་ནི།། ་དཔེར་ན་ཡུལ་ངན་པ་དཔོན་པོ་དུང་བདག་པོ་མེད་པ་ལ་འཚོ་བ་བྱུང་པ་བཞིན་དུ། ལུས་འདི་ལ་ནད་ཀྱི་དགྲས་འཚེ་བ་མང་བའི་ཕྱིར་རོ།། ཡང་ན་ཡུལ་ངན་པ་བཟོའ་བ་དང་བགོ་བ་ལ་སོགས་པའི་ཡོཾ་བྱད་དུ་མི་ལྡན་པས་རྟག་ཏུ་ཡང ་གནོད་པ་དང་། བོངས་པས་གཙེས་པ་བཞིན་དུ་ལུས་འདི་ལ་ཡོང་འདོད་པ་མི་རྙེད་པ་དང་། མྱི་མཛའ་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་རྟག་ཏུ་གཙེས་པའི་ཕྱིར་རོ།། ཁེ་ཟས་དུག་ཅན་ལྟར ་སྤང་བར་བྱ་བ་ཞེས་པ་ནི། དཔེར་ན་དུག་དང་བཅྡོཾས་པའི་ཁ་ཟས་ཟོས་ནི་ལུས་ལྕེ་གནོད་པ་སྣ་ཚོགས་འབྱུང་བས་སྤང་བར་བྱ་བ་བཞིན་དུ། ལུས་འདི་ཡང་མ་ཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ།། སྣང ་བརྙན་པོ་ལྟོར་སྐད་ཅིག་གཅིག་ལ་དྭགོས་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་སྣོད་གཞན་ལས་བརྙན་པ་སྐད་ཅིག་ཡོད་པར་ཟད་ཀྱི། དུས་ཐམས་ཅད་དུ་ཕན་པ་མེད་པ་བཞིན་དུ། ལུས་འདི་ཆོས་བྱེད་པ་ན་དགོས་པ་ཙམ ་དུ་ཟད་ཀྱི། དེ་ལ་མ་གཏོགས་པའི་དུས་ཐམས་ཅད་དུ་དགོས་པ་མེད་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་ལུས་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བ་མ་ཡིན་ཏེ། དཔེར་ན་ཤིང་ལས་ཤིང་རྟ་བྱས་ཤིང་སོ་སོར་དགོས་པ ་མེད་ཀྱང་ཤིང་རྟར་བྱས་ན། ཁལ་དགལ་བར་དགོས་པ་བཞིན་དུ་ལུས་འདི་ལ་གོང་དུ་བརྟག་པའི་ཚུལ་དུ་སོ་སོར་བ་ཤིག་ན། དགོས་པ་མེད་ཀྱང་། ཆོས་སྤྱད་པའི་ཁལ་དགལ་བའི་ཕྱིར། དེའི ་དོན་དུ་བཏང་བར་བྱ་བ་ཡང་མ་ཡིན་ནོ།། དེ་བོས་ན་ཆོས་ཀྱི་སེམས་འབའ་ཞིག་ཏུ་གཟུང་བར་བྱ་ཞེས་གསུངས་ཏེ། དེ་བས་ན་ལུས་འདི་ཆོས་སྤྱད་པར་དགོས་པའི་སེམས་ཀྱིས་དེ་ཙམ་གྷི་དོན་འབའ་ཞིག་ཏུ་གཟུང་བར་ཟད ་དོ་ཞེས་བྱ་བའི་དོན་ཏོ།། འདོད་པའི་འདོད་ཆགས་སྣང་བར་བསྒོམ་པ་རྣམ་གྲངས་གཞན་ཡང་བསྟན་པར་བཞེས་ནས། གཞན་ཡང་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེའི་དོན་ནི་ལུས་དང་པོའི་རྩཝ་དང ་མའི་རྒྱུ་བྷཱུརྟག་པའི་སྒོ་ནས་ནན་ཏན་གྱིས་ཤིག་ནས། འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། འདི་ལུས་ཙམ་དུ་ཞེས་བྱ་བ་ནི། ལུས་འདི་སྔ་ཕྱི་གཉིས་ཀྱང་མོ་གཙང་བ་ལས་གྱུར་པ་ཙམ ་ནཱམཱམ་མི་གཙང་བའི་རང་བཞིན་ཙམ་དུ་རྟག་པར་བྱེ་བྱའི་ཐ་ཚིག་གྷོ། ཇི་ལྟར་རྟག་ཅེ་ན། འི་ཕྱིར་སྔ་མཱ་དང་ཕྱི་མའི་རྒྱུ་རྟག་སྟེ་ཞེས་བྱ་བ་གསུངས་ཏེ། ལུས་འདི་རྒྱུ་སྒྱུ་མ་གླིང་ཡིན་པ་དང་། ཕྱི་མའི་རྒྱུ་གང་ཡིན་བདག་ཀྱང ་མི་གཙང་བ་ཉིད་ལས་གྱུར་པས་བརྟག་པའི་དོན་ཏོ།། ལུས་ཀྱི་སྔ་མའི་རྒྱུ་བསྟན་པའི་ཕྱིར། ཕ་མའི་ཁུ་བོ་དང་ཞེ་ས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འོད་སྔ་མིའི་རྒྱུ་ནི་ཕའི་ཁུ་བ་དང་མའི་ཁྲག་ཡིན་ཏེ། དང ་བོཔོར་ཡང་མི་གཙང་བའི་རྒྱུ་ལས་གྱུར་པར་བརྟག་པའོ།། ཕྱི་མའི་རྒྱུ་བསྟན་པའི་ཕྱིར་ཁ་ཟས་འཇུ་བ་ལ་སོགས་པ་ནི་ཞེས་བྱ་བ་སོགས་པ་གསུངས་ཏེ། ལུས་འདི་སྐྱེད་པའི་རྒྱུ་ཕྱི་མའི་ཁ་ཟས་ཟོས་པ་ཞུ་བ་སྟེ། སོགས་པའི ་སྒྲས་ནི་ཁ་ཟས་རྣམས་ཞུ་ནས་གནས་གཅིག་ནས་གཅིག་ཏུ་ཇི་ལྟར་རྒྱུ་བ། མདོ་ལས་ཇི་སྐད་དུ་གསུངས་པ་རྣམས་བསྔོའོ།། བསྡུ་བའི་དོན་བཤད་པའི་ཕྱིར་ཟས་ཁམ་གྱིས་ཟ་བ་ཟོས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཁ་ཟས་ཁམ་གྱིས་ཟློས་པ་དེ། ཟོས་མ་ཐག་ཏུ་དེ་དང་པོར་ཇེ་བད་ཀན་གྱི་གནས་སུ་འགྲོའོ།། བཱད་ཀན་གྱི་གནས་སུ་སོང་བ་དང་བདོ་ཀན་གྱིས་སླར་བྱས་ནས། གཞན་དུ་ནཱ་བཱད་ཀོན་དང་འདྲེས་པའི་མཚན ་ཉིད་ཀྱིས་ཞུ་བར་གྱུར་པ་མི་གཙང་བའི་རང་བཞིན་དུ་འགྱུར་རོ།། བད་ཀན་གྱི་གནས་སུ་ཞུ་བ་དང་དེ་ནས་མཁྲིས་པའི་གནསུ་འགྲོའོ།། དེ་ནས་མཁྲིས་པའི་གནས་སུ་ཕྱིན་པ་དང་། དེ་དག་སྦྱིན་ཅིང་ཚོས་ནས་འཇུ་ཞིང་སྒྱུར ་བར་འགྱུར་རོ།། སྒུར་པོར་གྱུར་པ་དང་། རླུང་གི་གནས་སུ་འགྲོའོ།། བད་ཀན་གྱི་གནས་ནས་ཞུ་ནས་རླུང་གི་གནས་སུ་ཕྱིན་པ་དང་། རླུང་གིས་དེ་རྣམས་ཐ་དད་པར་འབྱེད་དེ། སྙིགས་མ་ལོགས་ཤིག་ཏུ། ཁུ་བོ་ལོགས ་ཤིག་ཏུ་འབྱེད་དོ།། དེ་ལ་སྙིགས་མ་ལོག་ཏུ་ཕྱེ་བ་ལས་ནི་གཅིན་བྱུག་ལ་སོགས་དྲི་མར་འགྱུར། ཁུ་བ་དང་སྙིང་པོ་ལ་ས་ནི་ཁྲག་ཏུ་འགྱུར་རོ།། ཁྲག་ལས་ཤར་འགྱུར་རོ།། ཤ་ལས་ཚིལ་དུ་འགྱུར ་ཚིལ་ལས་རུས་པར་འགྱུར། རུས་པ་ལས་རྐང་དུ་འགྱུར། རྐང་ལས་སླར་ཁུ་ཆུ་ལ་སོགས་པའི་མི་གཙང་བར་འགྱུར་ཏེ། དེ་ལྟར་ལུས་འདི་དང་པོ་དང་མཇུག་ཏུ་ཡང་རྒྱུ་མི་གཙང་བ་ལས་གྱུར་པ་ཡིན ་བས་ནས། ལུས་འདི་མི་གཙང་བར་ལྟ་ཞིང་བསམ་མོ་ཞེས་དགེ་སློང་དག་ལ་བཀའ་སྩལ་ཏོ།། གཞན་ཡང་མི་གཙང་བའི་ཚོགས་ཀྱིས་བརྟན་པ་ཙམ་དུ་བསྟན་པའི་ཕྱིར། ལུས་འདི་ནི་རུ་ས་པ་དགུ་བརྒྱ་རྩ་དྲུག་གིས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཁང་པཱ་ཀ་བས་བརྟན་ཞིང་བཏེག་པ་དེ་བཞིན་དུ། ལུས་འདི་ཡང་རུས་པ་དགུ་བརྒྱ་རྩ་དྲུག་གིས་བརྟན་ཞིང་བསྟེན་པའོ།། ཤིང་ངན་པའི་ཁྱིམ་ལྟར་ཞེས་བྱ་བའི་དོན་ནི། དཔེར་ན ་ཤིང་ངན་པ་ལས་བྱས་པའི་ཁང་པ་མཐུང་མ་སྦྲེལ་བའི་མཚམས་མང་བ་བཞིན་དུ། ལུས་འདི་ཡང་རུས་པ་མང་པོ་སྦྲེལ་བའི་མཚམས་མང་བའི་ཕྱིར་རོ།། རྩཝ་མང་པོས་ཞེས་བྱ་བའི་དོན་ནི། དཔེར་ནཱ་ཁང་པ་ལ་རྡུལ་བུ་མང ་པོ་བྲེས་པ་དང་ལྡན་པ་བཞིན་དུ། ལུས་འོད་ཡང་རྩ་མང་པོ་བཞི་བརྒྱས་སོ་སོར་དྲལ་བུ་བཞིན་དུ་བྲེས་པའི་དོན་ཏོ།། ཤའི་ཉཝ་ལྔ་བརྒྱས་རབ་ཏུ་གཡོགས་ཞེས་བྱ་བའི་དོན་ནི། དཔེར་ན་ཁང་པ་འཇིམ་པས་གཡོགས་པ ་བཞིན་དུ། ཤའི་ཉ་ལྔ་བརྒྱའི་གོང་བུས་ཐོག་ཐག་ཏུ་བསྐུས་ཤིང་གཡོགས་པའོ།། སྡོམ་རྩེ་དྲུག་གིས་དཀྲིས་པ་ཞེས་བྱ་བ་ནི་དཔེར་ན་ཁང་པའི་དྲལ་བུ་ལ་སོགས་པ་གདུང་མ་ལ་བརྟེན་པ་བཞིན་དུ། རྩ་ཆེན་པོ་དྲུག་ལ ་རྩ་བྲན་གཞན་རྣམས་བརྟེན་པའོ།། རྩ་བྲན་བདུན་བརྒྱས་བྲེས་པ་ཞེས་བྱ་བ་ནི། གོང་དུ་བརྟན་པ་དང་དོན་གཅིག་སྟེ། རྩ་བྲན་བདུན་བརྒྱ་ས་དྲལ་བུ་ལྟར་བྲེས་པའོ།། ཆུབ་དགུ་བརྒྱས་སྦྲེལ་བ་ཞེས་བྱ་བ་ནི། ཆུ་བ་དགུ ་བརྒྱས་ཚིགས་དང་རུས་པ་ལ་སོགས་པ་མི་འགྱེས་པའི་གཟུངས་བྱས་ཞེས་བྱ་བའི་དོན་ཏོ།། རྩས་སྐར་ཁུང་བྱས་པ་ཞེས་བྱ་བ་ནི། ཁང་པའི་སྐར་ཁུང་བཞིན་དུ། རྩེའི་སུལ་རྣམས་ལུས་ལ་སྐར་ཁུང་ལྟར ་གནས་ཞེས་བྱ་བའི་དོན་ཏོ།། སྣོད་རྡོལ་བ་ལྟར་གནས་ཞེས་བྱ་བའི་དོན་ནི། དཔེར་ན་སྣོད་རྡོལ་བ་བུ་ག་སང་སེང་གི་གསོངས་པ་བཞིན་དུ། ལུས་འདི་ལ་ཡང་གནང་བདུན་བརྒྱས། གནོད་པ་ར་གྱུར་པའི་མཚན་ཉིད ་དུ་རྟག་ཏུ་གསངས་པའོ།། སྤུ་བྱེ་བ་ཞེས་པ་ལ་སོགས་པོའི་དོན་ནི། ཁྱིམ་ངན་པའི་ཕྱི་རོལ་རྩས་གཡོགས་པ་བཞིན་དུ་ལུས་འདི་ལ་ཡང་སྤུ་བྱེད་པ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩཝ་བཞིས་ཕྱི་རོལ་ནས་གཡོགས་པའི ་དོན་ཏོ།། དབང་པོ་ལྷའི་བུ་ག་དང་རྩོག་པ་མི་གཙང་བས་གང་བ་ཞེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་ནས་མཱི་གཙང་པོ་འཛག་ལ་ལུས་ཀྱི་གནས་ཐོག་ཐག་ཀྱང་མི་གཙང་བས་གང་བའི ་ཕྱིར། གླད་པ་སྒྲིམ་པ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བང་བ་ལྟར་དེ་རྣམས་ཀྱིས་མཉམ་པ་སོ་སོར་བཀང་བ་ཞེས་བྱ་བ་ནི། དཔེར་ན་བང་བ་རྣམས་སོ་སོར་འབྲུས་བཀང་བ་བཞིན་དུ། མི་གཙང ་བའི་སྣོད་རྣམས་ཀྱང་སོ་སོར་མི་གཙྪ་བསྟྲ་བཀང་བའོ།། རོ་དྲུག་གྲིས་གསོས་པ་ནི། མངར་བ་དང་། སྐྱུར་བ་དང་། ཁཱ་བ་དང་ཚ་བ་དང་ལན་ཚྭ་དང་། བསྐ་བཱ་རྣམས་ཀྱིས་རྟག་ཏུ་གསོས་ཤིང་བརྟས ་པའོ།། ལུས་ཀྱི་མེས་མི་གཙང་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི། དཔེར་ན་སྦྱིན་སྲེག་གིས་མེས་སྦྱིན་སྲེག་གི་རྫས་སྲེག་པར་བྱེད་པ་བཞིན་དུ། འབྱུང་བ་ཆེན་པོ་ལ་ཡོད་པའི་མེའི་ཁམས་ཀྱིས་ཀྱང་མི་གཙང་བ་རྣམས ་རྟག་ཏུ་སྦྱིན་སྲེག་བཞིན་དུ་སྲེག་པར་བྱང་པོའོ།། རིང་པ་དང་ཉམ་ཆུང་བ་དང་རྒ་བ་དང་འཁོགས་པར་གྱུར་པས། རྟག་ཏུ་མྱིགས་པ་ལ་ཐུག་པའོ།། ལུས་ཀྱིས་ཡན་ལག་སོ་སོར་བཏགས་ན་ཐམས་ཅད་ཀྱང་བརྟག་མི་བཟོད ་པས། ལུས་ཀྱི་ཡན་ལག་ཐམས་ཅད་བལྟ་མི་སྡུག་པའོ།། ཁཱ་སྣ་དང་མི་གཙང་བའི་ཁུང་ནས་དྲི་ང་བ་རྟག་ཏུ་ལྗང་ལ། ལུས་ཀྱི་ནང་ན་ཡང་མི་གཙང་བ་གནས་པས་དྲི་མི་ཞིམ་པ་རུལ་བའི་རང་བཞིན་ཞེས་བྱ་སྟེ། དེ ་བས་ན་ལུས་ངན་པ་འདི་ལ་གྱ་ནོམ་པ་དང་བཟེང་བར་ང་རྒྱུ་ལ་བྱ་བའི་གནས་མེད་པའི་ཕྱིར་རོ།། ང་རྒྱལ་མི་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ།། གོང་དུ་བཤད་པའི་དོན་བསྡུས་ཏེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་ལྟར ་ལུས་ལ་མི་གཙང་ཕུང་པོར་བརྟག། ཅེས་བྱ་བ་ལ་སོགས་པོ་གསུངས་སོ།། དེ་ལྷོར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ཏེ། གོང་དུ་བཤད་པ་ལྟར་ན། ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའི ་ཕུང་པོར་བརྟག་སྟེ། དེ་ལྟར་མི་གཙང་བའི་ཕུང་པོ་ཡིན་པས་ན། འདི་ལ་རུང་བ་དང་། བཟང་པོར་ང་རྒྱལ་བ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། གང་གི་གཟུགས་ལ་ང་རྒྱ་ལ་རློམ་སེམས་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏེ། ་དེ་ལྟར་མི་གཙང་བ་ཡིན་པར་ཤེས་བཞིན་དུ། མི་གཙང་བའི་ལུས་འདི་ལ་བཟང་ངོ་སྙམ་པའི་ང་རྒྱལ་བྱེད་ཅིང་ལུས་འདི་ལ་ཆགས་ཤིང་མི་གཏོང་བའི་བྱིས་པ་རྣམས་ནི། དཔེར་ན་བླུན་པོ་མི་གཙང་བའི་སྣོད་ཁུར ་དུ་ཁྱེར་ལ། དེ་ལ་བཟང་པོར་འཛིན་ཅིང་ཆག་པར་བྱེད་པ་དང་འདྲའོ།། སྣ་ནས་རྣག་ལྟ་བུ་དྲག་ཟག་པ་དོང་ཞེས་བྱ་བའི་དོན་ནི། ལུས་འདི་ལ་རྟག་ཏུ་སྣ་ནས་སྣབས་རྣག་ལྟ་བུ་འཛག་པ་དང་། རྟག་པར་ཁྲི་ནས་མི ་རོ་རུལ་པའི་དྲི་དང་འདྲ་བའི་དྲི་མི་ཞིམ་པ་འབྱུང་བ་དང་། མིག་ནས་ཀྱང་མིག་གི་རྡུལ་རྣག་སྲིནྡ་བུ་ལྟ་བུ་འབྱུང་བས་ན། དེ་ལ་འདོད་ཆགས་བྱ་ཞིང་ང་རྒྱལ་བྱ་བི་ག་ལ་རིགས་ཏེ། མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། ་མཁས་པ་རྣམས་ཀྱིས་མི་གཙང་བའི་ཚུལ་དུ་གོང་དུ་བཤད་པར་བརྟག་པ་ཙམ་དུ་ཡང་མི་ཟད་ཀྱི། རང་གི་ཤེས་རབ་ཀྱིས་གཞན་ཡང་མི་གཙང་བ་ཅི་ཡོད་པོ་བརྟག་པར་གྱིས་ཤིག་ཅེས་དགོངས་ནས་བཀའ་སྩལ་པ ་དེ་ལ་སོགས་པར་བརྟག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་རང་གི་ཤེས་རབ་ཀྱིས་གཞན་ཡང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་པའོ།། དེའི་དཔེ་བསྟན་པའི་ཕྱིར་གསུངས ་པ། འདི་ལྟར་དགེ་སློང་དག་བང་བསྒོ་གཉིས་གཏོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བང་བ་སྒོ་གཉིས་པ་ནི་འབྲུ་ཡོད་པའི་སྒོ་གཏོང་པ་དང་། རིན་པོ་ཆེ་ཡོད་པའི་སྒྲོ་གཏོང་པ་སྟེ། སྒོ་གཉིས ་སོ་སོར་གཏོད་པའོ།། ཡང་ན་སྒོ་གཉིས་གཏོང་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི། བོང་བ་སོ་སོར་སྒོ་མང་པོར་གཏོད་པར་བལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་ལ་ལ་ཞིག་བང་བ་སོ་སོར་སྒོ་མང་པོར་གཏོད་པའི་ནང་དུ་ཕྱིན ་ན། བདྲ་བ་འདི་ནི་འབྲུ་གྲ་མ་ཅན་གྱིས་གང་བ། བང་བ་འདི་ནི་འབྲས་བུའི་འབྲུས་གང་བའོ་ཞེས་ཤེས་པ་བཞིན་དུ་མཁས་པ་ཤེས་རབ་ཅན་གྱིས་ཀྱང་ལུས་འདི་ཉིད་ལ་ད་ལྟར་ཡང་ལུས་འདི་མི་གཙང་བ་རྣམ་པ་སྣ ་ཚོགས་ཀྱིས་གང་བར་གནས། སྔོན་ཡང་མི་གཙང་བའི་རྒྱུ་ལས་བྱུང་ངོ་ཞེས་སོ་སོར་རྟོག་པར་བྱེད་དོ།། ཏིང་ངེ་འཛིན་དྲང་པོ་བསྟན་ནས་འཇུག་བསྡུ་བའི་ཕྱིར། འདིར་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ ་གསུངས་སོ།། བརྒལ་བ་འདི་ལྟར་མདོ་གཞན་དག་ལ་ནི་བསམ་གཏན་བཞི་པས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟག་པ་ཐམས་ཅད་སྤོང་བར་བྱེད་པས་ཞེས་བཤད་ལ། འདིར་ནི་མི་གཙང་བ་བསྒོམ་ཞིང ་ལུས་སུན་འབྱིན་པས། འདོད་པའི་འདོད་ཆགས་སྤོང་བར་བཤད་ན། གཞན་དང་མི་འགལ། སྨྲས་པ་མདོག་གཞན་ལས་ཟག་པ་ཐམས་ཅད་སྤོང་བ་བཤད་པ་ཡང་ལུས་སུན་འབྱིན་པས་བརྩམས་ཏེ། བསམ ་གཏན་བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བར་བྱ་བ་ལ་དགོངས་ནས་གསུངས། འདི་ནི་འདོད་ཆགས་བདོ་བ་རྣམས་འདོད་ཆགས་སྤངས་པར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་ཞིང་སུན་འབྱིན ་པ་འདོད་པའི་འདོད་ཆགས་སྤོང་བའི་གཉེར་པོར་འགྱུར་པ་གསུངས་ཏེ། བདག་དང་གཞན་གྱི་ལུས་ལ་བཟང་བར་འཛིན་པའི་འགྲོ་བའི་དོན་དུ་བཤད་པས་ན་འགལ་བ་མེད་དོ།། ། ཏིང་ངེ་འཛིན་གཉིས་པ ་བསྟན་པའི་ཕྱིར། དེ་ལ་དགེ་སློང་དག་ཏིང་ངེ་འཛིན་སྒོམ་པ་དང་། བསྟེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཡང་ཏིང་ངེ་འཛིན་ཀྱང་དབེན་པ་རྣམ་པ་གཉིས་ལས་འགྲིབ་སྟེ། ལུས་དབེན་པ་དང་། སེམས་དབེན ་བའོ།། དེ་བོས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར། འདི་ལ་དགེ་སློང་དག་དགེ་སློང་དགོན་པ་པ་འམ། ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོན་པ་དང་ཤིང་ལ་སོགས་པའི་གནས་ན་ནི་བྱིས་པ་དང་བུད་མེད་ལ ་སོགས་པ་འདུ་འཛི་མེད་པ་ཡིན་པས་ལུས་དབེན་པར་གནས་སོ།། སེམས་དབེན་པ་བསྟན་པའི་ཕྱིར། རང་གིས་ལུས་འོད་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ནང་གི་ལུས་ནི་ཡིད་ཀྱི་ལུས་ལ་བྱའོ།། དབེན ་པ་ལས་སྐྱེས་པ་ཞེ་བྱ་བ་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་དོན་ཏེ། འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་ལ་རྣམ་པར་རྟོག་པ་སྤངས་པ་ལས་སྐྱེས་པའོ།། ཅི་ཞིག་སྐྱེས་ཞེ་ན། དེ་ཅིའི་ཕྱིར་དགའ་བ་དང་བདེ་བ་ཞེས ་གསུངས་ཏེ། དགའ་བ་ནི་ཡིད་བདེ་བའོ།། བདེ་བ་ནི་བག་ཡངས་ཀྱི་བདེ་བ་སྟེ། རིམ་པ་ཞིན་དུ་སྦྱར་རོ།། བརླན་པ་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་ཡིད་བདེ་བ་དང་། བག་ཡངས་ཀྱི་བདེ་བ་གཉིས ་ཀྱིས་ལུས་དང་སེམས་ལ་འཁྲུག་པ་མེད་ཅིང་ཞི་བར་བྱས་པའོ།། བདེ་བ་དེས་ཕྱོགས་གཅིག་ཏུ་ཞི་བར་བྱས་པ་མ་ཡིན་གྱི་དེས་ལུས་དང་སེམས་ཀྱི་ཕྱོགས་ཀུན་ཏུ་ཞི་བར་བྱས་སོ།། ཞེས་བསྟན་པའི་ཕྱིར། ཀུན་རྫོགས་པ ་དང་ཀུན་ཚིམ་པ་དང་། ཀུན་ཁྱབ་པར་བྱེད་ཅེས་གསུངས་སོ།། ཚིག་དེ་དག་ནི་དོན་གཅིག་གོ། དེ་ལ་རང་གི་ནང་གི་ལུས་འདི་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་བསླན་ཅེས་བྱ་བས། བསམ་གཏན་དང་པོ་དང་། ་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་ལ་སོགས་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཁྱབ་པར་སྟོན་པའོ།། ཡང་ནོ་དགའ་བས་ནི་བརླན་པར་བྱེད་པའོ།། བདེ་བསོ་ནི་ཀུན་རྫོགས་པར་བྱེད་པའོ།། ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི། ཀུན་ཚིམ་པར་བྱེད་པའོ།། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་ཁྱབ་པར་བྱེད་པས་ནའོ།། དེ་ལྷོར་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པོ་དང་། སྦྱོར ་བོ་མཐར་ཐུག་པའི་འབྲས་བུ་ཡིད་ལོ་བྱེད་པའི་ཚེ། བསམ་གཏན་གྱི་དགའ་བོ་དང་བདེ་བ་ཡོངས་སུ་རྫོགས་ཏེ། དེ་བོས་ན་སྦྱོར་བ་མཐར་ཐུག་པའི་ཡོད་ལ་བྱེད་པས་ནི། མི་ཁྱབ་པ་མེད་དོ།། སྦྱོར་བ་མཐར་ཐུག་པའི་འབྲས ་བུ་ཡིད་ལ་བྱེད་པས་ནི། ཀུན་ཏུ་མ་ཁྱབ་པར་གྱུར་པ་མེད་པ་ཞེས་བྱའོ།། དོན་དེ་ཉིད་བསྒྲུབ་པའི་ཕྱིར་དཔེ་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆུ་ལས་སྐྱེས ་པའི་མེ་ཏོགོ་རྣམས་ཆུའི་བསིལ་ཀུན་ཏུ་ཁྱབ་པ་བཞིན་དུ། དེ་དག་ཀྱང་བསམ་གཏན་གྱི་བདེ་བས་ལུས་དང་སེམས་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དོན་ཏོ།། བརྒལ་བ། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ ་ལ་སོགས་པ་ལས་སྐྱེས་པའི་བདེ་བ་ལ། མ་འོངས་པ་ན་བདེ་བ་ལ་གནས་ཤེས་ཅིའི་ཕྱིར་མི་བྱ། སྨྲས་པ་ཏིང་ངེ་འཛིན་དེ་དག་ལས་ཉམས་ན་ནི། འདོད་པའི་ཁམས་སུ་སྐྱེས་པ་དང་། དེའི་བདེ་བ་མྱོང་བ་མེད་ལ། ས་གོང ་མ་གོང་མར་འཕར་ན་ནི་ཏིང་ངེ་འཛིན་གཞན་གྱི་བདེ་བ་ཐོབ་པས་དེའི་བདེ་བ་མེད་པ་དང་། མྱ་ངན་ལས་འདས་ན་ཡང་ཏིང་ངེ་འཛིན་གྱི་བདེ་བ་མྱོང་བ་མེད་པས། ཚེ་ཕྱི་མ་ལ་བདེ་བ་ཞེས་མི་བྱའི། ལྟ་བའི་ཆོས་ལ་བདེ་བར ་གནས་པར་འགྱུར་བ་ཞེས་བྱའོ།། བསྒོམ་པ་གཉིས་པ་བསྟན་པའི་མཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཏིང་ངེ་འཛིན་བསྒོམ་པ་གསུམ་པ་བསྟན་པའི ་དབང་དུ་མཛད་ནས་དེ་ལ་དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་དང་བསྟེན་པ་དང་བསྙེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བའི་འདུ་ཤེས་ཞེས་བྱ་བ་ལ། འདུ་ཤེས་བསྒོམ་པ་ནི། འཕྲུལ་གྱི་མིག་གིས ་འཐོབ་པའི་རྒྱུ་ཡིན་ནོ།། དེ་ལ་སྣང་བའི་འདུ་ཤེས་བསྒོམ་པ་ཡང་རྣམ་པ་གསུམ་སྟེ། མུན་པའི་གཉེན་པོར་གྱུར་པ་དང་། ཆོས་ཀྱི་སྣང་བ་དང་། ལུས་ཀྱི་སྣང་བའོ།། དེ་ལ་མུན་པའི་གཉེན་པོར་གྱུར ་པ་ནི། མཚན་མོའི་དུས་ན་ཟླ་བ་དང་སྐར་མེ་ལ་སོགས་པའི་འོད་དོ།། ཉིན་པར་གྱི་དུས་ན་ནི་ཉི་མའི་འོང་ངོ་།། དེ་གཉི་གའི་དུས་ནི་མེ་དང་། ནོར་བུ་ལ་སོགས་པའི་འོང་ངོ་།། ཆོས་ཀྱི་སྣང་བ་ཡིང་གང་ཟག་གང་གིས་སངས་རྒྱས་རྗེས ་སུ་དྲན་པ་ལ་སོགས་པའི་ཆོས་ཀྱི་སྣང་གྲངས་ཡིད་ལ་གསལ་བར་དྲན་པའོ།། ལུས་ཀྱི་སྣང་བ་ནི་གང་ལྷ་ལ་སོགས་པ་རང་གི་ལུས་ཀྱི་འོད་དང་ལྡན་པའོ།། སྣང་བ་དང་པོའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་ཡང་རྣམ་པ ་གསུམ་སྟེ། ཕྱོགས་ཀྱི་མུན་པ་དང་། སྤྲིན་གྱི་མུན་པ་དང་། གཡོགས་པའི་མུན་པའོ།། ཕྱོགས་ཀྱི་མུན་པ་ནི་ཐམས་ཅད་དུ་ཁྱབ་པ་སྟེ་མཚན་མའོ།། སྤྲིན་གྱི་མུན་པ་ནི་ཉིན་པར་ལ་སོགས་པ་ནི་ཡང་སྤྲིན་སྟུག་པོས་ཁྱབ ་པས་ཕྱོགས་གནག་པར་གྱུར་པའོ།། གཡོག་པའི་མུནྡ་པཱ་ནི་ཁང་པ་ལ་སོགས་པ་ཐོག་གཡོགས་ཤིང་སྐར་ཁུང་ལ་སོགས་པ་མེད་པས་མི་གསལ་བར་གྱུར་པའོ།། སྣ་པ་རྣམ་པ་གསུམ་ལྔས། འདིར་མུན་པའི ་གཉེན་པོར་གྱུར་པའི་སྣང་བ་ཡིད་ལ་བྱས་ན། འཕྲུལ་གྱི་མིག་ཐོབ་པར་དགོངས་པའོ།། དེ་ཡང་ཇི་སྲིད་དུ་གཞན་ལས་བསྒོམ་པའི་མན་ངག་མ་མནོས་པ་དེ་སྲིད་དུ་བསྒོམ་པ་འགྲུབ་པ་མེད་དེ། དེའི་ཕྱིར་མངོན་པར་ཤེས་པ ་བསྒོམ་པ་ནི་མན་ངག་མནོས་ཤིང་བཟུང་བ་རྣམས་ཇི་ལྟར་མི་བརྗོད་པར་འགྱུར་བ་དེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར། སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་རབ་ཏུ་གཟུང་བ་ཞེས་བྱ་བ་ལ་སོགས་པའོ།། སྣང་བའི་འདུ ་ཤེས་ནི་ཕྱོགས་ཐམས་ཅད་དུ་མུན་པ་མེད་ཅིང་སྣང་བས་ཁྱབ་པར་བསམས་ཏེ། དེ་བསྒོམ་པའི་མན་ངག་གཟུང་བ་དེ་མ་ཉམས་མ་བརྗེད་པ་ནི། ཤིན་ཏུ་ལེགས་པར་རབ་ཏུ་བཟུང་བ་ཞེས་བྱའོ།། དེའི་ཁྱད་པར་བསྟན་པ་ནི ་ཤིན་ཏུ་ཡིད་ལ་བྱས་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། སྣང་བའི་འདུ་ཤེས་སྔར་བསྒོམས་པ་ལས་བསམ་པའི་ཁྱད་པར་སྐྱེས་པར་གྱུར་པ་དང་ལྡན་པས་ན། ཤིན་ཏུ་ཡིད་ལ་བྱས་པ་དང་ཤིན་ཏུ་བརྙན་པ་ཞེས་བྱའོ།། ་ཏིང་ངེ་འཛིན་གྲུབ་པ་དང་ལྡན་པ་ན་རབ་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་སྟེ། འཕྲུལ་གྱི་མིག་མངོན་དུ་གྱུར་ཅེས་བྱ་བའི་དོན་ཏོ།། ཡངོན་ཤིན་ཏུ་ལེགས་པར་རབ་ཏུ་གཟུང་བ་ནི་མནྟ་ངག་མཉན་པའི་དུས་ན་གཟུང་བའོ།། ཤིན་ཏུ་ཡིད་ལ ་བྱས་པ་ནི་བསམས་པའི་དུས་ན་ལེགས་པར་བསམ་པའོ།། ཤོན་ཏུ་བསྙེན་པ་ནི་བསྒོམ་པའི་དུས་ནོ་ཡང་ནས་ཡང་དུ་གོམས་པར་བྱས་པའོ།། རབ་ཏུ་ཁོང་དུ་ཆུང་བ་ནི་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་དུ་བྱས་པའོ།། ཡང་ན་ཤིན་ཏུ ་བསྙེན་པ་ནི་འཇིག་རྟེན་པའི་ལམ་གྱིས་འཕྲུལ་གྱི་མིག་གྲུབ་པ་རྣམས་ཏེ། དེ་དག་ལ་ཕྱིས་ཉམས་པ་ཡོད་པས་སོ།། རབ་ཏུ་ཁོང་དུ་ཆུད་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་འཕྲུལ་གྱི་མིག་ཐོབ་པ་སྟེ། དེའི་ཕྱིས་ཉམས ་པ་མེད་པའི་ཕྱིར་རོ།། དེ་ཅི་ཞིག་མངོན་དུ་བྱ་ཞེ་ན། དེའི་ཕྱིར་ཉིན་བཱར་དུ་འདུ་ཤེས་བཞག་པ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ཉིན་བར་གྱི་འདུ་ཤེས་ཞེས་བྱ་བ་ནི། སྣང་བ་དང་བཅས་པའི་འདུ་ཤེས་ཡིད་ལ་བྱ་བ ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ།། དྲིའི་དོན་དེ་ཉིད་བསྟན་པའི་ཕྱིར། དེའི་འོད་དང་བཅས་པའི་སེམས་སུ་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་འཕྲུལ་གྱི་མིག་ཐོབ་པར་འདོད་པའི་རྣལ་འབྱོར་པ་དེའི་འོ།། རྣལ་འབྱོར་པ་དེས་ཉིན་པར་གྱི་དུས ་ན་ཡང་ཀུན་ཏུ་འོད་ཀྱིས་གང་ཞིང་མུན་པ་མེད་པར་བསྒོམ་མོ།། སྣང་བའི་འདུ་ཤེས་དེ་ཉིན་མཚན་མཚུངས་པར་བསྒོམ་པར་བྱ་བར་བསྟན་པའི་ཕྱིར། ཇི་ལྟར་ཉིན་པར་དེ་བཞིན་མཚན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི ་ལྟར་ཉིན་བཱར་སྣང་བས་ཁྱབ་པར་བསྒོམ་པ་དེ་བཞིན་དུ་མཚན་མོ་ཡང་སྣང་བས་ཀུན་ཏུ་ཁྱབ་པར་བསྒོམས་ཏེ། སྣང་བས་ཁྱབ་པའི་མཚན་ཉིད་དུ་ཉིན་མཚན་འདྲ་བར་བསྒོམ་པར་སྟོན་ཏོ།། ཚིག་དེས་ནི་དུས་ཐམས་ཅད་དུ ་སྣང་བའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏོ།། ཇི་ལྟར་དུས་ཐམས་ཅད་དུ་བ་སྒོམ་པ་དེ་བཞིན་དུ། སྣང་བའི་འདུ་ཤེས་ཕྱོགས་ཐམས་ཅད་དུ་ཡང་ཁྱབ་པར་བསྒོམ་པར་བསྟན་པའི་ཕྱིར། ཇི་ལྟརྱ་སྨནཱི་པ་དེ་བཞིན་རྒྱུ་བ ་ཅེས་བྱ་བ་ལ་སོགས་ཏེ། ཇི་ལྟར་མདུན་ན་སྣང་བས་ཁྱབ་པར་མངོན་པར་མཐོང་བ་དེ་བཞིན་དུ་རྒྱབ་ཀྱི་ཕྱོགས་སུ་ཡང་སྣང་བས་ཁྱབ་པར་བསྒོམ་།། མདུན་གྱི་ཕྱོགས་དང་སྣང་པོས་ཁྱབ་པའི་མཚན་ཉིད་མ་ནོམ ་བཔར་བསྒོམ་པར་བསྟན་ཏོ།། ཡང་ན་སྤྱན་ཞེས་བྱ་བ་ནི་རི་ལ་སོགས་པས་མ་ཆོད་པ་མངོན་སུམ་དུ་གྱུར་པ་ཀུན་སྣང་བས་ཁྱབ་པར་བསྒོམ་པའོ།། དེ་བཞིན་རྒྱབ་ཅེས་བྱ་བ་ནི་རི་ལ་སོགས་པས་ཆོད་པའི་གནས་སུ་ཡང་རི་དྲང་རྩིག ་པ་ལ་སོགས་པས་ཚིང་པ་མེད་པར་ཐོག་ཐག་དུ་སྣང་བས་གསལ་བར་བསྒོམ་པའོ།། སྟེང་ནཱི་ན་མཁའི་ཉི་མའི་ཆར་བའི་ཕྱོགས་སོ།། འོག་ནི་སྣ་ཆེན་པོའི་འོག་ཐོག་ཐཱག་སྟེ། ཇི་ལྟར་སྟེང་གི་ཕྱོགས་ཉི་མས་གསལ་བའི་འདུ ་ཤེས་ཀྱི་རྒྱས་པར་བྱས་པ་བཞིན་དུ། འོག་གི་ཕྱོགས་ཐམས་ཅད་ཀྱང་སྣང་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པོར་སྟོན་ཏོ།། སྣང་བའི་འདུ་ཤེས་སྒོམ་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་སེམས་གསལ་བ ་ཀུན་ཏུ་ཐོགས་པ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་བཤད་པ་ལྟར་རོ།། སྣང་བའི་འདུ་ཤེས་གྲུབ་པའི་ཏིང་ངེ་འཛིན་ནི་སེམས་གསལ་བ་སྟེ། སྣང་བའི་འདུ་ཤེས་གྲུབ་པའི་སེམས་གསལ ་བ་དེ་ཕྱོགས་དང་དུས་ཐམས་ཅད་དུ་ཐོགས་པ་མེད་པར་ཉིན་པར་ཉི་མ་ཤར་བ་དང་། འདྲ་བའི་འདུ་ཤེས་བཞག་ནས་འོད་དང་བཅས་པའི་འདུ་ཤེས་ཀྱི་ཐོག་ཐག་ཏུ་སྣང་བས་ཁྱབ་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ།། སྣང ་བའི་འདུ་ཤེས་ཀྱིས་ཁྱབ་པར་བསྒོམ་པར་བྱ་བའི་དོན་དཔེས་གསལ་བར་བསྟན་པའི་ཕྱིར།། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྒྱིད་ཀྱི་ཟླ་བ་ཐ་མ་ཞེས་བྱ་བ་ལ། དུས་རྣམ་པ་གསུམ་དུ་བཞིག ་སྟེ། དཔྱིང་དང་དབྱར་དང་དགུན་ནོ།། དེ་ལ་དཔྱིད་ཀྱང་ཟླ་བ་བཞི། དབྱར་ཀྱང་ཟླ་བ་བཞི། དགུན་ཀྱང་ཟླ་བ་བཞིའོ།། དེ་ལ་དབྱར་ཟླ་ར་བ་ཉ་ནས་འབྲིང་པོ་ཉིའི་བར་དུ་ནི་དཔྱིད་ཀྱི་ཟླ་བ་ཐ་མ་ཞེས་བྱ་སྟེ། དུས་དེ་དག་གི་རྒྱུན ་མའི་འོད་ལྷག་པར་གསལ་བའོ།། དཔེ་བསྟན་པ་ཡང་དོན་དུ་སྦྱར་ཏེ། བཤད་པའི་ཕྱིར་དེ་བཞིན་དུ་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེ་དག་ནི་གོང་དུ་བཤད་པར་ཟད་ངོ་།། ཏིང་ངེ་འཛིན་བསྒོམ་པ་གསུམ་པོ་བསྟན ་པའི་འཇུག་བསྡུ་བའི་ཕྱིར། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །། འདོར་ན་མྱདོ་འདིར་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར། སྣང་བའི་འདུ་ཤེས་ཡིད ་ལ་བྱེད་པ་བསྒོ་མ་སྟེ། གང་གི་ཕྱིར་སྣང་བའི་འདུ་ཤེས་ཡིད་ལོ་བྱེད་པ་བསྒོམས་ན། འཕྲུལ་གྱི་མིག་མངོན་པར་ཤེས་པ་ཐོབ་པར་འགྱུར་བའོ།། །། ཏིང་ངེ་འཛིན་བཞི་པ་བསྟན་པོའི་དབང་དུ་མཛད་ནས། དེ་ལ་དགེ་སློང་དག ་ཅེས་བྱ་བ་ལ་སོགས་པ་གསུངསོ།། ཤེས་རབ་ཀྱང་བསམ་གཏན་བཞི་བསྒོམས་པ་ལས་བྱུང་བ། བསམ་གཏན་བཞི་ཡང་ལུས་དབེན་པ་དང་སེམས་དབེན་པ་ལ་ཐོབ་པར་འགྱུར་ཏེ། དེ་བས་ན་ལུས་དབེན་པར་བྱ་དགོས་པའི་ཕྱིར།། དགོན ་པ་འམ་ཤིང་དྲུང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་དབེན་པར་བྱ་དགོས་པས། བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ནི་གོང་དུ་བཤད་པར་ཟད་ངོ་།། མདོར ་ན་དྲི་མ་རྣམས་བརྒྱད་པ་དང་བྲལ་བའི་བསམ་གཏན་བཞི་པ་བསྒོམས་པ་ལས་ནི་དགེ་བ་ཟག་པ་ཅན་དང་ཟག་པ་མེད་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་བྱེད་དེ། དེ་བས་ན་དེ་བསྒོམས་པ་ལས་ཤེས་རབ་ཀྱང་རབ་ཏུ ་རྙེད་པར་འགྱུར་བའི་ཕྱིར་བསམ་གཏན་བཞི་བསྒོམ་པ་ནི། ཤེས་རབ་སོ་སོར་རབ་ཏུ་རྙེད་པར་འགྱུར་བ་ཞེས་བྱའོ།། ང་དྲན་པ་ཉེ་བར་གཞག་པ་བཞི་ལས་བརྩམས་ཏེ། ལོམ་གྱི་ཡན་ལག་བརྒྱད་ཀྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ ་རྩ་བདུན་རིམ་གྱིས་བསྟན་པའི་ཕྱིར། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྟན་པ་ཡིན་ཏེ། དངོས་པོ་ཡོངས་སུ་བརྟག་པའི་ལམ ་དང་། འབད་པ་དང་བཅས་པའི་ལམ་དང་། ཏིང་ངེ་འཛིན་ལས་སུ་རུང་བར་བྱས་པའི་ལམྲ་དང་། མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལོམ་དང་། མངོན་པར་རྟོགས་པ་དང་འདྲེས་པའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། ་རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་མོ།། དེ་ལ་དངོས་པོ་ཡོངས་སུ་བརྟགས་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཏེ། དང་པོ་ཉིད་དུ་དེ་དག་གི་ལུས་དང་ཚོར་བ་དང་ཆོས་དང་། སེམས་ལ་མི་གཙང་བ་དང་། སྡུག་བསྔལ ་བ་དང་། མི་རྟག་པ་དང་། བདག་མེད་པའི་དངོས་པོར་རྟོག་པའི་ཕྱིར་རོ།། འབད་པ་དང་བཅས་པའི་ལམ་ནི། ཡང་དག་པར་སྤོང་བ་བཞི་རྣམས་ཏེ། དེས་དེ་ལྟར་དངོས་པོ་ཐམས་ཅད་བརྟགས་ནས་དེའི་འོག་ཏུ་སྒྲིབ་པ་སྤང་བར་བྱ་བའི ་ཕྱིར་བརྩོན་འགྲུས་རྩོམ་མོ།། ཏིང་ངེ་འཛིན་ལས་སུ་རུང་བར་བྱེད་པའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། ངེས་སྒྲིབ་པ་ཡོངསུ་སྦྱངས་ནས། མོས་པ་དང་བརྩོན་འགྲུས་དང་སེམས་དང་། དཔྱོད་པའི་སྒོ་ནས་སེམས ་དང་ཏིང་ངེ་འཛིན་ལས་སུ་རུང་བར་བྱ་བའི་ཕྱིར་རོ།། མངོན་པར་རྟོགས་པ་ལ་རབ་ཏུ་སྦྱོར་བའི་ལམ་ནི། དབང་པོ་ལྔ་རྣམས་ཏེ། དེས་ཏིང་ངེ་འཛིན་ལས་སུ་རུང་བར་བྱས་ནས། དེས་འཕགས་པའི་བདེན་པ་བཞི་མཐོང་བར་གྱུར་བའི་རྟེན་དུ་གྱུར ་ལྔ། དྲོད་དང་སྤྱི་བོ་ལ་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ།། མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི། སྟོབས་ལྔ་རྣམས་ཏེ། དེ་ལྟར་དབང་པོའི་དུས་ན། བདེན་པོ་མཐོང་བའི་དབང་པོ་ཐོབ་ནས། དེའི་འོག་ཏུ་བདེན་པ་རྟོགས་པར་བྱ་བའི ་མི་མཐུན་པའི་ཕྱོགས་སུ་གྱུར་པ། མ་དད་པ་དང་ལེ་ལོ་དང་། དྲན་པ་ཉམས་པ་དང་། ཡེངས་པ་དང་། ཤེས་རབ་འཆལ་པ་རྣམས་ཟིལ་གྱི་གནོན་ཏེ། བཟོད་པ་དང་། འཇིག་རྟེན་གྱི་ཆོས་མཆོག་ལ་སྦྱོར་བར་བྱེད་པའི་ཕྱིར་རོ།། མངོན ་བར་རྟོགས་པའི་ལམྦ་ནཱི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེའི་དུས་ན་དང་པོ་ཉིད་དུ་འཕགས་པའི་བདེན་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ།། རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་ནི། འོཕགས་པོའི་ལམ་གྱི་ཡན་ལག ་བརྒྱད་རྣམས་ཏེ། དེའི་འོག་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་བསྒོམ་པས་སྤངས་པར་བྱ་བའི་ཉོན་མོངས་པ་སྤངས་ཏེ་དག་པོར་བྱས་ནས། འཁོར་བ་ལས་འབྱུང་བའི་ཕྱིར་ཏེ། དོན་དེ་དག་གི་ཕྱིར་ན་བྱང་ཆུབ་ཀྱི་ཕྱོགས ་སུམ་ཅུ་རྩ་བདུན་གྱི་རིམ་པ་ཡང་དེ་ལྟར་བཀོད་ངོ་།། ཡང་ན་སོ་སོའི་སྐྱེ་བོའི་དུས་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམ་མོ།། དྲོས་ཀྱི་དུས་ན་ནི་ཡང་དག་པར་སྤོང་བ་བཞི་ལ་བསྒོམ་མོ།། སྤྱི་བོའི་དུས་ན་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་ལ ་སྒྲོསྒོམ་མོ།། བཟོད་པའི་དུས་ན་ནི་དབང་པོ་ལྔ་ལ་སྒོམ་མོ།། འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་དུས་ན་ནི་སྟོབས་ལྔ་ལ་བསྒོམ་མོ།། མཐོང་བའི་ལམ་གྱི་དུས་ན་ནི། བྱང་ཆུབ་གྱི་ཡན་ལག་བདུན་ལ་བསྒོམ་མོ།། བསྒོམ་པའི་ལམ་གྱི་དུས་ན ་ནི། འཕགས་པའི་ལམ་ཡན་ལག་བརྒྱ་དེ་ལ་སྒོམ་སྟེ། དེའི་ཕྱིར་ན་ཡང་རིམ་པ་དེ་ལྟར་བཀོད་དོ།། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ།། འདི་ལ་ཞེས་བྱ་བ་ནི། འདོད་པའི་ཁམས་འདིར་ཞེས་པ། ་དོན་ཏོ།། དགེ་སློང་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་རྣལ་འབྱོར་པའི་དགེ་སྦྱོང་ངོ་།། དེ་ཡང་ལུས་དྲན་པ་ཉེ་བར་གཞག་པ་དང་པོར་བཱ་ཤང་དེ། དྲི་ལ་ལུས་ནི་གང་། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་ཅི་ཞིག། དྲན ་པ་ནི་གང་། དྲན་པ་ཉེ་བར་གཞགས་པའི་དོན་ཡང་ཅི་ཞིག་ཅེ་ན། ལུས་གང་ཡིན་བྷྲྀ་ཇི་སྨྲ་བར་བྱའོ།། དེ་ལ་ལུས་ནི་སུམ་ཅུ་རྩ་ལྔ་སྟེ། གང་ཞེ་ན། ནང་གི་དང་། ཕྱིའི་དང་། དབང་པོས་ཡོངས་སུ་བཟུང་བ་དང་། དབང་པོས་ཡོངས ་མ་བཟུང་བ་དང་། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་གྱི་གྲང་སུ་མི་གཏོགས་པ་དང་། གནས་ངན་ལེན་དང་བཅས་པ་དང་། བག་ཡོངས་དང་བཅས་པ་དང་། འབྱུང་བའི་ལུས་དང་། འབྱུང་བ་ལས་གྱུར ་པའི་ལུས་དང་། མིང་གི་ལུས་དང་། གཟུགས་ཀྱི་ལུས་དང་། དམྱལ་བ་པའི་དང་། བྱོལ་སོང་གི་དང་། ཡི་དགས་ཀྱི་དང་། མིའི་དང་། ལྷ་དང་། རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ ་མེད་པ་དང་། ནང་གི་ལུས་དང་། ཕྱིའི་ལུས་དང་། རྣམ་པར་ཤེ་པ་གྱུར་པ་དང་། རྣམ་པར་ཤེས་པ་མ་གྱུར་པ་དང་། བུད་མེད་ཀྱི་ལུས་དང་། སྐྱེས་པའི་ལུས་དང་། མ་ནིང་གི་ལུསྣ་དང་། གྲོགས་ཀྱི་ལུས་དང་། ཕྱོགས་མ་ཡིན ་པའི་ལུས་དང་། ཐ་མལ་པའི་ལུས་དང་། ལུས་ངན་པ་དང་། ལུས་འབྲིང་དང་། ལུས་དམ་པ་དང་། གྲོགས་པོའི་ལུས་དང་། ལང་ཚོའི་ལུས་དང་། དགའ་བའི་ལུས་ཏེ། འདི་དག་ནི་ཐང་ཅིག་ལུས་ཀྱི་རབ་ཏུ་དབྱེ་བའོ།། དེ་ལ་ནང ་གི་ནི་བདག་ཉིད་ཀྱི་ལུས་སོ།། ཕྱི་ནི་གཞན་གྱི་ལུས་སོ།། དབང་པོས་ཡོངས་སུ་གཟུང་བ་ནི་མིག་ལ་སོགས་པའི་དབང་པོ་དང་། བཅས་པའི་ལུས་སོ།། དབྱུང་པོས་ཡོངས་སུ་མ་གཟུང་བ་ནི། གང་མིག་ལ་སོགས་པའི་དབང་པོ་མེད་པ ་སྟེ། ཀ་བ་དང་རྩིག་པ་ལ་སོགས་པའོ།། སེམས་ཅན་གྱི་གྲངས་སུ་གཏོགས་པ་ནི། གང་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་གཟུང་བའོ།། སེམས་ཅན་གྱི་གྲངས་སུ་གཏོགས་པ་ནི། གང་སེམས་དང་སེམས་ལས ་བྱུང་བས་ཡོངས་སུ་མ་ཟིན་པའོ།། གནས་ངན་ལེན་དང་བཅས་པ་ནི། གང་ཉོན་མོངས་པ་མ་སྤངས་པའི་སེམས་ཅན་རྣམས་ཀྱིའོ།། བག་ཡངས་དང་བཅས་པ་ནི། གང་ཉོན་མོངས་པ་འཕགས་པ་རྣམས་ཀྱིའོ།། འབྱུང་བའི ་ལུས་ནི་གང་ས་དང་ཆུ་དང་། མེ་དང་རླུང་རྣམས་སོ།། འབྱུང་བ་ལས་གྱུར་པའི་ལུས་ནི་གང་དབང་པོ་ལྔ་དང་ཡུལ་ལྟ་སྟེ་བཅུའོ།། ། མིང་གི་ལུས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སམ། ཚོར་བ་དང་འདུ་ཤེས་དང ་འདུ་བྱེད་དང་། རྣམ་པར་ཤེས་པའི་གཟུགས་རྣམས་སོ།། གཟུགས་ཀྱི་ལུས་ནི་གང་གཟུགས་ཀྱི་ཕུང་པོ་ཉིད་དེ། དམྱལ་བའི་ལུས་ནི་གང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་གཟུགས་སོ།། བྱོལ་སོང་གི་གང་རྟ་དང་བ་ལང་ལ ་སོགས་པ་ཡིའོ།། ཡི་དགས་ཀྱི་ཡུལ་ནི་གང་ཡི་དགས་རྣམས་ཀྱི་གཟུགསོ།། མིའི་ནི་གང་གླིང་བཞིན་གནས་པའི་མི་རྣམས་ཀྱི་གཟུགས་སོ།། ལྷའི་ནི་གང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ཀྱི་གཟུགསོ།། ་རྣམ་པར་ཤེས་པ་དང་བཅས་པ་ནི། གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྡན་པའི་གཟུགས་དག་གོ།། རྣམ་པར་ཤེས་པ་མེད་པ་ནི་གང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་སྟེ། འདུ་ཤེས ་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གཟུགས་སོ།། ནང་གི་ནི་གང་ཤ་དང་ཁྲག་ལ་སོགས་པས་ཟིན་པའི་གཟུགས་སོ།། ཕྱིའི་ནི་གང་ཤ་དང་ཁྲག་ལ་སོགས་པས་ཡོངས་སུ་མ་ཟིན་པའི་གཟུགས་སོ།། ། ་རྣམ་པར་གྱུར་པ་ནི་གང་ཤི་ནས་སྔོས་པ་དང་། བམ་པར་གྱུར་པའི་གཟུགས་སོ།། རྣམ་པར་མ་གྱུར་པ་ནི་གང་མ་ཤི་ལ། སྔོས་པ་དང་བམ་པར་མོ་གྱུར་པའི་གཟུགས་སོ།། བུད་མེད་ཀྱི་ལུས་ནི་གང་བུད་མེད་ཀྱི་དབང་པོ ་དང་ལྡན་པའི་གཟུགས་སོ།། སྐྱེས་པའི་ལུས་ནི་གང་སྐྱེས་པའི་དབང་པོ་དང་ལྡན་པའི་གཟུགས་སོ།། མ་ནིང་གི་ལུས་ནི་གང་མ་ནིང་གི་མཚན་མ་ལྡན་པའི་གཟུགས་སོ།། གྲོགས་ཀྱི་ལུས་ནི། གླང་བདག། ་དང་མཛའ་ཞིང་བཤེས་པར་གྱུར་པའི་སྐྱེ་བོ་རྣམས་ཀྱི་གཟུགས་སོ།། དེ་ལྟོས་བཟློག་ན་གྲོགས་མ་ཡིན་པའི་ལུས་ཏེ། དགྲ་རྣམས་ཀྱི་གཟུགས་སོ།། ཐ་མལ་པའི་ལུས་ནི། གང་བདག་དང་བཤེས་པ་ཡང་མ་ཡིན་དགྲ ་ཡང་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་གཟུགས་སོ།། ལུས་ངན་པ་ནི་གང་ཁ་དོག་དང་དབྱིབས་མི་མཛེས་པའི་ལུས་སོ།། ལུས་པར་མ་ནི་གང་ཁ་དོག་དང་དབྱིབས་མཛེས་པ་ཡང་མ་ཡིནྡ། མི་མཛེས་པ་ཡང་མ་ཡིན་པའི ་གཟུགས་སོ།། ལུསོ་དམ་པ་ནི་གང་ཁ་དོག་དང་དབྱིབས་མཛེས་པའོ།། རོགས་པའི་ལུས་ནི་གང་བྱིས་པའི་དུས་ཀྱི་ལུས་སོ།། ལང་ཚོའི་ལུས་ནི་དར་ལ་བབ་པའི་གཟུགས་སོ།། རྒས་པའི་གཟུགས་ནི། གང་དབང་པོ ་དང་འབྱུང་བ་ཆེན་པོ་རྣམས་ལུས་ཞུམ་ཞིང་རྙིས་པར་གྱུར་པའི་ལུས་སོ།། ལུས་དེ་དག་ཀྱང་བསྡུས་ན་རྣམ་པ་གསུམ་དུ་འགྱུར་ཏེ། ནང་གི་ལུས་དང་ཕྱིའི་ལུས་དང་ཕྱི་ནང་གཉི་གའི་ལུསྭཱ་སོསྷོ།། དེ་ལ་ནང་གི་ལུས་ནི་བདག ་རང་ཉིད་ཀྱིས་ལུས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པའོ།། ཕྱིའི་ལུས་ནི་གཟུགས་ལ་སོགས་པ་སྟེ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ།། ཕྱི་ནང་གཉི་གའི་ལུས་ནི་སེམས་ཅན་གཞན་ངག་གི་ལུས ་སེམས་ཅན་གྱི་གྲངས་སུ་གཏོགས་པ་སྟེ། བདག་ལ་བལྟོས་ནས་གཞན་དུ་གྱུར་པས་ཕྱི་ཞེས་བྱའོ།། སེམས་ཅན་གྱི་གྲངས་སུ་གཏོགས་པས་ན་ནང་ཞེས་བྱའོ།། ཡང་ན་དབང་པོས་ཡོངས་སུ་ཟིན་པའི་གཟུགས་ནི་ནང་གི ་ལུས་སོ།། དབང་པོས་ཡོངསུ་མ་ཟིན་པའི་གཟུགས་ནི་ཕྱིའི་ལུས་སོ།། གཞན་དག་གི་རྒྱུད་དུ་གཏོགས་པས་དབང་པོ་སྡེ་ཡོངས་སུ་ཟིན་པའི་གཟུགས་ནི་ཕྱི་ནང་གཉིས་ཀྱི་ལུས་སོ།། ཡང་ན་གང་མཉམ་པར་བཞག ་པའི་ས་པ་བག་ཡངས་དང་བཅས་པའི་གཟུགས་ནི་ནང་གི་ལུས་སོ།། གང་བདག་གི་ལུས་མཉམ་པར་མ་བཞག་པའི་ས་པ་གནས་ངན་ལེན་པ་དང་བཅོས་པ་ནི་ཕྱིའི་ལུས་སོ།། གཞན་གྱི་ལུས་གནས་ངན་ལེན་དང ་བཅས་པའམ། བག་ཡངས་དང་བཅས་པའི་གཟུགས་ནི་ཕྱི་ནང་གཉི་གའི་ལུས་སོ།། ཡང་ནཱ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་ནང་གི་ལུས་སོ།། རྣམ་པར་ཤེས་པ་མེད་པའི་གཟུགས་སེམས་ཅན ་གྱི་གྲངས་སུ་གཏོགས་པ་རྣམ་པར་སྤྲོས་པ་དང་། རྣམ་པར་བྲིམ་པ་ལ་སོགས་པའི་དུས་ན་ནི་ཕྱིའི་ལུས་སོ།། རྣམ་པར་ཤེས་པ་མེད་པའི་གཟུགས་ཀྱང་། འདས་པའི་དུས་ན་རྣམ་པར་ཤེས་པ་དང་བཅས་པ་དང་། ་རྣམ་པར་ཤེས་པ་དང་བཅས་པའི་གཟུགས་ཀྱང་མ་འོང་བའི་དུས་ན། རྣམ་པར་ཤེས་པ་མེད་པར་གྱུར་པ་ནི། ནང་དང་ཕྱིའི་ལུས་སོ།། ཡང་ན་སྐྲ་དང་སྤུ་དང་སེན་མོ་དང་། ཁྲག་ལ་སོགས་པར་ལྡན་པ་ནི་ནང་གི ་ལུས་སོ།། གཞན་གྱི་སྒྲ་དང་སྤུ་དང་། སེན་མོ་དང་ཁྲག་ལ་སོགས་པ་དང་བཅས་པའི་ནི་ཕྱིའི་ལུས་སོ།། བདག་ཉིད་ཀྱི་ལུས་རྣམ་པར་བམ་པ་དང་། རྣམ་པར་སྔོས་པ་ལ་སོགས་པའི་དུས་ན་ནི་ཕྱིའི་ལུས་ཏེ། འདི་ནི ་ལུས་ཀྱི་རབ་ཏུ་དབྱེ་བའི་དོན་བསྡུས་པའོ།། དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཇི་ལྟ་བུ་ཞེ་ན། དེ་ནི་ཤེས་རབ་རྣམ་པ་གསུམ་སྟེ། མཉན་པ་ལས་བྱུང་བའི་ཤེས་རབ་དང་། བསམ་པ་ལས་བྱུང་བའི་ཤེས་རབ་དང་། བསྒོམ ་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་གང་གིས་ལུས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་ངུ་ཁོང་དུ་ཆུད་ཅིང་རྟོགས་པར་བྱེད་པའོ།། དེ་ལ་དྲན་པ་གང་ཞེ་ན། གང་གི་ལུས་ཀྱི་དབང་དུ་བྱས་ནས་བསྟན་པའི་ཆོས་དེ ་ངག་ཉེ་བར་གཟུང་ཞིང་ཆོས་གང་ཉེ་བར་བཟུང་བའི་དོན་རྣམས་ཀྱིས་བསམ་པ་དང་། བསྒོམ་པས་མངོན་སུམ་དུ་བྱས་པའི་ཡི་གེ་དང་དོན་རྣམས་ལ་མ་བརྗེད་པའོ།། དྲན་པ་ཉེ་བར་གཞག་པའི་དོན་ཅི་ཞེ་ན། དེ་ཡང་རྣམ་པ ་གསུམ་སྟེ། དྲན་པ་སྲུང་བར་བྱེད་པ་དང་། ཡུལ་ལས་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་པ་དང་། དམིག་པ་ལ་ཉེ་བར་འདོགས་པར་བྱེད་པའོ།། དེ་ལ་དྲན་པ་སྲུང་བར་བྱེད་པ་ནི། དང་པོ་ནས་དབང་པོ་དང་སེམས་རྣམས ་ཡུལ་ལ་མི་འཇུག་པར་སྡོམ་པ་དང་། ཡུལ་ལས་ཀུན་ནས་ཉོན་མོང་བ་མེད་པ་བདདེ་པ་ནི་ཡུལ་ལ་ཞུགས་ན་ཡང་། གཟུགས་ལ་སོགས་པ་མཚན་མར་མི་འཛིན་བཟང་པོར་མི་འཛིན་པའོ།། དམིགས་པ་ལ་སེམས་ཉེ ་བར་འདོགས་པར་བྱེད་པ་ནི། བསྒོམ་པར་བྱ་བའི་ཡུལ་ལ་སེམས་རྩེ་གཅིག་དུ་འཇོག་པའོ།། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་ནམ་བདག་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པའི་གཟུགས་ལ ་རང་དང་སྤྱིའི་མཚན་ཉིད་དུ་ཤེས་རབ་ཀྱི་མཐོང་བར་བྱེད་པ་ནི། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། ལུས་ཀྱི་རང་གི་མཚན་ཉིད་ནི། རྡུལ་ཕྲ་མོ་དུ་མ་བསགས་པ་ལས་གྱུར་པ་སྣབས་དང་། མཆིལ་མ་དང་ཁྲག་དང་ཆུ་སེར་ལ ་སོགས་པ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བའོ།། དེ་ལྟར་བསྒོམ་པ་ན་ཡང་གཉེན་པོས་གསལ་བར་མཐོང་བར་བྱ་བ་དང་། མི་མཐུན་པའི་ཕྱོགས་སྤངས་ནས་གནས་པར་བྱ་སྟེ། རྣམ་པ་གཉིས་སོ།། དེ་ལ་གཉེན་པོ་ཡང་ཤེས་རབ་ཀྱི་ལུས་ཀྱི ་རང་གི་མཚན་ཉིད་མཐོང་བ་དང་། ཤེས་རབ་ཀྱི་ལུས་ཀྱི་སྤྱིའི་མཚན་ཉིད་མཐོང་བ་དང་། དེ་ལྟར་ཤེས་རབ་ཀྱི་མཐོང་བའི་ཆོས་དེ་ལ་ཞི་གནས་རྩི་གཅིག་ཏུ་འཇོག་པའོ།། མི་མཐུན་པའི་ཕྱོགས་ཀྱང་གཉིས་ཏེ་ལུས་དང་གཟུགས་ལ་སོགས་པའི ་ཡུལ་ལ་ཆགས་པ་དང་། དེ་དག་ཉིད་ལ་ཁོང་ཁྲོ་བའི་ལུས་ཀྱི་རང་གི་མཚན་ཉིད་ཤེས་རབ་ཀྱིས་མཱི་གཙང་བ་ལ་སོགས་པར་ཕྱིན་ཅི་ལོག་པར་མཐོང་བ་ནི་གསལ་བའོ།། ལུས་ཀྱི་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར་མཐོང་བ་ནི། ་ཡང་དག་པར་རབ་ཏུ་ཤེས་པའོ།། ཤེས་རབ་ཀྱི་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་མཐོང་བ་དེ་ཉིད་ཀྱི་དོན་མ་བརྗེད་ཅིང་དེ་ལ་རྟག་ཏུ་ཞི་གནས་ཀྱི་སེམས་རྩ་གཅིག་ཏུ་འཇོག་པོ་ནི་དྲན་པ་དང་ལྡན་པའོ།། ལུས་དྲན་པ་ཉེ་བར་གཞག་པའི་བར ་དུ་གཅོད་པའི་བར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལུས་དང་གཟུགས་ལ་སོགས་པ་ལ་ཆགས་པ་སྤངས་པ་ནི། འཇིག་རྟེན་གྱི་ཆགས་པ་དང་བྲལ་བའོ།། དེའི་བར་དུ་གཅོད་པ་ཞེ་སྡང་སྤངས་པ་ནི། ཡིད་མི་བདེ་བ་སྤངས ་པ་ཞེས་བྱའོ།། གནས་པའི་གྲོང་དུ་བཤད་པ་ལྟར་བསྒོམ་པའོ།། ནམ་ཕྱིའི་ལུས་གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་ནི། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང ་གནས་པ་ཞེས་བྱ་སྟེ། རང་གི་མཚན་ཉིད་ནི་རྡུལ་ཕྲ་རབ་བསགས་པའི་ངོ་བོའོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ། གསལ་བ་ཡང་དག་པར་རབ་ཏུ་ཤེས་པ་ཡང་དེའི་སླད་དུ་སྦྱར་ཞིང་། དེ ་དག་གི་དོན་ཡང་སྔར་བསྟན་པ་བཞིན་དུ་བལྟའོ།། སེམས་ཅན་གཞན་དག་གི་ལུས་སེམས་ཅན་གྱི་གྲངས་གཏོགས་པའི་རང་དང་སྤྱིའི་མཚན་ཉིད་རྟོག་པར་བྱེད་པ་ནི། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བ་ཞེས་བྱ་སྟེ། རྙོང་དང་སྤྱིའི ་མཚན་ཉིད་ཀྱང་གོང་དུ་བཤད་པ་བཞིན་དུ་བལྟའོ།། ནང་གི་ཚོར་བ་དང་ཕྱིར་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་ཚོར་བ་གང་ཞོ་ན། འདི་ལྟ་སྟེ་བདེ་བ་དང་བསྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། ་ཚོར་བའོ།། བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་ཡང་ལུས་དང་ལྡན་པ་དང་། དེ་བཞིན་དུ་སེམས་དང་ལྡན་པའོ།། ཚོར་བ་ལ་སོགས་པ་བདེ་བ་ཡང་ཟང་ཟིང་དང་བཅས་པ་དང་། ཟང ་ཟིང་མེད་པ་དང་། ཆགས་པ་ལ་བསྟེན་པ་དང་། འབྱུང་བ་ལ་སྟེན་པ་སྟེ་འདི་དག་ནི་ཚོར་བའི་རབ་ཏུ་དབྱེ་བའོ།། དེ་ལ་ལུས་དང་སེམས་ལ་སིམ་པ་ཕན་པར་བྱེད་པ་ནི་བདེ་བའི་ཚོར་བའོ།། ལུས་དང་སེམས་ལ་གནོད་པ་དང་གདུང་བར་བྱེད་པ་ནི ་སྡུག་བསྔལ་གྱི་ཚོར་བའོ།། ལུས་དང་སེམས་ལ་ཕན་པ་ཡང་མི་བྱེད་གདུང་བར་ཡང་མི་བྱེད་པ་ནི། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ།། ཚོར་བ་དེ་གསུམ་ཡང་། ནམ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི ་རྣམ་པར་ཤེས་པ་ལྔ་དང་འབྲེལ་པའི་དུས་ན་ནི་ལུས་དང་ལྡན་པའོ།། ཚོར་བ་དེ་གསུམ་ཡིད་ཀྱི་རྣམ་པར་ཤེས་པ་དང་འབྲེལ་བའི་དུས་ན་ནི། སེམས་དང་ལྡན་པའོ།། ཚོར་བ་གསུམ་མྱ་ངན་ལས་འདས་པ་དང་། རྗེསུ་མཐུན་པར་གྱུར་ན་ནི། ་ཟང་ཟིང་མེད་པའོ།། ཁམས་གསུམ་དུ་གཏོགས་པའི་ཚོར་བ་ཐམས་ཅད་ནི་ཟང་ཟིང་དང་བཅས་པའོ།། ནམ་འཕགས་པའི་ལམ་དང་རྗེས་སུ་མཐུན་པར་གྱུར་པ་ནི། འབྱུང་བ་ལ་བརྟེན་པའོ།། འདོད་པའི་ཡོན་ཏན་ལྔ་ལ་ཞེན་པ་ནི་ཞེན་པ ་ལ་བརྟེན་པ་ཞེས་བྱའོ།། དེ་ལ་རྗེས་སུ་ལྟ་བ་དང་དྲན་པ་དང་དྲན་པ་ཉེ་བར་གཞག་པ་གང་ཡིན་པའི་དོན་རྣམས་ནི། ལུས་དྲན་པ་ཉེ་བར་གཞག་པའི་སྐབས་སུ་བཤད་པ་བཞིན་དུ་བལྟའོ།། དེ་ལ་བདག་ཉིད་ཀྱི་ལུས་སེམསྣ་ཅན་གྱི་གྲངས ་སུ་གཏོགས་པ་ལ་དམིགས་པ་ལས། ཚོར་བ་བདེ་བ་ལ་སོགས་པ་སྐྱེས་པ་ནི། ནང་དང་ཕྱིའི་ཚོར་བ་ཞེས་བྱ་སྟེ། ཚོར་བ་རྣམ་པ་གསུམ་ཡང་སྡུག་བསྔལ་དང་འབྲེལ་བར་མཐོང་བ་ནི། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར ་གཞག་པའོ།། སྡུག་བསྔལ་གསུམ་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལོ།། དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ། བདེ ་བའི་ཚོར་བ་ནི་ཐང་ཅིག་བདེར་ཟིན་ཀྱང་། ཕྱིས་སྡུག་བསྔལ་གྱི་རྒྱུར་འགྱུར་བས་ནུ་འགྱུར་བའི་སྡུག་བསྔལ་དང་འབྲེལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པའི་ཆོས་དང་ལྡན་པས་ན་འདུ་བྱེད་ཀྱི་སྡུག ་བསྔལ་དང་འབྲེལ་ཏེ། གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་དུ་བལྟའོ།། ནང་གི་སེམས་དང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཕྱེ་ན་རྣམ་པ་ཉི་ཤུ་སྟེ། འདོད་ཆགས་དང་བཅས་པའི་སེམས་དང་། འདོད་ཆགས ་དང་བྲལ་བའི་སེམས་དང་། ཞེ་སྡང་དང་བཅས་པའི་སེམས་དང་། ཞེ་སྡང་དང་བྲལ་བའི་སེམས་དང་། གཏི་མུག་དང་བཅོས་པའི་སེམས་དང་། གཏི་མུག་དྲུང་བྲལ་བའི་སེམས་དང་། འདུས་པའི་སེམས་དང་། རྣམ་པར་གཡེངས ་པའི་སེམས་དང་། ཞུམ་པའི་སེམས་དང་། གཟེགས་མཐོ་བའི་སེམས་དང་། རྒོད་པའི་སེམས་དང་། རྒོད་པ་མེད་པའི་སེམས་དང་། ཞི་བའི་སེམས་དང་། མ་ཞི་བའི་སེམས་དང་། ཤིན་ཏུ་མཉམ་པར་བཞག་པའི་སེམས་དང་། ཤིན ་ཏུ་མཉམ་པར་མ་གཞག་པའི་སེམས་དང་། ཤིན་ཏུ་མཉམ་པར་བཞག་པ་མ་ཡིན་པའི་སེམས་དང་། ལམ་ཤིན་ཏུ་བསྒོམས་པའི་སེམས་དང་། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའི་སེམས་དང་། ཤིན་ཏུ་བསྒོམས་པ་ལས ་གྲོལ་བའི་སེམས་དང་། ཤིན་ཏུ་བསྒོམས་པ་ལས་གྲོལ་བ་མ་ཡིན་པའི་སེམས་སོ།། དེ་ལ་གང་ཆགས་པར་བྱ་བའི་དངོས་པོ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་མངོན་སུམ་སྤྱོད་པ་ནི། འདོད་ཆགས་དང་བཅས་པའི་སེམས་ཞེས་བྱའོ།། ། ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བག་ལ་ཉལ་ཙམ་དུ་ཟད་ཀྱི།། དངོས་སུ་སྤྱོད་པ་མེད་པ་ནི། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱའོ།། ཞེ་སྡང་བའི་དངོས་པོ་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པ་མངོན་སུམ་དུ་སྤྱོད་པ་ནི་ཞི ་སྡང་དང་བཅས་པའི་སེམས་ཞེས་བྱའོ།། ཞེ་སྡང་བག་ལ་ཉལ་ཙམ་དུ་ཟད་ཀྱི། དངོ་ས་སུ་བྱུང་བ་མེད་པ་ནཱི། ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱའོ།། ཀུན་ཏུ་གཏི་མུག་པར་གྱུར་པའི་དངོས་པོ་ལ་རྨོངས་པ་ཀུན་ཏུ་འབྱུང་བ་ནི། གཏི་མུག ་དང་བཅས་པའི་སེམས་ཞེས་བྱའོ།། གཏི་མུག་བག་ལ་ཉལ་ཙམ་དུ་གནས་པ་ནི། གཏི་མུག་དང་བྲལ་བའི་སེམས་ཞེས་བྱའོ།། སེམས་དྲུག་པོ་དེ་དག་ནི་ཀུན་ཏུ་སྤྱོད་པའི་དུས་ན་འབྱུང་བ་ལས་གཞག་པར་མི་རིགས་པར་བྱའོ།། དེ་ལ ་གསུམ་ནི། ཀུན་ནས་ཉོན་མོངས་པའི་ཕྱོགས་སོ།། གསུམ་ནི་དེ་དག་གི་གཉེན་པོའི་ཕྱོགས་སོ།། དེ་ལ་ཞི་གནས་ཀྱི་རྣམ་པོར་སེམས་ནང་དུ་གནས་པར་གྱུར་པ་འདུས་པའི་སེམས་སོ།། འདོད་པའི་ཡོན་ཏན་ལྔའི་རྗེསུ་འབྲིངས་པ ་གཡེངས་པའི་སེམས་སོ།། གཉིད་དང་རྨུག་པ་དང་ལྡན་པ་ནི་ནུམ་པའི་སེམས་སོ།། གཉིད་དང་རྨུགས་པ་སེལ་བར་བྱེད་པའི་ཆོས་རབ་ཏུ་དང་བར་བྱེད་པ་འགའ་ཞིག་ལ་དམིགས་ནས་སེམས་དགའ་བར་བྱས་པ་ནི་གཟེངས ་མཐོས་པའི་སེམས་སོ།། སེམས་གཟེངས་བསྟོད་པ་ལུས་སླར་གཡེངས་པར་གྱུར་པ་ནི། རྒོད་པའི་སེམསོ།། ཞུམ་རྒོད་སྤངས་ནུས་སེམས་བཏང་སྙོམས་སུ་གྱུར་པ་ནི། རྒོད་པ་མེད་པའི་སེམས་སོ།། གཉིད ་དང་རྨུགས་པ་དང་འགྱོད་པ་དང་ཐེ་ཚོམ་ལ་སོགས་པ་སྒྲིབ་པ་དང་བྲལ་བ་ནི་ཞི་བཱི་སྡེམ་སོ།། སྒྲིབ་པ་དེ་དག་དང་མ་བྲལ་བ་ནི་མ་ཞི་བའི་སེམས་སོ།། རྩ་བའི་བསམ་གཏན་བཞི་ལ་ཞུགས་པ་ནི། ཤིན་ཏུ་མཉམ་པར་བཞག་པའི་སེམས ་སོ།། རྩ་བའི་བསམ་གཏན་བཞི་ལ་མ་ཞུགས་པ་ནི་ཤིན་ཏུ་མཉམ་པར་མ་བཞག་པའི་སེམས་སོ།། རྩ་བའི་བསམ་གཏན་དེ་དག་ཉིད་ལ་ཤིན་ཏུ་བསྒོམས་པ་དང་། དུས་རྙིང་དུ་བསྒོམས་པས་ནཱི་དག་རཱི་དབང་དུ་གྱུར་པ་ནི་ལམ་ཤིན་ཏུ ་བསྒོམས་པའི་སེམས་སོ།། རྩ་བའི་བསམ་གཏན་ཐོབ་ཀྱང་ཤིན་ཏུ་མ་བསྒོམས་ལ། དུས་རིང་དུ་མ་བསྒོམས་པས་ཅི་དགར་དབང་ཐོབ་པར་མ་གྱུར་པ་ནི། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའི་སེམས་སོ།། ལམ་ཤིན། ་སྒོམས་པ་ལྟས་ཉོན་མོངས་པ་ཐམས་ཅད་བྱུང་བ་དང་། ཤིན་ཏུ་བྱང་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའི་སེམས་སོ།། ཉོན་མོངས་པ་ཐམས་ཅད་ཤིན་ཏུ་བྱུང་བ་མ་ཡིན་པའི་ཉོན་མོངས་པ་ཁ་ཅིག་བྱུང་བ་ནི་ཤིན་ཏུ་བསྒོམས་པས ་གྲོལ་བ་མ་ཡིན་པའི་སེམས་ཏེ། སེམས་བཅུ་དྲུག་པོ་དེ་དག་ནི་གནས་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པར་རིག་པར་བྱའོ།། སེམས་ཉི་ཤུ་པོ་དེ་དག་ཀྱང་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ནང་གི་སེམས་དང་། ་ཕྱིའི་སེམས་དང་། ཕྱི་ནང་གི་སེམས་སོ།། དེ་ལ་བདག་གི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས་སེམས་ཉི་ཤུ་པོ་བྱུང་བ་ནི་ནང་གི་སེམས་ཞེས་བྱའོ།། གཟུགས་ལ་སོགས་པ་སེམས་ཅན་གྱི་གྲངས་སུ ་མ་གཏོགས་པ་ལ། དམིགས་པ་ལས་སེམས་ཉི་ཤུ་པོ་དེ་དག་བྱུང་བ་ནི་ཕྱིའི་སེམས་ཞེས་བྱའོ།། སེམས་ཅན་གཞན་གྱི་གཟུགས་སེམས་ཅན་གཞན་གྱི་གྲངས་སུ་གཏོགས་པ་ལ་སེམས་དམིགས་པ་ལ་སེམས་ཉི་ཤུ་པོ ་དེ་དག་བྱ་བ་ནི་ནང་དང་ཕྱིའི་སེམས་ཞེས་བྱ་སྟེ། སེམས་ལ་ཡང་སྐད་ཅིག་ཏུ་འདོད་ཆགས་དང་བཅས་པ་དང་། སྐད་ཅིག་ཏུ་འདོད་ཆགས་དང་བྲལ་བ་ལ་སོགས་པར་འགྱུར་ཏེ། སྐད་ཅིག་ཀྱང་མི་གནས་པ་རང་བཞིན་གཞན་དང ་གཞན་དུ་འགྱུར་བར་རྟོགས་པར་བྱེད་པོ་ནི། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། གསལ་བ་ལ་སོགས་པའི་དོན་གཞན་ནི་གོང་དུ་བཤད་པར་ཟད་དོ།། ནང་གི་ཆོས་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ནི་ནག་པོའི ་ཕྱོགས་དང་། དཀར་པོའི་ཕྱོགས་རྣམ་པ་གཉིས་ལས་ཕྱེ་ན། རྣམ་པ་ཉི་ཤུར་རིག་པོར་བྱའོ།། ཉི་ཤུ་པོ་དེ་དག་གང་ཞེ་ན། འདོད་ཆགས་དང་འདོད་ཆགས་འདུལྟ་བ་དང་། ཞེ་སྡང་དང་ཞེ་སྟོང་འདུལྟ་བ་དང་། གཏི་མུག་དང ་གཽཏི་མུག་འདུལ་བ་དང་། འོངས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། གཟེངས་མཐོ་བ་དང་། རྒོད་པ་དང་། རྒོད་པ་མེང་པ་དང་། ཞི་བ་དང་། མི་ནི་བ་དང་། ཤིན་ཏུ་མཉམ་པ་རེ་བཞེག་པ་དང་། ཤིན་ཏུ་མཉམ་པར་བཞག་པ ་མ་ཡིན་པ་དང་། ལམ་ཤིན་ཏུ་བསྒོམས་པ་དང་། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པ་དང་། ཤིན་ཏུ་བསྒོམས་པས་གྲོལ་བ་དང་། ཤིན་ཏུ་བསྒོམས་པས་གྲོལ་བ་མ་ཡིན་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང ་གཡེངས་པ་དང་། ཞུམ་པ་དང་། རྒོད་པ་དང་མ་ཞི་བ་དང་། མཉམ་པར་མ་བཞག་པ་དང་། ལམ་ལེགས་པར་མ་བསྒོམས་པ་དང་། ལེགས་པར་བསྒོམས་པས་གྲོལ་བ་མེད་པ་སྟེ། བཅུ་ནི་ནག་པོའི་ཕྱོགས་སོ།། འདོད་ཆགས་འདུལ་བ་དང་། ཞེ ་སྡུང་འདུལ་བ་དང་། གཏི་མུག་འདུལ་བ་དང་། འདུས་པ་དང་། གཟེངས་མི་མཐོ་བ་དང་། མི་རྒོད་པ་དང་། ཞི་བ་དང་། མཉམ་པར་བཞག་པ་དང་། ལམ་ལེགས་པར་བསྒོམས་པ་དང་། ལེགས་པར་བསྒོམས་པས་གྲོལ་བ་སྟེ། བཅུ་ནི་དཀར ་ཕྱོགས་སོ།། དེ་ལ་གཟུགས་དྲང་འདོད་པའི་ཡོན་ཏན་ལ་ཆགས་པ་ནི་འདོད་ཆགས་སོ།། མི་གཙང་བ་བསྒོམས་པ་ནི་འདོད་ཆགས་འདུལ་བའོ།། དགྲ་ལ་སོགས་པ་ལ་ཁོང་ཁྲོ་བ་ནི་ཞེ་སྡང་ངོ་།། བྱམས་པ་ནི་ཞེ་སྡང་འདུལ་བའོ།། ལས ་དང་ལུས་ཀྱི་འབྲས་བུ་མི་ཤེས་པ་ནི་གཏི་མུག་གོ།། ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ནི་གཏི་མུག་འདུལ་བའོ།། སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་ནི་འདུས་པའོ།། སེམས་འདོད་པའི་ཡོན་ཏན་ལ་ཞུགས་པ། ་ནི་གཡེངས་པའོ།། སེམས་གཉིད་དང་རྨུགས་པས་ནོན་པ་ནི་ཞུམ་པའོ།། བསམ་གཏན་གྱི་འབྲས་བུ་འམ། དེ་བཞིན་གཤེགས་པའི་ཡོན་ཏན་བསམས་ནས་གཉིད་དང་རྨུགས་པ་བསལ་བ་ནི་གཟེངས་མཐོ་བའོ།། སེམས་གཟེངས ་བསྐྱོད་པ་ལས་སླར་སེམས་འཕྲོས་པར་གྱུར་པ་ནི་རྒོད་པའོ།། ཞུམ་རྒོད་གཉིས་སྤངས་ཏེ་སེམས་མཉམ་པར་གྱུར་པ་ནི་སྤྱོད་པ་མེད་པའོ།། གཉིད་དང་རྨུགས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ནི་ཞི་བའོ།། སྒྲིབས་པ་དང་མ་བྲལ་བ་ནི། ་མཱ་ཞི་བའོ།། བསམ་གཏན་དང་བློ་དང་གཉིས་པ་དང་གསུམ་པ་དང་བཞི་པ་སྟེ། རྩ་བའི་བསམ་གཏན་ལ་ཞུགས་པ་ནི། ཤིན་ཏུ་མཉམ་པར་བཞག་པའོ།། རྩ་བའི་བསམ་གཏན་ལ་མ་ཞུགས་པ་ནི་མཉམ་པར་བཞག་པ་མ ་ཡིན་པའོ།། དེ་ལ་འཕགས་པའི་ལམ་བསྒོམ་པ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པའོ།། འཕགས་པའི་ལམ་བསྒོམ་བྱ་མ་ཐོབ་པ་ནི། ལམ་ཤིན་ཏུ་བསྒོམས་པ་མ་ཡིན་པའོ།། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས ་ནནུས་ཕྱིས་མི་སྐྱེ་བ་ནི་ཤིན་ཏུ་བསྒོམས་པས་གྲོལ་བའོ།། ཉོན་མོངས་པ་མ་ལུས་པར་སྤངས་པ་མ་ཡིན་པ་ནི་ཤིན་ཏུ་བསྒོམས་པར་གྲོལ་བུ་མ་ཡིན་པའོ།། ཆོས་དེ་དག་ཀྱང་རྣམ་པ་གསུམ་དུ་བཞག་སྟེ། ནང་གི་ཆོས་དང་། ཕྱིའི ་ཆོས་དང་། ནང་དདྨ་ཕྱིའི་ཆོས་སོ།། དེ་ལྟ་བདག་རང་ཉིད་ཀྱི་ལུས་སེམས་ཅན་གྱི་གྲངསུ་གཏོགས་པ་ལས་ནག་པོ་འམ་དཀར་པོའི་ཆོས་བྱུང་བ་ནི་ནང་གི་ཆོས། གཟུགས་ལ་སྩོགས་པ་སེམས་ཅན་གྲངས་སུ་གཏོགས་པ་ལ་དམིགས་པ་ལས། ་དཀར་པོ་འམ་ནག་པོའི་ཆོས་བྱུང་བ་ནི། ཕྱིའི་ཆོས་སོ།། སེམས་ཅན་གཞན་གྱི་ལུས་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལ་དམིགས་པ་ལས་དཀར་པོ་འམ་ནག་པོའི་ཆོས་བྱུང་བ་ནི། ནང་དང་ཕྱིའི་ཆོས་ཞེས་བྱ་སྟེ། ནག་པོའི་ཆོས ་ཀྱིས་ནི་ཀུན་ནས་ཉོན་མོངས་པར་འགྱུར། དཀར་པོའི་ཆོས་ཀྱིས་ནི་རྣམ་པར་བྱུང་བར་འགྱུར་བ་ཙམ་དུ་ཟད་ཀྱི། འདི་ན་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་གྲམ། རྣམ་པར་བྱང་བར་བྱེད་པའི་བདག་མེད་དོ་ཞེས་ལྟ་བ་ནི། ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་སྟེ། གསལ་བ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ།། དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ཡང་རྣམ་པ་ལྔར་རྣམ་པར་བཞག་སྟེ། རྣམ་པ་ལྔ་ནི་དམིགས་པ་དང་། རང་བཞིན་དང་། གྲོགས ་དང་། སྒོམ་པ་དང་། བསྒོམས་པའི་འབྲས་བུའོ།། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལ་རྣམ་པ་ལྔར་རྣམ་པར་བཞག་པ་བཞིན་དུ། བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ལ་ཡང་།། རྣམ་པ་ལྔ་ལྔར་བཞག་གོ།། དྲན་པ་ཉེ་བར་བཞག་པའི ་དམིགས་པ་གང་ཞེ་ན། དེ་ཡང་བཞི་སྟེ། ལུས་དང་སེམས་དང་ཚོར་བ་དང་ཆོས་སོ།། ཡང་ན་བདག་གི་རྟེན་གྱི་དངོས་པོ་དང་། བདག་ཀུན་ནས་ལོངས་སྤྱོད་པའི་དངོས་པོ་དང་། བདག་ཉིད་ཀྱི་དངོས་པོ་དང་། བདག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང ་བར་བྱེད་པའི་དངོས་པོ་སྟེ། དེ་བཞིན་ནི་དྲན་པ་ཉེ་བར་གཞག་པའི་དམིགས་པར་བྱའོ།། དེ་ལ་བདག་གི་དངོས་པོ་ནི་ལུས་སོ།། བདག་ཀུན་ནས་ལོངས་སྤྱོད་པར་བྱེད་པའི་དངོས་པོ་ནི་ཚོར་བའོ།། བདག་ཉིད་ཀྱི་དངོས་པོ་ནི་སེམས་སོ།། བདག་ཀུན་ནས་ཉོན་མོངས ་པ་དང་རྣམ་པར་བྱང་བར་བྱེད་པའི་དངོས་པོ་ནི་ཆོས་སོ།། དེ་ལ་ཡང་ཇི་ལྟར་དམིགས་པ་ཞེ་ན། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་དག་ཕལ་ཆེར་དབང་པོ་དང་བཅས་པའི་ལུས་ལ་དག་རྟེན་ཅིང་བདེ་བ་ལ་སོགས་པ་ཀུན་དུ་ལོངས་སྤྱོད་པར་བྱེད་ལ། ་དེ་ལྟར་ཀུན་ཏུ་ལོངས་སྤྱོད་པར་བྱུད་པའི་བདག་དེ་ཡང་སེམས་ཉིད་ཡིན་ཏེ། བདག་དེ་འདོད་ཆགས་ལ་སོགས་པས་ནི། ཀུན་ནས་ཉོན་མོངས་པར་འགྱུར་ལ། དད་པ་ལ་སོགས་པས་ནི་རྣམ་པར་བྱང་བར་འགྱུར་ཏེ་ཞེས་རྟོགས་པར་བྱ་བའི་ཕྱིར་ལུས་ལ ་སོགས་པ་བསྒོམས་པོ་བཞི་རྣམ་པར་བཞག་གོ།། རང་བཞིན་གང་ཞེ་ན། ཤེས་རབ་དང་ཞི་གནས་ཏེ། ལུས་ལ་རྗེས་སུ་ལྟ་ཞེས་སྨྲས་པས། ཤེས་རབ་སྨྲས་པ་ཡིན། དྲན་པ་དང་ལྡན་པ་དང་། གནས་པ་ཞེས་སྨྲས་པས་ཞི་གནས་པསྟོན་པ་ཡིན་ནོ།། ། ་གྲོགས་པོ་ནི་དེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། ཤེས་རབ་དང་ཞི་གནས་གཉིས་ཀྱང་བརྩོན་འགྲུས་ལ་སོགས་པའི་སེམས་ལས་བྱུང་བ་གཞན་དང་མི་ལྡན་པ་འབའ་ཞིག་འབྱུང་མི་སྲིད་པའི་ཕྱིར་རོ།། བསྒོམ་པ་ནི ་དང་ནང་དང་ཕྱི་ནང་གཉིས་ཀྱིས་ལུས་ཀྱི་རང་དང་སྤྱིའི་མཚན་ཉིད་གོམས་པར་བྱའོ།། བསྒོམས་པའི་འབྲས་བུ་ནི་ཕྱིན་ཅི་ལོག་བཞི་སྤངས་པ་དང་། བདེན་པ་བཞི་ལ་འཇུག་པ་དང་། ལུས་ལ་སོགས་པ་དང་བྲལ་བར་འགྱུར་བའོ།། དེ་ལ་ཕྱིན་ཅི་ལོག ་བཞི་ནི་གཙང་བ་དང་། རྟག་པ་དང་བདག་ཏུ་འཛིན་པའོ།། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྦྱོང་བའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། ལུས་ལ་ནི་གཙོ་བོར་མི་གཙང་བའི་མཚན་ཉིད་དུ་བསྒོམ་པར་བཅོམ་ལྡན ་འདས་ཀྱིས་གསུངས་སོ།། སྡུག་བསྔལ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་ཏུ་འཛིན་པ་སྤང་བའི་ཕྱིར། ཚོར་བ་དྲན་པ་ཉེ་བར་གཞག་པ་སྒོམས་ཏེ། ཇི་སྲིད་དུ་ཚོར་བ་ཐམས་ཅད་ཀྱང་སྡུག་བསྔལ་རྣམ་པ་གསུམ་དང་འབྲེལ་ཏོ་ཞེས། བཅོམ ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་གཉེན་པོར། སེམས་དྲན་པ་ཉེ་བར་གཞག་པ་བསྒོམས་ཏེ། སེམས་འདི་ཡང་སྐད་ཅིག་མ་རེ་རེ་ལ་འདོད་ཆགས་དང་བཅས་པ་དང་། འདོད ་ཆགས་མེད་པ་ལ་སོགས་པ་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ།། བདག་མེད་པ་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་སྤང་བའི་ཕྱིར། ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། འདོད་ཆགས་ལ་སོགས་པས་ནི་ཀུན་ནས་ཉོན་མོངས ་བར་འགྱུར། དད་པ་ལ་སོགས་པས་ནི་རྣམ་པར་བྱང་བར་གྱུར་པར་ཟོད་ཀྱི། འདི་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། རྣམ་པར་བྱང་བར་བྱེད་པའི་བྱེད་པ་པོ་དང་། བདག་མེད་པ་ཁོང་དུ་ཆུད་ན། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བར ་འགྱུར་རོ།། བདེན་པ་བཞི་ལ་འཇུག་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ཀྱི་རང་བཞིན་མཐོང་ན། སྐྱེ་རྒ་ན་འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པར ་རྟོག་པར་འགྱུར་བའི་ཕྱིར་རོ།། ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ཀུན་ཏུ་འབྱུང་གི་བདེན་པ་ལ་འཇུག་སྟེ། ཚོར་བ་བདེ་བ་ལ་རྟེན་ནས་ནི་སྲིད་པ་སྐྱེ། ཚོར་བ་སྡུག་བསྔལ་བའི་རྒྱུས་ནི་ཞེ་ལྡང་སྐྱེ་ལ། ཚོར་བ་བདེ་བ་ཡང་མ་ཡིན། ་སྡུག་བསྔལ་ཡང་མ་ཡིན་པའི་རྒྱུས་ནི་གཏི་མུག་སྐྱེ་ལ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་རྒྱུས་ཚེ་རབས་གཞན་གྱི་ཕུང་པོ་འབྱུང་བར་འགྱུར་རོ་ཞེས་རྟོག་པའི་ཕྱིར་རོ།། སེམས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་འགོག ་པའི་བདེན་པ་ལ་འཇུག་སྟེ། སེམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་རང་བཞིན་བདག་མེད་པའི་མཚན་ཉིད་མཐོང་ན་མྱ་ངན་ལས་འདས་པ་ལ་བདག་ཆད་པར་འགྱུར་རོ་ཞེས་འཇིགས་པ་མི་འབྱུང་བའི་ཕྱིར་རོ།། ཆོས་དྲན་པ་ཉེ་བར་བཞག་པ་བསྒོམས ་པས་ལམ་གྱི་བདེན་པ་ལ་འཇུག་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་གཉིས་མཐོང་ནས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར། རྣམ་པར་བྱང་བའི་ཆོས་ལ་བརྟེན་པར་བྱེད་པས་སོ།། བྲལ་བ་ནི་ལུས་ལ་སོགས་པ་བསྒོས། ་པས། གནས་ངན་ལྡན་ཐམས་ཅད་དང་བྲལ་བར་འགྱུར་བའི་ཕྱིར་རོ།། རྣམ་གྲངས་གཞན་དུ་འཇིག་རྟེན་པ་དག་ནི་ཕལ་ཆེར་ཕུང་པོ་ལྔ་ལ་ཕུང་པོ་ཙོམ་མམ་ཆོས་ཙོམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པས་འདི་ལྟ་སྟེ། བདག་དེ ་ལུས་ལ་གནས་ཤིང་ཚོར་བ་བདེ་བ་དང་སྡུག་བསྔལ་བ་ཀུན་མྱོང་བར་བྱེད་པ་དང་། ཆོས་དང་ཆོས་མ་ཡིན་པས་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་འཛིན་པ་བཟློག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་གསུངས་ཏེ། ་དེ་ལ་ལུས་ནི་བདག་གི་རྟེན་གྱི་དངོས་པོའོ།། ཞེས་རྨོངས་པ་བསལ་བྱའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏེ། ལུས་འདི་མི་གཙང་བ་དང་སྡུག་བསྔལ་བའི་གནས་ཀྱི་དངོས་པོ་ཡིན་གྱི། བདག་གི་དངོས་པོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ། ་ཚར་བ་ནི་བདག་དེས་ཀུན་ཏུ་མྱོང་བར་བྱ་བའི་དངོས་པོ་ཡིན་ནོ་ཞེས་རྨོངས་པ་བསལ་བའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པ་བཤད་དེ། ཚོར་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་གྱི། བདག་དེས་ཀུན་ཏུ་མྱོང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་འཛིན་པ་གསལ་བའི་ཕྱིར།། སམསུ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བསྟན་ཏེ། སེམས་ནི་སྐད་ཅིག་མའི་རང་བཞིན་ཡིན་གྱི།། བདག་གི་རང་བཞིན་ནི ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱིས་ནི་བདག་དེ་ཉིད་ཀུན་ནས་ཉོན་མོངས་པ་དང་།། རྣམ་པར་བྱང་བ་བྱེད་དོ་ཞེས་རྨོངས་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམས་པ་བཤད་དེ། འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པར ་བྱེད་ཅིང་། དད་པ་ལ་སོགས་པས་སེམས་རྣམ་པར་བྱང་བར་བྱེད་པར་ཟད་ཀྱི། བདག་གི་མེད་པའི་རང་བཞིན་ཡིན་པས། དེ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བ་མི་སྲིད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། དྲན་པ་ཉེ་བར་གཞག་པ ་བསྟན་པའི་འོག་ཏུ། ཡང་དག་པར་སྤོང་བ་བཞི་བསྟོན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས་བཀའ་སྩལ་པ། དེ་ལ་དགེ་སློང་དག་ཡང་དག་པར་སྤོང་བ་བཞི་གླང་ཞེ་ནཱ་ཞེས་བྱ་བ་ལ་སོགས་པའོ།། ཡང་དག་པར་སྤོང་བ་བཞི་ནི ་སྡིག་པའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྡིག་པའི་ཆོས་སྐྱེས་པ་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་གནས་པར་བྱའོ།། བརྒལ་བ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ ་སྤོང་བ་ནི་དེ་གཉིས་དོར་བར་བྱ་བའི་ཆོས་ཡིན་པས། ཡང་དག་པར་སྤོང་བ་ཞེས་བྱ་བར་འོས་ན། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་།། སྐྱེས་པ་གནས་པར་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ་དེ་ལ་ཇི་ལྟར་ཡང་དགེ་བར་སྤོང་བ་ཞེས ་གདགས། ལན་དུ་གཉིས་ལ་གདགས་པ་མི་རིགས་པ་འདྲ་མོད་ཀྱི། དགེ་བ་བསྐྱེད་པ་དང་གནས་པར་བྱ་བ་མི་མཐུན་པའི་ཕྱོགས་སྤོང་བ་དང་། དགེ་བའི་ཆོས་སྐྱེས་ཞིང་གནས་པར་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་དག་པའི ་སྤོང་བ་ཞེས་བྱ་བས་ཉེས་པ་མེད་དོ།། ཡང་དག་པར་སྤོང་བ་དྲང་པོ་བསྟན་པའི་ཕྱིར། དེ་ལ་དགེ་སློང་དག་དགེ་སློང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པོ་རྣམས་མི་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྡིག་པ་མི་དགེ ་བའི་ཆོས་ནི། འདོད་པའི་ཁམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ངན་པར་སྤྱོད་པ། ལུས་ཀྱི་སྒོ་ནས་སྲོག་བཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། ངག་གི་སྒོ་ནས་རྫུན་དང་ཚིག་རྩུབ་མོ་དང་ཕྲ་མ་དང་། ་ཚིག་བཀྱིལ་བར་སྨྲ་བ་དང་། ཡིད་ཀྱི་སྒོ་ནས་ཆགས་སེམསྣ་དང་། གནོད་སེམ་ས་དང་། ལོག་བླར་ལྟ་བ་སྟེ། མི་དགེ་བ་བཅུ་དང་། དེ་སྐྱེད་པར་བྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་། གཱཏྟི་མུག་ལ་སོགས་པ་ཉོན་མོངས་པ་ནི་སྡིག ་པ་མི་དགེ་བའི་ཆོ་ས་ཏེ། འཕགས་པ་རྣམས་ཀྱིས་སྐུད་པ་ཡིན་པས་སྡིག་པའོ།། རྣམ་པར་སྨིན་པ་མི་བདེ་བར་མྱོང་བར་འགྱུར་བས་ནཱ་མི་དགེ་བའོ།། ཡང་ནི་བདག་དང་གཞན་ལ་གནོད་པའི་རྒྱུ་བྱེད་པས་ན་སྡིག་པའོ།། དགེ་བའི་ཆོས ་དང་འགལ་བ་ཡིན་པས་ན་མི་དགེ་བ་སྟེ། མི་དགེ་བའི་ཆོས་དེ་དག་མངོན་དུ་མ་གྱུར་ཅིང་། དེ་དག་དང་ཕྲད་ཅིང་སྤྱོད་པར་མ་གྱུར་པ་ནི་མ་སྐྱེས་པ་ཞེས་བྱ་བ་སྟེ། བག་ཆགས་སུ་གནས་པའོ།། ཡང་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་ཤིང་། བསླབ་པ་གསུམ་ཉམས་པར་བྱེད་པའི་རྒྱུའི་ཆོས་ལ་ནི། སྡིག་པ་མི་དགེ་བྱའི་ཆོས་ཞེས་བྱའོ།། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི ་བསླབ་པ་ཉམས་པ་ནི་ཡན་ལག་དྲུག་གི་ཚུལ་ཁྲིམས་ཉམས་པའོ།། ཚུལ་ཁྲིམས་ཉམས་པར་བྱེད་པའི་རྒྱུ་ཡང་བཅུ་སྟེ། དང་པོ་ནས་ལེན་པར་མོ་བླངས་བ་དང་། ལྷོད་པར་བྱེད་པ་དང་། ལོག་པ་འཛིན་པོ་དང་། བག་མེད་པ་དང་། ལེ་ལོས་ཡོངས ་སུ་ཟིན་པ་དང་། ལོག་པར་སྨོན་པ་དང་། སྤྱོད་ལམ་ཉམས་པར་གྱུར་པ་དང་། འཚོ་བ་ཉམས་པར་གྱུར་པ་དང་། མཐའ་གཉིས་སུ་ལྟུང་བ་དང་། འབྱུང་བར་མི་བྱེད་པ་དང་། ཡི་དམ་བླངས་པ་ཉམས་པའོ།། དེ་ལ་ཇི་ལྟར་ན་དང་པོ་ནས་ལེགས ་བར་མ་བླངས་ཤེ་ན། འདི་ལྟར་རྒྱལ་པོས་འཇིག་པས་སམ། རྐུན་པོས་འཇིག་པས་སམ། འཚོ་བ་མེད་པས་སམ། དེ་ལ་སོགས་པའི་རྐྱེན་གཞན་གྱི་ཕྱིར་བླངས་པ་སྟེ། དེ་ལྟར་ཡང་ཕྱིས་ཉམས་པར་འགྱུར་རོ།། ཇི་ལྟར་ལྷོད་པར་བྱེད་ཅེ་ན། ་འདི་ལྟར་ཁ་ཅིག་ཚུལ་ཁྲིམས་བླངས་ནས་ངོ་ཚ་མེད་པ་དང་། ཁྲལ་མེད་པ་དང་། འགྱོད་པ་ཆུང་བས་བསླབ་པའི་གནས་རྣམས་ལ་དམ་དུ་མི་སྲུང་གི་ཉམས་བཞིན་དུ་སྤྱོད་པ་སྟེ། ལྷོད་པར་བྱེད་པས་དེས་ཀྱང་ཚུལ་ཁྲིམས་ཉམས་པར ་འགྱུར་བས་སོ།། ཇི་ལྟར་ལོག་པར་འཛིན་ཅེ་ན། ཁ་ཅིག་ལོག་པར་འཛིན་པ་དང་ལྡན་པ་ཡིན་ཏེ། གནས་མ་ཡིན་པ་ལ་འགྱོད་པར་འགྱུར་ཅིང་། འགྱེད་པ་དེས་དགེ་བའི་བར་དུ་གཅོད་པར་བྱེད་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་པར་འགྱུར ་བས་སོ།། ཇི་ལྟར་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ཞེ་ན། ལ་ལ་དག་དང་པོ་ནས་ཉེས་པ་མི་འབྱུང་བར་དམ་བཅའ་བ་མེད་ཅིང་ཉེས་པ་བྱུང་ན་ཡང་སླར་ཆོས་བཞིན་དུ་གསོ་བར་མི་བྱེད་ལ། ཉལ་བ་དང་འཕྲེས་པ་དང་གཉིད་ཀྱི་བདེ་བ ་རྣམས་ལྷུར་ལེན་པའི་སྒོ་ནས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ།། ཇི་ལྟར་ལོག་བསྐོན་པ་ཡིན་ཞེ་ན། ཁ་ཅིག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་འདིས་ལྷ་འམ་ལྷོ་ལས་གཞན་པ་འམ། རྙེད་པ་འམ། བཀུར་སྟིར ་ལྷོག་པ་ར་གྱུར་ཅིག་ཅེས་ལོག་པར་སྨོན་པས་རྣམ་པར་གྲོལ་བའི་རྒྱུར་མ་གྱུར་པས་ཀྱང་ཚུལ་ཁྲིམས་ཉམས་པའོ།། ཇི་ལྟར་ན་སྤྱོད་ལམ་ཉམས་པར་གྱུར་པ་ཡིན་ཞེ་ན། དེ་ལ་ཁ་ཅིག་འཆག་པ་དང་འདུག་པ་ལ་སོགས་པའི་སྤྱོད་ལ ་དང་། གྲོང་ལ་སོགས་པའི་སྤྱོད་ཡུལ་ལ་བབ་བབ་ཏུ་འདུག་ཅིང་། འཕྲལ་གྱི་བྱ་བ་དང་། དགེ་བ་ལ་སྦྱོར་བ་རྣམས་འཇིག་རྟེན་དང་མི་མཐུན་ཞིང་འཇིག་རྟེན་དང་འགལ་བ་དང་། འདུལ་བ་དང་མི་མཐུན་ཞིང་འདུལ་བ་དང་འགལ་བས་ཀྱང ་ཚུལ་ཁྲིམས་ཉམས་པར་འགྱུར་རོ།། ཇི་ལྟར་ན་འཚོ་བ་ཉམས་འགྱུར་ཞེ་ན། འདི་ལ་ཁ་ཅིག་ཆོ་ག་མི་ཤེས་པ་འདོད་པ་མང་པོ་གསོ་དཀའ་བ་དགང་དཀའ་བ་སྟེ། ཆོས་མ་ཡིན་པས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཚོལ་བས་ཀྱང་ཚུལ་ཁྲིམས ་ཉམས་པར་འགྱུར་རོ།། ཇི་ལྟར་ན་མཐའ་གཉིས་སུ་ལྷུང་ཞེ་ན། འདི་ལྟར་ཁ་ཅིག་འདོད་པའི་བདེ་བ་ལ་ལྷག་པར་ཞེན་ན། འདོད་པའི་ཆོས་རྣམས་ལ་བག་མེད་པར་སྤྱོད་པ་དང་། ལ་ལ་ཚམ་ལ་གནས་འཆའ་བའམ། ཐལ་བའི་ནང་ན་གནས་འཆ ་བ་ལ་སོགས་པ་དཀའ་ཐུབ་མི་བཟུང་བ། ཆོས་འདུལ་བ་ལས་བྱེད་དུ་མ་གནང་བ་རྣམས་སྤྱོད་པས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་རོ།། ཇི་ལྟར་འབྱུང་བར་མི་བྱེད་པ་ཞེ་ན། ལ་ལ་ངག་ཚུལ་ཁྲིམས་སྙམ། བརྟུལ་ཞུགས་སམ། ལྟ་བ ་བསྙེམས་ཏེ་ཚུལ་ཁྲིམས་དེ་ཉིད་དམ། བརྟུལ་ཞུགས་དེ་ཉིད་ཀྱིས་ཐུར་པ་དང་། གྲོལ་བར་འགྱུར་རོ་ཞེས་ལོག་པར་གཟུང་བསྡུ་ཐར་པ་དང་། གྲོལ་བའི་རྒྱུར་མ་གྱུར་པའི་ཕྱིར་ཡང་ཚུལ་ཁྲིམས་ཉམས་བྱའོ།། ཇི་ལྟར་ཡི་དམ་བླངས་པ་ཉམས་པར་འགྱུར ་ཞེ་ན། ལ་ལ་དག་ཐམས་ཅད་དུ་ངོ་ཚ་མེད་ཅིང་སྡིག་པ་མྱི་དགེ་བའི་ཆོས་བྱེད་པ་ལ་མི་འཛེམ་པ། ཚུལ་ཁྲིམས་ཉམས་པ་སྡིག་པའི་ཆོས་ཅན་ཁོང་རུལ་པ་ཁོང་བུའི་རྗེས་སུ་འཇུག་པ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་དམ་འཆའ་བའོ།། དེ་ལ ་ལྷག་པའི་སེམས་ཉམས་པ་ནི་བསམ་གཏན་དང་པོ་དང་། གཉིས་པ་ལོ་སོགས་པ་ཉམས་པའོ།། དེ་ཉམས་པའི་རྒྱུ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ལ་ཆགས་པ་མང་བ་དང་། ལུས་ལ་ནང་མང་པོ་དང་། ཁྭ་ཟས་ལ་བརྐམ་པ་དང་། ་འདུ་འཛི་མང་པོའི་ནང་ན་གནས་པར་དགའ་བ་དང་། འཇིག་རྟེན་གྱི་ལས་ཀྱི་བྱ་བ་མཱང་པོ་ལ་དགའ་བ་དང་། སྨྲ་བ་མང་པོ་ལ་མོས་པ་དང་། ཉལཱ་བ་དང་འཕྲེས་པ་ལ་སོགས་པ་ལ་དགའ་བའོ།། ལྷག་བྱའི་ཤེས་རབ་ཉམས་པ་ནི་ལྟ་བ་ཕྱིནྡྷ་ལོག་ཏུ ་གྱུར་པ་སྟེ། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པའོ།། དེ་ཉམས་པའི་རྒྱུ་ནི། མི་དགེ་བའི་བཤེས་གཉེན་ལ་རྟེན་པ་དང་། དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། བདག་དང་བྱེད་པ་པོ་ལ་སོགས་པ་ཡོད་པར་ཚུལ་བཞིན་དུ་མོ་ཡིན་པ་ཡོང ་ལ་བྱེད་པ་སྟེ། ཆོས་དེ་དག་མངོན་དུ་མ་སྤྱད་པ་ནི་མ་སྐྱེས་པའོ།། མི་དགེ་བའི་ཆོས་མ་སྐྱེས་པ་ཐམས་ཅད་ནས་ཐམས་ཅད་དུ་སེམས་ལ་སྐྱེ་བར་མི་བྱའོ་ཞེས་དམ་འཆའ་ཞིང་ཐོག་མ་ནས་བསྒྲིམ་པ་ནི་མོས་པ་སྐྱེད་པ་ཞེས་བྱའོ།། འབད་ཅིང་བརྩོན་འགྲུས ་རྩོམ་པ་ལ་སོགས་པ་ནི། ཡང་དག་པའོ་སྤོང་བ་གཉིས་པོ་དོན་སྦྱར་དགོས་པས་ཕྱིས་བཤད་པར་བྱའོ།། ཡང་དག་པའི་སྤོང་བ་གཉིས་པ་བསྟན་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྡིག་པ་མི་དགེ་བའི་ཆོས་ནི་གང་གོང་དུ་བཤད་པའི་ཁམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བ་བཅུ་འམ། བསླབ་པ་གསུམ་ཉམས་པར་བྱང་བའི་ཆོས་སོ།། ཆོས་དེ་དག་སེམས་ལ་མངོན་དུ་གྱུར་ཅིང་། སེམས་ལ་ཀུན ་དུ་སྤྱོད་པར་གྱུར་པ་ནི་མི་དགེ་བའི་ཆོས་སྐྱེས་པའོ།། གང་སྡིག་པ་མི་དགེ་བའི་ཆོས་སེམས་ལ་སྐྱེས་པ་དེ་དག་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་སེམས་ལ་གོནས་པར་མི་བྱ་སེམས་ལ་གཞན་པར་མི་བྱ་ཞིང་། རྣམ་པ་ཐམས་ཅད་དུ་དོར ་བར་བྱའོ།། ཞེས་འདོད་པ་སྐྱེས་པ་ནི་མོས་པོ་སྐྱེས་པ་ཞེས་བྱའོ།། སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་། འདས་པའི་དངོས་པོ་ལ་དམིགས་པ་དང་། མ་འོངས་པའི་དངོས་པོ་ལོ་དམིགས་པ་དང་། ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེ། ་དེ་བསོ་ན་དེ་དག་མདོར་ན་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་དང་། མངོན་དུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བ་སྟེ། རྣམ་པ་གཉིས་སུ་བཞག་གོ།། དེ་ལ་གང་འདས་པའི་དངོས་པོ་ལ་དམིགས་པ་དང་། མ་འོངས་པའི་དངོས ་པོ་ལ་དམྱིགས་ནས་སྐྱེ་བ་ནི། ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་ནས་སྐྱེ་བའོ།། གང་ད་ལྟར་གྱི་ཡུལ་ལ་དམིགས་ནས་སྐྱེ་བ་ནི་མངོན་དུ་གྱུར་པའི་ཡུལ་ལ་དམིགས་པའོ།། དེ་ལ་ཡང་དག་པའི་སྤོང་བ་གཉིས་བསྡོམས་ནས་དོན ་བསྡུས་ཏེ་བསྟན་པ། གང་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོ་སྒོ་མ་སྐྱེས་པ་རྣམས་མ་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་འབད་པ་ཞེས་བྱའོ།། གང་མངོན་དུ་གྱུར་པའི་ཡུལ་ལ་དམིགས ་ནས་སྐྱེ་བའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམ་སྤང་བའི་ཕྱིར་འབད་པ་ནི་བརྩོན་འོགྲུས་རྩོམ་པོ་ཞེས་བྱའོ།། ཡང་ན་སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི་སྐབས་ཀྱིས་སྐྱེ་བ་ཡིན་ལ། ཡུལ་གྱི ་སྟོབས་ཀྱི་སྐྱེ་བ་ཡང་ཡོད།། སྡིག་པ་མི་དགེ་བའི་ཆོས་ཁ་ཅིག་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེད་པ་ཡང་ཡོད་དོ།། དེ་ལ་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི་གནས་པའི་ཚེ་ན་སྟེ། ཡུལ་དང་མ་ཕྲད་ཀྱང་འདས་པ་དང་མ་འོངས་པ་ལ་དམིགས། ་ནས་སྐྱེ་བའོ།། དེ་ལ་རྣམ་པར་རྟོག་པའི་སྟོབས་དང་། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་ཡང་ཡོད། གནས་པའི་ཚེ་ན་སྟེ། ཡུལ་དང་མ་ཕྲད་ཀྱང་། འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་ནས་སྐྱེ་བའོ།། དེ་ལ་རྣམ་པར་རྟོག་པའི་སྟོབས་དང ་ཡུལ་གྱི་སྟོབས་ལས་སྐྱེ་བ་ནི། ཀུན་ཏུ་སྤྱོད་པའི་དུས་ན་སྟེ། ད་ལྟར་བྱུང་བའི་དངོས་པོ་ལ་དམིགས་ཤིང་དེ་ན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བའི་སྟོབས་ཀྱིས་སྐྱེ་བའོ།། དེ་ལ་རྣམ་པར་རྟོག་པའི་སྟོབས་ཀྱིས་སྐྱེ་བ་ནི། སྡིག་པ ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་མི་བསྐྱེད་པ་དང་། སྐྱེས་པ་རྣམས་ནི་སྤང་བར་བྱ་བའི་ཕྱིར་སྒྲིམས་པ་ནི་འབད་པ་ཞེས་བྱའོ།། གང་རྣམ་པར་རྟོག་པའི་སྟོབས་དང་། ཡུལ་གྱི་སྟོབས་ཀྱིས་སྐྱེད་པ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེས ་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་འབོད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ།། ཡང་ན་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཆུང་ངུ་དང་ཆེན་པོ་དང་འབྲིང་པོའོ་དེ་ལ་ཉོན་མོངས་པ་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་མི་སྤྱོད་པ་དང་། སྐྱེས་པ ་རྣམས་སྤོང་བ་ནི་འབད་པ་ཞེས་བྱའོ།། ཉོན་མོངས་པ་ཆེན་པོ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བ་ནི། བརྩོན་འགྲུས་རྩོམ་པ་ཞེས་བྱའོ།། དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྨྱོས་པ་རྣམས་སྤོང ་བར་བྱ་བར་ཞུགས་པ་ནི་སེམས་གཡེངས་པར་གྱུར་པ་མཐོང་སྟེ། དེའི་ཚེ་ཞི་གནས་བསྒོམ་ཞིང་སེམས་རྩེ་གཅིག་ཏུ་སྦྱར་བར་བྱེད་པ་ནི། སེམས་རབ་ཏུ་འཛིན་པ་ཞེས་བྱའོ།། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མ་བསྐྱེད་པ་དང་། སྐྱེས་པ་སྤང ་བར་བྱ་བའི་ཕྱིར་ཞུགས་པའི་ཚེ། སེམས་གཉིད་དང་རྨུགས་པས་ནོན་ཅིང་ནང་དུ་འདུས་པར་མཐོང་བ་འམ། ཞུམ་པ་སྐྱོ་བར་དོགས་པ་སྐྱེ་བའི་ཚེ། སེམས་གཟེངས་མཐོ་བར་གྱུར་པའི་ཆོས་དེ་བཞིན་གཤེགས་པའི་ཡོན་ཏན་ནམ། ངོས་མ ་གཏན་གྱི་འབྲས་བུ་ཡིད་ལ་བྱེད་པ་འམ་ལྷག་མཐོང་བསྒོམ་ཞིང་གཉིད་དང་རྨུགས་པ་སེལ་བར་བྱེད་པ་ནི་ཡང་དག་པོར་སྨོན་པ་ཞེས་བྱའོ།། ཡང་དག་པའི་སྤོང་བ་གསུམ་པ་བསྟན་པའི་ཕྱིར་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དགེ་བའི་ཆོས་ནི་སྲོག་གཅོད་པ་ལས་ཕྱིར་ལོག་པ་ལ་སོགས་པ་དགེ་བ་བཅུ་འམ། ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མམ། བསླབ་པ་གསུམ་སྐྱེ་བར་བྱེད་པའི་རྒྱུའི་ཆོས་རྣམསོ།། ་བསླབ་པ་གསུམ་གྱི་རྒྱུ་ནི་བསླབ་པ་གསུམ་ཉམས་པར་འགྱུར་བའི་རྒྱུ་ལས་སླར་བཟློག་ན། དེ་དག་སྐྱེ་བར་འགྱུར་བའི་རྒྱུར་རིག་པར་བྱའོ།། མ་སྐྱེས་པ་ནི་ཆོས་དེ་དག་མངོན་དུ་མ་གྱུར་པ་འམ། སེམས་མ་བྱུང་བའོ།། བསྐྱེད་པ་ནི་ཆོས་དེ་དག་མངོན་དུ ་སེམས་ལ་བྱུང་བར་བྱའོ།། དེ་ལ་གང་དག་བུའི་ཆོས་མ་ཐོབ་པ་དང་མངོན་དུ་མ་གྱུར་པ་དེ་དག་མྱུར་དུ་བདག་གིས་ཐོབ་པ་དང་། མངོན་དུ་གྱུར་པར་བྱའོ་ཞེས་འདོད་པ་ཆེར་སྐྱེས་པ་ནི་མོས་པ་སྐྱེད་ཅེས་བྱའོ།། འབོད་ཅིང་བརྩོན་འགྲུས་རྩོམ་པ ་ལ་སོགས་པ་ནི་ཡང་དག་པའི་སྤོང་བ་བཞི་པོའི་དོན་དང་སྦྱར་ཞིང་བསྟན་དགོས་པས་ཕྱིས་བཤད་པར་བྱའོ།། །། ཡང་དག་པོའི་སྤོང་བ་བཞི་པ་བསྟན་པའི་ཕྱིར། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུང། ་ཏེ། དགེ་བའི་ཆོས་ནི་གང་ཡང་དག་པའི་སྤོང་བ་གསུམ་པའི་སྐབས་སུ་བཤད་པ་རྣམས་སོ།། དགེ་བའི་ཆོས་ཐོབ་པ་རྣམས་མངོན་དུ་བྱེད་པ་ནི་གནས་པ་ཞེས་བྱའོ།། མངོན་དུ་བྱ་བ་རྨོངས་པར་མ་གྱུར་ཅིང་སེམས་ལ་གསལ་བར་བྱེད་པ་ནི་མི ་རྗེད་པ་དང་ཞེས་བྱའོ།། མི་བརྗེད་པ་རྣམས་མི་མཐུན་པའི་ཕྱོགས་ཀྱིས་མ་ཕྲོགས་པ་ནི་མི་ཉམས་པ་ཞེས་བྱའོ།། དེ་ལྟར་དགེ་བའི་ཆོས་ཐོབ་པ་དང་མངོན་དུ་གྱུར་པ་རྣམས་བསྒོམ་པ་དང་། བསྟེན་པ་དང་མང་དུ་བྱས་པ་ཡོངས་སུ་རྫོགས ་ཤིང་། མཐར་ཕྱིན་པར་བྱེད་པ་ནི། བསྒོམ་པ་དང་རྒྱ་ཆེ་བ་དང་། ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ།། དགེ་བའི་ཆོས་སྐྱེས་པ་འདི་དག་གནས་པ་ནས་ཡོངས་སུ་རྫོགས་པར་བྱ་བའི་འདོད་པ་ཆེར་སྐྱེས་པ་མོས་པ་སྐྱེད་པའོ།། དེ་ལ་དགེ་བའི ་ཆོས་རྙེད་པ་རྣམས་མངོན་དུ་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ནི་འབད་པ་ཞེས་བྱའོ།། དགེ་བའི་ཆོས་མ་རྙེད་པ་རྣམས་རྙོད་པར་བྱ་བའི་ཕྱིར་འབད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ།། དགེ་བོའི་ཆོས་སྐྱེས་པོ་རྣམས་གནས་པ་དང་། ་མི་བརྗེད་པ་དང་། མི་ཉམས་པར་བྱེད་པ་ནི་འབད་པའོ།། དགེ་བའི་ཆོས་དེ་ཉིད་བསྒོམ་པ་དང་། རྒྱ་ཆེར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པའོ།། ཡང་ན་དགེ་བ་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་པོ་དང ་ཆེན་པོའོ།། དེ་ལ་དགེ་བའི་ཆོས་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མྱི་བརྗེད་པ་དང་མི་སྙོམས་པར་བྱེད་པ་ནི་འབད་པ་ཞེས་བྱའོ།། དགེ་བའི་ཆོས་ཆེན་པོ་རྣམས་མ་སྐྱེད་པ་རྣམས་སྐྱེད་པར ་བྱེད་ལ། སྐྱེས་པ་རྣམས་སྒོམ་པ་དང་རྒྱས་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ།། དགེ་བའི་ཆོས་དེ་དག་སྒོམ་པོའི་ཚེ་སེམས་གཡེངས་པར་གྱུར་པ་ན་ཞི་གནས་སྒོམ་ཞིང་སེམས་རྩེ་གཅིག་ཏུ་འཇོག ་པར་བྱེད་པོ་ནི། སེམས་རབ་ཏུ་འཛིན་པ་ཞེས་བྱའོ།། དེའི་ཚེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། སེམས་ཞུམ་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནམ་བསམ་གཏན་གྱི་འབྲས་བུ་ཡིད་ལ་བྱས་ནས་སེམས་གཟེངས་བསྟོད་པ ་འམ། ལྷག་མཐོང་བསྒོམས་པ་ལ་རྨུགས་པ་དང་གཉིད་སེལ་བར་བྱེད་པ་ནི། ཡང་དག་པར་སྤོང་བ་ཞེས་བྱའོ།། དེ་ལ་ཡང་དག་པར་སྤོང་བ་བཞིས་མདོར་ན་ཆོས་ཉིད་བསྟན་ཏེ། ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགསོ།། ། ་དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བ་ནི་ནག་པོའི་ཕྱོགས་སོ།། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེད་པ་རྣམས་གནས་པར་བྱེད་པ་ནི་དཀར་པོའི་ཕྱོགས་སོ།། དེ་ལྟ་ཡིན་པ ་ལས་སྤོང་བ་རྣམ་པ་བཞིའི་ཚུལ་གྱིས་ན། བཞོ་ཆར་ཡང་དག་པར་སྤོང་བར་འགྱུར་ཏེ། སྤོང་བ་རྣམ་པ་བཞི་ནི། ཡང་དག་པར་བསྡམས་པོས་རབ་ཏུ་སྤོང་བ་དང་། སྤང་བ་རབ་ཏུ་སྤོང་བ་དང་། སྒོམ་པ་རབ་ཏུ་སྤང་བ་དང་། རྗེས་སུ ་བསྲུངས་པས་རབ་ཏུ་སྤང་བའོ།། དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེད་པ་རྣམས་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་སྤོངས་པས་རབ་ཏུ་སྤངས་པ་བསྟན་ཏེ། སྡིག་པ་མི་དགེ་བའི་ཆོས་སེམས་ལ་མངོན་དུ་བྱུང་བ་དེ་མེད་པ་ཡིན་པ་སྤངས་པ ་སྟེ་དེ་མངོན་དུ་མི་འགྱུར་བར་བྱ་བའི་ཕྱིར། འབད་པ་བྱེད་པ་ནི་ཕྱིས་མི་སྐྱེ་བས་སྤངས་པ་རབ་ཏུ་སྤོངས་པའོ།། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། ཡང་དག་པར་བསྡམས་པས་རབ་ཏུ་སྤངས ་པ་སྟེ། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་ཕྱིས་ཅི་ནས་ཀྱང་རྒྱུད་ལ་མི་འབྱུང་བར་བསྡམས་པའི་སྒོ་ནས་སྤང་བར་བྱ་བའི་ཕྱིར་རོ།། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་ཅེས་བྱ་བ་ལ་སོགས་པས་ནི། ཡང་དག་པར་བསྡམ ་བས་རབ་ཏུ་སྤང་བར་བསྟན་ཏེ། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དེ་དག་ཕྱིས་ཅི་ནས་ཀྱང་རྒྱུད་ལ་མི་འབྱུང་བར་བསྡམས་པའི་སྒོ་ནས་སྤང་བའི་ཕྱིར་རོ།། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ཅེས་བྱ་བ་ལ་སོགས་པ་བསྒོམ་པས་རབ་ཏུ ་སྤང་བ་བསྟན་ཏེ། འདི་ལྟར་དགེ་བའི་ཆོས་མ་སྐྱེས་པ་རྣམས་བརྟེན་པའི་སྒོ་ནས་སྐྱེས་པར་བྱ་བ་དང་། སྐྱེས་པ་རྣམས་སྒོམ་པའི་སྒོ་ནས་ཐོབ་པར་བྱ་བ་དང་། ཐོབ་པ་རྣམས་མངོན་དུ་བྱས་ནི། དེའི་མི་མཐུན་པའི་ཕྱོགས་མེད་པར་འགྱུར ་བའི་ཕྱིར་རོ།། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་བསྲུང་བས་སྤོང་བ་བསྟན་ཏེ། གང་དགེ་བའི་ཆོས་སྐྱེས་པ་རྣམས་ནི་དྲིའི་མི་མཐུན་པའི་ཕྱོགས་ལ་བག་མེད་པ་སྦྱང་བ་དང་། དེའི་གྲོགས་སུ་གྱུར ་བ་བག་ཡོད་པ་ལ་བརྟེན་ནས་གནས་པ་དང་། རྫོགས་པ་ལ་སོགས་པར་བྱས་ན། དེ་ལ་སྒྲིབ་པ་རྣམས་མེད་པར་འགྱུར་བའི་ཕྱིར་རོ།། མདོར་ན་བཏང་བར་བྱ་བའི་དངོས་པོ་དང་། བླང་བར་བྱ་བའི་དངོས་པོ་བཏང་བ་དང་། བླང་བའི་བསམ ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏོ། དེ་ལ་ཡང་དག་པའི་སྤོང་བ་སྔ་མ་གཉིས་ནི་བཏང་བར་བྱ་བའི་དངོས་པོའོ།། ཡང་དག་པའི་སྦྱོང་བ་ཕྱི་མ་རྣམས་ནི་བླང་བར་བྱ་བའི་དངོས་པོའོ།། མོས་པ་བསྐྱེད ་ཅེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏེ། འབད་ཅིང་བརྩོན་འགྲུས་རྩོམ་ཏེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པར་བྱེད་ཅེས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ།། ཡང་དག ་པའི་སྤོང་བ་བཞི་ལ་ཡང་དམིགས་པ་དང་། རང་བཞིན་དང་།། གྲོགས་དང་། སྒོམ་པ་དང་། བསྒོམས་བྱའི་འབྲས་བུའོ།། དེ་ལ་ཡང་དག་པའི་སྦྱོང་བ་རྣམས་ཀྱི་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོ་སྐྱེས་པ། ་དང་། མ་སྐྱེས་པའོ།། དེ་ལ་ཡང་དག་པའི་སྤོང་བ་དང་པོ་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་ལ་དམིགས་སོ།། ཡང་དག་པའི་སྤོང་བ་གཉིས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་ལ་དམིགས་སོ།། ཡང་དག་པའི་སྤོང་བ་གསུམ་པ་ནི་གཉེན་པོ་མ ་སྐྱེས་པ་ལ་དམིག་སོ།། ཡང་དག་པའི་སྤོང་བ་བཞི་པ་ནི་གཉེན་པོ་སྐྱེས་པ་ལ་དམིགས་སོ།། ཡང་དག་པའི་སྤོང་བའི་རང་བཞིན་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པར་རིག་པར་བྱའོ།། གྲོགས་ནི་བརྩོན་འགྲུས་དང་ལྷན་ཅིག་ལྡན་པའི་སེམས ་ལས་བྱུང་བའི་མོས་པ་དང་དད་པ་དང་ཤེས་རབ་དང་ཏིང་འཛིན་ལ་སོགས་པའོ།། དེ་ལ་བསྒོམ་པ་ནི་མོས་པ་བསྐྱེད་པ་འབད་ཅིང་བརྩོན་འགྲུས་བརྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་སྨོན་པའོ།། ཞེས་གསུངས་པའོ།། ཚིག ་དེ་དག་གིས་རྟེན་དང་བཅས་པར་བརྩོན་འགྲུས་རྩོམ་སྟེ། བསྒོམ་པ་བསྟན་དེ་དེ་ལ་མོས་པ་ནི་མོས་པ་བརྩོན་འགྲུས་ཀྱི་རྟེན་ནོ།། དེ་ཅིའི་ཕྱིར་ཞེ་ན་འདོད་པ་དང་། མོས་པ་ཡོད་ན། དེའི་རྒྱུ་ལས་བརྩོན་འགྲུས་འབྱུང་བའི་ཕྱིར་རོ།། དེ་ལ་ཞི་གནས ་དང་ལྷག་མཐོང་བའི་མཚན་མ་སེམས་རྒོད་པར་གྱུར་ན་འཁོར་བའི་སྐྱོན་ཡིད་ལ་བྱས་ཤིང་སེམས་གདུལ་བ་དང་། སེམས་རྨུགས་པར་གྱུར་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཡིད་ལ་བྱ་སྟེ། སེམས་གཟོངས་བསྟོང་པར་བྱ་བ ་མཚན་མ་ཡིད་ལ་བྱ་བ་མེད་པར་ཞི་གནས་དང་ལྷག་མཐོང་འབའ་ཞིག་བསྒོམ་བྱ་ནི་འབད་པའོ།། ནམ་སེམས་རྒོད་པ་དང་རྨུགས་པར་གྱུར་པ་ན་དེ་བསྔལ་བར་བྱ་བའི་ཕྱིར། རྒོད་པ་དང་ཞུམ་པའི་གཉེན་པོར་གྱུར་པ་ཞི་གནས་ཀྱི་མཚན་མ་དང་། ་ལྷག་མཐོང་གི་མཚན་མ་ཡིད་ལ་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ།། དེ་ཡང་ཕྱེ་སྟེ་སེམས་གཡེངས་པར་གྱུར་པའི་ཚེ། ཞི་གནས་ཡིད་ལ་བྱས་ནས་འཇིལ་བར་བྱེད་པ་ནི་སེམས་རབ་ཏུ་འཛིན་པའོ།། སེམས་ཞུམ་པར་གྱུར ་པའི་ཚེ་ལྷག་མཐོང་ཡིད་ལ་བྱས་ནས་སེམས་གཟེངས་བསྟོད་པར་བྱེད་པ་ནི་ཡང་དག་པར་སྨོན་པའོ།། བསྒོམ་པའི་འབྲས་བུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉམས་པར་བྱ་བ་དང་། གཉེན་པོའི་ཆོས་ཐོབ་པར་བྱ་ཞིང་འཕེལ་བར ་བྱའོ།། དེ་ལ་ཡང་དག་པའི་སྤོང་བ་གོང་མ་གཉིས་ཀྱིས་ནི་མི་མཐུན་པོའི་ཕྱོགས་ཉམས་པར་བྱེད་པ་བསྟན་ཏོ།། ཡང་དག་པའི་སྤོང་བ་གསུམ་པས་ནི་གཉེན་པོའི་ཕྱོགས་ཐོབ་པར་བྱེད་པ་བསྟན་ཏོ།། ཡང་དག་པའི་སྤོངབཞི་པས་ནི། ་གཉེན་པོའི་ཕྱོགས་འཕེལ་བར་བྱེད་པ་བསྟན་ཏོ།། །། ཡང་དག་པོར་སྤོང་བ་བཞི་བསྟན་པའི་འོག་ཏུ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་ཏེ། དེ་བས་ན་དེ་བཤད་པའི་སྐབས་ཡིན་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་རྫུ་འཕྲུལ་ཞེས་བྱ་བ་ནི་མིག་ལ་སོགས་པའི་མངོན་པར་ཤེས་པའི་འབྱོར་པ་རྣམས་ལ་བྱ་བ་སྟེ། མོས་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་ནི་མངོན་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ ་དང་རྐྱེན་བྱེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ།། ཡང་ན་སྐྱེས་བུ་གང་ལ་རྐང་པ་ཡོད་པ་དེ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་ལ་མཐུ་ཡོད་པ་བཞིན་དུ་གང་ལ་ཏིང་ངེ་འཛིན་བཞི་ཡོད་པ་དེས་ཀྱང་འཇིག་རྟེན ་ལས་འདས་པའི་འབྱོར་པ་ཐོབ་པ་དང་། མངོན་དུ་བྱ་བའི་མཐུ་ཡོད་པས་ན།། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ།། རྫུ་འཕྲུལ་གྱི་རྐང་པ་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན ་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་ལ་མོས་ཤིང་ཡིད་ཆེས་པ་གཙོར་བྱས་ནས་བརྩོན་འགྲུས་ལ་གུས་པ་སྐྱེད་དེ་བསྒྲིམས་ནས་ཞུགས ་པ་ལས་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། མོས་པའི་ཏིང་ངེ་འཛིན་ཅེས་བྱའོ།། ཡང་ན་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། མི་དགེ་བའི་ཆོས་སྐྱེས་པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱ་བ་དང་།། ་དགེ་བའི་ཆོས་སྐྱེས་པ་གནས་པར་བྱ་བའི་ཕྱིར། མོས་པ་དང་དད་པ་ཆེར་སྐྱེས་པ་ལས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་མོས་པའི་ཏིང་ངེ་འཛིན་ཅེས་བྱའོ།། མོས་པའི་ཏིང་ངེ་འཛིན་སྒོམ་པ་དེ་ལ་ཉེས་པ་རྣམ་པ་ལྔ་ཡོད་དེ། ཉེས་པ་ལྔ ་སྤང་བའི་ཕྱིར་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ།། ཉེས་པ་རྣམ་པ་ལྔ་ནི། ལེ་ལོ་དང་། གདམས་ངག་ཉམས་པ་དང་། ཞུམ་རྒོད་དང་། འདུ་མི་བྱེད་པ་དང་འདུ་བྱེད་པ་དང་ལྔའོ།། དེ་ལ་ཞུམ་རྒོད་གཉིས་ནི་ཉེས་པ་གཅིག་ཏུ ་བསྡུའོ།། དེ་ལ་ལེ་ལོ་ནི་མི་དགེ་བ་སྤོང་བ་དང་དགེ་བ་བསྒྲུབ་པ་ལ་མི་འཇུག་པ་ནི་ལེ་ལོ་སྟེ། དེས་དང་པོ་ཉིད་དུ་དགེ་བ་ལ་མི་སྦྱོར་བའི་དུས་ལ་བསྒྲིབ་པ་ནི་ཉེས་པའོ།། གདམས་ངག་མི་རྗེད་པ་ནི་ཇི་སྐད་དུ་བསྟན་པའི་བསམ་གཏན་གྱི་མན ་ངག་ཚིག་དང་དོན་དུ་བརྗེད་པར་གྱུར་པ་སྟེ། དེའི་བསམ་གཏན་སྦྱོར་བ་ལ་ཞུགས་པ་ན། བསམ་གཏན་གྱི་དོན་བརྗེད་པས་ནི་སྒྲིབས་པར་གྱུར་པའི་ཕྱིར་ཉེས་པའོ།། སེམས་ནི་བསམ་གཏན་གྱི་སྦྱོར་བ་ལ་ཞུགས་ནས་སེམས་རྩེ་ཅིག ་ཏུ་གྱུར་པའི་ཚེ་ནི་ཞུམ་པ་དང་། རྒོད་པ་བར་དུ་གཅོད་པ་ན་ཉེས་པ་སྟེ། དེ་གཉིས་བྱུང་ན་སེམས་ལས་སུ་རུང་བ་མེད་པར་འགྱུར་རོ།། ཞུམ་པ་དང་རྒོད་པ་བྱུང་བའི་དུས་ན་དེ་སེལ་བར་འགྱུར་བའི་མཚོན་མ་ཡིན་ལ་མི་བྱེད་པ་ནི་ཉེས་པ་སྟེ། ་དེ་གཉིས་མ་བསལ་ན་སེམས་མ་ཞི་བར་འགྱུར་བའི་ཕྱིར་རོ།། ནམ་ཞུམ་པ་དང་རྒོད་པ་དང་། བྲལ་ནས་སེམས་མཉམ་པ་ཉིད་གྱུར་པའི་ཚེ་མངོན་པར་འདུ་བྱེད་པ་ཉེས་པ་སྟེ། མཉམ་པ་ཉིད་ལས་བསྐྱོད་ན། སེམས་གཡེངས་པར ་འགྱུར་བའི་ཕྱིར་རོ།། ཉེས་པ་རྣམ་པ་ལྔ་སྤང་བའི་ཕྱིར་རོ།། སྤོང་བའི་འདུ་བྱེད་བརྒྱད་ནི་མོས་པ་དང་། བརྩོན་འགྲུས་དང་ངད་པ་དང་བག་ཡངས་དྲན་པ་དང་། ཤེས་བཞིན་དང་སེམས་པ་དང་བཏང་སྙོམ་སོ།། དེ་ལ་མྱོས་པ་ནི་བདག་གི ་ཏིང་ངེ་འཛིན་གང་གི་དུས་ན་ཡོངས་སུ་རྫོགས་པར་བྱ། བག་ལ་ཉལ་བ་རྣམས་ཀྱང་ཇི་ལྟར་སྤང་བར་བྱ། སྡིག་པ་མི་དགེ་བའི་ཆོས་ཀྱང་ཇི་ལྟར་དོར་བར་བྱ་ཞེས་འདོད་པ་སྐྱེ་བའོ།། བརྩོན་འགྲུས་ནི་ཇི་སྲིད་དུ་གཉེན་པོ་བསྒོམ་པ་ལ་རྒྱུན ་མི་འཆད་པར་འཇུག་པར་བྱེད་པའོ།། དད་པ་ནི་རྒྱུན་མི་འཆད་པར་ཞུགས་ཤིང་གནས་པ་ལས། ཡོན་ཏན་གྲོང་མ་རྣམས་ཐོབ་པར་བྱ་བར་དད་པ་སྐྱེ་ཞིང་ཡིད་ཆེས་པ་འབྱུང་བའོ།། དེ་ལ་བྲག་ཡངས་ནི་གང་དད་པ ་སྟོན་དུ་བྱུང་བས་རྒྱུ་བྱས་ནས་སེམས་དགའ་བ་སྐྱེའོ།། སེམས་དགའ་བ་ལས་ལུས་བདེ་བར་འགྱུར་རོ།། ལུས་བདེ་བ་ལས་ཡིད་བདེ་བར་འགྱུར་རོ།། ཡིད་བདེ་བར་གྱུར་ན་སེམས་ལས་སུ་རུང་བར་གྱུར་པ་དེས་སྡིག་པ་མི་དགེ་བའི ་ཆོས་གནས་ངན་ལོན་གྱི་ཕྱོགས་བསལ་བ་ནི་བགོ་ཡངས་སོ།། དེ་ལ་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པ་སེམས་གནས་པ་རྣམ་པ་དགུ་སྟེ། རྣམ་པ་དགུ་ནི་ནང་དུ་སེམས་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པ ་དང་། ཀུན་དུ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པའོ།། དེ་ལ་ཕྱིའི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ ་མི་གཡེངས་པའི་ཚུལ་དུ་སེམས་དང་པོ་ཉིད་དུ་བསྡུས་པ་ནི་འཇོག་པའོ།། སེམས་དང་པོ་ཉིད་བསྡུས་པ་ལས་ཕྱིའི་དམིགས་པ་རྣམས་ལ་སེམས་གཡོལ། རགས་པ་འབྱུང་སྟེ། རགས་པའི་སེམས་དེ་ཕྲར་ནང་དུ་བསྡུད་པ་ནི་ཡང ་དག་པར་འཇོག་པའོ།། དེ་ལྟར་བཞག་པ་ལས་དྲན་པ་ཉམས་པའི་ཕྱིར། སེམས་གཡེངས་པར་གྱུར་པ་སླར་ཡང་སྡུད་པ་ནི་ཀུན་ཏུ་འཇོག་པའོ།། དེ་ནས་དང་པོ་ཉིད་དུ་སེམས་ཕྱི་རོལ་དུ་མི་གཡེངས་པའི་མཚན་ཉིད་ཐོབ་པ་ནི་ཉེ་བར་འཇོག ་པའོ།། ཐོག་མ་ཉིད་ནས་གཡེང་བར་འགྱུར་བའི་རྒྱུ་གཟུགས་ལ་སྩོགས་པའི་ཡུལ་ལ་སྐྱོན་དང་བཅས་པར་མཐོང་བའི་འདུ་ཤེས་ཀྱི་དབང་དུ་བྱས་ནས་སེམས་འཕྲོ་བའི་སྦྱིན་པར་མི་བྱེད་པ་ནི་དུལ་བར་བྱེད་པའོ།། སེམས་འཁྲུགས། ་པར་གྱུར་པའི་རྒྱུ་རྣམ་པར་རྟོགས་པའི་ཉེ་བའི་ཉོན་མོངས་པ་ལ་སྐྱོན་དང་བཅས་པར་མཐོང་ནས། སེམས་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད་པའོ།། དྲན་པ་ཉམས་པ་ལས་རྣམ་པར་སྨོན་པ་ཀུན་ཏུ་སྐྱེས་པར་གྱུར་ན་ཡང་དེ་གནས ་པར་མི་བྱེད་པ་ནི་ཉེ་བར་ཞི་བར་བྱེད་པའོ།། འབད་པ་དང་བཅས་པ་ནི་སྐབས་དང་བར་ཆད་མེད་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་རྟག་ཏུ་གནས་པ་ནི་གཅིག་ཏུ་བྱེད་པའོ།། ཏིང་ངེ་འཛིན་ལེགས་པར་བསྒོམ་པས། མངོན་པར་འདུ་བྱ་བ ་མེད་ཅིང་ལྷུན་གྱིས་གྲུབ་པ་ཉིད་དུ་ཏིང་ངེ་འཛིན་གྱི་རྒྱུན་ལ་རྒྱུན་ཏུ་གནས་པ་ནི་སེམས་མཉམ་པར་བཞག་པའོ།། དེ་ལ་ཤེས་བཞིན་ནི་གང་ལྷག་མཐོང་གི་ཕྱོགས་སུ་གྱུར་པའི་ཤེས་རབ་སྟེ། དེ་ཡང་ཆོས་རྣམས་རྣམ་པར ་འཇིག་པ་དང་། རབ་ཏུ་འཇོག་པ་དང་། ཀུན་ཏུ་རྟོག་པ་དང་། ཀུན་ཏུ་ཚོལ་བ་སྟེ། རྣམ་པ་བཞི་པའོ།། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཇི་སྙེད་པ་ཡོད་པ་ཤེས་པར་བྱེད་པ་ནི་རྣམ་པར་འཇོག་པའོ།། ཆོས་དེ་དག་ཀྱང་མི་རྟག ་པ་དང་སྡུག་བསྔལ་བ་ལ་སོགས་པ་ཇི་ལྟར་གནས་པ་བཞིན་དུ་ཤེས་པར་བྱེད་པ་ནི་རབ་ཏུ་འཇོག་པའོ།། རྣམ་པར་རྟོག་པ་དང་བཅས་པའི་ཤེས་རབ་ཀྱི་དང་པོ་ཆོས་རྣམས་ཀྱི་མཚན་ཉིད་ཚོལ་བ་ནི་ཀུན་ཏུ་རྟོག་པའོ།། དེའི ་འོག་ཏུ་ཞིབ་དུ་རྟོག་པ་ནི་ཀུན་ཏུ་ཚོལ་བ་ཞེས་བྱའོ།། སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་སྟེ། སྒྲིབ་པ་སྐྱེས་སམ་མ་སྐྱེས་པ་དང་། སྤངས་སམ་མ་སྤངས་པ་བརྟགས་ནས་དེ་སྤོང་བ་ལ་འཇུག་པ་སྟེ། ཞི་གནས་དང་ལྷག ་མཐོང་དང་རྗེས་སུ་མཐུན་པའི་སེམས་ཀྱིས་ལས་སོ།། བཏང་སྙོམས་ནི་སེམྱས་མཉམ་པར་གྱུར་པ་ལས་མི་གཡོ་བ་ཉིད་ཀྱི་མཚན་ཉིད་དུ་གནས་པའོ།། དེ་ལ་ལེ་ལོ་སྦྱང་བའི་ཕྱིར་སྦྱོང་བའི་འདུ་བྱེད་རྣམ་པ་བཞི་སྒོམ་སྟེ། མོས་པ ་དང་། བརྩོན་འགྲུས་དང་། དད་པ་དང་བག་ཡངས་སོ།། དེ་ལ་མོས་པ་ནི་འདོད་པའི་མཚན་ཉིད་དོ།། བརྩོན་འགྲུས་ནི་འབད་པའི་མཚན་ཉིད་དོ།། དད་པ་ནི་ཡིད་ཆེས་པའི་མཚན་ཉིད་དོ།། བག་ཡངས་ནི་ལུས་སུ་རུང་བའི་མཚན་ཉིད་དོ།། ་བཞི་པོ་དེ་དག་ཇི་ལྟར་ན་ལེ་ལོའི་གཉེན་པོར་འགྱུར་ཞེ་ན། དེས་བརྩོན་འགྲུས་ཀྱི་གནས་དང་། རྟེན་དང་མཚན་མ་དང་། འབྲས་བུ་བསྟན་པའི་སྒོ་ནས་འགྱུར་རོ།། དེ་ལ་བརྩོན་འགྲུས་ཀྱི་གནས་ནི་མོས་པའོ།། དེ་ལ་བརྟེན་པ་ནི་བརྩོན ་འགྲུས་ཉིད་དེ། འདོད་པ་ཡོད་ན་བརྩོན་འགྲུས་རྩོམ་པར་བྱེད་པའི་ཕྱིརརོ།། འདོད་པའི་མཚན་མ་དང་རྒྱུ་ནི་ངང་པ་སྟེ། ཡིད་ཆེས་པ་ཡོད་ན་འདོད་པ་དང་མོས་པ་སྐྱེ་བའི་ཕྱིར་རོ།། བརྩོན་འགྲུས་ཀྱི་འབྲས་བུ་ནི་བག་ཡངས་ཏེ། བརྩོན ་འགྲུས་བརྩམས་ན་ལུས་ལས་སུ་རུང་བས་སེམས་ལས་སུ་རུང་བའི་མཚན་ཉིད་བག་ཡངས་སྐྱེ་བར་འགྱུར་རོ།། བག་ཡངས་སྐྱེས་ནས་ལེ་ལོ་མེད་པར་འགྱུར་བའི་ཕྱིར་རོ།། ལྷག་མ་ཉེས་པ་བཞིའི་གཉེན་པོར་ནི་སྤོང་བའི་འདུ ་བྱེད་བཞི་རྣམས་རིམ་བཞིན་དུ་སྦྱར་ཏེ། གླུངདམས་ངག་བརྗེད་པའི་གཉེན་པོར་ནི་དྲན་པའོ།། ཞུམ་པ་དང་རྒོང་པའི་གཉེན་པོར་ནི་ཤེས་བཞིན་ཏེ། རྣམ་སེམས་ཞུམ་པ་དང་རྒོད་པ་བྱུང་ན། ཤེས་བཞིན་གྱིས་དེ་རྟོག་པར་བྱེད་པའོ།། མངོན་པར་འདུ་བྱེད ་པའི་གཉེན་པོ་ནི་སེམས་པ་སྟེ། གང་གིས་ཞུམ་པ་དང་རྒོད་པའི་སེལ་བར་བྱེད་པའོ།། མངོན་པར་འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་ཏེ། ནུམ་གཡོ་བར་འདོད་པ་ན་མི་གཡོ་བར་བཞག་པའོ།། དེ་ལྟར་ཉེས་པ་ལྔ་སྤང་བའི་ཕྱིར་སྤོང་བའི་འདུ ་བྱེད་བརྒྱད་དང་བཅས་པར་བསྒོམ་པ་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ།། མོས་པའི་ཏིང་ངེ་འཛིན་དེ་ཡང་འཕགས་པའི་བདེན་བཞི་དང་ལྡན་པར་བསྒོམ་པ་ཡིན་པར་བསྟན་པའི་ཕྱིར། དབེན་པ་ལ ་གོནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ཡུལ་མཐོང་བ་ན་དེ་དང་འབྲལ་བར་འདོད་པས། སྡུག་བསྔལ་གྱི་བདེན་པ་ལ་གནས་པའི ་དུས་ན་ནི་དབེན་པ་ལ་གནས་པ་ཞེས་བྱའོ།། ཀུན་འབྱུང་གི་བདེན་པ་ནི་འདོད་ཆགས་སྲེད་པའི་མཚན་ཉིད་དེ། དེ་ནི་སྤང་བར་བྱ་བ་ཡིན་པས། དེ་ལྔ་དམིགས་པའི་ཚེ་ནི་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ།། འགོག་པ་ནི་སྡུག་བསྔལ ་ཐམས་ཅད་སྤངས་པ་ཡིན་པས་བདེ་བོ་སྟེ། དེ་ལ་དམིགས་པའི་དུས་ན་ནི་འགོག་པ་ལ་གནས་པ་ཞེས་བྱའོ།། ལམ་གྱི་བདེན་པ་ནི། འགོག་པའི་བདེན་པ་མངོན་སུམ་དུ་བྱེད་ལ། སྡུག་བསྔལ་ཐམས་ཅད་ཀྱང་སྤོང་བར་བྱེད་པ་ཡིན་ཏེ། དེ་ལ ་དམིགས་ན་ནི་རྣམ་པར་སྤོང་བར་བསྔོས་པ་ཞེས་བྱའོ།། བསྒོམ་པ་དེ་ཡང་མོས་པ་ལ་སོགས་པའི་མཐུན་པའི་ཕྱོགས་སུ་གྱུར་པ་སེམས་འདུས་པ་དང་གཡེངས་པའི་རྒྱུ་དང་། བཅས་པ་ཡོངས་སུ་སྤང་བར་བྱ་བའི་རྣམ་པར ་བསྒོམ་པར་བསྟན་པར་བྱ་བའི་ཕྱིར། བདྲག་གི་མོས་པ་རབ་ཏུ་ཞན་པ་དང་། རབ་ཏུ་འཛིན་པར་མ་གྱུར་ཅིག་ཅེས་སྒོམ་པར་བྱེད་པ་དང་ཞེས་བྱ་བ་གསུངས་སོ།། དེ་ལ་སེམས་ནང་དུ་འདུ་བའི་རྒྱུ་ནི་ལྷག་མཐོང་དང་བྲལ་བས་གྲི་ཉིད་དང་རྨུགས་པ་དང་། ་ལེ་ལོའི་དབང་དུ་སེམས་ནང་དུ་འོདུས་ཤིང་ཞུམ་པར་འགྱུར་བའོ།། དེ་ཡང་སྦྱང་དགོས་པའི་ཕྱིར་བདག་གི་མོས་པ་རབ་ཏུ་ཞན་པར་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ།། སེམས་གཡོངས་པའི་རྒྱུ་ནི་མི་གཙང་བའི་འདུ་ཤེས་དང་བྲལ་བས ་བཙང་བ་ལ་སོགས་པར་མཚན་མར་འཛིན་པའི་སྒོ་ནས་ཡུལ་ལ་སེམས་འཕྲོགས་པ་ཏེ། དེ་ཡོང་སྤང་དགོས་པའི་ཕྱིར་རབ་ཏུ་འཛིན་པར་མ་གྱུར་ཅིག་ཅེས་བྱ་བ་གསུངས་སོ།། དེ་གཉིས་ཀྱི་གཉེན་པོ་ཡང་སེམས་ཞུམ་པ་དང་ཞན་པ་སྤང་བའི ་ཕྱིར་ལྷག་མཐོང་བསྒོམ་པའོ།། སེམས་གཡེངས་པ་དང་རབ་ཏུ་འཛིན་པ་སྤང་བའི་ཕྱིར་ནི་ཞི་གནས་སམ་ལུས་ལ་མི་གཙང་བར་བརྟགས་པ་སྒོམ་མོ།། རྫུ་འཕྲུལ་གྱི་རྐང་པ་གཉིས་པ་བསྟན་པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི ་འདུ་བྱེད་དང་ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤང་བ་དང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་འཕེལ་བར་བྱ་བའི་ཕྱིར།། བརྩོན་འགྲུས་རྒྱན་དྲ་མི་འཆང་བ ་དང་། རྟག་ཏུ་བརྩམས་པ་ལ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། སྤོང་བའི་འདུ་བྱེད་དང་ལྡན་པ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ།། །། རྫུ་འཕྲུལ་གྱི་རྐང་པ་གསུམ་པ་བསྟན ་པའི་ཕྱིར། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚེ་རབས་གཞོན་དུ་ཏིང་ངེ་འཛིན་བསྒོམ་པའི་ས་བོན་ལ་རྟེན་ནས་ཚེ་འདིར་ཏིང་ངེ་འཛིན་བསྒོམ་པ་དང་། འདིར་བསྒོམས་པ ་ལས་ཡང་སྔ་མ་སྔ་མའི་མཐུས་ཕྱི་མ་ཕྱི་མིའི་མཐུ་ཆེ་ཞིང་ཏིང་ངེ་འཛིན་གྱི་ས་བོན་བརྟས་པ་ལ་བརྟེན་ནས་འབད་མི་དགོས་པ་སེམས་རྩེ་གཅིག་པ་ལ་རེག་པར་གྱུར་པ་ནི། སེམས་ཀྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། གཞན་གོང་དུ་བཤད་པ ་བཞིན་དུ་བལྟའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་པ་བསྟན་པའི་ཕྱིར། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། གང་གཞན་དག་གིས་ཆོས་བསྟན་པའི་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་འབྱེད ་པ་ལ་ཐེ་ཚོམ་དང་བྲལ་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ནི། དཔྱོད་པའི་ཏིང་ངེ་འཛིན་ཅེས་བྱའོ།། ཡང་ན་བསྒོམ་པར་བྱ་བའི་ཡུལ་གྱི་དོན་བཤིག་ཅིང་བཙལ་བ་ལས་རྙེད་པར་གྱུར་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་དཔྱོད ་བའི་ཏིང་ངེ་འཛིན་ཅེས་བྱའོ།། གཞན་ཡང་གོང་དུ་བཤད་པ་བཞིན་དུ་བལྟའོ།། འདིར་ཡང་རྣམ་པ་ལྔར་བཞག་སྟེ། དམིགས་པ་དང་། རང་བཞིན་དང་། གྲོགས་དང་བསྒོམ་པ་དང་བསྒོམས་པའི་འབྲུས་བུའོ།། དེ་ལ་རྫུ་འཕྲུལ་གྱི་རྐང ་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་གྱི་ཡུལ་ལམ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པས་གང་ལས་སུ་བྱ་བའི་རྫུ་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པའི་འཕྲུལ་ལོ།། རང་བཞིན་གང་ཞེ་ན་མྱོས་པ་དང་། བརྩོན་འགྲུས ་དང་། སེམས་པ་དང་། སྤྱོད་པའི་མཚན་ཉིད་དོ།། གྲོགས་གྲང་ཞེ་ན། ཏིང་ངེ་འཛིན་དེ་བཞི་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ། འདོད་པ་དང་འདོད་མ་ཆགས་པ་དང་། ཞ་མ་སྡང་བ་ལ་སོགས་པའོ།། བསྒོམ་པ་གང་ཞེ་ན། སྤོང་བའི ་འདུ་བྱེད་བརྒྱད་ལ་གོམོས་པར་བྱེད་པའོ།། བསྒོམས་པའི་འབྲས་བུ་གང་ཞེ་ན། གང་འདོད་པ་དེ་ཐོབ་པའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་བསྟན་པའི་མཇུག་བསྡུ་བའི་ཕྱིར། དགེ་སྦྱོང་དག་འདི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ་ཞེས་བྱ་བ་གསུང ་སོ། རྫུ་འཕྲུལ་གྱི་རྐང་པ་བསྟན་པའི་འོག་ཏུ་དབང་པོ་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་དབང་པོ་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབང་པོ་ལྔ་ཞེས་གྲངས་མོས ་པའི་མིང་ས་སོར་ཕྱེ་སྟེ་བསྟན་པའི་ཕྱིར། དད་པའི་དབང་པོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་དབང་པོ་ཞེས་བྱ་བའི་བར་དུ་གསུངས་སོ།། དེ་ལ་ཡོད་པ་དང་ཡོན་ཏན་ཙོན་དང་ནུས་པའི་དབང་པོ་ལ་རིམས་བཞིན་དུ་ཡད་ཆེས་པ་དང་། ་རབ་ཏུ་དང་བ་དང་། མངོན་པར་འདོད་པ་ནི། དད་པའི་དབང་པོའོ།། མཚོན་ཉིད་དེ་ཡོད་པ་ལ་ནི་ཡིད་ཆེས་སོ།། ཡོན་ཏན་ལ་ནི་སེམས་དང་བའོ།། ནུབ་པ་ལ་འདོད་པ་སྐྱེ་བ་སྟེ། དེ་བས་ན་འདོད་པ་དང་མོས་པ་གཉིས་དོན་གཅིག་པས་དང ་པོའི་དབང་པོ་ནི་མོས་པའི་དབང་པོའི་ཏིང་ངེ་འཛིན་ལ་དབང་བྱེད་དོ།། དགེ་བ་བསྒྲུབ་པ་དང་མི་དགེ་བའི་སྤོང་བ་ལ་བརྩོན་པ་ནི་བརྩོན་འགྲུས་ཀྱི་དབང་པོ་སྟེ། དེ་བས་ན་བརྩོན་འགྲུས་ཀྱི་དབང་པོས་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱི་དབང་པོ་ལྀ ་དབང་བྱེད་དོ།། ཏིང་ངེ་འཛིན་བསྒོམ་པར་བྱ་བའི་ཡུལ་སེམས་ཀྱི་གསལ་བར་མཐོང་ཞིང་མ་བརྗེད་པ་ནི་དྲན་པའི་དབང་པོ་སྟེ། དྲི་བས་ནས་ན་དྲན་པའི་དབང་པོས་ནི་སེམས་ཀྱི་ཏིང་ངེ་འཛིན་ལ་དབང་བྱེད་དོ།། སེམས་རྩེ་གཅིག་ཏུ་གནས ་ཤིང་ཕྱི་རོལ་ཏུ་མ་ཡེངས་པ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། དེས་ཀྱང་སེམས་ཀྱི་ཏིང་ངེ་འཛིན་ཉིད་ལ་དབང་བྱེད་དོ།། ཆོས་ཀྱི་མཚན་ཉིད་རབ་ཏུ་འབྱེད་པ་ནི་ཤེས་རབ་ཀྱི་དབང་པོ་སྟེ། དེ་བས་ན་ཤེས་རབ་ཀྱི་དབང་པོས་ནི་དཔྱོད་པའི ་ཏིང་ངེ་འཛིན་ལ་དབྱུང་བྱེད་དོ།། ཡང་ན་འཁོར་བ་ཉེས་པ་དང་བཅས་པ་དང་། མྱ་ངན་ལས་འདས་པ་ཡོན་ཏན་དང་བཅས་པར་དད་པར་ཡིད་ཆེས་ན། འཁོར་བ་ལས་འབྱུང་བར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་སྟེ་གང་ཡིད་ཚོས་པ་ནི། ་དད་པའི་དབང་པོའོ།། བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། བརྩོན་འགྲུས་བརྩམས་ན་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་རྣམས་འབྱུང་སྟེ། དེ་ལ་བྱ་བ་དང་མི་བྱ་བ་མཚན་ཉིད་དྲན་པ་ནི་དྲན་པའི་དབང ་པོའོ།། ལྷག་པའི་སེམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ།། ལྷག་པའི་ཤེས་ཀྱི་བསླབ་པ་ནི་ཤེས་རབ་ཀྱི་དབང་པོའོ།། ཡང་ན་མདོ་འདི་ཉིད་ཀྱི་གནས་རྒྱུན་ཏུ་ཞུགས་པའི་ཡན་ལོག་བཤད་དེ། ཀུན་ཏུ་རིག་པའི་དང ་པ་བཞི་ལ་གནས་པ་ནི་དད་པའི་དབང་པོའོ།། ཡང་དག་པར་སྤོང་བ་བཞི་ལ། གནས་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཀྱི་དབང་པོའོ།། ཡང་ན་མདོ་འདི་ཉིད་ཀྱི་གནས་རྒྱུན་ཏུ ་ཞུགས་པའི་ཡན་ལག་བཞི་བཤད་དེ། ཀུན་ཏུ་རིགས་པའི་དད་པ་བཞི་ལ་གནས་པ་ཉིད་དད་པའི་དབང་པོའོ།། ཡང་དག་པའི་སྤོང་བ་བཞི་ལ་གནས་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་ནི་དྲན་པའི ་དབང་པོའོ།། བསམ་གཏན་བཞི་ལ་གནས་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ།། འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ།། དབང་པོའི་དོན་ནི་དབུང་བྱེད་པའི་དོན་ཏེ། ཅི་ལ་དབང་བྱེད་ཅེ་ན། དད་པ་ནི་འཇིག་རྟེན་ལས ་འདས་པའི་ཆོས་སྐྱེ་བའི་རྒྱུར་གྱུར་པ་དད་པ་དང་། བརྩོན་འགྲུས་ཀྱང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་གསུམ་ལ་དབང་བྱེད་དེ། དྲན་པ་ཡང་ཤེས་རབ་དང་ཏིང་འཛིན་གཉིས་ལ་དབང་བྱེད་དོ།། ཏིང་ངེ་འཛིན་ཀྱང་ཤེས་རབ་ལ་དབང ་བྱེད་དོ།། ཤེས་རབོ་ནི་འཇིག་རྟེན་ལས་འདས་པའི་ཆོས་མངོན་དུ་བྱ་བ་ལ་དབང་བྱེད་དེ། མྱིག་ལ་སོགས་པའི་དབང་པོའི་མཐུས་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ། ཆོས་དེ་དག་ཀྱང་ཅིག་གི་ཅིགོ་སྐྱེད་པར་བྱེད་པས་ན། དབང་པོ་ཞེས་བྱའོ།། ་ཡང་ན་དད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་བློ་གཉིས་མེད་པར་མོས་ཤིང་དད་པའོ།། ཡང་ན་ཡོན་ཏན་དང་ཡོན་ཏན་གྱི་གནས་ལ་དགའ་བ་སྔོན་དུ་བྱས་པ་ལས་སེམས་དང་བ་སྐྱེ་བ་ནི་དད་པའོ།། ཡང་ན་ལས་དགེ་བ་དང ་མི་དགེ་བ་ལས་འབྲས་བུ་བདེ་བ་དང་། སྡུག་བསྔལ་མྱོང་བར་ཡིད་ཆེས་པ་ནི་དད་པའོ།། ལུས་དང་སེམས་ལ་ཕངས་པ་མེད་པར་མི་དགེ་བའི་ཆོས་སྤང་བ་དང་། དགེ་བའི་ཆོས་མངོན་དུ་བྱ་བར་སེམས་སྤྲོ་བ་ནི་བརྩོན་འགྲུས་སོ།། ཡང ་ན་ལས་དམ་པ་ལ་བརྩོན་པའི་ལུས་དང་ངག་གི་ལས་ལ་བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་སྡིག་པ་མི་དགེ་བའི་ཆོས་བྱེད་པ་ལ་བརྩོན་པ་ནི་ལེ་ལོ་ཉིད་ཀྱི་བརྩོན་འགྲུས་ནི་མ་ཡིན་ནོ།། སྔོན་མྱོང་བའི་དངོས་པོ་མྲ་བརྗེད་པ་ནི་དྲན་པའོ།། ་ཡང་ན་དམིགས་པའི་དངོས་པོ་སེམས་ལ་གསལ་བ་ནི་དྲན་པའོ།། ཡང་ན་མཚོན་མ་ཡིད་ལ་བཟུང་བ་མ་ཉམས་པར་བྱེད་པ་དང་། ཉམས་ན་ཡང་སླར་མངོན་དུ་བྱེད་པ་ནི་དྲན་པའོ།། ཡང་ན་དྲན་པ་རྣམ་པ་བཞི་སྟེ། ཡི་གེ་མི་བརྗེད་པའི ་དྲན་པ་དང་། ཡི་གེ་གཟུང་བ་ལས་དོན་མི་བརྗེད་པར་འཛིན་པའི་དྲན་པ་དང་། དོན་གཟུང་བ་ལས་རྒྱུན་ཏུ་ཡིད་ལ་བྱེད་པ་མི་གཏོང་བའི་དྲན་པ་དང་། རྒྱུ་མ་ཏུ་ཡིང་ལ་བྱེད་པ་ལས་དོན་མངོན་སུམ་དུ་གསལ་བར་བྱེད་པར་མཐོང་བར ་བྱེད་པ་ནི་དྲན་པའོ།། སེམས་གནས་པའི་རྣམ་པ་དགུ་ནི་ཏིང་ངེ་འཛིན་ཏོ།། ཡང་ན་ཁང་པ་རླུང་མེད་པའི་མར་མེ་མོ་གཡོ་བ་བཞིན་དུ་ཉོན་མོངས་པའི་རླུང་རྣམས་ཀྱིས་མི་སྐྱོད་པར་སེམས་ཀྱི་དང་རྒྱུད་གཅིག་ཏུ་འབྱུང་བ་ནི་ཏིང་ངེ ་འཛིན་ཏོ།། བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་ནི་ཤེས་རབ་བོ།། ཡང་ན་ཤེས་རབ་ལ་རྒྱ་གར་སྐད་དུ་པྲཛྙཱ་ཞེས་འབྱུང་སྟེ། པྲ་ནི་རབ་ཀྱི་དོན་ལ། ཛྙཱ་ནི་བཤེས་པའི་དོན་ཏེ། སྡུག་བསྔལ་རབ ་ཏུ་ཤེས་པ་དང་། ཀུན་འབྱུང་རབ་ཏུ་སྦྱངས་པ་དང་། འགོག་པ་མངོན་དུ་བྱས་པ་དང་། ལམ་རབ་ཏུ་བསྒོམས་པ་ནི་ཤེས་རབ་བོ།། དེ་ལ་ཤེས་རབ་ཀྱི་དབང་པོ་ནི། ལྷག་མཐོང་གི་ཕྱོགས་ཏེ། དྲན་པ་དང་ལྡན་པ་རྣམས ་ལ་ཤེས་རབ་འབྱུང་བས་དྲན་པའི་དབང་པོ་ནི་དེའི་རྒྱུའོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་ཞི་གནས་ཀྱི་ཕྱོགས་སུ་ཏེ། བརྩོན་འགྲུས་རྒྱུན་ཏུ་བརྩམས་པ་རྣམས་ནི་སེམས་རྩེ་གཅིག་ཏུ་གྱུར་པས། བརྩོན་འགྲུས་ཀྱི་དབང་པོ་ནི ་དེའི་རྒྱུའོ།། དད་པའི་རྒྱུ་ལས་ཐམས་ཅད་སྐྱེ་བའི་ཕྱིར། དད་པ་ནི་ཞི་གནས་དང་ལྷག་མཐོང་གཉི་གའི་རྒྱུའོ།། ཡང་ན་དད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་སྨོས་པ་ཡིན་ཏེ། དད་པ་དང་ལྡན་པ་རྣམས་ནི་ཚུལ་ཁྲིམས་སྲུངས་པར་བྱེད་པསོ།། ། ་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་དབང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་རྒྱུ་དང་བཅས་པ་བསྙན་པ་ཡིན་ཏེ། བརྩོན་འགྲུས་ནི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པའི་ཕྱིར་རོ།། དྲན་པ་དང་ཤེས་རབ་ཀྱི་ཕུང་པོ་རྒྱུ་དང་བཅས་པ་བསྟན། ་བ་ཡིན་ཏེ། དྲན་པ་ནི་ཤེས་རབ་ཀྱི་ཕུང་པོའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ལ་དབང་པོ་ལྷ་རྣམས་ཀྱི་ཡུལ་ནི་ལྷ་སྟེ། བྱང་ཆུབ་དང་སྤྱོད་པ་དང་ཐོས་པའི་ཆོས་དང་། ཞི་གནས་དང་ལྷག་མཐོང་དང་། དད་པའི་དབང་པོའི་ཡུལ་ནི་བྱང་ཆུབ ་སྟེ། དད་པས་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་གཙོ་ཚར་དང་བ་སྐྱེ་བའི་ཕྱིར་རོ།། བརྩོན་འགྲུས་ཀྱི་དབང་པོའི་ཡུལ་ནི་སྤྱོད་པ་སྟེ། བརྩོན་འགྲུས་ཀྱི་བསླབ་པ་གསུམ་བསྒྲུབ་པའི་ཕྱིར་རོ།། དྲན་པའི་དབང་པོས་ནི་ཐོས་པའི་ཆོས ་རྣམས་ལ་དམིགས་ཏེ། དྲན་པས་ཆོས་ཀྱི་དོན་མི་བརྗེད་པའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་ཞི་གནས་ལ་དམྱིགས་ཏེ། རྟག་ཏུ་སེམས་རྩེ་གཅིག་ཏུ་འགྱུར་བ་འབའ་ཞིག་ཏུ་སྦྱོར་བའི་ཕྱིར་རོ།། ཤེས་རབ་ཀྱི་དབང་པོས་ནི་ལྷག་མཐོང་ལ་དམིགས ་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པར་བྱ་བའི་དོན་ལ་གཙོ་ཆེར་ལྷུར་ལེན་པའི་ཕྱིར་རོ།། ཅིའི་ཕྱིར་དབང་པོའི་རིམ་པ་དེ་ལྟར་བཀོད་ཅེ་ན། མྱ་ངན་ལས་འདས་པོའི་འབྲས་བུ་ལ་དད་པ་སྐྱེས་ན་བརྩོན་འགྲུས་རྩོམ་པས་དད་པའི་འོག་ཏུ ་བརྩོན་འགྲུས་སོ།། བརྩོན་འགྲུས་བརྩམས་པ་རྣམས་ནི་དྲན་པ་ཉམས་མི་སྲིད་པས། བརྩོན་འགྲུས་ཀྱི་འོག་ཏུ་དྲན་པའོ།། དྲན་པ་མ་ཉམས་ན་སེམས་རྩེ་གཅིག་ཏུ་འགྱུར་བས། དྲན་པའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོའོ།། སེམས་རྩ་གཅིག་ཏུ ་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་སྐྱེས་པའི་ཕྱིར། ཏིང་ངེ་འཛིན་གྱི་འོག་ཏུ་ཤེས་རབ་བཤད་དོ།། དབང་པོ་ལྔ་རྣམས་ཀྱི་དོན་ནི་རིམ་པ་ཉིད་མདོ་ལས་གསལ་བར་བསྟན་པའི་ཕྱིར། དེ་ལ་དད་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། དེ་ལ་ཆོས་བཞི་ལ་དད་ཅིང་ཡིད་ཆེས་པ་ནི་དད་པ་སྟེ། ཆོས་བཞི་པོ་གང་ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་ནི་དང་པོའོ།། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པས་ཞེས་བྱ་བ་ནི ་གཉིས་པའོ།། ལས་གང་དག་བྱེད་པར་འགྱུར་བའི་ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བའི་ནི་གསུམ་པའོ།། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་ནི་བཞི་པའོ།། འཁོར་བ་ན་སྤྱོད་པའི་འཁོར་བ་ན་ཡོད་པ་འམ ་འཁོར་བར་གཏོགས་པའི་ཆོས་དེ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད་ཅེས་ལྟ་བ་ནི། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། གང་གི་ཚེ་འདི་ཡོད་ཚེ་ཕྱི་མ་ཡོད་པར་ལྟ་བའི་འ ་བ་ན་སྤྱོད་པའི་འཇིག་རྟེན་པའི་ལྟ་བ་དྲད་པ་ཞེས་བྱའོ།། དེ་ཞེས་བྱ་བ་ནི་དད་པ་དང་ལྡན་པའི་གང་ཟག་དེའི་འོ།། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ཅེས་བྱ་བ་ནི། ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པར་འདོད་པའོ།། ་ལས་གོང་དང་གང་བྱེད་པར་འགྱུར་བའི་ཞེས་བྱ་བ་གང་ཟག་གང་དང་གང་གི་ལས་དགེ་བ་དང་མི་དགེ་བ་ལ་སོགས་པ་གང་དང་གང་བྱས་པའོ།། ལས་དེ་དང་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི། གང་ཟག་གིས ་ལས་དགེ་བ་བྱས་ན། དེའི་རྣམ་པར་སྨིན་པ་བོད་པ་མྱོང་བར་འགྱུར་བ་དང་། གང་ཟག་གང་གིས་ལས་མི་དགེ་བ་བྱས་ན། དེའི་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། ལས་གང་གིས་བྱས་པ་དེ་ཉིད་ཀྱི་མྱོང་བར་འགྱུར་གྱི་རྣམ ་པར་སྨིན་པ་གཞན་གྱིས་མྱོང་བར་མི་འགྱུར་བར་ཡིད་ཆེས་པའོ།། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལུས་མི་བྱེད་ཅེས་བྱ་བ་ནི་ཚེ་འདི་དང་ཕྱི་མ་ཡོད་པར་མཐོང་བ་དང་། ལུས་དང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པ་མཐོང་བ་དང་། ལས་གང་གི ་རྣམ་པར་སྨིན་པ་ཡང་དེས་མྱོང་བར་འགྱུར་བའི་གང་ཟག་དེ་ལ་བྱ་བའི་དོན་ཏོ།། སྡིག་པ་མི་དགེ་བའི་ཆོས་བྱོས་ནས་འབྲས་བུ་སྡུག་བསྔལ་མྱོང་བར་འགྱུར་བར་ཡིད་ཆེས་པས་སྲོག་གི་ཕྱིར་ཡང་མ་བྱིན་པར་ལེན་པ་ལ་སོགས་པའི ་སྡིག་པ་མི་བྱེད་པ་ནི། དད་པའི་དབང་པོ་ཞེས་བྱའོ།། བརྩོན་འགྲུས་ཀྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་གང་ལ་དད་པའི་དབང་པོར་གྱུར་པའི་ཆོས་དེ་ལ་ཞེས་བྱ་བ ་ནཱི་དད་པའི་དབང་པོས་གང་དད་པར་གྱུར་པའི་ཆོས་བཞི་པོ་ལའོ་ཞེས་བྱ་བའི་ཐ་ཚིག་གོ།། བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་འགྲུབ་པར་བྱེད་ཅེས་བྱ་བ་ནི། དད་པའི་དབང་པོས་དད་པར་གྱུར་པའི་ཆོས་དེ་ལ་བརྩོན་འགྲུས་ཀྱི་དབང་པོ ་མི་དགེ་བའི་ཕྱོགས་ནི་སྦྱོང་བར་བྱེད། དགེ་བའི་ཕྱོགས་ནི་གྲུབ་པར་བྱེད་དེ། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། དྲནཱ་པཱའི་དབང་པོ་བསྟན་པའི་ཕྱིར། དེ་ལ་དྲན་པའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་གང་ལ ་བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་གྲུབ་པར་བྱེད་པའི་ཆོས་དེ་ལྷོ་ཞེས་བྱ་བ་ལ་བརྩོན་འགྲུས་ཀྱི་དབང་པོས་ནི་མི་དགེ་བའི་ཆོས་སྤངས་ནས། དགེ་བའི་ཆོས་སྒྲུབ་སྟེ། བཞག་པའི་དགེ་བའི་ཆོས་དེ་ལ་དྲན་པའི་དབང་པོས་ནི། དགེ་བའི ་ཆོས་དེ་སེམས་ལ་མི་གསལ་བ་དང་བརྗེད་པར་མ་གྱུར་པར་བྱེད་པ་ནི། དྲན་པའི་དབང་པོ་ཞེས་བྱའོ།། ཏིང་ངེ་འཛིན་གྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ནཱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་གང ་དྲན་པའི་དབང་པོས་ཆུད་མི་གཟོན་པ་ཞེས་བྱ་བ་ནི་དགེ་བའི་ཆོས་གང་དྲན་པའི་དབང་པོས་མ་བརྗོད་པར་བྱས་པའོ།། ཆོས་དེ་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་ཅེས་བྱ་བ་ནི་དྲན་པའི་དབང་པོས་མ་བརྗེད་པར་བྱས་པའི ་ཆོས་ལ་ཏིང་ངེ་འཛིན་གྱི་དབང་པོ་སྐུ་གཡེང་བ་སྤངས་ནས་རྒྱུན་ཏུ་རྩེ་གཅིག་པར་དམིགས་པར་བྱེད་ཅེས་བྱ་བའི་དོན་ཏོ།། ཤེས་རབ་ཀྱི་དབང་པོ་བསྟན་པའི་ཕྱིར། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། ཆོས་གང་ལ་ཏིང་འཛིན་གྱི་དབང་པོ་རྩེ་གཅིག་ཏུ་བྱས་པ་ཞེས་བྱ་བ་ནི་དྲན་པའི་དབང་པོས་མ་བརྗེད་པར་དགེ་བའི་ཆོས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྒྱུན་ཏུ་རྩེ་གཅིག་ཏུ་བཞག་པའོ།། ཤེས་རབ་ཀྱི་དབང་པོས་ཆོས་དེ ་དག་གི་སོ་སོ་རང་གི་མཚན་ཉིད་མཐོང་བ་ནི། སོ་སོར་ཁྱོང་དུ་ཆུད་པའོ།། སྤྱིའི་མཚན་ཉིད་མཐོང་བ་ནི། ཆོས་དེ་དང་དེ་རྣམས་ལ་མངོན་སུམ་དུ་ཤེས་པ་ཞེས་བྱའོ།། དབང་པོ་ལྔ་ཡང་དམིགས་པ་དང་། རང་བཞིན་དང་། གྲོགས་དང་། སྒོམ་པ ་དང་། བསྒོམ་པའི་འབྲས་བུ་སྟེ། རྣམ་པ་ལྔར་བཞག་གོ།། དབང་པོ་ལྔ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། དབང་པོའི་དུས་ན་ཡང་དེ་བཞི་ལ་དམིགས་པའི་ཕྱིརརོ།། རང་བཞིན་ནི་དང་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ངོ་བོའོ།། གྲོགས་ནི་ཆོས་དེ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་གཞན་རྣམསོ།། བསྒོམ་པ་ནི་དད་པའི་དབང་པོས་བདེན་པ་བཞི་ལ་མངོན་པར་ཡིད་ཆེས་པའི་རྣམ་པར་བསྒོམ་མོ།། བརྩོན་འགྲུས ་ཀྱི་དབང་པོས་ནི་བདེན་པ་ལ་ལྡོག་པའི་སྤོང་བའི་རྣམ་པར་བསྒོམ་མོ།། དྲན་པས་ནི་བདེན་པ་ལ་མི་རྗེད་པར་རྣམ་པར་བསྒོམ་མོ།། ཏིང་ངེ་འཛིན་གྱིས་ནི་བདེན་པ་ལ་མི་གཡེང་བའི་རྣམ་པར་བསྒོམ་མོ།། ཤེས་རབ་ཀྱིས་ནི་རང་དང་སྤྱིའི་མཚན ་ཉིད་རྟོགས་པ་རྣམ་པར་བསྒོམ་མོ།། འབྲས་བུ་ནི་བདེན་པ་བཞི་རྟོགས་པར་བྱེད་པའོ།། སྟོབས་ཀྱི་སྐབས་སུ་དམིགས་པ་ལ་སོགས་པ་གང་བདེན་པ་ཡང་གཅིག་སྟེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ཙམ་གྱི་བྱེ་བྲག་ཏུ་དབྱེ་བར ་ཟད་དོ།། དབང་པོ་ལྔ་བསྟན་པའི་མཇུག་བསྡུ་བའི་ཕྱིར་འདི་ནི་དགེ་སློང་དག་དབང་པོ་རྣམས་སོ་ཞེས་གསུངས་སོ།། དབང་པོ་ལྔའི་འོག་ཏུ་སྟོབས་ལྔ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག ་སྟོབས་ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབང་པོ་ལྔ་པོ་ཉིད་མི་རྗེད་པ་དང་། མི་ཚུགས་པར་གྱུར་པས་ན་སྟོབས་ལྔར་བཞག་སྟེ། དད་པའི་སྟོབས་ཀྱང་དད་པ་མི་རྫི་བར་གྱུར་པ་རྣམས་ནི་འཇིག་རྟེན་འདིར་ལྷའི ་བདུད་དམ། ཚངས་པ་འམ་གཞན་ཡང་འཇིག་རྟེན་ན་ཆོས་དང་མཐུན་པར་གྱུར་པ་འམ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམས་ཀྱིས་དང་པ་བཟློག་པར་མི་ནུས་པས་ན་དད་པའི་སྟོབས་སོ།། དད་པའི་སྟོབས་སྔོན་དུ་བྱས་པའི ་རྒྱུ་ལས་འབྱུང་བའི་བརྩོན་འགྲུས་ལ་སོགས་པའི་ཆོས་བཞི་ཡང་སྟོབས་ཞེས་བྱ་སྟེ། སྟོབས་དང་ལྡན་ཞིང་བདུད་ཀྱི་གྲོགས་སུ་གྱུར་པའི་བདུད་རྣམ་པ་བཞིའི་སྟོབས་བཅོམ་ནས། ཟག་པ་ཟད་པ་མངོན་དུ་བྱེད་པས་ན་སྟོབས ་ཞེས་བྱའོ།། ཡང་ན་དབང་པོའི་དུས་ན་ནི་དབང་པོ་ལྔའི་མི་མཐུན་པའི་ཕྱོགས་མ་དད་པ་དང་། ལེ་ལོ་དང་དྲན་པ་ཉམས་པ་དང་། གཡེངས་པ་དང་། ཤེས་བཞིན་མེད་པ་རྣམས་སྐབས་སུ་འདྲེ་ཞིང་འབྱུང་བ་ལས། ནམ་མོ་མཐུན་པ ་ཕྱོགས་རྣམས་སྐབས་སྐབས་སུ་འདྲེ་ཞིང་འབྱུང་བ་ལས། ནམ་མི་མཐུན་པའི་ཕྱོགས་རྣམས་སྐབས་སྐབས་སུ་འབྱུང་བར་མི་བྱེད་དེ། གཉེན་པོ་འབྲའ་ཞིག་གི་ཕྱོགས་གཅིག་ཏུ་སྐྱེས་པའི་སྟོབས་ཞེས་བྱའོ།། དེ་ལ་དཀོན ་མཆོག་གསུམ་ལ་བསམ་པ་མི་ཕྱེད་པར་གྱུར་པ་ནི་དད་པའི་སྟོབས་སོ།། བྱང་ཆུབ་ཀྱི་ཕྱོགས་རྣམས་རྒྱུན་ཏུ་བསྒོམ་པ་ནི། བརྩོན་འགྲུས་ཀྱི་སྟོབས་སོ།། གང་མཉན་ཅིང་བསམས་པའི་ཆོས་ནམ་དུ་ཡང་མི་བརྗོད་པ་ནི་དྲན་པའི་སྟོབས་སོ།། ། ་ཞུམ་པ་དང་རྒོད་པའི་དབང་དུ་མི་འགྱུར་བ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ།། ཆོས་གང་ལ་ཡང་ཐེ་ཚོམ་མེད་པར་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་སོ།། དེ་ལ་དད་པའི་སྟོབས་ཀྱིས་ནི་མཐོང་བའི་ལམ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་བདག ་གི་ལུས་ལ་ཆགས་པ་སྤོང་བར་བྱེད་དོ།། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི། བདག་གི་ཡོ་བྱད་ལ་ཆགས་པ་སྦྱོང་བར་བྱེད་དོ།། དྲན་པའི་སྟོབས་ཀྱིས་ནི་སྔོན་བྱས་པ་དང་སྨྲས་པའི་ལམ་ལ་རྟོག་པའི་སེམས་སྤོང་བར་བྱེད་དོ།། ཏིང་ངེ ་འཛིན་གྱི་སྟོབས་ཀྱིས་ནི། ཞུམ་པོ་དང་རྒོད་པ་ལ་སོགས་པ་ཉོན་མོངས་པ་ཆེ་ལོང་དུ་བྱུང་བ་ཟིལ་གྱི་ས་གནོན་ཏོ།། ཤེས་རབ་ཀྱི་སྟོབས་ཀྱིས་ནི་བག་ཚོགས་ཐམས་ཅད་རྩད་ནས་འདོན་ཏོ།། སྟོབས་ལྟ་བསྟན་པའི་འོག་ཏུ་བྱང ་ཆུབ་ཀྱི་ཡན་ལག་བདུན་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་བྱང་ཆུབ་ནི་བདེན་པ་བཞི་ཁོང་དུ་ཆུད་ནས། ཟད ་ལ་མི་སྐྱེ་བའི་ཡེ་ཤེས་ཐོབ་སྟེ། བྱང་ཆུབ་དེ་ཡང་གང་ཟག་གི་ཁྱད་པར་གྱིས་ན་ཉན་ཐོས་ཀྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་རྣམ་པ་གསུམ་དུ་བཞག་གོ། བྱང་ཆུབ་ཐོབ་པར་བྱེད་པའི་གྲོགས་སུ་གྱུར་པ་འམ། དེའི་རྟེན་དུ་གྱུར ་པའི་ཆོས་ནི་བྱང་ཆུབ་ཀྱི་ཡན་ལོག་སྟེ། དཔེར་ན་ལུས་ཀྱི་གྲོགས་སུ་གྱུར་པ་འམ། རྟེན་ཏུ་གྱུར་པ་དང་རྐང་པ་དང་ལྷག་པ་ལ་སོགས་པའི་ལུས་ཀྱིས་ཡན་ལག་ཅེས་བྱ་བ་བཞིན་ནོ།། འདིར་ཡན་ལག་གི་གཙོ་བོ་གང་ཡིན་ན་བདུན་པོ་འདི ་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཞག་གོ།། སྨྲས་པ་ཆོས་རབ་ཏུ་འབྱེད་པ་ནི་དེ་ཁོ་ན་མངོན་པར་རྟོགས་པའི་བདག་ཉིད་ཡིན་པས་ཡན་ལག་གཙོ་བོ་དང་ཡན་ལག་གཉི་གར་བཞག་གོ། དྲན་པ་ལ་སོགས་པ་དྲུག་ནི་དེ་དང་རྗེས་སུ་མཐུན ་པར་བྱེད་པ་ནི་གྲོགས་ཡིན་པས། ཡན་ལགེ་བདུན་དུ་བཞག་གོ། དེ་ལ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་སྒོམ་ཞིང་མངོན་སུམ་དུ་བྱས་པ་རྣམས་ཆུད་མི་གཟོན་ཅིང་མི་བརྗེད་པར་བྱེད་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལོག་ཅེས་བྱ་སྟེ། དབེན་པ་ལ་གནས་པ་ལ་སོགས་པའི་དོན་ནི་སྔར་བཤད་པ་བཞིན་དུ་བལྟའོ།། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི་ལྕུག་མཐོང་གི་ཚོགས་དང་ཟུང་དུ་འབྲེལ་པ་སྟེ། གང་མཐོང་བའི་ལམ་གྱི་ཀུན ་ནས་ཉོན་མོངས་པོའི་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་ཤེས་པའོ།། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི། ཡོན་ཏན་གོང་མ་ཁྱད་པར་ཅན་རྣམས་ལེན་པར་བྱེད་ཅིང་ཡོན་ཏན་ལ་སྒྲིབ་པའི ་ཉེས་པ་རྣམས་སྤོང་བར་བྱེད་པའི་མཚན་ཉིད་དོ།། དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི་དེ་ཁོ་ནའི་མཚན་ཉིད་གང་ཟག་ལ་བདག་མེད་པ་དང་པོ་མཐོང་ནས་ལུས་དང་སེམས་ལ་སིམ་པ་ཐོབ་པའོ།། ཤིན་ཏུ་སྦྱངས་པ་བྱང་ཆུབ ་ཀྱི་ཡན་ལག་ནི་ལུས་ལས་སུ་རུང་བ་དང་། སེམས་ལས་སུ་རུང་བར་གྱུར་པ་སྟེ། གནས་དྲན་ལེན་ཐམས་ཅད་དང་བྲལ་བའི་ལུས་དང་སེམས་ལས་གཞན་དུ་གྱུར་པས་རང་གི་བྱ་བ་ལ་སྐྱོད་པ་སྤང་བ་དང་། སེམས་གནས་གཞན་དུ ་གྱུར་པའི་དམིགས་པའི་ཡུལ་ཐོགས་པ་མེད་པར་འཇུག་པའོ།། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ནི་དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་རྟག་ཏུ་མ་ཉམས་པར་གནས་པའོ།། བཏང་སྙོམས་བྱང་ཆུབ་ཀྱི་ཡན ་ལག་ནི། ཞུམ་རྒོད་ལ་སོགས་པའི་ཉེས་པ་ཐམས་ཅད་སྤངས་པས་རྟག་ཏུ་བྱ་བ་མེད་པ་དང་། ཉོན་མོངས་པ་མེད་པར་གནས་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཡན་ལག་ལྔར་བཞག་སྟེ། རྟེན་གྱི་ཡན་ལག་དང་། རང ་བཞིན་གྱི་ཡན་ལག་དང་། ངེས་པར་འབྱུང་བའི་ཡན་ལག་དང་། རྗེས་སུ་བསྔགས་པའི་ཡན་ལག་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་གོ། དེ་ལ་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ནི། རྟེན་གྱི་ཡན་ལག་སྟེ། དྲན་པའི་དབང ་གིས་གང་ལ་དམིགས་པའི་དམིགས་པ་དེ་ནས་གཞན་དུ་མི་གཡེང་བར་བྱེད་པའི་ཕྱིར་རོ།། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད ་ཤེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ནི་ངེས་པར་འབྱུང་བར་བྱེད་པའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་མཐུས་སོ་སོའི་སྐྱེ་བོའི་ས་ལས་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་རོ།། དགའ་བ ་བྱང་ཆུབ་ཀྱི་ཡན་ལག་ནི་རྗེས་སུ་བསྔགས་པོའི་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ།། བག་ཡངས་དང་ཏིང་ངེ་འཛིན་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི། ཀུན་ནས་ཉོན་མོངས་པ་མེད ་པའི་ཡན་ལག་སྟེ། དེ་གསུམ་གྱི་ཉོན་མོངས་པ་འཇོམས་པའི་གཉེན་པོ་བྱེད་པའི་ཕྱིར་རོ།། དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་གླེང་གཞི་དང་རྟེན་དང་རང་བཞིན་རྣམ་པ་གསུམ་དུ་བཞག་གོ།། དེ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་གླེང ་གཞི་ནི། ཤིན་ཏུ་བྱང་བ་བྱང་ཆུབ་ཀྱི་ཡན་ལག་སྟེ། ཤིན་ཏུ་བྱུང་བས་ནི་གནས་ངན་ལེན་པ་དང་། དེའི་རྒྱུར་གྱུར་པའི་ཉོན་མོངས་པ་རྣམས་འཇོམས་པར་བྱེད་པའི་རྒྱུ་བྱེད་པའི་ཕྱིར་རོ།། དེ་ཡང་ཇི་ལྟ་ཞེ་ན། འདི་ལྟར་ལུས་དང་སེམས་ལས་སུ ་མི་རུང་བ་ནི་གནས་ངན་ལེནྡོ་ཏེ། དེ་ཡོད་ན་སེམམ་རྩེ་གཅིག་པ་མི་འབྱུང་བས་སེམས་གཡེངས་པར་འགྱུར་རོ།། སེམས་གཡེངས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱོ་སྟེ། དེ་བས་ན་གནས་ངན་ལེན་ནི། ཀུན་ནས་ཉོན་མོངས་པའི ་རྒྱུའོ། ཤིན་ཏུ་བྱང་བ་ནི་ལུས་དང་སེམས་ལས་སུ་རུང་བ་ཡིན་པས། དེས་གནས་ངན་ལེན་སེལ་བར་བྱེད་པའི་ཕྱིར་རོ།། ཀུན་ནས་ཉོན་མོངས་པ་མེད་པའི་གླེང་བཞིར་བཞག་གོ།། ཀུན་ནས་ཉོན་མོངས་པ་མེད་པའི་རྟེན་ནི་ཏིང་ངེ་འཛིན་བྱང ་ཆུབ་ཀྱི་ཡན་ལག་སྟེ། དེ་ལྟར་ལུས་དང་སེམས་ལས་སུ་རུང་བ་ན་སེམས་མཉམ་པར་འཇོག་པར་འགྱུར་རོ།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བཞིན་དུ་ཤེས་པ་སྐྱེས་ན། ཀུན་ནས་ཉོན་མོངས་པ་སྤོང་སྟེ། དེ་བས ་ན་ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིའོ།། ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་བ་དང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། བཏང་སྙོམས་ཀྱི་ཉོན་མོངས་པ་སྤོང་བར་བྱེད་ལ། རྟག་ཏུ་འང་ཉོན་མོངས་པ་མེད་པ་དང་། རྗེ་སུ་མཐུན ་པར་གནས་པའི་ཕྱིར་རོ།། ཡན་ལག་བདུན་པོ་འདི་ཡང་རྣམ་པ་གསུམ་དུ་བསྡུ་སྟེ། ཞི་གནས་ཀྱི་ཕྱོགས་དང་ལྷག་མཐོང་གི་ཕྱོགས་དང་གཉིས་ཀའི་ཕྱོགས་སོ།། དེ་ལ་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་གསུམ་ལྷག ་མཐོང་གི་ཕྱོགས་སོ།། དེ་ལ་གང་ཤིན་ཏུ་བྱང་བ་དཔག་ཏིང་ངེ་འཛིན་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ།། དྲན་པ་ནི་གྲཝཉི་གླུའི་ཕྱོགསྲ་ཏེ། ཐམས་ཅད་འགྲོ་བ་ཞེས་བྱའོ།། བྱང་ཆུབ་ཀྱི་ཡན་ལག་རྣམས ་ཀྱང་དམིགས་པ་དང་། རང་བཞིན་དང་། གྲོགསྣ་དང་། སྒོམ་པ་དང་། བསྒོམ་པའི་འབྲས་བུ་སྟེ། རྣམ་པ་ལྔར་བཞག་གོ།། དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམྱིགས་པ་ནི་འཕགས་པའི་བདེན་པ་བཞི་སྟེ། མཐོང་པོའི་ལམྦ་ན་བདེན་པ་བཞི ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དམིགས་པའི་ཕྱིར་རོ།། རང་བཞིན་ནི་དྲན་པ་དང་། ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམ་སོ།། གྲོགས་ནི་བྱང་ཆུབ་ཀྱི་ཡན་ལག་དེ་དག ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དད་པ་ལ་སོགས་པ་གཞན་རྣམས་སོ།། བསྒོམ་པ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བར ་བསྔོས་པ། སྒོམ་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་བདེན་པ་བཞི་ཉིད་བསྒོམ་པར་གསུངས་སོ།། བསྒོམ་པའི་འབྲས་བུ་ནི་མཐོང་བར་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་པའི་འོག་ཏུ ་ལམ་གྱི་ཡན་ལག་བརྒྱད་བསྟན་ཏེ། དེ་བས་ན་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དགེ་སློང་དག་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་འཕགས་པ་ནི་རྒྱུན ་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སློབ་པའི་གང་ཟག་རྣམས་ལ་བྱ་སྟེ། དེ་དག་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤང་བ་དང་། རྣམ་པར་གྲོལ་བ་མངོན་དུ་བྱ་བའི་ཕྱིར་ཡན་ལག་བརྒྱད་དང་ལྡན་ཞིང་། ཡན ་ལག་བརྒྱད་ཀྱིས་བསྡུས་པའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལྡེམ་གྱི་ཡན་ལག་བརྒྱད་པའི་ལམ་ཞེས་བྱའོ།། འདི་ལྟ་སྟེ་ཡང་དག་པར་ལྟ་བ་ཞེས་བྱ་བ་ལ། གང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྐབས་སུ་འཕགས་པའི་བདྲེན ་བ་བཞི་ཁོང་དུ་ཆུད་པ་ཐོབ་སྟེ། དེ་ཉིད་ལ་དམིགས་པ་ནི། ཡང་དག་པའི་ལྟ་བའོ།། ཡང་དག་པའི་ལྟ་བ་དེ་ཉིད་གཙོར་བྱས་ནས། འབྱུང་བར་འགྱུར་བའི་ཆོས་རྣམས་ལ་ཡང་དག་པར་རྟོག་ཅིང་འདོད་པ་དང་གནོད་སེམས་དང་འཚེ་བའི ་རྟོག་པ་སྤངས་ནས་འདོད་པ་མེད་པ་དང་། གནོད་སེམས་མེད་པ་དང་། འཚེ་བ་མེད་པ་ལ་རྟོག་པ་ནི། ཡང་དག་པའི་རྟོག་པ་ཞེས་བྱ་སྟེ། གལ་ཏེ་རྟོག་པ་ནི་སེམས་འཇུག་པར་འདོད་ན་ཡང་རྣམ་པ་དེ་ལྟ་བུའི་ཆོས་ལ་རྟོག་གོ།། ་བརྒྱ་ལ་སྨྲ་བ་ཞིག་ལ་སེམས་འཇུག་པར་འདོད་ནས་ཡང་དག་པའི་ལྟ་བ་ཉིད་མངོན་དུ་བྱས་ནས། དགེ་བའི་ཆོས་ལ་རྣམ་པར་རྟག་པའི་ཆོས་དེ་ཉིད་གཞན་ལ་གཏམ་དུ་སྨྲ་སྟེ། དེ་ནི་ཡང་དག་པའི་ངག་ཅེས་བྱའོ།། གལ་ཏེ་ཆོས་གོས་དང ་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་རྐྱེན་སྨན་ལ་སོགས་པ་ཡོ་བྱད་རྣམས་དགོས་པར་གྱུར་ན། དེ་ཡང་ཚོལ་བའི་དུས་ན་འགྲོ་བ་དང་སླར་འོང་བའི་ཚེ་ཤེས་བཞིན་དུ་སྤྱོད་པ་དང་། ལྟ་བ་དང་། རྣམ་པར་ལྟ་བ་དང་། སྨྱུང་བ་དང་། ་བསྐུམ་བྱ་དང་། ཆོས་གོས་དང་ལྷུང་ཟེད་འཛིན་པ་དང་། བཟའ་བ་དང་། བཏོང་བ་ལ་སོགས་པ་དང་། འཆག་བླ་དང་འདུག་པ་དང་། ཉུལ་བ་ལ་སོགས་པའི་ཚེ་ཤེས་བཞིན་དུ་སྤྱོད་དེ། དེ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ།། གང ་ཆོས་གོས་དང་ན་བའི་རྐྱེན་སྨན་ལྔ་སོགས་པ་ཚོལ་བ་ཡང་གཡོ་དང་སྒྱུས་ཚོལ་བ་སྤངས་ནས། ཆོས་བཞིན་དུ་ཚོལ་བ་སྟེ། དེ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་བྱ་དང་། ཡང་དག ་བའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ལ་བརྟེན་ནས་བསྒོམ་པ་ལ་ཞུགས་ནས་དད་པས་མོས་པ་དང་བརྩོན་འགྲུས་དང་འབད་པོ་ལ་སོགས་པའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། བསྒོམ་པས་སྤང་བར ་བྱ་བའི་ཉོན་མོངས་པ་ལ་འཇུག་པ་ནི། ཡང་དག་པའི་རྩོལ་བའོ།། དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ནས་ཕྱིན་ཅི་མ་ལྡོག་པས་བསྡུ་བའི་དྲན་པ་གསལ་བའི་མཚན་ཉིད་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། སེམས་གནས་པ་རྣམ་པ་དགུ་ནི ་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་ཀྱང་མདོར་རྣམ་པ་གཉིསུ་བཞག་སྟེ། སྤྱོད་པའི་ཚེ་གང་བྱ་བ་དང་། གནས་པའི་ཚེ་གང་བྱ་བའོ།། སྤྱོད་པའི་ཚེ་ཏིང་ངེ་འཛིན་བསྒོམ་པ་ལ་མ ་གཏོགས་པ་གཞན་འཆག་པ་དང་འདུག་པ་ལ་སོགས་པ་སྤྱོད་ལམ་ན་གནས་པའི་དུས་ན་ཏེ། དེའི་ཚེ་ན་ནི་ཡང་དག་པའི་ངག་དང་། ལོས་ཀྱི་མཐའ་དངོ་འཚོ་བ་ལ་གནས་པར་བྱའོ།། གནས་པོའི་ཚེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ་སྙོམས ་པར་ཞུགས་པའི་དུས་ན་ཏེ། དེ་ན་ཡང་ཞི་གནས་བསྒོམ་པོ་དང་། ལྷག་མཐོང་སྒོམ་པ་རྣམ་པ་གཉིས་བྱའོ།། དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དུག་པའི་རྩོལ་བ་གསུམ་ནི་ལྷག་མཐོང་གི་ཕྱོ་གིས ་འཁོར་དང་བཅས་པ་སྟེ། ཡང་དག་པའི་ལྟ་བ་ནི་ལྷག་མཐོང་ཉིད་དོ།། ཡང་དག་པའི་རྩོལ་བྱ་དང་རྟོག་པ་ཉིད་ནི་དེའི་ཕྱོགས་སོ།། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱི་ཕྱོགས་འཁོར་དང་བཅོས་པ་སྟེ། ་ཡང་དག་པའི་ཏིང་ངེ་འཛིནི་ཞི་གནས་ཀྱི་སྒོ་ཉིད་།། དྲན་པ་ནི་དེའི་ཕྱོགས་སུ་གཏོགས་པའོ།། དེ་ལྟར་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་མ་ལུས་པར་སྤང་བར་བྱ་བ་དང་། དགྲ་བཅོམ་པའི་འབྲོས་བུ་དམ་པ་མངོན་སུམ་དུ ་བྱ་བའི་ཕྱིར། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་རྣམ་པར་དག་པ་ལ་བརྟེན་ནས་སློབ་པའི་གང་ཟག་དག་དུས་དུས་སུ་ཞི་གནས་དང་ལྡན་པ་མཐོང་ལ་སྒོམ་པར་བྱེད་དོ།། ཡང་ན་མི་ཤེས་པ་དང་ཐེ་ཚོམ་གྱི་ཤེས་པ ་དང་ལོག་པའི་ཤེས་པ་མེད་པ་ནི་ཡང་དག་པར་ལྟ་བའོ།། དེ་ལ་མི་ཤེས་པ་ནི་འཕགས་པའི་བདེན་པ་བཞིའི་མཚན་ཉིད་ཁོང་དུ་མ་ཆུད་པའོ།། ཐེ་ཚོམ་གྱི་ཤེས་པ་ནི་འཕགས་པའི་བདེན་པ་བཞི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བའོ།། ་ལོག་པའི་ཤེས་པ་ནི་མི་རྟག་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་འཛིན་པའོ།། ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ། རྒྱ་གར་སྐད་དུ། སམྱཀ་སྲང་ཀལ་པ་ཞེས་འབྱུང་སྟེ། ས་མྱཀ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ།། ས་མ་ནི་མཉམ ་པའི་དོན་ཏོ།། ཀལ་པ་ནི་རྗེས་སུ་རྟོག་པའི་དོན་ཏོ།། ཡང་དག་པའི་ལྟ་བས་མཐོང་བའི་ཆོས་ལ་ཕྱིན་ཅི་མ་ལོག་པར་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་དང་མི་རྟག་པ་ལ་སོགས་པར་མཐུན་པར་རྗེས་སུ་རྟོག་པ་ནི་ཡང་དག་པའི་རྟོག་པའོ།། ་རྫུན་ལ་སོགས་པའི་ཉེས་པ་བཞི་སྤངས་པ་ནི་ཡང་དག་པའི་ངག་གོ།། སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ངན་པ་གསུམ་ལས་ལོག་པ་ནི་ཡང་དག་པའི་ལས་ཀྱི་མཐའོ།། སྡིག་པ་མི་དགེ་བས་འཚོ་བ་མེད་པ་ནི་ཡང་དག་པའི་འཚོ་བ་སྟེ། ་དགེ་བསྙེན་ལ་སོགས་པའི་ཁྱིམ་ན་གནས་པ་ཡང་དུག་དང་མཚོན་ཆ་ལ་སོགས་པ་ལས་སླར་ལོག་པའོ།། རབ་ཏུ་བྱུང་བ་ལ་ཡང་ཁ་གསག་དང་ཚུལ་འཆོས་པ་ལ་སོགས་པ་ལས་སླར་ལོག་པའོ།། སྡིག་པ་མི་དགེ་བའི ་ཆོས་སྤངས་པ་དང་། དག་པའི་ཆོས་སྒྲུབ་པ་ལ་བརྩོན་འགྲུས་ཧ་ཅང་དྲག་པ་ཡང་མ་ཡིན་དལ་བ་ཡང་མ་ཡིན་ཏེ། མཉམ་ཏུ་རྩོལྔ་པ་ནི་ཡང་དག་པའི་རྩོལ་བའོ།། ཡིད་གསལ་བར་གྱུར་པས་དམིགས་པར་བྱ་བའི་ཡུལ་ལ་མ་རྨོངས་པ་ནི ་ཡང་དག་པར་དྲན་པ་སྟེ། རྒྱུ་དྲུག་གིས་དྲན་པ་སྐྱེ་བའོ།། རྒྱུ་དྲུག་ནི་དྲན་པ་མཐོང་བ་དང་། མི་འདྲ་བ་གོམས་པ་དང་། གཅིག་གིས་དོན་དུ་གཏོགས་པ་དང་། ཞི་གནས་ཀྱི་སྟོབས་དང་རྒྱུའི་སྟོབས་སོ།། དེ་ལ་འདྲ་བ་མཐོང་བ་ལས་དྲན་པ ་བསྐྱེད་དེ། བུ་དང་འདྲ་བ་ལ་ལ་མཐོང་བ་ནུ་བུ་དྲན་པ་ལྟ་བུའོ།། མི་མཐུན་པ་ལས་ཀྱང་དྲན་པ་སྐྱེ་སྟེ། ཚ་བ་དང་གྲང་བ་དྲན་པ་ལྟ་བུའོ།། གོམས་པ་ལས་ཀྱང་དྲན་པ་སྐྱེ་སྟེ། ཀླག་པ་ལ་སོགས་པ་ལ་གོམས་པར་བྱས་པ་ལས་གོམས་པ ་དེ་ཉིད་ཕྱིས་ཀྱང་དྲན་པ་སྐྱེ་སྟེ། གཅིག་གི་དོན་དུ་རྟོགས་པ་ལས་དྲན་པ་འབྱུང་སྟེ། ཨཱ་མྲའི་འབྲས་བུ་མཐོང་བ་ལས་སྒྱུར་བར་དྲན་པའོ།། ཞི་གནས་ཀྱི་སྟོབས་ཀྱང་དྲན་པ་འབྱུང་སྟེ། མངོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི ་འཕོ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའི་རྣལ་འབྱོར་པ་རྣམས་ཚེ་རརེ་བས་སྔ་མའི་གནས་རྣམས་རྗེས་སུ་དྲན་པ་སྐྱེ་བའོ།། རྒྱུའི་སྟོབས་ལས་ཀྱང་དྲན་པ་སྐྱེ་སྟེ། བསོད་ནཱ་མས་དང་ལྡན་པ་རྣམས་ཚེ་རབས་གཞན་དྲན་པ་འབྱུང་གི ་ཕྱིར་རོ།། གཡེང་རྒོད་ཐམས་ཅད་སྤངས་ནས། སེམས་དྲང་པོ་འམ་མཉམ་པར་གནས་ན་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ།། ཅིའི་ཕྱིར་འཕགས་པའི་ལམ་ཡན་ལོག་བརྒྱད་པོ་རིམ་པ་དེ་ལྟར་བཤད་ཅེ་ན། མྱ་ངན་ལས་འོངས་པ་ཐོབ ་པའི་རྣལ་འབྱོར་པ་རྣམས་ཐོག་མར་འཕགས་པའི་བདེན་པ་བཞི་ལ་བལྟོས་ཏེ། དེའི་ཕྱིར་དང་པོ་ཡང་དག་པའི་ལྟ་བ་བསྟན་ཏོ།། ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་ཉིད་ཡིན་ནམ་མ་ཡིན་རྟོག་པ་འབྱུང་སྟེ། དེ་བས་ན་དེའི་འོག་ཏུ ་ཡང་དག་པའི་རྟོག་པའོ།། ཇི་ལྟར་བརྟགས་པ་བཞིན་དུ་ཚིག་འབྱིན་ཏེ། དེ་བས་ན་དེའི་འོག་ཏུ་ཡང་དག་པའི་ངག་གོ།། ཇི་ལྟར་སྨྲས་པ་དེ་བཞིན་དུ་ཕྱིས་ལས་བྱེད་དེ། དེ་བས་ནི་ཡང་དག་པའི་ངག་གི་འོག་ཏུ་ཡང་དག་པའི་ལས་ཀྱི་མཐའོ།། ཡང ་དག་པའི་ལས་བྱས་པ་རྣམས་འཚོ་བ་རྣམ་པར་དག་པར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའི་འོག་ཏུ་ཡང་དག་པའི་འཚོ་བའོ།། ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་དགེ་བའི་ཕྱོགས་ལ་བརྩོན་འགྲུས་རྩོམ་ཞིང་བརྩོན་འགྲུས ་འཕེལ་ཏེ། དེ་བས་ན་ཡང་དག་པའི་འཚོ་བའི་འོག་ཏུ་ཡང་དག་པའི་རྩོལ་བའོ།། བརྩོན་འགྲུས་དང་ལྡན་པ་རྣམས་ལ་དྲན་པ་ཉམས་པ་འབྱུང་མི་སྲིད་པས། དེའི་འོག་ཏུ་ཡང་དག་པའི་དྲན་པོའོ།། དྲན་པ་དང་ལྡན་པ་རྣམས་ནི་སེམས་རྩེ ་གཅིག་ཏུ་འགྱུར་བས་མཇུག་ཏུ་ཡང་དག་པའི་ཏིང་ངེ་འཛིན་བཤད་དོ།། ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་དུ་བཤྭད། འཇིག་རྟེན་པའི་ལོག་པའི་ལྟ་བ་ནས་ལོག་པའི་ཏིང་ངེ་འཛིན་རྣམ་པ་བརྒྱད་ཡོད་དེ། དེའི་གཉེན་པོའི ་ཕྱིར་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་བརྒྱད་བཤ་།། ཡང་ན་ཡང་དག་པའི་ལྟ་བ་དང་དྲན་པ་ནི་ལྷག་མཐོང་གི་ཕྱོགས་ཡིན་ཏེ། དེའི་འབྲས་བུ་ནི་མ་རིག་པ་དང་བྲལ་ན་ཤེས་རབ་རྣམ་པར་གྲོལ་ལོ།། ཡན ་ལག་ལྷག་མ་རྣམས་ནི་ནི་གནས་ཀྱི་ཕྱོགས་ཏེ། དེའི་འབྲས་བུ་ནི་འདོད་ཆགས་དང་བྲལ་ནས་སེམས་རྣམ་པར་གྲོལ་ལོ།། ཡང་ན་ཡང་དག་པའི་དགུ་དང་ལས་ཀྱི་མཐའ་དང་། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་བ་སྟེ། དེས་ནི་གཅོར ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ།། ཡང་དག་པའི་དྲན་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ། དེས་ནི་གཙོར་འདོད་ཆགས་མི་དགེ་བའི་རྩ་བ་གཅོད་དོ།། ཡང་དག་པའི་རྟོག་པ་དང་རྩོལ་བ་དང་ལྟ་སྟེ་གསུམ་ནི་ཤེས་རབ་ཀྱི་ཕུང་པོ་སྟེ། དེས་ནི ་གཏི་མུག་མི་དགེ་བའི་རྩ་བ་གཅོད་དོ།། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་དག་ཡན་ལག་དྲུག་ཏུ་བཞག་སྟེ། ཡན་ལག་དྲུག་ནི་ཡོངས་སུ་གཅོད་པའི་ཡན་ལག་དང་། གཞན་ཐོབ་པར་བྱེད་པའི་ཡན་ལག་དྲང་། གཞན་ཡིད ་ཆེས་པར་བྱེད་པའི་ཡན་ལག་དང་། ཉོན་མོངས་པའི་སྒྲིབ་པ་དང་རྣམ་པར་སྦྱོང་བའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་དང་། ཡོན་ཏན་ཁྱད་པར་ཅན་མཐོང་བ་ལ་སྒྲིབ་པ་ཡོངསུ་སྦྱོང་བའི་ཡན་ལག་གོ།། ་དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། མཐོང་བའི་ལམ་ན་བདག་དང་སེམས་ཅན་སྲོག་ལ་སོགས་པ་མེད་པོར་ཁྲོང་དུ་ཆུད་པ་དེ་ཉིད་ལ་བདག་གིས་དེ་དག་རྣམ་པ་འདི་ལྟ་བུ་ཁོང་དུ་ཆུད་དོ་ཞེས་མཐོང་བའི་ལམ་གྱི ་ཆོས་ཉིད་ལ་གཅོད་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་རྟོག་པ་ནི་གཞན་ལ་ཐོབ་པར་བྱེད་པའི་ཡན་ལག་སྟེ། མ་བརྟགས་མ་དཔྱད་པས་ཚིག་མི་འབྱིན་པས་ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བའི་ཆོས་རྣམ་པར་བརྟགས་ནས་དེ་ཉིད ་གཞན་ལ་འཆད་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། རིམ་བཞིན་དུ་ལྟ་བ་དང་། ཚུལ་ཁྲིམས་དང་། འཚོ་བ་དང་། ་པར་ཡིད་ཆེས་པའི་ཕྱིར་རོ།། དེ་ལ་ཡང་དག་པའི་ངག་གིས་ནི་ལྟ་བ་རྣམ་པར་དག་པ་ཡིད་ཆེས་པ་འབྱུང་སྟེ། ཇི་ལྟ་ཞེ་ན་ཡང་དག་པའི་ངག་གི་ཇི་ལྟར་ཆུད་པའི་ཆོས་རྣམས་གཞན་ལ་ལུང་སྟོན་པ་ན། གཞན་གྱི་བརྒལ་བའི་ལན་གདབ་པ ་དང་། བཤད་པ་ལ་གསལ་ཞིང་ཕྱིན་ཅི་མ་ལོག་པར་བསྟན་པས་གཞན་དག་འདི་དག་ནི་ཆོས་ཀྱི་དོན་གཏན་ལ་བབ་པ་དང་། འགལ་བ་མེད་པ་དང་། གསལ་བར་སྟོན་པ་དང་། སྦྱར་ན་དེ་ཁོང་དུ་ཆུད་དོ་ཞེས་ཡིད་ཆེས་པར་འགྱུར་རོ།། ཡང ་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པར་འབྱུང་སྟེ། འདིར་སྲོག་གཅོད་པ་ལ་སོགས་པ་ངན་པར་སྤྱོད་པ་རྣམས་སྲོག་གི་ཕྱིར་ཡང་མི་བྱེད་པ་དང་སྦྱར་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ནོ་ཞེས ་ཡིད་ཆེས་པར་འགྱུར་རོ།། ཡང་དག་པའི་འཚོ་བ་རྣམ་པར་དག་པར་ཡིད་ཆེས་པར་འགྱུར་ཏེ། ཇི་ལྟ་ཞེ་ན་ཆོས་གོས་ལ་སོགས་པ་ཡང་ཆོས་བཞིན་དུ་ཚོལ་གྱི་གཡོ་དང་སྒྱུས་མི་ཚོལ་ལ། ཡོ་བྱད་མང་པོ་འཛིན་པ་སྤངས་པས་འཚོ་བ་རྣམ ་པར་དག་གོ་ཞེས་གཞན་དག་ཡིད་ཆེས་པར་འགྱུར་རོ།། དེ་ལ་ཡང་དག་པར་ལྟ་བས་ནི་མངོན་པར་རྟོགས་པ་དང་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱི་ཚེ་རྟོགས་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་རོ།། ཡང་དག་པའི ་རྟོགས་པས་ནི་སེང་གེའི་སྒྲ་སྒྲོགས་པ་ཡིན་ཏེ། ཇི་ལྟར་རྟོགས་པའི་ཆོས་ཐོགས་པ་མེད་པས་གཞལ་འཆད་པའི་ཕྱིར་རོ།། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི། རང་བཞིན་རྟོགས་པ་དང་དམ་བཅས་པ་གསལ་བར་སྟོན ་བར་བྱེད་པའོ།། ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱངས་པའི་ཡན་ལག་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་དེས་སྤོང་བར་བྱེད་པའི་ཕྱིར་རོ།། ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པ་རྣམ་པར ་སྦྱོང་བའི་ཡན་ལག་སྟེ། ཞུམ་པ་དང་རྒོད་པ་རྣམས་སེམས་ལ་བྱུང་བར་ཚོརོ་ནས་ཕྱིས་དེ་དག་སྐྱེ་བའི་སྐབས་སྦྱིན་པར་བྱེད་པའི་ཕྱིར་རོ།། ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཡན ་ལོག་སྟེ། འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད་པ་ལ་སྒྲིབ་པ་རྣམས་ཏིང་ངེ་འཛིན་གྱིས་སྦྱངས་ནས། ཡོན་ཏན་དེ་དག་ཐོབ་པར་བྱེད་པའི་ཕྱིར་རོ།། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་ཀྱང ་རྣམ་པ་ལྔར་བཞག་སྟེ། དམིགས་པ་དང་། རང་བཞིན་དང་། གྲོགས་དང་། སྒོམ་པ་དང་། སྒོམ་པའི་འབྲས་བུའོ།། དེ་ལ་ལམ་རྣམས་ཀྱི་དམིགས་པ་ནི་མཐོང་བའི་ལམ་སྐྱེས་པའི་འོག་ཏུ་མཐོང་བའི་ལམ་གྱི་ཚེ། བདེན་པ་མཐོང་བ་དེ་འདི ་ཉིད་ཡང་དག་པའི་ཇི་ལྟ་བ་བཞིན་དུ་དམིགས་སོ།། རང་བཞིན་ནི་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་ནས་ཏིང་ངེ་འཛིན་གྱི་བར་དུ་བརྒྱད་དོ།། གྲོགས་ནི་གང་དེ་དག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དང་པ་དང་། ་འདོད་མ་ཆགས་པ་ལ་སོགས་པའོ།། སྒོམས་པ་ནི་ཡང་དག་པའི་ལྟ་བ་བསྒོམ་སྟེ། དབེན་པ་ལས་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ། རྣམ་པར་སྤོང་བར་བསྔོས་པ་ཞེས་བྱ་བ་ལ་སོགས ་པའོ།། བསྒོམ་པའི་འབྲས་བུ་ནི་ཡོངས་སུ་གཅོད་པ་དང་། གཞན་ཐོབ་པར་བྱེད་པ་དང་། གཞན་ཡིད་ཆེས་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང་། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བ་དང་། ཡོན་ཏན་ཁྱད་པར་ཅན ་ཐོབ་པར་སྒྲིབ་པ་རྣམ་པར་སྦྱོང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ཉན་ཐོས་རྣམ་པར་སྨྲ་བ་རྣམས་ཀྱིས་ནི། མཐོང་བའི་ལམ་དུ་བསྒོམ་པ་འདོད་དེ། དེ་ཉན་ཐོས་མདོ་སྡེ་པའི་ཚུལ་གྱིས་ནི་བསྒོམ་པའི་ལམ་ཡིན་པར་འདོད ་པས་བསྒོམ་པའི་ལམ་ཁོ་ན་ཡིན་པར་གཟུང་ངོ་།། འཕགས་པའི་ལམ་ཡན་ལག་བརྒྱད་བསྟན་པའི་འོག་ཏུ། དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་བསྟན་པས། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་དབུགས ་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་རླུང་ཕྱིར་རྒྱུ་བ་ནི་དབུགས་འབྱུང་བའོ།། ནང་དུ་རྒྱུ་བ་ནི་རྔུབ་པ་སྟེ། དབུགས་ཕྱིར་འབྱུང་བ་དང་། ནང་དུ་རྔུབ་པ་ལ་དམིགས་པའི་དྲན་པ་ནི་དབུགས ་འབྱུང་བ་དང་རྔུབ་པ་དྲན་པ་ཞེས་བྱ་སྟེ། དེ་ཡང་དྲན་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི་རང་བཞིན་ནོ།། དྲན་པ་ཡང་འདིར་དྲན་པ་མཐུ་ཅན་དུ་གྱུར་པ་དྲན་པའི་སྟོབས་ལ་བྱ་སྟེ། དྲན་པའི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱི ་རླུང་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་དམིགས་པར་བྱེད་པའོ།། དེ་ལ་དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་པོ་གང་ཞེ་ན། དབུགས་འབྱུང་བ་དང་བར་གྱི་དབུགས་སོ།། དབུགས་རྔུབ་པ་ཡང་རྣམ་པ་གཉིས་ཏེ། དབུགས་རྔུབ་པ་དང་། བར ་གྱི་དབུག་སོ།། རྔུབ་པ་ནི་གང་དབུགས་ཕྱིར་འབྱུང་མ་ཐུག་ཏུ། ལྟེ་བའི་བར་དུ་རླུང་ནང་དུ་འཇུག་གོ།། བར་གྱི་དབུགས་ནི་དབུགས་རྔུབ་པ་སྟེ།། ལྕི་བའི་བར་དུ་ཞུགས་ནས་ཆད་པ་ལས་དུས་ཅུང་ཞིག་གི་བར་དུ་དབུགས་མི་འབྱུང་ཞིང་ངལ་གསོ་བ ་རིང་པོ་མི་ཐོགས་པར་དབུགས་ཤིན་ཏུ་ཡང་ཕྲ་བ་ཞིག་སྐྱེ་བར་གྱུར་པའོ།། དབུགས་འབྱུང་བ་དང་བར་གྱི་དབུགས་འབྱུང་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལ་ཁྱད་པར་ནི་འདི་ཡོད་དེ། དབུགས་འབྱུང་བ་ནི་རླུང་ཕྱིར་འབྱུང་བ་སྟེ། ལྟེ་བའི ་ཕྱོགས་ནས་བརྩམས་ནས། ཁ་སྣའི་བར་དུ་འབྱུང་བ་དང་། དེ་ལས་ཀྱང་ཕྱིར་མཐོ་གང་དང་ཁྲུ་གང་ལ་སོགས་པར་འབྱུང་བའོ།། བར་གྱི་དབུགས་ནི་དབུགས་ཕྱིར་བྱུང་བ་དེ་ཆད་པ་ནས། དུས་ཇི་སྲིད་གཅིག་ཏུ་དབུགས་དྲག་ཏུ་འབྱུང་བ་མེད་ཅིང་། ངལ ་གསོ་བའི་ཚུལ་དུ་སྐད་གཅིག་གིཅིག་རླུང་ཕྲེའུ་ཞིག་འབྱུང་བའོ།། དབུགས་འབྱུང་བ་དང་རྔུབ་པའི་གླེང་གཞི་ཡང་། རྣམ་པ་གཉིས་ཏེ། དེ་འཕེན་པར་བྱེད་པའི་ལས་དང་། ལྟེ་བའི་ཕྱོགས་ནས་སུལ་ལ་གནས་པའོ།། དེ་ལས་གོང་དུ་ཡང ་ལུས་ཀྱི་སུལ་ལ་ཡོད་པའོ།། དབུགས་འབྱུང་བ་དང་རྔུབ་པའི་རྟེན་ཡང་རྣམ་པ་གཉིས་ཏེ། ལུས་དང་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། དབུགས་འཐུང་བ་དང་། རྔུབ་པ་ནི་ལུས་ལ་བརྟེན་པ་དང་། སེམས་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ།། གལ་ཏེ ་ལུས་འབའ་ཞིག་ལ་རྟེན་ཅིང་འབྱུང་བ་ན་ནི། འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་དང་། འགོག་པ་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དག་ལ་ཡང་དབུགས་འབྱུང་བ་དང་། ་རྔུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་མི་འབྱུང་བས་ན། ལུས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ།། གལ་ཏེ་སེམས་འབའ་ཞིག་ལ་རྟེན་ཅིང་འབྱུང་བ་ན་ནཱི། གཟུགས་མེད་པའི་སྙོམས་པར་ཞུགས་པ་དང་། གཟུགས་མེད་པར་སྐྱེ་བའི ་སེམས་ཅན་རྣམས་ལ་ཡང་། དབུགས་འབྱུང་བ་དང་རྔུབ་པ་འབྱུང་བའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་དབུགས་འབྱུང་བ་དང་། རྔུབ་པ་མེད་པས་སེམས་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ།། སྐབས་ཁ་ཅིག་ཏུ་ལུས་ལ་བརྟེན་པ་དང་།། སེམས ་ལ་བརྟེན་ནས་འཇུག་པར་ཡང་མི་རུང་སྟེ། ལུས་ལ་བརྟེན་པ་དང་། སེམས་ལ་བརྟེན་ནས་འཇུག་པར་ངེས་ན་ནཱི། བསམ་གཏན་བཞི་ལ་སྙོམས་པར་ཞུགས་པའི་སེམས་ཅན་རྣམས་དང་། ནུར་ནུར་པོའི་དུས་ན་མར་མེར་པོ་དུས་ཀྱི་ཚེ་སེམས ་ཅན་རྣམས་ལ་ཡང་དབུགས་འབྱུང་བ་དང་། རྔུབ་པ་ཡོད་པའི་སྐྱོན་དུ་འགྱུར་ཏེ། དེ་དག་ལ་ཡོད་པ་མ་ཡིན་པས་སོ།། དེ་བས་ན་དབུགས་འབྱུང་བ་དང་། རྔུབ་པ་ནི་དུས་དེ་དག་ལ་མ་གཏོགས་པའི་ཚེ། ལུས་ལ་བརྟེན་པ་དང་། ་སེམས་ལ་བརྟེན་ནས་འཇུག་གོ་ཞེས་ཅི་རིགས་པར་བཞག་གོ། དབུགས་འབྱུང་བ་དང་རྔུབ་པའི་འགྲོ་བ་ཡང་རྣམ་པ་གཉིས་གཉིས་ཏེ། གཉིས་པོ་གང་ཞེ་ན། འབྱུང་བ་ནི་གྱེན་དུ་འགྲོ་བའོ།། དབུགས་རྔུབ་པ་ནི་མཐུར་དུ་འགྲོ ་བའོ།། འབྱུང་བ་དང་། རྔུབ་པའི་ས་ཡང་རྣམ་པ་གཉིས་ཏེ། སུལ་དང་བུ་ག་རགས་པ་དང་། སུལ་དང་བུ་ག་ཕྲ་བའོ།། དེ་ལ་སུལ་དང་བུ་ག་རགས་པ་ནི་ལྟེ་བའི་ཕྱོགས་ནས་བརྩམས་ནས། གྱེན་དུ་ཁ་དང་སྣ་ལ་སོགས་པའི་སྒོར་འབྱུང་བ་དང་། ཁྭ ་སྣའི་སྒོ་ནས་བརྩམས་ནས། ཐུར་དུ་ལྟེ་བའི་ཕྱོགས་ཀྱི་བར་དུ་སྩལ་གྱི་ཕྱོགས་སུ་རྨྱ་བའོ།། སུལ་དང་བུ་ག་ཕྲ་བ་ནི་ལུས་སུ་གཏོགས་པའི་བ་སྤུའི་བུ་ག་ཐམས་ཅད་དོ།། དབུགས་འབྱུང་བ་དང་། རྔུབ་པའི་མིང་གི་རྣམ་གྲངས་ཀྱང་བཞི ་སྟེ། རླུང་དང་ལུས་ཀྱི་འདུ་བྱེད་དང་། དབུགོས་འབྱུང་བ་དང་རྔུབ་པ་དང་། དབུགས་ཕྱིར་རྒྱུ་བ་དང་ནང་དུ་རྒྱུ་བའོ།། དེ་ལ་རླུང་ཞེས་བྱ་བའི་མིང་གི་རྣམ་གྲངས་ཀྱི་མུ་སྟེགུས་དང་། འཇིག་རྟེན་པ་ལྱཱ་སོགས་པ་ཀུན་དང་ཐུན་མོང་ངོ་།། ་ལྷག་མ་གསུམ་ནི་ཐུན་མོང་མ་ཡིན་པ་སྟེ། བསྟན་པ་འདི་འབའ་ཞིག་ལ་མིང་གི་རྣམ་གྲངས་དེ་དག་གྲགས་པའི་ཕྱིར་རོ།། དབུགས་འབྱུང་བ་དང་རྔུབ་པ་ལ་ཞུགས་པའི་དྲི་མ་ཡང་རྣམ་པ་གཉིས་ཏེ། ཧ་ཅང་ལྗོད་པར་རབ་ཏུ་སྦྱོར ་བ་དང་། ཧ་ཅང་བསྒོམས་ཏེ་རབ་ཏུ་སྦྱོར་བའོ།། དེ་ལ་ཧྭ་ཅང་ལྷོད་པས་རབ་ཏུ་སྦྱོར་བ་ནི། ལེ་ལོ་སྐྱེས་པས་གཉིད་དང་། རྨུགས་པས་སེམས་ནོན་པར་གྱུར་པ་འམ། སེམས་ཕྱིས་གཡེངས་པར་འགྱུར་བའོ།། ཧ་ཅང་བསྒྲིམས་ཏེ་རབ་ཏུ ་སྦྱོར་བས་ཀྱང་། ལུས་མི་མཉམ་པོ་དང་། སེམས་མི་མཉམ་པ་སྐྱེ་བར་འགྱུར་རོ།། དེ་ལ་ཇི་ལྟར་ལུས་མི་མཉམ་པ་སྐྱེ་ཞེ་ན། སྟོབས་ཀྱིས་བསྒྲིམས་ནས་དབུགས་འབྱུང་བ་དང་།། རྔུབ་པ་ལ་དམ་དུ་དམིགས་པ་ན། ལུས་ལ་རླུང་མི་བཟ ་པ་རྣམས་འབྱུང་བར་འགྱུར་ཏེ།། རླུང་གི་ཤས་ཆེར་གཡོ་བར་འགྱུར་རོ།། གང་གི་ཕྱིར་རླུང་གི་ཤས་ཆེ་བར་གཡོ་བར་གྱུར་པས། ཡན་ལག་དང་ཉིང་ལག་རྣམས་གཡེངས་པ་སྐྱེ་སྟེ། དེའི་ཕྱིར་ལུས་རྒོད་པ་ཞེས་བྱའོ།། འདི། ་ལྟར་ལུས་གཡེངས་པར་གྱུར་པའི་རླུང་དེ་འཕེལ་ན། ཡན་ལག་དང་ཉིང་ལག་དེ་དག་དུ་ལུས་ཀྱི་ནང་དུ་འགྱུར་ཏེ། འདི་ནི་ལུས་མི་མཉམ་པའོ།། ཇི་ལྟར་སེམས་མི་མཉམ་པ་སྐྱེ་ཞེ་ན། བསྒྲིམས་ཏེ་དམིགས་པ་ལས་སེམས་གཡེངས་པར ་འགྱུར་རོ།། སེམས་གཡེངས་པ་འཕེལ་བ་ལས། ཡིད་མི་བདེ་བ་དང་འཁྲུག་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་སེམས་མི་མཉམ་པ་སྐྱེ་བ་ཞེས་བྱའོ།། དེ་ལ་དབུགས་འབྱུང་བ་དང་རྔུབ་པ་འདི་ལ་འདྲིས་པར་བྱ་བ་རྣམ་པ་ལྔ་ཡོད ་པར་རིག་པར་བྱ་སྟེ། བགྲང་བས་རབ་ཏུ་འདྲིས་པར་བྱ་བ་དང་། ཕུང་པོ་ལ་མཁས་པ་རབ་ཏུ་འདྲིས་པར་བྱ་བ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་པོ་ལ་འཇུག་པ་རབ་ཏུ་འདྲིས་པར་བྱ་བ་དང་། བདེན་པ་ལ་འཇུག་པ་རབ་ཏུ་འདྲིས་པར་བྱ་བ ་དང་། རྣམ་པ་བཅུ་དྲུག་ཏུ་རབ་ཏུ་འདྲིས་པར་བྱ་བ་དང་། དེ་ལ་བགྲང་བས་རབ་ཏུ་འདྲིས་པར་བྱ་བོ་གང་ཞེ་ནོ། དེ་མདོར་ན་རྣམ་པ་བཞི་སྟེ། རེ་རེ་ནས་བགྲང་བ་དང་། གཉིས་གཅིག་ཏུ་བགྲང་བ་དང་། ལུགས་བཞིན་དུ་བགྲང་བ་དང་། ལུག ་ལས་བཟློག་སྟེ་བགྲང་བ་དང་། དེ་ལ་རེ་རེ་ནོས་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་ནོང་དུ་ཞུགས་པར་གྱུར་པ་ད་ན། དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པའི་དྲན་པས་གཅིག་ཅེས་བགྲང་བར་བྱེད་དོ།། གང་གི་ཚེ་དབུགས ་རྔུབ་པ་འགགས་ནས། དབུགས་འབྱུང་བ་སྐྱེ་སྟེ་མེད་པར་གྱུར་པ་ན། དེའི་ཚེ་གཉིས་ཞེས་བགྲང་བར་བྱེད་དོ།། བགྲང་བའི་ཚུལ་དེ་ལྟ་བུས་རྣམ་པ་བཅུའི་བར་དུ་བགྲངས་ཏེ། འདི་ནི་གཉིས་གཅིག་ཏུ་བགྲང་བའོ།། ལུགས་བཞིན་དུ་བགྲང་བ ་གང་ཞེ་ན། གང་གོང་དུ་བཤད་པའི་རེ་རེ་ནས་བགྲང་བ་དང་། གཉིས་གཅིག་ཏུ་བགྲང་བར་ཡང་རུང་། རྗེས་བཞིན་དུ་བགྲང་བའི་བར་དུ་བགྲང་བར་བྱེད་པ་སྟེ། འདི་ནི་ལུགས་བཞིན་དུ་བགྲང་བའོ།། ལུས་ལས་བཟློག་སྟེ། བགྲང་བ ་གང་ཞེ་ན། བཅུར་ཕྱིན་པ་དང་། གཅིག་ཅེས་བགྲང་ངོ་།། དགུ་ལ་གཉིས་ཞེས་བགྲང་ངོ་།། བརྒྱད་ལ་གསུམ་ཞེས་བགྲང་བ་ནས། གཅིག་ལ་བཅུ་ཞེས་བྱ་བའི་བར་དུ་བགྲང་སྟེ། འདི་ནི་ལུགས་ལས་བཟློག་པ་སྟེ། བགྲང་བའོ།། གང ་གི་ཚེ་རྣལ་འབྱོར་པོ་དེས་རེ་རེ་ནས་བགྲང་བ་འམ། གཉིས་གཅིག་ཏུ་བགྲང་བ་འམ། ལུགས་བཞིན་དུ་བགྲང་བ་འམ། ལུགས་ལས་བཟློག་སྟེ། བགྲང་བ་ལ་རབ་ཏུ་གོམས་པར་བྱས་པས། དེའི་སྐབས་སུ་སེམས་མི་གཡེང་ཞིང་། མི ་གཡེང་བ་ཁོ་ནར་བགྲང་ནུས་ན། དེའི་གོང་དུ་བགྲང་བའི་ཁྱད་པར་གཞན་བགྲང་བར་བྱ་སྟེ། བགྲང་བའི་ཁྱད་པར་གཞན་གང་ཞེ་ན། རེ་རེ་ནས་བགྲང་བ་འམ། གཉིས་གཅིག་ཏུ་བགྲང་བ་བསྡོམས་ནས་གཅིག་གོ་ཞེས་དགྲང་བར་བྱེད ་དེ། དེ་ཉིད་གཅིག་ཏུ་བགྲང་བས་ནི་དབུགས་འབྱུང་བ་དང་རྔུབ་པ་གཉིས་བཞི་ལས་གཅིག་ཏུ་འགྲོའོ།། རེ་རེ་ནས་བགྲང་བས་ནི་དབུགས་འབྱུང་བ་དང་རྔུབ་པ་རེ་རེ་ནས་བགྲང་བར་བྱེད་དེ། དེ་གཉིས་གཅིག་ཏུ་བསྡོམས་ཏེ།། ་བགྲང་བའི་ཚུལ་བཅུའི་བར་དུ་བགྲང་བར་བྱེད་དོ།། དེ་ལ་ཡང་གོམས་པར་བྱེད་ནཱ་བཅུ་ཡང་གཅིག་ཏུ་བྱས་ནས། བགྲང་བ་ལྔ་སྤེལ་ཏེ། བཅུའི་བར་དུ་བགྲང་བ་ནས། བརྒྱད་གཅིག་ཏུ་བྱས་ཏེ། བཅུའི་བར་དུ་བགྲང་བར་བྱེད་དོ།། གང་གི་ཚེ ་བགྲང་བ་ལ་ཞུགས་པའི་རྣལ་འབྱོར་པས་བཅུ་གཅིག་ཏུ་བྱས་ནས། བགྲང་བའི་ཚུལ་བཅུའི་བར་དུ་རྫོགས་པར་བྱེད་ནུས་ལ། བར་དུ་སེམས་མ་གཡེང་ན། དེ་ཙམ་གྱིས་བགྲང་བའི་ཚུལ་ལ་གོམས་པར་བྱས་པ་ཡིན་ནོ།། དེ་ལྟར་བགྲང་བ་ལ་ཞུགས ་པ་ལས་གལ་ཏེ་སེམས་འཁྲུགས་སམ་གཡེངས་པར་གྱུར་ན། སླར་མགོ་ནས་བཟློག་སྟེ། བགྲང་བ་བརྩམ་པར་བྱའོ།། ཕུང་པོ་ལ་འཇུག་པའི་བར་དུ་གོམས་པར་བྱ་བ་གང་ཞེ་ན། རྣལ་འབྱོར་པ་སྦྱོང་བ་དེ་ལ་རྟེན་པ་མང་བ་དང་། སྒོམ་པ་མང་བ་དང་། ་མང་དུ་བྱ་བ་དང་། ལྡན་པས་ལུས་ཤིན་ཏུ་བྱ་བ་དང་། སེམས་ཤིན་ཏུ་བྱང་བ་སྐྱེ་བར་འགྱུར་རོ།། དེ་ལུས་ཤིན་ཏུ་བྱང་བ་དང་། སེམས་ཤིན་ཏུ་བྱང་བ་སྐྱེས་པས། སེམས་རྩེ་གཅིག་པ་ལ་རེག་ཅིང་དམིགས་པ་ལ་རྟག་ཏུ་སེམས་གནས་པར་དགའ ་བར་འགྱུར་རོ།། དེ་ལྟར་ཤིན་ཏུ་གོམས་པར་བྱས་པ་དེ་ཡུལ་དང་དབང་པོ་དང་ཡོལ་རྣམས་ཀྱི་དངོས་པོ་ཡིད་ལ་བྱེད་པའི་ཚུལ་གྱིས། ཕུང་པོ་ལ་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། འདི་ལྟར་དབུགས་འབྱུང་བ་དང་། རྔུབ་པ་འདིའི་རྟེན་ནི་ལུས་ཡིན་ཏེ། ་དེ་ལུས་ལ་རྟེན་ཏོ་ཞེས་ཡིད་ལ་བྱེད་པས་ན། གཟུགས་ཀྱི་ཕུང་པོ་ལ་ཞུགས་ཤིང་རྟོགས་པ་ཡིན་ནོ།། གང་དབུགས་འབྱུང་བ་དང་རྔུབ་པ་དེ་དག་ལ་དམིགས་པའི་དྲན་པས། དེ་ཉིད་ཀྱིས་མཚན་ཉིད་མ་རྗེད་པར་གཟུང་ཞིང་མྱོང་བ་ནི། ཚོར ་བའི་ཕུང་པོ་ལ་ཞུགས་པ་ཡིན་ནོ།། དེ་ན་གང་ཀུན་ཏུ་ཤེས་པ་ཡོད་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་ཞེས་འདུ་ཤེས་ཀྱི་ཕུང་པོ་ལ་འཇུག་གོ།། གང་དེའི་ཚེ་དྲན་པ་ཡོད་པ་དང་། ཏིང་ངེ་འཛིན་ཡོད་པ་དང་། སེམས་པ་ཡོད་པ་དང་། ཤེས་རབ་ཡོད་པ་ནི། ་འདུ་བྱེད་ཀྱི་ཕུང་པོའོ་ཞེས་འདུ་བྱེད་ཀྱི་ཕུང་པོ་ལ་འཇུག་གོ།། གང་དེའི་ཚེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་བྱོའོ་ཞེས་རྣམ་པར་ཤེས་པའི་ཕུང་པོ་ལ་འཇུག་སྟེ། དེ་ལྟར་ཞུགས་པ་ནི་ཕུང་པོ་ལ་རབ ་ཏུ་གོམས་པ་ཞེས་བྱའོ།། གང་གི་ཚེ་རྣལ་འབྱོར་པ་དེས་ཕུང་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དང་། འདུ་བྱེད་ཙམ་དང་། དངོས་པོ་ཙམ་དུ་མཐོང་ཞིང་རབ་ཏུ་ཤེས་པ་དེའི་ཚེ་ན། ཕུང་པོ་དེ་དག་ཉིད་ལ་བརྟེན་ཅིང་འབྲེལ་ཏེ། འབྱུང ་བའི་མཚན་ཉིད་རབ་ཏུ་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། རྣལ་འབྱོར་པ་དེ་འདི་ལྟར་ཡོངས་སུ་ཚོལ་བར་བྱེད་དོ།། འདི་ལྟར་དབུགས་འབྱུང་བ་དང་། རྔུབ་པ་འདི་ཅི་ལ་རྟེན། ཅིའི་རྐྱེན་ལས་བྱུང་ཞེས་བརྟགས་ན། དེས་འདི་ལྟར་ཁོང ་དུ་ཆུད་པར་འགྱུར་ཏེ། དབུགས་འབྱུང་བ་དང་། རྣབ་པ་འདི་ནི་ལུས་ལ་བརྟེན་པ། ལུས་ཀྱི་རྐྱེན་ལས་བྱུང་། སེམས་ལ་རྟེན་པ། སེམས་ཀྱི་རྐྱེན་ལས་བྱུང་བའོ་ཞེས་རྟོགས་སོ།། ལུས་དང་སེམས་ཀྱང་ཅིའི་རྐྱེན་གྱིས་གནས་ཞེས ་བརྟགས་ན། དེ་ཡང་ད་ལྟར་འཚོ་བའི་དབང་པོའི་རྟེན་གྱིས་གནས་སོ་ཞེས་རྟོགས་སོ།། འཚེ་བའི་དབང་པོ་དེ་ཡང་ཅིའི་རྐྱེན་གྱིས་འབྱུང་ཞེས་བརྟགས་ན། དེ་ཡང་ཚེ་རབས་གཞན་གྱི་ལས་དགེ་བ་དང་། མི་དགེ་བའི་འདུ་བྱེད་ཀྱིས་རྐྱེན ་གྱིས་བྱུང་བར་རྟོགས་སོ།། སྔོན་གྱི་འདུ་བྱེད་ཅིའི་རྐྱེན་གྱི་བྱུང་ཞེས་བརྟགས་ན། དེ་ཡང་མ་རིག་པའི་རྐྱེན་གྱིས་བྱུང་བར་རྟོགས་ཏེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་ནི། སྔོན་དུ་འདུ་བྱེད་རྣམས་སྤྱོང་ངོ་དོ།། སྔོན་གྱིས་འདུ་བྱེད་ཀྱི ་རྐྱེན་གྱིས་ནི། ཚེའི་དབང་པོ།། ཚེའི་དབང་པོའི་རྐྱེན་ལས་ནི་ལུས་དང་རྣམ་པར་ཤེས་པའོ།། ལུས་དང་སེམས་ཀྱི་རྐྱེན་ལས་ནི་དབུགས་འབྱུང་བ་དང་རྔུབ་པ་སྐྱེའོ།། དེ་ལ་མ་རིག་པ་འགེགས་ན་འདུ་བྱེད་འགོག་གོ།། འདུ་བྱེད་འགྲོགས ་ནས་ཚེའི་དབང་པོའི་གག་གོ།། ཚེའི་དབང་པོ་འགགས་ན་ལུས་དང་སེམས་འགག་གོ། ལུས་དང་སེམས་འགགོས་ན་དབུགས་འབྱུང་བ་དང་རྔུབ་པ་འགགས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཞུགས་པར་འགྱུར་རོ།། ་ལྟར་ན་བདེན་པ་ལ་ཞུགས་པ་ཀུན་ཏུ་འདྲིས་པར་བྱེད་ཅེ་ན། དེས་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འདྲིས་པ་མང་དུ་བྱས་པས། འདུས་བྱས་ཀྱི་ཆོས་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ་མི་རྟོག་པའོ་ཞེས་ཁོང་དུ་ཆུད་དོ།། འདི། ་ངག་མི་རྟག་པ་ཡིན་པས་ན། མེད་པ་ལས་སྐྱེ་ལ་སྐྱེས་ནས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་གྱུར་པ་དེ་ནི། སྐྱེ་བའི་ཆོས་ཅནྡ་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་ནོ།། གང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན ་དེ་དག་ནི་སྡུག་བསྔལ་བའོ།། གང་སྡུག་བསྔལ་བ་དེ་ནི་བདག་མེད་པ། རང་དབང་མེད་པ་བདག་པོ་མེད་པ་སྟེ། དེ་ལྟར་དེས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེང་བའི་རྣམ་པར་སྡུག་བསྔལ་གྱི་བདེན་པ་ལ ་ཞུགས་པར་འགྱུར་རོ།། དེ་ཡང་འདི་ཇི་སྙམ་དུ་སེམས་ཏེ། སྡུག་བསྔལ་གྱི་འདུ་བྱེད་སྡུག་བསྔལ་བར་གྱུར་པ་དང་། ནང་དུ་གྱུར་པ་དང་། འབྲས་བུར་གྱུར་པ་སྟེ་སྐྱེད་པར་བྱེད་པའི་རྐྱེན་ནི་སྲེད་པའོ་ཞེས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ།། གང ་སྡུག་བསྔལ་སྐྱེད་པར་བྱེད་པའི་སྲེད་པ་ད་ནི་མཱ་ལུས་པར་སྤངས་པ་ནི། ཞི་བ་གྱ་ནོམ་པ་སྟེ་ཞེས་འགོག་པའི་བདེན་པ་ལ་འཇུག་གོ། གང་དེ་ལྟར་ཤེས་དེ་ལྷུར་མཐོང་། དེ་ལྟར་ཁོང་དུ་ཆུད་བ་ནི། ལམ་གྱི་བདེན་པ་ཡིན་ཏེ་ཞེས་ལམ་གྱི་བདེན ་པི་ལ་ཡང་འཇུག་སྟེ། དེ་ལྟར་ན་ངེས་བདེན་པ་བཞི་ལ་ཞུགས་པ་ཡིན་ནོ།། རྣལ་འབྱོར་པ་དེ་ལ་བདེན་པ་བཞི་ལ་འདྲིས་པར་བྱས་པས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་ནས། དེ་བསྒོམ་པས་སྤང་བར་བྱ་བའི་ཉོན ་མོངས་པ་སྤང་བར་བྱ་བའི་ཕྱིར། རྣམ་པ་བཅུ་དྲུག་ལ་རབ་ཏུ་འདྲིས་པར་བྱེད་དེ། རྣམ་པ་བཅུ་དྲུག་གང་ཞེ་ན། དྲན་བཞིན་དུ་དབུགས་འབྱུང་བ་ལ་དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ནས ་བརྩམས་ཏེ། སོ་སོར་སྤོང་པོར་ལྟ་བ་བཞིན་དུ་དབུགས་རྔུབ་པ་ལ་ཡང་། སོ་སོར་སྤོང་བར་ལྟ་བ་བཞིན་དུ། དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འདི་ནི། དགེ་སློང་དག་དབུགས་འབྱུང་བ་དང་རྔུབ་པ་དྲན་པ ་བཅུ་དྲུག་གོ་ཞེས་གང་མདོ་ལས་གསུངས་པའོ།། ཚིག་བཅུ་དྲུག་པོ་དེ་དག་ཇི་ལྟར་རབ་ཏུ་དབྱེ་ཞེ་ན། གོང་དུ་བདེན་པ་བཞི་ལ་གོམས་པར་བྱས་པའི་སྐབས་སུ་བདེན་པ་བཞི་མཐོང་བའི་སློབ་པའི་གང་ཟག་དྲན་པ་ཉེ་བར་གཞག་པ ་བསྒྲི་ལ་དམིགས་པ་ཐོབ་པ་དེས། བསྒོམ་པས་སྤང་བར་བྱ་བྱའི་ཀུན་ནས་སྦྱོར་བ་ལྕུག་མ་སྤང་བའི་ཕྱིར་དབུགས་འབྱུང་བ་དང་རྔུབ་པ་ཡིད་ལ་བྱེད་པ་རྩོམ་པར་བྱེད་དེ། ནམྦྷ་དབུགས་འབྱུང་བའི་དུས་ན། སེམས་མ་རྨོངས ་བས་ཇི་ལྟར་འབྱུང་བའི་མཚན་ཉིད་དྲན་པ་བཞིན་དུ་འབྱུང་བར་ཤེས་པོ་ནི། དྲན་བཞིན་དུ་དབུགས་འབྱུང་བ་ལོ་དྲན་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། །། དབུགས ་ནང་དུ་རྔུབ་པའི་དུས་ལ་གཡེང་བ་མེད་པར་དྲན་པས། དེ་ཉིད་ལ་དྲན་བཞིན་དུ་དམིགས་སོ་ཞེས་ཤེས་པ་ནཱ་ནི། དྲན་བཞིན་དུ་དབུགས་རྔུབ་པ་ལ་ཡང་། དྲན་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ ་བྱ་སྟེ། བཅུ་དྲུག་ལས་འདི་ནི་དང་པོའོ།། གང་གི་ཚེ་དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པར་བྱེད་པ་དེའི་ཚེ་ན་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང ་དབུགས་རིང་དུ་ཤེས་པ་དང་། དབུགས་རིང་དུ་རྔུབ་པ་ལ་ཡང་དབུགས་རིང་དུ་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་གཉིས་པའོ།། གང་གི་ཚེ་དབུགས་འབྱུང་བའི་བར་དང་རྔུབ་པའི་བར ་ཡིད་ལ་བྱེད་པ་ནི། དབུགས་འབྱུང་བ་ཐུང་ངུ་ཞེས་བྱ་བ་ནས། དབུགས་རྔུབ་པ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་གསུམ་པའོ།། ཡང་ན་རྣལ་འབྱོར་པ་དབུགས་འབྱུང་བ་ལ་དམིགས་པ། ་ན། ལྟེ་བའི་ཕྱོགས་ནས་བརྩམས་ཏེ་དབུགས་བྱུང་ནས་ཁ་སྣའི་སྒོ་ནས། ཕྱིར་མཐོ་གང་དང་ཁྲུ་གང་དང་འདོམ་གང་ལ་སོགས་པ་ཇི་སྲིད་དུ་འབྱུང་བ་ལ་དམིགས་པ་ནི། དབུགས་འབྱུང་བ་རིང་པོ་ལ་དབུགས་འབྱུང་བ་རིང་པོའོ་ཞེས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། ནམྦུ་རྣལ་འབྱོར་པར་དབུགས་རྔུབ་པ་ལ་དམིགས་པའི་ཚེ་ཁ་སྣའི་སྒོ་ནས་བརྩམས་ཏེ། ལྟེ་བའི་བར་དུ་དབུགས་ཇི་ལྟར་ཐུང་ངུ་སྤོང་བ་དམིགས་པ་ན་ནི། དབུགས་རིང་དུ ་རྔུབ་པ་ཡང་དབུགས་རིང་དུ་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། ནམ་རྣལ་འབྱོར་པས་དབུགས་ཕྱིར་འབྱུང་བ་ལྟེ་བ་ནས་བརྩམས་ཏེ། བྲང་གི་བྱར་དུ་བྱུང་ནས་ཆད་པ་ལ་དམིགས་པ ་ན་ནི། དབུགས་འབྱུང་བ་ཐུང་ངུ་ལ་དབུགས་འབྱུང་བ་ཐུང་ངུ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། ནམ་རྣལ་འབྱོར་པས་དབུགས་རྔུབ་པ་ན་ཡང་ཁྭ་སྣའི་སྒོ་ནས་མགྲིན་པ་ལ་སོགས་པའི་བར་དུ་ཆད ་པ་ལ་དམིགས་པ་ན་ནི། དབུགས་འབྱུང་བ་ཐུང་ངུ་ལ་དམིགས་པ་ཞེས་བྱའོ།། རྣལ་འབྱོར་པས་སུལ་དང་བུ་ག་རགས་པའི་དབུགས་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ། ལུས ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། ནམ་རྣལ་འབྱོར་པ་དབུགས་རྔུབ་པའི་སུལ་དང་བུ་ག་རགས་པ་ལས་དབུགས་རྔུབ་པ་ལས་དམིགས་པའི་ཚེ་ན་ནི། ལུས་སོ ་ཤེས་བཞིན་དུ་དབུགས་རྔུབ་པ་ལས་ལུས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། དོན་དུ་ན་ལྟེ་བ་ནས་བརྩམས་ཏེ། རྒྱུ་མ་དང་ལོང་ཀ་དང་ཕོ་བ་ལ་སོགས་པ་ནས་དབུགས ་ཕྱིར་ཇི་ལྟར་འབྱུང་བ་ལ་དམིགས་པ་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། ནམ་ཁཱ་སྣའི་སྒོ་ནས་གྲེ་བ་ལ་སོགས་པར་ཐུར་དུ་རྒྱུ་ཞིང་རྒྱུ་མ་དང་། ལོང་ག་ལ་སཽཌ ་པར་ཇི་ལྟར་ཞུགས་པ་ལ་དམིགས་པ་ན་ནི། ལུས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་ཤེས་པ་ཞེས་བྱའོ།། འདི་ནི་བཞི་པ་ཞེས་བྱའོ།། ནམ་རྣལ་འབྱོར་པས་དབུགས་འབྱུང་བ་འདི་ཡང་ལུས་ཀྱི ་འདུ་བྱེད་དེ། ལུས་ལ་བརྟེན་ལུས་ལ་གནས་པར་ཤེས་ནས། དབུགས་འབྱུང་བ་ལུས་ལ་རྟེན། ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ན་ནི། ལུས་ཀྱི་འདུ་ཤེས་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ། ལུས་ཀྱི་འདུ ་ཤེས་སོ་སོར་ཤེས་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ།། ནམ་རྣལ་འབྱོར་པས་དབུགས་རྔུབ་པ་འདི་ཡང་། ལུས་ཀྱི་འདུ་བྱེད་ལུས་ལ་རྟེན། ལུས་ལ་བརྟེན་ནས་རྔུབ་པར་ཤེས་ཏེ། ལུས་ལ་བརྟེན་ནས ་དབུགས་ཇི་ལྟར་རྔུབ་པ་ལ་དམིགས་པའི་དུས་ན་ནི། ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྔུབ་པ་ལས། ལུས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ ་ཞེས་བྱའོ།། འདི་ནི་ལྔ་པའོ།། ། ནམ་རྣལ་འབྱོར་པ་སྤུ་དང་བ་སྤུ་ཁྲུང་བུ་ལ་སོགས་པ་སུལ་དང་བུ་ག་ཕྲ་མོ་ནས་དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་དུས་ན་ནི། ལུས་ཐམས་ཅད་སོར་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ། ལུས་ཐམ ་ཅུང་ལ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པོ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ།། །། ནམ་རྣལ་འབྱོར་པས་པ་སྤུ་ལ་སོགས་པའི་བུ་དང་སུལ་ཕྲ་མོ་ནས་དབུགས་ཇི་ལྟར་ནང་དུ་འཇུག་པ་ལ་དམིགས་པའི་དུས་ནི ་ནི། ལུས་ཐམས་ཅད་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པ་ལ། ལུས་ཐམས་ཅད་ལ་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། འདི་ནི་དྲུག་པའོ།། །། རྣལ་འབྱོར་པས་དབུགས ་འབྱུང་བ་ཡང་འགགས། བྱུར་གྱི་དབུགས་ཀྱང་འགགས་ཏེ། དབུགས་འབྱུང་བྱ་དང་རྔུབ་པ་གཞན་མུ་བསྐྱེད་པའི་གནས་སྟོད་པ་ལ་དམིགས་ཤིང་། དྲི་ཁོང་དུ་ཆུད་པར་གྱུར་པའི་དུས་ན་ནི། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱུང་བར་དབུགས་འབྱུང ་བ་ལ། བདག་གིས་ལུས་ཀྱི་འདུ་བྱེང་ཤིན་ཏུ་བྱུང་བར་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བོ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ཤིན་ཏུ་བྱུང་བྲཝ་ནི་དབུག་ས་འབྱུང་བ་དང་བྲལ་བའི་གནས་དང་དུས་ལ་བྱའོ།། ནམ་རྣལ་འབྱོར ་དབུགས་རྔུབ་པ་ཡང་འགགསོ། བར་གྱི་དབུགས་ཀྱང་འགགས་ནས། དབུགས་འཐུང་བ་དང་རྔུབ་པ་གཞན་མ་སྐྱེས་པའི་དུས་སྟོང་པར་གྱུར་པོ་ལ་དམིགས་པ་ནི། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་རྔུབ་པོ་ལ ་པ་ལ་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བའོ།། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བདུན་པའོ།། ཡང་ན་ཤིན་ཏུ་བྱང་བའི་དོན་ནི། དབུགས་འབྱིན་པ་དང་། རྔུབ་པ་ལ་དམིགས་པས་ལུས་དང་སེཾས ་ལས་སུ་རུང་བར་བྱས་པས་ཤེས་པའོ།། ཡང་ན་དེས་གོང་དུ་བཤད་པའི་དབུགས་འབྱུང་བ་དང་རྔུབ་པ་དེ་དག་ལ་དམིགས་པ་བརྟེན་པ་མང་བ་དང་། སྒོམ་པ་མང་བ་དང་། མང་དུ་བྱས་པ་དང་ལྡན་པསོ།། སྔོན་འདྲིས་པར་མ་བྱས་པའི་ཚེ། དབུགས་འབྱུང ་བ་དང་། རྔུབ་པ་ལས་དམིགས་པའི་ཚེ། སེམས་ཤ་ཐང་བ་དང་། སྡུག་བསྔལ་བཞིན་དུ་དམིགས་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་ཡང་རགས་པ་དང་། སྦོམ་པོར་བྱུང་བ་འགོགས་ནས། དེ་དང་བྲལ་ཏེ་དེ་གོམས་པར་བྱ་བའི་མཐུས། དབུགས་ཀྱང ་བྲར་རྒྱུ་ཞིང་། དེ་ལ་དམིགས་པའི་སེམས་ཀྱང་ཤ་ཐང་བ་མེད་པར་བདེ་བའི་རེག་པ་དང་ལྡན་བཞིན་དུ། དམིགས་པ་འབྱུང་བ་སྟེ། དེ་བས་ན་བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་བྱང་བར་དབུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྣལ་འབྱོར ་པ་དེས་དེ་ལྟར་དབུགས་འབྱུང་བ་དང་། རྔུབ་པའི་དྲན་པའི་སྦྱོར་བ་རབ་ཏུ་སྦྱར་བའི་སྟོབས་ཀྱི། གལ་ཏེ་བསམ་གཏན་དང་པོ་འམ། བསམ་གཏན་གཉིས་པ་ཐོབ་པར་གྱུར་པ་དེ་ན། དབུགས་འབྱུང་བ་དང་། རྔུབ་པ་ལ་དམིགས་པའི་རྒྱུས་ཇི་ལྟར་བསམ་གཏན། ་དང་པོ་དང་གཉིས་པ་འཐོབ་པར་ཤེས་པ་ནི། དགའ་བ་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བ་ལ་ཞེས་བྱ་བ་ནས། དགའ་བ་སོ་སོར་ཞེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། འདི་ནི་བརྒྱང ་པའོ།། །། གལ་ཏེ་དེས་དགའ་བ་དང་བྲལ་བ་བསམ་གཏན་གསུམ་པའི་བདེ་བ་མྱོང་བར་གྱུར་པ་དེའི་ཚེ་ན་ནི། བདེ་བ་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལྔ་ཞེས་བྱ་བ་ནས། བདེ་བ་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་དགུ་པའོ།། །། བསམ་གཏན་བཞི་ཡན་ཆད་ཉེས་པ་བརྒྱད་དང་བྲལ་བ་ཡིན་པས། བསམ་གཏན་བཞི་ཡན་ཆད་ནི་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ལ་སྦྱོར་བ་མེད་དོ།། གལ་ཏེ་རྣལ་འབྱོར་པ ་དེས་རྩ་བའི་བསམ་གཏན་དང་པོ་འམ་གཉིས་པ་འམ་གསུམ་པ་ཐོབ་པར་གྱུར་ན། དེས་གདོན་མི་ཟ་བར་མི་ཐོབ་ཏུ་མི་རུང་བ་དང་། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། དེ་ལོ་ཏིང་ངེ་འཛིན་དེ་དག་ལ་བརྟེན་ནས ་རང་གིས་སེམས་ཅི་དང་ཅི་བྱུང་བ་དང་། ཇི་ལྟ་ཇི་ལྟར་སྐྱེས་པ་ལ་རབ་ཏུ་རྟོག་པར་བྱེད་དེ། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བ་འམ། ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བ་འམ། གཏི་མུག་དང་བཅས་པ་འམ། གཏི་མུག་དང་། ་བྲལ་བ་འམ། བསྡུས་པ་འམ། གཡེངས་པ་འམ། ཞུམ་པ་འམ། གཟེངས་མ་ཐོས་པ་འམ། རྒོད་པ་འམ། མི་རྒོད་པ་འམ། ཞི་བ་འམ། མ་ཞི་བ་འམ། མཉམ་པར་བཞག་པ་འམ། མཉམ་པར་མ་བཞག་པ་འམ། ལེགས་པར་བསྒོམ་པ་འམ། ལེགས ་པར་མ་བསྒོམས་པ་འམ། རྣམ་པར་གྲོལ་བ་འམ། རྣམ་པར་མ་གྲོལ་བ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཁོང་དུ་ཆུད་ཅིང་ཤེས་པ་བྱུང་སྟེ། དབུགས་འབྱུང་བ་དང་རྔུབ་པ་ལ་དམིགས་པའི་ཚེ། སེམས་ཀྱི་ངོ་བོ་ཅི་འདྲ་བ་འབྱུང་བར ་ཤེས་པ་ནི། སེམས་སོ་སོར་ཤེས་བཞིན་དུ་དབུགས་འབྱུང་བའོ་ཞེས་བྱ་བ་ནས། སེམས་སོ་སོར་ཤེས་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ་ཞེས་བྱ་སྟེ། འདི་ནི་བཅུ་པའོ།། ། ་རྣལ་འབྱོར་པ་སེམས་ལ་བརྟེན་ནས་དབུགས་འབྱུང་བར་འགྱུར་བ་ལས་སེམས་ལ་བརྟེན་ནས། དབུགས་ཇི་ལྟར་འབྱུང་བ་ལ་དམིགས་པའི་ཚེ་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར་ཤེས་བཞིན་དབུགས་འབྱུང་བ་ལ། སེམས་ཀྱི་འདུ་བྱེད་སོ ་སོར་ཤོས་བཞིན་དུ་དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱའོ།། དབུགས་རྔུབ་པ་ཡང་སེམས་ལ་བརྟེན་ནས་དབུགས་རྔུབ་པ་སྟེ། སེམས་ལ་བརྟེན་ནས་དབུགས་ཇི་ལྟར་རྔུབ་པ་སྟེ། སེམས་ལ་བརྟེན་ནས ་དབུགས་ཇི་ལྟར་རྔུབ་པ་ལ་དམིགས་པའི་དུས་ན་ནི། སེམས་ཀྱི་འདུ་བྱེད་སོ་སོར་ཡང་དག་པོར་ཤེས་བཞིན་དབུགས་རྔུབ་པ་ལ། སེམས་ཀྱི་འདུ་བྱེད་སོ་སོར་ཡང་དག་པར་ཤེས་བཞིན་དབུགས་རྔུབ་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཅིག་པའོ།། དེ་ལ་ངེས་དགའ་བ་སོ་སོར་མྱོང་བར་གྱུར་པ་འམ། བདེ་བ་སོ་སོར་མྱོང་བར་གྱུར་པས། གལ་ཏེ་བརྒྱལ་ཞིག་དྲན་པ་རྨོངས་པའི་དུས་རྒྱུས་བདུག་ཅེ་འམ། བདག་ནི་བདག་གི་ཞེ་འམ། བདག་གི ་འབྱུང་བར་འགྱུར་ན་འམ་འབྱུང་བར་མི་འགྱུར་ཞེ་འམ། གཟུགས་ཅན་དུ་འགྱུར་ཞེ་འམ། གཟུགས་མེད་པར་འགྱུར་ཞེ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པར་རམ། འདུ་ཤེས་མེད་མིན་དུ་འགྱུར་ཞེས་རྨོངས་པའི་འདུ་ཤེས་ཀྱིས་སེམས ་གཡོ་བ་བྱུང་ན། མྱུར་དུ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དབུགས་འབྱུང་བ་དང་རྔུབ་པ་གཉིས་ལ་དམིགས་ཏེ། རྟོགས་པ་དེ་དག་གནས་པར་མི་བྱེད་ཅིང་རབ་ཏུ་སྤོང་བ་ལ་སེལ་བར་བྱེད་དེ་ནི་བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་བྱུང ་བར་དབུགས་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་ཀྱི་འོང་བྱེད་ཤིན་ཏུ་བྱུང་བར་དབུགས་རྔུབ་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གཉིས་པའོ།། །། དེ་ལྟར་སྒོམས་པ་ལས། གལ་ཏེ་གཉིད་དང་རྨོང ་པའི་སྒྲིབ་པས་སེམས་ནོན་པར་གྱུར་ཏེ། སེམས་མི་གསལ་བར་གྱུར་པ་ན། སེམས་དག་པ་དང་། གསལ་བར་གྱུར་པའི་དམིགས་པ་འགའ་ཞིག་ལ་དམིགས་ནས། སེམས་གཟེངས་བསྟོད་པ་དང་། དགའ་བར་བྱ་སྟེ། ཡང་དམིགས་པ་ཕྱི་ནང ་རྒྱུ་བ་དམིགས་པའི་ཚེ་ན་ནི། བདག་གི་མངོན་པར་དགའ་སྟེ། དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་གསུམ་པའོ།། །། དེ་ལྟར་དམིགས་པ་དེ་ལ་བསྟོན་པ་མང་བ་དང་། སྒོམ་པ་དང་། ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་དམིགས་པ་ཉིད་ལ་མང་དུ་བྱ་བ་མང་བས། རྨུགས་དང་རྒོད་པ་ལ་སོགས་པའི་སྒྲིབ་པ་མངོན་དུ་རྒྱུ་བ་རྣམས་རིང་དུ་བྱས་པར་གྱུར་ཏེ་བདག་གི་སྒྲིབ་པ་རྣམས་བསལ་ཅེས་པ་ནི། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུག། ་འབྱུང་བ་ཞེས་བྱ་བ་ནས། བདག་གི་སེམས་རྣམ་པར་གྲོལ་ཏེ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅུ་བནི་པའོ།། །། གལ་ཏེ་དེ་ལྟར་བསྒོམ་པའི་ཚེ་རྒོད་པའི་སྒྲིབ་པ་དང་། ཐེ་ཚོམ་གྱི ་སྒྲིབ་པས་བསྒྲིབས་པར་གྱུར་པ་མཐོང་ན་དབུགས་འབྱུང་བ་དང་རྔ་བ་གཉིས་ལ་དམིགས་ནས། སེམས་མངོན་པར་བསྡུས་ཏེ་ནང་དུ་འཇོག་པར་བྱེད་ཅིང་ཞི་བར་བྱེད། སེམས་རྩེ་གཅིག་ཏུ་འཇོག་པའི་དུས་ན་ནི། བདག་གི་སེམས་མཉམ་པར ་བཞག་སྟེ། དབུགས་འབྱུང་བ་ལ། ཞེས་བྱ་བ་ནས། བདག་གི་སེམས་མཉམ་པར་བཞག་སྟེ། དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། འདི་ནི་བཅོ་ལྔ་པའོ།། །། དེ་སྒྲིབ་པ་རྣམས་ལ་སེམས་རྣམ་པར་གྲོལ ་བར་གྱུར་པ་དང་། ལྷག་མ་ལས་བསྒོམ་པའི་བར་དུ་གཅོད་པར་བྱེད་པའི་བག་ལ་ཉལ་ལྷག་མ་ལུས་པར་གྱུར་ཏེ། དེ་དག་སྦྱང་བར་བྱ་བའི་ཕྱིར་བདེན་པ་བཞི་བསྒོམ་པའི་ལམ་མངོན་དུ་བྱེད་དོ།། དེ་ཡང་འདི་ལྟར་བྱེད་དེ། འདུ་བྱེད་རྣམས་མི་རྟག་པའི ་ཆོས་སོ་ཞེས་སྡུག་བསྔལཱ་གྱི་དང་པོར་རྟོག་སྟེ། དེ་བས་ན། དེ་བཞིན་དུ་མི་རྟག་པར་ལྟ་བ་དང་། ཞེས་གསུངས་སོ།། རྣལ་འབྱོར་པ་དེས་སྔར་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ལ་བརྟེན་པ་དང་། མི་ཐོབ་ཏུ་མི་རུང་པོ་ལ་བརྟེན་ནས། ཞི་གནས་ལ ་གོམས་པར་བྱས་སོ།། དེ་ནི་མི་རྟག་པ་དང་རྗེས་སུ་མཐོང་བས་ན། ལྷག་མཐོང་གོམས་པར་བྱེད་པ་ཡིན་ནོ།། དེ་ལྟར་དེའི་སེམས་ནི། ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱས་པས། དེའི་འོག་ཏུ་ཁམས་གསུམ་ལ་མྱོས་པར་བྱེད་དོ།། ཁམས་གསུམ ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་དང་། སོ་སོར་སྤོང་བའི་ཁམས་སོ།། དེ་ལ་སྒོམ་པས་སྤོང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤངས་པ་ལ་མོས་པ་ནི། འདོད་ཆགས་དང་བྲལ་བར་ལྟ་བའོ།། ཕུང་པོ་ཐམས་ཅད་སྤངས་པ ་ལ་མོས་པ་ནི། འགོག་པ་ལ་ལྟ་བའོ།། མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤང་བ་ལ་མོས་པ་ནི། སོ་སོར་སྤོང་བར་ལྟ་བ་ཞེས་བྱ་བ་སྟེ། དབུགས་འབྱུང་བ་དང་། རྔུབ་པའི་ཚེ་དེ་ལྟར་རྨོངས་པ་སྐྱེས་པ་ནི། དབུགས་འབྱུང་བའོ་ཞེས་ཡང་དག་པ་ཇི ་ལྟ་བ་བཞིན་ཤེས་པར་བྱས་ནས། སོ་སོར་སྤོང་བར་ལྟ་བ་བཞིན་དུ་དབུགས་རྔུབ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། ཡང་ན་སྡུག་བསྔལ་གྱི་ཕུང་པོ་ལ་འཇིག་པའི་ཆོས་ཅན་དུ་ལྟ་བ་ནི་མི་རྟག་པར་ལྟ་བའོ།། ཀུན་འབྱུང ་བ་ལ་སྤང་བར་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འདོད་ཆགས་དང་བྲལ་བར་ལྟ་བའོ།། འགོག་པ་ལ་མངོན་དུ་བྱ་བའི་ཆོས་ཅན་དུ་ལྟ་བ་ནི། འགོག་པར་ལྟ་བའོ།། ལམ་གྱི་བདེན་པ་ནི་ཉོན་མོངས་པ་སྤོང་བར་བྱེད་པའོ་ཞེས་ལྟ་བ་ནི། སོ་སོར་སྤོང་བར་ལྟ་བ ་ཞེས་བྱའོ།། དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྒོམ་པ་བསྟན་པའི་མཇུག་བསྡུ་བའི་ཕྱིར། དགེ་སློང་དག་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་གོ་ཞེས་བྱ་བ་གསུངས་སོ།། །། དབུགས་ཕྱི་ནང་དུ་རྒྱུ་བ་བཅུ་དྲུག་བསྟན་པའི་འོག་ཏུ། རྒྱུན་ཏུ ་ཞུགས་པའི་ཡན་ལག་བཞི་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་རྒྱུན་ཅེས་བྱ་བ་ནི་འཕགས་པའི་ལམ་ལ་བྱ་སྟེ། ཆུ་བོའི་རྒྱུན ་རྒྱ་མཚོར་འཇུག་པ་བཞིན་དུ། ལམ་དེས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པས་ནི། ལམ་ནི་རྒྱུན་ཏོ།། ལམ་དེར་ཞུགས་པ་འམ། ལ་དེ་ཐོབ་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། ལམ་གྱི་གྲོགས་སུ་གྱུར་པའི་ཆོས་བཞི་ལ་ནི། རྒྱུན་ཏུ་ཞུག་ས ་པའི་ཡན་ལག་བཞི་ཞེས་བྱ་སྟེ། འཕགས་པ་རྣམས་ཀྱིས་ཀུན་ཏུ་རིག་པའི་དྲང་པ་བཞི་ཞེས་ཀྱང་བྱའོ།། དེ་ལ་འཕགས་པའི་ཉན་ཐོས་བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ནས། སངས་རྒྱས་ལ་རྗེསུ་ཤེས་ནས། དད་པ་དང་ལྡན་པ་ཡིན་ནོ།། ཞེས་བྱ ་བའི་བར་དུ་ནི། རྒྱུན་ཏུ་ཞུགས་པའི་ཡན་ལོག་དང་པོའོ།། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ། ཞེས་བྱ་བ་ནས། དམ་པའི་ཆོས་ལ་དད་པ་དང་ལྡན་པ་ཡིན་ནོ།། ཞེས་བྱ་བ་ཡན་ཆད་ནི། རྒྱུན་ཏུ་ཞུགས་པའི་ཡན་ལག་གཉིས་པའོ།། ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནས། སྐྱེས་བུ་གང་ཟག་བརྒྱད་རྣམས་སོ་ཞེས་བྱ་བ་ཡན་ཆད་ཡན་ལོག་གསུམ་པའོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་དད་པ་ཕུན་སུམ་ཚོགས་པ་དང་། ཞེས་བྱ་བ་ནས། ་མཁས་པས་མ་སྨད་པའི་འཕགས་པ་འདོད་པའི་ཚུལ་ཁྲིམས་དང་།། ལྡན་པ་ཡིན་ཏེ། ཞེས་བྱ་བ་ཡན་ཆད་ཡན་ལག་བཞི་པའོ།། འཕགས་པ་ཉན་ཐོས་ཞེས་བྱ་བ་ལ་འདོད་ཆགས་སྤང་བ་དང་། ཞེ་སྡང་སྤང་བ་དང་། གཏི་མུག་སྦྱང་བ་ལ་ཞུགས་པའི ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ། སློབ་པའི་གང་ཟག་རྣམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤངས་པ་དང་། དགྲ་བཅོམ་པ་མི་སློབ་པའི་འབྲས་བུ་ལ་གནས་པ་དེ་དག་ནི། འཕགས་པའི་ཉན་ཐོས་ཏེ། ཉན་ཐོས་ཀྱི་དོན་ནི་བདེན་བྱ ་མཐོང་བར་བྱ་བ་གཞན་གྱི་ལུང་དང་མན་ངག་མཉམ་པ་ལ་རག་ལུས་པས་ཉན་ཐོས་སོ།། དེ་དག་ཆོས་བཞི་ལ་དང་པ་མི་ཕྱེད་པ་སྐྱེའོ་ཞེས་བྱ་བར་སྦྱར་རོ།། རྒྱུན་ཏུ་ཞུགས་པའི་ཡན་ལག་དང་པོ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ཡང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཡན་ལག་དང་པོས་མདོར་བསྡུས་ན། རྣམ་པ་དྲུག་བསྟན་ཏེ་བགེགས་བཅོམ་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། གང་གིས་དེ་ཐོབ་པ་དང་། ཇི་ལྟར་གཤེགས་པ་དང་། སྟོན་པའི་ལས་དང་། གང་དག་གིས་ཡོངས་སུ་བཟུང་བ་བསྟན་ཏོ།། བཅོམ ་ལྡན་འདས་ཞེས་བྱ་བ་ནི། བགགས་བཅོམ་པ་བསྟན་ཏེ། དེ་ལ་བགེགས་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱང་བའི་བར་ཆད་བྱེད་པ་བདུད་སྡིག་ཅན་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན། བདུད་སྡིག་ཅན་དང་། དེའི་འཁོར་དུ་གཏོགས་པ་འདོད་པའི ་ཁམས་ཀྱི་ལྷའི་བུ་འཁོར་དང་བཅས་པ་རྣམས་བཅོམ་པས་ན། བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་ཇི་ལྟ་བ་བཞིན་དུ་སྨྲ་བ་དང་། ཡང ་དག་པར་སྒྲུབ་པར་བྱེད་བ་སྟེ། རྣམ་པ་གཉིས་ཀྱིས་སྨྱོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས། ཇི་ལྟ་བ་བཞིན་དུ་སྨྲ་བ་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་མ་ནོར་བའོ།། དེ་བཞིན་གཤེགས་པ་ཞེས་བྱེ་བྷེ་ནི། སྟོན་པ ་འམ་སྨྲ་བི་འམ། གསུང་བ་སྟེ། དངོས་པོ་རྣམས་ཀྱི་དོན་འཕགས་པའི་བདེན་པ་བ་ནི་ཇི་ལྟར་གནས་པ་དེ་བཞིན་དུ།། གསུང་ཞིང་འཆད་པས་ན་རེ་བཞིན་གཤེགས་པའི།། ཡང་དག་པར་སྒྲུབ་པར་བྱེང་པ་ཡང་རྣམ་པ་གཉིས་ཏེ། སྤངས་པ་ཕུནྡ་སུ་མ་ཚོགས་པར ་བསྒྲུབ་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པར་བསྒྲུབ་པའོ།། དེ་ལ་དགྲ་བཅོམ་པ་ཞེས་བྱ་བས་སྤངས་པ་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པོ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་སྤངས ་བས་ན་དགྲ་བཅོམ་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏེ། ཡང་དག་པར་ནི་མ་ནོར་བར་རམ་ཕྱིན་ཅི་མ་ལོག་པར་རོ།། རྫོགས་པར་ནི་མ་ལུས་པར་རོ།། སངས་རྒྱས་ནི་མཁྱེན་པ ་སྟེ། ཡང་དག་པར་སངས་རྒྱས་པ་དང་། རྫོགས་པར་སངས་རྒྱས་ཞེས་སྦྱརརོ།། དོན་དུ་བསྡུས་ན་ཇི་སྙེད་མཁྱེན་པར་བྱ་བའི་ཡུལ་ཕུང་པོ་དང་། ཁམས་ལ་སོགས་པ་མ་ལུས་པར་མཁྱེན་ཅིང་། དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད ་པར་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཡེ་ཤེས་དང་ལྡན་པས་རྫོགས་པའི་སངས་རྒྱས་ཞེས་བྱའོ།། ཡང་ན་རྣམ་པ་གསུམ་གྱིས་སྟོན་པ་ཕུན་སུམ་ཚོགས་པར་སྟོན་ཏེ། རྣམ་པ་གསུམ་ནི་ཕྱིན་ཅི་མ་ལོག་པར་སྨྲ་བ་དང་། ཉོན་མོངས་པ་མེད་པ་དང་། ཤེས་བྱ་བརྗོད ་པར་བྱ་བ་ཇི་སྙེད་ཡོད་པ་ཐུགས་སུ་ཆུང་བའོ།། དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས། ཕྱིན་ཅི་མ་ལོག་པར་སྨྲ་བ་བསྟན་ཏེ། ཤེས་བྱའི་དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ། གསུང་བའི་ཕྱིར་དེ་བཞིན་གཤེགས་པའོ།། དགྲ་བཅོམ་པ་ཞེས་བྱ་བས་ཉོན་མོངས ་པ་མེད་པ་བསྟན་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དགྲ་ལྟ་བུར་གྱུར་པ་སྤངས་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བས། ཤེས་བྱ་བརྗོད་པར་བྱ་བ་ཇི་སྙེད་ཡོད་པ་ཐུགསུ་ཆུད་པ་བསྟན་ཏེ། ཇི་སྙེད་དུ་ཤེས་པར་བྱ་བ་ཡོད ་བའི་དངོས་པོ་ཐམས་ཅད་མ་ལུས་པ་དང་། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ།། རིག་པ་དང་རྐང་པར་ལྡན་ཞེས་བྱ་བས། གང་གིས་གཤེགས་པ་བསྟོན་ཏེ། དོན་དུ་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས ་མྱ་ངན་ལས་འདས་པའི་གནས་སུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ།། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ། ཡང་དག་པའི་ལྟ་བ་ལ་རིག་པ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བས་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཤེས་པ་ཡིན ་པའི་ཕྱིར་རོ།། ཡང་དག་པའི་རྟོག་པ་ལ་སོགས་པ་ཡན་ལག་ལྷག་མ་བདུན་རྣམས་ལ་ནི་རྐང་པ་ཞེས་བྱ་སྟེ། དོན་དུ་ན་འཕགས་པ་ལམ་གྱི་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གནས་སུ་སོང་ངོ་ཞེས་བྱ་བའི་དོན་ཏོ།། འཕགས་པའི་ལམ་གྱི་ཡན ་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པར་བཤད་ལ། ཡན་ལག་ལྕུག་མ་རྣམས་ཅིའི་ཕྱིར་རྐང་པར་བཤད་ཅེ་ན། དཔེར་ན་མིག་མེད་དེ་མ་མཐོང་བ་དང་། རྐང་པ་མེད་དེ་འགྲོ་མི་ནུས་པས་གར་ཡང་མི་ཕྱིན་གྱི་མིག་གིས་མཐོང་ལ་རྐང་པ་ཡོད་ན། གདོད ་འགྲོ་ནུས་པ་བཞིན་དུ། ཡང་དག་པའི་ལྟ་བས་བདེན་པ་བཞི་མཐོང་ལ། ཇི་ལྟར་མཐོང་བ་བཞིན་དུ། ཡན་ལག་ལྷག་མ་རྣམས་ཀྱིས་བསྒྲུབས་ན། གདོད་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་རོ།། ཡང་ན་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ།། དེ་ལ་ལྷག་པའི་ཤེས་རབ་ཀྱིས་བསླབ་པ་ལ་ནི། རིག་པ་ཞེས་བྱའོ།། ལྷག་པའི་སེམས་ཀྱི་དོང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནི། རྐང་པ ་ཞེས་བྱ་བ་དེ། དེ་ལྟར་བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་སོང་ངོ་ཞེས་བསྟན་པ་ཡིན་ནོ།། བརྒལ་བ་དང་། གསུང་རབ་གཞན་ལས་ནི་ཚུལ་ཁྲིམས་ལ་བརྟན་ནས། ཏིང་ངེ་འཛིན་འགྲུབ། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་འགྲུབ ་སྟེ། དེ་བས་ན་ཚུལ་ཁྲིམས་དང་པོར་སྨོས། དེའི་འོག་ཏུ་ཏིང་ངེ་འཛིན། དེའི་འོག་ཏུ་ཀླེ་རབ་བསྟན་ན། འདིར་ཅིའི་ཕྱིར་ཤེས་རབ་དྲང་པོར་སྨོས། སྨྲས་པ། ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས ་སུ་དག་པར་འགྱུར་གྱི། ཤེས་རབ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དག་པར་མི་འགྱུར་བས་ཤེས་རབ་སྔར་སྨོས་སོ།། དཔེར་ན་མིག་གིས་བལྟས་ནས་རྐང་པས་འགྲོ་བ་བཞིན་དུ། ཤེས་རབ་མིག་དང་འདྲ་བས་བརྟགས་ནས། ཚུལ ་མས་དང་ཏིང་ངེ་འཛིན་རྐང་པ་ལྟ་བུར་གྱུར་པས། འགྲོ་བར་བྱེད་པས་ན། བསླབ་པ་གསུམ་ལ་རིག་པ་དང་རྐང་པར་ལྡན་པ་ཞེས་བྱའོ།། ཡང་ན་མི་སློབ་པའི་རིག་པ་གསུམ་ལ་རིག་པ་ཞེས་བྱ་བ་སྟེ། རིག་པ་གསུམ་ནི་སྔོན་གྱི་གནས་ཞེས་པའི་རིག་པ ་ཞེས་བྱ་བ་དང་། འཆི་འཕོ་ཤེས་པའི་རིག་པ་དང་། ཟག་པ་ཟོད་པ་ཤེས་པའི་རིག་པའོ།། ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་ལྷག་མ་རྣམ་པ་གསུམ་སྡེ། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། འཕྲུལ་གྱི ་མིག་དང་། འཕྲུལ་གྱི་རྣ་བ་སྟེ། ཆོས་ལྔ་ལ་ཞབས་ཞེས་བྱའོ།། དེ་ལྟར་རིག་པ་གསུམ་ལ་སོགས་པ་སྟོན་པ་ཕུན་སུམ་ཚོགས་པ་བརྙེས་སོ།། ཞེས་བསྟན་པ་ཡིན་ནོ།། འདི་ཡན་ཆད་དུ་བཅོམ་ལྡན་འདས་བདག་གི་དོན་ཕུན་སུམ་ཚོགས་པ་དང ་རྒྱུ་དང་བཅས་པ་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རྫོགས་པའི་སངས་རྒྱས་ཞེས་བྱ་བས་བདག་གི་དོན་ཕུན་སུམ་ཆོག་པ་བསྟན་ཏོ།། རིག་པ་དང་རྐང་པར་ལྡན་པས་དེའི་རྒྱུ་བསྟན་ཏོ།། བདེ་བར་གཤེགས་པ་ཞེས་བྱ་བས་ཇི ་ལྟར་གཤེགས་པ་བསྟན་ཏེ། དེ་ལ་རིམས་ནང་ཤིན་ཏུ་བྱང་བ་སླར་མི་ལྡོག་པ་བཞིན་དུ། སླར་འཁོར་བར་ལྡོག་པ་མེད་པར་ཤིན་ཏུ་གཤེགས་པས་ན་བདེ་བར་གཤེགས་པའོ།། ཡང་ན་མར་གྱིས་གང་བའི་བུམ་པ་བཞིན་དུ་ཤེས་བྱ་ཇི་སྙེད་ཐུགསུ་ཆུད ་པར་བྱ་བ་མ་ལུས་པར་ཐུགསུ་ཆུད་ལ། སྒྲིབ་པ་ཇི་སྙེད་སྤང་བར་བྱ་བ་ཀུན་མ་ལུས་པར་སྤངས་ཏེ། ཇི་སྲིད་དུ་ཕྱིན་པར་བྱ་བ་ལེགས་པར་གཤེགས་པས་ན། བདེ་བར་གཤེགས་པ་ཞེས་བྱའོ།། བཤུད་བུ་གཉིས་ཀྱིས་མདོར་ནི། བཅོམ་ལྡན་འདས་ཕྱི ་རོལ་པའི་དོན་དང་འདོད་ཆགས་དང་བྲལ་རྣམས་དང་། དེ་ལས་གཞོན་དགྲ་བཅོམ་པ་རྣམས་ལས་ཁྱད་པར་དུ་གྱུར་པར་སྟོན་ཏོ།། དེ་ལ་རིམས་ནང་བྱང་བ་བཞིན་དུ་སླར་མི་ལྡོག་པར་གཤེགས་པས་ནི། ཕྱི་རོལ་པའི་འདོད་ཆགས་དང་བྲལ་པོ་རྣམས་ལྔ ་ཁྱད་ཞུགས་པར་སྟོན་ཏེ།། མུ་སྟེགས་ལ་སོགས་པའི་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་དང་ཐང་ཅིག་བྲལ་ཡང་སླར་ཁམས་གསུམ་དུ་ལྡོག་པས་མི་ལྡོག་པ་མ་ཡིན་པའི་ཕྱིར་རོ།། བུམ་པ་གང་བ་བཞིན་དུ་ལེགས་པར ་གཤེགས་པས་དགྲ་བཅོམ་པ་ལས་ཁྱད་པར་དུ་གྱུར་པར་སྟོན་ཏེ། དགྲ་བཅོམ་པ་ལ་སོགས་པ་ཕྱིར་མི་ལྡོག་པ་ཡིན་ཡང་། ཤེས་བྱ་ཐམས་ཅད་མ་རྟོགས་ཤིང་། བག་ཆགས་ཀུན་ཀྱང་མ་ལུས་པར་མ་སྤངས་པས་ལེགས་པར་གཤེགས་པ་མ་ཡིན ་པའི་ཕྱིར་རོ།། འཇིག་རྟེན་རིག་པ་ཞེས་བྱ་བ་ལ་སོགས་པ་སྟོན་པའི་ལས་བསྟན་ཏེ། སྟོན་པའི་ལས་ཀྱང་རྣམ་པ་གཉིས་སོ།། རྣམ་པ་གཉིས་ནི་སྐལ་པ་ཡོད་པ་དང་། སྐལ་པ་མེད་པའི་འཇིག་རྟེན་ལ་གཟིགས་པ་དང་། འདུལ་བར་བྱ་བ་ལ་འདུལ་བར ་བྱེད་པའོ།། འཇིག་རྟེན་རིག་པ་ཞེས་བྱ་བ་སྟེ། སྐལ་བ་ཡོད་པ་དང་སྐལ་པ་མེད་པའི་འཇིག་རྟེན་ལ་གཟིགས་པར་བསྟན་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ཀྱིས་འཇིག་རྟེན་རྣམས་ལ་བརྟགས་ནས། ་སེམས་ཅན་འདི་ནི་གྲོལ་བའི་སྐལ་བ་ཡོད་ལ། འདི་ནི་གྲོལ་གྱི་འསྐལ་བ་མེད་པའོ་ཞེས་མཁྱེན་པའི་ཕྱིར། འཇིག་རྟེན་རིག་པ་ཞེས་བྱའོ།། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཞེས་བྱ་བས། སྐལ་པ་ཡོད་པར་འདུལ་བར་བྱེད་པ་སྟོན་ཏོ།། དེ་ལྟར ་མཁྱེན་ནས་སེམས་ཅནཱཎྜལ་བྱ་ཡོད་པ་རྣམས་འཕགས་པའི་ལམ་ལ་བཀོད་དེ། འདུལ་བར་བྱེད་པོས་ན། སྐྱེསྣ་བུ་འདུལ་བའོ།། དེ་ལ་འདུལ་བར་འོས་པ་འམ། གདུལ་བར་ནུས་པ་ནི་འདུལ་པོའོ།། ཁ་ལོ་སྒྱུ་བ་དང་འདྲ་བསྟེ་ཁ་ལོ་སྒྱུར་བ་སྟེ། དཔེར་ན་ཎཱ་འ ་པའི་ཁ་ལོ་སྒྱུར་བ། རྟའི་གཡོ་སྐྱོན་རྣམས་མེད་པར་བྱས་ནས། བཏུལ་ཏེ། ལམ་བདེ་བ་ལྔ་འཛུད་པར་བྱེད་པ་བཞིན་དུ། འདིས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཏུལ་ནས། ཡང་དག་པའི་ལམ་ལ་བཀོང་པས། ཁ་ལོ་སྒྱུར་བའོ།། དེ་ལ་ཡང་གདུལ་དག ་བ་ལྟེང་རྒྱ་ས་འོད་སྦྱངས་ལ་སོགས་པ་དང་། དགའ་བོ་དང་སོར་ཕྲེང་ལ་སོགས་པ་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གི་ཤས་ཆེ་སྟེ། གདུལ་དཀའ་བ་རྣམས་བཏུལ་ནས་གནས་ཀྱི་མཆོག་མྱ་ངན་ལས་འདས་པར་འཇོག་པར་བྱེད་པས་ན། བླ་ན་མེད་པ ་སྐྱེས་བུ་འདུལ་བ་ཞེས་བྱའོ།། དེ་ལ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་ནི་གཏི་མུག་ཤས་ཆེ་བའོ།། དགའ་བོ་ནི་འདོད་ཆགས་ཀྱི་ཤས་ཆེ་བའོ།། སོར་ཕྲེང་ནི་ཞེ་སྡང་གི་ཤས་ཆེའོ།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་གང་གིས་ཡོངས་སུ་གཟུང་བ་བསྟན ་དེ་བཞིན་གཤེགས་པའི་བསྟན་པ་གང་གིས་ཡོངས་སུ་གཟུང་ན་ན། ལྷ་དང་མིས་གཟུང་སྟེ། བྱོལ་སོང་ལ་སོགས་པ་ཡང་ཆོས་འཆང་པའི་སྒྲ་ཐོས་པས་མཐོ་རས་ལ་སོགས་པར་འཇོག་མོད་ཀྱི། འཕགས་པའི་བདེན་པ་ཁོང་དུ་ཆུད་པ་དང་། དགེ་སྦྱོང་གི་འབྲས ་བུ་ཐོབ་པའི་སྣོད་དུ་ནི་ལྷ་དང་མི་རྣམས་གྱུར་པས་ན། དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ།། གོང་དུ་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པ་དེ། དངོསུ་སུ་ཞིག་ཡིན་ཞེ་ན་དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བར་གསུངས་ཏེ། གོང་དུ་དེ ་ཡང་ཞེས་བྱ་བའི་སྒྲ་འདིར་སྦྱར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་སོགས་པའི་ཡོན་ཏན་སྨོས་པ་དེ་ཡང་སངས་རྒྱ་ས་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་མ་རིག་པའི་གཉིད་ལས་སྤྱད་ཅིང་། ཤེས་བྱ་རྣམས་ཅད ་ཐུགས་སུ་ཆུང་བ་ན། སངས་རྒྱས་སྷོ།། ཡིན་ཏན་དྲུག་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཏེ། ཡོན་ཏན་དྲུག་ནི་ཇི་མ་དུ་དུ། བྱུག་པ་ཕུན་སུམ་ཚོགས་པ་དང་། གཟུགས་བཟང་པོ་དང་། གྲགས་པ་དང་། དཔལ་དང་ཡེ་ཤྲཱིས་དང་ནི་འབད་པ་སྟེ།། དྲུག་པོ་རྣམས ་ལྡན་ཞེས་བཤད་ཅེས་གསུངས་སོ།། སངས་རྒྱ་སཱི་སུ་ཤྲཱིས་ནས་དང་བ་དང་ལྡན་པ་ཡིན་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གོང་དུ་བཤང་བའི་ཡོན་ཏན་དང་ལྡན་པར་ཤེས་ནས། དེ་བཞིན་དུ་དེ་ལ་དང་བ་དང་ཡིད་རྒྱས་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ།། ་རྒྱུན་ཏུ་ཞུགས་པའི་ཡན་ལག་གཉིས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་རྣམས་ཀྱིས་གསུངས་པའི་ཆོས་ནི་དམ་པའི་ཆོས་ཏེ། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱིས་བཤད་པའི་ཕྱིར། སྡུག་བསྔལ་བའི་མཐའ་དང་བདེ་བ་ལ་ཀུན་ཏུ་ཆགས་པའི་མཐའ་སྤངས་པ་མཐའ་གཉིས་དང་བྲལ་བ་སྟོན་པ་དང་། མི་སླུ་བ་དང་། མི་འཁྲུལ་པ་དང་། ཐོག་མ་དང་བར་དང་། ཐ་མར་དགེ་བའི་ཆོས་ཤ་སྟག ་གསུངས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས་བྱའོ།། ཡང་ན་རྣམ་པ་བཅུས་ན། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས་བྱ་སྟེ། རྣམ་པ་བཞི་ནི་ཡང་དག་པས་སྐྱེད་པ་དང་། དབང་དུ་བྱས་པ་དང་། རབ ་ཏུ་འཇུག་པ་དང་། རབ་ཏུ་བསྒྲགས་པ་དང་། རབ་ཏུ་ཕྱེ་བ་དང་། བརྟེན་པ་དང་། རྣམ་པར་རིག་པ་དང་། རབ་ཏུ་བཏགས་པ་དང་། དུས་དང་ཡོན་ཏན་ཡོངས་སུ་འཛིན་པའོ།། དེ་ལ་ཡང་དག་པས་བསྐྱེད་པ་ནི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ནས། ཤེས་བྱ ་མམཐའ་དག་ཐུགས་སུ་ཆུད་དེ། མངོན་པར་བྱང་ཆུབ་ནས་པཤད་པའི་ཕྱིར་རོ།། དབང་དུ་བྱས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་ནས་གསུངས་པའི་ཕྱིར་རོ།། རབ་ཏུ་འཇུག་པ་ནི་བར་འགའ་བར་འགའ་ཙམ་བཤད་པ་མ་ཡིན་གྱི། རྒྱུན་མ་ཆད་པར ་བཤད་པའི་ཕྱིར་རོ།། རབ་ཏུ་བསྒྲགས་པ་ནི་ཁ་ཅིག་མི་འཆད་པ་དང་། ཁ་ཅིག་ལ་འཆད་ཁ་ཅིག་ལ་མི་འཆད་པ་ལྟ་བུ་མ་ཡིན་གྱི། སློབ་དཔོན་འཆབ་པ་མེད་པར་ཀུན་ལ་འཆད་པའི་ཕྱིར་རོ།། རབ་ཏུ་ཕྱེ་བ་ནི་སེམས་ཅན་སོ་སོའི་བསམ་པ་དང་སྦྱར་ནས། ་དེ་དང་མཐུན་མཐུན་དུ་ཆོས་སྟོན་པའི་ཕྱིར་ཏེ། འདོད་ཆགས་ཅན་ལ་མི་གཙང་བ། ཞེ་སྡང་ཅན་ལ་བྱམས་པ་སྟོན་པ་ལ་སོགས་པའོ།། བརྟེན་པ་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་ལ་ཡང་དག་པར་བརྟེན་ནས། འཆད་པའི་ཕྱིར་རོ།། རྣམ་པར་རིག་པ་ནི། ་གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཚད་མེད་པར་གོ་ཞིང་རིག་པར་མཛད་པ་དང་། ཉེ་རིང་མེད་པར་འཁོར་གྱི་དཀྱིལ་འཁོར་ཇི་སྙེད་རྣམས་ལ་ཤེས་ཤིང་རྣམ་པར་རིག་པར་མཛད་པའི་ཕྱིར་རོ།། བཏགས་པ་ནི་མཐའ་གཉིས་དང་བྲལ་བའི་ལམ་སྟོན་པའི ་ཕྱིར་ཏེ། མཐའ་གཉིས་ནི་མུ་སྟེགས་ཀྱི་དཀའ་ཐུབ་པ་ལ་སོགས་པ་སྡུག་བསྔལ་གྱི་མཐ་དང་། འདོད་པའི་འདོད་ཆགས་ལ་ཞེན་པ་ལ་སོགས་པ་བདེ་བའི་མཐའ་ལ་ཞེན་པ་སྤངས་པའོ།། དུས་ནི་ཡོངས་སུ་སྨིན་པའི་འབུལ་བ་རྣམས་ཀྱིས་དུས་དང་སྦྱར་ནས་སྟོན ་པར་མཛད་པའི་ཕྱིར་རོ།། ཡོན་ཏན་ཡོངསུ་འཛིན་པ་ནི་ཆོས་འཆད་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་འཆད་པར་མཛད་པའི་ཕྱིར་རོ།། ལྟ་བའི་ཆོས་ལ་འབྱུང་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གསུངས་རབ་ཀྱི་ཆོས་འདི ་མངོན་སུམ་དུ་བྱ་བའི་དོན་ཡིན་ཏེ། ཚད་མས་ཐོག་ཏུ་བབ་པ་ཡིན་གྱི། མུ་སྟེགས་ཀྱི་ཆོས་བཞིན་དུ་རུང་ཡང་རུང་མ་རུང་ཡང་མ་རུང་དད་པ་ཙམ་གྱིས་གཟུང་བར་བྱ་བ་མ་ཡིན་པས་ལྟ་བའི་ཆོས་ལ་འབྱུང་བ་ཞེས་བྱའོ།། ཉོན་མོངས་པ་དང་ཉེ་བའི་ཉོན ་མོངས་པ་བག་ཆགས་དེ་སྤོང་བའི་གཉེན་པོར་གྱུར་པས་ན་ནད་མེད་པའོ།། སྤངས་ནས་ཉམས་པའི་དུས་མེད་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤོངས་པ་ནི།། དུས་ཕྱིས་ཇི་སྲིད་གཅིག་ལོན་ནས་ཉམས་པར་འགྱུར་གྱི། འཇིག་རྟེན་ལས ་འདས་པའི་ལམ་གྱི་ཉོན་མོངས་པ་སྤངས་པ་ནི། ལན་ཅིག་སྤངས་ན་ཕྱིས་ནམས་ཀྱང་ཉམས་པའི་དུས་མེད་པའི་ཕྱིར་དུས་མེད་པའོ།། ཡང་ན་ཡང་དག་པའི་སྦྱོར་བ་ལ་ཞུགས་པ་རྣམས་དུས་རིང་པོ་མི་ཐོགས་པར་ཁྱད་པར་མྱུར་དུ་ཐོབ་པར་འགྱུར ་བའི་ཕྱིར་དུས་མེད་པ་སྟེ། དེའི་ཕྱིར་མདོ་གཞན་དག་ལས་དགེ་སློང་དག་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སྦྱོར་བ་ནི། འདོད་པ་ཟུག་པ་སྐྱེས་པ་མི་སྒྲེ་སྐྱེས་པ་རྣམས་མྱུར་དུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ།། ཉེ་བར་འདྲེན་པ་ཞེས་བྱ་བ་ལ་འཁོར ་པའི་སྡུག་བསྔལ་མ་ལུས་པ་ལས་འབྱུང་བ་འཐོབ་པ་འམ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་ཅིང་གནས་དེར་འདྲེན་པར་བྱེད་པས་ནི། ཉེ་བར་འདྲོན་པ་སྟེ། དེ་ལ་གོམས་པར་བྱེད་ན་རིམ་གྱིས་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མྱ་ངན་ལས་འདས ་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ།། འདི་ལ་མཐོང་ཞེས་བྱ་བ་ནི། ཆོས་འདི་ལྟ་བུ་འདི་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་པ་ལ་སོགས་པ་ལ་མེད་དེ། གཞན་དང་ཐུན་མོངས་མ་ཡིན་པས་ན། འདི་ལས་མཐོང་བ་ཞེས་བྱ་སྟེ། ཆོས་དེ་ལྟ་བུ་ནི་སངས ་རྒྱས་པའི་ཆོས་འོད་འབའ་ཞིག་ལ་ཡོད་པར་མཐོང་གིས། མུ་སྟེགས་ལ་སོགས་པའི་ལྟ་བུ་གཞན་ལ་མེད་པའི་ཕྱིར་རོ།། མཁྲིས་པ་རང་གིས་རིག་པ་ཞེས་བྱ་བ་ནི་ཆོས་དེ་རྟོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་།། རྟོག་པ་རྣམས་ཀྱིས་རྟོགས་པར་མི་འགྱུར ་ཞིང་། མཁས་པ་རྣམས་ནང་གི་རང་ཉིད་ཀྱི་ཡེ་ཤེས་ཀྱིས་མཐོང་ཞིང་ཤེས་པར་འགྱུར་བ་ཡིན་པས་ན་མཁས་པོ་རང་གིས་རིག་པ་ཞེས་བྱའོ།། ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར། རྒྱགསོ་པ་མེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས ་མཐོ་བ་དང་གཟུགས་བཟང་བ་དང་། ནད་མེད་པ་དང་། ཚེ་རིང་བ་ལ་ཆགས་ཤིང་སྙེམས་པ་སེལ་བར་བྱེད་པས་ན། རྒྱགས་པ་མེད་པར་བྱེང་པའོ།། འདོད་པ་མེད་པར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་ཆགས་པ་སྤོང་བར་བྱེད་པའི་ཕྱིར་རོ།། གནས ་ནའངམ་ས་ཞེས་བྱ་བ་ནི་རྨུཀྐ་བཎྜལ་དང་ཉོན་མོངས་དྨའི་རྟེན་གྱི་གླང་པོ་ལྔ་འདོར་བའི་ཐབས་སྭཱ་སྦྱ་རཱ་གྱུར་རོ།། སྱཱང་ན་ནན་མོངས་པའི་བག་ལྱ་ཉལ་བཀུན་ཐོང་བར་བྱེད་པ་ན། གགཱནས་ཀུན་འཇོམས་པར་བྱེད་བྱའོ།། ལས་ནྱཱ་ཀྵར་སྐྱེ་བ་འམ། ་ཆེརབས་ཅིག་ནས་ཅིག་ཏུ་རྒྱུན་མི་འཆད་པར་སྐྱེ་བའི་རི་རྒྱུན་གཅོད་པར་བྱེད་པས་ན། ལམ་གཅོད་པའོ།། བདོག་གི་དངོས་པོ་མེང་པར་སྟོང་པས་ན་སྟོང་པ་ཉིད་དོ།། བདག་ཅེས་བྱ་བ་ཡང་མི་འགྲུབ་པར་སྟོན་པས་ན་མི་དམིགས་པའོ།། ཚེ་རབ ་གཞན་གྱི་ས་དང་ལ་སྤྱོད་ལ་ཆགས་པ་སྟོང་བའི་རྒྱུ་གྱུར་པས་ནི་སྲིད་པ་ཟང་པའོ།། ཚེ་འདིའི་ལུས་དང་ལངས་སྤྱོད་ལ་ཆགས་པ་ཡང་སྣང་བར་བྱེད་པས་ན། དོད་ཚོགས་དང་བྲལ་བའོ།། ན་ནི་མོངས་པ་དང་སྡུག་བསྔལ་གྱི་ཕུང་པོ་སྒྱུས ་ནད་གྲངས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ཡིན་པས་ན། འགོག་པ་དང་མྱ་ངན་ལས་འདུས་པ་ཞེས་བྱའོ།། ཡང་ན་ཆོས་རྣམ་པ་གསུམ་སྷོ། བཤང་བའི་ཆོས་དང་། བསྒྲུབ་པའི་ཆོས་དང་། འབྲས་བུའི་ཚེ་སོ།། དེ་ལ་དམ་པའི་ཆོས ་ལེགས་པར་གསངས་པ་ཞེས་བྱ་བ་ནས། མཁས་པ་རོང་གི་རིག་པ་ཞེས་བྱ་བ་ཡན་ཆད་ཀྱི་བ་ཤང་བའི་ཆོས་ནི་ཡོན་ཏན་བསྟོན་ཏོ།། འདི་ལྟར་རྒྱགས་པ་མེ་པར་བྱེད་པ་ཞེས་བྱ་བ་ནས། འདོད་ཆགས་དང་བྲལ་བ་ཞེས་བྱ་བས་བསྒྲུབ་པའི་ཆོས་ཀྱི་ཡོན་ཏན ་བསྟན་ཏོ།། འགོག་པ་མྱ་ངན་ལས་འདས་པ་ཞེས་བྱ་བས་འབྲས་བུའི་ཆོས་བསྟན་ཏོ།། ཆོས་རྣམས་ལ་ཡོན་ཏན་དེངག་དང་ལྡན་པར་དང་བ་བསྟན་ཞིང་ཡོད་ཅེས་པར་གྱུར་པ་ནི། དམ་པའི་ཆོས་ལ་དད་པ་དང་ལྡན་པ་ཞེས་བྱའོ།། དེས་ནི་པ ་རྒྱས་ཀྱི་ཆོས་འདི་མུ་སྟེགས་ལ་སོགས་པའི་ཆོས་ལས་ཁྱད་པར་དུ་གྱུར་པ་སྟོན་ཏེ། ཇི་ལྟར་ཞེ་ན། དེ་དག་གི་ཆོས་ནི་ཕྱིན་ཅི་ལོག་ཏུ་བཤད་པས་ན། ལེགས་པར་བཤད་པ་མ་ཡིན་པའོ།། དད་པའི་རྗེས་སུ་འབྲང་བ་ཙམ་དུ་ཟད་ཀྱི། ་ཚད་མས་བརྟག་ཏུ་མི་བཟོད་པས་ན། ལྟ་བའི་ཆོས་ལ་འབྱུང་བ་མ་ཡིན་པའོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་མ་ཡིན་པས་ནནཱ་ནད་མེད་པ་མ་ཡིན་པའོ།། ཕྱིས་ཉམས་པར་འགྱུར་བས་ན་དུས་མེད་པ་མ་ཡིན་པའོ།། མྱ་ངན ་ལས་འདས་པའི་གནས་ཐོབ་པར་མི་བྱེད་པས་ན། ཉེ་བར་འདྲེན་པ་མ་ཡིན་ནོ།། མུ་སྟེགས་པ་རྣམས་ཀྱི་ཆོས་ནི་ཕན་ཚུན་ཐུན་མོང་དུ་གྱུར་པས་ན་འདི་ལ་མཐོང་བ་མ་ཡིན་ནོ།། དེ་དག་གི་ཆོས་རྟོག་གེའི་སྤྱོང་ཡུལ་དུ་གྱུར་པ་ཡིན་པས། མཁས་པ་རང ་གིས་རིག་པ་མ་ཡིན་པའོ།། རིགས་དང་གཟུགས་ལ་སོགས་པ་ལ་ཆགས་པ་མི་སེལ་བས་ན་རྒྱགས་པ་མེད་པ་མ་ཡིན་ནོ།། འདོད་པའི་ཡོན་ཏན་ལ་ཆགས་པ་སེལ་བར་མི་བྱེད་པས་ན་འདོད་པ་མེད་པར་བྱེད་པ་མ་ཡིན་ནོ།། ཕུང་པོ་ལྔ་སྤོང་བར་མི ་བྱེད་པས་ན་གནས་འཇོམས་པ་མ་ཡིན་ནོ།། ལམ་རྒྱུད་ལྔ་དང་ཚེའི་རྒྱུན་གཅོད་པར་མི་བྱེད་པས་ན། ལམ་གཅོད་པ་མ་ཡིན་ནོ།། བདག་གི་ཡོད་པར་སྟོན་པས་ན་སྟོང་པ་ཉིད་མ་ཡིན་ནོ།། བདག་ཡོད་པར་སྟོན་པས་ན་མི་དམིགས་པར་སྟོན་པ་མ་ཡིན།། ། ་མ་འོངས་པའི་ལུས་དང་ལོངས་སྤྱོད་ལ་ཆགས་པའི་གཉེན་པོ་མི་བྱེད་པས་ན། སྲེད་པ་ཟད་པ་མ་ཡིན་ནོ།། ད་ལྟར་གྱི་ཕུང་པོ་ཡོ་བྱད་ལ་ཆགས་པ་སྤོང་བར་མི་བྱེད་པས་འདོད་ཆགས་དང་བྲལ་བ་མ་ཡིན་ནོ།། མྱ་ངན་ལས་འདས་པ་ཐོབ་པའི་ལམ ་མ་ཡིན་པས་འགོག་པ་མྱ་ངན་ལས་འདས་པ་ཞེས་མི་བྱའོ།། ཡང་ན་གཞན་སྔར་བཤད་པར་ཟད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དུས་གང་གི་བསྒྲུབས་ཀྱང་བསྒྲུབ་པར་རུང་སྟེ། བསྒྲུབ་པའི་དུས་མེད་པས་ན་དུས་མེད་པའོ།། བསྒྲུབ་སླ་ཞིང་བསྒྲུབ་ཏུ་རུང་བར ་ཡང་ཇི་ལྟར་དགེ་བསྙེན་མགོན་མེད་ཟས་སྦྱིན་གྱི་བཤད་པ་སངས་རྒྱས་ཀྱི་ཆོས་ནི་འགྲོ་བ་ན་ཡང་སླ། འདུག་པ་ན་ཡང་སྨྲ། ཉལ་བ་ན་ཡང་སླ། འཆག་པ་ན་ཡང་བསྒྲུབ་སླ་བ་ཞེས་བྱ་བ་ལྟ་བུའོ།། དེ་ལ་མུ་སྟེགས་ཀྱིས་བཤད་པའི་ཆོས་ནི་རྒྱལ ་རིགས་དང་། བྲམ་ཟེ་ལ་བཤད་ཀྱི་དམངས་རིགས་ལ་བཤད་པར་མི་བྱའོ་ཞེས་ཀུན་ལ་མི་འཆད་པའི་ཕྱིར་འཆབ་པ་ཡོད་ཀྱི། དམ་པའི་ཆོས་ནི་རིགས་བཞི་ཆར་ལ་ཡང་འཆབ་པོ་མེད་པར་སྐབསུ་ཕྱེ་སྟེ་བསྟན་པས་འདི་ལ་མཐོང་ངོ་ཞེས་བྱ་སྟེ།། ་བདེ་རི་ལྟོས་ཤེས་སློབ་དཔོན་འཆབ་པ་མེད་པར་བསྟེན་པའི་ཕྱིར་རོ།། རྒྱུན་ཏུ་ཞུགས་པའི་ཡན་ལག་གསུམ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་དག་ནི་བཅོམ་ལྡན་འདས་ཀྱི་དགེ་འདུན་གྱི་ཡོན་ཏན་ཏེ། ཤིན་ཏུ་རབ་ཏུ་ཞུགས་པ་ཞེས་བྱ་བ་ནི། མདོ་ཙམ་དུ་དྲན་པའོ།། རིགས་པ་ལ་རབ་ཏུ་ཞུགས་པ་ལ་སོགས་པ་ནི་ཇི་ལྟར་ཤིན་ཏུ་རབ་ཏུ་ཞུགས་པའི་བཤད་པའོ།། དེ་ཡང་དོན་རྣམ་པ་བཞིར་བལྟ ་སྤྱི་དགེ་སྦྱོང་གི་ཕྱིར་ཞུག་པ་དང་། དགེ་སྦྱོང་དུ་ཞུགས་པ་དང་། དགེ་སྦྱོང་ལ་དགེ་སྦྱོང་གི་དོང་པོར་ཞུཊ་པ་དང་། དགེ་སྦྱོང་གི་ཉེ་བར་བསྟན་པ་ལ་ཞུགས་པ་ལ་བརྩམས་ནས་བཤད་པར་རིག་པར་བྱའོ།། དེ་ལ་རིགས་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་གི་ཕྱིར ་ཞུགས་པ་བསྟན་ཏེ། དགེ་སྦྱོང་གི་ཕྱིར་ནི་དགེ་སྦྱོང་གི་དོན་དུ་བྱ་བ་སྟེ། དེ་ཡང་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་ལ་ཞུགས་པས་ན་རིག་པ་ལ་ཞུགས་པ་ཞེས་བྱའོ།། མྱ་ངན་ལས་འདས་པ་ལ་རིགས་པ་ཞེས་བྱ་བར ་ཅི་མངོན་ཞེ་ན། མདོ་གཞན་དག་ལས་རིག་པའི་ཆོས་ནི་བླ་ན་མེད་ཀྱིས། ཀྱེ་དེས་མཉེས་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། དྲང་པོ་ལ་ཞུགས་པ་ཞེས་བྱ་བས་དགེ་སྦྱོང་ལ་ཞུགས་བ་བསྟན་ཏེ། དེ་ལ་དགེ་སྦྱོང་ནི་འཕགས་པའི་ལམ ་གྱི་ཡན་ལག་བརྒྱད་ལ་བྱ་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བ་དང་སྦྱོར་བའི་གཉེན་པོར་གྱུར་པའི་ཕྱིར་རོ།། དེ་ལ་ཞུགས་པ་ནི་དྲང་པོ་ལ་ཞུགས་པའོ།། འཕགསོ་བའི་ལམ་གྱི་ཡན་ལག་བརྒྱད་པ་ཡང་དྲང་པོར་ཞེས་པར་ཅི་མངོན་ཞེ་ན། མདོ ་གཞན་ལས་བདུད་རྩིའི་སྒོ་ནི་རྣམ་པར་ཕྱེ། དྲང་པོའི་ལམ་ནི་ཤིན་ཏུ་བསྒྲགས། ཞེས་གསུངས་པ་དང་། ཡང་གཞན་དག་ལས། དྲང་པོ་གང་ཡིན་པ་འཕགས་པའི་ལམ་མོ།། ཡོན་པོ་གང་ཡིན་སྡིག་པ་ཅན་གྱི་ལྟ་བའོ།། ཞེས་བྱའོ།། དེ་ལ ་མཚུངས་པར་ཞུགས་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་དངོས་པོར་ཞུགས་པ་ཞེས་བྱ་བས་བསྟན་ཏེ། ཅི་ཞིག་མཚུངས་ཤེ་ན་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང་། བྱམས་པའི་ངག་གི་ལས་དང་ལྡན་པ་དང་། བྱམས་པའི་ཡིད་ཀྱི་ལས ་དང་ལྡན་པས་མཚུངས་པ་དང་། ལོངས་སྤྱོད་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པའི་ཕྱིར་མཚུངས་པར་ཞུགས་པའོ།། ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ་ཞུགས་པ་གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱ་བས་དགེ་སྦྱོང་གི་ཉེ་བར ་བསྟན་པ་ལ་ཞུགས་པ་བསྟན་ཏེ། དགེ་སྦྱོང་གི་ཉེ་བར་བསྟན་པ་ནི་དགེ་སྦྱོང་གི་དོན་དུ་བསྟན་པའི་ཆོས་དེ། དེ་ཡང་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་ཆོས་རྣམས་སོ།། དེ་ལ་བཤད་པར་བྱ་བའི་གསུང་རབ་རྣམས་ནི་ཆོས་སོ།། བསྒྲུབ་པར་བྱ་བའི་གསུང ་རབ་རྣམས་གཉེར་བའི་ཆོས་ཏེ། བཤད་པར་བྱ་བའི་གསུང་རབ་ཀྱི་ནང་ནས། ཇི་སྐད་དུ་གསུངས་པ་བཞིན་དུ་རྗེས་སུ་སྤྱོད་པར་བྱེད་པས་ན། ཆོས་ལ་རབ་ཏུ་ཞུགས་པའོ།། བསྒྲུབ་པར་བྱ་བའི་ཆོས་རྣམས་དེ་བཞིན་དུ་བསྒྲུབ་པར་བྱེད་པས་ན། གཉེར ་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ།། དགེ་འདུན་དུ་འདུ་ཤེས་ནས་དད་པ་དང་ལྡན་ཏེ། ཞེས་བྱ་བ་ནི་འཕགས་པའི་བདེན་པ་རྟོགས་པའི་མཐུས་འཕགས་པའི་དགེ་འདུན་ལ་ཡོན་ཏན་གོང་དུ་བཤད་པ་དང་། ལྡན་པར་ཡོད་ཆེས་ཤིང་དང་བ་ནི་དགེ་འདུན ་དུ་ཤེས་ནས་དྲོད་པ་དང་ལྗོན་པའོ།། ཡང་ནི་དྲིན་གྱི་མཆོག་སྒྲུབ་པ་དང་། ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་། ཐ་དད་པ་མེད་པར་སྒྲུབ་པ་དང་། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབས་པ་ལ་བརྩམས་ནས། རིག་པ་ལ་རབ་ཏུ་ཞུགས་པ་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། དེ་ལ་རིགས་པ་ལ་ཞུགས་ཞེས་བྱ་བས་དོན་གྱི་མཆོག་བསྒྲུབ་པ་བསྟན་ཏེ། དོན་གྱི་མཆོག་ནི་མྱ་ངན་ལས་འོངས་པ་སྟེ། དེ་སྒྲུབ་པར་བྱེད་པའི་ཕྱིར་རིགས་པ་ལ་ཞུགས་པའོ།། དྲང་པོར་ལ་ཞེས་བྱ་བ་ཕྱིན་ཅི་མ་ལོག་པར་བསྒྲུབ ་པ་བསྟན་ཏེ། ཕྱིན་ཅི་མ་ལོག་པའི་ལམ་སྒྲུབ་པར་བྱེད་པས་ན་དྲང་པོ་ལ་ཞུགས་པའོ།། མཚུངས་པར་ཞུགས་པ་ཞེས་བྱ་བས་ཐ་དད་པ་མེད་པར་སྒྲུབ་པ་བསྟན་ཏེ། འཕགས་པ་དགྲ་བཅོམ་པ་གཞན་དག་སྒྲུབ་པ་དེ་བཞིན་དུ་སྒྲུབ་པས་མཚུངས ་པར་ཞུགས་པའོ།། ཆོས་དང་གཉེར་བའི་ཆོས་ཞུགས་ཞེས་བྱ་བས་ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ལུང་ལས་ཇི་སྐད་འབྱུང་བ་བཞིན་དུ་སྒྲུབ་པར་བྱེད་པས་ན་ཆོས་དང་གཉེར་བའི་ཆོས་ལ་རབ་ཏུ ་ཞུགས་པ་དང་། གཉེར་བའི་ཆོས་ལ་སྤྱོད་པ་ཞེས་བྱའོ།། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་དག་ཀྱང་གང་ཟག་ད་ངོས་གང་ཡིན་པ་བསྟན་པའི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྒྱུན་ཏུ་ནི་འཕགས་པའི་ལམ་མོ།། དེ་ལ་ཞུགས་པ་ནི་རྒྱུན་ཏུ་ཞུགས་པའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡ་ཤེས་ཏེ། སྐད་ཅིག་མ་བཅུ་དྲུག་ལ་གནས་པའོ།། མངོན་དུ་བྱ ་བོའི་ཕྱིར་ཞུགས་པ་ནི་ལམ་ལ་རྗེསུ་ཤེས་པའི་བཟོད་པ་སྟེ། སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའོ།། རབ་ཏུ་ཞུགས་པའི་དགེ་འདུན་ཡང་ཡོད་ཅེས་བྱ་བ་ནི། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ལ ་གནས་པ་ཉིད་དེ། དེས་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་སུ་མཱ་ལུས་པར་སྤངས་སོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནི། འདོད་པའི་ཁམས་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ ་ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆུང་ངུ་དང་། འབྲིང་པོའི་ཆེན་པོ་དང་། འབྲིང་པོའི་འབྲིང་པོ་དང་། འབྲིང་པོའི་ཆུང་ངུ་དང་། ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆུང་ངུ་སྟེ། དགུ་ལས། ཉོན་མོངས ་བ་འབྲིང་པོའི་བར་ཉོན་མོངས་པ་རྣམ་པ་ལྔས་སྦྱངས་པའི་ལམ་ལ་གནས་པའོ།། ལན་ཅིག་ཕྱིར་འོང་བའི་དགེ་འདུན་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་པོ་སྟེ། རྣམ་པ་བརྒྱད ་སྤངས་པའི་ལམྦ་ལཱ་གནས་བྱའོ།། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ནི། འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་པོ་གཉིས་སྤངས་པའི་ལམ་ལ ་གནས་པའོ།། ཕྱིར་མི་འོང་བའི་དགེ་འདུན་ནི་འདོད་པའི་ཁམས་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཕྱིར་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྟེ། རྣམ་པ་དགུ་སྦྱོངས་བྱའི་ལམ་ལ་གནས་པའོ།། དེ་ལྟར་འདོད་པའི་ཁམས་འདིར་འོང་བ་མེད་པར་མྱ་ངནཱ་ལས ་འདའ་བས་ན། ལོན་ཅིག་ཕྱིར་མི་འོང་བའོ།། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱི་རོ་རབ་ཏུ་ཞུགས་པ་ནི།། གཟུགས་ཀྱི་ཁམས་རེ་རེ་ཞིང་ཉོན་མོངས་པ་དགུ་དགུར་ཕྱེ། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་ལ་ཡང ་ཉོན་མོངས་པ་དགུ་དགུར་ཕྱེ་བ་ལས། སྲིད་པའི་རྩེ་མོ་རེ་ཉོན་མོངས་པ་ཆུང་ངུའི་འབྲིང་པོ་སྷོ། རྣམ་པ་བརྒྱད་ཀྱི་བར་སྤངས་པའི་ལམ་ལ་གནས་པའོ།། དགྲ་བཅོམ་པ་ནི་སྙིང་པོའི་རྩེ་མོའི་ཉོན་མོངས་པ་དགུ་སྤངས་པ་ལམ་ལ་གནས་པ་སྟེ། ཉོན་མོངས ་པ་དགྲ་དང་འདྲ་བ་རྣམས་དེར་མ་ལུས་པར་བཅོམ་པ་སྟེ། མེད་པས་ན། དགྲ་བཅོམ་པ་ཞེས་བྱའོ།། ཡང་ན་འཇིག་རྟེན་ཐམས་ཅད་ཀྱི་མཆོད་ཅིང་བཀུར་བར་འོས་པའི་ཕྱིར། དགྲ་བཅོམ་པ་ཞེས་བྱ་སྟེ། དེ་བས་ན་མདོ་གཞན་ལས་ཀྱང་དབང་པོ་དང ་དབང་པོས་མཆོད་པ་དང་། བཀུར་སྟིར་བྱ་བར་འོས་སོ་ཞེས་གསུངས་སོ།། སྐྱེས་བུ་ཟུང་བཞི་ཞེས་བྱ་བ་ནི་འཇུག་པ་བཞི་དང་། འབྲས་བུ་ཐོབ་པ་བཞི་སྟེ། དེ་ལྟར་ན་གང་ཟག་བརྒྱད་དོ།། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་ཞེས ་བྱ་བའི་དོན་ཏོ།། དད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལཱ་ལས་དང་འབྲས་བུ་དང་། བདེན་པ་རྣམས་ལ་ཟློག་པ་མེད་པའི་ཡིད་ཆེས་པ་དང་ལྡན་པས་ན། དད་པ་ཕུན་སུམ་ཚོགས་པའོ།། ཡང་ན་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་དང་ལྡན་པའི ་ཕྱིར་དད་པ་ཕུན་སུམ་ཚོགས་པའོ།། ཡན་ལག་དྲུག་པའི་ཚུལ་ཁྲིམས་སམ་ཟག་པ་མེང་པའི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར། ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ།། ཐོགས་མར་ཡང་དགེ་བར་དུ་དགེ་ཞེས་བྱ་བ་ལ་སོགས་པ་མདོ་ཕལ ་ཆེར་ཐོས་ཤིང་ཕྱིན་ཅི་མ་ལོག་པར་ཐོས་པས་ན། ཐོས་པ་ཕུན་སུམ་ཚོགས་པའོ།། གང་ཟག་ལ་བདག་མེད་པར་དམིགས་པའི་མཚན་ཉིད་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པས་ན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའོ།། འཕགས ་པའི་བདེན་པ་བནི་མ་ནོར་བར་ཁོང་དུ་ཆུད་པའི་ཤེས་རབ་དང་ལྡན་པས་ན། ཤེས་རབ་ཕུན་སུམ་ཚོགས་པའོ།། མཐོང་བས་སྦྱང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ལྡན་པས་ན། རྣམ་པར་གྲོལ་བ་ཕུན་སུམ ་ཚོགས་པའོ།། དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། བྱ་བ་བྱས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་འབྱུང་བར་ཤེས་པ་དང་ལྡན་པས་ན། རྣམ་པར་གྲོལ་བའི་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། ་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ། མིའི་རྒྱལ་པོ་དང་བློན་པོ་ལ་སོགས་པས་སྦྱིན་པར་བྱ་ཞིང་མཆོད་པར་བྱ་བའི་གནས་སུ་གྱུར་པས་ན། སྦྱིན་པར་འོས་པ་ཞེས་བྱའོ།། དངོས་པོ་དམ་པ་དང་བཟང་པོ་དང་། མང་པོས་མཆོད་པར་འོས ་བས་ནཱཾ། རབ་ཏུ་སྦྱིན་པར་འོས་པའོ།། སྐབས་སྐབས་སུ་ལུས་ཀྱིས་བཏུད་ཅིང་ཐལ་མོ་སྦྱར་བའི་གནས་ཡིན་པས་ན། ཐལ་མོ་སྦྱར་བར་རུང་བ་ཞེས་བྱ་བ་དང་སྦྱར་རོ།། ལུས་སྨད་ལྔ་ས་ལ་གཏུགས་ཏེ་སྲི་ཞུ་གནས་ཡིན་པས་ན། ཕྱག་བྱ ་བར་འོས་པའོ།། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཞེས་བྱ་བ་ལ། གང་དུ་སྦྱིན་པཱ་ལཱ་སྩོགས་པ་དགེ་བའི་རྩ་བ་བསྒྱངས་ན། ཉོན་མོངས་པ་ཐམས་ཅད་སྤོངས་པ་དང་། རྣམ་པར་ཐར་པའི་མཚན་ཉིད་ཐོབ་པར་བྱེད་པའི་ཞིང་དུ་འགྱུར་ཏེ། ་དེ་ལས་ཞིང་དམ་པར་གྱུར་པ་གཞན་མེད་པས་ནཱ། བླ་ན་མོད་པའི་བསོད་ནམས་ཀྱི་ཞིང་ངོ་།། དེ་ལ་སྦྱིན་པ་ལ་སོགས་པའི་ཡོན་ཕུལ་ལམ། འཚེ་བ་སྦྱར་རམ་ཆོས་གོས་ལ་སོགས་པའི་ཡོ་བྱད་སྦྱར་ན།། སྐད་ཅིག་མ་རེ་རེ་ཉིན་རོ་བཞིན ་རྒྱུན་ཏུ་འཕེལ་བར་འགྱུར་བས་ན། འཇིག་རྟེན་གྱི་སྦྱིན་གནསུ་རུང་བ་ཞེས་བྱའོ།། འཕགས་པ་བཞད་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་ཡོན་ཏན་དྲང་ལྡན་པའི་ཕྱིར། གང་ཡང་དེ་དག་ཚུལ་ཁྲིམས་མ་བཞིག་པ་དང་། ཞེས་བྱ་བ་ལ ་སོགས་པ་གསུངསོ།། གང་ཡང་ཞེས་བྱ་བ་ནི་འཕགས་པའི་དགེ་འདུན་དེ་དག་ཡོན་ཏན་གོང་དུ་བཤད་པ་དང་ལྡན་པར་མ་ཟད་ཀྱི། ཚུལ་ཁྲིམས་མ་ཞིག་པ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་དང་ཡང་ལྡནོ།། ཞེས་བྱ ་བའི་དོན་ཏོ།། དེ་ལ་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་དང་། བརྟུལ་ཞུགས་ཀྱི་ཡན་ལག་དང་། བག་ཡོད་པའི་ཡན་ལག་གོ།། དེ་གསུམ་ཆར་ལས་ཉམས་པར་མ་གྱུར་པ་ས་ན། ཚུལ་ཁྲིམས་མ་ཞིག་པའོ།། དེ ་ལ་རང་བཞིན་གྱི་སྡིག་པ་ཕས་ཕམ་པ་རྣམས་མི་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་གོ། སྒྲ་འབྲེག་པ་དང་གྲོས་ངུར་སྨྲིག་གྱོན་པ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ། ཆུང་མི་བཏུང་བ་ནི་བག་ཡོད་པའི་ཡན་ལག་ཅེས་བྱའོ།། སྐབས་སྐབས ་སུ་སྲུང་སྐབས་སྐབསུ་འབུལ་ཞིང་གཏོང་བ་མེད་པས་མ་རལ་པའོ།། དང་ཚུལ་ངན་པའི་དྲི་མ་དང་མི་འདྲེས་པའི་ཕྱིར་མ་ཉམས་པའོ།། ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུར་འདོད་པ་ལ་རྟོག་པ་དང་ཞེ་སྡང་ལ་རྟོག་པ་མི་འབྱུང་བས་ན་མ ་འདྲེས་པའོ།། གཅིག་ཏུ་དཀར་པོའི་ཕྱོགས་འབའ་ཞིག་འབྱུང་ཞིང་། མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་ན། དྲི་མ་མེད་པའོ།། ཚུལ་ཁྲིམས་ཉམས་པར་འགྱུར་བའི་གཉེན་པོ་ལྡན་ཞིང་། ཡོངས་སུ་འཛིན་པས་ན་རང་དབང་ཡོད་པའོ།། ཚུལ་ཁྲིམས ་ཉམས་པའི་གཉེན་པོ་ནི། ཤེས་རབ་ཀྱི་མཐུ་བསྒོམ་པའི་མཐུ་སྟེ། དེ་གཉིས་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས་སྡིག་པ་མི་དགེ་བའི་ཆོས་ཀྱི་དབང་དུ་མི་འགྱུར་ཞིང་མི་དགེ་བའི་བཤད་གཉེན་རྣམས་ཀྱིས་གཞན་དུ་བཀྲི་བར་མི་ནུས་བྱས་ནི ་རང་དབང་ཡོད་པ་ཞེས་བྱའོ།། ལྟ་བ་ངན་པ་དང་སྨོན་ལམ་ངན་པའི་དྲི་མ་དང་མ་འདྲེས་པས་ན་མ་གོད་པ་སྟེ། མངོན་པར་འབྱུང་བ་འབའ་ཞིག་ཏུ་བསྔོས་པའི་ཕྱིར་རོ།། ལྟ་བ་ངན་པ་དང་མ་འདྲེས་པ་ནི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་དྲི་མ ་དང་མ་འདྲེས་པའི་ཕྱིར་རོ།། སྨོན་ལམ་དྲན་པ་དང་མ་འདྲེས་པ་ནི་ཚུལ་ཁྲིམས་འདིས་ལྷར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པར་སྨོན་པ་དང་མ་འདྲེས་པའོ།། ཤིན་ཏུ་རྫོགས་ཞེས་བྱ་བ་ནི་རབ་ཏུ་རྫོགས། མཐར་ཕྱིན་པ་སྟེ། ཇི་ལྟར་མཐར་ཕྱིན་ཅེ་ན། མ་ཞིག ་པ་དང་མ་རལ་བ་དང་མ་ཉམས་པའི་ཕྱིར་མཐར་ཕྱིན་ཏོ།། ཤིན་ཏུ་བརྩམས་ཞེས་བྱ་བ་ནི། ལེགས་པར་བསྒྲུབས་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ལེགས་པར་སྒྲུབས་ཤེ་ན། མ་འདྲེས་པ་དང་། དྲི་མ་མེད་པ་དང་། རང་དབང་ཡོད་པ་དང་མ་གོང ་བའི་ཕྱིར་ལེགས་པར་བསྒྲུབས་པའོ།། མཁས་པས་རབ་ཏུ་བསྔགས་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་ཏེ་དེ་བཞིན་གཤོགས་པ་དང་། འཕགས་པ་དགྲ་བཅོ་མ་པ་ལ་སོགས་པས་ཡོན་ཏན་ཅན་དུ་བསྒྲགས་པའི་ཕྱིར། མཁས་པས་མ་སྨད ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དེ་ལ་ཉེས་པ་དང་སྐྱོན་ཡོད་པར་མཁས་པས་མ་གསུངས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཕྱིར་རོ།། འཕགས་པ་འདོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི། འཕགས་པ་རྣམས་བཞེད་པའི་ཚུལ་ཁྲིམས ་ཡིན་པས་ན་འདོད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དེ་དགེ་བ་གང་ཟག་པ་མེད་པའི་མཚན་ཉིད་ཡིན་པས་ན་མྱ་ངན་ལས་འདས་པའི་དོན་དུ་དེ་ལ་ཡང་ནས་ཡང་དུ་མངོན་སུམ་དུ་མཛད་པས་ན། དེའི་ཕྱིར་འཕགས་པ་བཞེད་པའི་ཚུལ ་ཁྲིམས་སོ།། དོན་དུ་ན་འོད་དག་གིས་སྨན་པ་དང་། སྨན་དང་། ཉེ་གཡོག་དང་ཡོ་བྱད་དུ་གྱུར་པ་རྣམས་བསྟན་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་སོལ་བའི་སྨན་པའོ།། ཆོས་ནི་ཉོན་མོངས་པ་སེལ་བའི་སྨན་ཏོ།། ་དགེ་འདུན་ནི་ཉོན་མོངས་པ་སེལ་བྱའི་ཉེ་གཡོག་གོ།། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཉོན་མོངས་པ་སྤང་བར་བྱ་བུའི་ཡོ་བྱད་དུ་གྱུར་པའོ།། རྒྱུན་དུ་ཞུགས་པའི་ཡན་ལྷག་བཞི་བསྟན་པའི་འཇུག་བསྡུ་བའི་ཕྱིར། ་འདི་ནི་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་རྣམས་སོ་ཞེས་གསུངས་སོ།། །། རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་བསྟན་པོའི་འོག་ཏུ། སྟོབས་བཅུ་བསྟན་ཏེ། ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་གསུངས་པ། དགེ་སློང ་ངག་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་ཅུང་ཟད་འདིས་བཤད་ཅིང་གསུངས་པ་རྣམས་དེ་བཞིན་དུ། ཕྱིན་ཅི་མ་ལོག་ཅིང་མ་ནོར་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས ་བྱའོ།། ཉོན་མོངས་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པའི་ཕྱིར་སྟོབས་སོ།། སྟོབས་དང་པོ་བསྟན་པའི་ཕྱིར། དགེ་སློང་དག་དེ་བཞིནི་གཤེགས་པ་གནས་ལ་གནས། གནས་མ་ཡིན་པ་ལ་གནས་མ་ཡིན ་པོར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། དེ་ལ་གནས་ནི་རྒྱུ་ལ་བྱའོ།། གནས་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ལ་བྱའོ།། དེ་ལ་ལས་དགེ་བ་དང་མི་དགེ་བ་ནི་འབྲས་བུ་བདེ་བ་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ ་ཡིན་ནོ་ཞེས་མཁྱེན་པ་ནི་གནས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། བྱེད་པ་པོ་དང་བདག་ལ་སོགས་པ་ནི་ཆོས་ཀྱི་རྒྱུ་མ་ཡིན་ཏེ། དེ་ལྟར་མཁྱེན་པ་ནི་གནས་མ་ཡིན་པ་ལ་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། ཡང་ན་གནས་ཞེས་བྱ་བ་ནི་སྲིད་པ་ལ་བྱ་ལ། གནས་མ་ཡིན་པ་ཞེས་བྱ་བ་ནི་མི་སྲིད་པ་ལ་བྱ་སྟེ། སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་པ་ནི་སྲིད་ལ། སྦྱིན་པས་དབུལ་བར་འགྱུར་པ་མི་སྲིད་པ་དང་། ཚུལ་ཁྲིམ ་ཀྱིས་མཐོ་རིས་སུ་སྐྱེ་བ་ནི་སྲིད་ལ་ཚུལ་ཁྲིམས་ཀྱིས་ངན་སོང་དུ་སྐྱེ་བ་ནི་མི་སྲིད་པ་དང་། སླར་བཟློག་སྟེ། སྡིག་པ་བྱས་པས་མཐོ་རིས་སུ་སྐྱེ་བོར་མི་སྲིད་ལ། སྡིག་པ་མི་དགེ་བ་བྱས་པས་ངན་སོང་དུ་སྐྱེ་བ་ནི་སྒྲ་དྲི་བ་དང་། དགེ་བ་བྱས་པས་མཐོ་རིས་སུ་སྐྱེ། ་བ་ནི་སྲིང་ལ། དགེ་བས་ངན་སོང་དུ་འགྲོ་བ་མི་སྲིད་པ་དང་། སྨྱོས་པ་མངོན་པར་སངས་རྒྱས་ཤིང་འཁོར་ལོ་སྐོར་བའི་རྒྱལ་པོར་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བ་ནི་སྲིད་ལ། བུད་མེད་ཀྱིས་དེ་ལྟར་མི་འགྱུར་བར་ཐུགས་སུ་ཆུད་པ་ནི། ་གནས་ལ་གནས་དང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། དེ་ལ་ཐམས་ཅད་ཤེས་པ་དང་ཐོགས་པ་མེད་པར་ཤེས་པ་དང་། དག་པར་ཤེས་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས ་བྱཱའོ།། སྟོབསྟེ་གཉིས་པ་བསྟན་པའི་ཕྱིར། འདསྟེ་པ་དང་མི་འོང་པ་དང་ད་ལྟར་བྱུང་བ་ལས་ཞེས་བྱ་བ་ལ་སོགས་བྱ་སྨོས་ཏེ། གང་ལས་བྱས་ཤིང་བསསྨྲས་ནས། འགགས་པར་གྱུར་པ་དེ་དག་ནི་འདས་པའི་ལས་སོ།། ་གོང་བྱས་པ་ཡང་མ་ཡིན། འགགས་པ་ཡང་མ་ཡིན། བྱེད་པ་ཡང་མ་ཡིན་གྱི། མེ་འོངས་པ་ན་བྱེད་པར་འགྱུར་བ་ནི་མ་འོངས་པའི་ལས་སོ།། ལོས་གང་བྱས་ཟིན་པ་དང་། འཕགས་པ་ཡང་མ་ཡིན། ང་ལྟར་བྱེད་པ་ལ་ཞུགས་པ ་ད་ལྟར་བྱུང་བའི་ལས་ཞེས་བྱའོ།། དེ་ཡང་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀྱི་སྒོ་ནས་རྣམ་པ་གསུམ་དུ་བསྡུ་བ་ནས་ལས་ཡང་དག་པར་གསུངས་སོ།། ལས་དེ་དག་ལས་འབྲས་བུ་བདེ་བ་དང་སྡུག་བསྨིན་པ་ནི། རྣམ་པར ་སྨིན་པ་ཞེས་བྱའོ།། དེ་ལ་ཡང་རྣམ་པ་བཞི་ལྟོ་བུར་མཁྱེན་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་སྟེ། ལས་ཁ་ཅིག་ད་ལྟར་བདེ་ལ། མ་འོངས་པ་ན་སྡུག་བསྔལ་བར་རྣམ་པར་སྨིན་པར་འགྱུར་བ་དང་། ལས་ཁ་ཅིག་ད་ལྟར་སྡུག ་བསྔལ་ལ། མ་འོངས་པ་ན་བདེ་བར་རྣམ་པར་སྨིན་པ་དང་། ལས་ཁ་ཅིག་ད་ལྟར་ཡང་སྡུག་བསྔལ་བ། མ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་དང་། ལས་ཁ་ཅིག་ད་ལྟར་ཡང་བདེ་ལ། མ་འོངས་པ་ན་ཡང་བདེ་བར་སྨིན་པར ་འགྱུར་བ་རྣམས་དེ་བཞིན་དུ་ཐུགས་སུ་ཆུད་པའོ།། དེ་ལ་ཚེ་རབས་གཞན་ན་ཡིད་ལས་མི་དགེ་བ་སྤྱད་པ་ལ་གོམས་པས་ཚེ་འདིར་ཡང་མི་དགེ་བའི་ལས་ལ་དགའ་བ་བཞིན་དུ་འཇུག་པ་དེ་དག་དེའི་རྐྱེན་གྱིས་ནཱ་མ་འོངས་པ་ན་ངན་སོང་གསུམ ་དུ་རྣམ་པར་སྨིན་པར་འགྱུར་བས་དེ་ནི་ལས་ད་ལྟར་བདེ་ལ། མ་འོངས་པར་སྡུག་བསྔལ་རྣམ་པར་སྨིན་པ་ཞེས་བྱའོ།། ལ་ལ་དག་ཚེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མ་བྱས་པ་ཚེ་འདིར་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི ་དགེ་བ་ལ་མི་བདེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ་བདེ་འགྲོར་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚོ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ།། སེམས་ཅན་ཁ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ ་བྱས་པས་ཚེ་འདིར་མི་འདོད་བཞིན་དུ་མི་དགེ་བའི་བ་ཤེས་གཉེན་གྱི་རྐྱེན་གྱིས་སྡིག་པའི་ལས་བྱེད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ན་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས། དེ་དག་ནི་ཚེ་འདི་དག་ལ་ཡང་མི་བདེ་ལ། མ་འོངས ་པོ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་ཞེས་བྱའོ།། ལ་ལ་བདག་ཆེ་རབས་སྔ་མ་ན་དགེ་བ་ལ་གོམས་པ་ཆེན་པོར་མ་བྱས་པས་ཚེ་འདིར་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ལ་མི་བ་དེ་བཞིན་དུ་འཇུག་པ། དེའི་རྒྱུས་ཚེ་རབས་གཞན་དུ ་བདེ་འགྲོར་རྣམ་པར་སྨིན་པ་ནི་འདིར་མི་བདེ་ལ་ཚེ་རབས་གཞན་དུ་བདེ་བར་སྨིན་པ་ཞེས་བྱའོ།། སེམས་ཅན་ཁ་ཅིག་ཚེ་རབས་གཞན་དུ་སྡིག་པའི་ལས་ལ་གོམས་པར་མ་བྱས་པས་ཚེ་འདིར་མི་འདོད་བཞིན་དུ་མི་དགེ་བའི་བཤེས་གཉེན་གྱི་རྐྱེན ་གྱིས་སྡིག་པའི་ལས་བྱེངད་དུ་བཅུག་པ་དེ་དག་ནི་མ་འོངས་པ་ངན་སོང་གསུམ་དུ་རྣམ་པར་སྨིན་པར་འགྱུར་བས། དེ་དག་ནི་ཚེ་འདི་ལ་ཡང་མི་བདེ་ལ། མུ་འོངས་པ་ན་ཡང་སྡུག་བསྔལ་བར་རྣམ་པར་སྨིན་པ་ཞེས་བྱའོ།། ཁ་ཅིག་ཚེ་རབས་སྔ་མ་ལ ་དགེ་བའི་ལས་བྱེད་པོ་ལ་གོམས་པས་ཚེ་འདིར་ཡང་དེ་བཞིན་དུ་དགེ་བའི་ལས་བྱེད་པ་དང་། ཚེ་འདིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཐོབ་པ་དྲུག་མ་འོངས་པ་ན་ཡང་མཐོ་རིས་སུ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་དེ་དག་ནི་ཚེ ་འདིར་ཡང་བདེ་ལ།། ཚེ་རབས་གཞན་ཡང་རྣམ་པར་སྨིན་པ་བདེ་བ་ཞེས་བྱའོ།། སྟོབས་གསུམ་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་མོས་པ་དུ་མ་དང་མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས ་ས་སསྙན་སྨྲས་། ན་། ནས། ཙྪ། མྦྷ་ཡྻརྫྫ་ན་ས་ན་ཏུ། ་བ་འབྲིང་ངོ་།། ཐེག་པ་ཆེན་པོ་ལ་མོས་པ་ཆེན་པོའོ།། སེམས་ཅན་ཁ་ཅིག་གཟུགས་ལ་མོས་པ་ཡོད་ན་སྒྲ་ལ་མ་ཡིན། ཁ་ཅིག་སྒྲ་ལ་མོས་ལ། གཟུགས་ལ་མ་ཡིན། ཁ་ཅིག་དྲི་ལ་མྱོས་ལ། གཟུགས་ལ་མ་ཡིན་པ་ལ་སོགས་པ་མོས་པའི ་རྣམ་པ་ཚད་མེད་པར་ཡོད་པ་རྣམས་ནི་མོས་པ་སྣ་ཚོགས་ཞེས་བྱ་སྟེ། སེམས་ཅན་རྣམས་གང་ཅི་ལ་མོས་པ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན། མོས་པ་དུ་མ་དང་མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པའོ།། ་སྟོབས་བཞི་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་དུ་མ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡང་དག་པོ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་གསུངས་ཏེ། ཁམས་ཀྱི་དོན་ནི་འདིར་སེམས་ཅན་རྣམས་ཀྱི་རིགས་སུམ་རང་བཞིན ་ནམ་ས་བོན་ལ་བྱ་སྟེ། ཉན་ཐོས་ཀྱི་རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་། ཐེག་པ་ཆེན་པོ་རིགས་ཅན་རྣམས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་ཞེས་བྱའོ།། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དག་ནི་འཇིག་རྟེན་གྱི་ཁམས་སྣ ་ཚོགས་ཞེས་བྱ་སྟེ། སེམས་ཅན་རིགས་དང་ལྡན་པ་དང་། སེམས་ཅན་གང་སྤྱོད་པ་གང་དང་ལྡན་པ་དེ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐུགསུ་ཆུད་བས་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། །། སྟོབས་ལྔ་པ་བསྟན་པའི ་བྱུར། སསྟནན་གཞན་མྱུག་དང་རྒྱགནྡྷ་ནཱ་པ་སྨང་གཱ་དྷཱ་མྦྷ་ན་དྷ་ཏུ་ཤཱས་པ་ས་གས་ས་ཏེ། ས་ནྡན་པ་རླུང་།། པོ་དང་འབྱུང་བ་ཏྟེ། མ་བྱ་གས་ས་།། ནྡ་ག་ལ་སོན ་པའི་དབང་པོ་ལྔ་རྣོ་བ་དང་ལྡན། འདི་ནི་དད་པ་ལ་སོགས་པའི་དབང་པོ་རྟུལ་བ་དང་ལྡན་ནོ་ཞེས་ཕྱིན་ཅི་མ་ལོག་པར་རབ་ཏུ་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ།། ། ་སྟོབས་དྲུག་པ་བསྟན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་རིགས་དང་སྤྱོད་པ་དང་དབང་པོ་རྣོ་རྟུལ་མཁྱེན་ནས་སེམས་ཅན་གང་ལ་ལ་མོ་དང་ཆོས ་གང་བསྟན་པར་འོས་པ་དེ་བཞིན་དུ། ཕྱིན་ཅི་མ་ལོག་པར་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། དཔེར་ན་འདོད་ཆགས་ཅན་ལ་མི་གཙང་བ་བསྟོན་པ་དང་། ཞེ་སྡང་ཅན་ལ་བྱམས་པ་བསྟན་པ། ་དང་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ།། ཡང་ན་ལམྦྷ་རྒྱུད་ལྔ་གཟིགས་ཤིང་མཁྱེན་པ་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ།། ཡང་ན་སོ་སོའི་ཕྱོགས་ལ་བརྟེན་པོའི་ལམ་དགེ་སྦྱོང་དང་བྲམ་ཟེ། ་མི་སོགས་པ་སོ་སོར་ལྟ་བ་སྣ་ཚོགས་ལ་ཆགས་ཤིང་པོ་ལ་མེ་ཡིན་པར་འཇུ་ཤ་པོ་པཾ་ལས་གང་ཆེ་འདི་རིང་ཚེ་རབས་གཞན་དུ་ཡང་ཁ་ནི་མ་ཐོ་བ་མེད་པའི་ལམ་ཐམས་ཅང་དུ་བདེ་བ་འབའོ་ཞིག་སྐྱེད་པར་བྱེད་པ་ནི་ཐམས་ཅད་དུ་འགྲོ ་བ་ལམ་ཞེས་བྱ་སྟེ། དེ་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ།། སྟོབས་བདུན་པ་བསྟན་པའི་ཕྱིར། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང ་བོ་ནི་ངང་པའི་དབང་པོ་ལ་སོགས་པའི་དབང་པོ་ལྔའོ།། སྟོབས་ནི་དད་པ་ལ་སོགས་པའི་སྟོབས་ལྔའོ།། བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ།། བསམ་གཏན་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའོ།། ་རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པ་བརྒྱད་དོ།། ཏིང་ངེ་འཛིན་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་སྟོང་པ་ཉིད་ལ་སོགས་པ་གསུམ་མོ།། སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་ཁམས་ཀྱི་སྙོམས ་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པའོ།། ཡང་ན་སེམས་ལ་དབང་ཐོབ་པ་རྣམས་གང་འདོད་པའི་དོན་སྒྲུབ་པའི་ཕྱིར་དེ་དང་རྗེསུ་མཐུན་པའི་ཏིང་ངེ་འཛིན་ལ་ཞུགས་པ་ནི་སྙོམས་པར་ཞུགས་པ་ནི་ཞེས་བྱའོ།། ཀུན་ནས ་ཉོན་མོངས་པ་དང་ཞེས་བྱ་བ་ལ། མདོར་ནི་བསམ་གཏན་ལ་སོགས་པ་ཐོབ་པར་བྱ་བ་ལ། བར་དུ་སྤྱོད་པའི་ཀུན་ནས་ཉོན་མོངས་པ་གཉིས་ཏྲཾ། མ་ཐོབ་པ་རྣམས་ལ་ནི། ཐབ་སྔ་མ་ཡིན་པའི་སྦྱོར་བ་ལ་འཇུག་པ་དང་། རྨུགས་པ་དང་། རྒོལ་བའི ་ཀུན་ནས་ཉོན་མོངས་པ་འབྱུང་བ་དང་། ཐོབ་པ་རྣམས་ལ་ནི་དེའི་སའི་ཀུན་ནས་ཉོན་མོངས་པ་མ་དོན་དུ་སྤྱོད་པ་འམ། བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བར་བྱེད་པ་སྟེ། དེ་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ཀུན་ནས་ཉོན་མོངས་པ་རྣམ་པ ་གཉིས་དང་བྲལ་བ་ཉིད་རྣམ་པར་བྱང་བའོ།། བསམ་གཏན་ཚད་མེད་པ་རྣམས་ལ་བསམ་གཏན་གླང་གི་མིང་གང་ཡིན་པ་ནི། རྣམ་པར་བཞག་པ་ཞེས་བྱ་སྟེ། དབང་པོ་ལ་སོགས་པའི་ཆོས་རྣམས་དང་། དེ་དག་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ ་དདྲུང་། མིང་གང་ཡིན་པ་ཕྱིན་ཅི་མ་ལྡོག་པར་ཐུགས་སུ་ཆུད་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱའོ།། སྟོབས་བརྒྱད་པ་བསྟན་པའི་ཕྱིར། སྔོན་གྱི་གནས་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན ་གྱི་གནས་རྣམ་པ་སྣ་ཚོགས་དེ་དང་དེ་དག་འདི་ལྟ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོ་ལ་སོགས་པ། གནས་སྣ་ཚོགས་པ་དང་མིང་ལ་སོགས་པ་ཐ་དད་པ་ཐ་སྙད་ཀྱི་དངོས་པོ་བརྒྱད་རྗེས་སུ་འབྲངས་པའི་བདག་དང་གཞན་གྱི་ལུས་འབྲངས་པ ་རྣམས་ལ་མདོར་ན་སྤྱོད་པ་དྲུག་རྗེས་སུ་དྲན་པ་ནི། སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས། ཡུལ་དང་བཅས། མཚན་མ་དང་བཅས་པར་ཡང་དག་པར་རྗེ་སུ་དྲན་པ་ཞེས་བྱའོ།། ཐ་སྙེད་ཀྱི་དངོས་པོ་བརྒྱད་ནི་མིང་གང་ཡིན་པ་དང་། རིགས་གང ་ཡིན་པ་དང་། རུས་གང་ཡིན་པ་དང་། ཐ་སྙད་ཅི་དག་སྤྱོང་པ་དང་། བདེ་བ་དང་། སྡུག་བསྔལ་ཅི་མྱོང་བ་དང་། ཚེ་རིང་ཐུང་ཇི་ཙམ་པ་དང་། དུས་ཅི་སྲིད་ཅིག་གནས་པ་དང་། ཚེའི་མཐའ་ཇི་ཙམ་པའོ།། སྤྱོད་པ་རྣམ་པ་དྲུག་ནི། འབོད་པའི་ཕྱིར་ཐ་སྙད་དང་། ་རྒྱལ་རིགས་ལ་སོགས་པའི་རིགས་དང་། ཕ་མ་གང་ཡིན་པ་དང་། བཟའ་བ་བཏུང་བའི་ཡོད་བྱད་དང་། དར་བ་དང་། རྒུད་པ་དང་། ཚེའི་འདུ་བྱེད་རྣམ་པ་སྣ་ཚོགས་སོ།། འདི་ལྟར་འཇིག་རྟེན་དག་ཐ་སྙད་ཀྱི་དངོས་པོ་བརྒྱད་ལ་བརྟེན་ནས་སྤྱོད་པ ་རྣམ་པ་དྲུག་གིས་བདག་དང་ཕ་རོལ་དག་ལ་སྨྲ་ཞིང་གླེང་བར་བྱེད་དོ།། དེ་ལ་མི་གང་ཡིན་པ་ནི་བདག་ཚེ་རབས་དེ་དང་། དེ་དག་ནུས་མི་གང་དང་གང་ཡིན་པའོ།། རིགས་ནི་རྒྱལ་རིགས་སམ་བྲམ་ཟེ་འམ། རྗེའུ་རིགས་སམ། དམང་རིགས་ལ ་སོགས་པ་གང་དང་གང་དུ་སྐྱེས་པའོ།། ཕ་དང་མ་ནི་སེམས་ཅན་སོ་སོའི་ཚེ་རབས་དེ་དང་དེ་དག་ན་མ་གང་ཡིན་པ་དང་། ཕྲ་གང་ཡིན་པའོ།། བཟའ་བ་དང་བཏུང་བའི་ཡོ་བྱད་ནི། ཚེ་རབས་དེ་དང་དེ་དག་ན་ཁྲེ་དང་འབྲས་ལ་སོགས་པའི་ཁ་ཟས་ཅི་དང ་ཅི་ཟོས་པའོ།། དར་བ་དང་རྒུད་པ་ནི་ཚེ་རབས་དེ་དང་དེ་དག་ན་ཉོན་མོངས་པ་ཅི་མྱོང་བ་དང་བདེ་བ་ཅི་མྱོང་བའོ།། ཚེའི་འདུ་བྱེད་སྣ་ཚོགས་ནི་ཚེ་རབས་དེ་དང་དེ་དག་ན་ལོ་གྲངས་བརྒྱ་འམ་སྟོང་ངམ། བཅུ་ལ་སོགས་པའི་ཚེའི་ཚད་ཇི་ཙམ་དང་། དེ ་དག་ན་བྱིས་པའི་དུས་དང་། དར་ལ་བབ་པའི་དུས་དང་། རྒད་པའི་དུས་ཀྱི་རྣམ་པ་དང་། ཚེའི་འདུ་བྱེད་ཇི་ཙམ་ལོན་ནས། ཇི་ཙམ་ན་ཤི་བར་གྱུར་པ་སྟེ། བདག་དང་གཞན་གྱི་ཐ་སྙད་དེ་དག་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགསུ་ཆུད་པས་ན། ་སྔོན་གྱི་གནས་རྣམ་པ་དུ་མ་རྣམ་པ་དང་བཅས་པ། ཡུལ་དང་བཅས་པ། མཚན་མ་དང་བཅས་པ་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱའོ།། དེ་ལ་རྣམ་པ་དང་བཅས་པ་ཞེས་བྱ་བ་ལ། རྣམ་པ་ནི་རྣམ་པར་དྲན་པ་དང་། ངན་རྟགས་དྲན་པ་དང་།། མཚན ་མིམེ་དྲན་པའོ།། དེ་ལ་རྣམ་པ་དྲན་པ་ནི། བདག་དང་གཞན་གྱི་ཚེ་གཅིག་ནས་བརྩམས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ཕ་རོལ་ན་ཅི་དང་ཅི་བྱེད་པ་དྲན་པའོ།། དོན་རྟགས་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ཐམས་ཅད་ན་ཚེ་རེ་རེའི་སོ ་སོའི་མིང་རྣམས་ཀྱང་དྲན་པ་སྟེ། ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ། ཚེ་འདིའི་ཚེ་ན་ནི་མིང་འདི་ཞེས་བྱ་བ་དྲན་པའོ།། མཚན་མ་དྲན་པ་ནི་ཚེ་རབས་དེ་དང་དེ་དག་ན་རུས་དང་རིགས་གང་ཡིན་པ་དང་། དར་བ་དང་རྒུང་པ་ཅི་མྱོང་བ་རྣམས་དྲན་པའོ།། ཡུལ་དང ་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་རུས་དང་རིགས་གང་ཡིན་པ་དང་། ཡུལ་གང་དང་གྲང་ན་གནས་པ་དང་། དེ་དག་ནས་ཤི་འཕོས་ནས་གང་དུ་སྐྱེས་པ་དྲན་པའོ།། མཚན་མ་དང་བཅས་པ་ཞེས་བྱ་བ་ནི་ཚེ་རབས་དེ་དང་དེ་དག་ན་ཕ་མུ་གང ་ཡིན་དྲན་པ་དང་། ཚེའི་འདུ་བྱེད་དུས་ཇི་སྲིད་ཅིག་ཏུ་གནས་པ་དྲན་པའོ།། ཡང་ན་ཚེ་རབས་དེ་དང་དེ་དག་དུ་སྐྱེས་པ་ནི་ཕ་མའི་དུས་གུང་ཡིན་པ་དང་། ཕ་མེ་གང་ཡིན་པ་དང་། བདེ་སྡུག་ཅི་མྱོང་བ་དང་། ཁ་ཟོས་ཅི་ཟོས་པ་དང་། དུས་རིང་ཐུང་ཇི་སྲིད ་དུ་གནས་པ་དྲན་པ་ནི། རྣམ་པ་དང་བཅས་པའི་དྲན་པ་ཞེས་བྱའོ།། ཚེ་རབས་དེ་དང་དེ་དག་ན། ཡུལ་གང་དང་གང་དུ་སྐྱེས་པ་དང་། ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད། དེ་ཇི་ལྟར་སྐྱེ་སྨྲ་བ་དྲན་པ་ནི་ཡུལ་དང་བཅས་པའོ།། ཚེ་རབས་དེ་དང་དེ་དག་ནི ་མིང་ཅི་དང་ཅི་རྟགས་པ་དྲན་པ་ནི་མཚན་མ་དང་བཅས་པ་ཡང་དག་པར་དྲན་པ་ཞེས་བྱའོ།། དེ་ཡང་མདོར་བསྡུས་ན། དོན་རྣམ་པ་གསུམ་སྟོན་ཏེ། གང་གིས་དྲན་དྲན་པ་དང་། གང་དྲན་པ་དང་། ཇི་ལྟར་དྲན་པའོ།། དེ་ལ་གང་གིས་དྲན་པ་ནི་སྔོན་གནས་པའི ་རྗེས་སུ་དྲན་པའི་ཡེ་ཤེས་ཉིད་ཀྱིས་རྗེ་སུ་དྲན་པའོ།། གང་དྲན་པ་ནི་ཚེ་རབས་གཅིག་ཀྱང་དྲན་པ་ནས་བསྲེལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་དྲན་པའོ།། ཇི་ལྟར་དྲན་པ་ནི་རྣམ་པ་དང་བཅས། ཡུལ་དང་བཅས། མཚན་མ་དེང་བཅས་པར ་དྲན་པའོ།། སྟོབས་དགུ་པ་བསྟན་པའི་ཕྱིར། དེ་མི་ལས་ཤིན་ཏུ་འདས་པའི་འཕྲུལ་གྱི་མིག་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཕྲུལ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པའོ།། འཕྲུལ་གྱི ་མིག་དེ་ཡང་བསམ་གཏན་དེ་དེ་ཙམ་དག་ལ་བརྟེན་པ་དང་། དེའི་འབྲས་བུར་གྱུར་པ་དང་། དེས་ཡོངས་སུ་ཟིན་པའི་ཕྱིར་འཕྲུལ་གྱི་མིགོ་ཅེས་བྱའོ།། བསམ་གཏན་ཡོངས་སུ་རྫོགས་པ་དང་། རྣམ་པར་ཐར་པའི་འབྲས་བུ་ཡིན་པའི་ཕྱིར། རྣམ་པར ་ཐར་པ་ཞེས་བྱའོ།། འཕྲུལ་གྱི་མིག་དེའི་མིང་ཙམ་ཡང་མི་ལ་མེད་པའི་ཕྱིར། ལས་ཤིན་ཏུ་འདས་པ་ཞེས་བྱའོ།། འདི་ལྟར་འདོད་པའི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ནི། སྐྱེས་ནས་ཐོབ་པའི་འཕྲུལ་གྱི་མིག་ཅེས་བྱ་ཡང་། མི་རྣམས་ལ་དཱི་ཙམྦ ་ཡང་མེད་པའི་ཕྱིར། མི་ལས་ཤིན་ཏུ་འདས་པའོ།། སེམས་ཅན་རྣམས་ལུས་དང་ཡིད་ཀྱི་དགེ་བ་སྤྱོད་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའི་དག་པ་བཅུ་ལུས་དང་ངག་དང་ཡིད་གསུམ་གྱིས་སྤྱད་པར་བྱའོ།། མི ་དགེ་བ་སྤྱད་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྤྱོད་པའོ།། དགེ་བ་བཅུ་སྤྱད་པས་ལྷ་དང་མིའི་ནང་དུ་སྐྱེ་བ་ནི། བདེ་འགྲོར་སྐྱེ་བའོ།། མི་དགེ་བ་བཅུ་སྤྱད་པས་ངན་སོང་གསུམ་དུ་ལྟུང་བ་ནི། ངན་པར ་འགྲོ་བ་སྐྱེ་བ་ཞེས་བྱའོ།། སེམས་ཅན་གང་སྲོག་གི་དབང་པོ་བོར་བ་ནི་འཆི་བའོ།། སྲིད་པ་བར་མར་སྐྱེ་བ་ནི་འཕོ་བའོ།། ལྷ་དོང་མི་ལ་སོགས་པའི་རིགས་སུ་བྱུང་བའི་སྐྱེ་བར་གྱུར་པ་ཞེས་བྱ་སྟེ། འཕྲུལ་གྱི་མིག་གིས་སེམས་ཅན་ཚེ་རབས ་གཞན་དུ་གང་ནས་གང་དུ་ཇི་ལྟར་སྐྱེ་བར་མཐོང་བ་ནི། ཚེ་རབས་གཞན་རྗེས་སུ་དྲན་པའི་སྟོབས་ཤེས་སོ།། སྟོབས་བཅུ་པ་བསྟན་པའི་ཕྱིར། ཟག་པ་མེད་པའི་ཤེས་རབ་ཀྱིས་ཟག་པ་མེང་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཤེས་སོ་ཞེས་བྱ་བ་གསུངས་ཏེ། བསྒོམ་པ་དང་མཐོང་བའི་ལམ་གྱིས་བགྲ་ལ་ཉལ་མ་ལུས་པར་སྤངས་ནས། ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བར་ཐོབ་པ་ནི་ཟག ་པ་ཟད་པའོ།། དེ་ནས་ཟག་པ་ཟད་ནས་བདག་གི་རྒྱུད་ལ་ཟག་པ་ཟང་། ཉོན་མོངས་པ་ནི་སྤངས། སྲིད་པ་གཞན་དུ་མི་སྐྱེ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པ་ན། ཤེས་རབ་ཀྱི་ཟག་པ་མེད་པའི་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཤེས་པ་ཞེས་བྱའོ།། ཇི་ལྟར་བདག་གི་རྒྱུད་ལ་ཟག་པ་ཟད་པ་ཤེས་བཞིན་དུ་སེམས་ཅན་གཞན་གྱི་རྒྱུད་ཀྱི་ཟག་པ་རྣམས་ཀྱང་ཟད་པར་བྱ་བར་མཁྱེན་པ་ནི་ཟག་པ་ཟད་པའི་སྟོབས་ཞེས་བྱའོ།། དེ་ལ་སྟོབས་བཅུ་འདི་དག ་གི་རླུང་བཞིན་རབ་ཏུ་དབྱེ་བྷ་དང་། མྱ་འདྲེས་པ་ད་། མཉམ་པ་དང་ལས་བྱུང་བ་དང་། གོ་རིམས་དང་། ཁྱད་པར་རྣམས་བསྣུན་པར་བྱའོ།། དེ་ལ་སྟོབས་བཅུ་རྣམས་ཀྱི་རང་བཞིན་གང་ཞེ་ན། འོདི་དག་གི་རང་བཞིན་ནི་ཟག་པ་མེད ་པའི་དད་པ་ལ་སོགས་པོའི་དབང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ།། ཡང་ན་དེ་དག་གི་ནང་ན་ཤེས་རབ་གཙོ་བོ་ཡིན་པས་ཤེས་རབ་ཀྱི་རང་བཞིན་ཡིན་པར་རིག་པར་བྱའོ།། རབ་ཏུ་དབྱེ་བ་ནི་སྟོབས་བཅུ་འདི་དག་རྣམ་པ ་གསུམ་དུ་རབ་ཏུ་ཕྱེ་ནས། ཚད་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། རྣམ་པ་གསུམ་ནི་དུས་རབ་ཏུ་དབྱེ་བ་དང་། རྣམ་པ་རབ་ཏུ་དབྱེ་བ་དང་། རྒྱུད་རབ་ཏུ་དབྱེ་བ་དང་། དེ་ལ་དུས་རབ་ཏུ་དབྱེ་བ་ནི་འདས་པ་དང་། མ་འོངས་པ ་དང་། ད་ལྟར་གྱི་དུས་སུ་གཏོགས་པས་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་ཐུགསུ་ཆུད་པའི་ཕྱིར་རོ།། རྣམ་པ་རབ་ཏུ་དབྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་གཅིག་ལ་ཡང་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། གཟུགས་ཅན་དང་། ་གཟུགས་མེད་པ་ལ་སོགས་པའི་རྣམ་པ་ཇི་སྙེད་ཡོད་པ་ཐུགས་སུ་ཆུད་པའི་ཕྱིར་རོ།། རྒྱུད་རབ་ཏུ་དབྱེ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་འདུག་པའི་སེམས་ཅན་སོ་སོའི་རྒྱུད་ཅི་འདྲ་བ་མ་ལུས་པར་ཐུགས་སུ་ཆུད ་པའི་ཕྱིར།། དེ་ལྟར་རྣམ་པར་དབྱེ་བ་གསུམ་ཐུགསུ་ཆུད་པས་སྟོབས་བཅུ་འདི་དག་ཚད་མེད་པའི་རང་བཞིན་ཡིན་པར་རིག་པར་བྱའོ།། དེ་ལ་མ་འདྲེས་པའི་སྟོབས་བཅུ་པོ་འདི་དག་དེ་བཞིན་གཤེགས་པ་ཉག་གཅིག་ལ་མངའ་བར ་ཟད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་ལ་མེད་པའི་ཕྱིར་རོ།། མཉམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྟོབས་བཅུ་པོ་འདི་སྙེད་པར་འདྲ་སྟེ། ཚེ་ཆུང་ཁྱད་པར་མེད་པའི་ཕྱིར་རོ།། དེ་བས་ན་དེ་བཞིན་གབྱེ ་བ་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་དང་སྦྱར་ནས། སྐབས་ཁ་ཅིག་ཏུ་དོན། ལ་ལ་མངོན་སུམ་དུ་བྱེད། སྐབས་ཁ་ཅིག་ཏུ་ལ་ལ་མངོན་སུམ་དུ་མི་བྱེད་པ་ཙམ་གྱིས་ཁྱད་ཡོད་དོ།། ལས་ནི ་སྟོབས་བཅུ་པོ་འདི་དག་སྟོབས་གང་གིས་ལས་གྲང་བྱེད་ཅེ་ན། དེ་ལ་གནས་དང་གནས་མ་ཡིན་པ་ཤེས་པའི་སྟོབས་ཀྱིས་ནི་རྒྱུ་ལ་ཡང་རྒྱུ་དང་། འབྲས་བུ་ལ་ཡང་འབྲས་བུར་གནས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང་། རྒྱུ ་མེད་པ་དང་མིཐུན་པ་རྒྱུར་སྨྲ་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཚར་གཅོད་དོ།། རང་གི་ལས་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ནི་རང་གི་ལས་བྱས་པ་རྣམས་རང་ཉིད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང ་སྦྱིན་པ་ལ་སོགས་པའི་བསོད་ནམས། འཕོ་བར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ།། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་བསྟན་པའི་ཆོ་འཕྲུལ་དང་། ་གདམས་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སེམས་ཅན་རྣམས་བཏུལ་ནས། ཡང་དག་པའི་གདམས་པའི་གདམས་ངག་སྟོན་པར་མཛད་ཅིང་ལྟ་བ་སོ་སོར་མི་མཐུན་པ་དང་། འགལ་བར་སྨྲ་ཞིང་། ཕྱིར་རྒོལ་བའི་བྲམ་ཟེ ་དང་། དགེ་སྦྱོང་རྣམས་ཚར་གཅོད་དོ།། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སེམས་རྣམས་ཀྱི་དབང་པོ་རྣོན་པོ་དང་། འབྲིང་དང་ཐ་མ་ལ་སོགས་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དེ་དག་ལ་ཅི་རིགས ་པར་སོ་སོར་དམ་པའི་ཆོས་སྟོན་པར་བྱེད་དོ།། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། དགེ་བ་དང་མི་དགེ་བའི་ཆོས་ལ་མོས་པ་ཆེན་པོ་དང་། འབྲིང་དང་། མོས་པ་ཆུང་ངུ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དགེ ་བ་ལ་མོས་པ་རྣམས་ཀྱིས་དགེ་བ་འཕེལ་བར་མཛད་པ་དང་། མི་དགེ་བ་ལ་མོས་པ་རྣམས་ཀྱི་མི་དགེ་བ་སྤོང་དུ་འཛུད་པ་མཛད་དོ།། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། རིགས་ཆུང་ངུ་དང་འབྲིང་དང་། རིགས་ཆེན་པོ་རྣམས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དབང་པོ་ཇི་ལྟ་བ་བཞིན་པ་དང་བསམ་པ་ཇི་ལྟ་བ་བཞིན་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་དུ། བསྒྲལ་བར་བྱ་བའི་སྒོ་དེ་དང་དེ་དག་ལ་ཅི་རིགས་པར་སྦྱོང་བར་མཛད་དོ།། ཐམས་ཅད་དུ་འགྲོ་བའི་ལམ ་མཁྱེན་པའི་ཡེ་ཤེས་ཀྱིས་ནི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འབྱུང་བར་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགསུ་ཆུད། སྡུག་བསྔལ་ཐམས་ཅད་ལས་འབྱུང་བར་མི་བྱེད་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ ་ཆུང་ནས། འབྱུང་བར་མི་བྱེད་པའི་ལམ་སྤངས་ཏེ། འབྱུང་བར་བྱེད་པའི་ལམ་ལ་ཡང་དག་པར་འགོད་པར་མཛད་དོ།། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སེམས་ཅན་རྣམས་སྔོན་གྱི་མཐར་ཇི་ལྟར་སྐྱེས་པ་དང་། འབྱུང་བ་རྣམས་དྲན་པ ་དང་། ཤེས་པར་མཛད་ནས་སྐྱེ་བ་དང་། དད་པ་བསྐྱེད་དེ་ཆོས་འཆད་པར་མཛད་ཅིང་ཐེར་ཟུག་དུ་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ།། འཆི་འཕོ་མཁྱེན་པའི་ཡེ་ཤེས་ཀྱིས་ནི། དེ་བཞིན་གཤེགས་པས་འདས་པ་དང་མ་འོངས ་པའི་ཉན་ཐོས་ཇི་ལྟར་དུས་འདས་པ་དང་། ཕྱིས་ཇི་ལྟར་སྐྱེ་བ་ལུང་སྟོན་པར་འགྱུར་ཞིང་ཆད་པར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་ཚར་གཅོད་དོ།། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི་ཉིད་ཀྱི་རྣམ་པར་གྲོལ་བ་ལ་ཐེ་ཚོམ་མི་མངའ། ཡིད་གཉིས ་མི་མངའ་ཞིང་དགྲ་བཅོམ་པ་ཐོབ་པར་མངོན་པའི་ང་རྒྱལ་ཅན་གྱིས་དགེ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་དོ།། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ཀྱི་ལས་སོ།། དེ་ལ་སྟོབས་བཅུ་པོ་དེ་དག་གི་རིམ་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ་དེ་བཞིན་གཤེགས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་ན། སྟོབས་བཅུ་པོ་འདི་དག་དུས་གཅིག་ཏུ་ཐམས་ཅད་འཐོབ་སྟེ། དུས་ཅིག་ཏུ་ཐོབ་ནས་ཐམས་ཅད་མངོན་སུམ་དུ་མཛད་དོ།། དེ་ལ་མངོན་པར་རྫོགས་པར ་སངས་རྒྱས་མ་ཐག་དུ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་གང་ཡིན་པ་དང་པོ་ཉིད་དུ་གནས་པ་དང་། གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པར་མཛད་དོ།། དེ་ལྟར་གཟིགས ་ནས་འདོད་པའི་ཁམས་ཀྱི་སེམས་ཅན་འབྲས་བུ་ཡིད་དུ་འོང་བ། ཐོབ་པར་འདོད་པ་རྣམས་ལ་རང་གི་ལས་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་མི་དགེ་བའི་ལས་སྤངས་པར་བྱ་བ་དང་། དགེ་བའི་ལས་བསྒྲུབ་པར་བྱ་བའི་ཐབས་སྟོན ་ཏོ། དེ་ལ་ཡང་གང་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་སྦྱངས་པར་འདོད་པའི་སེམས་ཅན་རྣམས་ལ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་གྱི ་འདོད་ཆགས་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་ལམ་ཐོབ་པར་བྱ་བའི་དོན་དུ། གདམས་ངག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་དོ།། འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་འདོད་པ ་རྣམས་ལ་ནི་སྟོབས་ལྷག་མ་བདུན་གྱི་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ།། ཇི་ལྟར་ཞེ་ན་དང་པོར་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས། འཇིག ་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཐོབ་པར་འདོད་པ་རྣམས་ཀྱིས་དབང་པོ་གཟིགས་པར་མཛད་དོ།། དེ་ནས་དེའི་འོག་ཏུ་དབང་པོ་བརྟགས་ནས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱིས། བསམ་པ་ལ་རྣམ་པར་གཟིགས་པར ་མཛད་དོ།། དེ་ནས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་དེའི་འོག་ཏུ་བག་ལ་ཉལ་རྣམ་པར་གཟིགས་པར་མཛད་དོ།། དེ་ལྟར་དབང་པོ་དང་བསམ་པ་དང་བག་ལ་ཉལ་བ་མཁྱེན་ནས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས ་ཀྱིས་ཅི་རིགས་པར་དམིགས་པ་དང་། བསྒྲུབ་པར་བྱ་བའི་སྒོ་ལ་སྒྲོལ་བར་མཛད་དོ།། དེ་ནས་སྔོན་གྱི་གནས་རྗེསུ་དྲན་པའི་སྟོབས་ཀྱིས་དེའི་འོག་ཏུ་དམིགས་པ་དང་བསྒྲལ་བའི་སྒོ་ལ་རབ་ཏུ་སྦྱང་བས་སེམས་གནས་པར་བྱ་བ་དང་། སྤྱོད་པ ་ཡོངས་སུ་དག་པར་བྱས་ནས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་དང་། ཐེར་ཟུག་དང་ཆད་པར་ལྟ་བའི་མཐའ་གཉིས་སྤངས་པ་དབུ་མོའི་ལམ་ཡང་དག་པར་སྟོན་པ་མཛད་དོ།། དེ་ནས་དེའི་འོག་ཏུ་ཟག་པ་ཟད་པོ་མཁྱེན་པའི་སྟོབས ་ཀྱིས་དེ་ལྟར་ཡང་དག་པར་ཞུགས་ཤིང་ཞི་གནས་ཀྱིས་བརྟན་པར་འགྱུར་ལ། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་ཏེ། མངོན་དུ་རྒྱུ་བ་ཙམ་དང་བྲལ་བ་ལ་བྱ་བ་མ་བྱས་ཀྱང་བྱ་བ་བྱས་པས་མངོན་པའི་ང་རྒྱལ་སྐྱེ་བ་རྣམས་ཀྱིས ་མངོན་པའི་ང་རྒྱལ་སྤོང་བར་མཛད་དོ།། འདི་ཡང་ཐང་ཅིག་སྟོབས་ཀྱིས་རིམ་པ་རྣམ་པ་གཅིག་གོ།། དེ་ནས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། རང་གི་ལས་མཁྱེན་པའི་སྟོབས་ལ་ཁྱད་པར་ཅི་ཡོད། སྨྲས་པ་གནས་དང་གནས ་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་ལས་དགེ་བ་དང་། མྱི་དགེ་བ་རྣམས་ལས་འབྲས་བུ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་ལ། རང་གི་ལས་མཁྱེན་པའི་སྟོབས་ཀྱིས་ནི། གང་གི་ལས་དགེ་བ་དང་མི་དགེ་བ ་བྱས་པ་དེ་ཉིད་ཀྱི། འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་འབྱུང་བར་ཐུགས་སུ་ཆུད་དེ་ཁྱད་པར་ནི་ཡོད་དོ།། དེ་ལ་རང་གི་ལས་མཁྱེན་པའི་སྐྱོབས་ཀྱིས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་གང་སྙོམས་པར ་འཇུག་པ་དེ་ཉིད་ཀྱིས་དེ་ཐོབ་པོ་ཞེས་ཐུགསུ་ཆུད་ལ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། བསམ་གཏན་ལ་སོགས་པའི་དེ་དག་ཉིད་ལ་བརྟེན་ནས། འདུལ་བ་རྣམས་ལ། ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ནི་སྟོན་པར་མཛད་དོ།། དེ་ལ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་དང་བཅས་པའི་སེམས་སྤྱི་ཙམ་མཁྱེན་ལ། དབང་པོ ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དད་པ་ལ་སོགས་པ་དེ་དག་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི་རང་བཞིན་སོ་སོར་འབྱེད་པར་མཛད་དོ།། དེ་ལ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་ས་དང ་པ་ལ་སོགས་བུ་དེ་དག་ཉིད་ཀྱང་ཚེ་རབས་སྔ་མ་ན་ཆོས་གང་དང་གང་དག་ལ་བསམ་པ་ཇི་ལྟར་ཞུགས་པའི་བསམ་པ་མཁྱེན་ལ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་དེ་དག་ཉིད་ལ་ཡང་འདི་ནི། འདོད་ཆགས ་ཀྱིས་བསམ་པ་དང་བཅས་པ་འདི་ནི། ཞེ་སྡང་གི་བསྡམ་པ་དང་བཅས་པ་ཞེས་བསམ་པ་དེ་ཉིད་ལ་རྣམ་པ་སྣ་ཚོགས་སུ་འབྱེད་པ་མཁྱེན་ཏོ།། བསམ་པ་དེ་ཡང་མདོར་བསྡུས་ན་རྣམ་པར་དབྱེ་བ་དྲུག་སྟེ། འབྱུང་བ་མ་ཡིན་པའི་བསམ་པ་དང་། ་འབྱུང་བའི་བསམ་པ་དང་། རྣམ་པར་དག་པ་ཐག་རིང་བའི་བསམ་པ་དང་། རྣམ་པར་དག་པ་དང་། ཉེ་བའི་བསམ་པ་དང་། མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་དང་། མ་འོངས་པ་ན་མྱ་ངན ་ལས་འདས་པ་ཐོབ་པར་འདོད་པའི་བསམ་པའོ།། དེ་ལ་འབྱུང་བ་མ་ཡིན་པའི་བསམ་པ་ནི། མཐུ་ཆེ་བ་དང་ཚངས་པ་ལ་སོགས་པའི་བསྟན་པ་ལ་མོས་པ་རྣམས་ཀྱིས་བསམ་པའོ།། འབྱུང་བའི་བསམ་པ་ནི་ཐེག་པ་གསུམ་ལ་མོས་པ ་རྣམས་ཀྱི་བསམ་པའོ།། རྣམ་པར་དག་པ་ཐག་རིང་བའི་བསམ་པ་ནི་དགེ་བའི་རྩ་བ་ཆུང་ངུ་དང་འབྲིང་དུ་སྦྱིན་པ་ལ་གནས་པ་རྣམས་སོ།། རྣམ་པར་དག་པ་ཐག་ཉེ་བའི་བསམ་པ་ནི་གང་དགེ་བའི་རྩ་བ་སྨིན་པ་ཆེན་པོ་ལ་གནས་པ ་རྣམས་སོ།། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམསོ།། མ་འོངས་པ་ན་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བསམ་པ་ནི་འཕགས་པ་ཉན་ཐོས ་ལ་སོགས་པ་རྣམ་སོ།། མ་འོངས་པ་ན་མྱ་ངན་ལྔས་འདས་པ་འཐོབ་པར་འདོད་པའི་བསམ་པ་ནི། གང་དེ་བཞིན་གཤེགས་པ་རྣམས་སོ།། དེ་ལ་མོས་པ་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་མོས་པའི་རྒྱུ་ལས་འབྱུང་བའི་ས་བོན་ཙམ་དུ ་ཐུགས་ཆུད་དོ།། ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་རྒྱུ་ལས་འབྱུང་བའི་ས་བོན་ཙམ་ཐུགས་སུ་ཆུད་དོ།། ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ཀྱིས་ནི་ས་བོན་དེ་ཉིད་རྣམ་པར་ཕྱེ་ནས་རྣམ་པ་དུ་མོར་མཁྱེན་ཏོ།། ཁམས་དེ ་ཕྱེ་ན་མདོར་རྣམ་པ་བཞི་སྟེ། རང་བཞིན་ལ་གནས་པའི་ས་བོན་དང་། གོམས་པ་ལས་བྱུང་བའི་ས་བོན་དང་། དག་པར་འགྱུར་བའི་ས་བོན་དང་། དག་པར་མི་འབྱུང་བའི་ས་བོན་ནོ།། དེ་ལ་རང་བཞིན་ལ་གནས་པའི་ས་བོན་ནི། འཁོར་བ ་ཐོག་མ་མེད་པ་ནས་ཐེག་པ་གསུམ་གྱི་རིགས་རང་བཞིན་གྱིས་ཡོད་པའོ།། གོམས་པ་ལས་བྱུང་བའི་ས་བོན་ནི་དགེ་བའི་རྩ་བ་ལ་གོམས་པར་བྱས་པ་ལས། རིགས་སུ་སྨིན་པའི་ས་བོན་རྟས་པར་བསགས་པའོ།། རྣམ་པར་དག་པར ་འགྱུར་བའི་ས་བོན་ནི་ཡོངསུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་རྣམས་སོ།། རྣམ་པར་དག་པར་མི་འགྱུར་བའི་ས་བོན་ནི་ཡོངསུ་མྱ་ངན་ལས་མི་འདའ་བ་རྣམསོ།། དེ་ལ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་ས་བོན་དང་རྗེས་སུ ་མཐུན་པའི་ལམ་ལ་འཛུད་པས་མཁྱེན་ཏོ།། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་ལམ་འདི་ཀུན་ནས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་བྱང་བ་དང་ལྡན་པ་འདི་ནི་ཤིན་ཏུ་བྱང་བར་འགྱུར་བ། འདི་ནི་ཐང་ཅིག་རྣམ་པར་བྱང་བར ་འགྱུར་བའོ་ཞེས་ཇི་སྙེད་དུ་ལམ་གྱི་རྣམ་པར་དབྱེ་བ་ཡོད་པ་ཐམས་ཅད་མ་ལུས་པར་མཁྱེན་ཏོ།། དེ་ལ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་སྔོན་གྱི་མཐའ་དང་སྔོན་གྱི་མཐའི་ལམ་རྒྱུད་ལྔའི་རྒྱུ་དང་བཅས ་པ་མཁྱེན་ལ། སྔོན་གྱི་གནས་རྗེ་སུ་དྲན་པའི་སྟོབས་ཀྱིས་ནི། སྔོན་གྱི་མཐའ་ཡང་ཐ་སྙད་པ་བརྒྱད་དང་། འབྲེལ་པའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་ཕྱེ་ནས་དེ་ལ་སྟོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་ནི་སྔོན་གྱི་མཐའ་ལས་བརྩམོས་ནས ་སེམས་ཅན་རྣམས་ཀྱི་འཆི་འཕོ་མཁྱེན་ལ། འཆི་འཕྱོ་ཤེས་པའི་སྟོབས་ཀྱིས་ནི། སེམས་ཅན་རྣམས་ཀྱི་ཕྱི་མའི་མཐའ་ཇི་ལྟར་སྐྱེ་བ་དང་། འཚེ་བ་མཁྱེན་ཏོ།། དེ་ལ་འཆི་འཕོ་མཁྱེན་པའི་སྟོབས་ཀྱིས་ནི་རང་གི་དོན་མཐར་ཐུག་པར་མ་བྱས ་བ་རྣམས་མ་འོངས་པ་ན་ཡང་སྐྱེ་བའི་མཚམས་སྦྱོར་རོ་ཞེས་མཁྱེན་ཏོ།། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི། གང་རང་གི་བྱ་བ་མཐར་ཐུག་ཅིང་། སེམས་རྣམ་པར་གྲོལ་བ་རྣམས་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལས་འདས་པ་ཐོབ ་པར་མཁྱེན་ཏོ།། དེ་ལྟར་ན་སྟོབས་བཅུ་པོ་དེ་དག་ཕན་ཚུན་ཁྱད་མེད་པ་དང་ཁྱད་ལོད་པར་རིག་པར་བྱའོ།། །། སྟོབས་བཅུ་པ་བསྟོན་པའི་འོག་ཏུ་མི་འཇིགས་པ་བཞི་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་བཞིན ་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་མི་འཇིགས་པ་ཞེས་བྱ་བ་ནི་བག་ཚ་བ་མེད་པ་དང་། སྤ་གོང་བ་མེད་པ་སྟེ། དེ་ཡང་ཉན་ཐོས་དང་ཐུན་མོང་དུ་མ་གྱུར་པའི་ཤེས་བྱའི་སྒྲིབ་པ་ལས ་རྣམ་བྱར་གྲོལ་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པར་འཁོར་གྱི་ནང་དུ་དམ་བཅའ་བ་དང་། ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་འཁོར་གྱི་རླུང་དུ་དམ་བཅའ་བ། རྣམ ་པར་གྲོལ་བར་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་འདའ་བར་བྱ་བའི་ཕྱིར། འབྱུང་བའི་ལམ་བསྟན་པར་དམ་བཅས་པ་དང་། ལམ་དེ་ཉིད་འཐོབ་པའི་བགེགསུ་གྱུར་པ་རྣམས་སྤངས་པར་བྱའོ།། ཞེས་རྣམ་པ་བཞི་དམ་བཅས་པ་ལ་དམ ་པ་དང་དམ་པར་མ་གྱུར་པའི་ལྷ་དང་། མི་ལ་སོགས་པས་བརྒལ་ཀྱང་ཚུངས་པར་འགྱུར་བའི་སྐབས་དང་མཚན་མ་མ་མཐོང་ནས་བག་ཚ་བ་མེད་པར་གནས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཞེས་བྱའོ།། དེ་ལ་བཅོམ ་ལྡན་འདས་ཡང་དག་པར་མངོན་པདྨ་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནས། འཇིག་རྟེན་དུ་དགེ་སྦྱོང་དང་བྲམ་ཟེ་ཆོས་མཐུན་པ་སུས་ཀྱང་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་ཞེས་བྱ་བ་ཡན་ཆད་ཀྱིས་ཉན་ཐོས་དང་། ་ཐུན་མོང་དུ་མུ་གྱུར་པའི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་མངོན་པར་སངས་རྒྱས་པར་དམ་བཅས་པ་ལ་མི་འཇིགས་པ་བསྟན་ཏེ། འདི་ནི་མི་འཇིགས་པ་དང་པོའོ།། གང་ཡང་དེ་བཞིན་གཤེགས ་བས་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་ནས། ཅི་ལྟར་འགྱུར་ཞེས་པ་འདི་ལ་དེ་གང་གིས་ཞེས་སྔ་མ་བཞིན་པ་དང་ཞེས་བྱ་བ་ཡན་ཆད་ཀྱིས་ལམ་དེ་ཉིད་འཐོབ་པའི་བགེག་སུ་འགྱུར་བ་སྤང་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས ་པ་གཉིས་པའོ།། གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བར་ཞེས་བྱ་བ་ནས། སྔ་མ་བཞིན་ཞེས་བྱ་བ་ཡན་ཆད་ཀྱིས་རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི།། ་ཕྱིར། ལམ་བསྟན་པར་དམ་བཅས་པར་བསྟན་པ་སྟེ། འདི་ནི་མི་འཇིགས་པ་གསུམ་པའོ།། ཟག་པ་ཟད་པའོ་ཞེས་བྱ་བ་ནས་ཚངས་པའི་འཁོར་ལོ་བསྐོར་བ་འདི་ནི་ཞེས་བྱ་བ་ཡན་ཆེད་ཀྱིས་ཉན་ཐོས་དང་ཐུན་མོང་དུ་གྱུར་པ་ཉོན་མོངས ་པོའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་དམ་བཅས་པ་སྟེ། འདི་ནི་མི་འཇིགས་པ་བཞི་པའོ།། འདི་བཅོམ་ལྡན་འདས་ཡང་དག་པར་མངོན་པར་སངྱསོ་ཞེས་པ་དག་རབ་ཏུ་ཤེས་ཏེ། ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྦྱངས ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཀྱི་རྣམ་པ་རྣམས་ཡེ་ཤེས་ཀྱིས་མངོན་སུམ་དུ་མཛད་པར་རང་ཉིད་ཀྱིས་ཐུགསུ་ཆུད་པ་ན་ཡང་དག་པར་མངོན་པར་སངས་རྒྱས་སོ་ཞེས་བདག་རབ་ཏུ་ཤེས་པ་ཞེས་བྱའོ།། ཁྱོད ་ཀྱིས་ཆོས་འདྲི་མངོན་པར་སངས་རྒྱས་སོ་ཞེས་འདི་ལ་དེ་ལྷ་དང་བཅས་པའི་འཇིག་རྟེན་དང་བདུད་དུ་བཅསྣ་པའི་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་སངས་རྒྱསོ་ཞེས་དམ་པོ་དང་དམ ་པ་མ་ཡིན་པའི་ལྷ་དང་མི་རྣམས་ཀྱིས་བརྒལ་ཀྱང་། སངས་རྒྱས་པའི་མཚན་མ་མཐོང་ཞིང་ཚུགས་པར་མི་འགྱུར་བ་མཐོང་ནས། འཇིགས་པ་ཐམས་ཅད་དང་བྲལ་ཏེ། དོགས་པ་མེད་པར་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས ་ཞེས་བྱ་བར་སྦྱར་རོ།། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི། དམ་པ་དང་དམ་པ་མ་ཡིན་པའི་ལྷ་དང་མི་སྤྱིལ་བྱ་བར་སྟོན་ཏོ།། ལྷ་དམ་པ་ནི་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་བདུད་དང་། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པའོ།། ་མྱི་དམ་པ་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། དེ་དག་ཤེས་པ་དང་ལྡན་ལ་རྒྱལ་པོས་ཀྱང་མཆོད་པར་བྱ་བའི་གནས་ཡིན་པའི་ཕྱིར། ལྷ་དང་མི་དམ་པ་མ་ཡིན་པ་ནི་དེ་ལས་གཞན་གྱིའི་ལྷ་དང་མི་ལ་སོགས་པོ་སྟེ། དེ་དག་གིས་མངོན་པར ་རྫོགས་པར་སངསོ་མ་རྒྱས་པར་བརྩད་ཅིང་བརྒལ་ཀྱང་ཆོས་རྣམས་མཐའ་མཐོང་བའི་མཚན་མ་ཡོད་པར་མ་གཟིགས་ལྔ་གཏན་ཚིགས་ཀྱིས་ཚུགས་པར་མ་གཟིགས་པས་ན། རྩོད་པར་བྱེད་པའི་མཚན་མ་མཐོང་སྟེ་ཞེས་བྱའོ།། མཚན་མཱ་མ ་མཐོང་བས་ཞེས་བྱ་བས་ནི།། གཏན་ཚིགས་ཀྱིས་ཚུགས་པའི་རྒྱུ་མ་མཐོང་བས་ཞེས་བྱ་བའི་དོན་ཏོ།། ལུས་ཀྱི་སྐུ་ལྡང་བ་དང་ཚིག་འདང་བ་མི་མངའ་བ་བརྙེས་པས། དེ་བཞིན་གཤེགས་པ་བདེ་བ་རྙེད་པ་ཞེས་བྱའོ།། སེམསོ་སྨྲ་བཀོང་བ་མེད ་པ་རྙེད་པས། འཇིགས་པ་མེད་པ་རྙེད་པ་ལ་གནས་ཏེ་ཞེས་བྱའོ།། མྱ་ངན་ལས་འདས་པ་ནི་གནས་བླ་ནཱ་མེད་པ་ཡིན་ལ། དེ་ཡང་འཕགས་པའི་ལམ་བསྒོམས་པས་འཐོབ་ཅིང་དེ་ཐོབ་ནས་ཀྱང་འཚེ་བ་དང་འཇིགས་པ་ཐམས་ཅད་དང ་བྲལ་བ་ཡིན་པས། མྱ་ངན་ལས་འདས་པ་ནི་ཁྱུ་མཆོག་གི་གནས་ཏེ། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་མཛད་པས་ན། ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་པ་ཞེས་བྱའོ།། སྟོན་པ་བླ་ན་མེད་པར་དམ་བཅས་པ་ཕུན་སུམ་ཚོགས ་བར་བདག་ཉིད་ཁྲུས་ལེན་ཅིང་བསྟན་པ་ན། དེ་ལས་གཞན་པའི་སྟོན་པ་རྣམས་ཚར་གཅོད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་སྐྲག་པར་མཛད་ཅིང་འཁོར་གྱི་སྲ་བཀོང་བར་མེད་པར་གསུང་རྒྱ་ཆེན་པོ་སྒྲོགས་པའི་ཕྱིར། འཁོར ་གྱི་ནང་དུ་གཤེགས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ།། ཇི་ལྟར་ཉིད་ཀྱིས་མྱ་ངན་ལས་འདས་པའི་གནས་མངོན་སུམ་དུ་མཛད་པ་དེ་ཉིད་ཐུགས་བརྩེ་བས། གཞན་འཐོབ་པར་བྱ་བའི་ཕྱིར་འཆད་པས་ན། འཇིག་རྟེན་དུ་དགེ་སྦྱོང་ངམ ་བྲམ་ཟེ་ཆོས་མཐུན་པ་སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་བ་ཞེས་བྱའོ།། མདོར་ཚིག་དེ་དག་གིས་དོན་རྣམ་པ་གཉིས་བསྟན་ཏེ། བདག་གི་དོན་ཕུན་སུམ་ཚོགས་པར་རྙེད་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའོ།། དེ་ལ ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་པ་ཞེས་བྱ་བས་བདག་གྱི་དོན་ཕུན་སུམ་ཚོགས་པ་བརྙེས་པ་བསྟན་ཏོ།། འཁོར་གྱི་ནང་དུ་གཤེགས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་དང་། ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བས་གཞན་གྱི་དོན ་ཕུན་སུམ་ཚོགས་པར་མཛད་པ་བསྟན་ཏོ།། ཡང་ན་ཉོན་མོངས་པོའི་ནད་ཐམས་ཅད་ཞི་བའི་ཕྱིར། ཁྱུ་མཆོག་གི་གནས་ཐམས་ཅད་རབ་ཏུ་མ་ཁྱེན་པ་ཞེས་བྱའོ།། སྦྱིན་པ་ངན་པ་ནད་པ་ཉོན་མོངས་པའི་ནད་ཀྱི་སྨན་མི་ཤེས་པར་ཡང་དག ་བའི་སྨན་ཡིན་པར་ཁས་ལེན་པར་ཚོར་གཅོད་ཅིང་རང་ཉིད་ཡང་དག་པའི་སྨན་པར་ཁས་ལེན་པས་ན་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱའོ།། ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཐབས་སྟོན་པའི་ཕྱིར་ཚངས་པའི་འཁོར་ལོ ་བསྐོར་བ་ཞེས་བྱའོ།། གང་དེ་བཞིན་གཤེགས་པས་བར་ཆད་ཀྱི་ཆོས་སུ་གསུངས་པ་ཞེས་བྱ་བ་གང་འཕགས་པའི་ལམ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་པ་ལ་སོགས་པའོ།། བར་ཆད་ཀྱི་ཆོས ་མི་འགྱུར་ཞེས་བྱ་བ་ནི་འདོད་པ་ལྔའི་ཡོན་ཏན་ལ་བརྟེན་ཀྱང་། རྣམ་པར་གྲོལ་བའི་བགོགས་སུ་མི་འགྱུར་བར་སྨྲ་བའོ།། འདི་ལ་གང་གིས་རྒྱས་པ་དང་ཞེས་བྱ་བ་ནི་ཆོས་དེ་དག་བར་དུ་གཅོད་པ་ཡིན་པར་བཤད་པ་ལས་བར་ཆད་དུ་མི ་འགྱུར་རོ།། ཞེས་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ཡན་ཆད་རྒྱས་པར་སྦྱར་བའོ།། གང་ཡང་དེས་འཕགས་པ་འབྱུང་བར་འགྱུར་བའི་ལམ་དུ་གསུངས་པ་དང་། ཞེས་བྱ་བ་ལ་དེས ་ནི་དེ་བཞིན་གཤེགས་པའོ།། འཕགས་པ་འབྱུང་བར་འགྱུར་བའི་ལས་ནི། ལམ་གང་ལ་བརྟེན་ནས་འཕགས་པ་རྣམས་རྣམ་པར་གྲོལ་བའི་ལམ་ཐོབ་ཅིང་འཁོར་བའི་སྡུག་བསྔལ་ལས་འབྱུང་བར་འགྱུར་བའི་ལེམ་སྟེ། འཕགས་པའི ་ལམ་གྱི་ཡན་ལག་བརྒྱད་པ་ལ་སོགས་པའོ།། ལམ་དུ་གསུངས་པ་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུར་གསུངས་པའོ།། རྟེན་ཀྱང་འབྱུང་བར་མི་འགྱུར་བ་ཞེས་བྱ་བ་ནི་ལམ་དེ་ལ་བསྒོམས་ཀྱང་ཁམས་གསུམ་ནས་འབྱུང་བར་མི ་འགྱུར་ལ། སྐྱེ་རྒ་ལ་སོགས་པའི་སྡུག་བསྔལ་མེད་པར་ལྟ་ག་ལ་འགྱུར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མོ་བཞིན་དུ་སྦྱར་རོ།། ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས ་ཏེ་ཞེས་བྱ་བ་ལ། ཟག་པ་ནི་མཐོང་བ་དང་། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ཏེ་དེ་དག་མ་ལུས་པར་སྤངས་པ་བདག་ཉིད་ཀྱིས་མངོན་སུམ་དུ་བྱས་པར་མཁྱེན་པའོ།། བཤད་པ་གཞན་ནི་སྔ་མ་བཞིན་དུ་དོན་བལྟའོ།། དེ ་ལ་མི་འཇིགས་པ་བཞི་པོ་འདི་དག་མདོར་བསྡུས་ནས་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་ནས། དེ་ཕུན་སུམ་ཚོགས་པར་རྙེད་པར་བལྟ་སྟེ། དེ་ལ་བདག་གི་དོན་ལ་ཡང་རྣམ་པ་གཉིས་སོ།། རྣམ་པ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང་སྤངས་པའི ་ཁྱད་པར་རོ།། གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ་མི་མཐུན་པའི་ཕྱོགས་སྤང་བ་དང་། གཉེན་པོ་ལ་བརྟེན་པའོ།། དེ་ལ་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཡང་དག་པར་སངས་རྒྱས་ཞེས་བྱ་བས་ཤེས་ཀྱང་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ ་ཤེས་ཀྱི་ཁྱད་པར་དང་ལྡན་པར་སྟོན་ཏོ།། ཟག་པ་ཟད་པའོ་ཞེས་བདག་ཉིད་རབ་ཏུ་ཤེས་ཏེ་ཞེས་བྱ་བས་སྤངས་པའི་ཁྱད་པར་དང་ལྡན་པར་སྟོན་ཏོ།། བར་ཆད་ཀྱིས་ཆོས་གསུངས་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་ཏོ།། འབྱུང ་བར་འགྱུར་བའི་ལམ་དུ་གསུངས་པ་ཞེས་བྱ་བས་གཉེན་པོ་ལ་བསྟེན་པ་བསྟན་ཏོ།། །། མི་འཇིགས་པ་བཞི་བསྟན་པའི་འོག་ཏུ། སོ་སོར་ཡང་དག་པར་རིག་པ་བཞི་བསྟན་ཏེ། དེའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པའི་སོ་སོ ་ཡང་དག་པར་རིག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པར་མཁྱེན་པ་ནི། དོན་སོ་སོ་ཡང་དག་པར་རིག་པའོ།། ཡང་ན་སྡུག་བསྔལ་བ་དང་། ་མི་རྟག་པ་དང་སྟོང་པ་དང་བདག་མེད་པར་མཁྱེན་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཞེས་བྱའོ།། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་མཁྱེན་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ ་དང་བཅས་པ་དང་།། ཁ་ན་མ་ཐོ་བ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་དང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བཟང་པོ་དང་། ངན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ ་པར་བྱང་བ་དང་། གཟུགས་ཅན་དང་། གཟུགས་མེད་པོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཚད་མེད་པ་རྣམས་མཁྱེན་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའོ།། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། དེའི་གཉེན ་པོ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་མཁྱེན་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ།། ལྕེ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་མི་འམ་ཅི་ལ་སྩོགས་པ་ཇི་སྙེད་སེམས་ཅན་གྱི་གྲངས་སུ་གཏོགས་པའི་སྐད་ཇི་སྙེད་པ ་རྣམས་མཁྱེན་པ་དང་། སྐད་དང་སྒྲའི་གཙུག་ལོག་ཏུ་བྱ་བ་ཇི་སྙེད་ཡོད་པ་མཁྱེན་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མཁྱེན་པའོ།། གསུང་གཅིག་གིས་འགྲོ་བ་མཐའ་དག་ལ་གོ་བར་མཛད་ཅིང་དངོས་པོ་གཅིག་གིས་རེག ་ཏུ་དབྱེ་བ་བསྐལ་པའི་མཐར་བརྗོད་ཀྱང་ཐུག་པ་མེད་པར་མཁྱེན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། དོན་དུ་ན་གང་བསྟན་པར་བྱ་བ་དང་། གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་མཐར་ཐུག་པ་མེད་ཅིང་ཐོགས་པ་མེད་པར་མཁྱེན་པ་ནི ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལ་གང་བསྟན་པར་བྱ་བ་ཡང་རྣམ་པ་གཉིས་ཏེ་གནས་དང་གནས་པའོ།། དེ་ལ་གནས་ནི་ཆོས་སོ།། གནས་པ་ནི་དོན་ཏོ།། གང་གིས་བསྟན་པར་བྱ་བ་རྣམ་པ་གཉིས་ཏེ། ཚིག་ཐོགས ་པ་མེད་པ་དང་། ཡེ་ཤེས་ཐོགས་པ་མེད་པསོ།། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཡེ་ཤེས་ཐོགས་པ་མེད་པ་སྟེ། དེ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། །། སོ་སོ་ཡང་དག་པར་རིག་པ་བཞི་བསྟན་པའི་འོག ་ཏུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་ཏེ་ཇི་ལྟར་བསྟན་པ་བཞིན་བཤད་པར་བཞེད་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་བཅོ་བརྒྱད་པོ་དེ་དག་དེ་བཞིན ་གཤེགས་པ་ཉིད་ཀྱི་རྒྱུད་ལ་མངའི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་ལ་མེད་པས་ཐུན་མོང་དུ་མ་གྱུར་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཅེས་བྱའོ།། བཅོ་བརྒྱད་པོ་དེ་དག་གི་དོན་རྣམ་པར་བཞག་པ ་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་དགེ་སློང་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འཇུག་པ་ན། བར་འགའ་ནི་གླང་པོ་གཏུམ་པོ་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་དང་། བར་འགའ་ནི་རྟ་དང་གླང་པོ་དང་བ་ལང་གཏུམ་པོ་དང་ཁྱི ་གཏུམ་པོ་དང་འགྲོགས་ཤིང་འགྲོ་བ་དང་། བར་འགའ་ནི་ཚེར་མ་སྟུག་པར་རྐང་པ་འདོར། བར་འགའ་སྦྲུལ་གདུག་པ་གནས་པར་རྐང་པ་འདོར་བ་དང་། འཇུག་པར་བྱ་བ་མ་ཡིན་པའི་གནས་བུད་མེད་ལ་སོགས་པ་ཡོད་པར ་ཞུགས་ནས་རིགས་པ་མ་ཡིན་པ་སྨྲ་བས་བསྡུ་བར་བྱེད་པ་དང་དགོན་པའི་གནས་སུ་སོང་བ་ལས་ལམ་བོར་ནས་ལམ་ལོག་པར་འགྲོ་བ་དང་། རྐུན་པོ་འམ་སེང་གེ་འམ་སྟག་གམ་དོམ་ལ་སོགས་པ་དང་ལྷན་ཅིག་འགྲོ་བ་སྟེ། རྣམ ་པ་དེ་ལྟ་བུ་དག་ནི་འཕགས་པ་དགྲ་བཅོམ་པའི་འཁྲུལ་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་དེ་འདྲ་བ་མི་མངའ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱའོ།། གཞན་ཡང་འཕགས ་པ་དགྲ་བཅོམ་པ་དགོན་པའི་གནས་ཀྱི་ལམ་བཙལ་བ་ལས་ལོམ་མ་མཐོང་བ་འམ། ཁང་པ་སྟོང་པར་ཞུགས་ནས་འདི་ཅི་ཞིག་ཅེས་སྒྲ་འབྱིན་ཅིང་སྐད་ཆེར་འབོད་ལ། དུང་མོ་ཆེར་འབེབས་པ་འམ། བག་ཆགས་ཀྱི་ཉེས་པའི་རྒྱུས ་གད་མོ་རྟ་གང་འབྱིན་པ་ནི། འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་ཅ་ཅོ་སྟེ། རྣམ་པ་དེ་ལྟ་བུ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་བའི་ཕྱིར། ཅ་ཅོ་མེད་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་ལ་དྲན་པ ་རྨོངས་པ་མི་མངའ་སྟེ། བྱས་ཏེ་རིང་དུ་ལོན་པ་དང་། སྨྲས་ནས་རིང་དུ་ལོན་པ་རྣམས་ཀྱང་མི་བསྙེལ་བས་ན། དྲན་པ་ཉམས་པ་མེད་པ་ཞེས་བྱའོ།། ཡང་འཕགས་པ་དགྲ་བཅོམ་པ་ཏིང་ངེ་འཛིན་དུ་ཞུགས་པ་ནི་མཉམ་པར་བཞག་པ ་དང་། ཏིང་ངེ་འཛིན་དུ་མ་ཞུགས་པ་ན་ནི་མཉམ་པར་བཞག་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་རྟག་དུ་སེམས་མཉམ་པར་བཞག་པས་རྣམ་པ་དེ་ལྟ་བུ་ཐམས་ཅད་ནས་ཐམས་ཅད་དུ་མི་མངའ་བའི་ཕྱིར། མཉམ་པར ་མ་བཞག་པའི་སེམས་མེད་པ་ཞེས་བྱའོ།། དེ་བས་ན་མདོ་དག་ལས་གསུངས་པ་གླང་པོ་སྤྱོད་ནའང་མཉམ་དུ་འཇོག། བཞེངས་ནའང་གླང་པོ་མཉམ་འཇོག་ལ། གླང་པོ་གཟིམས་ཀྱང་མཉམ་འཇོག་སྟེ། བཞུགས ་པར་གྱུར་ཀྱང་མཉམ་དུ་འཇོག། ཅེས་གསུངས་པའི་ཕྱིར་རོ།། གཞན་ཡང་འཕགས་པ་དགྲ་བཅོམ་པ་གཅིག་པུ་ཕུང་པོ་ལ་ཡིད་འབྱུང་བ་ནི་འདུ་ཤེས་སྐྱེ་བ་དང་། ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པ་ལ་ཞི་བའི ་འདུ་ཤེས་སྐྱེ་སྟེ། དེ་བཞིན་གཤེགས་པའི་རྣམས་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་གཉིས་ལ་ཐ་དད་པའི་འདུ་ཤེས་མི་མངའ་བས་ན། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་ཞེས་བྱ་སྟེ། མཆོག་ཏུ་བཏང་སྙོམས་ཀྱི་མཚན་ཉིད་ལ ་གནས་པའི་ཕྱིར་རོ།། གཞན་ཡང་འཕགས་པ་དགྲ་བཅོམ་པ་སེམས་ཅན་སྐལ་པ་ཡོད་དམ། མེད་པར་སོ་སོར་མ་བརྟགས་པར་ཡང་སེམས་ཅན་གྱི་དོན་ལ་བཏང་སྙོམས་སུ་འཇོག་སྟེ། དེ་བཞིན་གཤེགས་པ་རྣམས་ནི་སྐལ་པ ་ཡོད་དམ་མེད་ཅེས་བརྟགས་ནས་སྐལ་པ་མེད་པ་རྣམས་བཏང་སྙོམསུ་འཇོག་གི་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་རྣམ་པ་ཐམས་ཅད་དུ་མི་མངའ་བས་ན།། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱའོ།། གཞ། ་ཡང་འཕགས་པ་དགྲ་བཅོམ་པ་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བ་ལས་བརྩམས་ནས་ཤེས་བྱའི་སྒྲིབ་པ་དག་པའི་ཡེ་ཤེས་མ་ཐོབ་པར་ཡོངས་སུ་མཉམ་པས། མོས་པ་ཉམས་པ་དང་། བརྩོན་འགྲུས་ཉམས་པ་དང་། དྲན ་པ་ཉམས་པ་དང་། ཤེས་རབ་ཉམས་པ་དང་། རྣམ་པར་གྲོལ་བ་ཉམས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་ཏེ་དེར་དྲུག་ཅར་མེད་ལ། ཉམས་པ་རྣམ་པ་དྲུག་པོ་དེ་དེ་བཞིན་གཤེགས་པ་ལ་ཉམས་པ་མི་མངའ་སྟེ། ཤེས ་བྱའི་སྒྲིབ་པ་སྤང་བར་བྱ་བ་ལ་མོས་པ་ཉམས་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་མ་ཉམས་པས་ན། མོས་པ་བྲི་བ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་བྲི་བ་མེད་པ་ཞེས་བྱའོ།། གཞན་ཡང་འཕགས ་པ་དགྲ་བཅོམ་པ་རྣམས་དུས་གསུམ་གྱི་ཤེས་པར་བྱ་བའི་དངོས་པོ་ལ་འདད་པ་ཙམ་གྱིས་ཁོང་དུ་ཆུད་པ་མེད་དེ་གང་གི་ཡེ་ཤེས་ནི་ཆགས་པ་མེད་པ་ཞེས་བྱའོ།། ཐམས་ཅད་ཁོང་དུ་ཆུད་པ་མེད་པོ་དེ་དག་ནི་ཕྱིར་དེ་དག་གི ་ཡེ་ཤེས་ནི་ཐོགས་པ་མེད་པ་ཞེས་བྱའོ།། དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་འབད་པ་མེད་པར་དུས་གསུམ་གྱི་དངོས་པོ་ཁོང་དུ་ཆུད་པས་མ་ཆགས་པ་དང་། ཐམས་ཅད་ཁོང་དུ་ཆུད་པས་མ་ཐོགས་པ་སྟེ། དེ་བས་ན ་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ཞེས་བྱ་བ་ནས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། གཞན་ཡང་འཕགས་པ་དགྲ་བཅོམ་པ་ལུས་དང་ངག ་དང་ཡིད་ཀྱི་ལས་འཇུག་པ་ལ་ཡེ་ཤེས་སྔོན་དུ་གཏོང་བ་མེད་པས་བར་འགའ་ནི་དགེ་བའི་ལུས་ཀྱི་ལམ་ལ་འཇུག། བར་འགའ་ནི་ལུང་དུ་མ་བསྟན་པ་ལ་འཇུག། དེ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ལ་ཡང་གོང ་མ་ལྟར་འཇུག་སྟེ། ལས་འདྲེན་མ་ལ་འཇུག་པ་སྟེ། དེ་བཞིན་གཤེགས་པ་རྣམས་ལས་རྣམ་པ་གསུམ་ཆར་ལྔ་ཡང་། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེསུ་འབྲང་བས། དགེ་བའི་ལས་འབའ ་ཞིག་འབྱུང་བར་ཟད་ཀྱི་ལུང་དུ་མི་སྟོན་པའི་ལས་ལ་མི་འབྱུང་བ་ནས་ལུས་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱིས་རྗེས་སུ་འབྲང་བ་ཞེས ་བྱའོ།། དེ་ལ་ཡེ་ཤེས་ཀྱི་བསྐྱོད་པས་ན། སྔོན་དུ་ཡེ་ཤེས་འགྲོ་བ་ཞེས་བྱའོ།། ཡེ་ཤེས་དུས་གཅིག་ཏུ་འབྱུང་བས་ན། ཡེ་ཤེས་ཀྱིས་རྗེསུ་འབྲངས་པ་ཞེས་བྱའོ།། མ་འདྲེས་པ་བཅོ་བརྒྱད་དེ་དག་གི་དོན་དུ་ལུས་དང་ངག་དང་ཡིད་ཀྱི ་ལས་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པའི་དབང་པོའི་རྟེན་འབྲས་བུ་དང་བཅས་པ་མ་ཐོབ་པར་ཡོངསུ་ཉམས་པ་མི་མངའ་བ་ཕུན་སུམ་ཚོགས་པ་དང་། ཐུན་མོང་མ ་ཡིན་པའི་ཡེ་ཤེས་ལ་གནས་པ་ཕུན་སུམ་ཚོགས་པ་དང་། ཐུན་མོང་མ་ཡིན་པའི་ལས་ལ་འཇུག་པ། ཕུན་སུམ་ཚོགས་པ་བསྟུན་པ་ཡིན་ནོ།། དེ་ལ་འཁྲུལ་པ་མེད་ཅེས་བྱ་བས་ལུས་ཀྱི་ལས་རྣམ་པར་དག་པ་བསྟན་ཏོ།། ་ཅཅོ་མེད་ཅེས་བྱ་བས་ངག་གི་ལས་རྣམ་པར་དག་པ་བསྟན་ཏོ།། དྲན་པ་ཉམས་པ་མེད་པ་དང་། མཉམ་པར་མ་བཞག་པའི་སེམས་མེད་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་མེད་པ་དང་། སོ་སོར་མ་རྟགས་པའི་བཏང ་སྙོམས་མེད་པ་བཞིས་ཡིད་ཀྱི་ལས་རྣམ་པར་དག་པ་བསྟན་ཏོ།། མོས་པ་འབྲི་བ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་བར་དུ་བྲི་བ་མེད་པ་ཞེས་བྱ་བ་དྲུག་གིས་དེ་བཞིན་གཤེགས་པའི་དབང་པོ་རྟེན་དང་འབྲས་བུར་བཅས་པ་ལ་མ ་ཐོབ་པར་ཡོངས་སུ་ཉམས་པ་མེད་པར་བསྟན་ཏོ།། དེ་ལ་དབང་པོའི་རྟེན་ནི་མོས་པའོ།། འབྲས་བུ་ནི་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའོ།། དབང་པོ་ཉིད་ནི་བརྩོན་འགྲུས་དང་། དྲན་པ་དང་ཤེས་རབ་སྟེ། རྣམ་པ ་གསུམ་མོ།། འདས་པའི་དུས་ལ་མ་ཆགས་མྱ་ཐོགས་པ་ཞེས་བྱ་བ་ནས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ཐུན་མོང་མ་ཡིན་པའི་ཡེ་ཤེས་ལ་གནས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། ལུས ་ཀྱི་ལས་ཐམས་ཅད་ཀྱི་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཞེས་བྱ་བ་ནས་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཚིག་གསུམ་གྱིས་ཐུན་མོང་མ་ཡིན་པའི་ལས་ཀུན་ཏུ་སྤྱོད་པ་ཕུན་སུམ ་ཚོགས་པ་བསྟན་ཏོ།། མ་འདྲེས་པ་བཅོ་བརྒྱད་བསྟན་པོའི་འོག་ཏུ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྨོས་པས་དེ་བཤད་པའི་ཕྱིར། དེ་ལ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་གང་ཞེས་བྱ་བ་ལ་སོགས ་པས་གསུངས་སོ།། མཚན་དེ་དག་དང་ལྡན་ནོ་འོད་ན་སྐྱེ་བུ་ཆེན་པོ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་འགྱུར་བས་ན། སྐྱེས་བུ་ཆེན་པོའི་མཚན་ཏོ།། དེ་ཡང་སུམ་ཅུ་རྩ་གཉིས་ཡོད་ལ། དཔེ་བྱད་བརྒྱང་ཅུ་ནི་དེའི་འཁོར་དུ་གཏོགས་པའོ།། ་ཞབས་ཤིན་ཏུ་བརྟན་ཞེས་བྱ་བ་ནི་ཞབས་གཉིས་ཀྱིས་མཐིལ་ཤས་གང་ལས་སའི་སྟེང་དུ་མཉམ་དུ་འདོར་ཞིང་། འཁོར་བ་དང་འབྱར་བ་ལ་སོགས་པ་མེད་པའོ།། ཞབས་ཀྱི་མཐིལ་གཉིས་ཀྱི་འོག་ན་འཁོར་ལོའི་མཚན་གྱི ་ཞབས་ཀྱི་མཐིལ་ལ་ཞེས་བྱ་བ་ནི། ཞབས་གཉིས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་ཡོད་པ། ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པའི་ཕྱིར་རོ།། རྟིང་པ་ཆེ་ཞིང་ཞབས་མཐོ་བ་ཞེས་བྱ་བ་ནི་རྟིང་པ་ཡངས ་ཤིང་སྦོམ་ལ་ཞབས་ཀྱི་གོང་མཐོ་བའོ།། ཞབས་དང་ཕྱག་དྲུ་བ་ཅནྡ་ནི། ཞབས་གཉིས་དང་ཕྱག་གཉིས་ཀྱི་སྦྱོར་མོའི་བར་སྲབ་མོ་དྲ་བཱ་དང་འདྲ་བས་འབྲེལ་བའོ།། ཕྱག་དོང་ཞུབས་འཇམ་ཞིང་མཉེན་པ་ནི་ཕྱག་དང་ཞོབས་ཀྱི་པགས་པ ་འཇམ་ལ་ཐག་ཐུག་ཅན་དུ་མཁྲང་བ་ཡིན་ནོ།། སྐུ་བདུན་མཐོང་བ་ཞེས་བྱ་བ་ནི་ཕྱག་གི་ཐུལ་གོང་གཉིས་མཐོ་བ་དང་ཞབས་ཀྱི་མཐིལ་དང་གང་མཐོ་བ་དང་དཔུང་མགོ་གཉིས་མཐོ་བ་དང་། མགུར་གྱི་ཐོན་ཀཽར་ཤེས་གང་བ་སྟེ་བདུན་ནོ།། ་རྗེ་དཱུརྱ་རཱི་དྭགས་ཨོཾ་ཎེ་ཡ་ལྟ་བུ་དང་ཞེས་བྱ་བ་ནརྀ་སྐུ་བརླ་ནས་བརྩམས་ཏེ་ནཱ་མ་ཆུང་ཁས་ཀྱི་ཕྲ་བར་གནས་པའོ།། མཚན་གསང་བ་ནང་དུ་ནུབ་པ་ནི་མཚན་གསང་བ་པགས་པའི་ནང་དུ་ནུབ་སྟེ་མི་སྣང་བར་གྱུར་པའོ།། སྐུ་རོ་སྟོད་སེང་གེ ་ཙུ་ནོ་རོ་སྙེད་འཕེལ་ག་ཆེལ་རྐང་པ་ཕྲ་བའོ།། སྒྲོག་རུས་ཀྱི་བར་རྒྱས་པ་ནི།། སྒྲོག་རུས་ཀྱི་བར་ཤས་གང་བའོ།། དཔུང་པ་བརྐྱང་བ་རབ་ཏུ་རིང་བ་ནི་ཕྱག་རྒྱང་ནས་པུས་མོ་འདས་པའོ།། སུཾ་རྣམ་པར་དག་པ་ནི་སྐུ་ལོ་དྲི་མི་མི་འཆགས ་པའོ།། མིང་བ་དང་ལྟ་བུ་ནི་མགུལ་ཁྲོམ་གཉེར་ཅན་དུ་གནས་པའོ།། འགྲམ་པ་སེང་གེ་ལྟ་བུ་ནི་འགྲམ་པའི་ལྷ་དྱ་ཆེ་བའོ།། སོ་བཞི་བཅུ་མཉམ་པ་ནི་ཡ་སོ་དང་མ་ས་ཉི་ཤུ་ཉྩི་ཤུར་གྲངས་མཉམ་པའོ།། སོ་བར་མ་བྱེད་ཉིང་མཉམ་པ་ནྟི་ཚམས ་ཐགས་འབྲེལ་ཅིང་ཚེམས་ཆེ་ཆུང་མེད་པའོ།། ལྕེ་ཆེ་བ་ནི་ལྷག་བརྐྱང་ན་ཞལ་ཁྱབ་པར་འགྱུར་བའོ།། རོ་བྲོ་བའི་མཆོག་ནི་ལྗགས་ཀྱི་སྟེང་དུ་ནས་རུལ་པ་བབ་ཀྱང་ལྷའི་ཞལ་ཟས་རོ་མཆོག་ཏུ་མྱོང་བར་འགྱུར་པའོ།། ཚངས་པའི་དབྱངས ་ཀ་ལ་བིང་ཀའི་སྒྲ་སྐད་ནི་གསུང་འཇམ་ཞིང་མཉེན་པ་འདུལ་བ་རྣམས་ཀྱི་སེམས་ཅན་འཕྲོག་པར་བྱེད་པའོ།། སྤྱན་ཀུན་སྔོ་བ་ནི་སྤྱན་གྱི་སྤྲིནི་དཀར་པོའི་གོང་ན་ཁ་དོག་མཐོན་མཐིང་དུ་གནས་པའོ།། སྦྱིན་པའི་རྫི་མ་འདྲ་བ་ནི་སྤྱན་གྱི་རྫི་མ་ལྟ ་བུ་སྤུ་མཉམ་ཞིང་སྲབ་ལ་གནག་པའོ།། དབུའི་གཙུག་ཏིརརྱ་ནི་དབུའི་དབུས་ནུ་ཤའི་ཐོར་ཚུགས་ཚོངས་པའི་འཇིག་རྟེན་ནས་ཀྱང་བལྟར་མི་སྣང་བ་མངའོ།། ཤྲཱིང་ནྱ་གྲོ་དྷ་ལྟར་ཟླུམ་ཞིང་མཛེས་པའི་སྐུ་ཆུ་ཞིང་གབ་ལ་ཡན་ལག་རྣམས ་ཀྱང་སྐུའི་རྐྱེན་དུ་བབ་ལ། ཚེ་ཆུང་མེད་པ་མངའ་བའོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་བསྟན་ནས་གང་དག་མཚན་ཐོབ་པར་མོས་པོས་དེ་རྒྱུ་སྒྲུབ་པ་ལ་ནན་ཏན་བྱེད་པར་འདོད་པའི་འགྲོ་བྱ་རྣམས་ཀྱི ་དོན་དུ་མཚན་གྱི་རྒྱུ་བསྟན་པའི་ཕྱིར་གསུངས་པ། ཞབས་གཉིས་རབ་ཏུ་བསྟན་པ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་འདི་ནི་སྔོན་ཡོ་ངམ་ལ་རབ་ཏུ་བརྟན་པས་གྲུབ་པའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཡང་ན ་མཚན་རྣམས་ནི་རྣམ་བར་སྨིན་པའི་འབྲས་བུའི་རང་བཞིན་ཏེ། འབྲས་བུ་ལ་རྒྱུ་མེད་མི་སྲིད་པས་དེའི་རྒྱུ་སྟོན་པར་མཛད་དོ།། སྔོན་ཡི་དམ་ལ་རབ་ཏུ་བསྟན་པས་གྲུབ་ཅེས་བྱ་བ་ནི་སྟོན་བྱང་ཆུབ་སེམས་དཔའི་སྤྱད ་བ་སྤྱོད་པའི་ཚེ་དགེ་བ་ལ་སོགས་པ་བྱ་བར་ཁས་བླངས་པའི་ཡི་དམ་མ་དྲལ་ཅིང་ནན་ཏན་དུ་གུས་པར་བྱ་བ་ལས་ཞབ་སཾ་བརྟན་པ་གྲུབ་པ་བཞིན་ནོ།། སྔོན་སེམས་ཅན་ཕ་རོལ་རྣམས་སྦོ་མ་བཀོད་བུས་གྲུབ་པོ་ཞེས་བྱ་བ་ནི་སོམྦ ་ཅན་མོཉྫུ་ཆུང་ཤིང་ཉམ་ཆུང་བ་རྣམས་ལ་བྱུག་པ་དང་། འཇིགས་པ་མ་བྱས་པས་གྲུབ་པའོ།། ཆོས་ཀྱི་སྲུང་བ་དང་སྐྱབས་པ་བྱས་ཞེས་བྱ་བ་ནི། སྔོན་སྲོག་མ་བཅང་བ་ལ་སོགས་པ། མི་དགེ་བའི་ལས་མི་བྱེང་བར་སྲུང་བ་ལས ་གྲུབ་པའོ།། ཡང་ན་ཆོས་ཀྱི་སྲུང་བ་དང་། སྐྱབ་པ་དང་སྦ་བ་ཞེས་བྱ་བ་ནི་གང་ཟག་ཆོས་སྤྱོད་པ་རྣམས་ལ་འཇིགས་པ་དང་། མི་བདེ་བའི་གྲོགས་མཉན་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་དུས་ན་ཕན་འདོགས་པར་བྱེད་པ ་ལིས་གྲུབ་པའོ།། དེ་ལ་མཉན་པའི་དུས་ནི་གྲོགས་བྱེད་པ་ནི་བསྲུང་བའོ།། བསམ་པའི་དུས་ན་གྲོགས་བྱེད་པ་ནི་བསྐྱབ་པའོ།། བསྒོམ་པའི་དུས་ན་གྲོགས་བྱས་པ་ནི་སྦ་བར་བྱས་པའོ།། སྔོན་འཁོར་མ་ཕྱེ་བས་གྲུབ་བོ་ཞེས་བྱ་བ་ནི ་གཞན་གྱི་གཡོག་འཁོར་ཁ་མ་དྲངས་པ་ལས་གྲུབ་པའོ།། སྔོན་བགོ་བ་སྣ་ཚོགས་བྱིན་པས་གྲུབ་པོ་ཞེས་བྱ་བ་ནི་ཆོས་དང་མལ་སྟན་ལ་སོགས་པ་བྱིན་པས་གྲུབ་པའོ།། སྔོན་སངས་རྒྱས་ཀྱི་ཆོས་ཀུན་གཟུང་བསོ་གྲུབ་པོ ་ཞེས་བྱ་བ་ནི་སྔར་དམ་པའི་ཆོས་རྣམས་མཉན་པ་དེ་ནས་བསམས། དེ་ནས་བསྒོམ་པ་ལས་གྲུབ་པའོ།། སྔོན་གསང་ཐུབ་པར་བསྲུངས་པ་དང་། འཁྲིག་པའི་ཆོས་སྤུངས་པས་གྲུབ་ཅེས་བྱ་བ་སྣོད་མ་ཡིན་པ་ལ་བསྟན་དུ་མི་རུང་བ་རྣམས ་སྣོད་མ་ཡིན་པ་ལ་མ་བསྟན་ཏེ། གསུང་བ་དང་གཞན་གྱི་གསང་བ་རྣམས་གཞན་དག་ལ་མ་བསྒྲགས་པར་བསྲུང་བ་དང་། མི་ཚངས་པར་སྤྱོད་པའི་ཆོས་རྣམས་སྤངས་པ་ལས་གྲུབ་བོ།། སྔོན་དགེ་བའི་ཆོས་སྤྱད་པ་ལས་གྲུབ་པ་ཞེས ་བྱི་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་པར་སྤྱད་པ་ལས་གྲུབ་པའོ།། ཕ་རོལ་པོ་རྣམས་མི་འཇིགས་པར་དབུགས་ཕྱུང་བ་བྱིན་པོས་གྲུབ་ཅེས་བྱ་བས་ནི། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པས་ཉིན་པའི་སེམ ་རྣམས་འཇིགས་པ་དེ་ལས་བསྐྱབས་པ་ལས་གྲུབ་པའོ།། སྔོན་གཞན་གྱི་བྱ་བ་སྤྲོ་བར་བྱེད་པས་གྲུབ་པ་ལས་བྱེད་པ་པོ་ལ་སྤྲོ་བ་བསྐྱེད་ཅིང་གྲོགས་བྱས་པ་ལས་གྲུབ་པའོ།། སྔོན་དགེ་བའི་རྩ་བ་ལ་སྦྱོར་བ་ཀུན་ཏུ་རྫོགས་པས ་གྲུབ་བོ་ཞེས་བྱ་བ་ནི། དགེ་བ་གང་བརྩམས་པ་རྣམས་མཐར་ཕྱིན་པར་བྱས་པ་ལས་གྲུབ་པའོ།། སྔོན་སེམས་ཅན་དབུགས་ཕྱུང་བ་སྦྱོར་བ་ལས་གྲུབ་ཅེས་བྱ་བ་ནི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་སྐྱབས་པ་ལས་གྲུབ ་པའོ།། སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུང་བ་ལས་གྲུབ་ཅེས་བྱ་བ་ནི། ལུས་དང་ངག་ཡིད་གསུམ་སྡིག་པ་མི་དགེ་བའི་ཆོས་ལ་མི་འཇུག་པ་བསྲུངས་པ་ལས་གྲུབ་པའོ།། སྔོན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ལ་བདག ་རྟེན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་དཔག་ཏུ་མེད་པར་བསགས་པ་ལས་བྱུང་བའོ།། སྔོན་བསམ་པས་མ་བཅོས་པར་གྲུབ་པ་ཞེས་བྱ་བ་ནི་སེམས་ལ་གཡོ་མེད་པར་བྱས་པ་ལས་གྲུབ ་བའོ།། ཆོས་ཡང་དག་པར་སྤྱོད་པ་ན་སེམས་ལས་སུ་རུང་བར་གྲུབ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དཔྱོད་པ་ནི་གཉིད་དང་རྨུགས་པ་དང་རྟོགས་པ་དང་དཔྱོད་པ་བསལ་ཏེ། སེམས་པ་ལས་གྲུབ་པའོ།། སྔོན་འདུ ་འཛི་སྤངས་པ་ལས་གྲུབ་པ་ནི་སྔོན་འགྲོ་བ་མང་པོའི་ནང་ན་གནས་པ་སྤངས་པ་ལས་གྲུབ་པའོ།། སྔོན་བསྒྲགས་པར་རིགས་པ་རྣམས་ཀྱི་གྲགས་པ་བརྗོད་པ་ལས་གྲུབ་པ་ནི་ཡོན་ཏན་བསྒྲགས་པར་འོས་པ་རྣམས་ཀྱིས་ཡོན་ཏན ་གྲགས་པར་བྱས་པ་ལས་གྲུབ་པའོ།། མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱ་བ་ལ་མཐུ་བོ་ཆེ་ནི་སྟོབས་ཀྱི་ཚད་དེ། དེའི་སྟོབས་ཀྱི་ཚད་ནི་ཇི་ཙམྦ་ཞེ་ན་ཐ་མལ་པའི་བ་ལང་བཅུའི་སྟོབས་སྤོས་ཀྱི་གླང་པོ་ཅིག་ལ་ཡོད་དོ།། སྤོས་ཀྱི་གླང ་པོ་བཅུའི་སྟོབས་མ་ཧེ་ན་ག་ནཱ་གཅིག་ལ་ཡོད་དོ།། དྲི་བཅུའི་སྟོབས་པླ་ཀུན་ཏ་གཅིག་ལ་ཡོད་དོ།། པྲ་ཀནྟ་ད་བཅུའི་སྟོབས་པ་རང་ག་གཅིག་ལ་ཡོད་དོ།། པ་རང་ག་བཅུའི་སྟོབས། ཙ་ནུ་ར་ག་གཅིག་ལ་ཡོད་དོ།། ཙ་ནུ་ར་ག་བཅུའི ་སྟོབས། མཐུའོ་ཅིག་ལ་ཡོད། བཅོམ་ལྡན་འདས་ཀྱི་སྐུའི་ཚོགས་རེ་རེ་ལ་ཡང་མཐུ་བོ་ཆེའི་སྟོབས་ཡོད་པས་ན། མཐུ་བོ་ཆེ་ཀུན་ཏུ་མཛེས་པ་ཞེས་བྱའོ།། དེ་བས་ན་ལྷས་བྱིན་གྱིས་བསད་པའི་གླང་པོ་ཆེ། བཅོམ་ལྡན་འདས ་ཀྱིས་ཞབས་ཀྱི་མཐེ་བོས་རབ་བདུན་བསྒྲལ་ཏེ། བཏང་བའི་ཕྱིར་མཐུ་བོ་ཆེ་དང་འདྲ་བ་ཞེས་བྱའོ།། །། མཚན་གྱི་འོག་ཏུ་དཔེ་བྱད་བརྒྱད་ཅུ་བསྟན་པས་དེ་བཤད་པར་བཞེད་ནས་དཔེ་བྱད་བཟང་པོ་བརྒྱད་ཅུ་གྲང་ཞེ་ན། ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། སེར་མོ་ཡིད་དམར་བ་ནི་ཟངས་ཀྱི་མདོག་ལྟ་བུའོ།། སེ་མོ་སྣུམ་པ་ནི་ཕྱི་རོལ་འཚེར་བའོ།། སྲིན་མོ་མཐོ་བ་ནི་སེན་མོའི་དབུས་ཐོག་ཐག་མཐོན་པོར་གནས་པའོ།། སེན་མོ་ཟླུམ་པ་ནི་ལེབ་ལེབ་པོ་མ ་ཡིན་པའོ།། སེན་མོ་རྒྱས་པ་ནི་བར་སང་སེང་མེད་པའོ།། སེར་མོ་བགས་ཀྱི་ཕྲ་བ་ནི་ལྷུནྡ་གྱི་མ་གོ་ཕྲ་མོའོ།། ལོང་བུ་ནུབ་པ་ནི་ལོང་བུའི་ཤ་ནུང་དུ་ནུབ་པའོ།། ཞབས་མཉམ་པ་ནི་ཞབས་གཉིས་ཆེ་ཆུང་དུ་མྱ་གྱུར་པའོ།། སེང ་གེའི་སྟབས་ནི་འཇིགས་པ་དང་བག་ཚ་བ་མེད་པར་གཤེགས་པའོ།། ཁྱུ་མཆོག་གི་སྟབས་ནི་ས་ཆེན་པོ་གནོན་པ་ལྟ་བུར་གཤེགས་པའོ།། གླང་པོའི་སྟབས་ནི་བརྗིད་པར་གཤེགས་པའོ།། ངང་པའི་སྟབས་ནི་གོམ་པ་གཡས ་གཡོན་འདོར་བའི་བར་རྟག་ཏུ་མཉམ་པའོ།། གཡས་ཀྱིས་གཤེགས་པ་ནི་ཞབས་གཡས་སྔར་འདོར་བའོ།། བཟང་པོར་གཤེགས་པ་ནི་སྟབས་མཛེས་པའོ།། མི་འཁོར་བར་གཤེགས་པ་ནི་སྐུ་འཁྱེར་བ་མེད་པར་ཞབས་འདོར ་བའོ།། སྐུ་ཟླུམ་པ་མཛེས་པ་དང་ལྡན་པའོ།། སྐུ་འཚེར་བ་ནི་སྐུའི་པགས་པ་བཞིན་གྱི་གཟུགས་བརྙན་སྣང་བའོ།། སྐུ་རིམས་སུ་ཕེབས་པ་ནི་གང་དུ་ཆེ་བའི་གནས་སུ་ཆེ་ལ། ཆུང་བའི་གནས་སུ་ཆུང་བའོ།། ཆུ་ཞེང་གབ་པ་ནི ་ཆུ་ཞེང་དུ་ལྡན་པའོ།། དཔེ་བྱད་ཀུན་མཛེས་པ་ནི་མཚན་དང་དཔེ་བྱད་དུ་བྱ་བ་རྣམས་དུམྦྷ་བུ་དང་མ་ཆུང་བ་མེད་པ་མངའ་བའོ།། མཉམ་པར་གཤེགས་པ་ནི་མདུན་དུ་སྐུར་བ་དང་རྒྱབ་དུ་དགྱེ་བ་མེད་པའོ།། སྐུ་གཙང་བ་ནི་མཱི ་གཙང་བ་ལ་སོགས་པ་མི་འབྱུང་བའོ།། སྐུ་རྣམ་པར་དག་པ་ནི་དྲི་མ་མི་མངའ་བའོ།། སྒྱུ་མ་ཞུམ་པ་ནི་ཞུམ་པོར་མི་གནས་པའོ།། བདུན་མཐོ་བ་ནི་གཞན་ལྔས་འཕགས་པའམ་ནྱ་མཇིང་བ་ལ་སོགས་པ་མཐོ་བའོ།། ཡོན་ལག་དང་སྙིང ་ལག་རབ་ཏུ་རྣམ་པར་ཕྱེ་བ་ནི་ཕྱག་དང་ཞབས་སོ་སོར་མ་འདྲེས་ཤིང་འབྲེལ་བ་མེད་པར་མཛེས་པར་གནས་པའོ།། རབ་རིབ་མེད་ཅིང་དག་པར་སྣང་བ་ནི། སྤྱན་གྱི་ལིང་ཐོག་ལ་སོགས་པ་དང་བྲལ་ཞིང་གསལ་བར་གཟིགས་པའོ།། ལྷོ ་ཟླུམ་པ་ནི་ཕྱེ་ལ་ཕྱུང་དེ་བྱ་མ་ཡིན་ནོ།། ལྷོ་འཇམ་པ་ནི་བླགས་པ་འཇམ་པའོ།། བྷྱོ་མཞོམ་པ་ནི་གོང་དུ་སྒྲོམ་ལ་བར་ན་ཕྲ་བ་ཡིན་པའོ།། ལྷྭ་མ་བྲི་བཱི་ནྡྷེ་ཁྱུད་དུ་མི་སྦྱང་བའོ།། ལྕེ་ཐུབ་པ་ནི་སྐུའི་ནང་དུ་ནུབ་བྱའོ།། ཀུན་ཏུ་མཛེས་པ་ནི་འོད་འདིམ ་གང་གིས་ཀུན་ནས་བསྐོར་ཏེ་མཛེས་པར་བྱས་པའོ།། སྤྱོད་པ་གཙང་བ་ནི་ཕྱག་གཡས་པ་མི་གཙང་བའི་ནང་དུ་ནམ་དུ་ཡང་མི་རིག་པའོ།། ཕྱག་གི་རི་མོ་ཟག་པ་ནི་རི་མོ་ནང་དུ་སོང་བའོ།། ཕྱག་གི་རི་མོ་རིང་བ་ནི་རྒྱུན་མ་ཆད་པའོ།། ཞལ ་རབ་ཏུ་མི་རིང་བ་ནི་ཞལ་མ་ཆུ་རིངསུ་མི་འདུག་པའོ།། གཟུགས་དང་གཟུགས་བརྙན་སྣང་བ་དང་། ཞལ་གྱི་ཡཾ་མཆུ་མ་མཆུ་ཆེ་ཆུང་ངུ་མ་གྱུར་པ་འམ། སྐུ་ལ་གཟུགས་བརྙན་དུ་སྣང་བའོ།། བ་ལང་དང་སྤྲིན་ལྟར་སྒྲོགས་པའི་དབྱངས ་ནི་དབྱངས་རིང་དུ་འདུག་པའོ།། མནྡྷེ་བ་མཉམ་བྷ་ནི་མཆེ་བ་བཞི་ཆེ་ཆུང་མེད་པའོ།། མཆེ་བ་བགས་ཀྱིས་ཕྲ་བ་ནི་རྩེ་ཕྲའོ།། སྠཱ་གནད་པ་ནཱི་སྣབས་མི་འཛག་པའོ།། སྤྱན་སྤངས་པ་ནི་ཞེང་དུ་ཡང་ཆེ་བའོ།། སྤྱན་རིང་བ་ནི་དཀྱུས་སུ་ཡང་རིང་བའོ།། ཨུད ་པ་ལོའི་འདབ་མོ་རངས་པ་ལྟ་བུ་ནི་བྲགས་ཀྱིས་སྩོལ་ཐོག་ཐག་ཏུ་རིང་པོར་གནས་པའོ།། རིང་ལྔ་སྡུག་པ་ནི་སྲབ་མི་མ་ཡིན་པའོ།། སྦྱིན་མ་རིང་བ་ནི་སྦྱིན་མོའི་བར་མ་ཆད་པར་དཀྱུས་རིང་པོའོ།། སྤྲིན་མའི་སྤུ་མཉམ་པ་ནི་སྒྲ་རི ་ཐུང་མེད་པའོ།། རྣ་བ་གང་ཞིང་རྙིང་བ་ནི་སྙན་རྐང་རྐོང་མ་ཡིན་པ་སྤྱན་ཆེ་བའོ།། རྣ་བ་མཉམ་པ་ནི་སྙུནྡ་གཡས་གཡོན་གཉིས་ལ་ཆེ་ཆུང་མེད་པའོ།། རྣ་བའི་དབང་པོ་མ་ཉམས་པ་ནི་རྐྱེན་གང་གིས་ཀྱང་འོན་པར་བྱ་བར་མི་ནུས་པའོ།། ་ཕྲུ་ལ་རྒྱས་པར་ནི་རྐང་རྒོང་མེད་ཅིང་ཤེས་རྒྱས་པའོ།། ཡན་ལག་གི་དམ་པ་ཀུན་ཏུ་རྒྱས་པ་ནི་སྐུ་ཐམས་ཅད་ཀྱང་མཛེས་པའོ།། སྒྱུ་མ་འཛིངས་པ་ནི་ཕན་ཚུན་འདྲེས་ནས་ལོང་ལོང་པོར་མ་གྱུར་པའོ།། དོན་རྣམ་པར་གདོན ་མཱིམྲི་ཟླ་བྷ་གོང་དུ་བ་ཤུད་པ་མ་ལུས་པར་བསྐྲུན་ཟིན་ཏེ་ཞེས་དགོངས་ནས་དགེ་སློང་རྣམས་ལ་ཞེས་བྱ་བ་ནས་ངས་བསྟན་ཟིན་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ།། ཇི་ལྟར་བསྟན་པའི་ཆོས་ལ་ཡང་ཚིག་ཙམྦྷ་དུ་གཟུང་བ་མ ་ཡིན་གྱི། ནན་ཏན་གྱིས་བསྒྲུབ་དགོས་སོ་ཞེས་བཀའ་སྩལ་པ། དགེ་སློང་དག་དགོན་པའི་གནས་དང་ཞེས་བྱ་བ་ནས། ངའི་བསྟན་པོའོ་ཞེས་བྱ་བའི་བར་དུ་གསུངས་སོ།། དགེ་སློང་དག་བག་ཡོད་པར་བྱོས་ལ་ཞེས་བྱ་བ་ནི་མི ་དགེ་བའི་ཆོས་ལ་འཇུག་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཞུགས་པར་གྱུར་ན་འཆི་ཀར་ཡང་སེམས་ལ་གདུང་བ་དང་། ཕྱིས་ཀྱང་གནོད་པར་གྱུར་ཏཱ་རེ་ཞེས་དགོངས་ནས་བཀའ་སྩལ་པ། འགྱོད་པར་མ་གྱུར་ཅིག ་ཅེས་སོ།། འདི་ནི་ངའི་བསྟན་པའོ་ཞེས་བྱ་བ་ལྔ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གསུམ་སྟེ། ཀུན་རྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ།། དེ་ལ་ཀུན་རྗོད་པའི་ཆོས་འཕྲུལ་ནི་འདི་ལྟར་སྒོམ ་ཤིག་པའོ།། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་ཁྱོད་ཀྱིས་བསམ་པ་ད་ལྟར་འདི་དང་འདིའི་སེམས་ཞེས་བཤུད་པའོ།། རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་ནམ་མཁའ་ལ་འཕུར་བ་ལ་སོགས་པ་སྟོན་ཏེ། འདིར་ནི་བསྟན་པ་ཆོ་འཕྲུལ་བཤད་པའི ་ཕྱིར་འདི་ནི་ངའི་བསྟན་པའོ་ཞེས་གསུངས་ཏེ། ཆོ་འཕྲུལ་དེ་ནི་ཆོ་འཕྲུལ་གཉིས་ལས་དམ་པར་གྱུར་པའི་ཕྱིར།། མདོ་སྡེ་བཤད་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་ཅིང་ཟག་པ་ལས་སེམས ་རྣམ་པར་གྲོལ་ལོ་ཞེས་གསུངས་སོ།། མདོ་སྡེ་ཐོས་པའི་ཕུང་པོ་གཅིག་ཏུ་འཚམས་སྦྱར་བ་སྤངས་པ་དང་། མཐོང་བ་དང་། བསྒོམ་པས་སྤངས་པ་ཉོན་མོངས་པ་དང་བྲལ་བ་ནི་འབྲས་བུའོ།། དེ་ལ་ཚེ་གཅིག་ནས་གཅིག་ཏུ་སྦྱོར་བ་སྤངས ་པས་ན་ལེན་པ་མེད་པ་ཞེས་བྱའོ།། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་ན་སེམས་རྣམ་པར་གྲོལ་བ་ཞེས་བྱའོ།། དོན་རྣམ་པར་གདོན་མི་ཟ་བའི་ཊཱི་ཀ་རྫོགས་སོ།། ་ཨོཾ་མེ་དྷ་རྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥན་ཏ་ཐག་ཏོ་དྱ་བ་ད་ཏ་ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དི་མ་ཧཱ་ཤྲ་མ་ཎཿསཱ་ཧ། ཚུལ་འདིའི་རྒྱལ་བསྟན་ཡུན་རིང་འཕེལ་བར་སྨོན།། ལན་འདལ ་ལྷག་མཐོང་བསྒྲེད་པའི་ཐབས་བཞུགས་སོ།། ་དངོས་འཛིན་རྣམ་རྟོག་ཚང་ཚིང་ལྟ་བུ་ཤེས་རབ་མཚོན་གྱིས་རབ་བསལ་ནས།། དེ་ཉིད་ལ་ཡང་མི་གནས་དེ་ཕྱིར་མ་གཏོགས་འགྲོ་རྣམས་མུན་འཐོམས་ལ།། ཐུགས་རྗེ་ཆེན་པོས་ཆུ་ཀླུང་བཞིན་དུ་རང་གིས་འཇུག་པས ་ཐབས་སྣ་ཚོགས།། གསུང་བ་དེ་ལ་དང་བས་ཕྱག་བྱས་ལྷག་མཐོང་སྐྱེད་ཐབས་མདོར་བསྡུ་བྱ།། སྡོམ་ནི་སྔོན་འགྲོའི་ཞི་གནས་བསྟེན་པ་ཡིས།། རྟོག་པར་བྱ་དགོས་དང་པོས་ཀྱང་།། ངོ་བོ་མཚན་ཉིད་ངེས་ཚིག་དང་།། དབྱེ་བ་དམྱིགས་པ ་བསྐྱེད་པའི་ཐབས།། དེ་རིགས་བསོད་ནམས་ཡན་ལྕག་དང་།། ལུས་བཅོས་མཚམས་སྦྱོར་བཞག་པ་དང་།། ། ཉིས་སྤངས་ལྡང་སེམས་ལངས་པའི་སྦྱོང་།། ཚོད་གཟུང་བསྐྱེད་རིམ་གནས་པའི་ཚང་།། བསྟན་པའི་ཐབས་ནི་ཅི་རིགས་བྱ།། ་གསོལ་དང་ཐུན་རིང་སྐྱེད་དབྱུང་དང་།། ལོག་པར་རྟོགས་པའི་གཞུང་ཉིད་དང་། རང་ཕྱོགས་བསྒྲུབ་མེད་ཚུལ་གྱིས་བསྒྲུབ།། དེ་ལྔ་སྔོན་དུ་འགྲོ་བ་ནི་ཐོག་པ་ཆེན་པོའི་མདོ་སྡེའི་ཚུལ་གྱིས་རྗེས་འཇུག་ལས་དང་པོ་པ་སོ་སོར་ཐར་པའི ་སྡོམ་པ་ལ་ལྗགས་པོར་གནས་པ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བློ་མ་ཡོན་ཏན་དང་ལྗོན་པ་ལས་ཐེག་པ་ཆེན་པོའི་སྡོམ་པ་ལེགས་པར་བླངས་ནས་གུས་པར་སློབ་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་སྨོ ་པ་ཞི་གནས་ཀྱི་ཚོགས་ལ་གནས་ནས། ལྷག་པོའི་སེམས་ཅུང་ཟད་བསྟོན་པ་དེས་ལྷག་མཐོང་གི་ཚོགས་ལ་གནས་ནས་ལྷག་པའི་ཤེས་རབ་ལ་བསླབ་པའི་ཕྱིར་དེ་ཁོ་ན་ཚོལ་བ་ལ་བརྩོན་པར་བྱའོ།། དེ་སྐད་དུ་དབུ་མའི ་རྒྱན་ལས་གང་དག་དད་པས་རྗེས་འབྲང་བ། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས།། ཐུབ་པའི་བརྟུལ་ཞུགས་བླང་བྱས་ཏེ།། དེ་ནི་ཡང་དག་ཤེས་ཚོལ་བརྩོན་ཞེས་གསུངས་སོ།། ལྷག་མཐོང་གི་ཚོགས་ནི་འཕགས་པ་བློ་གྲོས ་མི་ཟད་པས་བསྟན་པ་ལས་ལྷག་མཐོང་གི་ཚོགས་མི་ཟད་པའི་སྐབས་ནས་འབྱུང་བ་ཁོང་དུ་ཆུད་པར་བྱའོ།། དེ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དེ་ན་ཉོན་མོང་པ་སྣ་ཚོགས་སྐྱེ་བའི་གཞི་ཡིན་ཏེ། དཔེར་ན་སྐྱེས་བུ་གཟུགས་ཡིད་དུ་འོང ་པ་དང་ཕྲད་པར་འདོད་ཅིང་ཞེན་པས་ཉོན་མོངས་པ་སྐྱེ་བ་ལྟ་བུའོ།། ལྷག་མཐོང་མི་སྐྱེ་བར་ཏིང་ངེ་འཛིན་གྱི་དམིགས་པ་ལ་མངོན་པར་ཞེན་པ་འདི་དག་ཀྱང་ཉོན་མོངས་པ་ཡང་སྐྱེ་བར་འགྱུར་རོ།། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། ད་ནི་བདག་ཏུ་འདུ་ཤེས་འཇིག་མོ་བྱེད།། དེ་ཡི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། ལྷག་སྦྱོང་འདི་ནི་ཏིང་ངེ་འཛིན་བསྒོམ་པ་བཞིན་ཞེས་གསུངས་སོ།། གང་དག་ཉོན་མོངས་པའི ་རྐྱེན་གྱིས་ལས་བསགས་པ་དེ་དག་ནི་ཡུན་རིང་པོར་འཁོར་བ་ན་འཁྱམ་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་སྟེ། དཔེར་ན་ཕྱེ་མ་ལེབ་མེའི་ཕུང་པོར་ཆུད་པ་ལྟ་བུའོ།། འོན་ཏེ་ངེས་ཐ་མལ་པའི་རྟོག་པ་ལྡོག་པས་གྲོལ་བར་འགྱུར་ཞེ་ན། མ ་ཡིན་ཏེ། འཕགས་པ་བྱམས་པས། ཟས་ཆེན་དུག་དང་འདྲེས་ལ་ཞོ་ན་ཞེས་གསུངས་སོ།། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཡང་རུང་བའི་གནས་རྙེད་ན།། ཉོན་མོངས་སྤྲུལ་གདུག་གཡོ་ཅན་གྱི།། ཟིན་པར་འགྱུར་རོ་གང་གི་སེམས།། ་གནས་མེད་དེ་དག་ཟིན་མི་འགྱུར། ཞེས་གསུངས་སོ།། དེ་བས་ན་ཞེན་པས་ཞེན་པ་མི་སྤོང་ཏེ། གཞན་དུ་ན་མེས་ཚིག་པའི་འཕྱོ་མར་བཅུག་པས་སོས་པ་དང་གཤེར་བ་ཆུར་བཅུག་པས་བསྐམས་པ་དང་། ལྟོགས་པ་ཟས་བཅད་པས་འདྲངས ་པ་དང་། སྐོམ་པ་བཏུང་བ་བཅད་པས་ངོམས་པར་ཐལ་བར་འགྱུར་རོ།། གཞན་དག་ན་རི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཀྱི་སྐུའི་བདག་ཉིད་དམ། གཞན་ཡང་རུང་སྟེ། ཤིན་ཏུ་གསལ་བར་མཐོང་ན་དེ་གྲོལ་བར་འགྱུར ་ཞེ་ན། མ་ཡིན་ཏེ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། དཔེར་ན་གསེར་གྱི་གོང་བུ་དེ་བླ་བར་བྱ་བ་ཡིན་ཡང་མེས་རབ་ཏུ་ཚ་བར་གྱུར་ན་ལག་པས་བཟུང་བར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ་གཞི་དེ་ལས་ལུས་ཀྱི་སྡུག་བསྔལ་སྐྱེ་བའི་ཕྱིར་རོ།། དེ་བཞིན་དུ་གཟུགས་ཀྱི་སྐུ་དེ་ཡང་བླང་བར་བྱ་བ་ཡིན་མོད་ཀྱི་འོན་ཀྱང་ཞེན་པར་གྱུར་ན་སྦྱང་བར་བྱའོ་ཞེས་གསུངསོ།། སྒྱུ་མ་ལྟ་བུར་སྣང་བ་ནི་དོན་དམ་པར་སྐྱེ་བ་མེད་པར་མ་གཏོགས ་པར་འབྱུང་མི་སྲིད་པར་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་སོ།། གཞན་ཡང་འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་སྐྱེ་བོ་བླུན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་མ་རྟོགས་ཤིང་ལོག་པར་རྟོགས ་པ་རྣམས་ཡུན་རིང་པོར་འཁོར་བ་ན་འཁྱམ་པ་དག་ལ་ཐབས་སྣ་ཚོགས་ཀྱིས་དྲང་བའི་དོན་དུ་གསུངས་པ་ལ་ཞེན་ནས་ཟབ་མེའི་དོན་ལ་མོས་པ་ཡང་ཟློག་པར་བྱེད་དོ།། འདི་སྐད་ཅེས་འདི་ནི་སྒོམ་དུ་མི་འདོད་རྟོགས་པར་དཀའ། མ ་རྟོགས་ཀྱང་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་གཞན་ཡོད་དེ་གང་ཞེ་ན། མཚན་མ་བསྒོམ་པའོ་ཞེས་ཟེར་ཞིང་གེགས་བྱེད་པ་དེ་དག་ནི་ལྟ་བ་ལོགས་པ་དང་གཞན་གྱི་གེགས་བྱས་པས་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཡང་སྤང ་དཀའ་བ་བསགས་པའི་ཕྱིར། ལྷ་དང་མིའི་ལུས་ཀྱང་མི་འཐོབ་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལྔ་འཐོབ། དེ་སྐད་དུ་ཡང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལྔས། གང་གིས་ཆོས་རྣམས་ཀྱིས་ནི་དེ་བཞིན་ཉིད་མ་ཤེས ་པས་ན་འགྲོ་བ་འཁྱམ་འགྱུར་ཏེ། ཐུགས་རྗེ་ཐབས་ཚུལ་རིག་པ་བརྒྱ་དག་གིས། དེ་དག་རྣམས་ནི་སྟོན་པར་མཛད་པ་ལགས། ཞེས་གསུངས་སོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་གང་ཟག ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་གསུངས་ལ། གང་ཟག་གཞན་གྱི་ནི་བདུད་མཁན་པོ་ལ་སོགས་པའི་ཆ་བྱད་དུ་བྱས་པ་ཡིན་པར་ཡང་གསུངསོ།། དེ་སྐད་དུ་འཕགས་པ་ལྷ་ཡིས་ཀྱང་། གཏི་མུག་གང་གི་བསྒྲིབས་གྱུར ་ཏེ། གང་ཞིག་ཡང་དག་གེགས་བྱེད་པ།། དེ་ལ་འབྲས་བུ་དགེ་བ་མེད།། ཐར་པ་མེད་པ་སྨོས་ཅིང་དགོས་ཞེས་གསུངས་སོ།། དེ་བས་ན་སྐྱེས་བུ་གང་བདག་དང་གཞན་གྱི་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་སྤོང་བར་འདོད་ཅིང་། ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྐུ་གསུམ་དང་ཡེ་ཤེས་བཞིའི་བདག་ཉིད་ཐོབ་འདོད་པར་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ། ཉོན་མོངས་པ་དུག་དང་འདྲ་བའི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་དུག་གི་སྡོང་པོ་ལྟ་བུ་དེ་ཐབས ་ཀྱིས་ཟིན་པའི་ཤེས་རབ་མཚོན་རྣོན་པོ་འདྲ་བ་དེས། སྤང་བའི་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ནི་ཤིན་ཏུ་རྟོགས་པར་བྱ་དགོས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་ཆོས་ཉིད་འདི་ཐོབ ་ནས་སེམས་ཅན་གཞན་དག་ཀྱང་ཆོས་ཉིད་འདི་ཁོ་ན་ལ་རབ་ཏུ་དགོད་དོ་སྙམ་སྟེ་དོན་གང་གི་ཕྱིར་འབད་ཅིང་རྩོལ་བ་དང་། བརྩོན་འགྲུས་རྩོམ་པ་དང་། དཀའ་བ་བརྒྱ་དག་བྱེད་པའི་རིགས་ཀྱི་བུ་དེ་ནི་དེ་བཞིན་ཉིད་ཅེས་བྱའོ་ཞེས ་གསུངས་སོ།། གཞན་དག་ན་རེ་ཆོས་ཉིད་དེ་རྟོགས་པར་བྱ་དགོས་ཀྱང་ལས་དང་པོ་པས་བསླབ་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སེམས་བསྐྱེད་མོ་ཐག་ནས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསླབ་པར་བྱའོ་ཞེས་གསུངས་སོ།། འོན་ཏེ་དེ་ནི་ཐོས་པ་དང་བསམ་པ་ཙམ་ལས་བསླབ་པར་བྱ་བ་ཡིན་ཏེ། བསྒོམ་པའི་དོན་དུ་གསུངས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་མི་ལྟ་སྟེ། ཐོསློ་བ་དང་བསམ་པ ་ཡིན་མོད་ཀྱང་བསྒོམ་པ་ཡང་ཡིན་ཏེ། དེར་དགུག་པའི་ཚིག་ནི་མ་གསུངས་ལ་བསྒྲུབ་པའི་ཚིག་ནི་མང་དུ་གསུངས་སོ།། མངོན་པར་རྟོགས་པའི་རྒྱན་ལས་ཀྱང་ཚོགས་ཀྱི་ལམ་གྱི་སྐབས་སུ་རྣམ་པར་མི་རྟོག་ཏིང་འཛིན་དང་ཞེས ་གསུངས་པ་དང་། བསྒོམ་པའི་རིམ་པ་དང་པོ་མཛད་པ་ལས་ཀྱང་། ཐེག་པ་ཆེན་པོའི་མདོ་སྡེ་ཡིས།། ཚུལ་སྤྱོད་ལས་ནི་དང་པོ་པ།། དེ་ལས་བསམས་ཏེ་བསྒོམས་པ་ཡི།། རིམ་པ་མདོ་ཙམ་བརྗོད་པར་བྱ་ཞེས་གསུངས་ལ། ་དེའི་ལྷག་མཐོང་བསྒོམ་པའི་སྐབས་སུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་ཞེས་གསུངས་སོ།། དེ་ལྟ་བས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་ལས་དང་པོ་པས་ཀྱང་ཤིན་ཏུ་རྟོགས་པར་བྱ་དགོས ་སོ།། དེ་ལ་དེ་རྟོགས་པར་བྱེད་པ་ནི་ལྷག་མཐོང་ལས་གཞན་པ་མ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་ཤེས་རབ་བོ།། དེ་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ ་མཆིས་པ་ལ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པསོ།། ཞེས་གསུངསོ།། དེའི་མཚན་ཉིད་ནི་དབྱེ་བ་ཡིན་ཏེ། དེ་ཉིད་ལྷས་ཤེས་པར་བྱ་བའི ་དོན་དེ་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དེ་ནི་ལྷག་མཐོང་ངོ་ཞེས་གསུངས་སོ།། གཞན་ལས་ཀྱང་ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པའོ།། ཞེས་གསུངས་སོ།། དྲིས་པའི་ཚིག་ནི་འདིར་གཞོན་གྱིས ་མ་རྟོགས་པ་རྟོགས་པ་དང་མ་མཐོང་མཐོང་བ་ནི་ལྷག་མཐོང་ཡིན་ཏེ། དེ་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས། ཞུས་པ་ཆེན་པོ་ལས་ཀྱང་། བཅོམ་ལྡན་འདས་གལ་ཏེ་ཆོས་འགའ་ཞིག་མཐོང་ན་ནི། དེའི་ལྕུག་མཐོང ་མ་ལགས་སོ།། ཞེས་གསུངས་ཏེ། མ་མཐོང་བ་དེ་ནི་མཐོང་བ་རྣམས་ཀྱི་དམ་པ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཆོས་ཀུན་བགྲོ་བ་ལས་ཀྱང་། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས ་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསུངས་སོ།། དེ་ལ་དབྱེ་བ་ནི་གསུམ་སྟེ། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་པོ།། དེ་ལ་དམིགས་པ་ནི་ཐོས་པའི་ཤེས་རབ་ཀྱི་དམིགས་པ་སྒྲ་རང་གི་མཚན་ཉིད་དང་། སྒྲ ་བཀོད་པའི་ཡི་གེ་དག་ལ་དམིགས་ཏེ། མངོན་སུམ་དང་དམིགས་པ་མཚུངས་པའི་ཕྱིར་རོ།། སྒྲ་སྤྱི་དང་དོན་སྤྱི་ལ་ཡང་དམིགས་ཏེ། མངོན་སུམ་ལ་ངེས་པའི་ཤེས་པས་གྲོགས་བྱེད་པའི་ཕྱིར་རོ།། དེ་ལ་ཁ་ཅིག་ན་རེ་ཐོས་པའི་ཤེས ་རབ་ནི་སྒྲ་རང་གི་མཚན་ཉིད་འབའ་ཞིག་ལ་དམིགས་ཟེར་ཏེ། དེ་ལྟ་མ་ཡིན་ནོ།། གང་གི་ཕྱིར་བུམ་པ་ཞེས་ཟེར་བའི་སྒྲ་ཐོས་པའི་དུས་སུ་མགྲིན་པ་ཕྲ་བ་ལ་སོགས་པའི་དོན་མ་ཤེས་ན་མ་ཐོས་པ་དང་འདྲའོ།། དེས་ན་བསམ་པའི་ཤེས ་རབ་གང་གང་ལ་བསྐྱེད། བསམས་པའི་ཤེས་རབ་མེད་ན་བསྒོམས་པའི་ཤེས་རབ་མི་སྐྱེ་སྟེ། དེའི་ཕྱིར་དེ་ནི་ལོག་པར་རྟོག་པ་ཡིན་ནོ།། བསྡམས་པའི་ཤེས་རབ་ཀྱི་དམིགས་པ་ནི་སྒྲའི་སྤྱི་དང་དོན་གྱི་སྤྱིའོ།། ཡང་གཙོ་བོས་ཕྱེ ་ན་ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་པས་རྗེས་སུ་དཔག་པའི་ཤེས་པ་མཐར་ཐུག་པ་དང་མཚུངས་པར་ལྡན་པའི་དམིགས་པ་ནི་དོན་གྱི་སྤྱི་འབའ་ཞིག་གོ།། བསྒོམ་པའི་ཤེས་རབ་ཀྱི་དམིགས་པ་ནི་གཉིས་ཏེ། ་དོན་རང་གི་མཚན་ཉིད་དང་དོན་གྱི་སྤྱིའོ།། དེ་ལ་དོན་རང་གི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་གྱི་མངོན་སུམ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ།། དོན་གྱི་སྤྱི་ནི་སོ་སོའི་སྐྱེ་བོའི་རྗེསུ་དཔག ་བ་སྒོམ་པ་དང་། མཚུངས་པར་ལྡན་པའི་ཤེས་རབ་ཀྱི་དམིགས་པའོ།། དེ་ལ་སྐྱེད་པའི་ཐབས་ནི་གསུམ་སྟེ། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་པོ།། དེ་ལ་རེ་ཞིག་ཐོས་པའི་ཤེས་རབ་བསྐྱེད་པར་བྱའོ།། ་དེ་ལ་ཁ་ཅིག་ན་རེ་ཐོས་པ་བྱ་མི་དགོས་ཏེ། དེ་ནི་གཞན་ལ་སྨྲ་བར་འདོད་པ་ཡིན་ནོ།། སྨྲ་བ་ལ་དགའ་བ་ནི་ལྷག་པའི་བསམ་པ་བསྐུལ་བྱའི་མདོ་ལས། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། འཆི་བའི་དུས་ཚེ་མྱ་ངན་ཆེན་པོ་ལྡང་།། གཏི ་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་ཏེ། སྒྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བས་ན་སྒོམ་པར་བྱེད་ལ་མདོ་སྡེ་བལྟས་བས་ཆོག་ཟེར་ཏོ། དེ་ལྟ་མ་ཡིན་ཏེ། དེ་ནི་རྙེད་པ་དང་བཀུར་སྟིའི་ཆེད ་དུ་སྨྲ་བ་ལ་སོགས་བྲི་གསུངས་པ་ཡི་ན་ཏེ། གཞན་ལ་ཕན་པའི་ཆེད་ངུ་ཆོས་སྨྲ་བ་ཡང་ཕན་ཡོན་ཆེ་བའི་ཕྱིར་དགོས་པ་མེད་པ་མ་ཡིནོ།། དེ་སྐད་དུ། ལྷག་པའི་བསམ་པ་བསྐུལྟ་བའི་མདོ་དེ་ཉིད་ལས། བྱམས་པ་གང་འཐོབ ་པཔ་དང་། བསྐུར་སྟི་མི་འདོད་པར་ཆོས་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། གང་ཞེ་ན་འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དྲང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡོ་ནི། ཤེས་རབ་དང ་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེསུ་རྟོགས་པ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིསྐུ་དེ་ལྔ་བསྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མྱི་མཛའ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། མཛའ་བོ་རྣམས་དང་མི་ཕྱེད་པ ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ལ་ཆོས་ཀྱི་སྦྱིན་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕནྡ་ཡོན་ཉི་ཤུ་པོ་འདི་དགོ་ཞེ ་གསུངས་སོ།། དེ་ནི་བསྟན་པ་འཛིན་པར་ཡང་གསུངས་ཏེ། དེ་འཛིན་བྱེད་པ་སྨྲ་བྱེད་དང་ཞེས་གསུངས་ཏེ། དེ་བས་ན་དེའི་ཆེང་དུ་ཡང་ཐོས་པ་བྱ་དགོས་སོ།། མདོ་སྡེ་བཀླགས་པ་ཙམ་གྱིས་དོན་རྟོགས་པོར་མི་འགྱུར་ཏེ། དེ་བཞིན་གཤེགས་པཱ ་དགོངས་པ་ཟབ་མོ་ནི་ཤིན་ཏུ་རྟོགས་པར་དཀའོ།། གསུངས་གཅིག་ལ་ཡང་མོས་པ་སྣ་ཚོགས་འཇུག་སྟེ། དེ་སྐད་དུ་གསུང་གཅིག་བཀའ་ནི་གསལ་མོད་ཀྱི། དུ་མ་ཉིད་དུ་སོ་སོར་བརྔས། འདི་བདག་ཁོ་ནྡོའི་ཆེད་ཡིན་ཞེས། ཀུན་གྱིས་དེ ་ལྟར་གང་ར་བྱ་སྟེ་ཞེས་གསུངས་པ་དང་། ལུང་ནི་འདམ་གྱི་ཕྱུར་པ་འདྲ་ཞེས་ཀྱང་གསུངས་ལ། དང་ལྡནྟི་རྐང་བརྒྱང་འདུག། བདེར་གཤེགས་ཉི་མ་འདི། བྲམ་ཟེ་སྐུད་འཁལ་བཞིན། དེ་ཉིད་དངོས་ལས་རིང་ཞེས་གསུངས་སོ།། གཞན་ཡང ་ལིས་དང་པོ་བས་མདོ་སྡེ་བཀླགས་པ་ཙམ་གྱིས་དོན་ཟབ་མོ་གོ་ན་དགེ་བའི་གཤེས་གཉེན་སྲོག་གི་ཕྱིར་ཡང་མི་བཏང་ཞེས་གསུངས་པ་དང་། ཡང་འགལ་ལ། ཀློག་མཁན་ཀུན་ཀྱང་སྡེ་སྣོད་གསུམ་པར་ཐལ་བར་འགྱུར་རོ།། དེ ་བས་ན་སངས་རྒྱས་ཆོས་ནི་ཚུལ་འདོད་ན། ཐོས་པ་མང་པོའི་མི་ཕྱིར་འབྲེངས་ཞེས་གསུངས་པས་དགེ་བའི་བཤེས་གཉེན་བསྟེན་ཅིང་དེ་ལས་ཐོས་པ་མང་པོ་བྱ་བ་ནི་ཤིན་ཏུ་ཡང་། གཅེས་སོ།། དེའི་ཕན་ཡོནྡྲ་ནི་སྲེད་མེད་ཀྱི་བུས ་ཞུས་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ།། ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ།། ཉོན་མོངས་པ་མེད་པ་ལ་བདུད་ཀྱི་གླགས་མི་སྐྱེད་དོ།། ཞེས་བྱ་བ་ལ ་སོགས་པར་རྒྱས་པར་གསུངས་ནས་བྱང་ཆུབ་སེམས་པ་ཆོས་འདོད་པ་དྲི་མ་མྱེད་པའི་གཟི་བརྗིད་ཅན་གྱིས་ཐོས་པའི་ཚོགས་ལ་མངོན་པར་བརྩོན་པར་བྱའོ།། ཞེས་བྱ་བའི་བར་དུ་གསུངས་སོ།། དེ་ལྟ་བུས་ན་ཕྱིན་ཅི་མ་ལོག་པར་སྟོན་པའི ་དགེ་བའི་བཤེས་ལས་ཐོས་ནས་དེའི་དོན་ལ་ལེགས་པར་བསམས་ན་སྒོམ་པ་ལ་འཇུག་གི་གཞན་དུ་ན་མ་ཐོས་ན་ཅི་ཞིག་བསམ། མ་བསམས་པར་ཅི་ཞིག་བསྒོམ་སྟེ། རྒྱུ་མེང་བའི་འབྲས་བུ་མི་སྲིད་པའི་ཕྱིར་རོ།། དེ་བྱས་ན་སློབ ་དཔོན་ཀཱ་མ་ལ་ཤཱི་ལས་བསྒོམས་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང་། ལྷག་མཐོང་གཱ་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། མཱང་དུ་ཐོས་པ་ཡོངསུ་བཙལ་བ་དང་ཞེས་བྱ་བ་ལ་སོགས་པོ་གསུངས་སོ།། ཡང་ཁ་ཅིག ་ན་རེ་ཐོས་པ་ཁོ་ན་བྱེ་སྟེ། ཚུལ་ཁྲིམས་ནི་བཏང་སྙོམས་སུ་བཞག་གོ།། དེ་ཅིའི་ཕྱིར་ཞེ་ན། མིའི་ལུས་ནི་བསྙེན་གོནས་ཙམ་གྱིས་ཀྱང་འཐོབ་པའི་ཕྱིར། དགེ་སློང་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཆེད་དུ་འབང་བ་དོན་མེད་དོ།། ཞེས ་ཟེར་ཏེ། དེ་ལྟར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་པར་མདོ་སྡེ་མཐའ་དག་ལས་གསུངས་ལ། དེའི་རྩ་བ་ནི་དགེ་སློང་ཡིན་ཏེ། དེ་ལ་དོན་མེད་ན་སྤང་བར་བྱ་བ་ཡིན་པས། དེ་སྤངས ་ན་རྩ་བ་ཆད་པས་སོ་སོར་ཐར་པ་རིགས་བདུན་ཀ་སྤངས་ཏེ། དེ་ན་བདེ་འགྲོ་ཐམས་ཅད་སྦྱངས་པ་ཡིན་ནོ།། དེ་སྤངས་པས་བྱང་ཆུབ་སྒྲུབ་པའི་རྟེན་མེད་པའི་ཕྱིར་བྱང་ཆུབ་ཇི་ལྟར་སྒྲུབ། དེ་བས་ན་དྲི་སྐད་སྨྲ་བ་དེས་ནི་མཐོ་རིས་དང ་ཐར་པ་མཐའ་དྲུག་སྦྱངས་པ་ཡིན་ནོ།། འོན་ཏེ་བསྙེན་གནས་ཁས་བླངས་པ་མྱ་སྤངས་སོ།། ཞེ་ན། དགེ་སློང་མེད་པར་དེ་ཡང་མི་འོས་པ། མི་ལུས་ཐོབ་པ་ཁོ་ནས་ཀྱང་མི་ཆོག་སྟེ། འདི་ནི་ཁ་ཅིག་འཕེན་པར་བྱེད་བུའི ་ལས་ཀྱིས་མིའི་འགྲོ་བར་སྐྱེས་ཀྱང་རྫོགས་པར་བྱེད་པའི་ལས་གཞན་པས་ཆོས་ལ་འཇུག་མི་ནུས་པ་དག་སྣང་སྟེ། དེ་ལྟ་བུའི་མི་ལུས་ཀྱིས་བྱང་ཆུབ་ཇི་ལྟར་སྒྲུབ། དེ་བས་ན་བདེ་འགྲོ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ཚུལོ་མ ་ཁྱད་པར་ཅན་སྒྲོག་དང་འདྲ་བར་བསྲུང་དགོས་སོ།། གཞན་དུ་འདུས་བྱས་དག་ལས་ཐུར་པ་རཱ་མི་ནཱིས་ཤཱི་། ནཻ་བ་དདྱ་རྐེ་བ་དང་འཆི་བ་དག་གོས་ཤིན་ཏུ་མས་སོ།། དེ་སྐད་དུ། འཕགས་པ་ཏཱིང་ངེ་འཛིན་གྱི་རྨྱི་ལོ ་ལོས་ཀྱང་། མི་ཞིག་ཆོམ་རྐུན་མང་པོས་རབ་བཅོམ་པས། འཚོ་བར་འདོང་པས་འབྲིས་ཤིང་འགྲོར་བརྩོལ་ན། དེ་ཡི་རྐང་པ་འགྲོ་ཞིང་རྒྱུག་མ་ནུས། ཆོམ་རྐུན་ངག་གིས་དེ་བཟུང་བཅོམ་པ་ལྟར།། དེ་བཞིན་ཚུལ་ཁྲིམས་ཉམས ་པ་སྨོས་པའི་མི།། འདུས་བྱས་དག་ལས་འབྲོས་པར་འདོད་མོས་ཀྱི།། ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མི་ནུས།། ནཱ་རྒ་འཆི་བ་དག་གིས་ཤིན་ཏུ་འཇོམས་ཞེས་གསུངསོ།། འོན་ཏེ་ཤེས་རབ་ཆུང་ངུ་ཐོས་པ ་མེད་པ་རྣམས་ཀྱིས་ཚུལ་ཁྲིམས་ཉམས་ན་དཱནྡྲ་འགྲོར་མྱེ་སྟེ། ཤེས་རབ་ཆེ་བ་ཐོས་པ་མང་བས་ཚུལ་ཁྲིམས་ཉམས་ཀྱང་། ངན་འགྲོར་མི་འགྲོའོ་ཞེ་ན། དེ་ནི་བདེན་ཏེ་མཁས་པས་ལྟུང་བ་བཤགས་པ་དང་བསྡམསྔོ་པ་བྱས ་ན་ངན་འགྲོར་མི་ལྟུང་།། དེ་སྐད་དུ། ལྕགས་ཀྱི་རི་ལུ་ཆུ་ངོ་ཡང་རྒྱ་མཚོའི་གཏིང་དུ་འགྲོ། དེ་ཉིད་སྣོད་དུ་བྱས་ན་སྟེང་ན་འཕྱོ་བ་བཞིན། དེ་བཞིན་མི་མཁས་སྡིག་པ་ཆུང་ངུ་བྱས་ཀྱང་ངན་འགྲོར་འགྲོ། མཁས་པས་སྡིག་པ་ཆེན ་བོ་བྱས་ཀྱང་ལྟུང་མི་འགྱུར་ཞེས་གསུངས་སོ།། དེ་བས་ན་སྣོད་དུ་བྱས་པ་དང་འདྲ་བར་བཤགས་པ་དང་བསྡམས་པ་བྱོས་ན་མི་ལྟུང་བ་ཡིན་གྱིས་ཐོས་པ་དང་ཤེས་པ་ཙོམ་གྱིས་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཏིང་ངེ། ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ཆོས་ཀྱི་རྣམས་གྲངས་ཇི་སྙེད་མང་པོ་ཆུབ་བྱས་ཀྱང་། ཐོས་པས་རྒྱགས་ཤིང་ཚུལ་ཁྲིམས་སྲུང་བར་མི་བྱེད་ན། ཚུལ་ཁྲིམས་ཉམས་པ་དེས་ན་ངན་འགྲོར་འགྲོ་འགྱུར་ཏེ། མང་དུ་ཐོས་པ་སྣ ་དེ་ལ་ཐོས་པས་སྐྱོབ་མི་ནུས། ཞེས་གསུངས་སོ།། འོ་ན་མང་དུ་ཐོས་པ་དང་ཚུལ་ཁྲིམས་དག་པས་ལྟོ་བའི་ཆེད་དུ་རྩོད་པ་ལ་སོགས་པ་ཉོན་མོངས་པས་ལོག་པར་ལྟུང་མི་ནུས་སོ།། ཞེ་ན། དེ་ལྷ་མ་ཡིན་ཏེ། འཕགས་པ་ཏིང ་དེངེ་འཛིན་མཆོག་དམ་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ངས་སྔོན་དུ་དྲན་པ་སྔོན་འདས་པའི་དུས་ན་ང་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ་དཔལ་དང་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ ་དཔལ་ཡོད་ཅེས་སྨྲ། ད་ནི་མེད་དོ་ཞེས་སྨྲ་སྟེ། ཡོད་མེད་གཉིས་ཀྱིས་བདེན་པ་ལ་རྩོད་པར་གྱུར་ཏེ། གཅིག་ཏུ་མ་ཚང་ངོ་།། མཐའ་ཚེ་འཕོས་ནས་ངན་སོང་གསུམ་ཏུ་ལྟུང་སྟེ། བསྐུལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར ་གྱུར་ཏོ་ཞེས་གསུངས་སོ།། དེ་ཉིད་ལས་མང་དུ་ཐོས་པའི་མི་ནི་རི་འམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ།། དེ་ལྟར་ང་རྒྱལ་གྱི་སེམས་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དམྱལ ་བཻ་དེ་ལས་ཐར་ནས་ཡང་འདབ་ཆར་ཀྱི་བྱེར་སྐྱེ་བར་འགྱུར་ན་མང་དུ་ཐོས་པ་ལ་ཕན་ཡོན་ཅི་ཡོད་ཅེས་གསུངས་སོ།། དེ་ལྟ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ལྡན་པས་ཐོས་པ་ལ ་བདག་དང་གཞན་གྱི་དོན་དུ་འབད་པོར་བྱ་ཞིང་ཉོན་མོངས་པའི་རྐྱེན་གྱིས་རྩོད་པར་མི་བྱ་སྟེ། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཚུལ་ཁྲིམས་བསྲུང་ཞིང་དེ་ཡིས་སྐེམས་མི་བྱ། ཆོས་རྣམས་མཱཉན་ཅིང་དེ་ཡིས ་མི་སྙེམས་ཏེ།། གང་གི་ཤེས་རབ་ཆུང་ངུ་དེ་སྙེམས་པ།། རྩ་བ་དེ་ལས་དེ་ཡི་སྡུག་བསྔལ་འཕེལ་ཞེས་གསུངས་སོ།། ཅི་ཞིག་ཐོས་པར་བྱ་ཞེ་ན། འདིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པོའི་ལུང་ངེས་པའི་དོན་གྱི་མདོ་སྡེ ་དང་དེ་གཏན་ལ་འབེབས་པ་རིགས་པ་སྒྲོན་མ་ལྟ་བུ་ཐོས་པར་བྱའོ།། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྤྱོད་བ་བདེ་བར་གཤེགས་པས ་བཤད་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས།། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན།། ཆོས་དེ་དག་ཐམས་ཅད་དྲང་བའི་དོན་དུ་བསྟན་ཞེས་གསུངས་སོ།། དེ་ཉིད་ལས་ངེས་པའི་དོན་གྱིས་མདོ་སྡེའི་དབང་དུ་བྱས་ནས་གསུངས ་གྷ། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱོང་བ་དང་།། འཇིག་རྟེནྡྲ་ཐམས་ཅད་ན་མཁར་གྱུར་པའི་ཚེ།། ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། འཇིག་རྟེན་འདི་ན་ཇི་སྙེད་ཅི་ཡོད་པ།། ཆུ ་ཡི་ཕུང་པོ་འདི་ནི་འོག་ཏུ་འགྲོ། འོག་ཏུ་ཇི་འདྲ་སྟེང་དུའང་དེ་བཞིན་ཏེ།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིསོ།། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས།། རྐང་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་།། ཐོག་མྱ་གང་ལས་བྱུང ་ཤེས་པར་བྱ།། དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས།། དེ་བཞིན་གཤེགས་པ་མྱ་ངན་འདས་པ་དག། ཇི་ལྟར་ཡིད་ལ་བྱས་བཞིན་གཟུགས་བརྙན་སྣང་།། སྔོན་མཐའ་ཇི་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། ཆོས་རྣམས་ཟླུམས ་ཅད་དེ་བཞི་མ་ཤེས་པར་གྱིས།། ཇི་ལྟར་དབུ་བ་དང་པོ་རྡོས་པ་དག། ཆུ་བོས་ཁྱེར་བ་སྐྱེས་བུས་ངེས་མཐོང་ནས།། དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང་།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་ཆར་འི་ཐིགས ་ཆེན་བབ་པ་ན།། ཆུང་ངུའི་ཆུ་བུར་དག་ནི་ཐ་དད་འབྱུང་།། བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་སྤྲིང་ཡིག་གྲོང་གཞན་བསྐུར་བ་ལས།། དགེ་དང་མི་དགེའི་བྱ་བ་སོ་སོར་འབྱུང་།། སྒྲ་ལས ་སྤྲིང་ཡིག་ཏུ་ཡང་འཕོས་པ་མེད།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་མི་དག་ཆང་གིས་མྱོས་ནས་ནི།། ས་འདི་ཀུན་ཏུ་འཁོར་སྐམ་བྱེད་མོད་ཀྱི།། ས་འདི་འགུལ་ཞིང་གཡོས་པ་མེད་པ་ལྟར།། ཆོས་རྣམས་ཐམས ་ཅད་དེ་བཞིན་ཤེས་པར་གྱིས།། མེ་ལྡོང་ངོས་དང་འབྲུ་མར་སྣོད་རྣམས་ལས།། བུད་མེད་ཁ་བཞིན་བརྒྱན་པས་ལྟོས་པ་ན།། བྱིས་དེ་ནི་དེ་ལ་ཆགས་བསྐྱེད་ནས།། འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུ་ག། བཞིན་ནི་དེར་ཡང་འཕོས ་པ་མ་ཡིན་ཏེ།། གཟུགས་བྱུནྡྷནྟ་ལཱ་ནཱི་ནམྦ་ཡང་བཞིན་མི་རྙེད།། རྨོངས་པ་དེ་དག་འདོད་ཆགས་བསྐྱོད་པ་ལྟརཱི།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་སྨིག་རྒྱུ་དྲི་ཟིའི་གྲོང་ཁྱེར་དང་།། རྒྱུ་མ་ཛ་བཞིན་རྨི་ལམ ་ཇི་ལྟ་བུར།། མཚན་མི་བསྒོམ་ཇོ་བོ་ཉིད་ཀྱིས་སྟོང་།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་ན་མཁའ་དང་བར་ཟླ་བྱེར་བ།། དེ་ཡི་གཟུགས་བརྙན་དང་བའི་མཚོར་སྣང་སྟེ།། ཟླ་བ་ཆུ་ཡི་ནང་དུ་འཕྲོས་པ་མེད། ་ཆོས་ཀུན་མཚན་ཉིད་དེ་ལྟར་ཤེས་པར་གྱིས།། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས།། གླུ་ལེན་སྒྲ་དང་རྒོད་དང་རྩེ་བ་ལས།། བྲག་ཅ་ཐོས་ཀྱང་སྣང་བ་མེད་པ་ལྟར།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། གླུ་དང ་རོལ་མོ་དེ་བཞིན་དུ་བ་ཡང་།། དེ་ལ་བརྟེན་ནས་བྲག་ཅ་འབྱུང་མོད་ཀྱི།། སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ།། སྐྱེས་བུ་སང ་པར་གྱུར་ནས་མི་མཐོང་སྟེ།། བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ།། རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས།། དེ་ལ་ཇི་ལྟར་སྣང ་བ་གང་ཡང་མེད།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན།། བུ་ཕོ་བྱུང་ཞིང་ཤི་བོ་དེས་མཐོང་ནས།། བྱུང་ནས་དགའ་ཞིང་ཤྲཱི་ནས་མི་དགར་འགྱུར།། ཆོས་རྣམས་ཐམས་ཅད ་དེ་བཞིན་ཤེས་པར་གྱིས།། ཇི་ལྟར་མཚན་མ་ཆུ་ཡི་ཟླ་བ་དག། དང་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་།། ཐོག་མ་གད་ནས་བྱུང་ཞིང་གང་དུ་འགྲོ།། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།། ཞེས་གསུངས་སོ།། དོན་དམ་པར ་ན་མཁའ་ལྟ་བུ་དང་། ཀུན་རྫོབ་ཏུ་རྒྱུའི་ཟླ་བ་ལྟ་བུ་ནི་ངེས་པའི་དོན་ཡིན་པས། དེ་མ་ཤེས་པ་རྣམས་ལ་དེ་བཞིན་གཤེགས་པ་གསུང་བར་རོགས་ནུ། དྲང་བའི་དོན་དེ་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟ་མ་ཡིན་ཏེ། དེ་བཞིན ་ཤིགས་པ་ནི་དགོས་པོ་དེང་དགོངས་པ་མེད་པ་ཅུང་ཟད་ཡང་མི་གསུང་སྟེ། དེ་ལ་དགོས་པ་ནི་སེམས་ཅན་ཁཆོག་འདི་སྐད་ཅེས་མ་ནི་ཚིལ་བདེ་ཚོ་ཅིག། ཤི་ནས་དེ་མི་སྤྱོད་ཡུལ་མེད། ལུས་ཀྱང་ཐལ་བ་བཞིན་གྱི ་ནས། སླར་སྐྱེ་བ་དགུ་ག་ལ་ཡོད་ཅེས་ཟེར་བ་དེ་དག་གི་རྟོག་པ་བཟློག་པའི་ཕྱིར་སྲིད་པ་བར་མའི་སེམས་ཅན་ལ་དགོངས་ནས་བརྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་བས་ན་ལེ་ལོ་ཅན་ཁ་ཅིག་དགེ་བ ་ལ་བརྩོན་པར་བྱ་བའི་ཆེད་དུ་ཕུང་པོའི་རྒྱུན་ལ་དགོངས་ནས་བདག་ཡོད་དོ་ཞེས་གསུངསོ།། དེ་བས་ན་འགལ་བ་མེད་དོ།། དེ་ལ་རིགས་པས་བསྟན་པར་བྱས་ན་ལུང་གི་དོན་གུད་དུ་བཀྲི་བར་མི་ནུས་ཏེ། དེ་བས་ན་གང་ཟག་ལ་བདག་མེད ་པ་དང་ཆོས་ལ་བདག་མེད་པ་སྟོན་པའི་རིགས་པ་ཐོས་པར་བྱའོ།། དེ་གཉིས་གཏོགས་པར་ཐག་པ་ཆེན་པོའི་ཟབ་མོའི་དོན་རྟོགས་སམ་ཞེ་ན། ཤིན་ཏུ་རྟོགས་པར་གསུངས་ཏེ། དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལྔ། ་བདག་མེད་གཉིས་ཀྱི་དངོས་པོར་ནི།། ཐེག་པ་ཆེན་པོ་མཐའ་དོག་བསྡུས་ཞེས་གསུངས་སོ།། དེ་ལ་གང་ཟག་ལ་བདུག་མེད་པའི་རིགས་པ་ནི་འཕགས་པ་ཀླུ་བསྒྲུབ་ཀྱིས་ག་ལས་འཇིགས་མང་ལས། གལ་ཏེ་གང་ཟག་འཁོར་ཞེ་ན། ་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ།། དེ་ནི་རྣམ་པ་ལྔས་བཙལ་ན།། མེད་ན་གང་ཞིག་འཁོར་བར་འགྱུར།། གལ་ཏེ་གང་ཟག་འཁོར་བར་སེམས་ན་དེ་ནི་ཚེ་ཤིན་ཏུ་མི་འཐུད་དེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕུང་པོ་དང་ཁམས་དང ་སྐྱེ་མཆེད་རྣམས་དེ་དག་ཉིད་དམ། དེ་དག་ལས་གཞན་ནམ། དེ་ལ་དེ་དག་ཡོད་དམ། དེ་དག་ལ་དེ་ཡོད་དམ། དེ་དག་དང་ལྡན་ནམ་ཞེས་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་ཏེ། དེ་མེང་ན་གང་ཞིག་འཁོར་བར་འགྱུར་ཞེས་གསུང་སོ།། ། ་ཆོས་ལ་བདག་མེད་པ་རིགས་པ་ནི། སློབ་དཔོན་དཔལ་སྦྲུས་ཀྱི་དེ་ཁོ་ན་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན།། ཡང་དག་དུ་ན་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན་ཉིད།། བྲལ་བའི་ཕྱིར་ན་གཟུགས ་བརྙན་བཞིན།། གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་དོན་དམ་པར་ན་རང་བཞིན་མྱེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ།། ཕྱི་རོལ་དང་ནང་ན་གནས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱང་། གཅིག་དང་དུ་མ ་དང་བྲལ་བའི་ཕྱིར་རང་བཞིན་མེད་དོ་ཞེས་གསུངས་སོ།། རིགས་པ་དེས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་འདིར་རེ་ཞིག་ཆོས་ལ་བདག་མེད་པོ་སྟོན་པའི་རིག་པར་བཟུང་ངོ་།། དེ་ལ་ཆོས་གཟུགས་ཅན་ཕྱི་རོལ་ལྟ་བུར་སྣང་བ ་འདི་དག་སེམས་ལས་ལོགས་ཤིག་ན་ངོ་བོ་ཉིད་ཀྱི་གནས་པ་ཡིན་ནམ། འོན་ཏེ་སེམས་ཉིད་དེ་ལྟར་སྣང་སྟེ། རྨི་ལམ་གྱི་གནས་སླེབས་ན། གྲོང་དང་རི་དང་མི་ལ་སོགས་པ་སྣང་བ་ལྟ་བུ་ཡིན་ཞེ་ན། སེམས་ཉིད་སྣང་བར་བཟུང ་སྟེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས་འཕགས་པ་ལ་ཀར་གཤེགས་པ་ལས། དོན་ཡིད་མ་ཡིན་སེམས་ཉིད་དེ།། ཕྱི་རོལ་དོན་མཐོང་ལོག་པ་ཡིན།། རིགས་པ་སྣ་རྣམ་པར་ལྷ་རྣམས་ཀྱི།། གཟུང་དང་འཛིན་པ ་འགག་པར་འགྱུར་ཞེས་གསུངས་སོ།། འཕགས་པ་ལྷ་ཡིས་ཀྱང་། སྲིད་པའི་རྩ་བ་སེམས་ཉིད་དེ།། ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ།། ཡུལ་ལ་བདག་མེད་མཐོང་ནས་ནི།། སྲིད་པའི་རྩ་བ་སེམས་ལྡོག་གོ།། ཞེས ་གསུངས་སོ།། ཚིག་དེ་དག་ནི་དོན་ནི་མཁས་པ་ཚིག་ལ་མངའ་བརྙེས་པ་རྣམས་ཀྱིས་ཀྱང་ཕྱིན་ཅི་མ་ལོག་པར་ལན་སྟོང་དུ་བཤད་ཟིན་ནོ།། འོ་ན་འདིར་སྨོས་ཅི་དགོས་ཞེ་ན། བདེན་ཏེ་འོན་ཀྱང་ལས་དང་པོ་པ་ཐོས་པ་ཆུང་བ།། དགེ་བའི་བཤེས ་གཉེན་གྱིས་མ་ཟིན་པ། རང་གི་དད་པ་དང་བརྩོན་འགྲུས་ཆུང་ཟད་ལ་བརྟེན་ནས་སེམས་གནས་པ་ཅུང་ཟད་བྱུང་བས་མཁས་པའི།། ཚིག་སྒྲོན་མ་ལྟ་བུ་ལ་ཞེ་སྡང་ཞིང་གཞན་ཡང་འདི་སྐད་ཅེས་ཚིག་ལ་ཕན་ཅི་ཡོད།། དེ་ནི་ཆོས་ཀྱི་ནང་ན་འདུག། ་པ་ཙམ་ཡིན་ཏེ། དེས་ཕན་མི་ཐོགས་ཏེ་ངས་ཉམས་སུ་མྱོང་བ་འདི་ཡིན་ཟེར་ནས། དོན་དང་མ་འབྲེལ་བའི་ཚིག་གིས་རློམ་པར་བྱེད་ཅིང་འདི་གར་སོང་སོང་དུ་མ་སྟོན་ཅིག། སྐུར་པ་འདེབ་སུ་འོང་ངོ་ཞེས་ཟེར་ཏེ། དེ་ལ་ཁྱིམ་པ་དང་རབ་ཏུ ་བྱུང་བ་དྲང་པོའི་རང་བཞིན་ཅན་མགུ་བར་བྱེད་དེ། དེ་དག་གི་བསྔགས་པ་བརྗོད། མཁས་པ་དག་གི་ནི་བཏང་སྙོམས་བཞག་པས་ང་རྒྱལ་སྐྱེས་ནས་རང་གི་རྣལ་འབྱོར་ཡང་ཉམས་པར་འགྱུར། གཞན་དེའི་རྗེས་སུ་སྒྲུབ་པ་ཡང་ཇི་སྐད་ཟེར ་བ་བཞིན་དུ་བསྒྲུབ་ཀྱང་ལོགས་པར་སྒྲུབ་པར་འགྱུར་རོ།། དེ་སྐད་དེ། སློབ་དཔོན་ཐོགས་མེད་ཀྱིས་དེ་ལ་ལོག་པར་སྒྲུབ་པར་བྱས་པའི་རྣལ་འབྱོར་ཉམས་པ་ནི། འདི་ལྟར་འདི་ན་ལྷ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན་རྣལ ་འབྱོར་ཐོབ་བོ་མོ་འགྱུར་ཞིང་། རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་བ་སྟེ། འདི་ལྟར་ལ་ཉོན་མོངས་པ་མང་པོ་དང་། འདོད་ཆགས་ཆེ་བའི་རང་བཞིན་ཅན་ཡིན་ལ། རྣམ་པར་ཤེས་པ་སྦྱིན་པ་དང་། བློ་རྣོ་བ་དང་ལྷན་ཅིག ་སྐྱེས་པའི་བློ་དང་ལྡན་པ་ཡིན་ཏེ། དེ་ཐོས་པ་ཉུང་ངུ་འམ། མང་པོ་ཡང་འཛིན་པར་བྱེད་ཅིང་ཐོས་པ་ཀུན་ཆུབ་པར་ཡང་བྱེད་ལ། དགོན་པར་གནས་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་དྲུང་པོ་དང་། དྲང་པོའི་རང་བཞིན་ཅན་དག་འོང ་ཤིང་ལྷགས་པ་རྣམས་ལ་ཆོས་སྟོན་པ་དང་། ཚུལ་འཆོས་པའི་རྗེསུ་སྤྱོད་པའི་ལུས་དང་ངག་དང་ལྗོན་པའི་སྤྱོད་པར་སེམས་མགུ་བར་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དེ་ལ་རྙེད་པ་དང་བཀུར་སྟིའི་ཚོགས་འབྱུང་ཞིང་། དེ་བསོད་ནམས་ཆེ་བ ་དང་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་རྣམས་རྙེད་པ་ཡིན་པར་ཤེས་ཤིང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དེད་དཔོན་གྱི་བར་དག་ལ་ཡང་དགྲ་བཅོམ་པ་ཡིན་པར་གྲགས་ཤིག། བསྐུར ་སྟིར་བྱེད་བླ་མར་བྱེད་པ་དང་། ཉན་ཐོས་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཀྱང་དེའི་རྗེསུ་འབྲང་བར་འགྱུར་ཏེ། རྗེས་སུ་ལྷགས་པ་དག་ལ་ཞེན་པ་བསྐྱེད་ཅིང་། མང་པོ་བསྡུ་བའི་ཕྱིར་འཇུག་པར་བྱེད་པས་དེ་འདི་སྙམ་དུ་སེམས། བདག་གི ་ཉན་ཐོས་ཁྱིམ་པ་དག་དང་རབ་ཏུ་བྱུང་བ་དག་བདག་དགྲ་བཅོམ་པ་ཡིན་པར་གྲགས་པ་ཡིན་པར་ཡིད་ཆེད་པ་དེ་དག་ལྷགས་ཏེ། གལ་ཏེ་བདག་ལ་རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ཞི་གནས་དང་ལྷགས་མཐོང་གི་དྲི་བར་གྱུར་ན་དེ ་དག་ལ་བདག་གི་མི་ཤེས་སོ།། ཞེས་དྲིས་པའི་ལེན་བཏབ་པར་གྱུར་ན། དེ་ལྟར་ན་བདག་དགྲ་བཅོམ་པར་དགྲགས་པ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ཉམས་པོར་འགྱུར་བས་བདག་གི་རང་ཉིད་ཀྱིས་བསམས་ཤིང ་གཞལ་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་བཞག་པར་བྱའོ་སྙམ་ནས་དེ་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དོན་དེ་ཉིད་ཀྱི་དབང་དུ་བྱས་ཏེ། གཅིག་ཏུ་དབྱེན་པར་སོང་ནས་རང་ཉིད་ཀྱིས་བསམས་ཤིང་གཞན་ལ་ཉེ་བར་བརྟགས་ཏེ། ་རྣལ་འབྱོར་རྣམ་པར་འཇོག་པར་བྱེད་དོ།། དེ་ཡི་རྣལ་འབྱོར་དེ་ཡང་མདོ་སྡེ་ལ་མི་འཇུག་འདུལ་བ་ལཾ་ཡང་དག་པར་མི་སྣང་ཞིང་། ཆོས་ཉིད་དང་འགལ་བ་ཡིན་ཏེ། དེ་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་གང ་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་གྱི་གནས་དེ་འཆབ་པར་བྱེད་ཅིང་སྟོན་པར་མི་བྱེད་དེ་ཉན་ཐོས་ཀྱི་ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་དེ་གས་ངོ་ཞེས་སྒོ་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འཛིན ་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དེ་དག་གི་རྣལ་འབྱོར་གྱི་གནས་དེ་ཐོས་ནས་མདོ་སྡེ་ལ་འཇུག་པར་གྱུར་ན། དེ་ཡང་འཇུག་པར་འཇུག་པ་མ་ཡིན་པ་དང་། འདུལ་བ་ལས་ཡང་དགོ་པར་སྣང་བར་འགྱུར་ན། དེ་ཡང་ཡང ་དག་པར་སྣང་བར་འགྱུར་བ་མ་ཡིན་པ་དང་། ཆོས་ཉིད་ཀྱིས་ཉེ་བར་རྟོགས་པར་འགྱུར་ན། དེ་ཡང་ཆོས་ཉིད་དང་འགལ་བར་འགྱུར་བས་གཞི་དེས་དེ་དག་དགའ་བར་མི་འགྱུར་ཞིང་། མི་དགའ་བའི་ཚིག་གི་བདག་ལྕེ་སྐུར་བར་འགྱུར་ཏེ། དེ་ལྟ་ན ་བདག་ལ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཕྱུག་པོ་དང་ཚོང་དཔོན་གྱི་བར་དག་གིས་བསྙེན་བཀུར་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར་ཞིང་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་ཡོ་བྱད་ཀྱང ་རྙེད་པར་མི་འགྱུར་བ་ནི་མི་རུང་ངོ་སྙམ་པའི་ཕྱིར་དེ། དེ་རྙེད་པ་དང་བཀུར་སྟི་འདོད་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ་འདུ་ཤེས་དང་འདོད་པ་བསྒྱུར་ནས་ཆོས་མ་ཡིན ་པ་ཆོས་ཀྱི་སྒོ་ནས་སྟོན་ཅིང་ཡང་དག་པར་སྟོན་པར་བྱེང་ངོ་།། དེ་ལ་དེའི་ལྟ་བ་དང་མཐུན་པ་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་ཆོས་མ་ཡིན་པ་ལ་ཆོ་སུ་འདུ་ཤེས་པ་ཡིན་ཏེ། དེ་དག་ནི་སྨན་པ་དང་། རྨོངས་པ་ཡིན་པའི་ཕྱིར ་ཆོས་མ་ཡིན་པ་ལ་ཚྭ་སུ་འདུ་ཤེས་པ་ཡིན་པས། ཇི་ལྟར་གདམས་པ་བཞིན་དུ་སྒྲུབ་པར་བྱེད་ན་ཡང་ལོག་པར་སྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལོག་པར་སྒྲུབ་པས་བྱས་པའི་རྣལ་འབྱོར་ཉམས་པ་དེ་ལྟ་བུ་དམ་པའི ་ཆོས་ནུབ་པར་བྱ་བའི་ཕྱིར་དམ་པའི་ཆོས་ལྟར་བཅོས་པ་ཡིན་གྱི། དམ་པའི་ཆོས་ནི་མ་ཡིན་ནོ།། དེ་ལྟར་ན་རྣལ་འབྱོར་ཉམས་པ་བཞི་པོ་དེ་དག་ནི་དགེ་སློང་བསམ་གཏན་པཾ་རྣལ་འབྱོར་སྤྱོད་པས་ཡོངས་སུ་ཤེས་པར་བྱ་བ ་དང་ཡོངས་སུ་སྤོང་བར་བྱ་བ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟ་བས་ན་མཁས་པའི་ཚིག་སྟོང་པ་ཉིང་སྟོན་པ་སྒྲོན་མ་ལྟ་བུ་ནི་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ཏེ་དེ་ནི་ཐོས་པར་ཤིན་ཏུ་གཅེས་སོ།། དེ་བཞིན་དུ་ཆོས་ཀུན་བགྲོ་བ་མས ་བྱང་ཆུབ་སེམས་དཔའ་ན་མཁའ་མཛོད་ཀྱི་གང་སྟོང་པ་ཉིད་ཁོང་དུ་ཆུད་པ་བགྱིད་པའི་ཚིག་དེ་ནི་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་གསུངས་སོ།། དབུ་མའི་རྐྱེན་ལས་ཚིག་མ་རྟོགས་པར་རྟོགས་པར་བྱ་བའི་ཐབས་གཞན ་མེད་ལ་ཞེས་གསུངས་སོ།། འོ་ན་མདོ་སྡེ་ལས་ཚིག་གི་དག་པས་བྱང་ཆུབ་འཚུང་མི་རྒྱ། ནན་ཏན་སྙིང་པོར་བྱེད་ལ་དགའ་མ་ཡིན་ཞེས་གསུངས་པ་དང་། བདག་ནི་ཚིག་ལ་གཙོར་འཛིན་མ་ལགས་ཏེ་ཞེས་གསུངས་པ་ཞེ་ན། དེ་ཡང ་ཚིག་ཁོ་ན་ལས་ཞན་ནས་བསམས་པ་དང་བསྒོམ་པར་མི་བྱེད་པ་དྲི་དགག་བུའི་ཆེད་དུ་གསུངས་ཀྱི་མདོ་སྡེ་མཐའ་དག་ལས་ཚིག་ཐོས་པར་མི་བྱ་བ་ནི་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྟན་པ་འདི་ནི། སྒྲའི་སྒོ་ནས་ཆོས་སྟོན་པ་ཡིན ་པའི་ཕྱིར་རོ།། དེ་ལྟ་བྱས་ན་མུན་པའི་ནང་དུ་གསེར་གཏོར་བ་ལ་སྐྱོན་ཤིང་གི་རྩེ་མོ་ལེ་མེ་འབར་བའི་ཕུང་པོ་ཆེན་པོ་ཉེ་ལམ་ན་ཡོད་པ་དང་འདྲ་བར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གསེར་ལྟ་བུར་རང་གི་ལུས་ལྔ་ཡོད་ཀྱང་མ་ཤེས་པ་ལས ་མཁས་པ་དེ་ཁོ་ན་ཉིད་སྟོན་པའི་ཚིག་སྒྲོན་ཤིང་གི་རྩེ་མོ་ལ་མོ་འབར་བ་དང་འདྲ་བ་ཟློགས་པ་ཡུལ་གྱིས་མ་བསྐུལ་བ་ན་གྲངས་ཀྱིས་བཞུགས་པ་ལ། གུས་པ་ཆེན་པོས་སྟོན་པ་བདེ་བར་གཤེགས་པའི་འདུ་ཤེས་བཞག་ནས་ཐ་ན ་ཚིག་བཅད་གཙུག་ཙམ་ཡང་མཉན་པར་བྱའོ།། ཐོས་ལ་ལོག་རྟོག་རྣམ་པ་བཞི།། ཅི་ཞིག་ཐོས་པ་ལོག་རྟོག་ཅིག། དེ་དག་སུན་དབྱུང་རྣམ་ལྔ་ཡིས།། ཟོས་པ་བྱ་དགོས་བསྡུས་པ་ཡིན་ཞེས་བྱ་བ་ནི་བསྡུ་བའི་ཚིགསུ་བཅད་པའོ།། ་ད་ནི་བསམ་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེ་ཡང་གནས་གང་དུ་གང་ཟག་ཇི་ལྟ་བུས་སྐྱེད་པ་དང་རེ་ཞིག་བསམ་པར་བྱ་བ་མ་ཡིན་པ་སྤངས་པ་དང་། གང་ལ་བསམ་པོ་དང་། ཇི་ལྟར་བསམ་པ་དང་ཚད་ཇི་རྩམ་དུ་བསམ་པའོ།། དེ་ལ ་གནས་དགོན་པར་གནས་པར་བྱ་སྟེ། དེར་གྲོགས་མཐུན་པ་ཡང་གཉིས་ལྷན་ཅིག་གནས་པར་མི་བྱ་སྟེ། དེ་སྐད་དུ། སློབ་དཔོན་ཐོགས་མེད་ཀྱིས་དེ་ལ་སེམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གཅིག་པུ་དབེན་པར ་སོང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངསོ།། འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། མཁས་པས་དུས་སུ་སེམས་པར་བྱེད་པ་ན།། ཁང་བུར་ཞུགས་ཏེ་དེ་བཞིན་སྒྲོ་བཅད་ནས།། ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ ་ཞེས་གསུངས་སོ།། བསམ་པར་བྱ་བ་མ་ཡིན་པ་སྤང་བ་ནི། བསམ་གྱིས་མི་ཁྱབ་པའི་གནས་དྲུག་པོ་འདི་ལྟ་སྟེ། བདག་ལ་སེམས་པ་དང་སེམས་ཅན་ལ་སེམས་པ་དང་འཇིག་རྟེན་ལ་སེམས་པ་དང་སེམས་ཅན་རྣམས་ཀྱི་ལས ་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སངས་རྒྱས་རྣམས་ཀྱི་ཡུལ་རྣམས་སྤངས་ནས་ཞེས་གསུངས་སོ།། དེ་ལྟ་བས་ན་དབེན་པའི་གནས་སུ་གང་ཟག་ཡིད་ལ་བྱེད་པ་ཐོབ ་པ་མཚན་མ་མེད་པར་བསྒོམ་པར་འདོད་པས་བསྐྱེད་པར་བྱའོ།། གང་ལ་བསམ་ཞེ་ན། ངེས་པའི་དོན་གྱི་མདོ་སྡེ་དང་། དེ་གཏན་ལ་འབེབས་པའི་རིགས་པ་ཇི་ལྟར་ཐོས་པ་དེ་ཉིད་བསམ་མོ།། དེ་སྐད་དུ། སློབ་དཔོན་ཐོགས ་མེད་ཀྱིས་ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་དོ་ཞེས་གསུང་སོ།། ཇི་ལྟར་བསམ་ཞེ་ན། གཉིས་ཏེ་བགྲངས་པས་སེམས་པ་དང་། གཞན་པས་སེམས་པའོ།། དེ་ལ་གྲངས ་ཀྱི་རྣམ་པས་ཕུང་པོ་བསྟན་པ་ལས་སེམས་པར་བྱེད་པ་དང་། གོང་ནས་གྲོང་དུ་སེམས་པའི་ཚུལ་གྱིས་འཇུག་པར་རིག་པར་བྱ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་བགྲང་བས་སེམས་པར་བྱའོ།། དེ་ལ་གཞལ་བས་སེམས་པར་བྱེད་པའི་ཚུལ་གྱིས ་སེམས་པ་ནི་རིགས་པ་བཞིས་འཇལ་ཏེ། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པའོ།། དེ་ལ་འཐད་པ་སྒྲུབ་པའི་རིགས་པ་ནི་མངོན་སུམ་དང ་རྗེས་སུ་དཔག་པ་སྟེ། དེ་དག་ལས་དོན་གྱི་སྐབས་འདིར་རྗེས་སུ་དཔག་པས་ཇི་ལྷོར་བསམ་པ་དེ་ཉིད་གཟུང་ངོ་།། དེ་ལྟ་བས་ན་འདུ་བ་དང་། འདུ་འཛི་ཐམས་ཅད་ཡོངས་སུ་སྤངས་ལ་ཡོན་ཏན་ལྔ་དང་ལྡན་པའི་གནས་འདུག ་ནསྒྲ་ནི་གནས་ཀྱི་དམིགས་པ་གང་ཡང་རུང་བཱ་ལ་ཡིད་ལྕེ་བྱེད་པ་ཐོབ་པའི་རྣལ་འབྱོར་པས་འདི་ལྟར་ཆོས་དང་མཐུན་པའི་ཟས་ཞུན་མཱར་ལ་སོགས་པ་དང་། ཆུང་ལ་སོགས་པ་མྱོས་པར་འགྱུར་བའི་བཏུང་བྱས་ཕུང་པོ་གསོ ་ལྲྀང་ཞག་བཞི་འམ་ཞག་ལྔ་འམ། ཁམས་ཀྱི་བྱེ་བྲག་གི་ཞོག་བནྡྷའི་བར་དུ་ཡང་རུང་སྟེ། ཁ་དོན་དང་ཀློག་པ་ལ་སོགས་པ་ལ་ཡང་རེ་ཞིག་མྱི་བྱ།། སྦྱིན་པར་མི་སྒོམ། གཉིད་མི་ལོག་སྤྱོད་ལམ་ཐམས་ཅུང་དུ་སོས་དྲལ་བར་འགྱུར ་རོ།། ནང་པར་དང་དགོངས་ནམ་མ་དྲོས་པར་ལྷ་ཕྱོག་མི་མང་བ་ལ་སོགས་པ་ཡན་ལག་བདུན་པ་སེམས་སྐྱེད་དང་བཅས་པ་རེ་རེ་བྱ། མཚན་མོ་སྲོད་ལ་ཞི་གནས་ཀྱིས་དམིགས་པ་དེ་ལ་བ་བཞོས་པའི་བར་ཙམ་གྱི་ཡུལ་ལས ་མོ་རིང་བའི་ཐུན་རེ་བསྒོམ་ཞིང་། སྨོན་ལམ་ཅུང་ཟད་ཀྱང་བཏུབ་ནས་སྨོས་བྱབ་སྟེ་ཤེས་བཞིན་སྔོན་དུ་སྟོང་བས་ཉལ་བར་བྱའོ།། གཞུང་ཅནམ་འོང་ཡང་སྦྱང་བར་མི་བྱའོ།། མ་འོང་བ་ཡང་འདོད་པ་དང་གནོད་སེམས་ལ་སོགས ་བ་གློ་བུར་དུ་བྱུང་བ་དགུག་པའི་གཉེན་པོ་མི་མཐུན་པ་ནམ་མ་ཞིའི་བཱར་སྟེན་པ་མ་གཏོགས་པ་གཉེན་པོ་ལ་ཡང་ཕྱེང་དུ་བཙལ་བར་བྱ་བ་མ་ཡིན་ན། མི་དགེ་བ་ལ་ཆེད་དུ་རྟོག་པ་ལྟ་ཅི་སྨོས། ལུང་དུ་མ་བསྟན་པ་ལ་ཡང་བརྟག་བྱར ་མི་བྱའོ།། འོ་ན་ཇི་ལྟར་བསམ་ཞེ་ན། འདི་སྙམ་དུ་ཉལ་བ་དང་། གཉིས་ཀྱིས་ལུས་དང་སེམས་ཀྱི་ནུས་པ་བརྟས་པར་བྱས་ལ་དེ་ནས་བདག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་བཙལ་བར་བྱའོ། ་སྒྱུམོ་པ་དེ་ཙམྦྷ་བྱའོ།། དེ་ལྟར་བྱས་པས་ཁམས་ཀྱི་ནུས་པ་བརྟས་ནས་ལུས་ཡང་བ་དང་། བྱཱ་བྱ་ལ་འཇུག་འདོད་ཀྱི་བགོས་ཀྱིས་མི་ཚུགས་ཙམ་ན་འདི་སྙམ་དུ་བསམ་པའི་ཤེས་རབ་ཀྱིས་ལེགས་པར་བསམ་ན་ཕྱི་རོལ་དང་རླུང ་ནི་གནས་པའི་མཚན་མ་རྣམས་སྦྱོངས་པར་ནུས་ཏེ། མཚན་མ་རྣམས་སྤངས་ན་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པར་འགྱུར་ཏེ། དེ་ལྟ་བས་ན་ལེགས་པར་རྟག་པར་བྱའོ།། སྙམ་དུ་བསམ་མོ།། དེ་སྐད་དུ།། རྣམ་པར་མི ་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་པ་ལས་ཀྱང་། མཚན་ཉེ་བར་རྟོག་པ་མེད་པར་མཚན་མ་རྣམས་ཡོང་སུ་སྤང་བར་མི་ནུས་ལ། མཚན་མ་རྣམས་ཡོངས་སུ་མ་སྤོངས་པར་ཡང་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག། ་པར་མི་འགྱུར་རོ།། དེ་ལྟ་བས་ན་གདོན་མི་ཟ་བར་ཉེ་བར་བརྟགས་པར་བྱའོ།། ཞེས་གསུངས་སོ།། དེ་ལ་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་འགྲོ་མི་དགོས་ཏེ། ལས་དང་པོ་པས་ཀྱང་ཅི་ལ་ཡང་ཡིད་ལ་མི་བྱའོ་ཞེས་ཟེར་བ་དེ་དག ་གི་གཞུང་ནི་མང་དུ་ཟོས་པའི་སློབ་དཔོན་ཀ་མ་ལཱ་ཤྲཱི་ལས་སྔར་སུན་ཕྱུང་སྟེ། ལས་དང་པོ་པས་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་འགྲོ་དགོས་པར་ཤིན་ཏུ་གསལ་བར་མཛད་ཟིན་ཏེ། སྤྲིན་དེངས་པའི་ན་མཁའ་ལ་ཉི་མ་ཤར་བ ་དང་འདྲ་བ་ལ་སྲིན་བུ་མོ་ཁྱེར་དང་འདྲ་བས་སྣང་བར་བྱ་མྱི་དགོས་སོ།། ཡང་ཁ་ཅིག་ན་རོ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རང་བཞིན་མང་ངོ་ཞེས་ཟེར་བའི་ཚིག་ཙམ་ལ་བརྟེན་ནས། ནན་གྱིས་རྣམ་པར་མི་རྟོག་པ་སྒོམ་པས་ནི་རྣམ་པར་རྟོག ་པུ་ནཱམྦ་ཡང་མི་ལྡོག་སྟེ། འཕགས་པ་དཀོན་མཆོག་སྦྱིན་ལས། ཐོས་པ་དང་བསམ་པ་ཙམ་གྱིས་དོན་མངོན་སུམ་དུ་མྱི་འགྱུར་རོ་ཞེས་གསུངས་པས་ངེས་པར་སོ་སྦྱོར་བརྟག་པར་བྱའོ་ཞེས་ཟེར་ཏེ། དེ་ནི་མདོ་སྡེའི་དོན་ལོག་པར་རྟོགས་པ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐོས་པ་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་ལྟ་བས་ན་སྒོམ་དགོས་སོ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟ་བས་ན་ཐོས་པ་དང་སེམས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། སོ་སོར་བརྟག ་དགོས་ཞེས་སྨྲས་པ་ནི་དམ་བཅས་པ་རང་གི་ཚིག་གིས་བསལ་བ་ཡིན་ནོ།། སྦྱོར་བ་ནི་གང་དང་གང་རང་གི་ཚིག་སྔ་ཕྱི་འགལ་བ་དེ་ནི་རང་གི་ཚིག་གིས་བསལ་བ་ཡིན་ཏེ། དཔེར་ན་ངའི་མ་མོ་ཤ་མ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ།། བསམ་པ ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་ཏེ། དེ་ལྟ་བས་ན་བརྟག་པར་བྱའོ་ཞེས་ཟེར་བ་འདི་ཡང་ཚིག་སྔ་ཕྱི་འགལ་བ་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ།། དེའི་ཕྱིར་དེ་ནི་གྱི་ནའོ།། གོང་མ་སྐད་སྨྲ་བ་ལ་འདི་སྐད་ཅེས་ཐོས ་བ་ཙམ་གྱིས་མི་ཆོག་སྟེ། ཚུལ་བཞིན་བསམ་པར་བྱའོ་ཞེས་བརྗོད་པར་བྱ་སྟེ། འདི་སྐད་དུ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་ལྷག་མཐོང་གི་ཚོགས་ཀྱི་སྐབསུ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་ཚུལ་བཞིན་སེམས་པ་དང་ཞེས་གསུངས་སོ།། ་ཁ་ཅིག་ནཱ་རེ་ཐོས་པའི་དུས་སུ་རིགས་པས་འཇལ་པོ་དེ་ཉིད་སེམས་པ་ཡིན་ཏེ། ཞི་གནས་སྔོན་དུ་བསྟེན་ནས་ཡང་བསམ་པ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་མ་ཡིན་ཏེ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་སྒོམ་པའི་མདོ་ལས་རིགས་ཀྱི་བུ་རྣམ ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་འཇུག་པ་གླང་ཅི་ཡང་རུང་བ་སྟེ། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམ་པ་ལས ་འབྱུང་བར་རིག་པར་བྱའོ་ཞེས་གསུངས་སོ།། སྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང་། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་བཟུང་སྟེ། ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱི་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར ་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསམ་པར་བྱའོ།། དེ་ལྟ་བས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ས་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ།། ་དེ་ལྟ་བས་ན་ཐོས་པའི་དུས་སུ་སེམས་པ་དེ་ཙམ་གྱིས་མི་ཆོག་ལ་ཏིང་ངེ་འཛིན་སྔོན་དུ་འགྲོ་བ་ཡང་བསྟེན་དགོས་ཤིང་དེས་ཀྱང་མི་ཆོག་སྟེ་དེ་ལ་གནས་པའི་ཤེས་རབ་ཀྱིས་ཐོས་པའི་དོན་ལ་སོ་སོར་བརྟག་དགོས་ཏེ། དེ་སྐད་དུ། ལྷག ་སྤྱོད་འདི་ནི་ཏིང་ངེ་འཛིན་བསྒོམ་པ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ནས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟ་བས་ན་ཞི་གནས་ལ་བརྟེན་ནས་བསམ ་བོའི་ཤེས་རབ་བསྐྱེད་པར་བྱ་སྟེ། དེའི་སྐབས་སུ་སྔར་ཁམས་རྟས་པར་བྱེད་པའི་ཚེ་ན་སྲོང་ལ་ཐུན་རེ་བསྒོམ་པ་དེ་ཡང་བཞག་ལ་སྤྱོད་ལམ་ཇི་ལྟར་བདེ་བ་བཞིན་དུ་འདུག་ནས་ཐུན་ནི་ཁམས་རབ་དང་འབྲིང་དང་ཐ་མས་མདའ་རྒྱང་གསུམ ་དང་གཉིས་དང་གཅིག་ཏུ་གོམ་པ་ཐ་མལ་པས་ཕྱིན་པའི་བར་ཙམ་དུ་བསམ་ཞིང་ཐུན་གྱི་གྲངས་ནི་ཁམས་རབ་ཀྱི་ཉི་མ་ར་ལ་བཞི། འབྲིང་གིས་ལྔ་ཐ་མས་དྲུག་བསམས་ཏེ། ཁམས་ཞན་ཅིང་གྲངས་མང་བ་ནི་ཡུན་ཐུང་བས་བྱེ་བྲག་དུ ་བྱས་པ་ཡིན་ནོ།། གསུམ་གས་ཀྱང་དྲང་པོའི་ཉིནརྀ་པར་ཐུན་གཅིག་བསམ་ཞིང་། དེ་ནས་རང་གི་ཁམས་ཡིན་པའི་ཚང་དུ་ཕྱིན་གྱི་བར་དུ་ཉི་མ་རེ་ལ་ཐུན་རེ་བསྣུན་ཞིང་བསམ་མོ།། དེའི་བར་དུའམ། རང་རང་གི་ཐུན་གྱི་ཚད་ཕྱིན་ནོས་བསམ ་པོའི་སྐབས་སུ་ཡང་རུང་སྟེ། ཁམས་མི་བདེ་བའི་མཚན་མ་བྱུང་ན་སྲན་སྐྱེད་ཅིང་མི་བསམ་པར་ན་ཚ་འཕྲལ་ལ་ཞི་བར་བྱས་ཏེ། ཐུན་བསྣུན་ཅིང་བསམ་པའི་སྐབས་ཡིན་ན་ཁམས་མི་བདེ་བ་མ་བྱུང་གི་བར་དུ་མི་བསྣན་པོ་དང་རང་རང ་གི་ཚད་དུ་བསམ་པཱའི་སྐབས་སུ་མི་བདེ་ན་ཐུན་གྱི་གྲངས་དབྲི་བ་དང་། སྐུ་མཉེ་ལ་སོགས་པས་ཞི་བར་བྱས་ལ་གྲོང་མ་བཞིན་དུ་བསམ་མོ།། གསུམ་གས་ཀྱང་མཚན་མོ་ཡེ་མི་བསམ། གཉིད་དང་ཉལ་བས་ཉིན་པར་གྱི་ནུབ ་པ་དེ་བརྟས་སུ་གཞུག་གོ།། དེ་ལ་རེ་ཞིག་གང་ཟག་ལ་བདག་མེད་པ་སྟོན་པའི་རིགས་པ་ཇི་ལྟར་ཐོས་པ་ལ་བསམས་ཏེ། འདི་ལྟར་བསྟན་བཅོས་ལས་ཕལ་ཆེར་བདག་ཏུ་འཛིན་པའི་གཞུང་སྒྲུ་བ་མུ་སྟེགས་པའི་གྲུབ་པའི་མཐའ་རིག ་མི་མཐུན་པ་དཔག་ཏུ་མྱེད་པ་སུན་དབྱུང་བ་དང་བཅས་པ་གསུངས་ཏེ། དེ་དག་ཤེས་པར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པ་པོ་ཕལ་ཆེ་ལ་དེ་དག་གིས་རེ་ཞིག་མི་གནོད་ངོ་།། འོ་ན་གང་གི་གནོད་ཅེ་ན། འདི་ལྟར་ཕུང་པོ་དང་ཁམས་དང་། ་སྐྱེ་མཆོད་རྣམས་ཀྱི་ཆོས་མ་ཐོས་པ་འམ། མྱུང་དུ་ཐོས་ཀྱང་ཆོས་ཀྱི་རྗེ་སུ་མ་འབྲངས་པ་ཐ་མལ་བའི་རྟོག་པ་ལྔ་འདི་སྙམྦྷ་དུ་བདག་ནཱི་ཕ་དང་མ་འདི་ལ་སྐྱེ་སྟེ། སྔོན་ལས་འདི་དང་འདི་ལྟ་བུ་བྱས་པ་དེ་ད་ལྟར་ཡང་དྲན་ནོ།། བདག་གི ་ལུས་འདི་ནི་སྟོན་ནས་ཚུལ་འདི་ལྟར་གནས་སོ་ཞེས་ཕུང་པོ་བཞི་ལ་ནི་བདག་ཏུ་འཛིན། གཟུགས་ཀྱི་ཕུང་པོ་ལ་ནི་བདག་གིར་འཛིན་ཏེ། དེ་ཡང་རྟག་པ་དོང་གཅིག་པུར་སེམས་པ་འམ། ཡོད་ནཱ་རངས་པ་ལ་དེ་ལྟར་སེམས་པ་དེ ་བརྟོག་པར་བྱའོ།། སྦྱོར་བ་ནི་གང་དང་གང་མངོན་སུམ་དང་རྗེས་སུ་དཔག་པས་དེ་ཉིད་ཀྱང་དེར་མ་དམིགས། དེ་ལས་ལོགས་ཤིག་ཏུ་ཡང་མི་སྙེད་དེ་ལ་ཡང་དེ་དག་མི་སྣང་། དེ་དག་ལ་ཡང་དེ་མི་དམིགས། དེ་དག་དང་ལྡན་པར ་ཡང་མཐོང་བ་དེ་ནི་ཀུན་རྫོབ་ཏུ་མེད་དེ། དཔེར་ན་རྣམ་པ་ལྔས་ཐོ་ཡོར་ལཱ་མི་བཙལ་ཀྱང་མ་མཐོང་བ་ལྟ་བུའོ།། ངའོ་སྙམ་དུ་བརྟགས་པ་འདི་ཡང་མངོན་སུམ་དང་རྗེ་སུ་དཔག་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་དེ་ཉིད་དམ ་ཞེས་བྱ་བ་ལ་སོགས་པ་ལྔ་ཡིས་བཙལ་ན་མི་དམིགས་བྱས་དོན་གྱིས་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། ཡོད་པའི་ཐ་སྙད་ལ་ཤེས་པ་གཉིས་ཀྱི་དམིགས་པས་ཁྱབ་པའི་ཕྱིར་རོ།། དེ་ལ་ཕུང་པོ་ལས་ལོགས་ཤིག ་ན་བདག་ཡོད་དམ་སྙམ་དུ་ཅུང་ཟད་བསམས་ལ། དེ་ནས་འདི་སྙམ་དུ་རེ་ཞིག་མངོན་སུམ་གྱིས་ནི་མ་མཐོང་སྟེ། མིག་གཉིས་ཤིན་ཏུ་ཕྱེ་ནས་བཱལྟས་ཀྱང་བདག་ཏུ་རུང་བ་ཅུང་ཟད་ཀྱང་མ་མཐོང་ངོ་།། རྗེ་སུ་དཔག་པས་ཀྱང་མ་མཐོང་སྟེ། ་རྟགས་གང་ཡང་མེད་པའི་ཕྱིར་རོ།། དེ་ལྟར་ལོགས་ཤིག་ཏུ་མ་མཐོང་བ་དང་ཕུང་པཱ་ལ་བདག་གོ་སྣུམ་པའི་རྟོག་པ་འབྱུང་བས། ཕུང་པོ་འདི་ཉིད་བདག་ཡིན་ནོ་སྙམ་དུ་སྔར་ཐ་མལ་པཱའི་རྟོག་པ་ཇི་ལྟ་བུས་འཇུག་པ་བཞིན་དུ ་ཅུང་ཟད་བརྟགས་པར་བྱའོ།། དེ་ནས་འདི་སྙམ་དུ་ཕུང་པོ་ལ་བརྟག་པ་དང་གཅིག་པུའི་བདག་ཏུ་འཛིན་པའི་ཤེས་པ་དེ་གང་ཡིན། མངོན་སུམ་གྱིས་འཛིན་ནམ། རྗེས་སུ་དཔག་པས་འཛིན་པར་འགྱུར་གྲ་ན་དེ་ལ་རེ་ཞིག་མངོན ་གྱིས་ནི་ལུས་ལ་གཅིག་པ་མ་མཐོང་སྟེ། རྐང་པ་ཡན་ཆད་ནས་མགོ་མན་ཆད་ལ་མིག་གཉིས་ཤིན་ཏུ་ཕྱེ་ནས་བལྟས་ཀྱང་མཐོང་ཚང་ལ་ཆ་ཤས་མེད་པའི་གཅིག་པུ་ཅུང་ཟད་ཀྱང་མ་མཐོང་ངོ་།། ལག་པས་བྱུག་ནས ་ཡང་ཆ་ཤས་མེད་པའི་གཅིག་པུ་ནི་ཅུང་ཟད་ཀྱང་མི་རྙེད་དོ།། རྟག་པར་མ་མཐོང་སྟེ་ཡུད་ཙམ་ལ་ཡང་འགྲོ་བ་དང་སྡོད་པ་དང་ལྡང་བ་དང་འདུག་པ་དང་ཉལ་བ་དང་འཕྲེས་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། ཚ་བ ་དང་གྲང་བ་དང་། གཤེར་བ་དང་སྐམ་པ་ལ་སོགས་པ་མི་འདྲ་བར་སྣང་ངོ་།། རྗེས་སུ་དཔག་པས་གཅིག་པུར་མ་མཐོང་སྟེ། གང་གི་ཕྱིར་མདོར་བསྡུ་ན། གཟུགས་ཀྱི་ཕུང་པོ་ལ་བཅོ་ལྔ་དང་། ཚོར་བའི་ཕུང་པོ་ལ་གསུམ་དང་། འདུ་ཤེས ་ཀྱི་ཕུང་པོ་ལ་གསུམ་དང་། འདུ་བྱེད་ཀྱི་ཕུང་པོ་ལ་སེམས་ལྔ་བྱུང་བ་བཞི་བཅུ་རྩ་དགུ་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་བརྒྱད་དེ། དེ་དག་ཁ་ཅིག་ནི་མངོན་སུམ་དུ་མཐོང་ལ། ཁ་ཅིག་ཡིད་ཆེས ་པའི་ལུང་ལས་ཀྱང་གསུངས་ཤིང་ལས་ཀྱི་སྒོ་ནས་དཔག་པས་ཀྱང་ཤེས་ཏེ། དུ་མར་རྟོགས་པ་དེའི་ཕྱིར་གཅིག་པ་མེད་དོ།། རྟག་པ་དག་ཀྱང་མ་མཐོང་སྟེ་འདི་ལྟར་གང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པ་དེ་ནི་རྟག་པ་མེད་དེ། དཔེར་ན་གར་གྱི ་ལྟད་མོ་ལྟ་བུའོ།། ཕུང་པོ་འདི་ཡང་རྒྱུ་དང་རྐྱེན་གྱིས་འདུས་བྱས་པས་རྟག་པ་མེད་དེ། འགལ་བས་ཁྱབ་པ་དམིགས་པའོ།། དེ་བས་ན་མངོན་སུམ་དང་རྗེས་སུ་དཔག་པོས་ཕུང་པོ་འདི་རྟོག་པ་དང་གཅིག་བུར་མ་མཐོང་ངོ་།། འོ་ན ་བདག་ལ་ཕུང་པོར་མཐོང་ངམ་སྙམ་པ་ལས། དེ་མི་སྲིད་ང་གཞི་མ་གྲུབ་པའི་ཕྱིར་རོ།། འོ་ན་ཕུང་པོ་ལ་བདག་ཡོད་དམ་སྙམ་པ་ལ་དེ་ཡང་མི་རུང་སྟེ། འདི་ལྟར་གང་དེ་ལ་དེ་ཡོད་པར་མ་མཐོང་བ་དེ་ནི་དེ་ལ་དེ་ཡོད་པའི་ཐ་སྙད་དུ ་མི་རུང་སྟེ། དཔེར་ན་རྟ་ལ་རཱ་ཡོད་པར་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མི་རུང་བ་ལྟ་བུའོ།། ཕུང་པོ་འདི་ལ་ཡང་ཤེས་པ་གཉིས་ཀྱིས་བདག་མ་མཐོང་བས་ཡོད་པའི་ཐ་སྙད་དུ་མི་རུང་ངོ་།། འོ་ན་བདག་དེ་ཕུང་པོ་དང་ལྡན་ནམ་ཞེ་ན་མ་ཡིན་ཏེ། ་འདི་ལྟར་གང་རང་དང་རང་གི་ངོ་བོ་མ་གྲུབ་དེ་ནི་ལྡན་པའི་ཆོས་མེད་དེ། དཔེར་ན་མོ་གཤམ་གྱི་བུ་ལ་གཟུགས་མཛེས་པ་ལ་སོགས་པའི་ཆོས་དང་ལྡན་པ་མེད་པ་ལྟ་བུའོ།། ནན་གྱིས་བརྟགས་པའི་བདག་འདྲི་ཡང་རང་གི་ངོ་བོ་མ ་གྲུབ་པས་ལྡན་པའི་ཆོས་སུ་མེད་དེ།། ཁྱབ་པར་བྱེད་པ་མི་དམིགས་པའོ།། ཀུན་རྫོབ་ཏུ་ཡོད་པ་ལ་ནི་མངོན་སུམ་དང་རྗེ་སུ་དཔག་པས་དམིགས་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་པོ།། ལྔ་ཡིས་མ་རྙེད་མཐུན་ལ ་ཞུགས།། མི་མཐུན་ཕྱོགས་ལས་ལྡོག་པ་གྲུབ།། མཐུན་ལ་ཞུགས་པས་དཔེ་གྲུབ་སྟེ། གཏན་ཚིགས་དང་ནི་དཔེ་སྐྱོན་མེད་ཅེས་བྱ་བ་ནི་བསྡུ་བའི་ཚིགསུ་བཅད་པའོ།། མི་རྟག་དུ་མར་སྣང་བའི་ཕྱིར།། མངོན་སུམ་གྱིས་ནི་མ་བསལ ་ཏེ། སྒྲུབ་པའི་རྟགས་གཉིས་མེད་པའི་ཕྱིར།། རྗེས་དཔག་གིས་ཀྱང་མ་བསལ་ཏོ།། རྟག་པ་གཅིག་བུར་མ་སྨྲས་པས།། རང་གི་ཚིག་དང་འགལ་བ་མེད།། མི་རྟག་རྒྱུན་ལ་དགོངས་པའི་ཕྱིར།། ལུང་གི་ཀྱང་ནི་མ་བསལ་ཏེ། ལོག། ་པའི་ལུང་ལ་ཞེན་མ་རྟོགས།། རྟག་དང་གཅིག་བུར་སྒྲགས་མེད་པས།། གྲགས་པས་བསལ་བའང་མ་ཡིན་ཏེ།། བར་སྐབས་ཀྱི་ནི་ཚིག་བཤད་ཡིན།། ཚད་ནི་ཇི་ཙམ་དུ་བསམ་ཞེ་ན། ནམ་ཕུང་པོ་འདི་ལ་ཆ་ཤས་མང་པོ ་དང་དུ་མྱ་དང་སློབ་སློབ་པ་དང་། སེང་སྙིང་པོ་དང་མི་རྟག་པར་ནི་ངེས་ལ་རྟག་པ་དང་རིལ་པོའི་འདུ་ཤེས་ནི་མི་སྐྱེ་སྟེ། སྙིང་པོ་འམ་བདག་མེད་པ་མི་གཅིག་པ་དུ་མ་འདུས་པའི་འཇིག་པའི་ཆོས་རྒྱུ་དང་ལྡན་པའི་ངེས ་པ་བརྟན་པོ་སྐྱེ་སྟེ། དེའི་སྟོབས་ནི་ཁ་ཅིག་གི་སྐྱོ་བ་སྐྱེ་ཞིང་མི་དགའ་བ་འབྱུང་ངོ་།། ཁ་ཅིག་ལ་དགའ་བུ་སྐྱེ་སྟེ། དམ་པའི་ཆོས་རྱ་མཚར་སྙམ་པ་དང་། རྟག་པ་དང་གཅིག་པུར་འཛིན་པའི་ཤེས་པ་དེ་ནི་ངེས་པར་འཁྲུལ་པ་ཡིན ་ཏེ། དེ་ལྔ་བ་གི་གམ་སེམས་ཅན་རྟག་པ་དང་གཅིག་བུར་ནི་ངེས་པར་མེད་དོ།། སྙམ་པ་འབྱུང་སྟེ། དེ་སྲིད་དུ་བསམ་མོ།། དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། འདི་ན་བདག་གམ་སེམས་ཅན་མེད ་ཆོས་འདི་རྒྱུ་དང་བཅས་ལས་འབྱུང་ཞེས་གསུངས་སོ།། ཡང་ཁ་ཅིག་གང་ཟུག་ནི་རྟག་པ་དང་གཙྪ་གཱི་བུར་མ་གྲུབ་སྟེ། གོང་དུ་སྨོས་བཞིན་ནོ།། མཱི་རྟག་པ་དང་དུ་མར་ཡང་མ་གྲུབ་སྟེ་རང་གི་ཚིག་གིས་བསལ་བའི་ཕྱིར་རོ།། གཉི ་གར་བརྗོད་དུ་མེད་པའི་གང་ཟག་ནི་ཡོད་དོ་ཞེས་ཟེར་བས་ན་དེ་ལྟ་བུ་གཅིག་ཡོད་སྲིད་ངམ་སྙམ་པ་ལ། མི་སྲིད་དེ་དེ་འདི་ལྟར་རྟག་པར་བརྗོད་དུ་མེད་པས་ན་གཅིག་དང་བྲལ་ལ། མི་རྟག་པར་བརྗོད་དུ་མེད་པས་ན་དུ་མ་དང་བྲལ་ཏེ། དེ་སྐད་དུ། དབུ ་མའི་རྒྱན་ལས་རྟག་དང་མི་རྟག་ལ་སོགས་པར།། གང་ཟག་བསྟན་དུ་མི་རུང་བས། གཅིག་དང་དུ་མའི་རང་བཞིན་དང་། བྲལ་བས་གསལ་བར་རབ་ཏུ་ཤེས་ཞེས་གསུངས་སོ།། དེ་ནི་ཆོས་ལ་བདག་མེད་པར་བསལ་བར་བྱ་སྟེ་རེ་ཞིག་འདི ་སྙམ་དུ་གང་ཟག་ཅེས་བྱ་བརྟག་པ་དང་གཅིག་པུར་བརྟགས་པ་དེ་ནི་ཀུན་རྫོབ་ཏུ་ཡང་མེད་པར་ངེས་ན། རྒྱུ་དང་རྐྱེན་གྱིས་བྱུང་བ་མི་རྟག་པ་དང་དུ་མའི་མཚན་ཉིད་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་གང་གིས་བསྡུས། ཇི་ལྟར་སྣང་། ་དོན་དམ་པར་ཡོད་དམ། འོན་ཏེ་ཡོད་པར་མ་གྲུབ་སྙམ་དུ་བསམ་པར་བྱའོ།། དེ་ལ་གང་གིས་བསྡུས་ཤེ་ན། གཉིས་ཀྱིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པོས་སོ།། དེ་གཟུགས་ཅན་གྱིས་ནི་གཟུགས་ཀྱི་ཕུང་པོ་དང ་སྐྱེ་མཆེད་བཅུ་དང་ཁམས་བཅུ་བསྡུསོ།། གཟུགས་ཅན་མ་ཡིན་པས་ནི་ཕུང་པོ་བཞི་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང་། སྐྱེ་མཆེད་གཉིས་དང་། ཁམས་བརྒྱད་བསྡུ་སོ།། དེ་ལ་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་གཟུགས ་ཅོན་ལུས་དང་། ཁང་ཁྱིམ་སྟོང་པ་དང་། མི་སྟོང་པ་དང་རཱི་དང་ནགས་ཚལ་དང་རྒྱ་མཚོ་དང་། ཆུ་བོ་དང་ཆུ་དྲན་ལོ་སོགས་པ་བྱིས་པ་རྣམས་ལ་ཕྱི་རོལ་དུ་ཆུད་པ་བཞིན་དུ་སྣང་བ་འདི་དག་དེ་བཞིན་དུ་སེམས་ལས་ལོགས་ཤིག ་ན་ཡོད་དམ། འོན་ཏེ་ཐོག་མ་མེད་པའི་དུས་ནས་སེམས་ཉིད་གཟུགས་ལ་སོགས་པ་ཡང་དག་པོ་མ་ཡིན་པ་ལ་མངོན་པར་ཞོན་པའི་དབང་གིས་སྣང་སྟེ། དཔེར་ན་རྨི་ལཾ་གྱི་གནས་སྐབས་ན་ལུས་དང་ས་གཞི་དང་ཁང་སྟོང་ལ ་སོགས་པ་སྣང་བ་ལྟ་བུ་ཡིན་སྙམ་དུ་བསམ་པར་བྱའོ།། དེ་ལ་ལུས་ལ་སོགས་པ་འདི་དག་རྡུལ་ཕྲ་རབ་ཏུ་བཞིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆེ་ཤེས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངེས་པར་བཟུང་དུ་མེད་པའི་ཕྱིར་རང་བཞིན ་མེད་དོ།། དཔེར་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གང་ཟག་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ།། དེ་སྐད་དུ་འཕགས་པ་ལང་ཀཪྵ་གཤེགས་པ་ལས། བློ་གྲོས་ཆེན་པོ་གླང་གི་ར་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ།། རྡུལ ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ནས་རྡུལ་ཕྲ་མོའི་མཚན་ཉིད་དུ་མྱི་གནས་སོ་ཞེས་གསུངས་སོ།། ཡང་གསུངས་པ་ཕྱི་རོལ་གཟུགས་ནཱི་མེད་མིན་ཏེ། རང་གི་སེམས་ནི་ཕྱི་རོལ་སྣང་ཞེས་གསུངས་སོ།། དེ་ལྟ་བས་ནཱ་གཟུགས་ལ ་སོགས་པ་ལོགས་ཤིག་ན་ཡང་དག་ཕྱིར་ཡོད་དོ།། སྙམ་པ་ནི་ལོག་པར་རྟོགས་པའི་རྗེས་སུ་འབྲང་བ་ཡིན་ཏེ། དེ་སྒྲུབ་པར་བྱེང་བའི་རིགས་པ་ནི་མེད་ཅིང་ཡོད་པ་ལ་གནོད་པ་ཅན་གྱི་ཚད་མ་ནི་མང་ལ། ལུང་གིས་ཀྱང་མེད་པར ་བསྟན་པས་སེམས་ཉིད་སྣང་བ་དེ་ངེས་སོ།། དེ་སྐད་དུ་འཕགས་པ་ལང་ཀུར་གཤེགས་པ་དེ་ཉིད་ལས། རྫ་སཱ་ནི་རྡུལ་དུ་རྣམ་པ་ཤིག་ཅིང་།། གཟུགས་ལ་རྣམ་པར་མ་རྟོག་ཅིག། སེམས་ཅན་རྣམ་པར་བཞག་པ་ནི།། ལྟ་བ་ངན ་པས་མི་ཤེས་སོ་ཞེས་གསུངས་སོ།། ལུས་སོགས་རྡུལ་ཙམ་མ་གྲུབ་ཕྱིར།། མེད་དེ་གང་ཟག་མཚུངས་པ་ཡིན།། ལུང་གི་གྲུབ་ཕྱིར་ལྕོག་རྟོག་ཕྱིར།། དེ་སྒྲུབ་རིགས་མེད་འདི་ལེགས་ནས།། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ ་བཅད་པའོ།། དེ་ལ་འདི་སྙམ་དུ་དོན་དམ་པར་རང་བཞིན་མེད་པར་སྒྲུབ་པ་ནི་སེམས་ཉིད་སྣང་བར་ཡང་མི་འགྲུབ་སྟེ། རིགས་པ་ཐུན་མོང་བའི་ཕྱིར་རོ།། འོ་ན་ཏེ་ཀུན་རྫོབ་ཏུ་ཡང་ལོགས་ཤིག་ན་མོང་བར་སྒྲུབ་ན་མི་རིགས་ཏེ། འདི་། ་ལྟར་གང་རྣམ་པ་འཇོག་པ་མེད་པ་དེ་ནི་སྣང་བར་མི་འགྱུར་ཏེ། དཔེར་ན་ན་མཁའི་མེ་ཏོག་དང་། མོ་གཱ་ཤམ་གྱི་བུ་དང་། རི་བོང་གི་རྭ་སྣང་བའི་མིག་གི་རྣམ་པར་ཤེས་པ་མི་སྐྱེད་པ་ལྟ་བུའོ།། དོན་མེད་ཀྱང་སྣང་སྣུམ་པ་འདི་ཡང་མི ་སྣང་བར་ཐལ་བར་འགྱུར་ཏེ། ཁྱབ་པར་བྱེད་པ་མི་དམིགས་པའོ་སྙམ་དུ་སེམས་ན། དཱ་ནཱི་མི་རིགས་ཏེ། འདི་ལྟར་གང་ཐ་དད་དུ་མཐོང་བ་དེ་ནི་གཙུག་ཏུ་མི་གནས་ཏེ། དོ་བཱིར་ན་ཁ་དོག་ཁྲ་བོ་ལྟ་བུའོ།། བུད་མྱེདངྒ་གཅིག་ལ་ཡང་བྱ ་དགོས་ལ་སོགས་པ་དང་། སྐྱེས་བུ་གཡོང་པ་དང་རྣལ་འབྱོར་པས་ཐ་དད་དུ་མཐོང་བས་ངོ་བོ་གཅིག་ཏུ་མི་གནས་ཏེ། ཁྱད་པར་བྱེད་པ་འགལ་བ་དམིགས་པའོ།། གང་གི་ཕྱིར་དོན་ལོགས་ཤིག་ན་མེད་པ་དེའི་ཕྱིར་དེ་ལ་འཛིན་པ ་ཡང་མེད་དོ།། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དོ།། ཕྱི་རོལ་དོན་མཐོང་ལོག་པ་ཡིན།། རིགས་པས་རྣམ་པར་བརྟགས་རྣམས་ཀྱིས།། གཟུང་དང་འཛིན་པ་འགྲག་པར་འགྱུར།། ་ཞེས་གསུངས་སོ།། དོན་དམ་རང་བཞིན་མེད་སྒྲུབ་ན།། རིགས་པ་གཅིག་ཕྱིར་སེམས་ཀྱང་མེད།། ཀུན་རྫོབ་ཏུ་ཡང་མེད་སྒྲུབ་ན།། མི་རིགས་རཱ་སོགས་མི་སྣང་བཞིན།། འདི་མེད་ཐལ་འགྱུར་སྙམ་སེམས་ན།། མི་རིགས་དངོས ་གཅིག་ཐ་དད་ཕྱིར།། ལོགས་ཤིག་གཟུང་མེད་དེ་འཛིན་མེད།། དེ་སྐད་བདེ་བར་གཤེགས་པས་གསུངས།། ཞེས་བྱ་བ་ནི་བསྡུ་བའི་ཚིག་སུ་བཅད་པའོ།། དེ་ལྟ་བས་ན་འདི་སྙམ་དུ་སྲིད་པ་གསུམ་གྱི་རྩ་བ་ནི་སེམས་ཁོ་ན ་ཡིན་ལ། དེ་ཉིད་ཀྱི་རྣམ་པ་ནི་ཡུལ་དུ་སྣང་བ་ཡིན་ཏེ། སྤྱོད་ཡུལ་ཡིན་པའི་ཕྱིར་སོ་སོར་མཐུན་མཐུན་དུ་སྦྱར་ཏེ། འཕགས་པ་ལྷ་ཡིས་ཀྱང་། སྲིད་པའི་རྩ་བ་སེམས་ཉིད་དེ། ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལེ་ཞེས ་གསུངས་སོ།། དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དོན་དམ་པར་ཡོད་དོ།། དེ་སྐད་དུ་འཕགས་པ་ལང་ཀཱར་གཤེགས་པ་ལས། བཏགས་པའི་དངོས་པོ་ཡོད་མྱ་ཡིན།། གཞན་གྱི་དབྱང་ནི་ཡོད་པ་སྟེ།། སྒྲོ་འདོགས་པ་དང ་སྐུར་འདེབས་པའི།། མཐར་རྟོག་པ་ནི་བརླག་པར་འགྱུར་ཞེས་གསུངས་སོ།། སྙམ་དུ་སེམས་ན། འདི་ལྟར་རེ་ཞིག་སྒྲུབ་པའི་ལུས་འདི་ལ་བརྟག་པར་བྱ་སྟེ། སློབ་དཔོན་ཕྱོགས་ཀྱིས་གླང་བྱོས།། རང་གི་རྣམ་པ་ཙམ་གྷི་ངོ་བོ་རུ། ་ཤེས་བྱ་མ་ལུས་རྣམ་པར་བལྟས་ན་ནི།། དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡི་སྟེ།། ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ་ཞེས་གསུངསོ།། དེ་བས་ན་ལུས་འོདི་དོན་དམ་པར་ཡོད་ན་རགས་པ་ཆ་ཤས་མེད་པའི་མཚན ་ཉིད་དུ་ཡོད་དམྦ། ཆ་ཤས་དང་བཅས་པ་འམཱ་པྲཱ་རབ་ཏུ་ཡོད་གྲང་། དེ་ལ་རེ་ཞིག་ཕྱོགས་དང་བློ་ལྟར་ན་མ་ཛུབ་མོ་འདི་ཆ་ཤས་མེད་པ་གཅིག་ཡིན་ན། ཚིགས་ལས་ལོགས་ཤིག་ན་ཡོད་ངམ། འོན་ཏེ་ཚིགས་དང་འབྲེལ ་གོང་མ་ལྟར་དམིགས་པའི་རིག་བྱར་གྱུར་པའི་ཕྱིར། བུམ་པ་དང་རས་ཡུག་བཞིན་དུ་ལོགས་ཤིག་ཏུ་དམིགས་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་ལོགས་ཤིག་ན་མི་དམིགས་པའི་ཕྱིར་མེད་དོ།། རང་བཞིན་མི ་དམིགས་པའོ།། འབྲེལ་པའི་ཕྱོགས་ཀྱང་མི་རིགས་ཏེ། ཚིག་གསུམ་པོ་རེ་རེ་ལ་ཡང་མཛུབ་མོ་རཱི་རྫོགས་ཞིག་ཏུ་འགྱུར་རོ།། དེ་ལྟར་འགྱུར་མོང་སྙམ་པ་ལ་ཆ་ཤས་མེད་པའི་ཕྱིར་ཚིགས་གཅིག་བསྒྲིབས་མཛུབ་མོ་ཐམས་ཅད ་བསྒྲིབས་པ་འམ། དམར་ན་ཐམས་ཅད་དམར་བར་ཐལ་བར་འགྱུར་རོ།། བྱོན་ཏེ་ཚིགས་གཅིག་ལ་ཕྱོགས་གཅིག་གིས་ཁྱབ་ན། ཚེ་ཤས་ཡོད་པས་གཅིག་པ་གཉིས་ཉམས་པར་འགྱུར་རོ།། དེ་ལྟ་བླ་ན་ལོགས་ཤིག་ན ་མེད་པས་ཚིགས་དང་ལྡན་ནོ་སྙམ་པ་ཡང་མེད་དེ། མཛུབ་མོ་གཅིག་ཏུ་འདོད་པ་དང་ཐ་མི་དད་པའི་ཕྱིར། མཛུབ་མོའི་རང་གི་ངོ་བོ་བཞིན་དུ་ཚིགས་གསུམ་གཅིག་ཏུ་ཐལ་བར་འགྱུར་རོ།། མཛུབ་མོ་ཡང་ཚིགས་གསུམ་དང་། ་ཐུ་མི་དད་པས་ཚིགས་གསུམ་ཡོད་པ་བཞིན་དུ་གཅིག་ཏུ་འདོད་པ་ཡང་དུ་མར་ཐལ་བར་འགྱུར་རོ།། གང་གི་ཕྱིར་ལོགས་ཤིག་ན་ཡང་མྱེད་ལྡན་པ་འམ་འབྲེལ་པའི་ཕྱོགས་ཀྱང་མེད་པ་དེའི་ཕྱིར། ཆ་ཤས་མེད་པའི ་ཕྱོགས་མ་གྲུབ་པ་མེད་དོ།། འོན་ཏེ་ཕྱོགས་གཉིས་པ་ལྟར་ན་རགས་པ་ཆ་ཤས་དང་བཅས་པ་འམ་ཚོགས་པར་ཡོད་དོ་སྙམ་ན་དེ་ཡང་མི་རིགས་ཏེ། འདི་ལྟར་ཚིགས་དང་པོ་ལ་སོགས་པ་རང་གི་ཆ་ཤས་ལས་གཞན ་དང་གཞན་མོ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་མ་གྲུབ་པས་མེད་དོ།། དེ་ལྟ་བས་ན་རགས་པ་ཆ་ཤས་དང་བཅས་པ་ཡང་ཡོད་པར་ཡང་མ་གྲུབ་པོ།། དེ་བཞིན་དུ་གཟུགས་ལ་སྲོགས་པ་ཡང་མེད་པ་ཉིད་དྲ་ཁྲོད་དྲ་ཆུང ་པར་བྱ་སྟེ། དེ་དག་གི་རང་བཞིན་ཡང་འདུས་པ་ཙམ་ཡིན་པའི་ཕྱིར་ལ་འདུས་པ་ཡང་དངོས་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ།། འོ་ན་ཕྱོགས་གསུམ་པ་རྡུལ་ཕྲ་རབ་ཀྱི་མཚན་ཉིད་དུ་ཡོད་དུ་སྙམ་པ་ལས། དེ་ཡང་མི་རིགས ་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱང་ཚྭ་ཤས་ཐ་དད་པའི་ཕྱིར་གཅིག་ཏུ་མ་གྲུབ་སྟེ། རང་བཞིན་འགལ་བ་དམིགས་པའོ།། འོ་ནཱ་ཚ་ཤྭས་ཐ་དད་པ་དེ་དག་ཡོད་པས་དུ་མ་མི་སྐྱིད་དོ་སྙམ་པ་ལ། ཆ་ཤེས་མེད་པའི་རྡུལ་གཅིག་མ་གྲུབ་ན། ་ཆ་ཤས་མེད་པའི་རྡུལ་དུ་མ་མི་འགྲུབ་སྟེ། དེ་ནི་ངོ་བསགས་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ངེས་པ་ལ་ཤེས་པ་ཅུང་ཞིག་འཛིན་པ་ནི་རྟགས་རྗེས་སུ་དཔག་པའི་སྒོམ་ནས་གྲུབ་པའོ།། དེའི་རྗེས་ལ་ལུས་ལ་སོགས་པའི་རྣམ ་པ་འདི་དགྲ་དོན་དམ་པར་གཅིག་དང་དུ་མར་དང་བྲལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དོ།། དཔེར་ན་གཟུགས་བརྙན་བཞིན་ནོ་སྙམ་ནས་ཅི་ལ་ཡང་དམིགས་སུ་མེད་དོ་སྙམ་པའི་ཤེས་པ་སྐྱེ་བ་ནི་རྗེསུ་དཔག་པའི་ཤེས་པ ་ཡིན་ནོ།། དེ་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས། ཇི་ལྟར་གཟུགས་བརྙན་མོ་ལོང་སྣང་།། གཅིག་དང་གཞན་ཡང་རྣམ་སྤངས་ཏེ།། སྨང་ཡང་དེ་ལ་ཡོད་མིན་ལྷོར།། དེ་བཞིནི་དངོས་རྣམས་ངོ་བོ། ་ཉིད་ཅེས་གསུངས་སོ།། འོ་ན་སེམས་དང་སེམས་ལས་བྱུང་བ་ཆ་ཤས་མེད་པས་དོན་དམ་པར་ཡོད་དོ་སྙམ་པ་ལས། དེ་ནི་མི་རིགས་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འདི་ལྟར་རྣམ་པ་དུ་མ་དག་དང་ཐ་མི ་དད་པའི་ཕྱིར། རྣམ་པའི་རང་གི་ངོ་བོ་བཞིན་དུ་གཅིག་པ་ཉིད་དོ།། འོན་དུ་མར་ཡོད་དོ་སྙམ་པ་ལ། དེ་ཡང་མི་རིགས་ཏེ། དེ་སྐད་དུ། དངོས་པོ་གང་དང་གང་བརྟགས་ན། དེ་དང་དེ་ལ་གཅིག་པ་མེད།། གང་ལ་གཅིག་པ་ཡོད་མིན་པ། ་དེ་ལ་དུ་མ་འང་ཡོད་མ་ཡིན་ཞེས་གསུངས་སོ།། དེ་ལྟ་བས་ན་ཡུལ་དུ་སྣང་བ་འདི་རང་བཞིན་མེད་ན་སེམས་ཡོད་པར་ག་ལ་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ།། དེ་སྐད་དུ། འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད ་མཐོང་ནས་ནི།། སྲིད་པའི་རྩ་བ་སེམས་ལྡོག་གོ་ཞེས་གསུངས་སོ།། ཡང་གསུངས་པ། ཚོགས་པ་རྣམས་ལ་གཞན་ཡོད་མིན།། གཞན་མ་ཡིན་པའང་ཡོད་མ་ཡིན།། དེ་ལྟ་མ་གྲུབ་ཚིག་སོགས་མེད། དེ་ཕྱིར་ཚོགས་པ་ཙམ་དུ ་ཟད།། ཚོགས་པ་དང་ནི་བཅས་པ་ཡི།། སོར་མོ་ལ་སོགས་རྣམས་ཀྱི་ནི།། དངོས་པོ་ཐམས་ཅད་མེད་པར་བསྟན།། ཚོགས་མ་གཏོགས་པའི་དངོས་ཕྲ་འང་མེད།། དེ་ལྟར་དོན་གཅིག་ཤེས་བྱེད་པའི།། བློ་ནི་གང་དུ་བརྟགས་པར ་བྱས། སེམས་བྱུང་ཚོགས་དང་བཅས་སེམས་ཀྱི།། དམིགས་པ་གཅིག་འདིར་ཇི་ལྟར་འགྱུར་ཞེས་གསུངསོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར།། དོན་དམ་པར་ཡོད་ངོ་སྙམ་པ་ཡང་ཀུན་རྫོབ་ལ་རིགས་ཏེ། རང་བཞིན་གྱི ་གཏན་ཚིགས་ཡིན་པའི་ཕྱིར་རོ།། དོན་དམ་པར་ཡོད་པར་སྒྲུབ་ན་ནི། འགལ་བས་ཁྱབ་པ་དམིགས་པ་ཡིན་པའི་ཕྱིར་རོ།། གཞན་དུ་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཡོད་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན ་འཕགས་པ་ཀླུ་སྒྲུབ་ཀྱིས།། མ་རིག་རྐྱེན་ལས་བྱུང་བ་ལ།། ཡང་དག་ཤེས་པ་རྣམ་བརྟགས་ན།། སྐྱེ་བ་དང་ནི་འགག་པའང་རུང་།། གང་ཡང་དམིགས་པར་མི་འགྱུར་རོ།། ཞེས་གསུངས་སོ།། གཞན་གྱི་དབང་ནི་ཡོད་པ་སྟེ། ་ཞེས་བྱ་བ་ལ་སོགས་པའི་ལུང་དེ་ཡིད་ཀུན་རྫོབ་ལ་དགོངས་ནས་གསུངས་པ་ཡིན་ཏེ། མདོ་སྡེ་ཉིད་ལས། བློ་ཡིས་རྣམ་པར་གཞིགས་ནས་ནི།། གཞན་དབྱེད་མེད་ཅིང་བརྟགས་པའང་མྱེད།། གྲུབ་པའི་དངོས་པོ་འང་ཡོད་མེད་ན།། བློ ་ཡིས་ཇི་ལྟར་རྣམ་པར་བརྟག་ཅེས་གསུངས་སོ།། ཚད་ཅི་ཙམ་དུ་བསམས་ཤེ་ན། རྟགས་སྒྲུབ་པ་དང་རྗེས་སུ་དཔག་པའི་ཤེས་པ་སྐྱེས་པའི་སྐབས་སུ་རྟོག་པའི་དོན་ལས་གཞན་དུ་མི་འཕྱོ་ལ། སེམས་ཀྱི་བཅད་པའི་གནས་མ ་རྙེད་པས་རང་གི་ངང་གི་སྤྱོད་པ་ཞིག་འབྱུང་སྟེ། དེ་ཙམ་དུ་བསམ་མོ།། དེ་སྐྱེས་པ་དེའི་རྗེས་ལ་འདི་སྙམ་དུ་ཅི་ལ་ཡང་མི་གནས་པའི་སྙོམས་སྐྱེ་བ་ཞིག་འདུག་སྙམ་པའི་བསམ་པ་འབྱུང་བའོ།། དེ་ལྟ་བས་ན་རྣམ་པར་མྱ་ཡེངས་པའི ་ཡོད་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་ཇི་སྐད་བཤད་པ་བཞིན་དུ་དབྱུང་ནས་ཆུང་ངུ་ཕྱིན་པ་དང་གཞག་ལ་རེ་ཞིག་ངལ་གསོའོ།། འདི་དག་གང་གིས་བསྡུས་པ་དང་།། ཇི་ལྟར་སྣང་བ་བསྟན་པ་དང་།། དེ་ལ་ལོག་རྟོག་སྲུན་དབྱུང ་དང་། ལུས་དང་བརྟག་དང་ཚད་བསྟན་པའོ་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། །། དེ་ནི་བསྒོམ་པའི་ཤེས་རབ་སྐྱེད་པ་དེ་རིགས་ཏེ། འདི་སྙམ་དུ་བསམ་པའི་ཤེས་རབ་གཅིག་དང་དུ་མ་དང་བྲལ་བའི་རྟགས ་ངེས་པར་གྲུབ་ཅིང་འབྲེལ་པ་དྲན་པའི་རྗེས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་སྒྲོ་འདོགས་པའི་སྤྲོས་པ་མཐའ་དག་ངེས་པར་དབྱུང་བའི་ཤེས་པ་བསྟན་པོར་སྐྱེས་ཀྱང་སྒོམ་པའི་ཤེས་རབ་ཀྱིས་གོམས་པར་མ་བྱས་ན་རྣམ ་བར་མི་རྟོག་པའི་ཡེ་ཤེས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱོ་མི་སྲིད་དེ། དཔེར་ན་རྟ་དཀྱུས་ཀྱིས་དྲན་ནས་རྒྱུག་པ་ལ་མེད་པ་ལྟར་བྱས་ཀྱང་མ་རྒྱུགས་ན་ཀྱུས་ཀྱི་ཞབས་སུ་ཕྱིན་པའི ་དུས་མེད་པ་ལྟ་བུའོ་སྙམ་དུ་བསམ་མོ།། དེ་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས། དཔེར་ན་མི་དགའོ་ཞིག། བང་མཛོད་མང་པོ་འགུང་བྱེད་ཀྱང་།། ནོར་ཕྱེད་ཙམ་ཡང་མི་ཐོབ་པ།། མྱ་བསྒོམ་ཆོས་ཀྱང་དེ་དང་འདྲ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། འདི་སྐད་དུ། དཔེར་ན་མི་ཞིག་ན་ཞིང་སྡུག་བསྔལ་ཏེ། ལོ་གྲངས་མང་པོར་རི་སོ་འགའ་མཐར་པོ།། ད་ནི་སྡུག་བསྔལ་ནད་ཀྱི་ཉོན་མོངས་ཏེ། ན་བ་འཚོ་བའི་ཆེད་དུ་སྨོན་པ་བཙལ། ་ཡང་དང་ཡང་དུ་དེས་ནི་བཙལ་བ་དང་།། སྐྲུན་པ་མཁས་ཤིང་རིག་པ་དེས་རྙེད་ནས།། དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་སུ།། སྨན་འདི་བཏང་བྱར་གྱིས་ཤིག་ཅེས་བྱིན་པ།། སྤྱན་མངས་ཕངས་པ་བཟང་པོ་དེ་རྙེད་ནས།། ན་བ་འཚོ་བར་གྱུར་པའི ་སྨན་མི་འཐུང་།། སྨན་པས་མ་ཉེས་སྨན་གྱིས་མ་ཉེས་ཏེ།། ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན།། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་ནས།། སྟོབས་དང་བསམ་གཏན་དབང་པོ་ཀུན་རིགས་ནས།། བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།། རིགས། ་པར་མི་བརྩོན་ག་ལ་མྱ་དྲན་འདས་ཞེས་གསུང་སོ།། དེ་ལ་ཁ་གཅིག་ནཱ་རེ། བསྒོམ་པ་བྱ་བ་ནི་གོམས་པར་བྱེད་པ་ཉིད་ཡིན་ཏེ། དོན་གཞན་མ་ཡིན་ནོ།། དེ་ལྟ་བས་ན་བསམ་པའི་ཤེས་རབ་སོ་སོར་རྟོག་པ་དང་། འབྱེད་པ་ཁོ་ན ་གོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་ཞེས་གྲག་སྟེ། དེ་ནི་མི་རིགས་པར་ཚིག་གི་སིལ་བུའི་མདོ་ལས། ལོང་བ་རྐང་པས་ནོམ་བྱེད་ཅིང་།། ཉམ་ངའི་ལམ་དུ་རྒྱུག་བྱེད་ལྟར།། རྗེས་སུ་དཔག་པ་གཙོར་འཛིན་པ།། རྣམ་པར་ལྟུང་བར་དཀའ་མ ་ཡིན་ཞེས་གསུངས་སོ།། དེ་ལྟ་བས་ན་སྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང་། དེ་ལྟར་བསམ་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བྱས་ལ་དེ་ལ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པའི་ཤེས་རབ་བསྐྱེད ་དོ།། ཐོས་པ་ལ་སོགས་པ་ཙམ་གྱིས་ནི་དོན་མངོན་སུམ་དུ་མི་འགྱུར་རོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པ་ལས་བསྟན་ཏོ་ཞེས་གསུངས་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པོ་ཐམས ་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་གང་དག་གིས་ཐོས་པ་ལས་བྱུང་བ་འམ། བསམ་པ་ལས་བྱུང་བའི་ཤེས་པས་ཁོང་དུ་ཆུད་པར་གྱུར་པ་དེ་རང་གི་རིགས་པ་མོ་ལགས་སམ། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་ཡིན་ཏེ། ཐོས་པ་ཙམ་མམ་བསམ་པ་ཙམ་གྱིས་ནི། རང་གི་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ།། རིགས་ཀྱི་བུ་ཇི་ལྟ་བས་ན་དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འབྲོག་དགོན་པ ་ཆེན་པོར་སོས་ཀའི་ཟླ་བ་ཐ་མཱ་ལཱ་མི་ལ་ལཱ་ཞིག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲོ་ལ་དེ་ནས་མྱི་གཞན་ཞིག་ནུབ་ཕྱོགསྣ་ནས་ཤར་ཕྱོགས་སུ་འོང་སྟེ། དེ་ཡང་སོསཱ་ཀ་ཚ་བས་ཡོངས་སུ་གདུང་བར་གྱུར་ན་སྐོམ་གྱིས་ཉེན་པ་དེ ་ཤར་ཕྱོགས་ནས་འོང་བའི་མི་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ་ལ་སོས་ཀའི་ཚ་བས་ཡོངསུ་གདུངས་ཏེ་སྐོམ་གྱིས་ཉེན་ན། གླང་ན་མཚོ་འམི་ལྟེང་ཀའམ་རྫིང་བུ་གང་ཆུ་བསིལ་བ་དང་བ་རྙོག་མི་མེད་པ་གསལ་བས་གྲང ་བ་ཡོད་དོ།། གང་དུ་བདག་ཚ་བ་དང་སྐོམ་པ་རབ་ཏུ་ཞི་བར་འགྱུར་བའི་ལམ་བདག་ལ་སྟོན་ཅིག་ཟེར་ལ། ཤར་ཕྱོགས་ནས་འོངས་པའི་མི་དེ་ཡཱ་ལཾ་ཤེས་པ། ལམ་ལ་མཁས་པ་ལམ་མཐོང་བ་ལམ་གྱི་མཚན་མ་མཐོང་བ་ཞིག། ་ཡིན་ཏེ། དེས་དེ་ན་ཆུའི་ཉེས་པ་དང་བྲལ་བའི་ཆུ་སྔོན་ཆད་མཐོང་ལ་སྐྱོན་མྱང་ཞིང་སྔོན་ཡང་ཞུགས་པ་ཡིན་ཏེ། དེས་མི་དེ་ལ་འདི་སྐད་དུ། ཀྱེ་གྲོགས་པོ་ལམ་འདི་ནས་ལམ་ལ་བྲག་མཐོང་གི་བར་དུ་སོང་ལ། ཀྱེ་སྐྱེས་བུ་ཁྱོད་ཀྱིས ་གཡོན་གྱི་ལམ་བོར་ཏེ། གཡས་ཀྱི་ལམྦ་ནས་ནགས་ཚུལ་སྔོན་པོ་དང་ནགས་ཚུལ་དེའི་དབུས་ནཱ་མཚོ་འམ་སྟེང་ཁ་འམ་རྫིང་བུ་ཆུ་བསིལ་ཞིང་དང་བ་རྙོག་པ་མེད་པས་གསལ་བས་གང་བ་མཐོང་གི་བར་དུ་སོང་ལ་དེར་སྐྱེས་བུ ་ཁྱོད་སྐོམ་པ་དང་ཚ་བ་མེད་པར་བྱོས་ཤིག། ཅེས་ཟེར་ན་རིགས་ཀྱི་བུ་དེ་ཅི་སྙམ་དུ་སེམས་སོས་ཀའི་ཚ་བས་གདུངས་ཏེ། སྐོམ་གྱིས་ཉེན་པའི་མི་དེས་ཆུ་ཐོས་མ་ཐག་དང་བསམ་པ་ཙམ་གྱིས་ཚ་བ་མེད་པར་འགྱུར་རམོ། སྐོམ ་བ་དང་ཡང་བྲལ་བར་འགྱུར་རམ་ཆུ་བསྒྲིལ་བ་ཡང་རང་གི་རིགས་པར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན་འདས་མི་དེ་ནམ་དེར་ཕྱིན་ནས་དེས་ཆུ་དེར་ཞུགས་ཏེ་འཚལ་བར་གྱུར། ་བ་དེའི་ཚེ་མི་དེའི་ཚྭ་བཱ་དེ་མ་མཆིས་པར་འགྱུར་རོ།། སྒོམ་པ་དང་ཡང་བྲལ་བར་འགྱུར་རོ།། དེ་བསིལ་བ་ཡང་རང་གི་རིགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལོ་བ། དེ་བཞིན་དུ་རིགས་ཀྱི་བུ་ཐོས་པ་དང་བས ་པ་ཙམ་གྱིས་རང་གི་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ།། དེ་ལ་རིགས་ཀྱི་བུ་འབྲོག་ཅེས་བྱ་བ་འདི་ནི་འཁོར་བའི་འབྲོག་གི་ཚིག་བླ་དགས་སོ།། མི་སོས་ཀའི་ཚྭ་བས་ཡོངས་སུ་གདུངས་ཤིང་སྐོམ་གྱིས་ཉིན་པ་ཞེས་བྱ་བ ་འདི་ནི་ཉོན་མོངས་པའི་གདུང་བྱས་ཡོངས་སུ་གྲངངས་ཤིང་། ཡུལ་གྱི་སྲེད་པས་ཉིན་པའི་སེམས་ཅན་རྣམས་ཀྱི་ཚིག་བླ་དག་སོ།། ལམ་ཤེས་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་སྐུསྒྱུ་མཁས་པ་ཆོས་མྱོང་བ་ཆོས་རང་གིས་རིག་པ་རྣམས་ཀྱི་ཚིག་ཟླ་དགས་སོ།། རྨུགས་ལ་ཞིང་དང་སུལ་རྙོག་པ་མྱེད་བྷེ་གྷསལ་བ་ཞེས་བྱ་བ་འཛི་ནི་དོན་དམ་པོའི་ཚྭ་སྱཻ་ཉྩི་ཀྱྀ་ཚིག་བླ་དག་སོ།། ཡང་རིམས་ཀྱི་བུ་དཔེ་ཉོན ་ཅིག་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པ་ཆེའི་ཚད་བསྐལ་བར་བཞུགས་ཏེ་འཛམ་བུའི་གླིང་གི་མི་རྣམས་ཀྱི་མདུན་དུ་འདི་ལྟ་སྟེ། ལྷའི་བདུད་རྩིའི་དྲི་ཞིམ་པ་དང་གཙང་བ་དང་གྱ་ནོམ་པ་དང་ཤིན་ཏུ ་ཞིམ་པ་དང་རེག་ན་བདེ་བ་ལས་བརྩམས་ཏེ་བསྔགས་པ་བརྗོད་དོ།། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་གིས་ལྷའི་བདུད་རྩིའི་བསྔགས་པ་རང་གི་རིག་པར་འགྱུར་རམ། བསོལ་པ་བཅོམ་ལྡན་འདས་མ་ལགས ་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བུ་རིགས་ཀྱི་བླ་དེ་ལྟ་བས་ན་ཁྱོད་ཀྱིས་རྣམས་གྲངས་འདི་ཐོས་པ་འམ་བསམ་པ་ཙམ་གྱིས་རང་གི་རིགས་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ།། རིགས་ཀྱི་བུ་ཡང ་དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ་དཔེན་མྱི་ཞིག་གིས་ཤིང་ཏོག་གི་རྣམ་པ་སྟོན་སེམས་ཅན་སུས་ཀྱང་མ་མྱོང་བ་ཞིག་མྱངས་པར་གྱུར་པ་དེས་མི་གཞན་ཞིག་གི་མདུན་དུ་ཤིང་རྟོག་གི་རྣམ་པ་དེའི་བསྡོགས་པ་འདི་ལྟ་བུ་སྟེ། ཁ ་དོག་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་དང་དྲི་ཞིམ་པཱ་ལས་བརྩམས་ཏེ། བརྗོད་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་མི་ངེས་ཤིང་ཏོག་གི་རཱྀ་དཾ་རང་གྱིས་རིགས་པར་འགྱུར་རམ། གསོལ་པ་བཅོམ་ལྡན ་འདས་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱི་རྣམ་གྲངས་འདི་ཇི་ལྟར་ཐོས་པ་ཙམ་མམ་བསམ་པ་ཙམ་གྱིས་སོ་སོ་རང་གི་རིགས་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར ་རིག་པར་བྱའོ།། ཞེས་གསུངས་སོ།། མ་བསྒོམ་སྔོན་དུ་མི་འགྱུར་དང་།། དེ་ལ་ལོག་པར་རྟོག་པ་དང་།། དེ་ཡི་སུན་དབྱུང་བསྟན་པ་དང་།། ལུང་གི་རྒྱས་པར་བསྟན་པ་ཡིན་ཞེས་བྱ་བ་ནི་བསྡུ་བའི་ཚོགསུ་བཅད་པའོ།། དེ་ལ་བསོད་ནམས ་ཀྱི་ཚོགས་ཀྱི་ཡན་ལག་ནི། ཕུང་པོ་གསུམ་པ་འམ་ཡན་ལག་བདུན་པ་འམ། ཆོས་སྐྱོང་བཅུ་འམ་ཆོས་སྦྱོང་བཅུ་གསུམ་མམ། ཆོས་སྤྱོད་ཉི་ཤུ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། དེ་དག་ནི་བསོད་ནམས ་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ།། དེ་ལྟ་བས་ན་གོང་དུ་སྨོས་པ་བཞིན་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ལེགས་པར་གནས་པའི་རྣལ་འབྱོར་པས་བསྒོམ་པའི་ཚེ་ཐོབ་པར་བྱ་བ ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་སྒྲའི་ཚེར་མ་མེད་པ་ཡིད་དང་མཐུན་པའི་གནས་བྲག་ཕུག་གམ་རྩའི་སྐྱིལ་བུ་འམ་ཁང་པ་ལ་སོགས་པར་ཕྱག་དར་དང་། ཞལ་ཞལ་དང་མཎྜལ་ཅི་ནུས་ཀྱིས་བྱས་ཏེ། དེ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོར་བྲིས་པ་མདུན་ལོགསུ་བཀྲམ་པ་འམ་ལུགས་སྐུ་མདུན་ལོགས་སུ་བཞུགས་ལ་ཚོང་པའི་ཡོ་བྱད་འབྱོར་ཚང་དབུལ་བར་ཁང་པར་གོ་རིམས་བཞིན་དུ་བཤམས ་ནས་འདི་སྙམ་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལན་དུ་མར་བདག་གི་ཕ་དང་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་དོ་ཞེས་ཐོག་མ་མེད་པའི་དུས་ཀྱི་མདོ་ལས ་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ལྟ་བས་ན་ཇི་ལྟར་འཇིག་རྟེན་གྱི་མི་སྲི་ཞུ་ཅན་ཕ་དང་མ་ལ་སྡང་བའི་སེམས་སྤངས་ཤིང་ཁོན་དུ་འཛིན་པ་བོར་ནས་ཕ་དང་མ་དེ་གཉིས་བདེ་བར་འདོད་པ་ཁོ་ན་ཡིན་པ་དེ་བཞིན་དུ ་བདག་གིས་འཁོར་བ་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བསྐྱེད་ཅིང་གསོས་པའི་ཕ་མ་འདི་དག་ལ་སྡང་བའི་སེམས་ལ་དགེ་བའམ་ཕན་པའི་མྱུ་གུ་མི་འབྱུང་བས་ཐ་བ་སྐམ་པོ་དང་འདྲ་བ་དེ་ཡུད་ཙམ་ལ་མི་སྐྱེད་ཅིང་ཁོང་དུ ་འཛིན་པ་ཡང་སྤངས་ནས་ཁ་ན་མ་ཐོ་བ་མེད་པའི་ཆོས་ཀྱིས་དོང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྟག་ཏུ་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་བསྒོམ་པར་བྱའོ་སྙམ་དུ་བསམས་ཏེ། དེ་ནི་བྱམས་པའོ།། ཡང་ཇི ་ལྟར་འཇིག་རྟེན་ན་མི་སྲི་ཞུ་ཅན་ནི་ཕ་མ་བདེ་བར་འདོད་བའི་རྣམ་པ་འབྱུང་བ་དང་མི་མཐུན་པ་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་མཐོང་ན་དེ་བདག་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི ་ཚོར་བ་ཡིད་མི་བདེ་བ་དང་དེའི་རྐྱེན་གྱིས་ལུས་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་སྡུག་བསྔལ་སྐྱོ་ཞིང་བདེ་བ་སྤངས་པ་དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཕ་དང་མ་འདི་ཐམས་ཅད་རྟག་ཏུ་བདེ་བར་འདོད ་པའི་རྣམ་པ་བསྐྱེད་པ་ལ་དེ་དང་མི་མཐུན་པ་བསྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པས་ཟག་པ་དང་བཅས་པོའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་གོང་བུ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཔའ་བྱིན་གྱིས་ཞུས་པ ་ལས། ཕུང་པོ་ལྔ་གྲུབ་པ་ལས་སྡུག་བསྔལ་གྱི་གོང་བུ་ཡིན་ནོ་ཞེས་གསུངསོ།། དེ་ལྟ་བས་ན་སྡུག་བསྔལ་རྣམ་པ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་གོང་བུ་འདི་དག་ཇི་ལྟར་སྤང་སྙམ་དུ་ཡིད ་ཀྱིས་ཤིན་ཏུ་གདུངས་པ་བསྐྱེད་དོ།། དེ་ནི་སྙིང་རྗེ་སྟེ། དེས་རྣལ་འབྱོར་པའི་བདེ་བ་དང་ཡིད་བདེ་བ་སྤོང་བས་བདེ་སེལ་ཞེས་ཀྱང་བྱ་སྟེ། གཞན་སྡུག་བསྔལ་བ་སྤོངས་ནས་བདེ་བ་སྤོང་ཞིང་སྡུག་བསྔལ་བ་དང ་ཡིད་མི་བདེ་བྱའི་རླུད་སྐྱེ་བ་དེ་ནི། སྙིང་རྗེ་ལས་བྱུང་བ་ཡིན་ཏེ། དེ་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་སྙིང་རྗེ་ལས་བྱུང་བ་ཡིན་ནོ།། ཞེས་གསུངས་སོ།། ད་ལྟར ་སྙིང་རྗེ་ཆེན་པོ་དུང་གིས་བསྐྱེད་ལ། འགྲོ་བ་མཐའ་དག་གི་སྡུག་བསྔལ་དེ་གཏན་སྤངས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ།། སྣུམ་དུ་སེམས་བསྐྱེད་ནས། ཕྱོགས་བརྒྱ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ཡིད་ཀྱིས་མངོན་སྙམ་དུ་དམིགས་ལ་འདི་སྐད་ཅེས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་།། བསྟན་དང་དོན་དམོ་བསྒྲུབ་ཆོས་དང་།། འཕགས་དང་རྡོ་རྗེས་སློབ་པ་ལྷ།། སྒོ་གསུམ་དང་བསྔོ་ཕྱག་འཚལ་ལོ།། གྲོང་དུ་བྱ་ཤམ ་པའི་མཆོད་པ་ཡང་སྐབས་དེར་འབུལ་ལོ།། མེ་ཏོག་འབྲས་བུ་སྤོས་ཀྱི་ཤིང་རྣམས་དང་།། བདུག་པའི་ཤིང་དང་རིན་ཆེན་ཤིང་རྣམས་སོགས།། ན་མཁའ་མཐུར་ཐུག་ཡོངས་སུ་མྱ་བཟུང་བ།། བློ་ཡོས་བླངས་ནས་དཀོན་མཆོག ་གསུམ་ལ་འབུལ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱེབ་སུ་མཆི།། ཐོག་མ་མེད་པའི་དུས་ནས་བདག་གི་སེམས།། ་དངོས་ཞེན་འདོད་ཆགས་ལ་སོགས་ཉེས་བརྒྱ་ཡིས།། ལུས་ངག་གསུམ་བགྱིས་བགྱིད་སྩལ་རྗེས་ཡི་རང་།། མི་བཟད་གནོད་སེམས་དཀོན་མཆོག་གསུམ་ལ་བཤགས།། ཆོས་དང་ལྡན་པའི་བྱ་བའི་ཚོད་ཀྱི་ཕྱིར།། འཇིག་རྟེན་གྱི་ནི ་ཁམས་རྣམས་ཐམས་ཅད་ཀྱི། སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་ལ།། རང་གི་ལུས་ནི་ངེས་པར་འབུལ་བར་གྱི།། སངས་རྒྱས་ཀུན་གྱི་ཐུགས་བསྐྱེད་ནས།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། བྱང་ཆུབ་སེམས ་དྲབའ་ལ་སོགས་ཀྱིས།། དགེ་བསགས་རྣམས་ལ་ཡི་རང་ངོ་།། བདེ་གཤེགས་བྱང་ཆུབ་བརྙེས་གྱུར་ཀྱང་།། འཁོར་རྣམས་དམ་ཆོས་བཟུང་སླད་དུ།། ཅུང་མཱི་གསུང་བར་བཞུགས་རྣམས་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ ་ལེ་ལོ་ཅན་གྱི་འཁོར་རྣམས་འདུལ་བྱེད་དུ།། འདུས་བྱས་མི་རྟག་ངེས་པར་བསྟན་པའི་ཕྱིར།། མྱ་ངན་འདའ་བའི་ཚུལ་བསྟན་བཞེད་རྣམས་ལ།། འཁོར་བ་ཇི་སྲིད་བར་དུ་བཞུགས་པར་གསོལ།། ཇི་ལྟར་བདེར་གཤེགས་མར ་མེ་མཛད་སོགས་ཀྱི།། སྤྱོད་དང་བཅོས་པས་བྱང་ཆུབ་ཐུགས་བསྐྱེད་ལྟར།། བདག་གི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས།། དཱིང་ནས་བསླབ་པ་གསུམ་ལ་གནས་པར་བ་ཀྲི།། རྟོགས་པ་ཐམཿ་ང་སྐང་དུ།། དཀོན་མཆོག ་གསུམ་ལ་ཕྱག་སོགས་བགྱིས།། དེ་ཕྱིར་བདག་གི་དགེ་བསགས་འངདི་།། བདག་ལ་རྣམ་སྨིནནི་འབྲས་བུ་མ་གྱུར་ཞེས་བསྔོ་བར་བྱའོ།། །། ང་ནི་ལུས་བཅོས་པར་བྱ་སྟེ། ཁྲིའམ་ཁྲིའུ་འམ། རྩ་བཏིང་བའམ། སྟན་བདེ་བའི ་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། འདུག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུ་ལྔ་ཡང་དག་པར་མཐོང་བའི་ཕྱིར་ཏེ། ལུས་ལེགས་པར་བསྒྲིམས་ན། སྤྱོད་ལཾ་དྲི་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་རྗེསུ་མཐུན་པ་ཡིན་པའི་ཕྱིར་མྱུར་བ ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེད་པ་དང་། དེ་བཞིན་དུ་འདུག་པས་ཡུན་རྙིང་དུ་འདའི་པར་བྱེད་ནུས་པའི་སྤྱོད་ལམ་དེས་དེའི་ལུས་ཤིན་ཏུ་ངལ་བར་མི་འགྱུར་བ་དང་། དེ་བཞིན་དུ་སྐྱོང་ལོམ་དེ་ནི་གཞན་མུ་སྟེགས་པོ་དང་། ཕས་ཀྱི་རྒོལ་བ ་དག་དང་ཐུན་མོངས་མྦྷ་ཡིནཱི་པ་དག་དང་། སྤྱོད་ལམ་དེ་འདུག་པ་གཞན་དག་གི་མཐོང་ན་ཤིན་ཏུ་དང་བ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་སྣང་ཞིང་བསྟེན་པ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་ལྟ་ཡང་དག ་པར་མཐོང་བའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་བཞག་སྟེ་འདུག་པར་བྱའོ།། ལུས་དྲང་པོ་གང་ཞེ་ན། ལུས་གསལ་བར་བསྲང་སྟེ་བཞག་པ་དང་སེམས་ལ་གཡོ་བ་མྱེད་ཅིང་ཚུལ་འཆོས་པ་མེད ་པ་དྲང་པོར་བཞོག་པའོ།། དེ་ལ་ལུསྒྲ་དང་པོར་རབ་ཏུ་ཟིན་པཱསྠཱ་ན་རྨུགས་པ་དང་གཉིས་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ།། སེམས་ལ་གཡོ་བ་མེད་ཅིང་ཚུལ་འཆོས་པ་མེད་པས་ན་ཕྱི་རོལ་ཏུ་རྣམ་པར་གཡེང་བ ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ།། དེ་ལ་དྲན་པ་ཕྱོགས་པར་བཞག་སྟེ། གནས་པར་བྱེད་པ་གང་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པོ་དང་མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ཕྱིར་ཕྱོགས་ཤིང་མི་མཐུན ་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱའོ།། དེ་ནས་ཕྲག་པ་མཉམ་པར་བཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་གཞག་སྟེ། སྣ་ནས་ལྟེ་བར་དྲང་པོར་བཞག་གོ།། མིག་ཧ་ཅང་མི་དབྱེ་ཧ་ཅང་ཡང་མི་གཟུམ་པར་སྣའི ་རྩེ་མོར་གཏད་ཅིང་། སོ་དང་མཆུ་ཡང་ཐ་མལ་བར་བཞག་གོ།། ལྕེ་ཡང་ཡ་སོའི་དྲུང་དུ་བཞར་རོ།། དབུགས་ཕྱིར་འབྱུང་བ་དང་ནང་དུ་རྔུབ་པ་ཡང་སྠཱ་ཅནི་དང་རྔམ་པ་ཅན་དང་། དབུགས་རྒོད་བག་ཅན་དུ་མི་བཏང་ཞིང་ཅི་ནས་ཀྱང་མ ་ཚོར་བར་ངལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚལ་དུ་དབུགས་ནང་དུ་རྔུབ་པ་དང་། ཕྱིར་འབྱུང་བ་དེ་ལྟར་བྱའོ།། དེ་ལ་མཚམས་སྦྱོར་བའི་ཤེས་པ་གང་ཞེ་ན། དབུགས་བསྙམས་མ་ཐག་ཏུ་འདི་སྙམ་དུ་སྲིད་པ་གསུམ་གྱི་སེམས ་ཅན་འདི་དག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་རྟོགས་ཤིང་། ལྡོག་པར་རྟོགས་པ་དང་། གོམ་པར་མ་བྱས་བྱ་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པ་རྣམ་བྱར་མྱི་རྟོག་པའི་ཡེ་ཤེས་སྐུ་གསུམ་གྱི་མཆོག་དེ་མ་རྟོགས་སོ།། ་བདག་གིས་ཅི་ནུས་ཀྱང་ཆོས་ཉིད་དེ་ཕྱིན་ཅི་མྱ་ལོག་པར་རྟག་ཏུ་ཡུན་རིང་པོར་བསྒོམ། གུས་པར་བསྒོམ་ལ་ཡེ་ཤེས་དེ་ཐོབ་པར་བྱས་ནས་གཞན་དག་གིས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཐོབ་པར་བྱའོ་སྙམ ་དྲ་བསམ་མོ།། དེ་བཞིན་ཉིད་དེ་གང་ནི་ན། ཆོས་ཐམས་ཅད་དྲིན་དམ་པར་ཡོང་བར་ཡང་མ་གྲུབ་མོང་བར་ཡང་མ་གྲུབ་བོ།། དེ་ན་གཉིས་ཀར་ཡང་མ་གྲུབ། གཉི་ག་མ་ཡིན་པ་ཅི་ཡང་མེད་དོ།། དེ་སྐང་དུ། འཇམ་དཔལ་གརྦྷ ་བ་ལས་ང་སྤྱོད་པ་སྤྲོས་པ་མེད་ཅིང་ཉེ་བར་ཞི་སྟེ། ཡོད་དོ་ཞེས་ཀྱང་ཁས་མི་ལེན། མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཀྱང་ཁས་མི་ལེན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན ་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ་ཞེས་གསུངས་སོ།། དེ་བས་ན་བསམ་པའི་ཤེས་རབ་ཀྱི་ཅི་ཡང་མ་རྙེད་དོ།། དེ་ཙམ་ལ་གཞན་མ་ཡིན་པའི་དོན་གྱིས་དེ་བཞིན་ཉིད་ཅེས་སྒྲོ་བརྟགས་ནས་བརྗོད་དེ། དེ་བྲས་དེ་བཞིན་ཉིད་ཙམ་དུ་ཡང ་ཡང་དག་པར་མ་གྲུབ་པར་དྲན་པར་བྱའོ།། དེ་ལ་སེམས་ཇི་ལྟར་བཞག་པ་གླང་ཞེ་ན། དེ་བཞིན་ཉིད་ཙམ་མ་གྲུབ་པར་དྲན་ནས་དེ་མ་ཐག་ཏུ་སེམས་ཤེས་པ་ཤིན་ཏུ་བསྒོམས་ལ། འདི་ཡུལ་གྱི་ཆོས་ཉིད་ཅེས་བྱ་བ་འམ་སེམས ་ཆོས་ཉིད་ཅེས་བྱ་བ་འམ། ཆོས་ཇི་བཞིན་མ་ཞེས་བྱ་བ་འམ་བསམ་གྱིས་མཱི་ཁྱབ་པའི་དབྱིངས་ཞེས་བྱ་བ་འམ། ཅི་ཡང་མ་ཡིན་པ་ཞེས་བྱ་བ་འམ་ངོན་དམ་པ་ཞེས་བྱ་བ་འམ། སྤྲོས་པ་ཐམས་ཅད་དང་བྲལ་པོ་ཞེས་བྱ་བ་ལ་སོགས ་བཟབ་མོ་སྟོན་པོའི་ཚིག་ཐམས་ཅད་ཀྱི་རྗེས་སུ་འབྲོངས་ནས་གཞག་པར་མི་བྱའོ།། དེ་ལོ་ཉེས་པ་སྤོང་བ་གང་ཞེ་ན། མདོར་བསྡུ་ན་བཞི་སྟེ། ཉེ་བའི་ཉོན་མོངས་པའི་ཉེས་པ་དང་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་མ་ཤྲཱི ་པའི་ཉེ་བ་དང་ལུང་དུ་མ་བསྟན་པའི་ཉེས་པ་དང་། ལུས་དང་སེམས་མི་བདེ་བའི་ཉེས་པའོ།། དེ་སྤང་བ་ནི་ཉེས་པ་རེ་རེའི་སྐབསུ་བསྟོན་ཏོ་དེ་ལ་ཉེ་བའི་ཉོན་མོངས་པ་ནི་གསུམ་སྟེ། རྒོང་པ་དང་དམིགས་པ་ལ་མི་དགའ་བ་དང་བྱིང་བའི ་ངལ་རྒོད་པའི་ངོ་བོ་ནི་དཔེར་ན་རྣམ་པར་གཡེངས་པའི་མི་ལྟ་བུ་འམ། སྤྲེརུ་བཞིན་དུ་སེམས་དམིགས་པ་ལ་མི་གནས་པའོ།། དེའི་རྒྱུ་ནི་བཞི་སྟེ། སྡུག་པའི་མཚན་ཉིད་ཡིད་ལ་བྱེད་པས་ཕྱི་རོལ་གྱིས་ལུས་ལ་ཆགས་པའི་འདུན ་པ་ཡིན་ནུ། འདི་ལྟར་རྣམ་པར་བསྔོས་པ་དང་རྣམ་པར་རྣགས་པ་དང་། རྣམ་པར་འབྲོས་བཞིགས་པ་དང་རྣམ་པར་བམ་པ་དང་རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་དང་རྣམ་པར་མཐོ་བ་དང་། རུས་གོང་ངམ་ཀེང་རུས་སམྦྷ། ་རུས་པའི་ཀེང་རུས་ཡིད་ལ་བྱེད་པསྟེ་ཞི་བར་བྱའོ།། ཡང་ན་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ཞིག་འདོད་ཆགས་སེམས་ཀྱི་ནི།། བུད་མེད་རུལ་པ་སྟེན་བྱེད་པ།། འགྲོ་བ་རུལ་པར་འགྲོ་འགྱུར་ཏེ།། དེས་ན་དྲན་འགྲོར ་འགྲོ་བར་འགྱུར་ཞེས་གསུངས་སོ།། དེ་དྲན་པོས་ཞི་བར་བྱའོ།། ཁྱོང་ཁྲོ་བའི་རྒྱུ་ཡིས་གནོད་སེམས་སྐྱེས་ནས་སེམས་གཡེངས་ན་སེམས་ཅན་ཐམས་ཅད་བདེ་བར་འིདོད་པ་བྱམས་པ་སྙོམས་པ་འམ། གནོད་སེམས་ཀྱི་ཉེས ་དམིགས་དྲན་པས་ཞི་བར་བྱས་ཏེ། བྱམས་པ་སེང་གེ་སྒྲོའི་མདོ་ལས་བྱང་ཆུབ་སེམས་དཔའ་ལ་ཐ་བ་འམ་ངན་སེམས་བསྐྱེད་པ་དེ་ཙམ་གྱི་བར་དུ་དམྱལ་བར་གནས་པོ་གོ་ཆ་བྱགོ་དགོས་ཞེས་གསུངས་སོ།། འཕགས་པ ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་ཁོང་ཁྲོ་ཁོང་ཁྲོ་ཞེས་བྱ་བ་དེ་ནི་འཇམ་དཔལ་གང་དགེ་བའི་རྩ་བ་བསྐལ་པ་རྒྱོར་བསག་པ་འཇོམས་པར་བྱེད་པ་སྟེ་དེ་བས་ན་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ།། འཕགས་པ ་ཟླ་བའི་སྒྲོན་མའི་མདོ་ལས་ཀྱང་། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ།། དེ་ལ་ཚུལ་ཁྲིམས་ཐོས་པ་སྐྱོབ་མི་བྱེད།། བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ།། སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད་ཅེས ་གསུངས་སོ།། ཉེ་དུ་དང་། ལྗོངས་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་སྔོན་རྒོད་པ་དང་། རྩེས་པ་དང་དགའ་མགུར་དཔྱོད་པོ་རྗེས་སུ་དྲན་པ་དང་། ལོངས་སྤྱོད་ལ་ཆགས་པས་གཡོངས་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང་ལྡོག་བསྣོལ ་བར་དྲན་པར་བྱའོ།། ཡང་ན་འཕགས་པ་རྒྱ་ཆེར་རོལ་པ་ལ་ས། སྲིང་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར།། འཆི་མེ་རོབ་འབར་འདི་ནི་མགོན་མེད་པ།། སློང་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས།། བུམ་པར་ཆུད་པའི་བུང་བ་འཁོར་བྱ ་བཞིན།། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་།། དྲི་ཞིམ་རོ་མཆོག་རེག་པ་བདྨོ་བྱེད་པ།། དུས་ངན་སྙིང་ལ་འགྲོ་བ་འདི་དག་ཐོག་ས།། དཔེར་ན་སྟོན་པའི་སྙིང་ལོ་སྤྲེའུརུ་ཐོགས་བཞིན་ཞེས་བྱ་བ་ལ་སོགས་པས་ཞི་བར་བྱའོ།། འགྱོད ་པ་དང་ཐེ་ཚོམ་གྱིས་གཡེངས་ན་ཆོས་ཟབ་མོ་ཡིད་ལ་བྱས་པས་ཞི་བར་འགྱུར་རོ།། མི་དགའ་ནས་གཡེངས་ན་ཡང་རྒོང་པའི་ཕྱོགས་ཡིན་པས། བརླན་པའི་ཐབས་གོང་མཱ་བཞིན་དུ་བྱའོ།། དེ་ནས་ཡང་ཤེས་པ་ཤིན་ཏུ་བསྒྲིམས ་ལ་ཅི་ལ་ཡང་མི་གནས་པར་བཞག་གོ།། དེ་ལ་བྱིང་བའི་ངོ་བོ་ཉིད་ནི་དམུས་ལོང་དང་འདྲ་བ་འམ། མི་མུན་པར་ཞུགས་པ་འམ། མིག་བཙུམ་པ་དང་འདྲ་བར་མི་གསལ་བ་ཡིན་ཏེ། དེའི་རྒྱུ་ནི་དལ་དུབ་ཆེན་པོའི་ལས་དང་མུན་པ ་ཡིད་ལ་བྱས་པཱ་དང་། གཉིད་སྐྱེད་པའི་ཁ་ཟས་དང་བཏུཏང་བ་དང་ཚང་ཁུང་དུ་འདུག་པ་དང་། ཟས་སྐོམ་ཧ་ཅུང་མང་བ་དང་ཧ་ཅང་ཉུང་བྱར་ཟོས་པ་དང་འཐུངས་པ་ཡིན་ཏེ། དེ་སྤང་བ་ནི་ངེས་སྣང་བའི་མཚན་མ་ལེགས་པར་ཤིན་ཏུ ་རབ་ཏུ་བཟུང་ཞིང་ལེགས་པར་ཡིད་ལ་བྱས། ལེགས་པར་བསྟེན་ཏེ་ལེགས་པར་སོ་སོར་བརྟགས་ཏེ། དེ་སྣང་བ་དང་ལྡན་པ་དང་འོད་དང་ལྡན་པའི་སེམས་ཀྱིས་གཡོགས་པ་འམ། བླ་གིབ་མེད་པའི་འཆགས་ས་ན་འཆག་པོའི ་ཚེ། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་འམ། ཆོས་སམ་དགེ་འདུན་ནམ་ཚུལ་ཁྲིམས་སམ་གཏོང་བ་འམ་ལྷ་རྗེསུ་དྲན་པ་འམ་དང་བར་འགྱུར་བའི་དམིགས་པ་གང་ཡང་རུང་བས་སེམས་ཡང་དག་པར་བསྟོད་ཡང ་དག་པར་འཛིན་དུ་བཅུག་ཡང་དགེ་བར་གཟེངས་སྤྱོད་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་འམ། ཕྱོགས་བཅུ་ལྟ་བ་འམ། ཟླ་བ་འམ། རྒྱུ་སྐར་དང་གཟའ་དང་སྐར་མ་དག་ལ་ལྟ་བ་གཏོད་པ་འམ། རྒྱུས་གདོང་བཀྲུ་བ་འམ། ་མར་མེ་འམ། ནུར་བུའི་འོད་ལ་བལྟས་པས་སངས་རྒྱས་པར་འགྱུར་རོ།། ཡང་ན་ལྷགས་པའི་བསམ་པ་བསྐུལ་བའི་མདོ་ལས། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། དེ་ནི་གཏི་མུག་དྲ་བ་ཆེན་པོ་འཕེལ།། དེ་ནི ་ལྟ་བ་རྙེད་ནས་ཐེ་ཚོམ་འགྱུར།། དེ་ལ་ལྟར་གྱུར་གཞོན་ཡང་མང་དུ་བྱུང་ཞེས་བྱ་བ་ལ་སོགས་པས་ཁ་ཏོན་བྱས་ལ་བསང་ངོ་།། མི་དགའ་ནས་བྱིང་སྟེ། འགྲོ་བ་ཡང་གོང་མ་བཞིན་དུ་བསལ་བར་བྱའོ།། དེ་ནས་ཡང་རབ་ཏུ ་བསྒྲིམས་ལྔ་ཅི་ལ་ཡང་མི་གླནས་བྱར་བཞག་གོ།། ལུང་དུ་མ་སྙན་པའི་སེམས་ནི་གང་གི་ཚེ་སེམས་ཕྱི་རོལ་ཏུ་ཡང་མི་རྒྱུ་རླུང་དུ་ཡང་མཱི་རྒྱུ།། དེ་དགེ་བ་ལ་ཡང་མི་སྤྱོད་མི་དགེ་བ་ལ་ཡང་མི་སྤྱོད་ལྷག་མཐོང་ལ་ཡང་མི ་སྤྱོད། ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་ལ་གཉིད་ཀྱི་ནོན་པར་གནས་པ་སྟེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཉལ་ཉལ་བ་ལས་སང་པོའི་མིག་གཉིས་ཀྱིས་བསྒྲིབས་པའི་སེམས་མི་གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་མི ་གསལ་བར་རྒྱུ་བའོ།། དེ་ཡང་གོང་དུ་བྱིང་བ་ལས། གསལ་བར་བྱེད་པའི་ཐབས་བཞིན་དུ་བྱོས་ལ། ཡང་ཅི་ལ་ཡང་མི་གནས་པར་བཞག་གོ། དེ་ལ་ཞི་གནས་ལྷག་མཐོང་གི་མཚན་ཉིད་མ་ཤེས་པའི་ཉེས་པ་ནི་གང་གི ་ཚ་དམིགས་པ་ལ་མི་དགའ་ནས་བྱིང་ངམ་བྱིང་དུ་དོགས་ནས་བསལ་བར་བྱས་པའམ། དམིགས་པ་ལ་མི་དགའ་ནས་གཡེངས་པར་མཐོང་ནས་དེ་ལ་ཉེས་དམིགས་སུ་ལྟས་ནས་གཡེང་བ་ཞི་བར་བྱས་པ་འམ། རྒོད་པའི ་རྒྱུ་གཞན་གྱི་སྤྱོད་པ་འམ་རྒོད་དུ་ངོགས་ནས་ཞི་བར་བྱས་པ་འམ། ལུང་དུ་མི་བསྟན་པའི་སེམསུ་ཤེས་ནས་དེ་ལ་གཟེངས་བསྟོད་ནས་གསྔལ་བར་བཞག་པ་དེའི་ཚེ་ཤེས་བཞིན་གྱི་བལྟས་ན། ཤེསཽ་པ་ཤིན་ཏུ་བསལ་ཞིང ་ཅི་ལ་ཡང་མི་འཛིན་པར་མཐོང་ན་བྱིང་རྒོད་གཉིས་ལས་དབེན་ཞིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་པས་དེའི་ཚེ་ཡེ་མི་བཅོས་པར་བཞག། དེ་ལྟར་རིགས་པ་ལས་ཁ་ཅིག་གི་ཞི་གནས་ཀྱི་མཚན་ཉིད་ནི ་རྩེ་གཅིག་ཡིན་པས་ཅི་ཞིག་འཛིན་དགོས་སྙམ་ནས་དམིགས་པ་ཚོལ་བར་བྱེད། ལྷག་མཐོང་གི་མཚན་ཉིད་ནི་ཡང་དག་པ་ལ་སོ་སོར་རྟོག་པ་ཡིན་ནམ་སྙམ་ནས་རྟོག་པར་བྱེད་པ་དེ་ནི་དཔེར་ན་མི་ཞིག་མར་མེ་གསལ་བར་བྱེད་འདོད་པ་གོས་ཀྱི་ཐ་མས ་གཡོབ་པར་བྱེད་ན་དེ་ནི་མྱུར་མེ་བསོད་པར་བྱེད་དེ་གསལ་བར་མི་འགྱུར་པོ་དེ་བཞིན་ལ་གང་ཟག་ངེས་ལོ་འབུམ་ཕྲག་དུ་མ་བསྒོམས་ཀྱང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་མི་འཐོབ་བོ།། དེ་བས་ན་མཉམ་པར་བཞུག་པའི་ལྷག ་མཐོང་གི་མཚོན་ཉིད་ནི་རྟོགས་པ་ཙམ་དུ་ཟང་ལ། དེ་དང་ཐུང་ངུ་འབྲེལ་པའི་ཞི་གནས་ནི་དེ་ལས་མི་གཡོ་བ་ཙམ་དུ་ཟད་པས་དེ་གཉིས་སྐད་ཅིག་མ་གཅིག་ལ་ཚང་བས་དང་དེ་ལ་བཞག་གོ།། གང་གི་ཚེ་ཅུང་ཞིག་ལོན་ནས་ཤེས་པ་ནི་ཅི་ཞིག་ལ ་འཛིན་པ་སྦྲུམ་བྱེད་པ་འམ་བག་ཐིབ་པ་སྙམ་བྱེད་པ་འམ། གཏིང་དུ་འགྲོ་བ་འམ་སོང་བ་སྙམ་བྱེད་པ་འམ། ཉམ་ཆུང་བ་སྙམ་བྱེད་ན་ཞི་གནས་ཀྱི་ཤས་ཆེ་ལ་ལྷག་མཐོང་གི་ཤས་ཆུང་བ་ཡིན་པས་དེའི་ཚེ་སྟོབས་བསྐྱེད་ལ་སྔར་ཆོས་ཐམས་ཅད་ཀྱི ་ཆོས་ཉིད་ཇི་ལྟར་རྟོགས་པ་དེ་ཡང་དང་ཡང་དུ་དྲན་པར་བྱས་ལ་ནམ་ངེས་པ་སྐྱེས་ཤིང་གསལ་བར་གྱུར་མ་ཐག་ཏུ་ངང་དེ་ལ་བཞག་གོ།། དེ་ལྟར་བྱས་པ་ངེས་པ་མ་སྐྱེས་སྲིད་ན་རྟགས་གང་ཡང་རུང་བའི་རྗེ་སུ་འབྲངས་ནས་བསམ་པའི་ཤེས ་རབ་བསྐྱེད་ལ་ནམ་ངེས་མ་ཐག་ཏུ་དང་དེ་ལ་བ་ཞིག་གོ།། དེ་ལ་དུབ་པའི་ཉེས་པ་ནི་གཉིས་ཏེ། ལུས་དུབ་པ་དང་སེམས་དུབ་པའོ།། དེ་ལ་ཧ་ཅང་བསྒོམས་དྲེགས་པ་འམ། རྐྱེན་གཞན་གྱིས་ཀྱང་རུང་སྟེ། ལུས་དང་སེམས་མི་བདེན་སྤྱོད་ལམ་པ་གཅིག ་བསྒྱུར་ལ་དམིགས་པ་བཏང་ནས་འདི་སྙམ་དུ་སེམས་ཅན་ཐམས་ཅད་ཀུན་རྫོབ་ཏུ་མེ་ལོང་གི་ནང་གི་གཟུགས་བརྙན་བཞིན་དུ་བལྟའོ།། དོན་དམ་སྦལ་པའི་སྤུའི་གོས་དང་འདྲའོ་སྙམ་དུ་བསམ་མོ།། དེ་སྐད་དུ། འཕགས་པ་དྲི་མ ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། འཇམ་དཔལ་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཇི་ལྟར་བལྟ་བར་བྱ། དེ་སྐད་ཅེས་སྨྲས་པ་དང་། དྲི་མ་མེད་པར་གྲགས་པས་སྨྲས་པ། མེ་ལོ་གི་ནང་གི་གཟུགས་བཞིན་དུ་ལྟའོ།། ་ཐལ་པའི་རྒྱབ་ཀྱི་སྤུའི་གོས་བཞིན་དུ་བལྟའོ་ཞེས་གསུངས་སོ།། དེ་ལྟར་བསམ་ནས་ངལ་བསོས་པ་དང་། སྦྱོང་ལམ་སྔར་འདུག་པོ་བཞིན་དུ་བྱས་ལ་ཤེས་པ་ཙི་ལ་ཡང་མི་གནས་པར་བཞག་གོ། མདོར་ན་བྱིང་ན་ནི། གསལ་བར་བྱ ་རྒོ་ན་བརླན་པར་བྱ་མཉམ་པར་ཞུགས་ན་བཏང་སྙོམསུ་བྱ་ཞི་གནས་ཀྱི་ཤས་ཆེན་རྟོགས་པའི་དོན་དྲན་པར་བྱ་དེས་ངེས་པ་མ་སྐྱེས་ན་རྟགས་ཀྱི་རྗེ་སུ་འབྲངས་ནས་ན་མ་ངེས་པ་སྐྱེས་མ་ཐག་ཏུ་དང་དེ་ལ་བཞག་གོ།། ངེས་པ་སྐྱེས་ཀྱང་དཔྱད ་ན་ལྷག་མཐོང་ཤས་ཆེ་བས་སེམས་མེ་རླུང་ལྔ་བཞུག་པ་བཞིན་དུ་གཡོ་བར་འགྱུར་བས་དེའི་ཚེ་བགས་ཀྱིས་གློང་ལ་བཞག་གོ།། དདོ་དེ་ལ་ཤེས་པ་ཤིན་ཏུ་གསལ་ལཱ་ཅི་ལ་ཡང་མོ་འཛིན་པར་གནས་ན་ནུས་པའི་ཚད་དང་སྦྱར་ལྔ་བསྒོམ་མོ ་དེ་ལ་ལྡང་བའི་སེམས་གང་ཞེ་ན་རྣམ་པ་གཉིས་ཏེ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་དང་ཐབ་ཀྱི་སེམས་ཀྱི་ལྡང་བའོ།། དེ་ལ་ཤེས་རབ་ཀྱི་སེམས་ཀྱིས་ལྡང་བ་ནི་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ལིངས་ལ་སྤྱོད་ལམ་མ་ཞིག་པར ་འདི་སྙམ་དུ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་ན་མཁའ་ལྟ་བུ་ཡིན་སྙམ་དུ་བསམ་མོ།། དེ་ནས་ཡང་ཀུན་རྫོབ་ཏུ་སྣང་བར་བས་མོ།། དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས།། སྐད་ཅིག། ་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་།། ཐོག་མ་གོང་ལས་བྱུང་བ་ཤེས་པར་བྱ།། དེ་བཞིན་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས་ཞེས་གསུངས་སོ།། དེ་ལ་ཐབས་ཀྱི་བསམ་པས་ལྡང་བ་ནི་དེ་ལྟར་དོན་དམ་པར་ཐམས་ཅད་གཟོད་མ་ནས་མ ་སྐྱེས་ཀྱང་། ཀུན་རྫོབ་ཏུ་སེམས་ཉིད་སྣ་ཚོགས་སུ་སྣང་སྟེ་སེམས་ཅན་གྱི་འཇིག་རྟེན་དུ་བསྡུས་པའི་གཟུགས་རྣམས་ནི་སྒྱུར་མས་བྱས་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ།། སྣོད་ཀྱི་འཇིག་རྟེན་དུ་བསྡུས་པ་རྣམས་ནི་སྨིག་ཕྱུལ་ཆུར་སྣང་བ ་ལྟོ་བུའོ།། ཡུལ་དང་ལོངས་སྤྱོད་ཀྱི་ངོ་བོ་རྣམས་ནི་རྨི་ལམ་ལྟ་བུའོ།། ལུས་ཀྱི་ལས་ཀྱི་ངོ་བོ་ཉིད་ནི་མིག་ཡོར་ལྟ་བུའོ།། ངག་གིས་ལས་ཀྱི་ངོ་བོ་ཉིད་ནི་བྲག་ཆ་ལྟ་བུའོ།། འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ནི་གཟུགས་བརྙན་ལྟ་བུའོ།། ་གཟུགས་དང་གཟུགས་མེད་པ་ན་དཔྱོད་པའི་སེམས་ཅན་རྣམས་ནི་ཆུ་ཟླ་ལྟ་བུའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སོགས་པ་དག་ནི་སྤྲུལ་པ་ལྟ་བུའོ།། དེ་བས་ན་སྒྱུ་མ་ལྟ་བུའི་སེམས་ཅན་འདི་དག་དོན་དམ་པར་ངོ་བོ་ཉིད་མེད་པའི ་ཆོས་འདི་དག་ལ་ཡོད་པ་ལ་སོགས་པར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་ཉོན་མོངས་པའི་རྐྱེན་གྱིས་ལས་སྣ་ཚོགས་བསགས་པས་ཡུན་རིང་པོར་འཁོར་བ་ན་འཁྱམ་ཞིང་སྡུ་ག་བསྔལ་ལོ།། བདག་གི་ཅི་ནས་ཀྱང་སྒྱུ་མ་མཁན་བཞིན་དུ ་ས་ས་ག་དུ་སས་ས་དུས་ན་དུས་ས་པ་ས་སུ་གྶག་ག་ནརྒྱུན་ན་གྱུ་ཨཱང་ང་། ་ལ། ཐལ་མོ་སྦྱར་ནས་ག་འདི་སྐད་ཅེས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ལ་གུས་པར་བྱུག་འཚལ་སྒྲུབ་པས་མཆོད།། དེ་དག་སྨྱནཱ་སྦུར་ཟློག་པ་འཆགས་ཤིང་བསྐྱེང་རྣམས་པནཱ་ལ~ཾ་ཡཾ་རཱང་།། བྱདྡྷོ་ཆུབ་སྐྱེད ་བཞུགས་པ་རྣམས་ལ་ནས་ཀྱི་ལ་བྱོརྱ་ལོ་བསྥོརྱཱ་བའི་བསྐུལ། མྦྷ་ངན་འདའི་བྱར་བྱནང་པོ་རྣམས་ལྕེ་བསྐུལ་པོ་དཔག་ཏུ་མེད་པ་བནི་གས་པར་གསལ།། དགེ་བ་འདི་ས་སྣ་འགྲོ་བ་མ་ལུས་ཀུན།། དངོས་པོར་འཛིན་དེའི་ག་སྠཱངས ་གཙི་ལྡན་ནིང་།། རྣམ་མི་དྷྲྀག་དང་ཡངས་སྐུ་སྦྱིན་བྱས་ནས།། བྱང་ཆུ་ཆེན་པོ་ཁོ་ན་མྱེ་བྷྱོན་ཤོས། ཅེས་སྐྱོན་ལྕེམ་བ་བ་ས་དེ་ལངས་པའི་སྦྱོང་བ་གང་ནཱ་ནྱ། བཱནྡྷ་སྱཻ་སྨྲ་བས་ཐམས་ཅད་བྱུང་རྒྱུན་ཀྱི་མ ་དང་མྱི་འབྲེལ་བར་བྱ། དེ་ཡང་ལས་དང་པོ་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་བྱང་ཆུབ་ཀྱི་རྒྱ་ལ་དགོས་སོ།། ནས་བསླབ་པ་ཀུན་ལས་བཏུས་ལས་གསུངས་སོ།། དེ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྙིང ་ཅན་གྱིས་སྦྱིན་པ་ལོ་སོགས་པའི་བྱ་བ་རྣམས་ཡིན་ཏེ། དེ་སྐད་དུ།། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ་ཡང་དག་པར་ཇི་ལྟ་བ་བཞིན་མཐོང་བའི་བྱང་ཆུབ་སེམས་དཔེར་སེམས་ཅན་རྣམ ་ལ་སྙིང་རྗེ་ཆེན་པོ་འཇུག་གོ།། དེ་ཡང་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་སྙམ་སེམས་ཏེ་དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་ནས། ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱའོ།། ཞེས་འབྱུང་ངོ་།། ། ་ཡང་དེ་ཉིད་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ལགས་པ་དང་ངག་གི་ལས་གང་ཅི་ལགས་པ་དང་། ཡིད་ཀྱི་ལས་གང་ཅི་ལགས་པ་དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ ་ལྟ་བས་འཇུག་པ་ལགས་སོ།། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ལགས་སོ།། སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པ་ལགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བགྱི་བའི་ལྷག་པའི་བསམ་པ་ལས་བྱུང་བ་ལགས ་སྷོ།། དེ་ལྟར་སྨན་པར་བགྱི་བའི་བསམ་པ་དང་ལྡན་པ་དེ་ནི་འདི་སྙམ་དུ་འདུ་ཤེས་བགྱིད་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པ་གང་ཡིན་པ་དེ་བདག་གིས་བསྒྲུབ་པར་བྱའོ་སྙམ་ལགསསོ།། ཞེས་གསུང ་སོ་དེ་ལྟ་བུའི་དབང་བྱས་ནས་འཕགས་པ་སྡོང་པོ་བཀོད་པའི་མ་དོ་ལས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་བའི་སྲས་བྱང་ཆུབ ་སེམས་པ་རྣམས་ཇི་ལྟར་ན་ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས ་པཱ་རྒྱུ་ཆེར་དྲིས་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་བའི་སྐྱེས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བོད་པ་དང ་འཇིག་རྟེན་ལ་སྐྱོང་རྩོ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་དང་བདེ་བ་རྣམ་པར་གཟུང་བའི་སྤྱོད་པའི་ཕྱིར་ཞུགས་ཤིང་དེ་ལྟར་ཁྱོད་རྣམ་པ་འདི་ལྟ་བུའི་གནས་དག་ཡོངསུ་དྲོ་བོར་སེམས་པ་ནི་ཀྱེ་རྒྱལ་བའི ་སྲས་ལེག་སོ་ལེགས་སོ་ཀྱི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དག་གི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་གོང་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ཡོན་ཏན་ཁྱད་པར་འདི་དག་ཐམས་ཅད་འཐོབ་པར་འགྱུར ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ལས་སུ་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མེ་བྱོན་པོ་དང་ད་ལྟར་བྱུང་བ་རྣམས་ཀྱི་ལམ་དུ་འཇུག་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི ་གཏོང་བའི་སེམས་ཀྱང་དེ་དག་ལ་ཉེ་བར་གནས་པ་དང་ཆོས་ཐམས་ཅད་ཇི་ལྟ་བཞིན་དུ་རྣམ་པར་ལྟ་བ་ཡང་དེ་དག་ལ་ཉེ་བར་གནས་པ་དང་མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་འགྱུར་བ་དང་དགེ་བའི་ཆོས་ཐམས ་ཅད་དང་ལྡན་པར་འགྱུར་བ་དང་ཀུན་ཏུ་མཛེས་པ་དང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དང་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་སྲོག་ཆགས་ཐམས་ཅད་ལ་སྟོན་པ་གཉིས་པར་འགྱུར་བའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི ་སྦྱོར་བ་ཡིད་དེ་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་ཀྱྀ་ལས་ཡིད་ལ་བྱེད་པའི་སྦྱོར་བ་གང་དང་ལྡན་ནས་ཡོན་ཏན་གྱི་ཁྱད་པར་འདི་དག་ཐམས་ཅད་ལ་འཐོབ་པར་འགྱུར་བའི་བྱུང་རྒྱུ་བ་སེམས་དམ+Wཱ་སམྦྷས ་ཀྱིལུས་ཡིད་ལ་བྱེད་པའི་སྦྱོར་བ་དེ་དག་གང་ཞེ་ན་ཀྱེ་རྒྱལ་བྱའི་སྲས་འདི་ལ་བྱུང་ཆུབ་སེམས་དཔའི་ཁྱིམ་གྱི་ནང་ནི་འདུག་པའི་ཚེ་སེམས་ཅནྡྲ་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང་ལྡནྡྲ་པས་ཁྱིམ་གྱི་ཐིགས་པས་ཟིལ་གྱི ་མནོན་བྱུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཕ་མ་དང་འགྲོགས་པའི་ཆུ་བྱང་རྒྱུབ་སེམས་དཔ་སེམས་ཅན་ཐམས་ཅུ་ཡོངས་སུ་བསྒྲུབ་པའི་ཕྱིར་སངས་རྒྱ་སྐུ་དང་འགྲོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བུ་དང་བུ་མ ་དང་འགྲོགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྲེད་པ་དང་ཤིན་ཏུ་བྲལ་བས་དགའ་བ་དང་མི་དགའ་བ་དང་རྣམ་པར་གྲོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། འདོད་པའི་ཡོན་ཏན་དང་འགྲོགས ་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདོད་པ་བསལ་ཅིང་རྣམ་པར་སེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གླུ་དང་གོར་དང་རོལ་མོ་དང་སིལ་སྙན་དང་འགྲོགས ་བུའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་གར་མཁན་གྱི་མཚོན་ལྟ་བུར་མཐོང་བ་དང་ལྡན་ཞིང་ཆོས་ཡང་དག་པར་འགྲོ་བའི་བརྗོད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆུང་མའི་འཁོར ་གྱི་ནང་ན་འདུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་པ་རིགས་ལྔ་ཤིང་དང་བྲལ་ཞིང་པགས་པའི་སྐྱར་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རྒྱུན་གྱིས་བརྒྱན་པའི་ཚེ་བྱང་ཆུབ་སེམས་དེབས་སེམས ་ཅན་ཐམས་ཅད་སྲེད་པར་འབྱུང་བ་འཇིག་པའི་ཕ་རོལ་ཏུ་ཕྱིན་པས་ཁུར་བོར་བར་གྱུར་ཅིག་ཅེས་སྙོམས་བསྐྱེད་དོ།། ཁང་སྟོང་དུ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་ཁྱད་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་ཁང ་སྟེང་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྦྱིན་པ་གཏོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བདག་གིར་བྱ་བ་མོད་དེ་ཡོངས་སུ་འཛིན་པའི་སེམས་མེད་ཅིང་བདགྲ་གོ་བ་ཐམས་ཅད་ཡོངས་སུ་གཏོང ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མ་བྲལ་ཞིང་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཕྱིན་ཏེ། འདུ་བ་དང་ཤིན་ཏུ་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བཙུནར ་ལ་ཁ་ན་མ་ཐོ་བར་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་སྤྱོད་ཅིང་གང་དུ་དགའ་བར་འདོང་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁྱིམ་ནས་ཁྱིམ་མེད་པར་འབྱུང་བའི་ཚེ་བྱང ་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་བཅིངས་པ་དང་གྲོལ་བ་མེད་ཅིང་ཆགས་པ་མེད་དེ་མི་དགོས་པ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། དགེ་འདུན་གྱི་ར་བའི་མཚམས་འདའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་འགལ་བ་མེད་པའི་ཆོས་དང་ལྡན་ཞིང་། མཐུན་པར་འགྲོ་བ་མང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས ་ལ་རྩོམ་ཞིང་ཆོག་ལ་མཁས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རབ་ཏུ་འབྱུང་བར་གསོལ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བར་ཆང་མེད་ཅིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས ་བསྐྱེད་དོ།། གོས་དཀར་པོ་འདོར་བའི་ཚེ་བྱང་ཆུབ་སེམས་དཔོས་སེམས་ཅན་ཐམས་ཅད་སྡིག་པ་ལ་བརྩོན་པ་སྤངས་ཏེ། དགེ་བའི་རྩ་བ་ཤིན་ཏུ་སྦྱངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྐྲ་དང་ཁ་སྤུ་འདྲེག་པའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་ཉོན་མོངས་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གོས་ངུར་སྨྲིག་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲང་སྲོང་ཚོན་པོའི ་སེམས་དང་ལྡན་ཞིང་རྙོག་པ་མེད་པར་གྱུར་ཅིས་སེམས་བསྐྱེད་དོ།། རབ་ཏུ་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྐྱང་བའི་ཕྱིར་དེ་བཞིན་གཤེགས་པའི་རབ་ཏུ་འབྱུང་བས་རབ་ཏུ་བྱུང་བར ་གྱུར་ཅིག་ཅེས་སེམ་བསྐྱེད།། སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དགེ་བ་ལ་མོས་པ་མངོན་པར་སྐྱེས་ནས་སངས་རྒྱས་ཀྱི་གདུང་མི་འཆད་པའི་དོན་དུ་བརྩོན་པར་གྱུར ་ཅིག་ཅེས་སེམས་བསྐྱེད་དོ།། ཆོས་ལོ་སྐྱབས་སུ་འགྲོ་བའོ་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཀྱི་གཏེར་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། དྲག་འདུན་ལ་སྐྱབས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་ཆགས་པའི་གནས་དང་བྲལ་ཞིང་དགེ་འདུན་ཡོངས་སུ་སྡུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བསླབ་པའི་ཚིགས་ཡང་དག་པ་རོ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམསོ་ཅན་ཐམས་ཅད ་ཚུལ་བཟང་པོ་ལ་ཡང་དག་པར་སྤྱོད་ཅིང་བསྒྲུབ་པ་ཐམས་ཅད་ལ་ཤིན་ཏུ་བསླབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སློབ་དཔོན་གྱིས་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལོག་པ་མ་ཡིན་པའི་ལུས ་ལ་སྤྱོད་ཅིང་ཚུལ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མཁན་པོས་བསྟུན་པོའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མྱེད་པ་ལས་ཡང་དག་པར་གཞོལ་ཞིང་། མཱི་སྐྱེ་བི ་ཡེ་ཤོས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བསྙེན་པར་རྫོགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱིས་ཕ་རོལ་ཏུ་ཕྱིན་ཏེ། ཐབས་མཁས་པའི ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གཙུག་ལག་ཁང་དུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཕྲོག་པའི་ཆོས་ཅན་དུ་གྱུར་ཏེ། བླ་ནཱ་མེད་པའི་གནས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ།། སྟན་འདིངས་པའི་ཚེ་བྱང་ཆུབ་སེམས་དྲཔས་སེམས་ཅན་ཐམས་ཅད་ཆོས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ལེགས་པར་བཀོད་པའི་ཆོས་ཅན་དུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། འདུག་པའི་ཚེ་བྱང་ཆུབ ་སེམས་དཔསོ་སེམས་ཅན་ཐམས་ཅད་མི་གནས་པའི་སེམས་ཀྱིས་སྙིང་པོ་བྱང་ཆུབ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྐྱིལ་མོ་ཀྲུང་འཆའ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་མིག་གཡོ་བའི་ས་ལ་དགེ་བྱིའི ་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཞི་གནས་ཡོངས་སུ་སྦྱོང་བར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པ་ལ་བརྩོན་ཞིང་ཞི་བ་དང་། དུལ་བ་ལ་རབ་ཏུ་གཞོལ ་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལྷག་མཐོང་ཡོངས་སུ་སྦྱོར་བར་བྱེད་པའི་ཆ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན། མོངས་པ་མེད་པའི་ཆོས་ཅན་དུ་གྱུར་ཏེ་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ ་མཐོང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྐྱིལ་མོ་ཀྲུང་འཇིག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་མཉམ་པར་བཞག་ཅིང་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འཇིག་པ་རྣམ་པར་མཐོང་བར ་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རྐང་མཐིལ་གཞོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པ་ལ་རབ་ཏུ་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད།། ། ་རྐང་མཐིལ་འདེགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཐོབ་སྟེ། འཁོར་བའི་རྒྱ་མཚོར་བྱིང་བ་ལས་ཐོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སླད་གཡོགསོ ་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་ལྡན་ཞིང་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྐ་རགས་འཆིང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅནྡན་དུ་གྱུར་ཏེ་དགེ་བའི་རྩ་བ་ཤིན་ཏུ་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བླ་གོས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཆོས་ཐམས ་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་།། སྦྱར་བ་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཏེ ་ཐབས་དམ་པས་མངོན་པར་བཀབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སོ་ཤིང་ལེན་པའི་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོངས་སུ་དག་པའི་དངོས་པོ་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སོ་ཤིང་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོངས་པུ་ཤིན་ཏུ་བཅོམ་ཞིང་། སེམས་དུལ་ཞིང་སེམས་དག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། དབེན་པར ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔོས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་ཏེ། སྡིགས་པ་མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆུ་དོགསུ་འགྲོ་བའི་ཚེ་བྱང ་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་བྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གཙང་སྒྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔེས་སེམས་ཅན་ཐམས་ཅད་ཤིན་ཏུ ་དྲག་པའི་དངོས་པོས་གཙང་ཞིང་དྲིས་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལག་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་ཞིང་བཅང་བའི་ཕྱིར་བཀྲ་ཤིས ་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ངོ་ཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་མོངས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ།། ཁར་བ་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཆོད་སྦྱིན་བྱས་ཤིང་ལམ་སྟོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་།། ལྷུང་བཟེད་ལེན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ ་ཐམས་ཅད་ཀྱིས་མཆོད་པར་འོས་ཤིང་སྣོད་དུ་གྱུར་ཅིག་ཅེས་སེམས་བསྐྱོང་ངོ་།། སྤྱོད་ཡུལ་མངོན་པར་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གནས་མེད་པ་ལ་ཡང་དག་པར ་གཞོལ་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་སེམས་བསྐྱེདདོ།། ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཕྱི་ན་མ་ལུས་པར་འགྲོ་ཞིང་སངས་རྒྱས་ཀྱི་ལམ་དུ་ཞུགས ་བར་གྱུར་ཅིག་ཅེས་སེམས་པོསྐྱེད།། འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དོག་པའི་ཆོས་སྒྲིབ་པ་མེད་པ་གྲུབ་པར་གྱུར་པས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཁོང་དུ་ཆུད ་པར་གྱུར་ཅིག་ཅེས་སེམས་བསྐྱོད་ངོ་།། ལམ་མཐོང་བ་མ་ཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཞུམ་པ་མེད་དེ་ཁམས་གསུམ་ལས་གྱེན་དུ་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ་ལམ་དགའ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དགེ་བའི་རྩེ་བ་ཤིན་ཏུ་བརྟན་ཅིང་སངས་རྒྱས་ཐམས་ཅད་ཤིན་ཏུ་འདུས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལམ་ཉམ་ང་བ་མཐོང ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྟ་བ་ཡོ་ཞིང་མི་དྲང་བ་དང་བྲལ་ཏེ་ལམ་ཉམ་ང་བ་ཡོངས་སུ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལམ་དྲང་པོ་མཐོང་པོའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་གཡོ་མེད་ཅིང་སྒྱུ་མེད་དེ། སེམས་དྲང་པོ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལམ་རྡུལ་ཆེན་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་རྡུལ་མེད ་པའི་ཆོས་ཡང་དག་པར་ཐོབ་སྟེ། འདོད་ཆགས་པར་གྱུར་པའི་ཆོས་རྣམ་པར་འབྲེལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་།། རྡུལ་མེད་པའི་ལམ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན ་བྷྱོ་ཡོངས་སུ་བསྒོམ་པ་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གཡང་ས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པར་རྟོགས་པར་ཁོང་དུ་ཆུད་ཅིང ་སྡིག་པའི་ཆོས་ཐམས་ཅད་བསལ་ཏེ། དགེ་བའི་ཆོས་ལ་རབ་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། འཁོར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་དུ་གཏོགས ་པའི་ཆོས་ཟབ་མོ་བསྟན་པ་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཀ་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅདང་ཁྲོ་ཞིང་ཁོང་དུ་འཛིན་པ་དང་བྲལ་ཏེ། ཁེངས་པ་དང་འཁྲུག ་པ་དྨ་རྣམ་པར་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ནགས་ཚལོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་འཇིག་རྟེན་དུ་བཅས་པས་ཕྱག་བྱ་བའི་གནས་སུ་གྱུར་ཅིག་ཅེས ་སེམས་བསྐྱེད་དོ།། རི་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོབ་པར་དཀའ་བ་དང་ཐིབ་པོ་མེད་པར་རབ་ཏུ་ཐོབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱི་མངོན་པར་འཕགས་པར་གྱུར་ཅིག་ཅེས་སེམས་བསྐྱེད ་དོ།། ཤིང་ཚེར་མ་ཅན་མཐོང་པོའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་ཅིང་ཚེར་མ་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམ ་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གིས་རབ་ཏུ་གཡོ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མེ་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས ་ཅད་ལ་མངོན་པར་ཤེས་པའི་མེ་ཏོག་རྒྱས་པས་མེ་ཏོག་ལྟ་བུར་གྱུར་ཅིག་ཅེསུ་སེམས་བསྐྱེད་དོ།། མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག ་ཤིན་ཏུ་རྒྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཤཱིང་ཏོག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་གཞོལ་ཞིང་སངས་རྒྱས་ཀྱིས་ཆོས་བཙལ་བ་ཐམས་ཅད་འབྲས་བུ་ཡོད་དེ་འབྲས ་བུ་དམ་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆུ་ཀླུང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ། ཆོས་ཀྱི་རྒྱུན་ལ་མཉམ་པར་བཞག་པར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ།། ལུ་མ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་སེ་གོལ་གཏོགས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རྫིང་བུ་མཐོང ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཚིག་ཤིན་ཏུ་བརྟེན་པ་ལ་མཁས་ཤིང་ཆོས་ཐམས་ཅད་ཀྱི་རྒྱས་པའི་ཚིག་གི་ལས་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁྲོན་པ་མཐོང་བའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་འབྱོར་པ་དང་ལྡན་ཞིང་སྤོབས་པ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མཚོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གོང་ནས་གོང་དུ་དམིགས ་པ་ལ་རབ་ཏུ་བརྩོན་ཞིང་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་སྒྲོལ་བ་ལ་ཟམ་པར་རེད་པར་གྱུར་ཅིག་ཅེས ་སེམས་བསྐྱོད་དོ།། ཡུར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་སེམས་དང་བསམ་པ་ལ་མཁས་ཤིང་བག་ལ་ཉལོ་བ་དང་ཀུན་ནས་འཁོར་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ་བ་མཐོང་ངོའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་གཟུགས་དང་། སྒྲ་དང་། དྲི་དང་རོ་དང་རེག་ལ་སྲེད་པ་རབ་ཏུ་བྱང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མྱ་ངན་མེད་པའི་ནགས་ཚལ་མཐོང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་སྲེད་པ་བཞིན་དུ་མྱ་ངན་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བཟའ་ཤིང་གི་ར་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང ་ཆུབ་ཡོངསུ་མི་གཏོང་བ་ལ་ཤིན་ཏུ་བརྩོན་པར་གྱུར་ཅིག་ཅེས་སེམས་བསྐྱང་ངོ་།། སེམས་ཅན་རྒྱན་གྱིས་བརྒྱན་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས ་བརྒྱན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རྒྱན་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྦྱང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྒྱན་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ་དགའ་བ་མྱང་བའི་སེམས་ཅན་མཐོང་དེའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་ཞིང་མོས་པ་དང་། སྤྲོ་བས་དགྲོའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མི་དགའ་བ་མང་བའི་སེམས་ཅན ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་མང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སེམས་ཅན་བདེ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་རབ་ཏུ་ཐོབ་པས་ཤིན་ཏུ་དབེན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སེམས་ཅན་སྡུག་བསྔལ་བ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད ་ཡེ་ཤེས་ཀྱི་རྩ་བ་རབ་ཏུ་ཐོབ་སྟེ། སྡུག་བསྔལ་ཞི་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ནད་མེད་པ་མ་ཡིན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔའ་སེམ་ཅན་ཐ~ཾང་ཤིན་ཏུ་མྱ་ངན་མེད་པའི་ཆོས་ཅན་དུ་གྱུར་ཏེ་ཐ་དད་པ ་མེད་པར་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སེམས་ཅན་སྡུག་བསྔལ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཐམས་ཅད་ལ་མོས་པ་མང་བར་གྱུར་ཅིག ་ཅེས་སེམས་བསྐྱེད་དོ།། མི་སྡུག་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་གྱིས་བྱ་བ་ལ་མོས་པ་ཆུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། དྲིན་གཟོ་བའི་སེམས ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་ཤེ་བར་གྱུར་ཅིག་ཅེས་སེམས་བསྐྱེད་།། དྲིན་གཟོ་བ་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ལྟ་བ་ལ་དྲིན་ཏུ་གཟོ་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། དགེ་སྦྱོང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་བྱས་ལ ་བརྩོན་ཞིང་ཞི་བ་དང་དུལ་བ་ལ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བྲམ་ཟེ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཚངས་པའི་དམ་བར་ཏེ་སྡིག་པ་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ། ་དཀའ་ཐུབ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་ཐུག་པའི་བྱ་བ་ལ་བརྩོན་ཞིང་དཀའ་ཐུབ་ལ་ཤིན་ཏུ་གཞོལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བརྟུལ་ཞུགས ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་མྱི་གཏོང་བའི་ཕྱིར་བརྟུལ་ཞུགས་དམ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གོས་གྱོན་པའི་སེམསོ་ཅན་མཐོང་བའི་ཚེ ་བྱང་ཆུབ་སེམས་དོཔས་སེམས་ཅན་ཐམས་ཅད་རང་བྱུང་བའི་ཆོས་ཡོངས་སུ་བཙལ་བ་ལྔ་གོ་ཆ་བཟང་པོ་ཤིན་ཏུ་བགོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གོས་མ་གྱོན་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས ་དངོབུས་སེམས་ཅན་ཐམས་ཅད་མི་དགེ་བའི་ལས་བྱས་པ་ཐམས་ཅད་གོས་གྱོན་པ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད།། རྒོལ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་པས ་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅོད་པར་གྱུརརོ་ཅིག་ཅེས་སེམས་བསྐྱེད་དོ།། འཚོ་བའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྤྱོད་ལམ་བཅོས་པ་མེད་ཅིང་འཚོ་བ་དག་པར་གྱུར ་ཅིག་ཅེས་སེམས་བསྐྱེད་དོ།། རྒྱལ་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རྒྱལ་པོའི ་བུ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྲས་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁྱིམ་བདག་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་རྣམ་པར་གདོན་མི་ཟ་བའི་བློ་ཅན་དུ་གྱུར་ཏེ་གྲོང་གི་ཆོས་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བློན་པོ་མཐོང་བའི་ཚེ་བྱང་ཆུབོ་སེམས་དཔས་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་ཀྱི་སྤྱོད་པ ་ཐམས་ཅད་ལ་བཟང་པོ་ཡིད་ལ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གྲོང་ཁྱེར་མཐོང་བའི་ཚེ་བྱང་ཆུབ་སེམས་ངོ་པས་སེམས་ཅན་ཐམས་ཅད་གདུལ་དཀའ་བའི་སེམས་དང་ལྡན་པར་གྱུར་ཏེ་མཐུ་བོ་ཆེའི་ལུས་འདྲ་བར་གྱུར ་ཅིག་ཅེས་སེམས་བསྐྱེད་དོ།། རྒྱལ་པོའི་གནས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་རྗེས་སུ་འབྲང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ནགས་ཚལ་གྱིས་འདབ་མཐོང་བའི་ཚེ་བྱང་ཆུབ་སེམས ་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྔགས་པར་འོས་པར་གྱུར་ཅིག་ཅེས་སེམས་བསྐྱེད་།། གྲོང་དུ་འགྲོ་བའི་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི ་ཚུལ་གྱིས་ཆོས་ཀྱི་དབྱིངས་སུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྒོར་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྒོར་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ནང་དུ ་ཕྱིན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཐེག་པ་དུས་གསུམ་མཉམ་པ་ཉིད་ཀྱི་ནང་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མི་སྦྱིན་ནོ་ཞེས་མ་བྱས་པའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་བསྟོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཕྱིར་སྤོང་བ་མེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མ་སྦྱིན་ནོ་ཞེས་བྱ་བའི་ཚེ་བྱང་ཆུབ་སེམས་དཔསོ་སེམས་ཅན་ཐམས་ཅད་དམྱལ་བ་དང ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་ཕྱིར་སྦྱངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལྷུང་བཟེད་སྟོང་པ་མཐོང་པོའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཉོན་མོ་པ་ཐུམ་ས་ཅད་ཀྱིས ་སྟོང་པར་གྱུར་ཅིག་ཅེས་སེམས་བརྒྱད་དོ།། ལྷུང་བཟེད་གང་པོ་མཐོང་བའི་ཚེ་བྱང་ཆུབ་སེམས་དབུས་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རིམ་གྲོང ་བྱས་པའི་བྱས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྤྱོད་པ་ཐམས་ཅད་ལ་རིམ་གྲོ་བྱེད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རིམ་གྲོར་མ་བྱས་པའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་མི་དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ལ་རག་མ་ལས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁྲེལ་ཡོད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དབང ་བློ་དབེན་པའི་སྤྱོད་པ་དང་ལྡན་ཞིང་ཁྲེལ་ཡོད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ངོ་ཚ་མེད་པའི་སེམས་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བྱམས་པ་ལ་གནས་ཤིང་ངོ་ཚ་མེད་པ ་ཡོངས་སུ་སྲུངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁ་ཟད་བསྟོད་པ་ཐེཞི་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཟང་ཟིང་མེད་པའི་སེམས་དང་ལྡན་ཞིང་སྨོན་ལམ་ཐམས་ཅད་ཕུན་སུམ་ཆོག ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁ་ཟས་མི་བསོད་པ་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཉམས་སུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁ་ཟས ་སྣུམ་བག་ཐོབ་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅནྡ་ཐམས་ཅད་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམ་པའི་སེམས་དང་ལྡན་ཞིང་སེམས་འཇམ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྣམ་བག་མེད་པའི་ཟས་ཐོབ ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་སྲེད་པ་དང་བྲལ་ཏེ་སྣུམ་བག་མེད་པའི་སེམས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁ་ཟས་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན ་ཐམས་ཅོད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། རོ་མྱོང་བའི་ཚེ་བྱང་ཆུབ་སེམས་དོབས་སེམས་ཅན་ཐམས་ཅད་བདུད ་རྩིའི་རོས་ངོམས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཟས་ཟོས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིང་བྱ་བ་བྱས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆོས ་སྟོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་སྤོབས་པ་མི་ཟད་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཕྱིར་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉམས་སུ་མྱོང་སྟེ་ཁམས་གསུམ་ནས་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆུ་འབོག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དུས་གསུམ་མཉམ་པ་ཉིད་ཀྱིས་ཐ~ཾད ་མཁྱེན་པའི་ཡེ་ཤེས་ལ་འབྲོག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཁྲུས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འོད་མཐའ་ཡས་པ་དང་ལྡན་ཞིང་ལུས་དང་སེམས་དྲི་མ་མེད་པར་གྱུར་ཅིག་ཅེས་སེམས ་བསྐྱེད་དོ།། དྲོ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མུ་མེད་པར་ཕྱིན་ཏེ་ཡོངས་སུ་གདུང་བྱ་བསིལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། བསིལ་བ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས ་ཅན་ཐམས་ཅད་ཤིན་ཏུ་བསིལ་བར་གྱུར་ཏེ་བླ་ན་མེད་པའི་བསིལ་བའི་དངོས་པོ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཆོས་ཐོབ་པར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སོངས་རྒྱས་ཀྱི་ཆོས་ཀྱི་གཏམ་གྱི ་རྗེས་སུ་འགྲོ་ཞིང་ཆོས་ཀྱི་དབྱིངས་དང་འདྲེས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སངས་རྒྱས་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་དང་འགྲོགས་པ་རབ་ཏུ་ཐོབ་སྟེ་བསྒྲིབས་པ་མེད་པའི་མིག་དང་། ་ལྡན་པར་གྱུར་ཅིག་ཅེས་སོམས་བསྐྱེད་དོ།། མིག་མི་འགེབས་པར་ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀུན་ཏུ་མཛེས་པས་ཀུན་ཏུ་བཟང་པོར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལྟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བྱེ་ལྟ ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སྤྱི་འོས་འཐུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་ལྟར་མི་སྣང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། གཡས་ཕྱོགས་སུ་བསྐོར་བ ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་དོན་དང་མཐུན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལོན་གསུམ་དུ་བསྐོར་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས ་རྒྱས་ཀྱི་བྱང་ཆུབ་ཏུ་མོས་པའི་རབ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་བྱང་ཆུབ་སེམོས་དཔས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོན་ཏན་མི་བཟད་པར་གྱུར ་ཅིག་ཅེས་སེམས་བསྐྱེད་དོ།། མཚན་རྣམས་བརྗོད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཞོལ་ཞིང་ཡན་ལག་དམ་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས ་སེམས་བསྐྱེད་དོ།། རྐང་པ་འཁྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པས་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ལུས་མྱོང་བའི་ཚེ་བྱང་ཆུབ་སེམས་དཔས ་སེམས་ཅན་ཐམས་ཅད་བསམ་པ་ལ་རྙོག་པ་མེད་ཅིང་ལུས་ཀྱི་འདུ་བྱེད་ཤིན་ཏུ་བདེ་བར་གྱུར་ཅིག་ཅེས་སེམས་བསྐྱེདདོ།། གཉིས་སད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱོགས་བཅུ་ཐམས་ཅད་དུ་མཐུ་ཆེན། ་པོ་ཐོབ་པར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཞེས་གསུངས་སོ།། དེ་དག་ལ་ཁམས་ཀྱི་ནུས་པ་དང་སྦྱར་ལ་ཅི་ནུས་ཀྱིས་སློབ ་སྟེ། ཁམས་པ་དེ་བཞིན་དུ་ཉེས་པར་བསམ་པ་སེམས། ཉེས་པར་སྒྲ་བརྗོད། ཉེས་པར་བྱ་བའི་ལས་བྱེད་ཅིང་ཐ་མལ་པའི་སྤྱོད་པས་དུས་འདའ་བར་བྱེད་པས་ཡང་སྤང་བར་བྱའོ།། ལངས་པའི་སྤྱོད་པ་བཤད་ཟིན་ཏོ།། ་དེ་ལ་ཁམས་ཀྱི་ཚོད་བཟུང་བ་གང་ཞེ་ན། བསམ་པའི་ཤེས་རབ་སྐྱེས་པའི་རྗེས་ལ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་ན་ཉིན་གཅིག་གམ་མཚན་གཅིག་གམ། ཞག་གཉིས་ཀྱི་བར་དུ་བསམ་པའི་ཤེས་རབ་ཇི་ལྟར་སྐྱེས ་པ་དེ་ཙམ་སྐབས་སྐབས་སུ་དྲན་པར་བྱ་བ་མ་གཏོགས་པ་བྱ་བ་གཞན་ཡང་མི་བྱ། བསྒོམ་ཡང་མི་བསྒོམ་པར་ཁམས་རྟ་སུ་གཞུག་གོ།། དེ་ནས་ཁམས་རྟས་དེ་འམ། ཁམས་མི་བདེ་བ་མ་བྱུང་ཡང་བསམ་པའི་ཤེས་རབ་ཀྱི་རྗེས་ལ ་མཉམ་པར་བཞག་པས་གནས་སུ་མོང་འདོད་པ་དག་གིས་འདི་ལྟར་མཚན་མྱོ་ཡེ་མི་བསྒོམ་པར་གཉིས་ཅི་རྩ་མ་ལོག་པ་དེ་རྩམ་གྱི་ཁམས་རྟས་པ་དེ་ཙམ་ལོག་ཅིང་བརྣའོ།། ཉི་མ་དང་པོ་སྔ་དྨོ་ཐུན་གཅིག་ཕྱི་དྲོ་ཐུན་གཅིག་བསྒོམས་ཏེ། ་ཡུན་ནི་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ་ཙམ་མོ།། དེ་ནས་སྔ་དྲོ་ཐུན་རེ་ཕྱི་དྲོ་ཐུན་རེ་བསྣུན་ཅིང་བསྒོམ་པས་ཉི་མ་ལྔ་པ་ལ་ཐུན་བཅུའོ།། དེ་ཡང་ན་ཚ་ཕན་ཚེགས་མ་བྱུང་ན་དེ་བཞིན་དུ་བསྣུན་པོར་བྱའི་བྱུང་ན་དེ་མ་ཞིའི་བར ་དུ་བསྣན་པར་མི་བྱའོ།། ན་ཚ་མ་བྱུང་ཡང་དེའི་ཕྱིན་ཆད་སེམས་གན་པ་མཱ་ཐོབ་ཀྱི་བར་དུ་ཉིན་རེ་ལ་ཐུན་བཅུ་བཅུ་ལས་མང་བར་མི་བསྒོམ་མོ།། གལ་ཏེ་ཁམས་ཐ་མ་ཞིག་ཡིན་ནམ། འབྲིང་ཞིག་ཡིང་སེམས་གནས་པ་དཀའ་བས ་ཞག་བཅུ་ཙམ་ལོན་པས་ཁམས་ནུས་པ་ཆུང་བ་འམ། ཁམས་རབ་ཡིན་ཡང་སེམས་གནས་པ་བུལ་བའི་རིགས་ནས་ཞག་ཉི་ཤུ་ཙམ་ལོན་པས་ནུས་པ་ཆུང་བ་འམ། ན་ཚ་ཕྲན་ཚེགས་བྱུང་ན་མོས་དང་མཐུན་པའི་ཁ ་ཟས་སམ། བཏུང་བ་འམ་སྐུ་མཉེ་ལ་སོགས་པས་ཞི་བར་བྱ་སྟེ་སྲན་སྐྱེད་ཅིང་མི་སྒོམ་མོ།། ཡང་ཕལ་ཆེར་ཐུན་ཞབ་ལ་ཞན་པ་འམ། དགོངས་ཀ་ཞན་ན་ཕྱི་དེ་ཉིན་བར་ནས་ཐུན་རེ་རེ་གཉིས་གཉིས་འབྲི་ཞིང་བསྒོམ་མོ།། ཡང ་ཁམས་དྲག་ཏུ་སོང་ནས་སྒྱུ་མ་བཞིན་དུ་བསྒོམ་སྟེ། དེ་ལྟར་བྱས་ན་ཁམས་རབ་འབྲིང་བླ་མ་འབྲལ་ལ་ཤེས་ཏེ་འོང་བས་ཉི་མ་རེ་རེ་ལ་ནུས་པ་ཇི་ཙམ་ཡོད་པ་དེ་ཙམ་རེ་བསྒོམ་པར་བྱའོ།། དེ་དག་ནི་སེམས་གནས་པ་མ་ཐོབ ་པའི་བར་གྱི་ཁམས་ཀྱི་ཚོད་གཟུང་བ་ཡིན་ནོ།། དེ་ལ་བསྒོམ་པས་སེམས་ཀྱི་སྐྱེ་བོའི་རིམ་པ་གང་ཞེ་ན། མདོར་བསྡུ་ན་གསུམ་སྟེ། ཤིན་ཏུ་མྱུར་བར་བསལ་བའི་ཤེས་རབ་ཀྱི་རྗེས་ཐོགས་ཁོ་ནར་སྐྱེ་བ་དང་། ཧ་ཅང་ཡུན་རིང་པོ་མ་ལོན་པར་སྐྱེ ་བ་དང་། ཡུན་རིང་དུ་ལོན་ནས་སྐྱེ་བའོ།། དེ་ལ་ཤིན་ཏུ་མྱུར་བ་ལ་གཉིས་ཏེ་ཁ་ཅིག་ནི་བསམ་པའི་ཤེས་རབ་སྐྱེས་པའི་སྐབས་དེར་ཆོས་ཐམས་ཅད་ཇི་ལྟར་རྟོགས་པ་དང་། དེ་ལ་བློ་ཇི་ལྟར་བཞག་ན་མི་འགལ་བར་དྲན་པར་བྱེད་པ ་མཚམས་སྦྱོར་བའི་ཤེས་པ་ཅུང་ཞིག་བསྐྱེད་མ་ཐག་ཁོ་ནར་རབ་ཏུ་བསྒྲིམས་ནས་ཅི་ལ་ཡང་མི་གནས་པར་བཞག་པས་ལྷན་གྱིས་གནས་ཏེ། དེ་ཉི་དུ་ལུས་ཡོད་པར་མི་ཚོར་བར་ཆབ་རོམ་ཞུ་བ་ལྟ་བུར་སོང་ནས་ནམ་མ་ལོངས་པའི ་སྣོད་བསྣུན་པའི་ནང་ན་ཆུ་གཙང་མ་ཡོད་པོ་བཞིན་དུ་ཧ་ཅང་མི་གསལ་ནོ།། མི་གཡོ་བར་ནི་གནས་པ་ཡིན་ནོ།། དེ་ལྟ་བུ་བྱུང་ན་དེས་ཡུན་གོམས་པ་ཐ་མལ་པས་མངའ་རྒྱད་གསུམ་ལྕུག་ཙམ་དུ་བྱིན་པའི་བར་དུ་བསྒོམས་ལ། ་དེ་ནས་བདེ་བ་དེ་འཕྲོ་བཅད་ནས་ལྡང་སྟེ། ཐུན་དེ་ལ་བཅོས་ཀྱང་མི་དགོས་སོ།། དེ་ནས་ཞག་མང་རབ་ཏུ་ཡང་ལུས་དབེན་པ་དང་སེམས་མ་བསླང་ནུས་པ་མ་ཟད་ན་མ་བཅོས་ཀྱང་གོང་མ་བཞིན་དུ་གནས་ནུསོ།། ཚོགས་མི་ལྡན་ནམ་ནུས ་པ་ཆུང་བས་ཞན་དུ་སོང་ན་སྔར་བསྟན་པ་བཞིན་དུ་ཅི་རིགས་པར་སྤྱོ་སོ།། ཁ་ཅིག་ལ་གོང་མ་བཞིན་དུ་བཞག་པས་དེ་མ་ཐག་ཏུ་ལྷུན་གྱིས་གནས་ཤིང་མཱི་གཡོ་བར་འདུག་ཀྱང་ལུས་ཡོད་པར་མི་ཚོར་བ་མི་འབྱུང་སྟེ། མིང་དང་མིང་ཅན་དུ་འབྲེལ ་པའི་རྟོག་པ་མེད་པ་ཙམ་མོ།། དེ་ལྟ་བུ་བྱུང་ན་ནི་ཡུན་གོང་མ་ཐ་མལ་པས་མདའ་རྒྱང་གཅིག་ཏུ་ཕྱིན་ཙམ་དུ་བསྒོམས་ནས་ལྡང་ངོ་།། ཐུན་དེ་ཕྱིན་ཆད་ཀྱང་དེ་ལས་རིང་བར་མི་བསྒོམ་ཞིང་། ལངས་པའི་གནས་སྐབསུ་བཀའ་དང ་བསྟན་བཅོས་དོན་དམ་པ་སྟོན་པ་ཁོ་ན་སྐབས་སྐབསུ་ལྟ་བ་དང་དྲན་པར་བྱའོ།། དེ་ནས་སྐྱེད་བྱུང་ནས་ལུས་ཡོད་པར་མི་ཚོར་བའི་ཉམས་ཤོག་བྱུང་ན་དེའི་སྐབས་སུ་ཡུན་གོམས་པ་ཐ་མལ་བྱས་མཱདར་རྒྱད་གསུམ་དུ་ཕྱིན་པ ་ཙམ་དུ་བསྒོམ་ནཱ་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ་།། བཙོས་པའི་དུས་དང་། ཇི་ལྟར་བཅོས་པ་ནི་གོང་མ་བཞིན་དུ་བྱ་སྟེ། དེ་ནི་ཤིན་ཏུ་མྱུར་བའི་སྐྱེ་ལུགས་གཉིས་སོ།། དེ་ཧ་ཅང་ཡུན་རིང་པོ་མ་ཡིན་པར་སྐྱེ་བ་ལ་གིཉེས་ཏེ། ཁ ་ཅིག་ནི་གོང་དུ་བསྟན་པ་བཞིན་དུ་སེམས་བཞག་པ་ནི་སྐྱེ་བའི་རིམ་པ་བཞི་བྱུང་སྟེ། ཤེས་པ་འཕྲོ་ཞིང་འདུག་ཏུ་མི་འདོད་ལ་ཡང་བསྒྲིབས་ཤིང་བཞག་ཀྱང་ཟ་ཟི་དང་ལྷང་ལྷོད་དང་། རྩུབ་པ་དང་། གྱོང་བ་དང་། ཡུད་ཙམ་ཡང་སྡོད་དུ་མི ་འདོད་པའི་ཉམས་འབྱུང་སྟེ། དེ་ལྟ་བུ་བྱུང་ན་ཡུན་གོམས་པ་ཐ་མལ་པས་མདའ་རྐྱང་ཕྱེད་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་འཕྲོ་བཅད་དེ་བཞག་ཁ་ཅིག་དུ་ཉམས་དེ་ལས་མི་སྐྱེ་བ་དང་། དེ་ནས་ཞག་མང་རབ་ལོན་ནས་བསྐྱེད ་བྱུང་སྟེ། བསྒྲིབས་པའི་སྟོབས་ཀྱི་ཤེས་པ་འཕྲོ་བ་ཉུང་བ་ཟ་ཟི་ཉུང་བར་གནས་ཀྱང་རྩུབ་པོ་དང་གྱོང་བ་དང་འཛིན་པ་མེད་པའི་ཉམས་དང་། དེ་ནས་ཅུང་སྐྱེད་བྱུང་སྟེ། སེམས་ཕྱི་རོལ་དུ་མི་འཕྲོ་ཞིང་ཟ་ཟི་དང་རྩུབ་པ ་དང་སྙམ་བྱེད་པ་ཡང་ཞི་སྟེ། དབུགས་མི་བདེ་ཞིང་ཤེས་པ་གྱོང་སྟེ་འདུག་ལཱ། སྐབས་སྐབས་སུ་མཐུན་སྟོང་ཐུན་སྐུད་ལ་བག་ཙམ་འཇམ་པར་ཚོར་བའི་ཉམས་ཤིག་འབྱུང་ངོ་།། དེ་ནས་ཞག་མྱང་པོ་མ་ཐོགས་པར་བསྐྱེད ་འབྱུང་ནསོ་བསྒོམས་པའི་ཚེ་ཐུན་སྟོང་དམ། བར་རམ་སྐུད་དམ། མི་སྒོམ་པའི་སྐབས་གཅིག་ཏུ་བློ་བུར་དུ་དྲན་པའི་ཐོག་ལ་ལྷན་ལྷན་ཇེ་བ་དེ་ཛེ་བ་དྭེ་ལ་དཔེར་ནཱ་རླུང་ཆུབ་ཀྱི་ནང་ན་འདུག་པའི་འཕྲོ་ལ་ཁྱིམ་དྲོན་པོའི་ནང་དུ་ཕྱིན་པ ་སྙམ་བྱེད་ལ་འཇམ་ཞིང་བསྟན་པར་གནས་ཏེ། ནུམ་མཁའ་ཧ་ཅང་མི་དཀར་བའི་ནང་ན་འདུག་པ་བཞིན་དུ་ཧ་ཅང་མི་གསལ་ལ་ལུས་ཡོད་པར་མཾ་ཚོར་བ་ཡིན་ནོ།། དེ་ལྟ་བུ་བྱུང་ན་ཡུན་གོམ་པ་ཐ་མལ་བས་མདའ་རྐྱོང ་གསུམ་ལྷག་ཙམ་དུ་ཕྱིན་པར་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ་ལྡང་ངོ་།། བཅོས་དགོས་པའི་དུས་དང་། བཅོས་པའི་ཐབས་ནི་སྔར་སྨོས་པ་བཞིན་དུ་བྱའོ།། ཡང་ཁ་ཅིག་ལ་འདི་ལྟར་འབྱུང་སྟེ། སྔར་སྨོས་པ་བཞིན ་དུ་སེམས་བཞག་པས་རྟོག་པ་རགས་པ་མི་འབྱུང་ཞིང་ཟ་ཟེ་ཉུང་ཡང་གནས་པའི་མཚན་ཉིད་མེད་དོ།། བསྒྲིབས་པའི་སྟོབས་ཀྱི་མི་འཕྲོ་བ་ཙམ་དུ་འདུག་པའི་ཉམས་ཤིག་བྱུང་ན་ཡུན་གོམས་པ་ཐེ་མལ་བས་མདའ་རྒྱང ་བྱེད་དུ་བྱིན་པ་ཙམ་ཞིག་བསྒོམས་ལ་ལྡང་ངོ་།། དེ་ལྟར་སུནྟ་དྭེ་ཙམྦ་དུ་བསྒོམས་བསྟྲ་སྐྱེད་བྱུང་ནས་སྒྲིམ་པའི་སྟོབས་ཀྱི་ཐུན་སྟོང་ཐུན་སྤྱད་འཇམ་བྱ་འམ། འཛིན་པའི་ཞང་བག་རེ་འོང་། རེས་དགའ་ཐུནྡ་རངས་པ་ལ་སྔ་མུ་བཞིན་དུ་འདུག ་པ་འབྱུང་བ་དང་། དེ་སྐྱེད་བྱུང་བས་བསྒྲིམས་པའི་སྟོབས་ཀྱི་ཐུན་ཞབ་སུ་ཕྱིན་གྱི་བར་དུ་མི་འཕྲོ་ལ་བགས་ཀྱི་འཇམ་པར་གནས་ཀྱང་གློད་ན་དེ་ཙམ་ཡང་མེད་པའི་ཉམས་ཀྱི་བ་དང་། དེ་ནས་སྐྱེད་བྱུང་སྟེ་བསྒྲིམས་ན་སྙི་མུལ ་གྱི་འགྲོ་བར་འདུག་པསྡུ་བསྒྲིམ་མྱི་དགོས་སོ།། གཏང་ན་གཏང་དཀའ་བྱས་གླིང་ལ་བཞག་བླས་ཆོ་ག་སྟེ། ཤིན་ཏུ་གདང་བཱ་ནི་མ་ཡིན་པས་ཡང་ལུས་ཡོད་པར་མི་ཚོར་བ་འབྱུང་ན་ཡུལ་གོམ་བློ་ཐ་མལ་པས་མདའ་རྩཝ་རྱ་གསུམ ་སྐྱུག་ཙམ་དུ་ཕྱིན་དྲའི་བླར་བསྒོམས་བདེ་བ་དེ་འཕྱོ་བཅད་ལྔ་ལྡང་ངོ་།། བཅོས་དགོས་པའི་དུས་དང་ཇི་ལྟར་བཅོས་པ་ནཱི་སྔུར་སྨོས་པ་བཞིན་དུ་བྱའོ།། དེ་གཉིས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པར་གནས་པ་ཡིན་ནོ།། རི ་བློ་ལོན་ནས་སྐྱོ་བའི་གཅིག་སྟེ། ཁ་ཅིག་ལ་སྟར་སྨོས་པ་བཞིན་དུ་སེམས་བྱཞག་པས་སྣ་ཚོགས་སུ་འཕྲོ་ཞིང་འདུག་ཏུ་མི་འདོད་དུ་ཤེས་པ་བསྒྲིམས་ན་སླར་མི་བདེ་སྟེ། དེ་བླས་སྐྱོང་ན་བདེ་བ་འདྲ་བ་ཞིག་འབྱུང་སྟེ། དེ་སུནྡ ་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་ཙམ་ཞིག་བསྒོམ་ནས་ལྡང་ངོ་།། དེ་ནི་ཤིན་ཏུ་གནས་པར་དཀའ་བ་ཡིན་པས་མི་བེདེ་ཡང་བསྒྲིམས་ཤིང་བཞག་པས་ཡུན་རིང་བ་ལོན་ནས་སྐྱེད་བྱུང་སྟེ། ཐུན་ཕལ་ཆེར་བསྒོམས ་ཀྱང་མི་བདེ་བ་མྱེད་ལ་འགྲོ་བ་ཉུང་ཞིང་ཚོར་བ་ཡང་སྐྲ་དགུག་པ་ཡང་སྨྲ་བའི་ཉམས་ཤིག་འབྱུང་བ་དང་། དེ་གོམས་པས་ཡུན་རིང་དུ་ལོན་པ་དང་། བསྒྲིམས་ན་འཇམ་ཞིང་མི་འཕྲོ་ལ་གློང་ན་ཙག་ཅག་ཙམ་འཕྲོ་བ ་འབྱུང་བའི་ཉམས་དང་། དེ་ནས་རིང་པོ་མི་ཐོགས་པར་བསྒོམ་པའི་འཕྲོ་འམ། ངལ་གསོ་བའམ། སྲོད་ལ་མལ་དུ་ཞུགས་པའི་ཚེ་འམ། དུས་ལ་ངེས་པ་མེད་དོ།། ལྡེམ་གྱིས་གནས་དེ་བསྒྲིབས་ཡང་མི་ནུས། གློད་པ་པར ་ཡང་དཀའ་སྦྱིན་ཞང་དུ་བྱས་ནས་ལུས་ཡོད་པར་མི་ཚོར་ཞིང་ཧ་ཅང་མི་གདང་བའི་ཉམས་ཤིག་འབྱུང་སྟེ། དེས་ཡུན་གོམས་པ་ཐ་མལ་པས་མདའ་རྒྱང་གསུམ་དུ་ཕྱིན་པ་ཙམ་དུ་བསྒོམས་ནས་བདེ་བ་དེ་འཕྲོ་བཅད་ལ ་ལྡང་ངོ་།། བཙོ་སྡེ་དགོས་པོའི་དུས་དུ། དྷཱི་ལྟར་བཅོས་པ་ནི་སྔར་སྨོས་པ་བཞིན་དུ་བྱ་སྟེ། སྐྱེ་བའི་རིམྦ་པར་བཤད་ཟིན་ཏོ།། དེ་ལ་གནས་པའི་ཚད་གང་ཞེ་ན། དེ་ནི་རྒྱུའི་སྟོབས་ཀྱིས་རབ་འབྲིང་མཐུའ་གསུམ་དུ་དབྱེ ་སྟེ། དེ་ལ་རབ་ནི་ཤས་བསྒྲིབས་རུང་མི་བསྒྲིབས་རུང་རྟོག་པའི་དོན་ལས་མི་གཡོ་ཞིང་དབུགས་བོགས་ཀྱིས་འགུལ་བ་ཙམ་ཡང་ཚོར་བར་དཀའ་བ་དང་། ལུས་ལ་རགས་པ་དང་ཕྲ་བའི་འདུ་ཤེས་མི་སྐྱེ་བ་དང་། ཤིན ་ཏུ་སྦྱངས་པའི་མཚན་ཉིད་མཉམ་པར་བཞག་པ་དང་མཐུན་པའི་རླུང་ཟིན་པས་ཁྱིམ་གྱི་ནང་ན་འདུག་པ་སྦྲུམ་བྱེད་ཅིང་འཇམ་པ་དང་ཡང་བ་ཤས་ཆེ་བ་དང་། བྱིང་བ་དང་རྒོད་པ་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྷག ་མཐོང་ཆུངས་པ་དང་། ཞི་གནས་ཆུངས་པ་མེད་ཀྱང་ཡུན་རིང་དུ་གོམས་པར་མ་བྱས་པས་མུན་པ་ཧ་ཅང་གནག་པ་མ་ཡིན་པའི་ཚུལ་དུ་འདུག་པ་དང་། མཚན་ཉིད་དེ་ལྟ་བུས་མྱུར་དུ་གནས་པ་འམ། ཕྱི་ན་གནས་ཀྱང་རུང་ནུས་པ་ཆུང་། ་བ་དང་། བཅོས་པའི་སྐབས་མ་རྟོགས་པ་དང་པོ་འཇུག་ཀའི་སེམས་དེས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་གསུམ་ལྷག་ཙམ་དུ་ཕྱིན་པའི་བར་དུ་ཤུགས་ཀྱིས་གནས་ནུས་པའོ།། དེ་ལ་འབྲིང་ནི་དབུགས་ལ་བལྟས་ན ་བགས་ཀྱིས་འགུལ་བ་ཚོར་བར་སྨྲ་བ་ད་། ལུས་ལ་ཇི་ལྟར་གནས་པ་མི་ཤེས་པ་ཙམ་དང་། ཤིན་ཏུ་སྦྱངས་པོའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་ལུས་ཀྱི་རླུང་ཟིན་པས་སྠཱ་ད། མི་འགུལ་བའི་ནང་ན་འཇིག་པ ་སྙམ་བྱེད་ཅིང་འཛམ་པ་དང་ཆད་པ་དང་འབྲིང་དང་། ཡུན་གྱོམ་པ་ཐ་མལ་པུས་མངའ་རྒྱུང་གཉི་ས་ཕྱིནྡ་པ་ཙམྦ་དུ་གནས་ནུས་པ་སྟེ། གཞན་ནི་སྒྱུ་མ་བཞིན་དུ་ཤེས་པར་བྱའོ།། དེ་ལ་ཐ་མ་ལྱཱ་ནི་ལུས་ལ་ཇི་ལྟར་གནས་བལྟས ་ན་ཤེསྟོ་ཏེ་འོང་བ་དང་། འཇམ་པ་དང་ཡང་བ་ཅུང་ཟད་ཡོད་པ་དང་། ཤིན་ཏུ་སྦྱང་བྱའི་མཚན་ཉིད་ཏིང་ངེ་འཛིན་དང་མཐུན་པའི་རླུང་ཟིན་པ་ནི་བླ་གབ་མེད་པ་ན་སྒོམ་ཡོང་ལོགས་ཙམ་སྦྱོར་བ་འམ་བླ་གབ་ཙམ་ཡོད་པའི ་ནང་དུ་ཕྱིན་པ་སྙམ་བྱེད་པ་དང་། དབུགས་སྣ་དང་ཁའི་སྒོ་ནས་འབྱུང་བ་མི་ཚོར་ཏེ་ཁོང་ན་ཕྱེད་དུ་མ་གཏད་ཀྱང་ཤིན་ཏུ་དྲལ་བ་དང་འཇམ་པ་དང་ཕྲ་རབ་ཚོར་བ་དང་ཡུན་གོམས་པ་ཐ་མལ་པས་མངའ་རྒྱང་གཅིག་ཏུ ་ཕྱིན་པ་ཙམ་དུ་གནས་ནུས་པའོ།། གཞན་ན་གོང་མ་བཞིན་ནོ།། གནས་པའི་ཚད་བསྟན་ཟིན་ཏོ།། །། དེ་ལ་བསྟན་པའི་ཐབས་ཅི་རིགས་པར་བྱ་བ་གང་ཞེ་ན། ཁམས་ཀྱི་ཚོད་ལས་དཔགས་ཏེ། སེམས་གནས ་པ་རབ་དང་འབྲིང་དང་ཐ་མ་གསུམ་གང་བྱུང་ཡང་མཚན་ཉིད་ཤེས་པར་བྱ། རེ་ཞིག་དེ་ཙམ་གྱི་ཆོ་ག་ཤེས་པར་བྱ། ཧ་ཅང་གཟེངས་མཐོ་བར་མི་བྱ། ཁམས་ཀྱི་ནུས་པར་རང་ཤུགས་དང་སྦྱར་ལ་བསྒོམ་མོ།། དེ་ལ ་མཚན་ཉིད་མ་ཤེས་ན་སེམས་གནས་པ་དེ་ཚོར་རོ།། དེ་ཡང་གང་ཞེ་ན། གནས་པ་རབ་ཚད་ཅིག་བྱུང་ཡང་ཁ་ཅིག་ལྡན་དེ་འདྲ་ཉམ་སུ་མྱོང་བས་སྐྲག་ནས་འཕྲོ་གཅོད་པ་དང་། སྦྱར་མི་གནས་པ་གནས་པར་བྱེད་པའི་སྐབས། ་ཉིན་མཚན་གཉིས་ཀ་བསྒོམས་ན་ཁམས་འཁྲུགས་ཏེ་འོང་བས་མཚན་མོ་མ་བསྒོམས་ཤིག་ཅེས་སྨྲས་པས་དེ་སེམས་ལ་བཞག་ནས་གལ་ཏེ་མཚན་མོ་གནས་པ་བྱུང་ན་བསྒོམ་རྒྱུ་མ་ཡིན་སྙམ་ནས་འཕྲོ་གཅད་པ་དང་།། ་ཡང་སྔར་བསྒྲིམས་ཤིང་གཏད་པས་སྐབས་དེར་བསྒྲིམས་མི་དགོས་བཞིན་ལྷག་པར་བསྒྲིམས་ནས་དེ་ཉམས་སུ་མུ་བླངས་པ་དང་། འབྲིང་དང་ཐཱ་མ་བྱུང་ན་གྲོགས་པོ་གཞན་ལ་རབ་བྱུང་བ་ཐོས་པས་རྒྱུའི་བྱེ་བྲག་ལ་མི ་ཅི་བར་ཐམས་ཅད་ཚད་གཅིག་པས་འདི་མེད་སྙམ་ནས་ལྷག་པར་བཅོལ་བ་བྱས་པ་དང་། གཞན་གསུམ་ནི་སྔ་མ་བཞིན་ནོ།། དེ་བས་ན་གནས་པའི་ཚད་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ།། དེ་ལ་ཆོག་མ་ཤེས་པའི ་ཉེས་པ་ནི་ཁ་ཅིག་སེམས་གནས་པའི་མཚན་ཉིད་ཤེས་ཀྱང་མང་དུ་ཐོས་པའི་ང་རྒྱལ་གྱི་འབྲིང་དང་ཐ་མ་བྱུང་ན་ལྷ་ཧ་ཅང་ཆེས། རབྲུ་ཅིག་བྱུང་ཡང་གཞན་པསྣ་ལྷག་པ་ཅིག་བྱ་སྙམ་ནས་བརྩལ་དྭགས་པས་ཚོར་བ་ཡིན་ཏེ། དེ ་བས་ན་རབ་བྱུང་ན་ཧ་ཅང་ཆེས། འབྲིང་དང་ཐ་མ་བྱུང་ཡང་རེ་ཞིག་བསྟན་པར་བྱའོ།། དེ་ལ་ཧ་ཅང་གཟིངས་མ་ཐོས་ན་ཉེས་པ་ཅི་ཡོད་ཅེ་ན། ཁ་ཅིག་འབྲིང་དང་ཐ་མ་ཙུ་མོ་དུ་བྱུང་ན་ཡང་གཡེངས་ནས་ཆོད་མི་འཛིན་པར ་བསྒོམས་པ་དང་། རབ་བྱུང་ན་ལྟ་ཧ་ཅང་ཆེས། འདི་ཙམ་གཞན་ལ་མེ་སྙམས་ནས་མཚན་རང་བསྒོམ་ཞིང་གཉིས་སྤོང་བ་དང་། ནང་པར་ཆོས་སྟོན་མི་ཟ་བར་བསྒོམ་པ་དང་། ང་ལ་དན་ཚ་མི་འོད་ཟེར་ནས་ཚོད་མི ་འཛིན་པར་བསྒོམ་སྟེ། དེ་ནི་ཁམས་ཆེར་འཁྲུགས་ཏེ་འགྲོ་བ་དང་། དམིགས་པ་འཆོར་བར་ཡིན་ནོ།། དེ་བས་ན་སེམས་གནས་པར་ཤེས་ནས་སྐྱོན་དེ་དག་སྤངས་ལ་སྔར་བསྒོམ་པ་ལས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ་སྲོད་དང་ཐོ་རངས་ལ་ཐུན་རཾ། ཉིན་པར་ཐུན་རིས་གཉིས། རེས་ཐུན་གསུམ་སྟེ། ཉིན་མཚན་གཉིས་ལ་ཐུན་ལྔ་ལས་མང་བར་མི་བསྒོམ་མོ།། དེ་ཙམ་མི་ནུས་ན་ཉིན་གཅིག་དང་མཚན་གཅིག་ལ་ནུས་པ་ཆེ་ཆུང་གིས་ཉིན ་པར་ཐུན་གཉིས་མཚན་མོ་གཉིས་ཏེ་བཞི་འམ། ཉིན་པར་གཉིས་སྲོང་ལ་གཅིག་སྟེ་གསུམ་མོ།། སྔར་ཇི་ཙམ་གསལ་བ་དེ་ལས་རྩོལ་བ་མི་བྱ་བར་བ་སྒོམ་མོ།། ཡུན་ནི་གོམ་པ་ཐ་མལ་པས་མངའ་རྒྱང་གསུམ་དང ་གཉིས་དང་གཅིག་ཏུ་ཅི་རིགས་པར་ནུས་པ་ཆེ་ཆུང་གིས་བསྒོམ་སྟེ། མཚན་གཅིག་དང་། ཉིན་གཅིག་དང་། ཞག་གཅིག་དང་། ཞག་གཉིས་དང་། ཞག་གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། བཅོ་ལྔ་དང་། ་ཉི་ཤུ་འམ། མདོར་ནཱ་ལ་གོར་ནུས་པ་ཅི་ཟུང་དང་། ཁམས་ཅི་འཁྲུགས་བྱེད་པ་མ་ཡིན་ཏེ། ཇི་སྲིད་དུ་རང་ཞུགས་ཀྱིས་ལུས་ངལ་བ་དང་སེམས་དུབ་པ་འམ། བསྒོམ་ཙམ་ན་སྡང་པ་འམ། ཤུགས་འབྱུང་བ་འམ ་མགོ་བགས་ཀྱིས་ལྕི་བ་འམ། ཡམ་ཡོམ་བྱེད་པ་འམ། ལུས་འདར་པོ་འམ། ནུབ་མོ་གཉིད་སྲབ་པ་འམ། ཟས་མི་ཞིམ་པ་འམ། ངག་གི་འཁྲུལ་པ་མང་དུ་བྱུང་བ་འམ། སེམས་སང་སང་པོར་འདུག་པ་ལ་སོགས་པ ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྷྱོང་གི་བར་དུ་བསྒོམོ།། དེ་ནས་བྱུང་ནས་ངལ་གསོ་ཏེ། ལུས་ལ་བསྐུ་མཉཾ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་རྟ་སུ་གཞུགོ། ཁམས་སོར་མ་ཆུད་ཀྱི ་བར་དུ་ཉིན་མཚན་གཉིས་ལ་ནམ་བསྒོམ་སྒྱིང་འདོད་པའི་དུས་སུ་ཐུན་མི་རྙིང་བ་རེ་བལྟ་བ་ཙམ་བསྒོམྦྷ་མོ།། ནུས་པརྟས་ནས་སྲོང་ཐོ་རང་ས་ཐུན་རིང་བྱ་རེ་ཉིན་པར་སྔ་དྲོ་གཅིག་ཕྱི་རེད་གཅིག་དང་ཐུན་བཞི་ཉིན་མཚན ་ཐུགསོ་གཅིག་ལེ་བསྒོམ་སྟེ།། བསོད་ནམས་ཀྱི་ཚིགས་དའི་ལུས་ཀྱཻ་བཅོས་ཐབས་དང་། སྲིང་རྗེ་སྔོན་དུར་གྲོ་བ་དང་། སྒྲོན་ལ་མེ་ལ་སོགས་པ་གོང་དུ་སྤྲོས་པ་བཞིན་བྱའོ།། དེ་ལ་བསལ་བའི་བསྐྱེད་དབྱུང་བ་གང་ནན ་ཟླར་བསྣུན་པའི་ཐབས་ཀྱི་བསྟན་པར་བྱས་ནས་གྲོང་མ་བཞིན་དུ་སྒོམ་པ་དེས། དྲང་པོར་དམིགས་པ་འབྲིང་དང་ཐ་མ་ལས་མ་ཟིན་པ་ཞིག་ཡིན་ན་བར་རྒྱུད་མ་བྱུང་ཡང་གསལ་བའི་སྐྱེད་དབྱུང་དགོས་སོ།། དེ་ནས་ཟླ་འདི་ཟླ ་བ་ཁ་ཅིག་རྒྱུད་དེ་ཙམ་ཧ་ཅང་མི་དྲུག་བྱོར་བསྒོམ་མོ།། ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། དེ་ཉིན་པར་བསྒྲུབ་མེད་ན་ཡང་སྲོད་དང་ཐོ་རངས་ལ་སྔོན་དུ་འགྲོ་བ་དང་སྨོན་ལམ་དང་བཅས་པ་ཡུན་མི་རིང་བ ་ཐུན་རེ་བསྒོམ་མོ།། དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་ལ་ཅི་ནུས་ཀྱིས་བསྟེན་ཅིང་ཡོ་བྱད་སྦྱིན་བདག་ལ་གསོལ་གདེབ་བྱས་ལི། གནས་དབེན་ཞིང་ཉམས་དགའ་བ ་ལ་སོགས་པ་གནས་ཀྱི་ཡོན་ཏན་ཅི་མང་དེར་ཕྱོགས་ཚུལ་ཁྲིམས་དག་ཅིང་ལྟ་བ་མཐུན་པ་འགའ་ཙམ་དང་ལྷན་ཅིག་ཏུ་དམ་བཅས་ལ་གནསོ་སོ།། དེ་སྐད་དུ་འཕག་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ནོར་བུ་རིན་ཆེན་འདྲ་བར ་ཚུལ་ཁྲིམས་བསྲུངས། རྗེས་སུ་མཐུན་པའི་གྲོགས་ལ་རྟག་པར་བརྟེན་ཞེས་གསུངས་སོ།། ཡང་དེ་ཉིད་ལྔས། ཏིང་ངེ་འཛིན་རྒྱལ་པོ་སྟོང་པ་འདི་སྒོམ་པ།། ཚུལ་ཁྲིམས་དག་པའི་མགོ་ལ་འདི་འདུག་སྟེ།། ཆོས་རྣམས་རང ་བཞིན་རྟག་ཏུ་མཉམ་གཞག་ན།། བྱིས་པས་མི་རིགས་བཙོན་པས་མི་ཤེས་སོ་ཞེས་གསུངས་སོ།། དེ་རེ་ཞིག་ཆོས་དང་མཐུན་པའི་བྱ་བ་ཡང་སྤངས་པ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། དེ་བས་ན་ཁྱིམ་ཀུན་འབར་བའི ་ནང་ན་འདུག་པ་ཆུ་བསིལ་བ་འདོད་པ་ལྟ་བུའི་སེམས་ཀྱི་ཐམས་ཅད་བཏང་ལ་དེ་ཁོ་ན་ཉིད་ལ་མོས་པར་བྱའོ།། དེ་སྐད་དུ། མདོ་དེ་ཉིད་ལས། མགོ་དང་གོས་ལ་མེ་འབར་བ་ལྟ་བུའི་སེམས་ཀྱིས་ཕ་དང་མ་དང་བུ ་དང་བུ་མོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་། ཆུང་མ་ལ་སོགས་པ་མེ་བཞིན་དུ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་ཡང་མཚལ་མའི་ཐལ་བ་བཞིན་དུ་སྤངས་ནས་རབ་ཏུ་བྱུང་ལ་དགོན་པར་གནས་པར་བྱའོ།། དེ ་ཅིའི་ཕྱིར་ཞེ་ན། གཞོན་ནུ་དེ་ལྟ་བུ་དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ན་ཏིང་ངེ་འཛིན་འདི་ལྟ་ཅི་སྨོས་ཞེས་གསུངས་སོ།། དེ་ལ་རྟག་ཏུ་བྱ་བའི་སྨན་ཁ་ཟས་དང་བཏུང ་པབ་ཆོས་དང་མི་འགལ་ཞིང་། ན་བའི་གསོས་སྨན་དང་། དྲོས་ཚད་ཀྱི་གོས་དང་སྟན་ལ་སོགས་པས་ཁམས་བརྟས་པར་བྱའོ།། ཞག་བཅུ་འམ། ཟླ་བ་ཕྱེད་དམ། ནམ་བདེ་བའི་ཚད་དུ་ཕྱིན་གྱི་བར་དུ་སོ་ས་ངལ་ཞིང་ཁམས ་གསོ་སྟེ། མཚན་མ་མི་བསྒོམ། ཉིན་པར་ཐུན་ཐུང་ངུ་རེ་རེ་ཙམ་ལས་མི་བསྒོམ་པར་ནུས་པ་རྟས་སུ་གཞུག་གོ།། དང་པོ་རབ་ཚད་དུ་ཟིན་པ་ཡིན་ཡང་གློ་བུར་གྱི་ནང་ལ་སོགས་པ་བར་ཆད་ཀྱིས་ཉམས་ཡང་དམིགས་པ་འབྲིང་དང ་ཞེས་བྱ་བ་ནས་ཐུན་རེ་བསྒོམ་མོ་ཞེས་བྱ་བའི་བར་མ་གཏོགས་པ་གོང་མ་བཞིན་དུ་བྱས་ལ་ནུས་པ་རྟ་སུ་གཞུག་གོ།། དེ་ནས་ཉིན་རེ་ལ་ཐུན་ཐུང་ངུ་རེ་བསྒོམ་པ་དེ་ཡང་གཞག་ལ། བསམ་པའི་ཤེས་རབ་ཀྱིས་ཉིན་པར་སྔ་དྲོ ་གཅིག་ཕྱི་དྲོག་ཅིག། མཚན་མོ་སྲོད་ལ་གཅིག་དང་ཐུན་གསུམ་དུ་བསམས་ཏེ། ཡུན་ངེས་པ་སྐྱེས་ཀྱི་བར་དུའོ།། འདི་སྙམ་དུ་སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པ་ཡིན་པར་ཐེག་པ་ཆེན་པར། ་བཀའ་སྡེ་སྣོད་དང་བསྟན་བཅོས་ལས་གསུངས་པས་བདག་གི་རང་གི་སེམས་ལ་སོ་སོར་བརྟོག་པར་བྱའོ་སྙམ་དུ་བསམ་མོ།། ཡང་འདི་སྙམ་དུ་གང་རྒྱུ་དང་རྐྱེན་ལ་རག་ལས་པ་ནི་ངེས་པར་མི་རྟག་སྟེ། དཔེར་ན་མར་མེའི ་རྩེ་མོ་ལྟ་བུའོ།། བདག་གི་སེམས་འདི་ཡང་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། མི་དགའ་བ་དང་། མུག་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་། མི་རྩོལ་བ་དང་། རྩོལྔ་བ་ལ ་སོགས་པས་དབང་བྱས་ཤིང་རག་ལས་ནས་སྐྱེ་བས་ན་མི་རྟག་སྟེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་། ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས་གསུངས་སོ།། གང་སྐྱེས་ནས་འགགས་པ་དེ་ནི་སྐད་ཅིག་མའི་ཆ་ཤས ་ཡོད་དེ། དཔེར་ན་ཚོར་བ་སྡུག་བསྔལ་ལྟ་བུའོ།། བདག་གི་སེམས་ད་ལྟར་བྱུང་བ་འདི་ཡང་སྐྱེས་ལ་འགག་པ་ཡིན་པོ་ཆ་ཤས་དང་བཅས་པའོ།། གང་ཆ་ཤསྟྲ་དང་བཅས་པ་དེ་ནི་ངེས་པར་གཅིག་ཏུ་མི་འགྲུབ ་སྟེ། དཔེར་ན་རྩོམ་པར་བྱེད་པ་དབུགས་ཀྱི་རྡུལ་ཕྲ་རབ་གཅིག་ལ་བསྐོར་བའི་རྡུལ་ཕྲ་རབ་བཅུ་ལ་ལྟས་པས་ཆ་ཡི་ཚེ་ནི་གཅིག་ཏུ་མི་འགྲུབ་པ་ལྟ་བུའོ།། བདག་གིས་སེམས་བསྐྱེད་ལ་མ་འགགས་པ་འདི་ལས་སྐྱེ ་བའི་ཆ་དང་། གནས་པའི་ཆ་དང་། འགགས་པའི་ཆ་ཡོད་པས་ཆ་ཤས་མེད་པའི་གཅིག་མ་གྲུབ་པོ། ཡང་དག་པར་གཅིག་མ་གྲུབ་པས་དུ་མ་ཅི་ཡིས་དུས་མ་ཡིན། དེ་བས་ན་གཅིག་དང་དུ་མ་དང་བྲལ་བས་ད་ལྟར ་བྱུང་བའི་སེམས་དོན་དམ་པར་རང་བཞིན་ཐམས་ཅད་མེད་དེ། ཐམས་ཅད་དང་མཚུངས་པས་དེ་ལྔ་བརྟེན་པར་མི་བྱའོ།། གནས་པར་མི་བྱའོ།། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། ཐོག་མ ་དེ་བུས་མཐའ་རྣམ་པར་རྟག། སྐད་ཅིག་གསུམ་གྱི་རང་བཞིན་ཕྱིན། འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་གསུངས་སོ།། འོ་ན་མ་འོངས་པ་ཡོད་དམ་སྙམ་པ་ལ། དེ་ཡང་རང་གི་ངོ་བོ་མ་གྲུབ་པ་དང་། འབྲས་བུའི་རྟགས་དོན ་དམ་པར་མ་གྲུབ་པས་དོན་དམ་པར་རང་བཞིན་ཐམས་ཅད་མེད་དོ།། འོ་ན་འདས་པའི་སེམས་དོན་དམ་པར་ཡོད་ད་མ་སྙམ་པ་ལ། འདས་རྒྱུ་དྲོན་དམ་པར་མེད་ན་ཅི་ཞིག་འདས་པ་འམ་མ་འོངས་པ་ཞེས་བྱ་བ་འམ། དེ ་ལྟ་མ་ཡིན་ན་མོ་ཤམ་གྱི་བུ་ལ་ཡང་ཤི་བ་ཡོད་པར་ཐལ་བྱར་འགྱུར་རོ།། དེ་ལྟ་བྱས་ན་ད་ལྟར་བྱུང་བའི་སེམས་ལ་ཡང་དག་པར་མི་དམིགས་ན་དེ་ལ་བལྟོས་པའི་མ་འོངས་པ་དང་འདས་པ་ག་ལ་དམིགས། དེ ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུངས་སེམས་ནི་ཡོངསུ་བརྩལ་ན་མི་རྙེད་དོ།། གང་མི་རྙེད་པ་དེ་མི་དམིགས་སོ།། གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ།། ཞེས་ཟེར་རོ།། འཕགས་པ་མ་སྐྱེས་དགྲའི་མདོ་ལས་ཀྱང་། དེ་ནས་སྤྲུལ་པའི་སྐྱེས་བུ་དེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཕ་མའི་སྲོག་བཅད་ནོ། བཅོམ་ལྡན་འདས་བདག་ལ་སྐྱབས་མཛད་པར་གསོལ།། བདག་གིས་དཱ་ཅི་བགྱིད། དེ་ན་བཅོམ་ལྡན་འདས་ཀྱི་སྦྲུལ ་བའི་སྐྱེས་བུ་དེ་ལཱི་ལེགས་སོ་བྱཱ་བ་བྱིནྡ་ནས་ལེག་སྩོ་ལེགས་སྷོ།། ཀྱེ་སྐྱེས་བུ་ཁྱོད་ནི་བདེན་པར་སྨྲ་བ་ཡང་དག་པར་སྨེ་བ། ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲ་བའོ།། གང་ཁྱོད་ནི་དེ་བཞིན་གཤེགས་པའི་སྤྱནི་སྦྱར་བདེན་པའི ་ཚིག་སྨྲ་བ་སྟེ། མི་སླུ་བ་ཡིན་མོད་ཀྱི། སྐྱེས་བུ་ཁྱོད་སེམས་ཀྱི་རྒྱུད་ལོ་རྟོགས་ཤིག། ཁྱོད་ཀྱི་འདས་པས་སམ་མ་འོངས་པས་སམ། ད་ལྟར་གྱིས་སམ། སེམས་གང་གིས་ཕ་མའི་སྲོག་གཅད། འདས་པའི་སེམས་ཟད ་པ་བྲལ་བ་འགགས་པས་གཞན་དུ་གྱུར་པ་སྟེ། ཡུལ་ནའང་མི་གནས་ཕྱོགས་ན་ཡང་མི་གནས་པས་དེའི་གདགས་སུ་མི་ནུསོ།། མ་འོངས་པ་ན་མ་ཕྱིན་པ་སྟེ། དེ་ནི་མ་སྐྱེས་པ་མ་བྱུང་བ། ཡང་དག་པར་མ་བྱུང་བ། མ་གྱུར་པ ་རྣམ་པར་མ་གྱུར་པ། མཚན་མ་མེད་པ། མ་བྱུང་བ་སྟེ། དེ་ཡང་གདག་སུ་མི་ནུས་སོ།། ད་ལྟར་གྱི་སེམས་ནི་གནས་པ་མེད་པ་སྟེ། སྐྱེས་ནས་ཞིག་ཅིང་དེངས་པར་གྱུར་པོ། ཕུང་པོར་མ་གྱུར་པ། བསགས་པར་མ་གྱུར་པའོ།། དེ་ལ ་འགྲོ་བ་དང་འོང་བར་གདགས་པ་ཡང་མེད་དོ་སྐྱེས་བུ་སེམས་ནི་ནང་གི་ལུས་ལ་ཡང་མི་འཇུག། ཕྱི་རོལ་གྱི་ཡུལ་ལ་ཡང་མི་རྒྱུ། གཉི་ག་མེད་པར་ཡང་མི་དམིགས་སོ།། ཀྱེ་སྐྱེས་བུ་སེམས་ནི་སྔོན་པོ་མ་ཡིན།། ་སེར་པོ་མ་ཡིན། དམྱུར་པོ་མ་ཡིན། དཀར་པོ་མ་ཡིན་ཛ་གོ་མ་ཡིནྡ། ཤེལ་གྱི་ཁ་དོག་མ་ཡིན་ནོ།། ཀྱེ་སྐྱེས་བུ་སེམས་ནི་གཟུགས་མེད།། བསྟན་དུ་མེད། གཟུང་ངུ་མེད། ཐོགས་པ་མེད། སྒྱུ་མ་ལྟ་བུ་དཔེ་མེད་པ་སྟེ། དེ་ཡཱ ་གདགས་མྱི་ནུས་སྷོ།། ཀྱེ་སྐྱེས་བུ་སྣརུམས་ནི་འདོད་མི་ཆགས་ཞེ་མི་སྡུང་། ག་ཏི་མི་མྱུག་གོ།། ཀྱེ་སྐྱེས་བུ་སོམས་ནི་མངོན་པར་འདུ་མི་བྱེད། བྱེད་པ་མེད་། ཚོར་བ་མེངྒེ། སེམས་པ་མེད། མྱོང་བྱར་བྱེད་པ་མེད་དོ།། ཀྱེ་སྐྱེས ་བུ་སེམས་ནི་རང་བཞིན་གྱི་དོང་བ་ཡིན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། ཀྱེ་སྐྱེས་བློ་སེམས་ནི་ཚེ་འདི་ལ་ཡང་མེད། ཚེ་རབས་གཞན་ན་ཡང་མེད། གཉིས་ཀ་མེད་པར་ཡང་མེད་དོ།། དཱ་ན་ཡང་མེད། གཞོན་ན ་ཡང་མེད་པ། ནམ་མཁའ་དང་མཚུངས་པ་མི་མཉམ་པ་དང་མཉམ་པ་མི་དྲཝ་བ། རྣམ་པར་རིགས་པོར་མི་འགྱུར་བ་སྟེ། དེ་ལ་མཁས་པས་མངོན་པར་ཆགས་པར་མི་བྱའོ།། བདག་གིར་མི་བྱའོ།། རྟེན་པར་མི་བྱའོ།། གནས་པར ་མི་བྱའོ།། བདག་ཏུ་བསམ་པར་མི་བྱའོ།། བདག་གིར་བསམ་པར་མི་བྱའོ།། ཀྱཻ་སྐྱེས་བུ་དག་ཆོས་ཐམས་ཅད་ནི་རང་བཞིན་གྱི་ནུས་པ་མེད་པའོ།། ཀྱེ་སྐྱེས་བུ་དག་ང་ནི་དེ་ལྟར་མོས་པ་ལ། ཀུན་ནས་ཉོན་མོངས་པ་འམ། རྣམ ་པར་བྱང་བ་འམ། ངན་སོང་དུ་འགྲོ་བ་འམ། མཐོ་རིས་སུ་འགྲོ་བར་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཀྱི་ཆོས་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། གླང་དུ་ཡང་འགྲོ་བར་མི་འགྱུར། འོང ་བར་མི་འགྱུར་རོ།། འདུག་པར་མི་འགྱུར་རོ།། ཞེས་གསུངས་སོ།། ཡང་མདོ་དེ་ཉིད་ལས་རྒྱལ་པོས་གསོལ་པ། འཇམ་དཔལ་བདག་གི་སྒྲིབ་པ་ཐམས་ཅད་བྱང་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། གང་སེམས་ཀྱི་རང ་བཞིན་ཡེ་ནས་དང་བ་དཱི་ནཱི་འདོད་ཆགས་སམ། ཞེ་སྡང་ངམ། གཱཏི་མུག་གིས་ཀུན་ནས་ཉོན་མོངས་པར་བགྱི་མི་ནུསོ།། སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། ན་མཁའ་ལ་རྡུལ་ཕྲནྡ་ན་མ། རྡུལ་ལམ། ངུ་བ་འམ། ་མུན་པ་འམ། སྐྱུགས་པོ་འམ། སྦྱིན་དག་སྣང་མོད་ཀྱི་ན་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པ་མེད་དོ།། རྒྱལ་པོ་ཆེན་བྱོ་དེ་བཞིན་དུ་བདགྣ་དང་། བདག་གིར་བྱ་བའི་ལྔ་བའི་བྲག་ལ་ཉུལ་བ་དང་། འདོད ་ཆགས་དང་། ཞི་སྡང་དང་། གཱིཏྟི་མུག་འབྱུང་མོད་ཀྱི་སེམས་ཀྱི་ཆོ་སྟེ་ཉིད་ཀུན་ནས་ཉོན་མོངས་པར་མི་བྱེད་དོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དེ་ལྟར་འགྱོད་པར་མྱི་བྱའོ།། རྒྱལ་པོ་ཆེན་པོ་སེམྦྷས་ནི་ཐོག་མའི་མཐའ ་ནས་ཀྱང་མེ་འཕོས། རྒྱལ་པོ་ཆེན་པོ་སེམས་ནི་ཐ་མའི་མཐར་ཡང་མི་འཕོའོ།། རྒྱལ་པོ་ཆེན་པོ་སེམས་ནི་ད་ལྟར་ཡང་མི་གནས་སོ།། དེ་ལ་མཁས་པ་དག་ནི་ཆོས་ཐམས་ཅད་མ་འཕོས་པ་མི་འཕོ་བ་མི་གནས་པར ་རྟོག་སྟེ། དེ་ལྟར་ཤེས་ནས་ལྟ་བ་ལ་མངོན་པར་ཆགས་པར་ཡང་མི་བྱེད་དོ།། རྒྱལ་པོ་ཆེན་པོ་མངོན་མ་ཆགས་ན་དག་པའོ།། ཞེས་གསུངས་སོ།། དེ་ལྟར་རིགས་པ་དང་ལུང་གིས་ཉིན་མཚན་ཁ་ཅིག་ཏུ་ངེས ་པ་ཆེར་སྐྱེས་པ་དང་། མཚན་མོ་མི་བསྒོམ་ལ་ཉིན་པར་རྩོལ་བ་དྲག་ལ་ཡུན་ཐུང་བར་བསྒོམ་མོ།། འདི་ལྟར་ལུས་ཀྱི་བཅྡོཾས་པ་ཙམ་བྱས་ནས་སེམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་དང་བྲལ་བྱར་བསམས་ལ་པགས ་ཀྱིས་འདུག་ན་དེ་ལ་ཡང་མི་གནས་པར་ཤིན་ཏུ་བསྒྲིམས་ལ་དང་པོ་གནས་པར་བྱེད་པའི་ཡུན་ཙམྦ་དུ་བསྒོམ་པ་སྟེ། ཉི་མྱ་དང་པོ་སྔོ་དྲོ་ཐུན་གཉིས། ཕྱི་དྲྀ་གཉིས། གཉིས་པ་ལ་སྔ་དྲོ་གསུམ་ཕྱི་དྲོ་གསུམ། གསུམ་པཱ་ལ ་སྔ་དྲོ་བཞི་ཕྱི་དྲོ་བཞི། ལྔ་པ་ལ་སྔ་དྲོ་ལྔ་ཕྱི་དྲོ་ལྔ། དྲི་ནས་འཕར་སྐྱེད་མ་ཐོན་གྱི་བར་དུ་བཅུ་བཅུ་ལུས་མི་བསྒོམ། དེ་ལྟར་བསྒོམ་པས་སྐྱེད་དང་པོར་བྱུང་བའོ་སེམས་དང་། གཉིས་པ་དང་། གསུམ་པོ་དང་། བཞི་པའོ།། དེའི ་སྐྱོབས་སུ་ཉིན་པར་གཉིས་མཚན་མོ་སྲོང་ལ་གཅིག་སྟེ་གསུམ་དུ་བསྒོམ་མོ།། དེ་ལ་དང་པོ་ནི་རྒོད་པ་རྒྱུན་ཆུང་པས་ཤིན་ཏུ་ཞི་སྟེ། སྔར་དབུགས་ལ་བལྟས་ན་བྲགས་ཀྱི་འགུལ་བ་དེ་ཡང་མེད་པ་དང་རྩོལ་བ་གློད་ཀྱང་སྦྱར ་གྱི་སྟོབས་ཀྱིས་ཡུན་གོམ་པ་ཐ་མལ་པས་མདའ་རྒྱང་ལྔ་ཙམ་དུ་བྱིང་བ་མེད་པ་དང་། སྔར་རྒོད་པ་ལ་ཤིན་ཏུ་སྐྱོན་ཆེ་བར་བརྟགས་པའི་སྟོབས་ཀྱི་འཛིན་ཆེ་ཞིང་ཞི་གནས་ཤས་ཆེ་བས་མཚན་མུན་ནག་བཞིན་དུ་འདུག ་པ་དང་། ལུས་ཇི་ལྟར་འདུག་པ་མྦྷ་ཤེས་ཀྱང་སྔར་བསྒྲིམ་པའི་སྟོབས་ཀྱི་ཏིང་ངེ་འཛིན་ལས་ལྡང་བར་བཙམས་ན་རྩུབ་ཤིང་བསྡམས་པ་སྙམ་བྱེད་ཅིང་གཤིགས་པར་དཀའ་བ་ལྟ་བུར་འཇུག་པའོ།། གཉིས་པ་ནི་དང་པོའི་སྐབས ་དེར་འཕྲོ་བ་མེད་ཀྱང་བགས་ཀྱིས་མི་གསལ་ཞིང་གཞུག་ལ་བྱིང་བར་དོགས་པ་ཡང་རེས་དགའ་འབྱུང་བས་དེས་ན་ལངས་པའི་སྐྱབསུ་ཡང་ལྷག་མཐོང་གི་ཤས་བསྐྱེ་།། སྙམ་པའི་སེམས་འབྱུང་བ་དང་། མཉམ་པར ་བཞག་བྱའི་གནས་སྐབས་ན་ཡང་བག་གསལ་བའི་སྟོབས་བསྐྱེད་པ་དེས་སྐབས་སུ་སྦྱིན་པར་གྱི་ཉི་མ་བཞིན་དུ་སལ་སལ་བསྐྱེད།། དེའི་སྟོབས་ཀྱི་མཚན་མོ་བསྒོམས་ཀྱང་ནམ་ལངས་སྙམ། སྙམ་ནས་མིག་ཕྱེ་ནས་ལྟ་བ ་འབྱུང་ངོ་།། ལྡང་བར་བསམས་རྩམ་ནུ་ལུས་བསྡམས་པ་བཞིན་དུ་འདུག་སྟེ། འོན་ཀྱང་རྩུབ་པ་དང་ཞི་གནས་འཇམ་པ་དང་། སྣུམ་པ་སྙམ་བྱེད་པ་སྟེ། ཁྱད་པར་ཁ་ཅིག་ནི་སྒྱུ་མ་བཞིན་ནོ།། གསུམ་པ་ནི་གསལ་བ་དེ་རྟག ་པར་འབྱུང་སྟེ། འོན་ཀྱང་དཔེར་ན་མར་མེ་འཆི་ཁྭ་མེ་རླུང་མེད་ཀྱང་རང་ཤུགས་ཀྱི་གཡོ་བ་བཞིན་དུ་གཡོ་ཞིང་དོགས་པ་བསྐྱེད་དོ།། ཁྱད་པར་ཁ་ཅིག་སྔ་མ་བཞིན་ནོ།། བཞི་པ་ནི་སྔ་རཱ་ཧ་ཅང་གསལ་བས་སྐབས་སྐབས ་གཡོ་བ་དེ་ལ་སྐྱོན་དུ་བལྟས་པས་དམིག་པའི་ཁྱད་པར་དཔེར་ན་ཞ་ཉེ་དཀར་པོའམ། དངུལ་ལྕགས་ཀྱི་སྣོད་བྱང་མའི་འོག་ཏུ་ཆུ་གཙོང་མས་བཀང་ནས་མི་གཡོ་བར་འདུག་པ་བཞིན་དུ་ཤེས་པ་དང་། ཤེས་བྱ་བྱེ་བྲག ་མེད་པར་ཤིན་ཏུ་གདང་ལ་མི་གཡོ་ཞིང་ཡངས་ལ་གཟུང་རྒྱུ་འམ། སྤང་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་ལ། ད་ལྟར་རྟོག་པའི་སེམས་དེ་ཡང་འདི་ཙམ་ནས་སྐྱེ་བ་འམ། འདི་ནཱི་ལ་དམིགས་མི་ཤེས་ཏེ། ་ཇི་ལྟ་ཡང་རྟོག་མི་ནུས་པས་ཐ་མི་དད་དེ་རོ་གཅིག་གོ།། དེའི་སྟོབས་ཀྱིས་སེམས་དྲངས་ལ་བརྟན་ཞིང་ངེས་པས་ཐེ་ཚོམ་མཱི་སྐྱེ་ལ་ཡངས་པའོ།། ལུས་མེད་པའི་སྟོབས་ཀྱིས་རེག་བྱོ་འཇམ་ལ་ཡང་སྟེ། མི་མཐོ་མི་དམའ་ཞིང ་ཡངས་པར་འདུག་ཀྱང་གཡང་ཟ་བ་མེད་ཅིང་བགེ་ས་བུར་མ་ཆེད་ལ་བལྟས་ཀྱང་ཁྲི་གྲང་ལྟར་བལྟས་ནས་སྒོམ་པ་ཡང་མི་ཤེས་ཏེ། དེ་བས་ན་ལྡང་བར་བསམས་ན་ཡང་ལྡང་བར་དཀའ་ལ་སྟོབས་བསྐྱེད་ནས་ལངས་ན་ལུས་གློ། ་བུར་དུ་བྱུང་བ་སྒྱུམ་བྱེད་པའོ།། ཁྱད་པར་ཁ་ཅིག་ནི་སྔ་མ་བཞིན་ནོ།། བཞི་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྗེསུ་དཔག་པའི་སྒོ་ནས་སེམས་མཉམ་པར་བཞུག་པ་ཞེས་བྱའོ།། དེ་སྐད་དུ། འཕགས་པ ་ཆོས་ཀུན་འགྲོ་བ་ལྟོས། ལྷའི་བུ་བཟང་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ། ལྷའི་བུ་ནམ་བྱང་ཆུབ ་སེམས་དཔས་ཡིད་ཀྱི་སྨོན་པ་ཐམས་ཅད་དང་བྲལ་ཞིང་ཆོས་གང་ལ་ཡང་བཟུང་བར་རམི། སྤང་བར་ཡང་དག་པར་རྗེས་སུ་མ་མཐོང་ལ། དེ་གང་དང་གང་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་དང་དེ་སྟོང་པ་དང་ཡང་དག ་པ་མ་ཡིན་པར་མཐོང་བའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ཞེས་བྱའོ།། ཞེས་གསུངས་སོ།། ཡུལ་འཁོར་སྐྱོང་གི་ཞུས་པ་ལས་ཀྱང་། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། ཀུན་ཏུ་རོ་གཅིག་མཚན་ཉིད ་སངས་རྒྱས་གསུང་། དེ་ལ་གང་རྣམས་ཐ་དད་ཀུན་རྟོག་པ། དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན་ཞེས་གསུངས་སོ།། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས་ཀྱང་། དགེ་སློང་ཆོ་སྣ་ཐམས་ཅད་ནི་དང ་བོ་མི་དམིགས་པའི་ཕྱིར་ཡངས་པའོ།། དགེ་སློང་ཆོས་ཐམས་ཅད་ནི་ཅི་ལས་ཀྱང་དབེན་པའི་ཕྱིར་ཅི་ཡང་མ་ཡིན་པའོ།། དགེ་སློང་ཆོས་ཐམས་ཅད་ནི་ན་མཁའི་ལུས་དང་ཆང་པ་སྟོང་པ་དང་འདྲ་བའི་ཕྱིར་གཟུང་དུ་མྱེད་པར ་ཞེས་གསུངས་སོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། འདུ་ཤེས་རབ་ཏུ་རྒྱུ་བ་མེད། ལྟ་བུ་ལོག་པ་ཅུང་ཟད་ནས། བློ་ཡུང་ཤིན་ཏུ་གཏན་ལ་ཕ་བ། བརྟན་པ་ན་མཁའ་འདྲི་བར་སྤྱོད་ཅེས་གསུངས་སོ།། ཚོགས ་བསྟན་ཁམས་གསོ་སེམས་ལ་བརྟག། རྩོལ་དྲག་ཐུན་ཐུང་རྗེས་མང་བསྒོམ།། དེ་ཡི་གས་ལྭ་བ་སྐྱེད་རིམ་པ་བཞི།། བཞི་པའི་ལུང་ནཱི་བཞི་ཡིས་བསྟན།། ཞེས་བྱ་བཱ་ནཱི་བསྡུ་བའི་ཚིགས་སུ་བཅད་པའོ།། གསལ་བའི་སྐྱེད ་དབྱུང་བའི་ཐབས་བསྟན་ཟིན་ཏོ།། དེ་ལ་ཐུན་རིང་བའི་སྐྱེད་དབྱུང་བ་གང་ཞེ་ན། གསལ་བའི་སྐྱེད་ཐོན་ཅིང་མ་ཉམས་པ་ལ་ཐུན་སྲིན་པའི་སྐྱེང་གདོན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅུང་ཟད་གནས་པ་དང་། ལུས་ཅུང ་ཟད་བདེ་ཙམ་གྱིས་ཡུན་རིང་པོར་བསྒོམ་མོ།། བསམས་ཀྱང་བསྒོམ་པས་ཉིན་མཚན་འདའ་བའི་སྐབས་མེད་པར་ལུས་གཟེར་བ་དང་། སེམས་རྨུགས་པ་དང་། གཉིད་ཀྱིས་ནོན་པར་འགྱུར་ཞིང་མི་གསལ་བ་དང་། ་སྙིང་རླུང་ལྡང་ཞིང་འཇུག་པ་དང་། རླུང་ཁྲག་གཉིས་ཀ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར་ཏེ། དབྱེར་ནཱ་རླུང་ཆུང་ཟད་འགྲོ་ནུས་པ་ཙམྲ་གྱི་གྱེན་ཐུར་གཟུགས་པོ་ལ་ཉིན་རངས་འགོ་བར་བསམས་ཀྱང་འགྲོ་ས་དྭེར་མ་ཕྱིན ་ར་ལུས་ལ་མི་བདེ་བ་དང་སེམས་ལ་གནོད་པ་འབྱུང་པོ་བཞིན་ནོ།། དེ་བས་ན་གསལ་བའི་སྐྱེད་ཐོན་པའི་སྐབས་དེ་ཁོ་ནརརེ་ཁམས་ཀྱི་མི་བདེ་བ་མེད་ཀྱང་ཉིན་མཚན་གཉིས་ཙམ་བསྒོམ་པ་ཡང་བཞག་ལ། སོས་དལ་བར ་དུག་གོ།། དེ་ནས་རེ་ཞིག་མཚན་མོ་ཉལ་བ་དང་འཕྲོས་པ་དང་། གཉིད་ཀྱི་ནུས་པ་རྟས་སུ་གཞུག་ཅིང་ཉིན་འབའ་ཞིག་ལ་ཐུན་རིང་བར་བསྒོམ་པ་ལ་བསླབ་སྟེ། ཉི་མ་དང་པོ་ལ་ཐུན་གསུམ་བསྒོམས་པས། ཉིན་པར་ལ ་བཞིར་བཅད་པའི་ཆ་གཅིག་འདས་པའི་ཚད་ཙམ་ཞིག་བསྒོམ་མོ།། ཉི་མ་གཉིས་པ་ལ་ཐུན་གསུམ་བསྒོམས་པས་གསུམ་དུ་བཅད་པའི་ཆ་གཅིག་འདས་པ་དང་ཉི་མ་གསུམ་པ་ལ་ཐུན་གསུམ་བསྒོམ་པས་ཉིན་པར་གྱི ་བྱེད་ལྕུག་འདས་པ་ཙམ་ཞིག་བསྒོམ་མོ།། ཉི་མ་བཞི་པ་ལ་ཐུན་གསུམ་བསྒོམས་པས་ཉིན་གྱིས་སུམ་གཉིས་ལྷག་འདས་པ་ཙམ་ཞིག་བསྒོམ་མོ།། ཉི་མ་ལྔ་པ་ལ་ཐུན་གསུམ་བསྒོམས་པས་ཉིན་པར་ལ་གཞི་ཆར ་བཅད་པའི་ཆ་གསུམ་ལྐུག་འདས་པ་ཙམ་ཞིག་བསྒོམ་མོ།། ཉི་མ་དྲུག་པ་ལ་ཐུན་གསུམ་བསྒོམས་པས་ཉིན་རངས་པ་ལ་ཟས་ཟླ་བ་དང་། སྤྱོད་ལམ་བཅོས་པ་མ་རྟོགས་པ་བསྒོམ་པ་དུས་འདའ་བར་བྱའོ།། ཉི་མ་བདུན་པ་ལ་དེ ་དགུ་མ་གཏོགས་པ་ཟླས་གོང་དུ་ཐཱན་གཅིག། ཟས་ཟོས་ནས་ཐུན་གཅིག་སྟེ་གཉིས་ཀྱིས་ཉི་མ་རངས་པར་འདའ་བར་བྱའོ།། དེ་ལ་སྤྱོད་ལམེ་ནི་བསྟེན་ཤིན་ཏུ་འབོལ་ཞིང་འཇམ་པ་གཉིས་སམ་གསུམ་པ་ཚོང་ཆུ་ཚང་དུ་བཏིང་ལ་གླང ་བདེ་བར་སྤྲོ་ཞིང་བསྒོམ་སྟེ། དེའི་སྟེང་དུ་དང་པོ་སྐྱིལ་མོ་ཀྲུང་བཅས་ལ་བསྒོམ་མོ།། དེ་ནས་ཅུང་ཞིག་ལོན་པ་དང་། སེམས་རྨུ་གསོ་བ་དང་། གཉིད་ཀྱིས་ནོན་པ་དང་ལུས་ལ་མི་བདེ་བ་བྱུང་ན་རྐང་པ་ཡ་ཅིག་བརྐྱང་བ་འམ། གཉིས ་གཉིས་ཀ་བརྐྱང་བ་འམ། གློ་གཡས་པས་སྐྱེས་པ་འམ། གཡོན་པས་སྐྱེས་པ་འམ། ཡུད་ཙམ་ཞིག་གླན་རྒྱལ་དུ་འདུག་པ་བྷྲམ?། མདོར་ན་སྤྱོད་ལམ་ཕྱོགས་རེ་བསྒྱུར་བྱས་ལུས་ལ་གནོད་པ་དང་། སེམས་ལ་གནོད་པ་སྐྱོང ་བར་འགྱུར། དེ་ལྟར་བྱས་ཀྱང་རྨུགས་པ་དང་གཉིད་ཤས་རྐྱེན་དུལ་བུས་ལངས་ལ་འཆ་གས་དཀྱུས་རིང་ཞིང་ཞེང་ཧ་ཅང་ཆེ་མྱི་ཆེ་བར་བྱས་པའི་ས་ཕྱོགས་སུ་ཕར་འགྲོ་བ་དང་། ཚུར་འོང་བ་ལན་གཉིས་གསུམ་བྱ་ཞི་ཙམ ་བཅགས་ལ་ཡང་འཇོག་པར་བྱ་སྟེ། དེ་ཀུན་ལ་དམིགས་པ་མི་བཏོང་ངོ་།། དེ་ཡང་གང་ལྟར་བསྒྱུར་ཀྱང་ལུས་ལ་འཇམ་པ་ལ་སོགས་པ་ཤིན་ཏུ་སྦྱངས་པོའི་ཤས་ཆེ་ཆུང་ཡོད་ཀྱང་ཀུན་ལ་མེད་པ་མ་སྲིད་ན། དེ་ལྟར་བསྒོམ་པ ་ཡིན་གྱི་མེང་ན་ངལ་གསོ་དགོསོ། སེམས་རྒོད་ན་རྣམ་པ་ལ་མི་སྤྱད་མར་སེམས་ལ་དཔྱད་ན་དེ་ཞི་བར་འགྱུར་ཏེ། གཟུགས་འགགས་ན་གཟུགས་བརྙན་འགགས་པ་བཞིན་ནོ།། དེ་བས་ན་དྭེ་ཧ་ཅང་མི་འཇིགས་པར་བྱ།། ་བག་གློང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོ་བཞི་ཁྲིར་ཡང་སྤྱོད་ལམ་མ་བསྒྱུར། གོས་མོ་སྤྲོས་པར་མཉམ་པར་བཞག་པ་གསུངས་ན་བདག་གིས་ནི་ཉིན་མཚན་རེ་རེ་ཡང་མཉམ་པར་འཇོག་མི་ནུས་པ་འཁོར་བ་ཐོག ་མ་མེད་པ་ནས་ལུས་དྲང་མེད་པ་ནས་ལུས་དྲངས་མེད་པ་གཅིག་འདས་ཀྱང་དོན་མེད་པར་འགྱུར་ལ་ད་ལྟར་ཡང་མོས་པ་ཆུང་ཞིང་གཉུགས་ཐུང་བ་འདིས་མ་འོངས་པ་ནུ་ཡང་འདི་འདྲ་བར་འགྱུར་བས་ན་བདག་གི་དོན་ཀྱང་མི་འགྲུབ་ན།། ། ་གཞན་གྱི་དོན་ལྟ་ག་ལ་འགྲུ་ང་བས་ན་བདག་གི་ཉི་མ་རུངས་མཉམ་པར་བཞག་སྟེ། སྤྱོ་ལམ་འདིས་གནས་པར་བྱའོ་སྙམ་དུ་བསམ་མོ།། མདོར་ན་ཡུན་རྙིང་བར་འཛིན་པར་ཆུང་ངུ་འགྲོ་ལ་ཐུན་གཞུག་ལ་ཏིང་ངེ་འཛིན་ལས་ལྡིང ་དགོས་པ་དང་། གཏང་རྒྱུ་གཅིག་ཡོད་ན་དེ་ལྟར་བསྒོམ་མོ།། གཏང་རྒྱུ་མེད་པར་སྤངས་ནས་འདགུ་ནཱ་བསྒོམས་ཀྱང་ཕྲན་མེད་ལ་གནོད་པ་སྐྱེ་བས་ངལ་གསོའོ།། དེ་ལྟར་ཉིན་པར་ཐུན་གཉིས་ཀྱི་ཉི་མ་འདའ་བར་ནུས་ནས་མཚན་མོ ་ལ་སློབ་པར་བྱ་སྟེ། ཉིན་པར་བཏང་སྙོམསུ་བཞག་ལ་ཕྱི་དྲོ་རླུང་གི་དུས་སུ་གཉིད་བག་རེ་ལོག་ནས་མཚན་མོ་བསྟན་བདེ་བ་གཉིས་གསུམ་ཡང་བཏིང་ལ། ཡང་ཡང་བྱིང་སྟེ་འགྲོ་ན་འཆགས་བདེ་བར་བཅས་བྱས་ལ ་གོས་དང་སྒྱུམ་དྲོ་བར་བྱས་ལ་དུལ་བུས་འགྲོ་དང་ལྡོག་པ་དྲན་པ་དང་། ཤེས་བཞིན་གྱི་ཟིན་པར་བྱ་ཞིང་བསྒོམ་མོ།། ངལ་གླུས་དགོས་པ་དང་བསམ་པ་ཡང་སྔ་མ་བཞིན་ནོ།། བྱེ་བྲག་ནི་རྒྱུ་སྐར་ལ་ཚོད་དཔག་ཅིང་ཞག་བརྒྱད་ཀྱི ་མཚན་མོ་འདར་ནུས་པར་བྱའོ།། དེ་ལྟར་བསྒྲུབས་པས་ཉིན་མཚན་གངྒཱ་ཡང་རུང་བ་གཅིག་བཏང་སྙོམས་སུ་བཞག་ལ་གཅིག་རངས་པ་བསྒོམས་པས་འདའ་བར་ནུས་ཤིང་ལུས་བདེ་བ་དང་སེམས་དགའ་བ་དང་བཅས་པར ་འདུག་ན་དེ་ཙམ་གྱིས་རེ་ཞོག་ཐུན་རིང་བ་ལོགས་བྱ་ཡིན་ནོ།། ཐུན་སྲིད་པའི་ཚད་དང་ནི། ཉིན་མཚན་རེ་མོས་བསླབ་པ་དང་། གོ་རིམས་སྤྱོད་ལམ་བསམ་པ་དང་། ཚད་དུ་ཕྱིན་པས་བསྡུས་པ་ཡིན། ཞེས་བྱ་བ་ནི་བསྡུ་བྱའི ་ཚིགས་སུ་བཅད་པའོ།། །། དེ་ནས་བསྒོམ་པ་གཅིག་པུ་མི་བྱ་བར་སྔོན་དུ་འགྲོ་བ་དང་ལྡང་བའི་སེམས་སུ་བཅས་པ་ཉིན་པར་གཉིས་མཚན་མོ་གཉིས་ལས་མྱི་མང་བར་ཐབས་དང་ཤེས་རབྱེ་ཟུང་དུཥྚ་བྱེལ ་བར་བྱ་སྟེ། སྔར་བསྟན་པ་བཞིན་ནོ་དེ་ལ་ལོག་པར་རྟོག་པའི་གཞུང་ཉིད་གང་ཞེ་ན། གཉིས་ཏེ། ཐབས་ལ་ལོག་པར་རྟོག་པ་དང་། ཤེས་རླབ་ལ་ལོག་པར་རྟོག་པའོ།། དེ་ལ་ཐབས་ལ་ལོག་པར་རྟོག་པ་ནི་འདི་ནི ་ཁ་ཅིག་ཕན་ཡིན་ཤེས་པ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨོན་ལམ་འདེབས་པར་བྱེད་ཀྱང་བདག་གི་དོན་ཙམ་སྒྲུབས་པ་ཉན་ཐོས་ཀྱི་དབང་དུ་བྱས་ནས་སློབ་དཔོན་ཐོགས་མེད་ཀྱིས་གནས་ལ་ངང་པ་གང་ཞེ་ན། ་འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང་སེམས་དང་པ་ཡིན་ཏེ། དེ་ནི་གནས་ལྔ་དད་པར་གྱུར་པ་ཞེས་བྱའོ།། དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ།། དེ་སྔོན་དུ་དྲངས་པའི་དབང་གིས་དེ་ལ་དོང་པ་གང་ཡིན་པ་དེ་ནི་གནས ་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་བསལ་བར་གྱུར་པའི་ཕྱིར་རོ་ཞེས་གསུངས་པ་ལ་བ་རྟེན་ནས་འདུལ་བ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པོ་ཞེས་སྨྲ་ཞིང་ལྟ་ལ། བདག་ཉིད་ཀྱང་ཐེག་པ ་ཆེན་པོའི་ཆོས་ཐོབ་པར་མི་དགའ། གལ་ཏེ་ཐོས་ཀྱང་ལེགས་པར་མི་སེམས། སེམས་ཀྱང་བསྒོམ་པར་མི་བྱེད་ཅིང་། གཞན་དག་ལ་ཞེ་སྡང་སྟེ། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་དུ་ཞུགས་པ་རྣམས་ལ་ཡང་ཞེ་སྡང་སྟེ། བྱང་ཆུབ་སེམས ་དཔའ་ལས་དང་པོ་པའི་བསྒྲུབ་པ་རྣམས་ལ་བསློབ་ལ། འདི་སྐད་ཅེས། བྱང་ཆུབ་སེམས་པའི་བསླབ་པོ་ཁོ་ནུ་འདུལ་བ་ཡིན། དེ་ཁྲི་ནས་ཆོག་གོ།། གཞན་ལ་བསླབས་ན་འདུལ་བ་ལ་རྩིངས་ཏེ་འགྲོའོ་ཞེས་སྨྲ་ཞིང་།། ལྟ་བ་དེ ་ངག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར། ཟག་པ་ཟད་པར་མི་འགྱུར་ཏེ། དེ་སྐད་དུ། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་རྟ་ལྔ་ཞོན་ཏེ་ལམ་དུ་ཞུགས་ནས་ཡུན་རིང་ཞིག་ལོན་ནས་དཔག ་ཚད་བརྒྱར་ཕྱིན་པ་ལས་དེ་རླུང་གི་དཀྱིལ་འཁོར་ཆེན་པོས་ཟློགས་ནས་དཔག་ཚད་བརྒྱད་ཅུར་དེང་དེ། ཕྱིར་ཕུལ་ན་སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་འམ། བསྐལ་བ་ནས་བརྗོད་དུ་མེད་པའི ་ཡང་བརྗོད་མོད་པའི་སྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པབ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་མི་འཛིན་མི་སློབ། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་ཡིད་ལ་མི་བྱེད་པ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་རྟེན་ཅིང་། དེ་དག་དང་ལྷན ་ཅིག་ཏུ་བསྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱུ། དཔྱོད་ཅིང་ཀུན་ཆུབ་པར་བྱེད་ལ་གཞན་ལ་ཡང་ཀློག་ཏུ་འཇུག་པ་ནས་ཀུན་ཆུབོ་པའི་བར་དུ་བྱུད་ན། དེ་ནི་དེས་ཤྲཱིསྟྲ་རབ་རྟུལ་པོར་འགྱུར་ཏེ། དེ་བླ་ནུ ་མེད་པའི་ཤེས་རབ་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་ལྡོག་གོ།། བྱང་ཆུབ་སེམས་དཔའ་དེ་ན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར ་གྱུར་ཅིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ།། ཞེས་གསུངས་སོ།། དེ་བས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ཁས་ལེན་པའི་ཁྱད་པར་གྱི་བསླབ ་པ་རྣམ་པ་གསུམ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ། སྡོམ་པ་གསུམ་ལས་སྡོམ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཤིན་ཏུ་གུས་པས་བསྒྲུབ་དགོས་ལ། དེ་ཁོ་ནས་ཆོག་པ་ཡང་མ་ཡིན་ཏེ། དེ་སྐད་དུ། འཕགས ་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས། བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་སྤྱོད་དོ།། སོ་སོར་ཐར་པའི ་སྡོམས་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས ་དཔའི་བསླབ་པའི་གནས་བཅས་པ་དེ་དག་ལྔ་བདག་གིས་བསློབ་པར་བྱའོ།། ཞེས་གསུངས་སོ།། དེ་ལ་ཤེས་རབ་ལ་ལོག་པར་རྟོགས་པ་ལ་ཡང་གཉིས་ཏེ། སྤྱི་དང་བྱེ་བྲག་གོ།། དེ་ལ་སྦྱིན་འདྲི་ནི་ཁ་ཅིག་སྟོང་པ་ཉིད་ཀྱི་རུང་ཆུས ་དཀར་ཕྱོགས་ཀྱི་མེ་གསོད་པར་བྱེད་དོ།། འདི་སྐད་དུ། མི་དགེ་བ་བཅུ་སྤོང་བ་དང་། དགེ་བ་བཅུའི་སྒྲུབ་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཉན་ཐོས་རྣམས་ཀྱི་དབང་དུ་མཛོད་ནས་གསུངས་པ་ཡིན་ཏེ། ཐེག་པ་ཆེན་པོ་ཟབ་མོའོ ་དོན་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ན་ཅི་བྱས་ཀྱང་ཉེས་པར་མི་འགྱུར་རོ།། རབ་ཏུ་བྱུང་བ་ཡང་སྐྲ་བྲེགས་པ་ཙམ་ལ་ཟེར་བ་མ་ཡིན་ཏེ། སེམས་བྱོལ་ལེ་བ་ཞིག་དགོས་སོ།། དེ་བས་ན་རྟོགས་ན་སྲོག་གཅོད ་པ་ལ་སོགས་པ་ཡང་སྒྲིབ་པར་མྱི་འགྱུར་ལ། མ་རྟོགས་ན་གཉེན་པོ་ཡང་སྒྲིབ་པར་འགྱུར་ཏོ།། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས་འདོད་ཆགསོ་སྒྲིབ་པ་ནས་ཤྭེར་སྒྲིབ་བཱི་བ་དུག་སྷོ་ཞེས་ཟེར་བ་དེ་ནི་བདག་ཉིད་མོ་མཐུན ་བ་ཟིལ་གྱིས་མ་ནོན་པར་གཉེན་པོ་རླག་པར་བྱེད་པས་ངན་འགྲོ་འབའ་ཞིག་གི་ལས་སོགས་པ་ལ། དེའི་རྗེས་སུ་སློབ་པ་ཡང་མི་དགེ་བ་སོགས་འཇུག་གོ།། དེ་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དབུ་མའི་རྩ་བ་ལས། སྟོང་པ ་ཉིད་ལ་བལྱཱ་ཉེས་ན། ཤེས་རབ་ཆུང་ལྡན་ཕུང་འགྱུར་ཏེ། ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང་། གསང་སྔགས་ལོག་པར་བསྒྲུབས་པ་བཞིན་ཞེས་གསུངས་པ་དང་། ཡང་རིག་པ་དྲུག་ཅུ་པ་ལས། རྣམ་པ་དབེན་དོན་མི་ཤྭེ ་པར།། ཐོས་པ་ཙམྦུ་ལ་འཇུག་བྱེད་ཅིང་།། གང་དག་བསོད་ནམས་མི་བྱེད་པ། སྐྱེས་བུ་ཐཱ་ཤལ་དེ་དག་རླིག་ཅེས་གསུངསོ།། འོན་ཏེ་ང་ཤེས་རབ་ཆེ་ལ་བསོད་ནམས་ཀྱང་བྱེད་པས་ཉོན་མོངས་པ་ལ་མི་འཛེམ་ཞེས ་ཟེར་ན། དེ་ཡང་མི་རིགས་ཏེ། འོཕགས་པ་ས་བཅུ་པ་ལས་ཀྱང་ས་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་ཅིང་ལྟུང་བ་ཕྲ་མོ་ལ་ཤེས་བཞིན་དུ་གནས་པ་ལ་བཞག་སྟེ། ས་ལ་གནས་པ་བས་ང ་ཤེས་རབ་ཆེ་ཞེས་བྱ་བ་ནི་ཧ་ཅང་གཟུ་ལུམས་ཆེ་སོ།། དེ་བས་ནུ་ཀུན་རྫོབ་ཏུ་གཉེན་པོ་མ་སྐྱེས་པར་ཉོན་མོངས་པ་ལ་བཏང་སྙོམས་སུ་བཞག་ཀྱང་འཕེལ་བར་འགྱུར་ན་དང་དུ་བླངས་པ་ལྟ་སྨོས་ཀྱང་ཆུ ་དགོས། དེའི་ཕྱིར་ཉོན་མོངས་པ་རང་དགོར་སྤྱོད་པས་བསླབ་པ་དང་བྲལ་བ་དེ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་ལས། འཇམ་དཔལ་གྱིས ་སྨྲས་པ་བུ་མོ་རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། ཚུལ་ཁྲིམས་འཆལ་པ་ལ་ནི་རབ་ཏུ་བྱུང་བ་ཅི་ཡང་མེད་དོ་ཞེས་གསུངས་སོ།། ཡང་མདོ་སྡེ་དེ་ཉིད་ལས་གསུངས་པ། གང་བདག་ཉིད་ཀྱང་བསླབ ་པ། ཚུལ་ཁྲིམས་ཡང་དག་པར་བླངས་ལ། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་དང་བརྟུལ་ཞུགས་ལ་ཡང་དག་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ ་ཡིན་ནོ་ཞེས་གསུངས་སོ།། དེ་བས་ན་སྟོང་པ་ཉིད་གྲོ་ཡང་ཉོན་མོངས་པས་ཕམ་པར་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། མདོ་དེ་ཉིད་ལས་བུ་མྱོས་སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དགྲ་ས་བཅོམ ་པ་དེ་ནི་དཔའོ་ཞེས་མི་གྱིའོ།། འཇམ་དཔལ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱིས་བཅོམ་པ་དེ་ཡོང་བྱང་ཆུབ་སེམས་དཔའ་ཞེས་མི་བགྱིའོ་ཞེས་གསུངས་སོ།། ཤེས་རབ་ཆེ་ཞིང་སྟོང་པ་ཉིད་རྟོགས་ནས་སྒོམ་པའི་ཕན ་ཡོན་ནི་ཟླ་བའི་སྒྲོན་མའི་མདོ་ལས། དེ་ནི་བདེར་གཤེགས་རྣམས་ཀྱི་བསླབ་པ་གཞན་མི་འདོར། དཔའོ་དེ་ནི་བུད་མེད་དབང་དུ་གཞར་མི་འགྲོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང ་དཔེར་ན་མུན་པ་དང་། ལྷན་ཅིག་གནས་པ་དེ་ནི་མར་མེ་མ་ཡིན་ནོ།། དེ་བཞིན་ཉོན་མོངས་པ་དང་ལྷན་ཅིག་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་མཱ་ལགས་སོ།། ཞེས་གསུངས་སོ།། འཕགས་པ་གཙུག་ན་རིན་པོ ་ཆེ་ལས་ཀྱང་སྟོང་པ་ཉིད་ཀྱི་རྣལ་འབྱོར་སྦྱིན་པ་ནས་ཤེས་རབ་ཏུ་མི་འབྲུལ་བྱའོ།། ཞེས་གསུངས་སོ།། བསླབ་པ་ཀུན་ལས་བཏུས་པ་ལུས་ཀྱང་། ཤེས་རབ་ཀྱི་ཕྱི་རོལ་ཏུ་ཕྱིན་པ་བསྒོམ་ནས་ཀྱང་ཉོན་མོངས་པའི་སྒྲ་དང ་འཐབ་ལ་མཁས་པར་བྱ་བའི་རང་གི་ཁྱིམ་ན་དཔའ་བ་བཞིན་དུ་མི་བྱའོ་ཞེས་གསུངས་སོ།། དེ་བྱས་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཤེས་རབ་ཆེ་ཡང་ཉོན་མོངས་པས་ཕན་པར་བྱས་ལ་དྲད་པ་ཆུང་བས་བསླབ་པ་ལ ་གཡེལ་ཞེས་སྨྲ་བར་བྱ་བ་ནི་རིགས་ཀྱི་གཞན་ལམ་ལོག་པཱ་ལ་གཟུད་ཅིང་བསྟན་པ་ལ་མགདོད་པ་ནི་མི་རིགས་སོ།། ཚུལ་ཁྲིམས་ཁོ་ནས་ཆོག་པར་འཛིན། ཤེས་རབ་ཀྱི་ནི་ཕྱོགས་གཅིག་རྟོགས།། དེ་དག་སུན ་དབྱུང་མདོར་བསྟན་པ།། བསྡུ་བའི་ཚིགས་སུ་བཅད་པ་ཡིན།། དེ་ལ་བྱེ་བྲག་ལ་ལོག་པར་རྟོག་པ་ལ་གཉིས་ཏེ། ལྟ་བ་ལ་ལོག་པ་དང་། བསྒོམ་པ་ལ་ལོག་པར་རྟོག་པོའོ།། དེ་ལ་ལྟ་བ་ལ་ལོག་པར་རྟོག་པ ་པ་འདི་ན་ཁ་ཅིག་བདེན་པ་གཉིས་ཞེས་བྱ་བ་དངོས་པོ་ལ་མ་གྲུབ་སྟེ། འདི་ལྟར་གང་མ་སྐྱེས་པ་དེ་གཉིས་སུ་མེད་དེ། དཔེར་ནཱ་ན་ཁཱའ་ལྟ་བུའོ།། བདེན་པ་རྣམ་པ་གཉིས་ཀྱང་གཟོད་མ་ནས་མ་སྐྱེས ་ཤིང་རྣམ་པར་དག་པས་གཉིས་སུ་མེད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་དོན་དམ་པར་གཉིས་མེད་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་བོ།། འོན་ཏེ་སྤྱིར་སྒྲུབ་ན་ནི་གཏན་ཚིགས་མ་གྲུབ་སྟེ། མངོན་སུམ་དང་འགལ་ལོ།། ་མ་སྐྱེས་པ་ལ་སྡུག་བསྔལ་མེད་པས་ཁྱོད་ལ་མཚོན་གྱི་བཏབ་ནི་བཟོད་དམ་ཞེས་སྨྲ་བར་བྱའོ།། ཁ་ཅིག་ན་རེ་དོ་ན་དམ་པའི་བདེན་པ་མེད་དེ། ཀུན་རྫོབ་ཀྱི་བདེན་པ་གཅིག་པུ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ་གལ ་ཏེ་བྱིས་པ་མ་རིག་པས་ལྡོངས་པའི་བསྒོམ་པ་དང་སྦྱར་ནས་སྨྲ་འམ་འོན་ཏེ་དངོས་པོའི་གནོས་ལུགས་དང་། དེ་དང་མཐུན་པ་སྨྲ་བ་འམ། མཁས་པའི་བསམ་པས་ཀྱང་སྨྲ། དེ་ལ་ཕྱོགས་དང་པོ་ལྟར་ན་གཉིས་མ་གྲུབ ་སྟེ། འདི་ལྟར་དོན་དམ་པའི་བདེན་པ་ནི་དེ་སྟོན་པར་བྱེད་པའི་ཆོས་གང་ཟག་དེ་མ་ཐོས་མ་བསམ་མ་བསྒོམས་པས་བྷྱོ་མཱི་འགྲུབ་པོ། དེ་མ་གྲུབ་པས་གཟུགས་ལྔ་སོགས་པ་ཡང་དག་པའོ།། བདེན་པའོ་སྙམ་པ ་འབའ་ཞིག་སྐྱེས་པས་འདི་བརྫུན་པའོ་ཞེས་འམ། སྒྲིབ་པར་བྱེད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འམ། རིགས་པས་གནོད་པའི་ཕྱིར་ཀུན་རྫོབ་ཅེས་བྱ་བ་འགྲུབ་པའི་སྲིད་དོ།། འོན་ཏེ་ཕྱོགས་ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ ་ལ་སྨྲས་པ། གང་ཞིག་གི་སྒྲིབ་པར་བྱེད་པ་འམ། གང་ཞིག་ལ་སྒྲིབ་པ་ཡོད་པར་དེ་མ་ཤེས་པ་དང་། དེ་གཞག་པ་འམ། རིགས་པས་གནོད་པར་མ་གྲུབ་ན་ནི་ཀུན་རྫོབ་ཅེས་ཇི་སྐད་དུ་བྱ། གལ་ཏེ་རིགས་པས་གནོད་པར་གྲུབ་པས ་འདི་ཀུན་རྫོབ་ཀྱི་བདེན་པར་གྲུབ་པོ།། ཞེས་ཟེར་ན། དེ་ཉིད་ཀྱི་དོན་དམ་པའི་བདེན་པ་སྔར་གྲུབ་པས་འདི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་ཏེ། ངས་ནི་གཉི་ག་ཁས་བླངས་པ་ཡིན་ནོ།། ཁ་ཅིག་ན་རཾ་འཕགས་བཀྲུ་སྒྲུབ ་དགོངས་པ་དོན་དམ་པར་མ་གྲུབ་པ་སྟེ། ཧ་ཅང་ཡང་ཆེས་ཀུན་རྫོབ་ཏུ་ཡང་མིང་ལས་དོན་མེད་པར་བཞེད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། མིང་ལ་བཅད་པ་མེད་དོ་ཞེས་གསུང་སོ།། དེ་ནི་མངོན་སུམ་དང་འགལ་ཏེ། མོ་གཤམ་གྱི་བུ ་འདི་ན་ཡོད་དོ་ཞེས་སྨྲས་ནས། དེ་ལ་མཚོན་བཏབ་པ་དང་། ཁྱོད་ལ་མཚོན་བཏབ་པ་གཉིས་གནོད་པ་མེད་པ་འདྲ་བར་ཐལ་བར་འགྱུར་རོ།། སློབ་དཔོན་ནི་དེ་ལྟར་མི་བཞེད་དེ། རིགས་པ་དྲུག་ཅུ་བ་ལས་ཀྱང་། རྒྱུ་དང་འབྲལ ་ལ་ཁམས་རྣམས་ལ། ཉེས་པ་ཐམས་ཅད་འབྱུང་བའི་གནས།། མེད་པ་རྣམ་པར་ཟློག་ཟིན་གྱི།། ཞེས་གསུངས་ལ། དེ་དགག་པར་སྒྲུབ་པའི་ཁོ་བོའི་ཉོན་མོངས་པ་ཡང་ཁྱོད་ཀྱིས་བཀག་པས་ཁྱོད་ཀྱི་གྲོགས་བྱས་ཏེ་བསྟངས ་སོ་ཞེས་གསུངས་སོ།། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་པ་ལ་སྨྲས་པ། ཆོས་ཐམས་ཅད་ནི་མིང་ཙམ་དང་བརྡ་ཙམ ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ན་ཡང་ཀུན་རྫོབ་ཏུ་མིང་གི་རྣམ་གྲངས་སམ། ཡང་ན་གཅིག་གི་གཅིག་བཤད་པར་གསུངས་ཀྱི། དོན་དམ་པར་སྟོན་པ་ན་མ་ཡིན་ནོ།། ཁ་ཅིག་ནི་བདེན་པ་གཉིས ་དངོས་པོ་ལ་གྲུབ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ནི་རིགས་པས་གནོད་པ་ཡིན་ལ། དོན་དམ་པའི་བདེན་པ་ནི་རིགས་པས་གྲུབ་པ། རྟག་པ་ཞིག་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་དུ་འདུག་པ། སྤྲོས་པ་ཐམས་ཅད་ལས་ལོག ་པའི་ངོ་བོའོ།། དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན་ཞེས་གསུངས་པ་དང་། འཕགས་པ་ས་བཅུ་པ་ལས། དེ་བཞིན་གཤེགས་པ ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཆོས་ཐམས་ཅད་དམིགས་སུ་མེད་པའོ་ཞེས་གསུངས་སོ།། འཕགས་པ་དཀོན་མཆོག་སྦྱིན ་ལས་རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ནི། ཚངས་པར་སྤྱོད་པ་དོན་མེད་པར་འགྱུ་རོ་ཞེས་གསུངས་སོ་ཟེར་ཏེ། དེ་ལ་སྨྲས་པ། རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར་ཞེས་བྱ་བ་ལ་སོགས་གསུངས་པ་དེ་ནི། དེ་ཉིད ་ལས། ཅིའི་ཕྱིར་རིགས་པས་གནས་པའི་ངོ་བོ་ཉིད་ཡིན་སྙམ་པ་ལ་ངོ་བོ་ཉིད་དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་དོན་དམ་པར་རིགས་པས་མཐོང་བར་འགལ་ཏེ། མ་མཐོང ་བ་ཙམ་ལ་བཏགས་ན་དེ་སྐད་གསུངས་ཀྱི། དེ་ནི་རིགས་པས་གྲུབ་པ་དོན་དམ་པར་བཞག་རྒྱུ་མེད་དེ། དེ་སྐད་དུ་འཕགས་པ་བདེན་པ་གཉིས་བསྟན་པ་ལས། ལྷའི་བུ་དོན་དམ་པའི་བདེན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཀྱི་ཡུལ་ལས་འདས་པའོ་ཞེས་གསུངས་སོ།། གཞན་ལྟ་བར་ཞོག་དེ་ཀྱང་ཡུལ་དུ་བྱ་བའི་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ།། ཡེ་ནས་གནས་པས་རྟག་ཅེས་བྱ་བ་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་ཙམ ་ན་གཟུགས་ལ་སོགས་པ་དོན་དམ་པར་ཡོད་ལ། བྱུང་བ་མེད་པ་ནི་མ་ཡིན་གྱི་དངོས་པོ་འགའ་ཞིག་སྐྱེས་ཙམ་ནས་དོན་དམ་པར་མ་གྲུབ་པའི་ཚུལ་དུ་སྐྱེ་བས་ན་དེ་སྐད་གསུངས་སོ།། དེ་ལ་མ་ཡིན་ན་ཆོས་ཉིད ་ཡ་ནས་རྟག་དེ་གང་གི་ཆོས་ཡིན་ཏེ། སྔ་ན་གནས་པ་དང་ཆོས་ཅན་གསར་དུ་བྱུང་བ་གཉིས་གྲུབ་པ་དང་བདེ་བ་གཅིག་ཏུ་མི་འདོད་ན། ཚངས་པར་སྤྱོད་པ་དོན་མྱེད་པར་འགྱུར་ཞེས་གསུངས་པ་ཡང་བྱིས་པ་རྣམས་ཀྱི ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཡོད་པར་བརྟགས་ནས་བདེན་པར་འཛིན་པ་ལ། གང་ཟག་དང་ཆོས་ལ་བདག་མ་གྲུབ་ཙམ་ལ་དགོངས་ནས་བདག་ཡོད་པ་མི་བདེན་ཏེ། རིགས་པ་དང་འགོལོ།། ཡོད་པ ་བདེན་ན་བྱིས་པ་ཀུན་གྱིས་མཐོང་བས་མ་འཁྲུལ་པའི་ཕྱིར་མྱ་ངན་ལས་འདས་པ་ཚངས་པ་ཐོབ་པར་བྱ་བའི་ཕྱིར། ད་འབད་པ་དོན་མེད་དོ་ཞེས་གསུངས་པ་ཡིན་ཏེ། རིགས་པའི་ཡུལ་དུ་གྲུབ་པ་མེད་ན་དོན་མེད་དོ་ཞེས ་གསུངས་པ་ནི་མ་ཡིན་ནོ།། ཆོས་ཅན་ཀུན་གྱི་ཆོས་ཉིད་དུ་འདུག་པ་ཞེས་བྱ་བ་ཡང་ཆོས་ཅན་གཅིག་སྤྲོས་པ་དང་བྲལ་བ་དེ་བཞིན་དུ་གཞན་ཡང་སྤྲོས་པ་དང་བྲལ་བས་དེ་སྐད་གསུངས་པ་ཡིན་གྱི། ཆོས་ཅན ་ཀུན་ལ་ཁྱབ་པ་གཅིག་ཡོད་ན། མུ་སྟེགས་ཀྱི་བདག་ཐམས་ཅད་ཁྱབ་པར་ཁས་ལེན་པ་དང་འདྲ་སྟེ། དེ་ལ་ཐ་དད་ཕྱོགས་དང་འདྲེ་བསྣུ་ན། ཁྱབ་རྣམས་གཅིག་པུར་ག་ལ་འགྱུར་ཞེས་བྱ་བས་དབྱུང་ངོ་།། སྤྲོས་པ་ཐམས ་ཅད་ལས་ལོག་པའི་ངོ་བོ་ཞེས་བྱ་བ་ཡང་དེ་གཉིད་སྤྲོས་པ་ཡིན་ནོ།། དེ་ལྟ་བུས་བརྗོད་ན་འཕགས་པ་དྲི་མྱ་མེད་པར་གྲགས་པས་ཅིའི་ཕྱིར་བསྟོན། དེ་བས་ན་དོན་དམ་པར་རིགས་པས་གྲུབ་པའི་དོན་དམ་པ་གཅིག་ཡོད་མི ་སྲིད་དོ།། འོ་ན་ཇི་ལྟར་ཞེ་ན། དེའི་ཕྱིར་འདི་སྐད་དུ། དངོས་པོ་ཇི་ལྟར་གནས་པ་བཞིན་རྟོགས་པའི་བཅོམ་ལྡན་འདས་ཀྱིས། འཕགས་པ་ཡ་བ་དང་སྲས་མཇལ་བའི་མདོ་ལས། དེ་སྐད་དུ། དེ་བཞིན་གཤེགས་པས་ཀུན ་རྫོབ་དང་དོན་དམ་པ་གཉིས་ཐུགསུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ།། ཞེས་གསུངས་ལ། དེ་བཞིན་གཤེགས་པའི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པས་ལུང་བསྟན་པ། ཕཊ ་པ་ཀླུ་སྒྲུབ་ཀྱིས། འདི་སྐད་ཅེས། དབུ་མའི་རྩ་བའི་ཤེས་རོ་བ་ལས། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ། བདེན་པ་གཉིས་ལ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ་ཞེས་གསུང ་བས། གཏན་ལ་འབེབས་པའི་དུས་སུ་ནི་དངོས་པོ་ཡང་གྲུབ་ལ། མཁས་པས་ཀྱང་དེ་ལྟར་རྟོགས་བྱས་གཉིས་སུ་ཐཱ་སྨད་འདོག་སོ།། གདུན་ལ་བེབས་པའི་དུས་སུ་ནི་གྲུབ་པ་ཡང་མ་ཡིན་མྱ་གྲུབ་པ་ཡང་མ་ཡིན། ཇི་ལྟར་ཡང་། ་ཁས་བླང་དུ་མེད་དོ་ཞེས་བསྟན་ཏོ།། ཁ་ཅིག་ན་རེ་ཆོ་སྣ་དང་ཆོས་ཅན་བདག་ཉིད་གཅིག་པས་ཆོས་ཅན་དབང་པོའི་མངོན་སུམ་དུ་མཐོང་བ་བཞིན་དུ་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་སྟེ། དེ་སྐད་དུ། བཱ་ར་ཏི་ཀཱ་ལས། ་དོན་གྱི་རང་གི་ངོ་བོ་གཅིག། བདག་ཉིད་མངོན་སུམ་ཡིན་པ་ལ།། ཚད་མ་རྣམས་ཀྱི་བརྟག་བྱ་གང་།། མ་མཐོང་ཆ་གཞན་ཅི་ཞིག་ཡོད་ཅེས་གསུངས་སོ།། ཞེས་ཟེར་རོ།། དེ་ལ་སྨྲས་པ། འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཀུན་གྱིས ་ཀྱང་། བདེན་པ་མཐོང་བར་ཐལ་བར་འགྱུར་རོ།། འོན་ཏཱི་ངེས་པའི་ཤེས་པ་མ་སྐྱེས་པསྒོ་མ་མཐོང་བ་དང་འདྲའོ།། དེ་སྒྲུ་། དབུ་མའི་རྒྱན་ལྔས་ཀྱང་། དངོས་པོ་རྣམས་ཀྱི་སྒྲོ་བཏག་སྔོ་བའི་རྣམ་པ་སྟེ་དབེན་པ་ནི ་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་ནི་སྒོ་བརྟགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོའི་རང་བཞིན་བཟུང་བཞིན་དུ་ཡང་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་གཟུང ་མོད་ཀྱི་ཐ་སྙད་གདོགས་སུ་རུང་བའི་ཕྱིར་མི་བཟུང་བ་དང་འདྲི་བ་ཉིད་པས། འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ།། དེ་ལྟ་བས་ན་མངོན་སུམ་ལ་སོགས་པས་གནོད་པ་མ་ཡིན་ནོ།། ཞེས་བྱ་བ་འདི་སྟོན་ཏོ་ཞེས ་གསུངས་སོ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་ཤེས་ཀྱི་ཆོས་ཉིད་མཐོང་ཞེས་ཐ་སྙད་དུ་མ་འདོགས་ཤིག། དེ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཐ་སྙད་ནི་ངེས་པ་སྔོན་དུ་འགྲོ་བ་ཅན ་ཡིན་པའི་ཕྱིར་རོ།། ཞེས་གསུངས་སོ།། འོ་ན་སློབ་དཔོན་ཆོས་ཀྱི་གླགས་པའི་དགོངས་པ་དུང་འགལོ།། ཞེ་ན་དེ་ནི་མི་འགལ་ཏེ། སློབ་དཔོན་གྱིསྡེ་མི་རྟགས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་ནི་དངོས་པོ་ཡིན་པས ་འགལ་བ་མེད་དེ། སྟོང་པ་ཉིད་ནི་དངོས་པོ་མ་ཡིན་པས་དབང་པོའི་མངོན་སུམ་དུ་མཐོང་མི་སྲིད་དོ།། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཇི་ལྟར་སྣང་བ་འདི་ཁོ་ན་ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན་ཞེས་གསུངསོ།། ་ཡང་ན་ཐ་མི་དད་པ་ལ་དགོངས་པ་ཡིན་པས་དེ་ནི་འདི་ཡང་འགལ་བ་མེད་དོ།། དེ་ལ་ཁ་ཅིག་ཐ་མི་དད་ཅེས་བྱ་བ་དང་། གཅིག་ཅེས་བྱ་བ་ནི་དོན་བཞིན་མ་ཡིན་ཏེ། དེ་ལྟར་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཐམས་ཅད ་ཀྱི་དེ་ཁོ་ན་མངོན་སུམ་དུ་མཐོང་བར་འགྱུར་བ་དང་། ཆོས་ཀྱི་དབྱིངས་བཞིན་དུ་ཆོས་ཅན་ཡང་བདེན་པར་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་དང་། ཆོས་ཅན་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཡང ་འདུས་བྱས་དང་། ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ།། དེ་ཐམས་ཅད་དུ་གཅིག་ཁས་མ་བླངས་པས་ཉེས་པ་མེད་དོ་ཞེས་སྨྲས་པ་ན། འོ་ན་ནི་འདུ་བྱེད་ཀྱི་བདག་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་དུ་མི ་འགྱུར་ལ། འདུ་བྱེད་ཀྱི་མཚན་མུས་བཅིངས་པ་རྣམས་ཀྱང་། རྣལ་འབྱོར་པས་ཟིལ་གྱིས་ནོནྟ་པར་མི་འགྱུར་ཏེ། དེ་ཐ་དད་ཅིང་ཆོས་ཀྱི་དབྱིངས་གཞན་དུ་རྟོགས་པའི་ཕྱིར་རོ།། དེ་ལྟ་བས་ནཱ་དུདེ་དང་དཀར་པོ་བཞིན་དུ ་གཅིག་དང་ཐ་དད་པར་བརྗོད་དུ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མྱེད་པའི་འབྲེལ་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་སྐྱེས་པ། དེ་ཉིད་དང་གཞོན་དུ་བརྗོད་པ་ནི་སྐྱོན་འོང་ལ། དེ་གཉིསུ་མ་བརྗོད་པའི་གྲུབ་པ་གཅིག་ལྔ ་འབྲེལ་པ་ནི་སྐྱོན་མེད་པ་མ་ཡིན་ཏེ། གཅིག་དང་ཐ་དད་པའི་སྐྱོན་དེ་ནི་ཆོས་དངོས་པོར་འགྱུར་པ་ལ་འཐད་དོ།། ཆོས་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཅན་དང་གོཅིག་པར་སྐྱོན་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན།། ་ཐ་དད་པ་སྦྱིན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། བརྗོད་དུ་མེད་པ་བྱ་བ་ཆོས་ཅན་དང་འབྲེལ་པར་བཞག་རྒྱུ་ཅིག་ཀྱང་ཡང་དག་པར་གྲུབ་ནས་འབྲེལ་པ་གསུམ་པོར་ཁས་བླང་རྒྱུ་ཡང་མེད་དེ། འབྲེལ་པ་ནི་དེའི ་བདག་ཉིད་དང་། དེ་ལས་བྱུང་བའི་འབྲེལ་པ་ལས་གཞན་མེད་པར་མངོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་རྣམས་ཀྱི་བསྟན་ཏོ།། འོ་ན་སློབ་དཔོན་ཀ་མ་ལ་ཤྲཱི་ལས། དབུ་མཱཾ་སྣང་བ་ལྔས། དེ་ཉིད་དང་གཞན ་དུ་བརྗོད་དུ་མེད་པར་བསྟན་ཏོ།། སྙམ་པ་ལ་བདེན་མོད་ཀྱི་དེ་ནི་གང་ཟག་དང་ཆོས་དེ་ཉིད་ཡང་དག་པའི་ཤེས་པས་གང་ཟག་དང་ཆོས་སུ་མ་གྲུབ་པ་ཙམ་ལ་གང་ཟག་དང་ཆོས་དེ་ཉིད་ཆོས་ཉིད་དུ་གདགས་པས་དེ ་ཙམ་ལ་བདག་ཉིད་གཅིག་པའི་འབྲེལ་པ་ཞེས་བཏགས་པ་ཡིན་ལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཙར་ཡང་མ་གྲུབ་པར་བསྟན་པ་ཡིན་ནོ།། དེ་ལྟ་བས་ན་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བ་ཙམ་ཆོས་ཉིད ་ཡིན་ལ། དེ་ཡང་སྒྲོ་བཏགས་པས་བཀླག་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་སུམ་དུ་མི་མཐོང་ངོ་།། དེ་སྐད་། དབུ་མའི་རྒྱན་ལས། མ་ཡིན་ཐོག་མེད་རྒྱུད་ལྕི་བར། དངོས་པོར་སྒྲོ་བཏགས་དབང་བྱས་པས། དེ་ཕྱིར་སྒྲོག ་ཆགས་ཐམས་ཅད་ཀྱི། མངོན་སུམ་རྟོགས་པར་མི་འགྱུར་རོ་ཞེས་གསུངས་སོ།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་ས་དང་པོ་ཐོབ་པ་ཡན་ཆད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་བསལ་བར་རྟོགས་སོ།། སོ་སོའི་སྐྱེ་བ ་རྣམས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་སྒྲོ་བཏགས་པ་གཅོད་པ་ཙམ་དུ་བས་ཀྱི། མངོན་སུམ་དུ་བྱེད་པ་ནོ་མ་ཡིན་ནོ།། དེ་སྐད་དུ། དེ་ཉིད་ལས་དེ་ལ་སྒྲོ་བཏགས་གཅོང་བྱེད་པ། ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། རྗེསུ ་དཔག་རྣམས་དཔོག་པར་བྱེད།། རྣལ་འབྱོར་དབང་རྣམས་མངོན་སུམ་གསལ་ཅེས་གསུངས་པའོ།། བདེན་པ་གཉིས་ལ་ལོག་པར་རྟོགས།། ཆོས་ཉིད་མཐོང་ལ་ལོག་རྟོགས་དང་།། ཆོ་ས་དང་ཆོས་ཅན་འབྲེལ་པ་ལ།། ལོག་པར་རྟོགས ་པ་སུན་དབྱུང་བ།། ཞེས་བྱ་བ་ནི་བསྡུ་བའི་ཚོགས་སུ་བཅད་པའོ།། ཁ་ཅིག་ན་རེ་སོ་སོའི་སྐྱེ་བོ་སྒྲོ་བཏགས་པས་གཅོད་པ་ན། གཏན་ཚིགས་ཀྱི་སྒོ་ནས་ཤེས་ཏེ་འདི་སྐད་དུ། གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་དོན་དམ་པར་རང ་བཞིན་མེད་དེ། བདག་དང་གཞན་གྱིས་སྨྲས་བྱ་འདི་དག་ཀྱང་། གཅིག་དང་དུ་མ་དང་བྲལ་བ་སྨྲས་པ་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་འགྱུར་རོ་ཞེས་ཟེར་ན། དེ་ལ་སྨྲས་པ། དབང་པོ་རྣོན་པོ་སྦྱོར་བ་ལ་གོམས་པ་རྣམས་ཀྱིས་རྟོགས་པ ་ནི། རིགས་ན་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་སྩོགས་པ་བྱ་དགོས་པའི་རིགས་གཅིག་ཡིན་ན་ནི། སྦྱོར་བ་དེ་ཀུན་བརྟགས་པའི་རང་བཞིན་ནམ། གཞན་གྱི་དབང་གི་རང་བཞིན་གང་གྲུབ་མ་ངེས་པའི་ཕྱིར། ཐུན་མོང་གི ་མ་ངེས་པའི་གཏན་ཚིགས་ལྟ་བུར་སྣང་བར་འགྱུར་རོ།། འོན་ཏོ་རྣཾས་སུ་འགྲོ་བ་སྤྱིར་བཏང་ནས་དཔེར་ན་གཟུགས་བརྙན་ལྟ་བུའོ།། ཞེས་སྨྲས་པས་སྐྱོན་མེད་དོ་ཞེ་ན། དེ་ལ་སྨྲས་པ། མཐུན་པའི་དཔེ་དེ་ལ་འབྲེལ་པ་གཏན་ལ ་ཕབ་བམ་མ་ཕབ། མ་ཕབྱཱ་ན་ནི་དཔེ་སྨྱོས་པ་ལ་དོན་མེད་དོ།། འོན་ཏེ་ཕབ་བོ་ཞེས་ཟེ་རནྟ། དེ་ལ་སྐྱེས་པ། དགག་པའི་སྒྲ་རཾ་སྦྱར་ནས་གཏན་ཚིགས་དོན་དམ་པ་དང་། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པ་གཉིས་འབྲེལ ་པ་གཏན་ལ་ཕབ་བམྱ། འོན་ཏེ་མ་ཡིན་པར་དགག་པའི་སྒྲར་སྦྱར་ནས། ཀུན་རྫོབ་ཀྱི་བདེན་པ་ག་ཅིག་ལ་འབྲེལ་བྱ་གཏན་ལྔ་ཕབ། དེ་ཕྱོགས་དང་པོ་ལྟར་ན། སྨྲས་པ། འབྲེལ་པ་མངོན་སུམ་གྱི་གྲུབ་བམ། རྗེས་སུ་དཔག ་པབས་གྲུབ། དེ་ལ་མངོན་སུམ་གྱིས་གྲུབ་པོ་ཟེར་ན། འོ་ན་ཆོས་ཉིད་མངོན་སུམ་དུ་མཐོང་བས། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་འཕགས་པ་ཡིན་པར་ཐལ་བར་འགྱུར་རོ།། དེ་ས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི ་རྟགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པར་འགྱུར་རོ།། དེ་བས་ན་སོ་སོའི་སྐྱེ་བོས་ཆོས་ཉིད་མངོན་སུམ་དུ་མཐོང་མི་སྐྱིད་པས། མི་སྲིད་པའི་དོན་སྨྲས་ན་བདག་ཉིད་ཉམས་པར་ཡང་འགྱུར་རོ།། དེའི་ཕྱིར་དབེ་དེ་ནི་མ་གྲུབ ་པའི་ཕྱིར་དཔེ་ལྟར་སྣང་བ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པར་ཁཱས་བླངས་དེ་ནི་གཏན་ཚིགས་ཀྱི་རང་གི་ངོ་བོ་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ།། འབྲེལ་པ་དེ་ལོ་ནི་མངོན་སུམ ་གྱིས་གནོད་དེ། རྟག་ཏུ་གཟུགས་བརྙན་དུ་སྣང་པོ་ལྔས་གཟུགས་བརྙན་དུ་ཡང་མི་མཐོང་མི་སྲིད་དོ།། རྗེས་སུ་དཔག་པས་ཀྱང་གསལ་ཏེ། གང་ཁྲུས་བླངས་ཀྱང་མ་མཐོང་བ་དེ་ཉིད་ཐ་སྙད་དགགས་སུ་མི་རུང་སྟེ་དཔེར་ན། བུམ ་བས་དབེན་པའི་ས་ཕྱོགས་ལྟ་བུའོ།། རྩོད་པའི་གཞིར་གྱུར་པའི་དོན་དམ་པའི་བདེན་པ་འདི་ཡང་མངོན་སུམ་དུ་མ་མཐོང་བྱས་ཁྱབ་པར་བྱེད་པ་མི་དམིགས་པའོ།། གཟུགས་བརྙན་སྣང་བའི་ཕྱིར་ཞེས་བྱ་བ་ཡང་འགལ་བས་ཁྱབ ་པའི་དམྱིགས་པ་ཡིན་ནོ།། གྲགས་པས་ཀྱང་བསལ་ཏེ། བརྡ་ཤེས་པ་གྲུབ་པའི་མཐས་བློ་མ་བསྒྱུར་བ་ཞིག་ལ། མེ་ལོང་གི་ནང་ན་ཅི་འདུག་ཅེས་དྲིས་ན། བཞིན་ཁོ་ན་འདྲ་བ་ཞིག་འདུག་ཅེས་ཟེར་བ་ལོས། ཅི་ཡང་མ་མཐོང་ཞེས ་ཟེར་མི་སྲིད་དོ།། རང་གི་ཚིག་དང་འགལ་བ་ཡང་ཡིན་ཏེ། དོན་དམ་པ་མཐོང་ཞེས་བྱ་བ་གཟུགས་བརྙན་ལ་ཟེར་རམ། ལུང་གི་བསལ་བ་ཡང་ཡ་ནི་ཏེ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་རང་བཞིན་སྟོང་པ་ཡི།། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། གཟུགས་བརྙན་སྣང་བ་དེ་བཞིན་དུ།། ལྗོན་པ་ཆོས་རྣམས་ཤེས་པར་གྱིས།། ཞེས་གསུངས་ཏེ། གཟུགས་བརྙན་མི་སྣང ་ཞེས་མ་གསུངསོ།། དེ་བས་ན་མངོན་སུམ་གྱིས་གྲུབ་མི་སྲིད་དོ།། འོ་ན་རྗེ་སུ་དཔག་པས་གྲུབ་པོ་ཟེར་ན། དེ་ཡང་མི་རིགས་ཏེ་དེ་ལྡི་བུའི་དཔེ་མི་སྲིད་དོ།། གལ་ཏེ་སྲིད་ན་རྟགས་མངོན་སུམ་གྱིས་མི་འགྲུབ་པས་འབྲེལ་པ་མངོན་སུམ ་དུ་མི་འགྲུབ་སྟེ། དེ་ན་དེ་ཡང་རྗེས་སུ་དཔག་པ་ཞིག་གིས་སྒྲུབ་དགོས་པས་དཔེ་ཐུག་པ་མེད་པ་དང་། རྟགས་ཐུག་པ་མེད་པའི་སྐྱོན་འོང་ངོ་།། འོན་ཏེ་དེའི་སྐྱོན་མི་འོང་སྟེ། དབུ་མའི་རྒྱན་ལས་མུ་སྟེགས་རྒྱལ་དཔོག་པ་ན་རེ་གདོང་ཉིད་དར ་དམིགས་པ་ལས་གཟུགས་བརྙན་ཞེས་ཐ་སྙད་འདོགས་ཟེ་ར་བ་དང་། བྱེ་བྲག་ཏུ་སྨྲ་བ་ན་རེ་གཟུགས་གཞན་ཞིག་དེར་བྱུང་ངོ་ཞེས་ཟེར་བ་དང་། མདོ་སྡེ་པོ་ན་རེ་ཤེས་པ་ཁོ་ན་དེ་ལྟར་སྣང་ཞེས་ཟེར་བ་དང་། རྗེསུ་དཔག་པའི་སྒོ་ནས ་དཔེ་རང་བཞིན་མེད་པར་བསྒྲུབ་པ་དེ་བས་ན་དྲབ་ཐུག་པ་མེད་པར་ཡང་མི་འགྱུར་ལ། ཐམས་ཅད་དུ་མཐུན་པའི་དཔེ་ལ་དོན་དམ་པ་གཏན་ལ་འབེབསོ་ཞེས་ཟེར་ན། དེ་ལ་སྨྲས་པ། དེར་ཡང་གང་དག་སྔར་གྲུབ་པའི་མཐས་བློ་མ་འགྱུར ་ཙམ་ན། དེ་ལྟར་མི་འཛིན་ཡང་ཕྱིས་གྲུབ་པའི་མཐས་བློ་བསླང་ནས་དོན་མེད་པའི་བཞིན་ཅིག་ཡིན་ནོ་ཞེས་ཟེར་བ་ལ། དོན་བྱེད་ནུས་པའི་བཞིན་མ་ཡིན་ནོ་ཞེས་དགག་པ་ཙམ་བྱེད་ཀྱི་གཟུགས་བརྙན་དེ་དོན་དེ་པར་རང་བཞིན་མེད ་བར་སྒྲུབ་པ་ནི་མ་ཡིན་ཏེ། དེས་ན་རྟགས་དང་དཔེ་ཐུག་པ་མེད་པའི་སྐྱོན་མེད་པ་ཡིན་ནོ།། འདི་ལྟར་དང་པོ་ང་དོན་བྱེད་ནུས་པའི་རང་བཞིན་མ་ཡིན་པར་དགག་པར་དགོངས་ནས་འདི་སྐད་དུ་གསུངས་ཏེ། སྦྱོར་བ་ནི་རྣམ་པར ་ཤེས་པ་གང་ཞིག་གང་དང་། མཚན་ཉིད་མི་མཐུན་པར་སྣང་བ་དེ་ནི་དེའི་དམིགས་པ་མ་ཡིན་ཏེ། དཔེར་ན་སྒྲ་ཤེས་པ་གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བ་བཞིན་ནོ།། གཟུགས་བརྙན་གྱི་ཤེས་པ་ཡང་གདོང་ལ ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གནས་པ་དང་མཚན་ཉིད་མི་མཐུན་པར་སྣང་བ་ཡིན་པས་ཁྱབ་པར་བྱེད་པས་འགལ་བ་དམིགས་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི་དོན་བྱེད་པའི་གཟུགས་མྱ་ཡིན་ཞེས ་བཀག་ལ། དེར་གཟུགས་བརྙན་དོན་དམ་པར་མེད་པར་མ་གསུངས་སོ།། གཉིས་པ་ལས་གཟུགས་ཅན་དོན་བྱེད་ནུས་པ་ལྷན་གཅིག་གནས་པ་དགོག་པའི་དབང་དུ་མཛད་ནས་གསུངས་པ། འདི་སྐད་དུ་སྦྱོར་བ་ནི་དངོས་པོ ་ལུས་ཅན་གླང་དག་ཡིན་པ་དེ་དག་ནི་ཡུལ་ཕན་ཚུན་སྤངས་ཏེ་གནས་པའི་རང་བཞིན་དག་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཡིན་ནོ།། རྩོད་པའི་གཞིར་གྱུར་པའི་དངོས་པོ་འདི་དག་ཀྱང་ལུས་ཅན་ཡིན་པས ་རང་བཞིན་གྱིས་གཏན་ཚིགས་ཡིན་ནོ་ཞེས་གསུངས་ཏེ། དེ་ཡང་དོན་བྱེད་པའི་གཟུགས་ལྷན་ཅིག་གནས་པ་བཀག་པ་ལས་གཟུགས་བརྙན་དོན་དམ་པར་རང་བཞིན་མེད་པར་ནི་མ་བསྒྲུབས་སོ།། ཕྱོགས་གསུམ་པ ་བསལ་བའི་ཕྱིར་གསུངས་པ་འདི་སྐད་དུ། ཕ་རོལ་པོའི་གཟུགས་བརྙན་ལ་སོགས་པ་འདི་དགུ་རྣམ་པར་ཤེས་པའི་ངོ་བོར་རྗེས་སུ་ཡོད་པར་ཁས་བླངས་མྱོད་ཀྱི། གཟུགས་བརྙན་ལ་སོགས་པ་དེ་དག་ནི་དཔེ་ཉིད་དུ་འདོད ་བ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། གཟུགས་བརྙན་ལ་སོགས་པར་ཤེས་པ་ལ། སྣང་བ་ཅན་གྱི་ངོ་བོ་གང་ཡིན་པའོ།། དེ་ཡང་བརྫུན་པའི་ཕྱིར་དཔེ་གྲུབ་ཁོ་ན་ཡིན་ནོ།། ཞེས་གསུངས་ཏེ། དེར་ཡང་ཕྱི་རོལ་དུ་ཀུན་བརྟགས་པའི་དོན་བྱེད། ་ནུས་པའི་གཟུགས་བཀག་པ་ལས། གཟུགས་བརྙན་ཉིད་ཀྱང་རང་བཞིན་མེད་པར་ནི་མ་བསྒྲུབས་ཏེ། མངོན་སུམ་དང་འགལ་བའི་ཕྱིར། གལ་ཏེ་བཟློག་ན་གནོད་པ་ཅན་གྱི་ཚད་མྱ་གཅིག་གིས་དོན་དམ་པར་རུང་བཞིན ་མེད་པར་གྲུབ་བོ་ཞེས་ཟེར་ན། དེ་ལྟར་ན་བརྡ་ཤེས་པའི་གང་ཟག་ཚད་མིའི་བསྟན་བཅོས་ལ་ཐོས་པ་ཀུན་གྱི་གཟུགས་བརྙན་ལ་བཞིན་ཡང་དག་པར་འཛིན་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་མཐུན་པའི་དཔེ་ལ ་གཏན་ཚིགས་དོན་དམ་པ་དང་། བསྒྲུབ་པ་དོན་དམ་པ་འབྲེལ་པར་མངོན་སུམ་དང་རྗེས་སུ་དཔག་པས་མ་གྲུབ་སྟེ། གོང་དུ་སྨོས་པ་བཞིན་ནོ།། གལ་ཏེ་མ་ཡིན་པར་དགག་ཕྱིའི་སྒྲར་སྦྱར་བར་བྱས་ནས། ཀུན་རྫོབ་ཀྱི ་བདེན་པ་གཟུགས་བརྙན་དེ་ཉིད་ལས་འབྲེལ་པ་མངོན་སུམ་དུ་གྲུབ་པས་དེ་དཔེར་བྱེད་དོ་ཞེ་ན། དེ་ལ་སྨྲས་པ། འོ་ན་ནི་འབྲེལ་པོ་གྲུབ་པ་ལ་དོན་མེད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལོ་ནི་གཏན་ཚིགས་དོན་དམ་པར ་གཅིག་དང་དུ་མྱ་དང་བྲལ་བ་དང་། བསྒྲུབ་བྱ་དོན་དམ་པར་རང་བཞིན་མེད་པར་གཉིས་འབྲེལ་པར་གོ་དགོས་ལ། དེ་དང་མི་མཐུན་པ་ཀུན་རྫོབ་ཀྱི་སྣང་བ་གཅིག་ལ་འབྲེལ་པ་གྲུབ་པས་དོན་དམ་པའི་འབྲེལ ་པ་ནི་སྔར་གཏན་ལ་མ་བབ་པ་ཀུན་རྫོབ་ནི་སྔ་ནས་གྲུབ་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ།། ཡང་དོན་དམ་པར་རང་བཞིན་མེད་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་ཀྱི་བདེན་པ་ལ་གཏན་ཚིགས་ཞུགས་པས་འགལ་བའི་གཏན ་ཚིགས་ལྟར་སྣང་བར་འགྱུར་རོ།། གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་གཅིག་ལ་འབྲེལ་པ་སྒྲུབ་པོ་ཞེས་རྒྱལ་ཟེར་ན། དེ་ལྟ་ན་ཡང་འབྲེལ་པ་གྲུབ་པ་དོན་མེད་པའི་ཉེས་པ་དང་། གཏན་ཚིགས་ནི་ཐུན་མོངས་མ་ཡིན་པའི་མ་ངེས་པ ་འམ། འགལ་བའི་གཏན་ཚིགས་ལྟར་སྣང་བའི་ཉེས་པ་ཡོད་དོ།། བསྒྲུབ་པར་བྱ་བའི་ཆོས་ལ་ནི་གཏན་ཚིགས་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་བཞུགས་ནས་འདུག་ལ་མཐུན་པའི་དཔེ་ལ་ནི་ཀུན་རྫོབ་ཀྱི་གཅིག ་དང་དུ་མ་དང་བྲལ་བ་བཞུགས་པའི་ཕྱིརརོ།། གལ་ཏེ་ཇི་ལྟར་གྱུར་ཀྱང་རུང་སྟེ། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག། ཡང་དག་དུ་ན་གཅིག་པ་དང་།། དུ་མའི་རང་བཞིན་བྲལ་བའི་ཕྱིར། རང་བཞིན་མེད ་དེ་གཟུགས་བརྙན་བཞིན། ཞེས་གསུངས་པས། ཡང་དག་པ་ཞེས་བྱ་བ་ནི་དོན་དམ་པ་ལ་དགོངས་པ་ཡིན་ཏེ། དེ་བས་ན་མེད་པ་དགག་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་སྨྲས་པ། གཏན་ཚིགས་ལ་དོན་དམ་པའི་སྒྲ་མ་ཞུགས ་པ་ཡང་ཡོད་དེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཕྱི་རོལ་ནང་ན་གནས་འདི་ཀུན།། ཡང་དག་དུ་ན་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན་ཉིད།། བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན།། གང་ཞིག་གཅིག་དང་དུ་མ་དང་བྲལ་བ་དེ་ནི། ་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ།། ཕྱི་རོལ་དང་ནང་ན་གནས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན་རང་བཞིན་མེད་དོ་ཞེས་གསུངས་པ་དང་། ་ཡང་དག་པའི་སྒྲ་ཡོད་ཀྱང་དེ་ནི་མ་ཡིན་པའི་དགག་པའི་སྒྲར་སྦྱར་ཏེ། དེ་སྐད་དུ། དབུ་མའི་རྒྱན་དེ་ཉིད་ཀྱི་ཊི་ཀ་ལས། སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་བདག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པར ་རང་བཞིན་མེད་དེ་དཔེར་ན་གཟུགས་བརྙན་བཞིན་ནོ།། བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ།། གཅིག་པ་ཉིད་དང་དུ ་མ་ཉིད་ཀྱི་རང་བཞིན་ལ་ཁྱབ་པའི་ཕྱིར་རོ་ཞེས་གསུངས་སོ།། འདི་ལྟར་གྲང་ཞིག་མངོན་སུམ་དང་རྗེ་སུ་དཔག་པས་འབྲེལ་པ་མ་གྲུབ་པ་དེ་ནི་གཏན་ལྔ་ཕ་བྱོ་ཅེས་ཐོ་སྙད་གདོགསུ་མེད། དཔེར་ན་མེ་དང་དུ་བ་འབྲེལ་པཱ ་གཏན་ལ་ཕབ་པའི་དུས་སུ་དོན་དམ་པའི་བདེན་པའི་གཏན་ལ་ཕབ་པའི་དུས་སུ་དོན་དམ་པའི་བདེན་པའི་གཏན་ལ་ཕབ་ཅེས་ཐ་སྙད་གདགས་སུ་མི་འདོད་པ་ལྟ་བུའོ།། རྩོད་པའི་གཞིར་གྱུར་པའི་དོན་དམ་པ་ལ་འབྲེལ ་བུ་འཇོག་པ་འདི་ཡང་མངན་སུན་དང་རྗེས་སུ་དཔག་པར་མ་གྲུབ་པས་ཁྱབ་པར་བྱེད་པ་མི་དམིགས་པའོ།། གང་ཞིག་བསྒྲུབ་པར་བྱ་བའི་ཆོས་དང་མཚན་ཉིད་མི་མཐུན་པཱའི་འབྲེལ་པ་དེ་ནི་གཏན་ལ་བབ་པས་ཕྱོགས ་ཀྱི་ཆོས་རྟོགས་པ་ལ་དགོས་པ་མེད་དེ། དཔེར་ན་བྱས་པ་དང་མི་རྟག་པ་གཏན་ལ་ཕབ་པས། ལཱ་རྒྱབ་ཀྱི་མེ་རྟོགས་པ་ལ། དགོས་པ་མེད་པ་ལྟ་བུའོ།། རྩོད་པའི་གཞིར་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་འབྲེལ་པ་གཏན་ལོ་འབེབ ་བྱ་བ་འདྲི་ཡང་ཕྱོགས་ཀྱི་ཆོས་དང་མཚན་ཉིད་མི་མཐུན་པས་ཁྱབ་པར་བྱེད་བྱས་མི་དམིགས་པའོ།། དེ་བས་ནུ་བྱེ་བྲག་ནི་དོན་དམ་པའི་བདེན་པ་འམ། ཀུན་རྫོབ་ཀྱི་བདེན་པ་ག་ལཱ་ཡང་གཏན་ལ་དབྱུབ་དུ་མི་འདོད་དོ།། འོ་ན་བདྲེན ་པོ་གཉིས་སུ་མོ་འདུས་པ་མེད་པས་འབྲེལ་པ་མི་འགྲུབ་པོ་ཞེ་ན། བདེན་ཏེ་འོན་ཀྱང་རིགས་མི་མཐུན་པ་ལ་སོགས་པ་བརྟགས་པའི་སྤྱི་ཞེས་བྱ་བ་དང་། རིག་སྟེ་མཐུན་པ་ལ་སོགས་པ་རང་རང་ངོ་བོ་ལ་གནས་པ་ཞེས་བྱ་བ་ནི་ཁས ་བྱུབླང་དགོས་ཏེ། འདི་ལྟར་སྡོང་གཅིག་དང་དུ་མ་དང་། རང་བཞིན་ལས་ལོག་པའི་གཅིག་དང་དུ་མྱི་དང་བྲལ་བ་དང་། རང་བཞིན་མེད་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་འཇུག། དོན་དམ་པའི་བདེན་པ་ལ་ཡང་འཇུག་སྟེ ་ཐུན་མོངས་སུ་འདུག་གོ། འོ་ན་ཅི་དེ་ལ་འབྲེལ་བ་སྒྲུབ་བམ་ཞེ་ན། སྨྲས་པ་དེ་ཡང་མ་ཡིན་ནོ།། འོ་ན་ཅི་ལྟར་སྒྲུབ་ཅེ་ན། འདི་ལྟར་གང་དག་གཅིག་དང་དུ་མིའི་རང་བཞིན་མ་ཡིན་པ་དེ་དག་ནི་ཞེས་སྨྲས་པ་ན་གཏན་ཚིགས ་སྨོས་པའོ།། དོན་དམ་པར་རང་བཞིན་མེད་དོ་ཞེས་སྨྲས་པ་དང་། གཏན་ཚིགས་སྤྱིའི་རྗེས་སུ་སྒྲུབ་བྱ་སྤྱི་འགྲོ་བར་སྨྲས་པ་ཡིན་ཏེ། མ་རིགས་པས་ལྡོངས་པའི་འཇིག་རྟེན་པ་དག་མཚན་ཉིད་ཀྱི་ཡང་དག་པའི་ཀུན་རྫོབ་ཡིན་པའི་ལྟ་བ། ་དང་། སྒོམ་པ་དང་། མྱུང་བ་ཅན་གྱིས་དོན་བྱེད་ནུས་པའི་རང་བཞིན་འདི་ལ་དོན་དམ་པར་འཛིན་ལྱ། གྲུབ་པའི་མཐའ་ལས་ནི་རིགས་པས་གྲུབ་ལ་དོན་དུམ་པ་ཞེས་ཟེར་བས་དེ་གཉིས་ཀ་རྗེས་སུ་འགྲོ་བ་བསྟནྡ་ཏོ།། དཔེར་ན ་གཟུགས་བརྙན་བཞིན་ནོ་ཞེས་སྨྲས་པ། སྤྱི་དེ་བྱེ་བྲག་ཀུན་རྫོབ་ཀྱི་བདེན་པ་ལ་ཞུགས་པར་བསྟན་ཏོ།། དེ་ན་གཟུགས་བརྙན་དེ་ཉིད་དོན་བྱེད་ནུས་པའི་བཞིན་གཅིག་དང་དུ་མ་དུ་མ་མ་ཡིན་པས་དོན་བྱེད་ནུས་པའི་བཞིན་གྱི་རང ་བཞིན་མ་ཡིན་པར་བསྐྲུན་ཏོ།། ཕྱིར་རྒོལ་བསོ་ནི་ཤེས་པ་རྟོག་མེད་མངོན་སུམ་དུ་འཁྲུལ་པ་གཅིག་གིས་དེ་ལྟར་རྟོགས་པའོ།། དེ་ལྟར་སྤྱི་བྱེ་བྲག་དང་བཅས་པ་དེ་དཔེར་གྲུབ་ནས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིག། ་ཡོད་པར་བསྟན་པའི་ཕྱིར། བདག་དང་གཞན་གྱི་སྒྲས་པའི་དངོསླ་བའི་དངོས་པོ་རྣམས་ཀྱང་ཞེས་སྨྲས་པས། ཆོས་ཅན་གཟུགས་བརྙན་དབྱེ་མི་འདྲ་བར་དོན་བྱེད་ནུས་པ་འཇིག་རྟེན་པས། ཡང་དག་པར་འདོད་པ་འདི་ཉིད ་ཡིན་པར་བསྟན་ཏོ།། གཅིག་དང་དུ་མེའི་རང་བཞིན་མ་ཡིན་པས་ཞེས་སྨྲས་པས་ནི། གཏན་ཚིགས་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་དོན་བྱེད་ནུས་པ་གཞོན་གྱིས་དབང་དོན་དམ་པར་འདོད་པ་འདི་ཉིད་ལ་ཡོད་པར་བསྟན་ཏེ། ་དེས་ན་སྤྱིར་དོན་དམ་པའི་གཅིག་དང་དུ་མ་མ་ཡིན་དེ་བྱེ་བྲག་དུ་གཟུགས་བརྙན་དུ་ཞུགས་པ་དེ་ཙམ་ཞིག་བསྒྲུབ་པར་བྱ་བའི་ཆོས་ཅན་ཐམས་ཅད་ལ་ཡང་ཡོད་པར་རྒོལ་བས་ཀྱང་སྨྲས་པ། ཕྱིར་རྒོལ་བས་ཀྱང ་དེ་ཙམ་ཡོད་པར་གོའོ།། དེ་སྐད་དུ། བམ་པོ་ལྔ་པ་ལས་ཀྱང་། མཐུན་པོའི་དཔེནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་ནོ་ཞེས་གསུངས་སོ།། དེ་ཙམ་ལ་དགོངས་ནས་ཆོས་ཅན་དང་། གཏན་ཚིགས་ལ་སོགས་པ་མཐུན ་པར་སྣང་བ་འཇོག་ཅེས་གསུངས་པ་དང་། རྒོལ་བ་གཉི་གའི་ཤེས་པ་ལ།། ཇི་ཙམ་སྣང་བའི་ཆུ་ཡོད་པ།། དེ་ཙམ་དྲིལ་བརྟེན་ནས་ནི།། ཆོས་ཅན་ཆོས་ལ་སོགས་པ་རྟོགས།། ཞེས་གསུངས་པ་དང་། སྒྲུབ་དང་བསྒྲུབ་བྱའི་དངོས་འདི ་ནི། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། ཆོས་ཅན་སྤངས་ནས་མཁས་པ་དང་། བུད་མེད་བྱིས་པའི་བར་དག་གི། ཤེས་པར་གྱུར་པའི་དངོས་རྣམས་ལ།། མ་ལུས་ཡང་དག་འཇུག་པར་འགྱུར།། ཞེས་གསུངས་སོ།། རྟགས་ཏེ ་བུམ་པ་ལྟ་བུ་བྱེ་བྲག་ཅིག་ལ་ཕྱིར་རྒོལ་བ་མཁས་པས་ནི་མངོན་སུམ་དང་ཆ་ཤས་བཅུར་སྣང་སྟེ། གཅིག་མ་ཡིན་པར་རྟོགས་ལ། བསྟན་བཅོས་ལོག་པ་ལ་གོམས་པས་བློ་བསླངས་པ་ལ་སོགས་པ་མི་མཁས་པ་རྣམས ་ཀྱི་རྗེས་སུ་དཔག་བའི་སྒོ་ནས་འགྲུབ་སྟེ། འདི་ལྟར་རྟགས་དེ་མཐུན་པར་སྣང་བའི་ཆོས་ཅན་ལ་བཞག་པས། ཁས་བླང་ནི་དགོས། མཐོང་བ་ཙམ་གྱིས་ངེས་པ་ནི་མ་སྐྱེས་པ་རེ་ཐེ་ཚོམ་ཟེ་ན་རགས་པས་བུམ་པ་ནས་རྡུལ་ཕྲ་རབ་ལ ་ཐུཟུག་གི་བར་དུ་ཡིད་རབ་ཏུ་བཏུད་ནས། ཕྱོགས་ཆ་བཅུ་འམ། དྲུག་གྲམ་གཞིར་བརྟགས་ནས་གཅིག་དང་བྲལ་བར་ངེས་པ་སྐྱེ་ལ། དེ་ལ་ཐེ་ཚོམ་ཟ་ན་ཡིད་རབ་ཏུ་བཏུང་ནས་བལྟས་ལ། ཕྱོགས་ཆུ་བཅུར་ཕྱེ་བས་གཅིག་ཏུ་མ་མཐོང་ངོ་།། ་དེ་མི་སྣང་བས་ཆ་ཤས་མེད་པའི་དུ་མར་ཐེ་ཚོམ་ཟ་བའི་རྒྱུ་མེད་དེ། དེ་མ་མཐོང་བས་གཅིག་དང་དུ་མ་དང་བྲལ་བའི་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་ཡིན་ནོ།། དོན་དམ་པའི་གཅིག་དང་དུ་མ་ཞེས་བྱ་བ་དང་ཆ་ཤེས ་མེད་པའི་གཅིག་དང་དུ་མ་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ནོ།། དེ་མ་མཐོང་བའི་ཤེས་པ་མ་སྐྱེད་པས་བདག་ཉིད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཤེས་པའི་ཐ་སྙད་མི་སྐྱེ་ལ། གཞན་སྒྲའི་ཐ་སྙད་ཀྱང་མི་བརྗོད་དེ། དེ་ནི་ངེས ་པ་སྔོན་དུ་འགྲོ་བར་བསྟན་པར་བསྟནྡ་ཟིན་ཏོ།། ཁ་ཅིག་དེ་ལ་ལྗོན་ནི་གཏན་ཚིགས་དོན་དམྦུ་ལ་བཞག་པར་འགྲོ་སྟེ། དེས་ན་གྲུབ་པའི་མཐའ་སྦྱངས་ནས། ཇི་ཙམ་སྣང་བའི་ཆ་ལོ་བཞག་པ་དང་འགལ་བ་དང་། རང་བཞིན་མེད་པ་དང་། ་ཐ་དད་པ་མ་ཡིན་པས་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་སུ་བླངས་པས་ཡང་ན་མ་གྲུབ། གྲུབ་ན་རྟགས་ཀྱི་རྗེས་སུ་འབྲང་བར་དོན་མེད་པར་འགྱུར་བའི་ཉེས་པ་ཡོད་དོ་ཞེ་ན། དེ་ལ་སྨྲས་པ། ཇི་ཙམ་སྣང་བའི་ཆ་ལ ་འཇོག། ཅེས་བྱ་བ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་མཐུན་པར་སྣང་བ་ལས་སྒྲ་སྦྱོར་གྱི། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་ཆོས་ཅན་མངོན་སུམ་དུ་སྣང་བ་ལ་གཏན་ཚིགས་ཀྱང་མངོན་སུམ་དང་རྗེསུ ་དཔག་པསྐུ་གཅིག་དང་བྲལ་བར་ངེས་པ་སྐྱེ་བ་མཐོང་བ་ཡོད། མཐུན་པར་སྣང་བ་མ་ཡིན་པ་ལ་ཆོས་ཅན་དང་གཏན་ཚིགས་འཇོག་པ་ཡོད་དོ།། དཔེར་ན་རྡུལ་ཕྲ་རབ་ལྟ་བུའོ།། དེ་དངོས་པོ་ལ་གནས་པས་མཐུན་པར ་སྣང་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ཉེ་ཟེར་གྱིས་ནི་རྡུལོ་གཅིག་ལ།། ཕྲ་རབ་རྡུལ་ནི་འབུམ་ཕྲག་བརྒྱད།། ཁྲི་ཕྲག་ཉིས་དང་སྟོང་ཕྲག་གསུམ།། རྒྱ་ཕྲག་ལྔ་དང་བཞི་བཅུ་གསུམ།། དེ་ལྟ་བུའི་ཆ་དེ་མཐུན་པར་སྣང་བྱ་ཡིན་ནམ། ་དེ་ལྟ་བས་དགོས་པ་ནི་རྣལ་འབྱོར་པའི་རྟོགས་པ་གསལ་བར་བྱ་བ་དང་། ཐེ་ཙོམ་གྱི་ཟུག་རྔུ་དབྱུ་ང་བའི་དགོས་པ་ཡོད་ལ། དགོངས་པ་ནི་མངོན་སུམ་མ་གྱུར་པ་བློ་ས་གཞིགས་པའི་དུམ་བུ་ཤིན་ཏུ་འཕྲ་བ་ལ་ལི་དགོངས་པའོ།། ་དམ་བཅས་པའི་ཕྱོགས་གཅིག་ཅེས་བྱ་བ་འདི་ཡང་ཉེས་པ་མེད་དེ། འདི་གང་དུ། གཏན་ཚིགས་འདི་ལ་ནི་དམ་བཅས་པའི་ཕྱོགས་གཅིག་པ་ཡང་མེད་དེ། གྲུབ་པའི་ཡུལ་གྱིས་ཡུལ་ཅན་ཏུ་ཤེས་པ་དང་། སྒྲ་དང་ཐ་སྙད་རྣམས ་སྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་ལུང་སྟེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བ.རོ་ཇི་སྐད་སྨྲས་པའི་འཐད་པ་རྣམས་ཀྱི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་བསྟན་དུ་ཟིན་ཀྱང་གང ་དག་ཐོག་མ་མེད་པའི་འཁོར་བ་ན་ཕྱིན་ཅི་ལོགས་གཅིག་ནས་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པ་ཡོངས་སུ་འཕེལ་བ་སྤང་བར་དཀའ་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་མི་བྱེད་པའི་ཕྱིར། ཡང་དག་པར ་དངོས་པོ་མཐའ་དག་ལ་ཁྱབ་པའི་རང་བཞིན་མེད་པར་མི་སེམས་མི་བརྗོད་ཅིང་། གཞན་དག་ལ་ཡང་ངེས་པ་སྐྱེད་པ་འདོགས་པར་མི་བྱེད་དེ་དག་ལ། འདི་དེ་ལྟར་ཤེས་པ་སྒྲ་དང་ཐ་སྙད་ཀྱི་ཡུལ་ཉིད་སྒྲུབ་སྟེ། དམིགསུ་ཡོད་པའི་མཚན་ཉིད་དུ ་གྱུར་པ་ལས། མི་དམིགས་པས་མེད་ཅེས་བྱ་བ་ལྟ་བུའོ།། ཞེས་གསུངས་ཀྱི།། གཏན་ཚིགས་ནི་མ་ཡིན་པར་དགག་པ་ཡིན་པས་སྣང་བ་ཡིན་ལ། བསྒྲུབ་བྱ་ནི་མེད་པར་དགག་པ་ཡིན་པས་ཉེས་པ་མེད་ཅེས་ནི་མི་གསུངངོ་།། ། ་དེ་ལྟ་མ་ཡིན་ན་བདག་ཉིད་གཅིག་པར་ཡང་ཇི་ལྟར་རུང་། འོ་ན་མཐུན་པའི་དཔེ་ལ་ནི་མ་ཡིན་པར་དགག་པའི་སྒྲར་སྦྱོར་ལ། དེ་དང་མཐུན་པར་ཕྱོགས་ཀྱི་ཆོས་སྨོས་པས་ཁྱད་པར་དུ་མེད་པ་ཡིན་པས་ཅི་རྟོགས་ཤེ་ན། ་གཟུགས་བརྙན་ལ་ནི་དོན་བྱེད་ནུས་པའི་གཅིག་དང་དུ་མ་དང་བྲལ་བར་བསྒྲུབ་ལ། བསྒྲུབ་བྱ་བའི་ཆོས་ཅན་ལ་ནི་དོགག་རྒྱུ་དེ་ཉིད་ལས་ཏེ། ཀུན་བརྟགས་པ་ནི་གཞན་གྱི་བཀོག་ཟིན་ཏོ།། དེ་བས་ན་བསྡུས་པ་དང་ཤུགས ་ཀྱིས་གོ་བའི་སྦྱོར་བ་ཞེས་བྱ་བ་ཡིན་ཏེ། མིང་དེ་ལྟ་བུ་ནཱི་ཐེག་པ་བསྡུས་པ་ལྔས་གསུངསོ།། ཤུགས་ནི་འབྲེལ་པའི་ཤུགསོ།། དོན་དམ་པར་རང་བཞིན་མེད་དོ།། ཞེས་སྨྲས་པས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཟིན་ཏོ།། དེ ་ཡང་ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་འདི་ཉིད་རང་བཞིན་མེད་པ་ཡིན་གྱི། ཀུན་རྫོབ་ཀྱི་ཤེས་པའི་བསམ་པའི་དབང་གིས་ནི་མ་ཡིན་ནོ།། དེ་ལ་ཁ་ཅིག་ན་རེ་རང་བཞིན་ཞེས་བྱ་བ་ནི་རྟག་པ་རྒྱུ་དང་རྐྱེན་གྱི ་མུ་སྐྱེད་པ། རིགས་པས་མི་གནོད་པ་བློས་མ་བརྟགས་པ་ལ་ཟེར་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་རང་བཞིན་གྱིས་ཡོད་ན། དེ་ནི་མེད་པ་ཉིད་མི་གྱུར།། རང་བཞིན་གཞན་དུ་འགྱུར་བ་ནི།། ནམ་ཡང་འཐང ་བ་མ་ཡིན་ནོ།། རང་བཞིན་དག་ནི་ཇི་ལྟ་བུར།། བྱས་པ་ཅན་ཞེས་བྱ་བར་འགྱུར།། རང་བཞིན་བྱས་པ་མ་ཡིན་པ།། ཕ་རོལ་ལ་ཡང་བལྟོས་པ་མེད།། ཅེས་བྱ་བ་ལ་སོགས་པ་གསུངས་པས་དེ་མེད་ཀྱི།། རྟེན་ཅིང་འབྲེལ་པར་འབྱུང་བ ་ནི་སྣང་ངོ་ཞེ་ན། དེ་ལ་སྨྲས་པ་བདེན་ཏེ། འོན་ཀྱང་རིགས་པ་བྱ་བོ་ཅི་ལ་བྱ་ཡང་དག་པའི་ཤེས་པ་ཡིན་ཞེ་ན། དེ་ལ་སྣང་ངམ་ཞེས་དྲིས་པ་ན་སྣང་ཞེས་ཟེར་ན། དེ་ཉིད་རིགས་པས་མི་གནོད་ཅིང་གྲུབ་པསྣ་དོནྡ་དམ་པ་ཞེས་བྱ་སྟེ། ཀུན ་རྫོབ་ནི་མ་ཡིན་ནོ།། འོན་ཏེ་བསྒྲུབ་བྱ་ཁོང་དུ་ཆུད་པར་བྱེད་པོའི་དུས་སུ་སྟྲཱི་རྡྷེས་སུ་དབུག་པ་ཡིན་པས་སྣང་ངོ་ཞེ་ན། དམ་བཅའ་བ་དང་། ཕྱོགས་དང་། བསྒྲུབ་པར་བྱ་བ་དང་། རྗེས་སུ་དཔག་པར་བྱ་བ་ནི་གཅིག་སྟེ། དོན་ངོམ་པར ་རང་བཞིན་མྱེད་བྱ་དང་། ཀུན་རྫོབ་ཏུ་སྣང་པོ་གཉིས་སུ་དམ་བཅས་པ་ལ་སོགས་པ་ཡིན་གྱི། ཤེས་པ་གཅིག་ལ་གཉིས་སྣང་བ་ནི་མ་ཡིན་ཏེ། ཆོས་ཅན་སྨད་ནི་ཆོས་ཉིད་ཅེས་ཇི་སྐད་དུ་བྱ། མི་རྟག་པ་ནི་དངོས་པོ་ཡིན་པས ་འགལ་བ་ཡིན་ནོ།། ཆོས་ཅན་མེད་ན་ཆོས་ཉིད་དེ་གང་ཡིན་ཡིན་སྙམ་ན། གཏན་ལ་འབེབས་ཙམ་ན་འདི་ཆོས་ཉིད་སྤྲོས་པ་དང་བྲལ་ཞེ་འམ། རང་བཞིན་མེད་ཅེས་ཐ་སྙད་འདོགས་ཀྱི། གཏན་ལ་ཕེབས་ཏེ་རྗེ་སུ་དཔག་པའི ་ཤེས་སྐྱེ་ཙམ་ན། ཆོས་ཉིད་དུ་མི་འཛིན་པས་ཉེས་པ་མེད་དོ།། འོན་ཀྱང་ཆོས་ཅན་དེ་ཉིད་སྤྲོས་པ་དང་བྲལ་བས་བྱེ་བྲག་ཏུ་བྱས་པའི་ཆོས་ལ་དམིགས་པའི་སྒོ་ནས་ཅི་ཞེས་བྱ་བ་འགལ་བ་མེད་དོ།། དེ་བས་ན་ཀུན་རྫོབ་དེ་ཉིད་ཡང་དག ་པའི་ཤེས་པས་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། གཞན་དུ་ན་འདི་ཀུན་རྫོབ་ཡིན་པར་ཅིས་གྲུབ་དེ་སྐད་དུ། འཇམ་དཔལ་གནས་པ་ལས། འདས་པ་གང་མ་འོངས་དང་། ད་ལྟར་བྱུང་ཆོས་བརྗོད་པ་ནི།། དོན་གྱིས་མ་ཡིན་ཐ ་སྙད་ཙམ། ཞེས་གསུངས་ཏེ། དེས་ནི་དོན་དམ་པར་མ་གྲུབ་པས་ཀུན་རྫོབ་ཙམ་ཡིན། ཞེས་གསུངས་སོ།། གཅིག་དང་སྣ་ཚོགས་མཚན་ཉིད་མིན་ཞེས་གསུངས་པ་དེས་ནི་དོན་དམ་པར་ཀུན་རྫོབ་དེ་ཉིད་གཅིག་དང་དུ་མ་དང་བྲལ་ཞེས ་གསུངས་པའོ།། དེ་བས་ན་དེ་ཉིད་རང་བཞིན་མེད་དོ་ཞེས་གསུངས་པའོ།། འོ་ན་ཡོད་པས་བཀག་ནས་མེད་པ་འཛིན་ནོ་ཞེ་ན། མཚན་ཉིད་མེད་པར་གང་རྟོགས་པ། དེ་དག་ཉིད་ནི་མཚན་ཉིད་འགྱུར་ཞེས་གསུངས་ཏེ། དེས་ན་མེད་པ ་ཞེས་བྱ་བ་ཅིར་ཡང་མ་གྲུབ་ཅེས་བསྟན་ཏེ། འཕགས་པ་ཆོས་ཀུན་འགྲོ་བ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་པ་ལ་སྨྲས་པ། དེ་ལ་ཇི་ལྟར་ན་བདག་མེད་པས ་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ།། གལ་ཏེ་སྟོང་པ་ཉིད་དངོས་པོ་ཡིན་དུ་ཟིན་ན་ནི། སྟོང་པ་ཉིད་འདུས་བྱས་དང་མི་རྟག་པར་འགྱུར་རོ།། འོན་ཏེ་སྟོང ་པ་ཉིད་དངོས་པོ་མེད་པ་ཉིད་ཡིན་དུ་ཟིན་ན་ནི། སྟོང་པ་མི་སྟོང་པར་འགྱུར་ཏེ། དེ་ཅིའི་ཕྱིར་སྟོང་པ་ཉིད་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ ་ཞེས་གསུངས་སོ།། འོ་ན་ཅིར་ཡང་མ་གྲུབ་མི་གསུངས་པར་མེད་ཅེས་མི་གསུང་བ་སྐམ་པ་ལ། འཕགས་པ་ཀླུ་སྒྲུབ་ཀྱི། འདི་ནི་དེ་ཉིད་འགོག་པ་སྟེ། མེད་པ་ཉིད་དུ་མི་བཟུང་ངོ་།། དཀར་པོ་མིན་ཞེས་བསྟན་པ་ནཱ། ནག་པོ་ཡིན་ཞེས་མ ་བརྗོད་བཞིན། ཞེས་གསུངས་སོ།། འབྲེལ་པཱ་ལ་ནི་ལོག་རྟོག་ཞིག། བསྒྲུབ་བྱའི་གཏན་ཚིགས་ལོག་རྟོགས་དང་།། བསྒྲུབ་བྱ་ཉིད་ལ་ལོག་རྟོག་པ་དང་།། དེ་དག་སུམ་དབྱུང་མདོར་བསྟན་པ།། ཞེས་བྱ་བ་ནི་བསྡུ་བའི་ཚིགསུ་བཅད་པའོ།། ་དེ་ལ་བྱསྒོམ་པ་ལ་ལོག་པར་རྟོག་པ་ནི་གཉིས་ཏེ། བསྒོམ་པ་དང་། དེའོ་རྟོགས་སོ།། གོང་མ་ལ་གཉིས་ཏེ། དམིགས་དང་ཤེས་པའོ།། དམིགས་པ་ལ་ནི་ཁ་ཅིག་ནྱཱ་ར་དཱ་ལྟ་ནཱི་རྒྷའི་དུས་ཚིགས་ཡིན་ཏེ། ཐོས་སེམས་ཙམ་ཤེས་བྱ ་སྐྱེ། སྒོམ་དུ་མི་འདོད་དོ།། དཔེར་ནཱ་རྡོའི་སྟེང་དུ་ས་བོན་འདེབས་པ་དང་འདྲའོ་ཞེས་ཟེར་རོ།། དེ་ལ་སྨྲས་པ། དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་ལ་ནན་ཏན་བྱ་དགོས་པས་བསྒོམ་མོ།། འོན་ཏཾ་ངི་ར་སེམས་འདུག་ཏུ་མི་འདོད་དོ།། ཞེ་ན། དེ་ཙམ ་གྱིས་གཞན་དགག་ཏུ་མི་འདོད་དོ།། རྟོག་པ་དང་ལྡན་ཡིད་ཆེས་པའི་སྔ་ན་ཉམ་སུ་མྱོང་བ་སྨྲ་བ་ལས་རྗེསུ་དཔག་པར་ནུསོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ལྔ་བརྒྱ་ཐ་མའི་དབང་དུ་མཛད་ནས། དེའི་ཚེ་ན་ཏིང་འཛིན ་འཛིན་པ་དག། ལྔ་བརྒྱ་ལས་ནི་མི་ཉུང་འབྱུང་བར་འགྱུར་ཞེས་གསུངས་སོ།། ཁྭ་ཅིག་ན་རེ་ཆོས་ཅན་གཉིས་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེ་ནི་མི་རྟག་པ་ཙམ་ཤེས་པ་ཡིན་གྱི། སྤྲོས་པ་དང་བྲལ་བ་ཡེ་མ་གོ་བ་ཡིན་པས་རེ ་ཞིག་བཞག་སྟེ་ཟབ་མོའི་སྣོད་མ་ཡིན་ནོ།། ཁ་ཅིག་ན་རེ་ཆོས་ཉིད་ཀྱི་རང་གི་མཚན་ཉིད་ཁོ་ན་བསྒོམ་མོ།། དེ་བས་ན་དྷེ་གསལ་རྗེ་གསལ་བསྐྱེད་དབྱུང་བ་ཡིན་ཏེ། སྤྱིའི་རྣམ་པ་ལ་གསལ་བ་མེད་དོ་ཞེས་ཟེར་ཏེ། འོ་ན་བདེན་པ ་མཐོང་བར་ཐལ་བར་འགྱུར་རོ།། དེ་ཡོན་ཏན་གྱིས་མྱི་མཉམ་པ་ཡིན་ནོ་ཞེས་ཟེར་ན། དེ་ཉིད་ཀྱི་ཕྱིར་ཁས་མི་ལེན་ཅིང་སྤྱིའི་རྣམ་པ་ལ་ཡང་ཇེ་གསོལ་ཇིགསལ་འགྲོ་བར་ལུང་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པའི ་སྐུ་གཟུགས་ཐོས་པ་སྙོམས་ལ་བཞག་པས་མཐོང་བྱ་དང་འདྲ་བར་འོད་ཞེས་གསུངས་ལ། རིགས་པས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིད་བསྟན་པའི་ཚིག་ལས་རྗེས་སུ་དཔག་པར་རྒྱས་སོ།། འོན་ཏེ་རིགས་པ་དྲུག་རྒྱུ ་མི་ས་སྠིའི་མཚན་ཉིད་ཀྱི་རྣམ་པཱ་ལ་བསྒོམ་པའི་སྦྱོར་བ་སྒྲུབ་པཥྚི་ངོ་བོའི་ཡུལ་རང་གི་མཚན་ཉིད་མི་འཐད་ང། ཧཿ་སྤྲུལ་བར་འགྱུར་བའི་བྷྲཱུཾ་པ། དེའི་ཚིག་ནི་འབྲེལ་བ་མེད་ཅེས་གྱེས་ས་སྷོ།། ཞེ་ན། དེ་ལ་དངོས་བྱོར་སྨྲ་བོ་ལ་སྐྱོན ་སྨྲས་པ་ཡིན་ཏེ། རང་གི་མཚན་ཉིད་རྫསུ་གྲུབ་པ་དང་། དངོས་ཀྱི་སྤྱི་རྫས་སུ་མ་གྲུབ་པ་གཉིས་ཐ་དད་པས་གཞན་བསྒོམས་པས་གཞན་ཐོབ་པར་ཐལ་བར་འགྱུར་རོ།། ཁ་ཅིག་ན་རེ་དོན་གྱི་སྤྱིའི་རྣམ་པ་ཁོ་ན་བསྒོམ་ཞེས་ཟེར་ཏོ། ་དེ་ལ་སྨྲས་པ། རྣམ་པ་ཇི་ལྟ་བུ་ཞིག་ཡིན། ཅིར་ཡང་མ་གྲུབ་པ་སྙམ་པ་དེ་ཙམ་ཞིག་ཡོད་པར་འཇོག་སྟེ། དེ་ཆོས་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེས་ཟེར་ན། དེ་ཆོས་ཉིད་ཀྱི་རྣམ་པ་མ་ཡིན་ཏེ། སྤྲོས་པ་ཡིན་པའི་ཕྱིར ་རོཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ཞེས་བྱ་བ་ཡེ་མེད་དེ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་གནས་པ་བྱཞིན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་ཅིའི་ཕྱིར་ཀུན་རྫོབ་ཅེས་བྱ། རིགས་པས་སྤྱད་ནམ ་སྒྲུགྲུབ་པས་ཀུན་རྫོབ་ཅི་ས་ཟེར་ན། འོ་ན་དོན་དམྦྷོ་པ་མ་གྷ་བཱ་སྟེ། རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་ཉིད་དོན་དམ་པ་མ་ཡིན་ནོ།། འོན་ཏེ་རིགས་པ་ཡ་མྦྷི་འཇུག་སྟེ། གང་ཟག་དང་ཆོས་ལ་བདག་མེད་པོ་ཡི་མ ་གྲུབ་ཟེར་ན། འོ་ནི་ཀུན་རྫོབ་ཅེས་ཀྱང་མ་ཟེར་ཅིག། ཁྱོད་བྱིས་པ་བསྟན་བཅོས་མ་ཐོས་པ་དང་བྱེ་བྲག་མེད་དོ།། དྲི་གོམས་པར་བྱ་མི་དགོས་སོ།། དེ་སྐད་དུ། ཟླ་བའི་སྙིང་པོའི་ལེའུ་ལ་འབྱུང་བ། དོན་དམ་པའི་བདེན་པ་ནི་བླ་ནཱ ་མོད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་རང་སྤངས་རྒྱུས་ཐམས་ཅད་དང་ཐུན་རྨོངས་མ་ཡིན་ནོ།། དེ་བས་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགྱེ་བའི ་རྩ་བའི་ཚོགས་ཀྱི་མཆོག་བསྒྲུབ་མོ་ནུས་སོ།། ཟླ་བའི་སྙིང་པོ་འདི་ལྟ་སྟེ། དཔེར་ན་མེ་རྟག་གང་གི་རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམས་མི་ནུས་སོ།། ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་རང་གི་ཉོན་མོང ་བའི་རྒྱ་མཚོ་སྐམ་པར་མི་ནུས། སེམས་ཅན་གཞན་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ།། ཁ་ཅིག་ནཱ་རེ་དོན་དམ་པའི་བདེན་པ་ནི་ཡེ་མི་བསྒོམ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས།། དོན་དམ་པའི་བདེན་པ་ནི་གང ་ལ་སེམས་རྒྱུ་བ་ཡང་མེད་ན་ཞེས་གསུངས་པས། སེམས་ཀྱི་བསྒོམ་དུ་མི་འདོད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྣ་ཚོགས་པའི་ཕྱིར་སེམས་པ་དང་། དོན་ལ་སེམས་པའི་ཕྱིར་སེམས་དང་། བམ་པོ་ལས་ལོག་པའི་ཕྱིར་སྙེམས་ཀྱི་བདེན་ན། ་གང་གི་ངོ་བོ་གང་ཡིན་པ་དེའི་རྣམ་པར་བྱུང་བ་དེས་མི་རྟོགས་ཞེས་ནི་བྱེར་མི་རུང་སྟེ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ཤེས་པ་བྱ་དང་ཁྱད་པར་མེད་པ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྷུར་མཐོང་ངོ་ཞེས་གསུང་བ་དང ་རྟགས་ཀྱི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ།། ཁ་ཅིག་ནི་རེ་ཡོད་པ་བཀག་ལ་མེད་པ་བསྒོམ་མོ་ཞེས་ཟེར་ན།། དེ་ལྟ་སྨྲས་པ། དེ་ཕུང་པོ་ལ་སོགས་པའི་ཆོ་ས་ཡིན་ནམ། གལ་ཏེ་ཡིན་ནོ་ཞེ་ན། མེད་པ་དེ་དོན་དམ་པའི ་བདྲེན་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན། གལ་ཏེ་དོན་དམ་པའི་བདེན་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིན་ཏེ། ཆོས་ཐམས་ཅད་བསུམ་དུ་མེད་ཅིང་སེམས་པ་མྱེད་པ། རིནྡ་པོ་ཆེ་བསགས་པ་བསྟན ་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། གང་ཅི་ལ་ཡང་མི་གནས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལོགསོ་ཞེས་གསུངས་ཏེ། དེ་དང་འགལ་ལོ།། ཡོད་པ་བཀག་ནས་མེད་པ་དོན་དམ་པ་ནི་མདོ་གང་ན་ཡང་མི་བཞུན ་སོ། མེད་པ་ནི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་དངོས་པོ་མ་གྲུབ་ན། དངོས་པོ་མེད་པ་འགྲུབ་མི་འགྱུར། དངོས་པོ་གཞན་དུ་གྱུར་པ་ནི། དངོས་པོ་མེད་ཅེས་སྐྱེ་བོ་སྨྲ་ས་ཞེས་གསུང་སོ།། སྐྱེ་བོ ་སུ་དག་སྨྲ་ཞེ་ན། རྒྱལ་དཔོག་པ་ལ་སོགས་པའོ།། དེ་སྐད་།། གནས་བརྟན་གཞོན་ནུ་མེ་ལེགས་ཀྱིས།། འོ་མ་དག་ལ་ཞོ་སོགས་མེད།། དེ་ནི་སྔ་ནས་མེད་ཅེས་བྱ།། ཞོ་ལ་འོ་མ་མེད་པ་ནི།། ཞིག་ནས་མེད་པའི་མཚན་ཉིད།། མགོ་ཡི་ཡན་ལག་འཇོང་པོ་དང ་སྐྱེ་དང་སྨན་པ་རྣམ་སྦྱངས་པ།། རི་བོང་རཱ་ལ་སོགས་དངོས།། དེ་ནི་གཏན་མེད་བརྗོད་པ་ཡིན།། བ་ལང་ལ་ནི་རྟ་སོགས་མེད།། དེ་ནི་གཅིག་ལ་གཅིག་མེད་བརྗོད།། ཅེས་སྨྲས་སོ།། དེ་དག་ལས་གང་ཞིག་ཡིན་པར་འདོད།། གང་ཁས་བླངས་ཀྱང ་ཆོས་ཉིད་མ་ཡིན་ནོ།། འོན་ཏེ་ཀུན་རྫོབ་ཀྱི་མེད་པ་ཡི་ནོ།། ཞེ་ན། དེ་མངོན་སུམ་དང་འགལ་བསྐུར་བ་འདེབས་པ་སྨྲ་བཱས་རེ་ཞིག་བཞགོ།། དེ་བས་ན་བདེན་པ་གཉིས་ཀྱིས་མ་བསྡུས་པ་བཀའ་བསྟན་བཅོས་དང་འགལ་བ་སྨྲ་བ་དེ་ལ ་ཟློག་པར་བྱེད་པ་སུ་ཞིག་ཡོད། ཁ་ཅིག་ན་རེ་ཀུན་རྫོབ་ཀྱི་བདེན་པ་བརྫུན་པ་སྐྱོན་དང་བཅ་སྔོ་པ་བསྒོམ་སྟེ། དེ་མི་རྟོགས་ཡེ་ཤེས་སྐྱེས་ཞེས་ཟེར་ཏེ། དེ་ལ་སྨྲས་པ་ཅིའི་ཕྱིར་ཀུན་རྫོབ་བརྫུན་པ་སྐྱོན་དང་བཅས་པ་ཞེས་བྱ། ་གིས་ཏེ་རོགས་པས་གང་ཟག་དང་ཆོས་མ་གྲུབ་པས་སྣང་བ་འདི་བརྫུན་པ་དོང་ཀུན་རྫོབ་ཡིན་ན་ན། འོན་རིགས་པས་གང་ཟག་དང་ཆོས་མ་གྲུབ་པ་ཙམ་དེ་དོན་དམ་པའི་བདེན་པ་ཡིན་པས་དེ་སྦོམ།། འོན་ཏེ་མ་གྲུབ་ན་ཀྱིའི ་ཀུན་རྫོབ་ཅེས་བྱ། དེ་ནི་ཡང་དག་པར་ཁོ་ན་སྣང་བ་རིག་སོ།། གཞན་ཡང་ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་དུ་སྨྲ་བ་ཡང་འདུས་པ་རྫ་སུ་མི་འདོད་ན། དབུ་མ་པར་མཁས་འཆེས་ནས་འདུས་པ་རིགས་པའི་ཤེས་པས་གོམས་པར་བྱེད་དམ ་དེ་གོམས་པས་བདེན་པ་མཐོང་ན་བྱིས་པ་ཀུན་གྱིས་བདེན་པ་མཐོང་སྟེ། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བྱིས་པ་རྣམས་བརྟགས་བཞིན།། དངོས་པོ་དེ་སྟེ་བདེན་འགྱུར་ན།། དེ་དག་དངོས་མེད་རྣམས་ཐུར་དྲུ།། གང་ཕྱིར་མི ་འདོད་རྒྱུ་དེ་ཅི།། ཞེས་གསུང་སོ།། སྤྱིར་སུན་དབྱུང་བ་གང་གོམས་པར་བྱས་པ་དེ་ནི་དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བུའོ།། ཡོད་པ་དང་མེད་པ་ལ་སོགས་པར་བྱེད་པ་འདི་དག་ཀྱང་དེའི་བདག་ཉིད་དུ་འགྱུར ་ཏེ། ཞེས་བྱ་བ་རང་བཞིན་གྱིས་གཏན་ཚིགས་སོ།། དེ་ནི་སོ་སོའི་སྐྱེ་བོའི་ས་ལུས་འདའ་བར་མི་འགྱུར་ཏེ། དེ་སྐད་དུ། སློབ་དཔོན་ཉིད་ཀྱིས་ཡོད་པས་རྣམ་པར་མི་གྲོལ་ཏེ། མེད་པས་སྲིད་འདི་ལོས་མིན་ཞེས་གསུངས་སོ།། ཡང་སོ་སོལ། ་སྐྱེ་བོའི་དངོས་བདག་ཅན།། ཡོད་དང་མེད་པར་ཕྱིན་ཅི་ལོག། ཉེས་པོས་ཉོན་མོངས་དབང་གྱུར་པ།། རང་གི་སེམས་ཀྱི་བསླུས་པར་གྱུར་ཞེས་གསུངསོ།། ཡང་གསུངས་པ། བློ་ཌྷ་རྒྱུག་དག་དངོས་རྣམས་ལ།། ཡོད་པ་ཉིད་དང་མེད་པ་ཉིད།། ་ལྟོ་བ་དེས་ནི་བལྟ་བྱ་བ།། ཉེས་པར་ཞི་བ་མི་མཐོང་སྟེ།། དམུས་ལོང་བཞིན་ནོ་ཞེས་གསུངསོ།། ཁ་ཅིག་ན་རེ་རང་བཞིན་མེད།། རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱི་འདས་པ་གཅིག་བསྒོམ་མོ།། ཞེས་ཟེར་ཏེ། དེ་ལ་སྨྲས་པ་དེ་དོན་དམ་པའི ་བདེན་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན། གལ་ཏེ་དོན་དམ་པའི་བདེན་པ་ཡིན་ནོ་ཞེ་ན། འདི་ལྟར་གང་ཆ་ཤས་དང་བཅས་པ་དེ་ནི་དྲོན་དམ་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུའོ།། རང་བཞིན་མེད་ཅེས་བྱ་བ་ཡིད་ཀྱི་བཟླས་པ ་འདི་ཡང་ཆ་ཤས་དང་བཅས་པས། རང་བཞིན་གྱི་གཏན་ཚིགས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་འམ། ཁྱབ་པར་བྱེད་པ་འགལ་བ་དམིགས་པས་དོན་དམ་པའི་བདེན་པ་མ་ཡིན་པར་བསྒྲུབ་པོ།། གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས ་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ།། ཞེ་ན། འདི་ལྟར་དེ་ནི་ཁྱོད་ཀྱི་རང་བཞིན་མེད་པ་བརྗོད་པར་བྱའི། དོན་ལ་འདུག་ཏུ་མི་བཏུབ་པས་བརྗོད་པར་བྱེད་པས་གོམས་པར་བྱས་ནས་བརྗོད་བྱིའི་དོན་ལ་ན་ཅིག་མངོན་དུ་འགྱུར་རོ་ཞེས་ཁས་བླང ་པས་རྗོད་བྱེད་ཀྱི་མཐའ་ནི་ཡི་གེ་ཡིན་ཏེ། སྤྱི་དེ་ཡང་རྣམ་པར་རྟོག་པ་ཆ་ཤས་དང་བཅས་པ་ཡིནོ།། འོན་ཏེ་རང་གི་མཚན་ཉིད་ཡིན།། དེ་ཡང་རྐན་ལ་སོགས་པ་སྒྲའི་གནས་བརྒྱད་ཡོད་པས་ང་ཡང་ཆ་ཤཱས་དང་བཅས་པའོ།། དེ་ནི་མི་སྲིད ་དེ། ཀློག་མཁན་ཏུ་འགྲོ་བ་དང་། རྗོད་བྱེང་མ་ཡིན་པས་ཁས་ཀྱང་མི་ལེན་ནོ།། བརྒྱད་ལ་ཟེར་སྲིད་ན་དེའི་ཚིག་འཇུག་པ་ལ་གནོད་པ་བྱས་པའོ།། དེ་ལྟ་བས་ན་དེ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། རྗོད་བྱེད་ཡིན་པའི་ཕྱིར་རོ།། དེ་སྐད། ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དོན་དམ་པའི་བདེན་པ་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ།། དེ་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཡི་གེ་གཅིག་སྔགས ་གང་ཡང་མེད།། ཡི་གེ་མང་པོ་གཞན་ཡང་མེད།། ཡི་གེ་འགས་པ་རྣམས་སྨིན་ཡང་ཞེས་གསུང་སོ།། ག་ལས་འཇིག་མེད་ལས་ཀྱང་།། འབལ་པ་ཀླུ་སྒྲུབ་ཀྱིས།། རིགས་པ་མངོན་དུ་བཏང་སྟེ། ཡོངསུ་རྟོགས་པས་ནི་དེ་ཁོ་ན་རྟོགས་པར་འགྱུ་རོ།། ཞེས་གསུང་སོ།། འོན་ཏེ་ཀུན་རྫོབ ་བདེན་པ་ཡི་ནོ་ཞེ་ན། དེ་བྱིས་པ་ཀུན་གྱི་ཆོས་ཡིན་པས་རེ་ཞིག་བཞགོ།། ཁ་ཅིག་ན་རེ་ཀུན་བརྟགས་པ་ཁོ་ན་བསྒོ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་ཏེ། ཀུན་པོ་རྟོགས་པ་ནི་ཀུན་རྫོབ་ཏུ་ཡང་རང་གི་ངོ་བོས་མ་གྲུབ་སྟེ། དེ་ལ་སྐུར་པ་བཏབ་ཀྱང་ཉེས་པ་མེདེ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་། ་རྣམ་པར་མི་རྟོག་པའི་གཟུངས་འགྲེལ་ལས། ཀུན་རྫོབ་ཏུ་ཡང་མེད་པ་ལ་སྐུར་པ་བཏབ་ན། སྐུར་པ་འདེབས་པའི་མཐར་མི་འགྱུར་རོ་ཞེས་གསུང་སོ།། དེ་བས་ན་ཡང་ཀུན་རྫོབ་ཏུ་ཡང་དངོས་པོ་ལ་མེད་པ་དེ་གོམས་པས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤོང ་བར་མི་འགྱུརརོ།། ཁ་ཅིག་ན་རེ་གཞན་གྱི་དབང་ཁོ་ན་བསྒོམ་སྟེ། བློའི་རྣམ་པ་བསྒོམ་པ་དེ་ཡང་བྲོ་ཐ་མི་དད་དེ། བློ་གཞན་གྱི་དབང་ཡིན་པ་བཞི་ནོ།། ཞེས་ཟེར་ཏེ། དེ་ལ་སྨྲས་པ། འོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་གཞན་གྱི་དབང་ཐ་མི་དད་པས་རྟེན་ཅིང་འདྲལ་བར ་འབྱུང་བ་བསྒོམ་པར་འགྱུར་རོ།། གལ་ཏེ་ཐལ་བར་མི་འགྱུར་ཏེ། མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་། ཆོས་མཐོང་བ་དེས་སངས་རྒྱས་མཐོང་ཞེས་གསུངསོ་ཞེ་ན། དེས་ན་ཀུན་རྫོབ་ལ་དགོངས་པ་ཡིན་ནོ།། དོན་དམ་པ་མཐོ ་ནས་ལངས་པའི་གནས་སྐབསུ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཆོས་དང་སངས་རྒྱས་ལ་སོགས་པ་འཇོག་གི། མཉམ་པར་བཞག་པ་འམ། དོན་དམ་པའི་གནས་སྐབས་སུ་ནི་མ་ཡིན་ནོ།། དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས ་གང་དག་རྟེན་ཅིང་འབྲེལ་འབྱུང་བ།། དེ་དག་དངོས་ཉིད་ཅི་ཡང་མིན།། གང་དག་ངོ་བོ་ཉིད་མེད་པ།། དེ་དག་གང་དུའང་འབྱུང་བ་མེད་ཅེས་གསུང་སོ།། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཛུམ ་དཔལ་དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་ཡོངས་སུ་སྦྱོང་བར་འགྱུརརོ་ཞེས་བྱ་བ་ནས། བདག་གི་ཆོས་རྣམས་རྟེན་ཏེ་མི་འབྱུང་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་བསྟེན་ཏེ་མི་འབྱུང ་བར་མོས་པ་ལ་འགོད་པར་བྱའོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་རྐྱེན་རྣམས་སྐྱེ་བ་མེད་པའི་རང་བཞིན་པས་ཆོས་རྣམས་སྟོན་ཏེ་མི་འབྱུང་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས།། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ ་ལས་ཀྱང་།། སངས་རྒྱས་མེད་ཅིང་ཆོས་དང་ངགེ་འདུན་མེད།། དེ་ལྟར་གང་ཤེས་དེ་ནི་མཁས་པར་འགྱུར་ཞེས་གསུང་སོ།། ཁ་ཅིག་ནཱ་རེ་ཡོངས་སུ་གྲུབ་པ་ཁོ་ན་བསྒོམ་སྟེ། དེ་དོན་དམ་པ་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ཀུན་རྫོབ་ཅིག་བསྒོམ ་པར་ཐལ་བ་འགྱུར་རོ་ཞེས་ཟེར་དེ་ལ་སྨྲས་པ། ཡོངསུ་གྲུབ་པ་གང་ལ་བྱ། གལ་ཏེ་མི་འགྱུར་བར་ཡོངསུ་འགྲུབ་པ་ལ་བྱའོ་ཞེ་ན། དེ་ཉིད་མི་ཤེས་སོ།། ག་ལཱ་ཏཾ་ཀུན་བརྟགས་པའི་གནས་སྐབས་དང་། འཕག་པའི་གནས་སྐབས་སུ་སྟོང་པར་འདྲ་བར་ན་མི ་འགྱུར་བ་ཡོངསུ་གྲུབ་པ་སྟེ། ཐེག་པ་ལ་སྦྲུལ་དུ་འཁྲུལ་པའི་གནས་སྐབས་དང་། ཐག་པར་མཐོང་བའི་གནས་སྐབས་གཉིས་སྦྲུལ་མེད་པར་འདྲ་བ་བཞིན་ནོ།། ཀུན་བརྟགས་པའོ་ཞེས་བྱ་བ་ཇི་ལྟ་བུ་དེ་ཡང་མི་ཤེས་སམ། བདག་དང་བདག་གི་དང་། ་གཟུང་བ་དང་། འཛིན་པ་ལ་སོགས་པ་ཚད་མས་གནོད་བཞིན་དུ་བྱིས་པས་ཡོད་པར་ཀུན་བརྟགས་པའོ།། འོ་མ་ནི་དབུ་མ་བསྒོམ་ཞེས་མི་བྱ་སྟེ། སེམས་ཙམ་བསྒོམ་པ་ཡིནོ།། གལ་ཏེ་མ་ཡིན་ཏེ། དེས་ནི་གཞན་གྱི་དབང་དོན་དམ་པར་འདོད།། དབུ་མ་པས་ནི་རྒྱུ་ཙམ་དུ ་འདོད་པ་ཁྱད་ཆེའོ།། སྒྱུ་མ་བྱ་བ་དོན་དམ་པར་ཤེས་རབ་དང་ཡེ་ཤེས་ཀྱི་མ་གྲུབ་པས་ཀུན་རྫོབ་དུ་སྣང་བ་ལ་ཟེར་རམ། འོན་ཏེ་རིགས་པའི་ཤེས་པ་ལ་སྣང་བ་ལ་ཡང་བྱ། དེ་ལྟའོ་ཞེ་ན། སྨྲས་པ། དེ་ཀུན་བརྟགས་པ་ཁོ་ན་ཡིན་ཏེ། རིགས་པས་གནོད ་གཞན་དུ་ཡོད་པར་འདོད་པའི་ཕྱིར་གང་ཟག་གི་བདག་བཞིན་ནོ།། དེ་ལྟ་བས་ན་སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་ཐལ་བར་འགྱུར་རོ།། གལ་ཏེ་རིགས་པས་གནོད་པའི་ཕྱིར་གཞན་གྱི་དབང་ནི་མི་བསྒོམ་སྟེ། དེ་དག་གི་ཆོས་ཉིད་ཡེ་ནས་གྲུབ་པ ་ནི་བསྒོམ་སྟེ། དེས་ན་སེམས་ཅན་དང་མི་འདྲ་སྟེ། དེ་དག་ནི་ཀུན་བ་གྱེས་པ་དང་གཞན་གྱི་དབང་གིས་སྟོང་པ་ལ་མི་བསྒོམ་གྱི། ཀུན་བརྟགས་པས་སྟོང་པ་གཅིག་པུ་ཡི་ནས་གྲུབ་པ་བསྒོ་མོ།། དེ་ནི་བདེན་ཏེ། འོན་ཀྱང་གཞན་གྱི་དབང་གིས་ཆོས་ཉིད་ལ་དམིགས ་བས་དེ་ཡང་ཡོངསུ་གྲུབ་པས་བསྒོམ་པར་འདྲའོ།། དེ་ལྟ་བས་ན་དབུ་མ་ནི་ཡོངསུ་གྲུབ་པ་ལ་ཡང་མི་དམིགས་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས།། དོན་དམ་ཡང་དག་འཕགས།། ངས་ངོ་ཉིད་མེད་པ་གསུམ་ལ ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏེ། མཚན་ཉིད་དེ་ཉིད་མེད་པར་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པའོ།། དེ་ལ་མཚན་ཉིད་མེད་པ་ནི། ཀུན་བརྟགས་ངོ་བོ་ཉིད་མེད་པའོ།། སྐྱེ་བ་ངོ་ཉིད་མེད་པ་ནི་གཞན་གྱི་དབང་ངོ་ཉིད་མེད་པའོ།། དོན ་དམ་པ་ངོ་བོ་ཉིད་མེད་པ་ནི། དེ་དག་གི་སྟོང་པར་འཛིན་པ་དེ་ཡང་ངོ་བོ་ཉིད་མེད་པའོ་ཞེས་གསུངསོ།། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་།། བློ་ཡིས་རྣམ་པར་གཤིག་པ་ནི།། བརྟགས་པ་མེད་ཅིང་གཞན ་དབང་མེད།། གྲུབ་པའི་ད་ངོས་པོ་ཡང་མེད་ན།། བློ་ཡི་ཇི་ལྟར་རྣམ་པར་རྟག་ཅེས་གསུངསོ།། ཁ་ཅིག་ན་རེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་ཆེན་པོ་བྱ་བ་ཡིན་ཏེ། དེ་བསྒོམ་པས་ནི་ཐབས་ཀྱང་མི་བསྟེན། ཅི་ལ་ཡང་མི་བྱ་བར་ཟབ་མོ ་ནར་ཡིད་ལ་བྱའོ།། ཞེས་ཟེར་ཏེ། དེ་ལ་སྨྲས་པ། དབུ་མ་ལ་ཆེ་ཆུང་ནི་མ་གསུངས་ལ། སློབ་དཔོན་ཉིད་ཀྱིས་མདོ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བས་ཆོས་ཟབ་མོ་ལ་བརྩོན་པར་མི་བྱ་སྟེ། ་དེ་སྐད་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐབས་མེད་པས་བཅིངས་པའི་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ངེས་པར་རྟོག་ཅིང་། མཚན་དང ་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་བཅིངས་པའི་ཤེས་རབ་བཅིངས་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་ཏོ།། ཁ་ཅིག་ན་རེ་ཐེག ་པ་མཆོག་གི་གནས་སྐབས་ན་ཡོད་པ་དང་མེད་པ་ལ་སོགས་པ་ཅིར་ཡང་མི་བསྒོམ་ཞེས་ཟེར་ཏེ། དེ་ལ་སྨྲས་པ་དེ་ཉིད་ཀྱི་དབུ་མ་ལ་ཡོད་མེད་དུ་བསྒོམ་པ་མེད་པར་སྨྲས་པ་ཡིན་ཏེ། དབུ་མ་ལ་ནི་ཐེག་པ་མཆོག་དང་མཆོག་མ་ཡིན་པར ་ཕྱེ་བ་ནི་ཆོས་གང་ལ་ཡང་མེད་དོ།། ཁ་ཅིག་ནཱ་རེ་ཁྱེའུའི་ཁྱེའུ་དབྱུང་བའི་ཚུལ་དུ་ཞེས་གསུངསོ།། སྔོན་ལ་མེད་པ་བསྒོམ།། དེ་ནས་ཅི་ཡང་མ་ཡིན་པ་ལ་བསྒོམ་ཟེར་ཏེ།། དེ་ལ་སྨྲས་པ། དོན་དམ་བདེན་པ་ལ་རིམ་གྱིས་འཇུག་པའི ་ཕྱིར་མེད་པ་བསྒོམ་པ་ལ། གསུངས་པ་མ་ཡིན་ཏེ། སྒོམ་པའི་རིམ་པ་དང་པོར་མཛད་པ་ལས། ཉན་ཐོས་ལ་སོགས་པའི་ལམ་བསྟན་པ་ནི། གཞུག་པ་ལ་ལྡེམ་པོར་དགོངས་ནས། ཁྱེའུས་ཁྱེའུ་དབྱུང་བ་བཞིན་དུ་བསྟན་པར ་མཛད་དོ།། འདི་ལྟར་འདི་དག་ནི་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་ཟད་དེ། བདག་མེད་པར་བསྒོམ་ནས་ཉན་ཐོས་གང་ཟག་བདག་མེད་པ་འཇུག་གོ། ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་བསྒོམ་པས། རྣམ་པར་ཤེས་པ ་སྨྲ་བའི་ཕྱིར་དོན་མེད་པ་ལ་འཇུག་གོ།། ཚུལ་འདིས་ནི་གཉིསུ་མེད་པའི་ཤེས་པ་དེ་ཡང་དག་མེད་པ་ཉིད་དུ་འཇུག་པས་བདག་མེད་པ་ཉིད་མཆོག་ལ་ཞུགས་པ་ཡིན་ནོ་ཞེས་གསུངསོ།། དེ་ལྟ་བས་ན་དེ་ལྟ་བུ་ལ་ཁྱེའུས་ཁྱེའུ་དབྱུང ་བིའི་ཚུལ་དུ་གསུངས་པ་ལས། དབུ་མ་བསྒོམ་པ་ལ་མེད་པ་བསྒོམ་པས་རིམ་གྱིས་འཇུག་པ་ནི། བཀའ་དང་བསྟན་བཅོས་མཐའ་དགེ་ལས་མི་སྲིད་དོ།། ཁ་ཅིག་ན་རེ་དབུ་མ་པ་ནི་མཐའ་རྣམས་སྤངས་ནས་དབུས་ལ་བསྒོམ་སྟེ། ་དེ་ནི་ཆོས་ཉིད་ཇི་ལྟ་བ་བཞིན་བསྒོམ་པ་མ་ཡིན་ཏེ། དེ་ནི་གསང་སྔགས་ན་ལེགས་པ་ཡོད་དོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་དབུ་མ་ནི་དབུས་ལ་མི་གནས་པ་ཏེ། འཕགས་པ ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡོད་ཅེས་མེད་ཅེས་གཉི་ག་མཐའ།། ངག་དང་མེ་དག་གཉི་ག་མཐའ།། དེ་བྱས་དེ་གཉིས་རབ་སྤངས་ནས།། མཁས་པ་དབུས་ལའང་གནས་མི་བྱེད་ཅེས་གསུངས་ཏེ། དེ་ནི ་དབུ་མའི་མཁན་པོ་རྣམས་ཀྱིས་དབུ་མའི་བསྟན་བཅོས་སྤྱན་ཏུ་དྲངསོ།། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། རིག་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས།། རྣམ་པར་འདས་ཤིང་མི་གནས་པ།། དེ་དག་ཟབ་མོ་དམིགས་མེད་པའི ་རྐྱེན་གྱིས་དོན་ལ་རྣམ་པར་བསྒོམ་ཞེས་གསུངས་ཏེ། དེ་ནི་འབྲེལ་པ་ལས། དེ་དག་ནི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདསོ།། མཐའ་གཉིས་དེ་ལས་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས ་སོ་ཞེས་གསུངསོ།། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་། སྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཇི་ལྟར་སེམས་མཐའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་མཐའ་དག་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་གསུངས ་ནས། ཡང་ཏིང་ངེ་འཛིན་དེའི་མིང་གདགས་པའི་སྐབསུ་མི་གནས་པའི་བསམ་གཏན་པ་ཞེས་བྱའོ།། ཞེས་གསུངསོ།། ཁ་ཅིག་ན་རེ་དབུ་མ་པ་ནི་སྟོང་པ་ཕུགས་རིངས་སྒོམ་སྟེ། སེམས་ཀྱང་མེད་པར་བྱས་ནས་སྟོང་པ་གཅིག ་ཡུལ་དུ་བྱེད་དེ། དེས་ནི་བྱང་ཆུབ་མི་ཐོབ་བོ།། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ནི། རང་གི་སེམས་ཡོད་མེད་གང་དུ་ཡང་མ་གྲུབ་པ་ཡེ་ནས་རྣམ་པར་དག་པ་དེ་བསྒོམ་པ་ཡིན་ཏེ། དེ་བྱང་ཆུབ་ཐོབ་ཅེས་ཟེར་ཏེ། དེ་ལ་སྨྲས་པ། དབུ ་མ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྟེ། དེ་བཞིན་གཤེགས་པས་ཀྱང་འཕགས་པ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ།། ལྷོ་ཕྱོགས་པེ་ཏའི་ཡུལ་དུ་ནི།། དགེ་སློང་དཔལ་ལྡན་ཆེར་གྲགས་པ།། དེ་མིང་ཀླུ ་ཞེས་བོད་པ་སྟེ།། ཡོད་དམ་མེད་པའི་ཕྱོགས་འཇིག་ཅིང་།། ང་ཡི་བསྟན་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་དེ།། རབ་ཏུ་དགའ་བའི་ས་བསྒྲུབས་པས།། བདེ་བ་ཅན་གྱི་ཞིང་དུ་འགྲོ། ཚུལ་རྣམས་འཛིན་པར་གྱུར་པ་སྟེ།། དུས ་དག་འདས་ནས་འབྱུང་བ་ནི།། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། ཞེས་གསུངས་ཏེ། ཡོད་པ་དང་མེད་པའི་ཕྱོགས་འཇིག་པ་དང་ཐེག་པ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་པར་ལུང་བསྟན་པ་དང་། སྔོན་གྱི་སློབ་དཔོན་ཀ་མ ་ལ་ལ་སོགས་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་མཛད་པ་ཞེས་གསུངས་པས། བྱང་ཆུབ་ཀྱི་རྒྱུ་མ་ཡིན་པ་གཅིག་དབུ་མའི་ནང་དུ་སྟོན་མི་སྲིད་དོ།། སྟོང་པ་ཅིག་ཡུལ་དུ་བྱེད་པ་ནི་དབུ་མའི་བསྟན་བཅོས་གང ་ལས་ཀྱང་མ་གསུངས་ན། ཅི་ལ་འཁྲུལ། འོན་ཏེ་སེམས་སྐྱེ་བ་མེད་པར་སྟོན་པས་སྟོང་པ་སྐང་བྱ་ན། འོ་ན་ནི་སེམས་ཙམ་སྒོམ་པ་ཡིན་པས་གྲུབ་པའི་མཐའ་རིམས་ཀྱིས་དྲང་བའི་ཆེད་དུ། བསྟན་པ་ལ་དད་པ་ཡིན་པས། བདེན་ཏེ། ་ཞིག་བཞག་གོ། དེ་ལྟ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པའི་རྗེསུ་འཇུག་སྟེ། དེ་ནི་སེམས་ཡོད་མེད་དུ་མི་བསྒོམ་མོ་ཞེ་ན། ང་སེམས་དོན་དམ་པར་ཡོད་མེད་དུ་མ་གྲུབ་པ་ལ་ཟེར་རམ། འོན་ཏེ་ཀུན་རྫོབ་དུ་ཡང་ཡོད་མེད་དུ ་མ་གྲུབ། དེ་ཕྱོགས་དང་པོ་ལྟར་ན་དབུ་མ་པ་ཡང་སེམས་དོན་དམ་པར་ཡོད་མེད། གང་ཡང་མི་བསྒོམ་སྟེ། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཡིན་ཏེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ།། འོན་ཏེ་ཕྱི ་མ་ཡིན་ན་ནི། མེད་པ་མྱ་གྲུབ་པ་ལ་ཟེར་རམ།། འོན་ཏེ་ཀུན་རྫོབ་དུ་ཡང་མེད་པ་དེ་བཀའ་དང་བསྟན་བཅོས་ལས་ཀྱང་མ་གསུངས་ལ། མེད་པ་དེ་ལོ་ནོར་པ་དང་། མ་ནོར་པ་ཡང་བརྩིར་མི་འདོད་དེ། མོ་གཤམ་གྱི་བུ་སེམས ་བཞིན་ནོ།། དེ་ལྟ་བས་ན་དོན་དམ་པར་ནི་སེམས་སྟོང་པར་ལྟ་ནི། དེ་ཡང་སྒྲོ་འདོགས་པ་ཡིན་ལ། ཡོད་པར་ལྟ་ན་དེ་ཡང་སྒྲོ་འདོགས་པ་ཡིན་ཅིང་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལྷུ་ན། དེ་ཡང་སྒྲོ་འདོགས་པ ་ཡིན་ཏེ། ཟག་པ་མེད་པར་བལྟས་ཀྱང་སྒྲོ་འདོགས་པ་ཡིནོ།། ཡེ་ནས་རྣམ་པར་དག་ཅེས་བྱ་བ་ཡང་ཆོས་ལ་དགོངས་ནས་གསུངས་པ་ལས། ཆོས་ཅན་ལ་དགོངས་ནས་གསུངས་པ་ནི་མ་ཡིན་ཏེ། འཕགས་པ་ལང་དཀར ་གཤེགས་པ་ལས་བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱི་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱི་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག ་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱི་རིན་པོ་ཚ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངསུ་དཀྲིས་པ་ལྟར།། ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱི་ཡོངསུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངསུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན། ་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ། འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ། ཡོན་ཏན་བྱེད་པ་ཁྱབ་པ་མི་འཇོག་པའོ།། ཞེས ་བདག་སྨྲ་བ་སྟོན་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གློས་ཆེན་པོ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྩོགས ་པའི་ཚིག་གི་དོན་རྣམས་ལྔ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒྲོ་བསྟན ་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོས་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདག་དུ་མངོན་པར ་ཞེན་པར་མི་བྱའོ།། བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལག་ཟུངས་དང་། ཆུ་དང་། སང་བུ་དང་། ནན་ཏན་དང་ལྡན་པ་ལས་སྣང་རྣམ་པ ་སྣ་ཚོགས་བྱེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་། ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིགས་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ། དེས་ན་དེའི་ཕྱིར་བློ་གྲོས་ཆེན ་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ།། བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ན་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས ་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟེན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྟུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད ་ཡུལ་ལ་གནས་པ་བསམ་པ་དང་ལྡན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་ཇི་ལྟར་འགྱུར་ཞེ་ན། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་མཛད་དོ།། དེ་ལྟ་བས་ན་འདི་ནི་མ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་ལྟ་བས་ན། མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར ་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེ་སུ་འཇུག་པར་བྱའོ།། འདི་ལྟ་སྟེ། ཆོས་སྟོང་པ་ཉི་དང་། སྐྱོ་བ་མེད་པ་དང་། གཉིས་མ་ཡིན་པ་དང་། རང་བཞིན་མེད་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་གྲུབ་པའི་མཐའ་བླ་ན་མེད་པའོ་ཞེས་གསུངསོ།། དེ་ལ་ཤེས་པ་ལ་ལོག་པར་རྟོགས་པ་ནི་ཁ་ཅིག་ན་རེ་དོན་དམ་པའི་བདེན་པ་ནི་ཅིར་ཡང་མ་གྲུབ་པས་ཤེས་པ་སྔ་ན་བས་གསལ་བ་ཅིག་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། ་གང་ཤེས་པ་ལ་དམིགས་པ་དེ་ནི་དོན་དམ་པའི་བདེན་པ་བསྒོམ་པ་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྣམ་ཤེས་ཆོས་ཀྱི་སྐྱེ་མཆེད་འདུས་བྱས་བཞིའི་ཡུལ་ཅན་ལྟ་བུའོ།། རྣལ་འབྱོར་པ་འདི་ཡང་ཤེས་རབ་སྔ་ན་བས་གསལ་བ་ལ་དམིགས ་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིནོ།། དོན་དམ་པའི་བདེན་པ་མི་བསྒོམ་པས་ནི་སོ་སོའི་སྐྱེ་བོའི་ས་ལས་འདའ་བར་མི་འགྱུར་ཏེ། སྤྲོས་པས་ཆོག་གོ།། ཁ་ཅིག་ན་རེ་རང་རིག་པ་གཅིག་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། ་དེ་ལ་སྨྲས་པ། བདག་ཉིད་རིག་པ་ཡིན་པའི་ཕྱིར། སེམས་སྤྱོད་ཡུལ་དུ་གྱུར་པའི་ཤེས།། རྣམ་པར་དག་པ་འོང་ཡང་དག་དུ།། རིགས་སམ་འོན་ཏེ་མི་རིགསོ།། ཞེས་བྱ་བས་སུན་དབྱུང་བར་བྱའོ།། ཁ་ཅིག་ན་རེ་རང་རིག་པ་ལས་བསྒོམ་པ ་ཞེས་ཇི་སྐད་བྷ། ཤེས་པ་གཞན་ནི་རིགས་པར་བྱ་སྟེ། ད་བསྣུ་ན་ཆོས་ཉིད་ཁ་ན་རིགས་པར་བྱའོ།། ཞེས་ཟེར་ཏེ། དེ་ལ་སྨྲས་པ། བ་ན་ན་གཉིས་རྟག་པར་ཕྱིར་ཚུས་ཉིད་བསྒོམ་པ་མ་ཡིན་ཏེ། བུམ་པ་དང་། ་ངེ་འཛིན་པ་བཞིན་ནོ་དེ་བས་ན་དེ་གཉི་ག་ལ། ཤེས་བྱ་མེད་ཕྱིར་གཞན་རིག་མིནཱ།། གཉིསུ་མེད་ཕྱིར་བདག་རིག་མིན།། གྲོལ་ཏེ་བརྟགས་ན་ཡང་དག་མིན།། ཞེས་བྱ་བ་ལ་སོགས་པས་སྨན་དབྱུང་།། ཁ་ཅིག་ན་རེ་ཤེས་པ་རིག་པ་མེད་པ ་གཅིག་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དེ་ནི་མུ་སྟེགས་དཔྱོད་པ་པི་ལྟ་བ་ཁས་བླངས་པ་ཡིན་ཏེ། དེ་ནི་འདི་སྐད་དུ། ཤེས་པ་རྣམ་པ་དང་བཅས་པོ་མ་ཡིན་པ་འབའ་ཞིག་ཏུ་མི་ཟད་ཀྱི།། རང་རིག་པ་ཡང་མ་ཡིནོ་ཞེས་ཟེ ་དེ་ནི་རྣལ་འབྱོར་པར་ཡང་ཇི་ལྟར་འགྱུར། སྤྲོས་པས་ཆོག་གོ། ཁ་ཅིག་ནི་རེ་མཉམ་པར་བཞག་པས་ཡུལ་དུ་བྱེད་པ་ཁོ་ནའོ།། ཞེས་ཟེར་ཏཱི། དེ་ལ་སྐྱེས་པ། གང་ཡུལ་དུ་བྱེད་པ་དེ་ནི་དོན་དུམ་པའི་ཡུལ་ཅན་མ་ཡིན་ཏེ། དབྱེར་ན་མིག ་གི་རྣམ་པར་ཤེས་པ་ལྟ་བུའོ།། རྣལ་འབྱོར་པའི་ཤེས་པ་འདི་ཡང་ཡུལ་དུ་བྱེད་པས་རང་བཞིན་འགལ་བ་དམིགས་པའོ།། ཁ་ཅིག་ནཱ་རེ་ཐམས་ཅད་དུ་ཡུལ་དུ་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གང་ཁོ་ན་ཡུལ ་དུ་ཡེ་མི་བྱེད་པ། དེ་ནི་དེ་ཁོ་ན་མ་ཐོང་བར་མི་འགྱུར་ཏེ། དཔེར་ན་མི་ཐམ་ལ་པོའི་ཤེས་པ་ལྟ་བུའོ།། རྣལ་འབྱོར་པའི་ཤེས་པ་འདི་ཡང་དེ་ཁོ་ན་ཡེ་ཡུལ་དུ་ཡི་མི་བྱེད་པས་ཁྱབ་པར་བྱེད་པ་མི་དམིགས་པའོ།། ཁ་ཅིག་ན་རེ་རྩོལ་བ ་བྱས་ན་ཆོས་ཉིད་དང་འགལ་ཏེ། ཡེ་མི་བཅོས་པར་བྱཞག་སྟེ། མ་བཙལ་བཞག་ན་བསྒོམས་པར་འགྱུར།། ཞེས་འབྱུང་བས་གོ་བ་ཙམ་གྱིས་ཆོ་ག་ཟེར་ཏེ། དེ་ལ་སྨྲས་པ། མངོན་སུམ་དང་འགལ་ཀུན་ཏུ་སྤྱོད་པ་ཆུ་ཡོད་པར ་གོ་པས་སྐོམ་པ་སེལ་བར་འགྱུར། ཟས་ཡོད་པར་གོ་བས་བཀྲེས་པ་སེལ་ཞེས་བྱ་བ་ལ་སོགས་པས་ལན་གདབ་པར་བྱའོ།། མཉམ་པར་བཞག་པའི་གནས་སྐབསུ་ལྷ་ནི་འདུག་བཞིན་དུ་རྩོལ་བ་སྐྱོན་དུ་འགྱུར་བ་ལ་དགོངས ་ནས་གསུངས་པ་མ་གོ་བར་ཅིག་གི་རྗེསུ་འབྲང་ནས་སྨྲ་བ་ཡིན་ཏེ། བདེ་བར་གཤེགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པ་ཡང་དཀོན་ནུ། འཇིག ་རྟེན་ལས་འདས་པའི་ཧསམ་གཏན་ལྟེ་ཅི་སྨོས་དེ་བས་ན་སེམས་བསྐྱུད་མུ་ཐག་ནས་མི་གཡེང་བར་བྱའོ་ཞེས་གསུང་སོ།། ཁཱ་ཅིག་ན་རེ་མངོན་སུམྦུ་ཁ་ཅིག་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། དབང་པོའི་མངོན་སུམ?་ནི། ་དངོས་པོའི་ཡུལྱཱ་ཙནྡྲ་ཡིན་པས་དེ་ནི་མ་ཡིན་ནོ།། ཡིད་ཀྱི་མངོན་སུམ་ནི་དེ་དང་སྐད་ཅིག་གཅིག་ལ་འཇོག་པར་བྱེད་པས་མི་སྲིད་དོ།། རང་རིག་པ་ནི་བམ་པོ་ལས་ལོག་པ་ཙཱམ་ཡིན་པས་ངེས་མི་སྲིད་དོ།། རྣལ་འབྱོར་གྱི་མངོན་སུམ ་འཇིག་རྟེན་པའི་ས་ནི་མི་སྲིད་དོ།། འཇིག་རྟེན་ལས་འདས་པ་ཡིན་ནོ་ནི། འཕགས་པ་ཡིན་པར་ཐལ་བར་འགྱུར་ཞེས་བྱ་བས་སུ་ན་བྱུང་།། ཁ་ཅིག་ན་རེ་ང་ལ་བསམ་གྱིས་མི་ཁྱབ་པའི་མན་ངག་ཡོད་དེ།། དེ་ལ་བློ་གནས་པ་ནི་མི་ཐ ་མལ་པའི་ཤེས་པ་ངལ་དུ་བུ་མ་ཁྱེར་བའི་ཤེས་པ་སློང་དེ་བ་ཞིག་ཡོད་པ་དེ་འདྲ་བ་དེ་བསྒོམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། བསམ་གྱིས་མི་ཁྱབ་པ་བྱ་བ་དེ་ཅི་ལ་བྱ། གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལ ་ཟེར་ཏེ། དེ་གསང་སྔགས་ན་ཡོད་པ་ཡིན་ཏེ། མདོ་སྡེ་འམ། ཕ་རོལ་ཏུ་ཕྱིན་པ་ནས་དེ་མི་སྟོན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་ཅེས་བྱ་བ་ཙམ་ལ། འཛེག་པ་ལས་རང་གི་སེམས་ཀྱི་ཆོས་ཉིད་ཡིན་པར་ནི་མི་འཇོག་གོ་ཞེ་ན། ་གསང་སྔགས་ལ་ནི་དགག་པ་མི་བྱེད་མོད་ཀྱི་འོན་ཀྱང་དེ་ནི་མདོ་ནས་ཀྱང་གསུངས་ཏེ། ཆོས་ཐམས་ཅད་མིགསུ་མེད་ཅིང་སེམས་པ་མེད་པ་རིན་པོ་ཆེ་བརྩེགས་པ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པས་འཇམ་དཔལ ་ལ་སྨྲས་པ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ལ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་དེ་གང་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས ་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་པ། སེམས་གྲོལ་བར་བགྱི་བ་མ་ལགས་པ། སེམས་དགག་པར་བགྱི་བ་མ་ལགས་པ་བསམ་པས་རབ་ཏུ་དབྱེ་བ་བགྱི་བ་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་སེམས་ཉིད ་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགསོ།། དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མ་མཆིས་པ་ལགས་ཀྱི། སེམས་ཉིད་སེམས་མ་ལགས་པས་སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ།། སེམས་ཇི་ལྟ་བ་བཞིན་པས་སེམས ་མ་མཆིས་པས་ཉིད་སེམས་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགསསོ་ཞེས་གསུངས་ཏེ། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཁུངས་ཡིན་ཏེ། བྱེ་བྲག་མེད་དོ།། འོན་ཀྱང་སེམས་ཐ་མལ་པའི ་སེམས་དེ་ལྟ་བུ་ནི་ལུང་དུ་མ་བསྟན་པའི་སེམས་ཡིན་པའི་ཕྱིར། ཆོས་ཉིད་བསྒོམ་པ་མ་ཡིན་ནོ།། ཁ་ཅིག་ན་རེ་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འདུས་མ་བྱས་པ་མི་འགྱུར་བ་རྟག་པ་དེ་ངོ་ཤེས་ན། བྱང ་རྒྱུ་བ་དང་ཆོས་ཉིད་ལ་སོགས་པ་དེ་ལ་ཟེར་བས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལཱ་ཧ་ཅང་ཆེས་གསང་སྔགས་ཟབ་མོ་ནས་ཀྱང་མི་སྟོན་ཏོ།། འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན། བསྟན་པའི་སྙིང་པོ་ཡིན་པ་དེ་རྟག ་གོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གསང་སྔགས་ལ་ནི་དགག་པ་མི་བྱེད་མོད་ཀྱི། འོན་ཀྱང་རིམ་གྱིས་དྲང་བའི་དབྱང་དུ་མཛད་ནཱས། འཕགས་པ་ལང་ཀར་གཤེགས་པ་ལས། ཐེག་པ་གསུམ་དུ་ཡང་གསུངས་ལ། ཇི་སྲིད ་འདུ་ཤེས་ཡོད་ཀྱི་བརླ།། ཐེག་པའི་མཐའ་ལ་ཐུག་པ་མེད།། ཅེས་བྱ་བ་ལ་སོགས་པ་ཡང་གསུངསོ།། ཡང་སྡོང་པོ་བཀོད་པའི་མདོ་ལས། ཐེག་པ་བཅུ་བཞི་ཡང་གསུངས་ལ། ངེས་པའི་དོན་དུ་ནི་ཐེག་པ་གཅིག་ལ་མེད་པར ་གསུངས། ཆོས་ཀྱི་དབྱིངས་གཅིག་ལས་མེད་པའི་ཕྱིར་རོ།། དེ་སྟོང་དུ། འདུས་པ་ཆེན་པོའི་ལེའུ་ལས།། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི་ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ་ཞེས་གསུངསོ།། དེ་ལྟ་བས་ན་ཆོས་ཉིད་ལ་དགོངས་པའི་དབང་གི་སེམས་ཉིད་ཡེ་ནས་རྣམ་པར་དག་པ་གསུངས་པ་ཡིན་ཏེ། བློ་གྲོས ་ཆེན་པོས་ཞུས་པ་བཞིན་ནོ།། དེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡང་འདོད་དེ། བྱེ་བྲག་མེད་དོ།། འོན་ཏེ། ངང་འདུས་མ་བྱས་སུ་རྟོག། དབུ་མ་པ་ནི་དེ་ཡང་མི་འདོད་པས་བྱེ་བྲག་ཡོད་དོ་ཞེ་ན། འཕགས་པ་འཇམ་དཔལ་རྣམ་པར ་འཕྲུལ་པ་ལས།། འདུས་མ་བྱས་ལ་གང་རྟོག་དང་།། མྱ་ངན་འདས་ལ་གང་རྟོག་པ།། གཉི་ག་བདུད་ཀྱི་སྤྱོད་ཡུལ་ཡིན། དེ་ནི་མཁས་པ་རྣམས་ཀྱིས་བཤད་ཅེས་གསུངསོ།། འོན་ཏེ་ཆོས་ཅན་ཡང་རང་དེ་ལྟར་ཡིན་ནོ་ཞེ་ན། མུ ་སྟེགས་རིག་བྱེད་ཀྱི་མཐའ་གསང་བས་སྨྲ་བ་ཁས་བླངས་པ་ཡིན་ཏེ། དེ་དག་ནི་འདི་སྐད་ཅེས། བདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག། འདི་ལྟར་སངས་རྒྱས་རྟག་ཏུ་འགྲོ་བ་ཡིན།། ། ་བླང་དང་དོར་བ་མེད་ཅེས་རབ་རྟགས་ལ།། ཚངས་པ་མྱ་ངན་མེད་ཅེས་རྟག་གནས་བྱོས།། ཞེས་འབྱུང་ངོ་།། དེ་བས་ན་དེ་བཞིན་གཤེགས་པའི་དགོངས་པ་མ་གྲོ་བར་ཚིག་ཙམ་གྱི་གཞན་ལ་རློམ་པར་བྱར་མི་འདོད་དོ།། སྤྲོས་པས་ཆོག། ་ཁ་ཅིག་ན་རེ་ཅི་ལ་ཡང་མི་རྟོག་མོད་ཀྱི། འོན་ཀྱང་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། བྱང་ཆུབ་ནི་སྤྲོས་པ་དང་བྲལ་བ་ན་མཁའ་ལྟ་བུ་ཡིན་ལ། དེ་ལ་སེམས་པས་དོན་དམ་པ་བྱང་ཆུབ་ཀྱི་བསྒོམ་པ་ཞེས་བྱ་སྟེ། ་དེ་སྐད་དུ་བྱང་ཆུབ་ན་མཁའི་མཚན་ཉིད་དེ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། གང་ཞིག་དེ་རྟོགས་འདོད་པ་ནི།། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཞེས་གསུངས་ཏེ། དེ་དབུ་མ་པ་ལ་མེད་དོ་ཞེས་ཟེར་ན། དེ་ལ་སྨྲས་པ། ་བོའི་སྒོ་ནས་སྒྲ་འམ། བཏགས་ནས་སྨྲ། གོང་མ་ལྟ་རོ་ཞེ་ན། འོ་ན་ནི་འཕགས་པར་ཁས་བླངས་པས་རེ་ཞིག་བཞག་གོ།། འོན་ཏེ་བཏགས་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། དབུ་མ་པ་ཡང་དེ་འདོད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལས ་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལྔས་འདས་པ་སྨོས་པ་མཐའ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འགྲུབ་པའི་རྒྱུ་ལ་ཡང་རྟོག་པ་དང་དཔྱོད་པ་དང་བྲལ་ཞེས་གསུངས་པས་བྱེ་བྲག་མེད་དོ།། ཁ་ཅིག་ན ་ཐོས་པའི་དུས་སུ་བསམ་པ་བྱེད་པ་དེ་བསམ་པའི་ཤེས་རབ་ཡིན་ཏེ། ཕྱི་ནས་ཞི་གནས་ལ་བསླབས་ནས་དེ་ཕྱིན་ཆད་སྒོམ་པ་གཅིག་པུ་ཡིན་ནོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། སྔར་ཐོས་པའི་དུས་སུ་བསྒོམ་པ་དེ་ནི་ཐོས་པའི་གྲངས ་འགྲོ་སྟེ། གཞན་དུ་ན་ཐོས་པ་ཆུད་ཟོས་པ་ཡིན་ནོ།། ཕྱི་ནས་ཀྱང་བསམ་དགོས་ཏེ། བསམ་པའི་ཤེས་རབ་ཀྱི་སྐབསུ་བསྟན་པ་བཞིན་ནོ།། དེ་བས་ན་བསྒོམ་པ་གཅིག་པུ་བྱེད་པ་ཡིན་ཞེས་བྱར་མི་རུང་ངོ་།། ཁ་ཅིག་ན་རེ་དེ་ལ ་གཉིས་ཏེ། སོ་སོར་རྟོག་པའི་ལྷག་མཐོང་བསྒོམ་པ་དང་། རྣམ་པར་མི་རྟོག་པའི་ལྷག་མཐོང་བསྒོམ་པའོ་ཞེས་ཟེར་ཏེ། དེ་ལ་ནི་ཉེས་པ་མེད་ཀྱི། འོན་ཀྱང་དེ་སོ་སོར་རྟོག་པའི་ལྷག་མཐོང་དེ་ནི་བསམ་པའི་ཤེས་རབ་ཏུ་བསྡུ ་སྟེ། དེ་སྐད་དུ། བསྒོམ་པའི་ཤེས་རབ་ཀྱི་ལྷག་མཐོང་གི་དབང་དུ་བྱས་ནས། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལྷག་མཐོང་ནི་ཐོས་པ་དང་། བསམ་པ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས ་གསུངས་པ་དང་། སློབ་དཔོན་ཀཱ་མ་ལ་ཤྲཱི་ལས་ཀྱང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོག་པ་གང་ཡིན་པ་དེ་ཉིད་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱའི་གཞན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱིས་བརྟན ་ནས་རྒྱུག་བཞིན་ནོ་ཞེས་གསུངསོ།། ཁ་ཅིག་ན་རེརྞྞེ་སུ་དཔག་པ་ཁོ་ན་བསྒོམ་མོ་ཞེས་ཟེར་ཏེ། དེ་ལ་སྨྲས་པ། གལ་ཏེ་རྗེསུ་དཔག་པའི་རྒྱུན་ཡིན་པས་རྗེ་སུ་དཔག་པའི་ཤེས་པ་ཟེར་རམ་འོན་ཏེ་མཉམ་པར་བཞག་པ་ན་ཡང་རྟགས ་ལྔ་བརྟེན་ནས་ཡང་ཡང་སྐྱེད་པར་བྱེད། ཕྱི་མ་ལྟར་ཡིན་ནོ་ཞེ་ན། དེ་བསྒོམ་ཞེས་མི་བྱ་སྟེ། བསམ་པའི་ཤེས་རབ་ཡིན་པའི་ཕྱིར།། ཁ་ཅིག་ན་ར་རྟོག་པ་མེད་པ་ཁོ་ན་བསྒོམ་ཟེར་ན། དེ་ལ་སྨྲས་པ། དེ་ནི་མི་སྲིད་དེ། མངོན་སུམ ་ཡིན་པར་ཐལ་བར་འགྱུར་རོ།། ཁ་ཅིག་ན་རེ་བསམ་པའི་ཤེས་རབ་ཁོ་ན་གོམས་པར་བྱེད་པ་ཡིན་ནོ།། སྒོམ་ཞེས་བྱ་བ་ནི་སྔར་མཐོང་བ་གོམ་པར་བྱེད་དོ།། མཐོང་བའི་ལམ་གྱི་རྗེས་ལ་བསྒོམ་པ་བཞིནོ།། ད་ལྟ་ནི་མ་མཐོང ་བས་བསྒོམ་ཞེས་མི་བྱའོ།། དེ་བས་ན་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་བསམ་པའི་ཤེས་རབ་ཡིན་ནོ་ཞེས་ཟེར་ནད་ལ་སྨྲས་པ། བསམ་པའི་ཤེས་རབ་ནི་མི་སྤོང་མེད་ཀྱི། འོན་ཀྱང་བསྒོམ་པ་ཡང་ཡོད་དེ། འཕགས་པ ་དགོངས་པ་ངེས་པར་འགྲེལ་པ་ལས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་ཏིང་ངེ་འཛིན་གཉིས་ནི་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ལ་གསུངས་པའི་ཕྱིར་རོ།། སློབ ་ན་ཀ་མ་ལ་ཤཱི་ལས་ཀྱང་། འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ།། ཞེས་གསུང་སོ།། ཡང ་ཁ་ཅིག་ན་རེ་ད་ལྟ་རྣམ་པར་མི་རྟོག་པ་བསྒོམ་ཡང་ཞིག་ནས་ཁོ་ན་བསྒོམ་པ་ཡིན་ཏེ། ལྷག་མཐོང་ནི་མི་སྐྱ་ཟེར་ཏེ། དེ་ལ་སྨྲས་པ་གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྟགས་ནས་བསྒོམ་པ་ཡིན་ནམ། འོན་ཏེ་མ་བརྟགས་པར ་བསྒོམ་པ་ལ་བྱ། གལ་ཏེ་འོག་མ་ལ་ཟེར་ན་རིགས་ཀྱི། སོ་སོར་རྟོག་པ་སྔོན་སོང་ནས་སྒོམ་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་སྒོམ་པ་ཡིན་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་གསུངས།། ཁ་ཅིག་ན་རེ་ད་ལྟ་ནས་ས ་བཅུ་མན་ཆད་ལྷག་མཐོང་སོ་སོར་རྟོག་པའི་ཤེས་པ་ཁོ་ན་བསྒོམ་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། ཉན་ཐོས་རྣམས་ཀྱི་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཞི་གནས་ཀྱིས་ཤས་ཆེ་བ་དང ་ལྷག་མཐོང་གི་ཤས་ཆུང་བའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་ནི་མཐོང་སྟེ་མི་གསལ་ཏེ། ལྷག་མཐོང་གི་ཤས་ཆེ་བའི་ཕྱིར་དང་། ཞི་གནས་ཀྱི་ཤས་ཆུང་བའི་ཕྱིར་རོ།། དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཟུང ་དུ་འབྲེལ་པའི་ཕྱིརོ།། ཞེས་གསུང་སོ།། ཞེ་ན་དེ་ལ་སྨྲས་པ། དེ་ནི་མི་སྦྱོང་སྟེ། འོན་ཀྱང་དེ་ནི་སློབ་པ་དང་མི་སློབ་པའི་ལམ་གྱི་བྱེ་བྲག་བསྟན་པ་ཡིན་ཏེ། སློབ་པའི་ལམཱ་ར་ར་ནས་མེད་པར་ན་མཱ་གསུངས་ཏེ། ་གནས་ཤས་ཆེ་བ་དང་། ལྷག་མཐོང་ཤས་ཆེ་བའི་སྒྲ་ཡོད་པའི་ཕྱིར་རོ།། གཞན་ཡང་ལྷག་མཐོང་གཅིག་པུས་བདེན་པ་མཐོང་ན་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཇིག་རྟེན་ལས་འདས་པའི་དགེ་པ་ཐམས་ཅད ་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ནོ་ཞེས་གསུངས་པ་དང་འགལ་བར་འགྱུརརོ།། དེ་ལྟ་བས་ན་སོ་སོའི་སྐྱེ་བོས་ཀྱང་གཉི་ག་སློབ་དགོས་པར་སློབ་དཔོན་ཀཱ་མ་ལ་ཤྲཱི་ལས་བསྟན་ཏོ།། ཁ་ཅིག་ན་རེ་ཞི་གནས་དང་། ལྷག་མཐོང་ཟུང ་དུ་འབྲེལ་པ་ཞེས་བྱ་བ་ནི་སྔར་གྱི་ཞི་གནས་བསྒོམ་ནས། ཕྱི་ནས་ལྷག་མཐོང་སྒོམ་པ་ལ་གསུངས་པ་ཡིན་ཏེ། གང་ཟག་གཅིག་གོ་རྒྱུད་ལ་ལྡན་ཞེས་བྱ་བའི་དོན་ཡིན་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་གཅིག་ལ་ཆོས་མི་མཐུན་པ་གཉིས ་འཚོག་མི་སྙིད་དོ་ཞེས་ཟེ་རེ་ཏེ། དེ་ལ་སྨྲས་པ། གང་དུ་སྔ་ཕྱི་ཡོད་པ་དེ་དུས་མཚུངས་པ་མ་ཡོན་ཏེ། དབྱེར་ན་དཔྱིད་དང་སྟོན་བཞིན་ནོ།། དབྱ་ལ་སོགས་པའི་དུས་སུ་ཞི་གནས་བསྒོམས་ནས་དགུན་ལ་སོགས་པའི་དུས་སུ་ལྷག་མཐོང ་བསྒོམ་པ་འདི་ཡང་སྔ་ཕྱི་ཡོད་པས་རང་བཞིན་འགལ་བ་དམིགས་པའོ།། གང་སྐད་ཅིག་གཅིག་ལ་འཚོག་པ་དེ་ནི་ཤས་ཆེ་ཆུང་བ་སྙམ་མི་དགོས་ཏེ། དཔེར་ན་ཁྱིམ་ནང་ན་འདུག་པའི་གླང་དང་། ཞིང་ཐོག་ན་འདུག་པའི་གླེང་ལྟ་བུའོ།། ་རྣལ་འབྱོར་པའི་ཞི་གནས་དང་ལྷག་མཐོང་ཡང་སྐད་ཅིག་མ་གཅིག་ལ་མི་འཆོག་པས་ཁྱབ་པར་བྱེད་པ་མི་དམིགས་པའོ།། དེ་ལྟའོ་ཞེ་ན། འོ་ན་ནི་གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ། ་ཞི་གནས་ཆུང་བའི་ཕྱིར་མར་མེ་རླུང་ལ་བཞུག་པ་བཞིན་དུ་སེམས་གཡོས་པས་དེ་ཁོ་ན། ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་དེ་སྒོམ་པར་བྱའོ།། ཞི་གནས་ཀྱི་ཤེས་ཆེ་ན་ཡང་གཉིད་ཀྱི་ལོག་པའི ་མི་བཞིན་དུ་རྡོ་ཁ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ།། ཞེས་གསུངས་པ་དེ་ཇི་ལྟར་དྲང་བར་བྱ། གལ་ཏེ་ད་ལྟ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤས་ཆེ་བའི་ཕྱིར། ་སེམས་གཡོ་བས་དེའི་ཚེ། སང་རྒྱུན་གྱི་ཞི་གནས་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་གང་གི་ཚེ་གླང་པོ་ཆེ་གླང་གཉིས་ཟུང་དུ་འབྲེལ་པར་མཉམ་དུ་ཞུགས་པ་དེ་བཞིན་དུ་གཉི་ག་མཉམ་དུ ་ཞུགས་པར་གྱུར་པ་དེའི་ཚེ། ཇི་སྲིད་དུ་ལུས་དང་སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ་ཞེས་གསུངས་པ་དེ་ཡང་དུས་ཐ་དད་པའི་སེམས་གཉིས་མཉམ་དུ་འཇུག་པ་དང་། གླང་གཅིག ་ཁྱིམ་ན་འདུག་པ་དང་། གླང་གཅིག་ཞིང་ཐོག་ན་འདུག་པས་ཞིང་རྨོར་འདོད་པ་ལ་གསུང་བར་ཐལ་བར་འགྱུརརོ།། ཆོས་མི་མཐུན་པ་གཉིས་ཞེས་བྱ་བ་དེ་ཡང་གྲུབ་སྟེ། འདི་ལྟར་གང་ཡང་རུང་བ་ཞིག་མེད་ན་ནི་མི་སྐྱེ་ལ། གཉིས་ཀ ་ཡོད་ན་སྐྱེད་པ་དེ་གཉིས་ནི་དེ་སྤྱད་པ་ལ་མཐུན་པ་ཡིན་ཏེ། དཔེར་ན་མིག་དང་སྣང་བ་གཉིས་གང་ཡང་རུང་བ་མེད་ན། བྲམ་པ་ལ་སོགས་པ་ལ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ལ། དེ་གཉིས་ཡོད་ན་སྐྱེ་བས ་སྐྱེད་པ་ལ་མཐུན་པ་ལྟ་བུའོ།། ཞི་གནས་དང་ལྷག་མཐོང་འདི་གཉིས་ཀྱང་གང་ཡང་རུང་བ་ཞིག་མེད་ན་ནི། ཡིད་ཀྱིས་རྣམ་པར་ཤེས་པ་ཆོས་ཉིད་ལ་གསལ་བར་མི་སྐྱེ་ལ། གཉིས་ཀ་ཡོད་ན་སྐྱེ་བས་རང་བཞིན་གྱི་གཏན་ཚིགསོ།། ་དེ་སྐད་དུ་འཕགས་པ་ཆོས་ཀུན་འགྲོ་བ་ལས། མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་གསུངསོ།། མཉམ་པར་བཞག་པ་ནི་ཏིང་ངེ་འཛིན་ལས་གཞན་མེད་དོ།། རིགས་པ་དྲུག་ཅུ་པ་ལས་ཀྱང་། ་སེམས་རྩེ་གཅིག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ།། ཞེས་གསུངས་ཏེ། སྤྲོས་པ་ཆོག་གོ། ཁ་ཅིག་ན་རེ་གང་དོན་དང་མ་ཕྱེད་པར་དོན་གྱི་རྣམ་པ་གཅིག་འབྱུང་བ་དེ་ནི་རྟོག་བཅས་ཡིན་ཏེ། དཔེར་ན་དུ་བ ་ལ་བརྟེན་ནས་སྐྱེས་པའི་ཤེས་ར་ལ་རྒྱབ་ཀྱི་མེར་སྣང་བ་རྟོག་བཅས་ཡིན་པ་ལྟ་བུའོ།། སོ་སོ་སྐྱེ་བོའི་ཤེས་པ་འདི་ཡང་ཆོས་ཉིད་དང་མ་ཕྲད་བཞིན་དུ་ཆོས་ཉིད་ཀྱི་རྣམ་པར་འབྱུང་བས་རྟོག་བཅས་ཡིན་ཏེ་རང་བཞིན་གྱི་གཏན་ཚིགསོ།། ། ་ཆོས་ཉིད་ནི་ཡོད་མེད་གང་ཡང་མ་ཡིན་པས་ཅིའི་རྣམ་པར་ཡང་མ་བྱུང་བ་ཞིག་དགོས་ཏེ། ངོ་སྤྱི་རྣམ་པ་བསྒོམ་ཟེར་བ་ནི་བརྗོད་པ་དང་འདྲེར་རུང་བའི་རྟོག་པ་ཡོད་པར་འགྱུར་བས་དེ་ནི་ཆོས་ཉིད་བསྒོམ་པར་འགྲོའོ།། ཡང་ན་བྱིས ་པ་ཆུ་ངུའི་ཤེས་པ་དང་འདྲ་བར་རྣལ་འབྱོར་པས་ཆོས་ཉིད་བསྒོམ་པ་ཐ་སྙད་འདོགས་མི་ཤེས་པར་འགྱུརརོ།། དེ་ལྟ་བས་ན་རྟོག་བཅས་བསྒོམ་པ་ཡང་མ་ཡིན། ཆོས་ཉིད་ཀྱི་རང་གི་མཚན་ཉིད་མཐོང་མི་སྲིད་པས་རྟོག་པ་མེད་པའི ་ཤེས་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ།། དེ་ལ་སྨྲས་པ། འོ་ན་ནི་རྟོག་བཅས་དང་རྟོག་མེད་གཉིས་ཀྱིས་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཤེས་པ་གཞན་དག་ཀྱང་མ་བྱུང་སྟེ། ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་ཡང ་ལྡོག་པ་ཡིན་ནོ།། དེ་ལྟ་བས་ན་རྣལ་འབྱོར་པས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་མི་འགྱུར་ཏེ། མེད་པ་ལས་གང་ག་རྒྱུ་ལས་འབྲས་བུར་ཡང་མི་རུང་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ།། གལ་ཏེ་མེད་པར་ཁས་མི ་ལེན་པར་སྐྱོན་འདོགས་སམ་ཞེ་ནི། འོ་ན་ཡོད་ན་རྟོག་བཅས་ཡིན་ནམ་རྟོག་མང་ཡིན། དེར་སྨྲ་མི་འདོད་དོ་ཞེ་ན། གལ་ཏེ་གནས་སྐབས་དེ་བསྟན་པར་བྱ་མིན་ཞེ་ན་རྐང་བརྐྱང་སྟེ།། གྲགས་པས་དད་པ་བསྐྱེད་པ་ཡི།། དད་ལྡན ་རྣམས་ལ་མཛེས་པ་ཡིན།། ཞེས་བྱ་བས་སུན་དབྱུང་ངོ་།། འོན་ཏེ་རྟོག་པ་དང་བཅས་པའམ་རྟོག་པ་མེད་པར་བརྗོད་དུ་མི་འདོད་དེ། ཤེས་པ་དཔེར་ན་མདའ་སྒོ་བྱི་བ་འདྲ་བ་རྐྱང་པ་ཟོར་མཐོ་པ་ཅིག་ཡིན་ཞེ་ན། དེ་ནི་འོད་སྐད་དུ། རྟོག་བཅས ་མ་ཡིན་རྟོག་མེད་མིན།། རྣམ་པས་ཉེ་བར་མ་བསྒོམས་ཤིག། སྔ་ན་བས་ནི་ཟོར་མཐོ་བའི།། ཤེས་པ་ཡང་དག་ངེས་པར་གནས།། ཤེས་བསྟན་པར་འགྱུར་བས་རེ་ཞིག་བཞགོ། ཁ་ཅིག་ན་རེ་ལྷག་མཐོང་གི་གནས་སྐབས ་ནགས་པ་ཞེས་བྱ་བ་ན་ཡུལ་མེད་པ་ལ་གསལ་བ་ཡིན་མ་ཞེས་ཟེར་ན། དེ་ལ་སྨྲས་པ། བནྡྷ་ན་གནས་ཀྱུ་ཤེས་པ་དང་འདྲ་བར་ཐལ་བར་འགྱུར།། གལ་ཏེ་ནི་གནས་ཀྱ་མིགས་པ་ཡང་མུང་དུ་འདུ ་ལ། ལྷག་མཐོང་གི་ནི་གཉིས་གང་ལ་ཡང་མྱི་འཛིན་པས་མི་འདྲ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཡུལ་ལ་འདོགས་པ་ཡིན་ཏེ། མི་རྟོག་ཅེས་བཏགས་པ་དང་འདྲའོ།། ཁ་ཅི་ག་ནཱ་རེ་ས་དང་པོ་ཡན་ཆད་ནི་མི་རྟོག་པ་ལ་པ་ཡིན་གྱིས ་འཇིག་རྟེན་ཆོས་ཀྱི་མཆོག་མན་ཆད་ནི། སོ་སོར་རྟོག་པའི་ཤེས་རབ་ལ་བསྒོམ་པོ་ཡིན་ཏེ། དེ་སྐད་དུ། འཕགས་པ་དཀོན་མཆོག་པ་རྩེགས་པ་ལྔས། འོད་སྲུངས་འདི་ལྟ་སྟེ། དཔེར་ན། ཤིང་གཉིས་དྲད་པ་མས་མ་ནས ་ཤིང་དེ་ཉིད་སྲེག་པ་དེ་བཞིན་དུ་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཇི་ལྟ་བ་བཞིན་ཤེས་པའི་མེ་བྱུང་ན། བཙུབས་ཤིང་བཅུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ། ཞེས་གསུངསོ།། འཕགས་པ་ཡང་གང་ག ་སེམས་ཙམ་ལ་ནི་རབ་བསྟེན་ནས། ཕྱི་རོལ་དོན་ལ་མི་རྟོག་གོ།། དེ་བཞིན་ཉིད་ཀྱི་དམིགས་གནས་ནས། སེམས་ཙམ་ལས་ཀྱང་འདའ་བར་བྱ།། སེམས་ཙམ་ལས་ནི་འདས་ནས་སུ།། སྣང་བ་མེད་ལས་འདའ་བ་སྣང་ཡང་གས ་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོ་མཐོང་།། ཞི་བ་ལྷུན་གྱིས་གྲུབ་པའི་གནས།། སྨོན་ལམ་ངག་གིས་རྣམ་པར་སྦྱང་།། ཡེ་ཤེས་དམ་པ་བདག་མེད་པར།། སྣང་བ་མེད་པར་མཐོང་བར་འགྱུར།། མས་སུ་དཔས ་དེ་དག་སོ་སོར་རྟོག་པའི་ཤེས་རབ་རིམ་གྱིས་བསྒོམ་པ་ཡིན་གྱི། ཅིར་ཡང་མི་རྟོག་པར་བསྒོམ་པ་ནི་མ་ཡིན་ནོ།། དེ་ལྟར་ཁ་ཅིག་ཅིར་ཡང་མི་རྟོག་པ་སྒོམ་ཟེར་བ་ནི། ཏོནཱ་མཱན་གྱི་རྗེས་སུ་སློབ་པ་ཡིན་ཏེ། རིམ་གྱིས་འཇུག་པའི ་སྒོམ་ལུགས་ནི་མ་ཡིན་ནོ།། འོ་ན་གཟུངས་འགྲེལ་ལས། བསྒོམ་པའི་རིམ་པས་ན་མི་རྟོག་པ་སྐད་དུ་གསུངས་པ་ཞེ་ན། དེ་ནི་ས་དང་པོ་ཡན་ཆད་ཀྱི་ཡིན་ནོ།། ཡང་ན་སྤྲོས་པའི་ཕྱོགས་རི་བཅད་པ་ལ་དགོངས་པ་ཡིན་ཏེ། ལྔས་དང་པོ ་པཔ་ནི་ཅིར་ཡང་མི་རྟོག་པ་ལ་བློ་གནས་མི་སྲིད་དེ། དེ་སྐད་དུ། སྒོམ་པའི་རིམ་པ་ཐ་མར་མཛད་པ་ལས། ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། གལ་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་གདོན་མི་ཟ་བར་ཅི་ཞིག་ལ ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ།། ཅི་སྟེ་མེང་ན་ནི་དེའི་ཚེ་ཇི་ལྟར་ཆོས་རྣམས་ངོ་བོ་ཉིད་རྟོགས་པར་འགྱུར། གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར།། ་བསམ་གཏན་བཞི་པ་མཐོབ་པའི་སོ་སོའི་སྐྱེ་བོའི་སེམས་ནི་འགག་པར་འགྱུར་མི་སྲིད་དོ་ཞེས་གསུངསོ།། ཞེས་ཟེར་ན། དེ་ལ་སྨྲས་པ། རེ་ཞིག་དང་པོར་སོ་སོར་རྟོག་པའི་ཤེས་རབ་སྐྱོམ་མོ་ཞེས་ཟེར་བ་དེ་ནི་བདེན་ཏེ། དེ་བཞིན ་གཤེགས་པས་གསུངས་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་འདོད་པས་ཡང་དག་སོ་སོར་རྟོག་པའི་མཚན་ཉིད་ལྷག་མཐོང་ལ་ཐོག་མར་བསྒོམ་པར་བྱ་སྟེ། ངེས་མཚན ་མ་རྣམས་ཡོངསུ་སྤོང་བར་འགྱུརརོ།། ཞེས་གསུངསོ།། འོན་ཀྱང་དཔྱད་པར་བྱ་བ་ཅུང་ཟད་ཡོད་དོ།། སོ་སོར་རྟོག་པ་ཞེས་བྱ་བ་ནི་སྒྲ་འཇུག་པའི་རྒྱུ་མཚན་གཉིས་ཡོད་དེ། ཞི་གནས་གྲུབ་ནས་གང་ཟག ་དང་ཆོས་ལ་བདག་མེད་པར་རྟོག་པ་དང་ཚོལ་བར་བྱེད་པ་བསམ་པའི་ཤེས་རབ་ལ་ཟེར་བ་དང་རྟོག་མི་བྱེད་མི་འགྱུར་མི་གཡོ་བ་ལ་བྱ་བའོ།། དེ་ལ་བསམ་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས། འཕགས་པ་ཏིང་ངེ་འཛིན་གྱི ་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས་གལ་ཏེ་སྒོམ་བྱེད་ན།། དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར།། ཞེས་གསུངསོ།། འཕགས་པ ་དགོངས་པ་ངེས་པར་འགྲེལ་པ་ལས་དེ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་དོ།། མོས་པོར་བྱེད་དོ།། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངསུ་རྟོགས་པ་དང་ཡོངས ་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ནི་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངསོ།། རྣམ ་བཔར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྱེལ་པ་ལས་ཀྱང་བསྡུས་པའི་དོན་བདུན་པའི་སྐབས་དེ་ཡང་ཇི་སྐད་བསྟན་པའི་མཚན་མ། སྣང་བ་ལ་སེམས་གཞག་ནས་བྱིང་བ་དང་། རྒོད་པ་ལ་སྩོགས་པ་ཞི་བར་བྱས་ཏེ་ཞི་གནས ་བསྒྲུབས་ལ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་དེས་མཚན་མ་དེ་དག་ཡོངསུ་སྤོང་ངོ་།། དེར་ཡང་ཇི་སྐུད་ཐོས་པ་དང་བསམ་པའི་དོན་ལ་ངེས་པའི་ཚུལ་གྱིས་སོ་སོར་བརྟགས་པར་བྱ་སྟེ། ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་འམ། འོང་བ་དང་འགྲོ་བ་མེད་པར་སོ་སོར་བརྟགས་པ་འམ། བདག་དང་གཞན་དང་གཉིས་ཀ་ལས་མི་འབྱུང་བར་དཔྱད་པའམ། ཆ་ལ་སོ་སོར་བརྟག་པ་འམ། མདོར་ན་ཇི་ལྟར ་རྟོགས་པས་ཀྱང་རུང་སྟེ། དངོས་པོ་མེད་པ་ལ་ངེས་པ་སྐྱེ་བར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ།། ཞེས་གསུངསོ།། དངོས་པོ་མེད་པ་ནི་ཆོས་ཀྱི་དབྱིངས་ལ་དགོང་སོ་ཞེས་དེ་ཉིད་ལས་གསུངསོ།། མི་རྟོག་མི་འབྱེད ་མི་ཚོལ་མི་འགྱུར་མེ་གཡོ་ཞིང་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་འམ། རྟོག་པ་འམ། རྟོགས་པོ་ཙམ་ལ་ལྷག་མཐོང་དང་སོ་སོར་རྟོག་པ་ཞེས་གསུངས་པ་ནི་འཕགས་པ་ཆོས་ཐམས་ཅད་དམིགསུ་མེད་ཅིང་སེམས་པ ་མེད་པ་རིན་པོ་ཆེ་བསགས་པའི་བསྟན་པའི་མདོ་ལས། བཅོམ་ལྡན་འདསཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། འཇམ་དཔལ་གྱིས་གསལ ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི་སོ་སོར་རྟོག་པ་གང་ལ་ཡང་ཐ་དད་པར་ཡང་མི་བགྱིད། གཅིག་ཏུ་ཡང་མི་བགྱིད། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་རྣམ་པར་མི ་རྟོག་པའོ།། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་དེ་ནི་ཡང་དག་པར་སོ་སོར་རྟོག་པ་མཆིས་པའི་ཚིག་བླ་དག་སོ།། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ལ་བརྟེན ་ཏེ། བདག་ནི་སོ་སོའི་སྐྱེ་བོ་འམ། འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི་སེམསོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོ་འམ། འཕགས་པར་འགྱུར་བའི་དེ་ཡང་དག་པར་རྗེ་སུ་མི་མཐོང་བའི་སླད་དུའོ།། ་བཅོམ་ལྡན་འདས་ཡང་དག་པར་སོ་སྔོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱིས་ཚུལ་གྱིས་དེ་ལྟ་རོ་གནས་པ་ལགས་ཏེ། ཆོས་གང་ལ་ཡང་མཉམ་པ་ཉིད་དུ་ཡང་མི་བགྱིད། མི་མཉམ་པ ་ཡང་མི་བགྱིད། སོ་སོ་སྐྱེ་བོའི་ཆོས་ནི་མི་མཉམ་པའོ་ཞེས་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ།། ཞེས་རྣམ་པར་རྟོག་པར་མི་བགྱིད་དོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་མཉམ་པའམ། མི ་མཉམ་པར་བགྱིད་པ་དེ་ལ་མི་དམིགས་པའི་སླད་དུའོ།། གང་གི་མཉམ་པའམ་མི་མཉམ་པར་བགྱིད་པ་དེ་ཡང་དགེ་སློང་དེ་ལ་མ་མཆིསོ།། དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི་བདག་རྣམ་པར་མི་རྟོག་གོ་སྙམ་དུ་དེ ་ལྟར་འཛིན་པ་ཡང་མ་མཆིསོ།། ཞེས་གསུངསོ།། རྣམ་པར་མི་རྟོག་པའི་གཟུངས་འབྲེལ་དེ་ཉིད་ལས། བསྡུས་པའི་དོན་བརྒྱད་པའི་སྐབསུ་ཡང་དག་པའི་དོན་བསྒོམ་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས ་པའི་རྣམ་པ་སྐྱེ་ཞིང་རང་རིག་པ་དང་། བདག་ཉིད་ཀྱང་ངོ་བོ་ཉིད་མེད་པར་རྟོགས་པ་སྐྱེ་ན། རྣལ་འབྱོར་པའི་ཡེ་ཤེས་ཀྱིས་མཐོང་ཞེས་བསྟན་ཏོ་ཞེས་གསུངསོ།། འཕགས་པ་འད་སྲུངས་ཀྱིས་ཞུས་པའི་འགྲེལ་པ་ལས། ཡང་དག་པ ་ཇི་ལྟ་བ་བཞིན་དུ། སོ་སོར་རྟོགས་པ་ཞེས་གསུངསོ།། དེ་བས་ན་སྒྲ་འཇུག་པའི་རྒྱུ་མཚན་གཉིས་ཡོད་དོ།། ཞེས་བྱ་བ་དེ་གྲུབ་པོ། འོན་ཏེ་ཉི་ཁྲི་སྣང་བ་ལས། མཐའ་མ་མཐོང་བའི་བྱ་བཞིན་ནོ།། ཞེས་གསུངས་པ་དེ་ནི་ལྷུར་དང་། ་དེ་ཡང་མཐའ་མ་མཐོང་ནས་ཕྱིར་ལོག་སྟེ་ད་ཅིའི་སར་འདུག་པ་བཞིན་དུ། སོ་སོར་བརྟགས་ནས་མ་མཐོང་བས་ཡང་སོ་སོར་རྟོག་ཅེས་གསུངས་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་ཡང་བལྟར་འགྲོ་བྱ་བར་འགྱུར་གྱི། ད་ཅིའི་སར ་འདུག་ཅེས་མི་བྱའོ།། དེ་ལྟ་བས་ན་འདི་སྐད་དུ། དཔེར་ན་བྱ་དེ་རྒྱ་མཚོའི་མཐའ་བལྟས་པས་མ་མཐོང་སྟེ། འགྲོ་ས་མེད་ནས་འདུག་པ་དེ་བཞིན་དུ་བསམ་པའི་ཤེས་རབ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མཐོང་བ ་ལ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་དེ་ལས་མི་གཡོ་བར་ལྷན་ནེ་ཡོད་ཀྱི་རྣམ་པར་ཤེས་པ་འདུག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། གཙུབ་ཤིང་གིས་གཙུབ་པའི་མེས་སྲེག་པའི་ཞེས་བྱ་བ་དེ་ཡང་གཙུགས་པས་མེ་ལམས ་གྱིས་འབར་བས་སྒེག་པ་བཞིན་དུ་བཙལ་ཕྱེ་བཏགས་པས། དེའི་ཕྲ་ཁོ་ནས་ཡེ་ཤེས་ལྷག་གིས་སྐྱེ་ཞེས་གསུངས་པ་མ་ཡིན་ཏེ། དེ་ནི་འདི་སྐད་དུ། སོ་སོའི་སྐྱེ་བོའི་ས་ལ་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ ་པར་རྟོགས་པ་ལ་ཏིང་ངེ་འཛིན་གྱིས་གྲོགས་བྱས་ནས་ཞི་གནས་དང་ལྷག་མཐོང་ཆ་མི་མཉ་མཱ་ན་མཉམ། མཉམ་ན་ཇི་སྲིད་ནུས་ཀྱི་བར་དུ་འདུག་པ་ལས་འབད་པ་དང་། བསྒྲིས་པ་དང་། རྩོལ་བའི་སྒོ་ནས་འདི་ལྟ་སྟེ་དཔེར་ན་མེ་སྱཱ་མྱེ ་བྱ་བ་བྱེད་འདོད་ཅིང་མེ་དོན་དུ་གཉེར་བའི་མཱི་ལྀ་ལ་ཞིག་གི་གཙུབ་སྤྱན་གྱི་སྟེང་དུ་གཙུབས་ཤིང་གཙུབས་ཏེ་མངོན་པར་གཙུ་བོ་ཤིང་འབྱེབད་པར་བྱེད། སྒྲིམ་པར་བྱེད། རྩོལ་བར་བྱེད་ན། དེ་འབད་པ་དང་སྒྲིམ་པ་དང་། རྩོལ་བ་འདིའི་སྒོ ་ནོས་དང་པོ་ཁོ་ནར་གཙུབ་སྟན་ལས་དྲོད་སྐྱེ་བར་འགྱུར་རོ།། དྲོད་དེ་ཉིད་མངོན་པར་འཕེལ་བ་ན་མ་འབྱུང་བཞིན་དུ་བ་འཕྲུལ་བར་འགྱུར་རོ།། རྒྱ་ཆེར་མངོན་པར་འཕེལ་བར་གྱུར་པ་ན། མེ་ལྕེ་མེད་པའི་མྱི་འབྲེལ་བར་འགྱུར། མེ་བྷྱ ་མ་ཐག་ཁོ་ནར་མི་ལྕེ་འབྱུང་བར་འགྱུར་རོ།། མེ་ལྕེ་འབྱུང་ཞིང་འབར་བ་དེ་མེའི་བྱ་བ་བྱེད་དོ།། དེ་བཞིན་དུ་ཇི་ལྟར་མངོན་པར་གཙུབས་ཤིང་འབད་པ་དང་སྒྲིམ་པ་དང་། རྩོལ་བར་བྱེད་པ་དེ་ལྟར་ན་དབང་པོ་ལྔ་པོ་དག་ལ་ཀུན་ཏུ་བརྟན ་ཅིང་གོམས་པར་བྱེད་ལན་མང་དུ་བྱེད་པར་བལྟ་བར་བྱའོ།། ཇི་ལྟར་དང་པོ་ཁོ་ནར་གཙུབ་སྟེན་ནས་དྲོད་སྐྱེ་བར་འགྱུར་བ་དེ་ལྟར་ནི་མི་ལྟ་བུའི་གང་ཟག་དང་ཆོས་ལ་བདག་མེད་པའི་ཆོས་ཉོན་མོངས་པ་རྣམས་སྲེག་པ་སྐྱེ་བའི་སྔོན་ར ་དུའགྲོ་ཞིང་རྒྱུ་འགྱུར་བའི་དྲ་བར་གྱུར་པ་དག་བལྟ་བར་བྱའོ།། ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བཱནཱ་ཎྱེ་མྦྷ་འབྱུང་བར་འགྱུར་བ་ལྟར་ནི་རྩེ་མོ་དག་བལྟའོ།། ཇི་ལྟར་དུ་བ་འཐུལ་བར་འགྱུར་བ། དེ་ལྟར་ནི་བདེན་པ་དང་རྗེས ་མཐུན་པའི་བཟད་པོ་རྣམས་བལྟ་བར་བྱའོ།། ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་གྱུར་པ་ནས། མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟ་ན་འཇིག་རྟེན་དུའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ།། ཇི་ལྟར་མོ་བྱུང ་མ་ཐོག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མི་ལྕེ་བྱུང་ཞིང་འབར་བ་དེས་མྱེའི་བྱ་བ་བྱེད་པ་དེ་ལྟར་གང་དྲུག་པ་འཇིག་རྟེན་པའི་ཆོས་ཀྱི་ཡང་དགེ་བར་ཟིན་པའི་སྟོབས་ལྔ་པོ་དག་མཇུག་ཐོག་སུ་བྱུང་བ་འཇིག་རྟེན་ལས་འདས ་པ་སྤྲོས་པ་མཐའ་དག་དང་བྲལ་བ་ཤིན་ཏུ་གསལ་བ་མཐོང་བ་བྱུང་བས་སྤྱིའི་རྣམ་པ་ལ་རང་གི་མཚན་ཉིད་དུ་ཞེན་པའི་རྩོལ་བ་དང་། འབད་པ་དང་བྲལ་བ་དེ་ཙམ་ལ་སྲེག་ཅེས་གསུངས་པ་ཡིན་ཏེ། རང་གི་མཚན་ཉིད་མཚན ་ཉིད་མེད་པ་མ་མཐོང་བ་དེས་རྟགས་ལ་བརྟེན་ནས་མཚན་ཉིད་ཐམས་ཅད་དང་བྲས་པར་ངེས་པ་ཙམ་ལ་བློ་གནས་པ་དེ་འཁྲུལ་སྣུམ་པཱའི་ཤེས་པ་སྐྱེ་བས་སྲེག་ཅེས་བྱ་སྟེ། འོད་སྲུངས་ཀྱིས་ཞུས་པ་ལས། ཡང་དག་པ་ཇི་ལྟ་བ ་བཞིན་རྟོགས་པས་ཚིག་པ་དང་འདྲ་སྟེ་ཞེས་གསུངསོ།། དེ་བས་ན་མེ་འབྱུང་བའི་རྒྱུ་མེས་སྲེགས་པ་དང་འདྲ་བར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་རྟགས་ལ་བརྟེན་ནས་ཅིར་ཡང་མ་གྲུབ་པར་རྟོགས་པ་དེ་ཏིང་ངེ་འཛིན་གྱིས་གྲོགས ་བྱས་ནས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལ་གོམས་པས་ཅིར་ཡང་མ་གྲུབ་པའམ། ཅིར་ཡང་མ་མཐོང་བའི་ཡེ་ཤེས་སྐྱེས་པ་ན་རྟགས་ལ་བརྟེན་ནས་ངེས་པ་ཙམ་ལྔ་བསྒོམ་མི་དགོས་ཏེ། ་དང་བྲལ་བ་ཡིན་ནོ་ཞེས་བསྟན་ནོ།། ལངས་པའི་གནས་སྐབསུ་བྱེད་པ་དང་ཚོལ་བའི་ཤེས་པ་ཡང་རྟག་ཏུ་མི་འབྲལ་བར་བརྟེན་དགོས་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས། སྟོང་བ་ཉིད་ཀྱི་བསམ་གཏན་སྦྱིན་པ ་ནས་ཤེས་རབ་ཀྱི་བར་དུ་མ་བྲལ་བ་ཞེས་གསུངསོ།། འཕགས་པ་ལོང་ཀར་གཤེགས་པ་ལས། ཤེས་རབ་བསྒོམ་པའི་རིམ་པ་མདོར་བཀའ་སྩལ་ཏེ། སེམས་ཙམ་ལ་ན་རབ་བརྟེན་ནས།། ཞེས་བྱ་བ་ལ་སོགས་པ་ཞི ་གནས་གྲུབ་ནས་བསམ་པའི་ཤེས་རབ་ཀྱིས་རིམ་གྱིས་ནམ་ཡིད་ཆེས་ཀྱི་བར་དུ་བརྟག་པ་ཡིན་གྱི། བརྟགས་ནས་ཆོས་ཉིད་རེ་མོས་བསྒོམ་པ་མ་ཡིན་ཏེ། དེ་སྐད་དུ། བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་དེ ་ལྟར་དམིགས་པ་ལས་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་དཔྱད་པར་བྱ་སྟེ། ཞེས་བྱ་བ་ནས་ཡེ་ཤེས་དམ་པ་བདག་མེད་པར་སྣང་བ་མེད་པས་མཐོང་བར་འགྱུར། ཞེས་གསུངས་པའི་བར་དུ་ལེགས་པར་བཤད ་ནས། དེ་ལྟར་བསྒོམ་པའི་རིམ་པ་འདིས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་གསུངས་ཏེ་དེས་ནི་བསམ་པའི་ཤེས་རབ་ཀྱིས་ཡིད་ཆེས་པར་གོམས་པར་བྱ་ཞེས་གསུངས་པ་ཡིན་ནོ།། དེ་ནས་ཡིད་ཆེས་པས་དེའི་དོན་ལ་སྒོམ ་པའི་དབང་དུ་མཛད་ནས། དེ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་བྱུང་ན་སྔར་བསྟན་པ་བཞིན་དུ་ཞི་བར་བྱའོ་ཞེས་གསུངས་པས་ན་སྔར་ཞི་གནས་འབའ་ཞིག་བསྒོམ་པའི་སྐྱབས་སུ་བྱིང་རྒོད་ལ་སོགས་པ་ཞི་བྱར་བྱེད་པ ་དེ་བཞིན་དུ། བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་དོན་ལ་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་པར་བསྒོམ་པ་འདི་ལ་ཡང་ཞི་བར་བྱ་དགོས་པའི་དོན་ཏོ།། གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད ་པཱར་དམིགས་པ་ལ་ཞེས་གསུངས་པ་ནི་སྤྲོས་པ་ཕྱོགས་རེ་བཅད་པ་ལ་དགོངས་པ་མ་ཡིན་པར་བསྟན་ཏོ།། བྱིང་བ་དང་རྒོད་པ་ལ་སོགས་པ་དང་བྲལ་ཞིང་ཞེས་གསུངས་པས་ནི་ཞི་གནུས་ཀྱི་ཤས་ཚ་བ་དང་། ལྷག་མཐོང ་གི་ཤས་ཆེ་བ་དང་། མི་དགའ་བ་དང་། ལུང་དུ་མ་བསྟུན་པའི་ཤེས་པ་དང་། ཡང་བྲལ་བར་བྱ་ཞེས་བྱ་བའི་དྲན་ཏོ།། མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་འཇུག་པར་གྱུར་པ་དེའི་ཚེ་ཞེས་གསུངས་པས་ནི། རྩོལ་བ ་མ་བྱས་ཀྱང་ལྷན་ནི་གནས་ཞེས་གསུངས་པའོ།། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་རྫོགས་པ་ཡིན་ནོ།། ཞེས་གསུངས་པས་ནི་གཉིས་ཀ་ཆུང་ཡང་མཉམ་པར་ཟུང་དུ་འབྲེལ་བར་ཡོད་པས ་གདོགསུ་འདོད་དེ། རེ་ཞིག་སྐབས་དེར་རྩོལ་བ་མི་བྱ་ཞེས་གསུངས་པའོ།། དེའི་ཚེ་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་མོས་པའི་སྟོབས་ཀྱིས། མོས་པ་སྤྱོད་པའི་ས་ལ་གནས་པར་བསྒོམ་པར་བྱའོ་ཞེས་གསུངས་པས་ནི། འཕགས ་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་མུ་གྱུར་ཏེ། གཏན་ཚིགས་ལ་བརྟེན་ནས་དེ་ལྐོག་ཏུ་གྱུར་པའི་དོན་ལ་ངེས་པ་སྐྱེས་ཤིང་། དེ་ལ་སོ་སོའི་སྐྱེ་བོའི་ས་ན་མོས་པ་ཡིན་པས་དེ་ལ་གོམས་པར ་བྱའོ་ཞེས་གསུངས་པ་ཡིན་ནོ།། འོངས་ནི་སོ་སོའི་སྐྱེ་བོའི་ས་ན་ཡང་མོས་པའི་སྒོ་ནས་ཅིར་ཡང་མི་རྟོག་པ་སྒོམ་པ་ཡོད་དོ་ཞེས་བསྟན་པར་འགྱུརརོ།། དེ་ལྟོ་མ་ཡིན་ན་རིམ་གྱིས་བསྒོམས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར ་བྱོབྱས་ནས་ཡང་མོས་པའི་སྒོ་ནས་བསྒོམ་པར་ཐལ་བར་འགྱུར་རོ།། འོ་ན་གནས་སྐབས་ཀྱི་བྱེ་བྲག་བཅུ་གཉིས་སུ་འགྱུར་ཞེས་གསུངས་པ་དང་། དྲོད་དང་རྩེ་མོའི་གནས་སྐབས་སུ་ཕྱི་གཟུང་བའི་ཡུལ་སྤོང་། བཟོད་པ་དང་། འཇིག་རྟེན ་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ནང་འཛིན་པའི་སེམས་སྤོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི། འོན་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་མཚན་ཉིད་ཐམས་ཅད་དང་བྲལ་བ་ཙམ་ལ་ཡང་མི་གནས ་པར་བསྒོམ་ཡང་སྤོང་བར་བྱེད་པའི་རྟོག་པ་རགས་རིམ་གྱིས་འབྲལ་ཏོ།། དེ་ལ་དགོངས་ནས་གསུངས་པ་ཡིན་ནོ།། འོ་ན་ཆོས་ཉིད་རིམ་གྱིས་བསྒོམ་ན་ནི་རིམ་གྱིས་འབྲལ་བར་རིགས་ཀྱི་ཅིག་ཅར་དུ་བསྒོམས་པས་ཆོས་ཅན ་སྤང་རྒྱུ་རིམ་གྱིས་འབྲལ་བ་མི་རིགས་ཏེ། ཅིག་ཅར་དུ་སྤོང་བ་རིགས་སོ་ཞེ་ན། དེ་ནས་དང་པོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་སྐྱེས་པས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་དུས ་གཅིག་ཏུ་སྤོང་བའི་རིགས་སོ།། དེ་ནི་གོས་ཀྱི་དྲི་མ་དང་འདྲ་སྟེ། རགས་རིམ་གྱི་སྦྱོང་བ་ཡིན་ཏེ། དེ་བས་ན་དུས་གཅིག་དུ་སྤོང་མི་ནུས་སོ་ཞེ་ནཱ། དེ་བཞིན་ནོ།། འོ་ནཱ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལུས་ཀྱང་། ་རང་བཞིན་ལ་རྣམ་པར་རྟོག་པ་དང་། གཉེན་པོ་ལ་རྣམ་པར་རྟོག་པ་དང་། དེ་ཁོ་ན་ལ་རྣམ་པར་རྟོག་པ་དང་། འཐོབ་པ་ལ་རྣམ་པར་རྟོག་པའི་མཚན་མ་དང་བཞི་རིམ་གྱིས་སྤང་བར་གསུངས་པ་ཞེ་ན། དེ་ཡང་ཞི་གནས ་གྲུབ་ནས་བསམ་པའི་ཤེས་རབ་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནམ་ཡིད་ཆེས་ཀྱི་བར་དུ་རྟགས་ལ། དེའི་དོན་ལ་མི་རྟོག་པར་བསྒོམ་མོ་ཞེས་གསུངས་པ་ཡིན་ཏེ། དེ་ཉིད་ལས་མཚན་མ་རྣམས་ཡོངས་སུ་སྤོང་བ་ཡང ་དག་པར་སྦྱོར་བ་བསྡུས་པའི་དོན་བདུན་པའི་སྐྱབས་སུ་ཞི་གནས་གྲུབ་ནས་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་ལ་སོ་སོར་བརྟགས་ནས། དེ་ནས་དེ་སྤོང་བ་ན་བརྒྱ་ལ་རྣལ་འབྱོར་པ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ ་ཡང་རྟོག་པ་བྱུང་ན་དེ་ལ་སོ་སོར་རྟོག་པར་བྱའོ།། ཞེས་གསུངས་པ་ཡིན་ཏེ། གལ་ཏེ་རང་བཞིན་ལ་རྣམ་པར་རྟོག་པ་ལ་ཡིད་ཆེས་པའི་སྐབ་སུ་བཞིག་ལ་ཡིད་ཆེས་ན་ཡང་དེ་ནས་སྒོམ་ཞེས་གསུངས་པ་ཡིན་ནོ།། གལ་ཏེ། ་ཡིད་མ་ཆེས་ན་ཐོབ་པ་ལ་རྣམ་པར་རྟོག་པ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤང་བར་བྱ་སྟེ་དེས་ནི་སོ་སོའི་སྐྱེ་བོས་སྤང་བ་ཡིན་པར་དེ་ཉིད་ལས་ས་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་ལ་ཀུན་ཏུ་སྤྱོད་པ་འདི་དག། ་ནི་ལས་དང་པོའི་རྣལ་འབྱོར་པ་ཁོ་ནའི་སྟེ། ས་ལ་ཞུགས་པ་ལ་ནི་མ་ཡིན་ཏེ།། དེ་ལ་མི་སྲིད་པའི་ཕྱིར་རོ་ཞེས་གསུངསོ།། དེ་ནས་བསམ་པའི་ཤེས་རབ་ཀྱིས་མཚན་མ་བཞི་ཅར་མ་གྲུབ་པར་ཡིད་ཆེས་པའི་དོན་སྒོམ་པའི་དབང་དུ ་མཛད་ནས། དེ་ལྟར་རྣལ་འབྱོར་པོ་མོས་པའི་དབང་དང་། ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར་རྟོག་པོའི་མཚན་མའི་དྲ་བ་ཐམས་ཅད་སྦྱངསཱ་ལ་རྟོག་པ་མེད་ཅིང་དཔྱང་བ་དང་བྲལ་བ་བརྗོད་པ་མེད་པར་རོ་གཅིག་པའི་ཡིད་ཀྱིས་དེ་ཁོ་ན ་ཉིད་ལ་མོས་ནས་མངོན་དེ་འདུ་མི་བྱེད་པར་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་འདི་སྐད་དུ་སོ་སོའི་སྐྱེ་བོས་ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས ་མཚན་མ་ཐམས་ཅད་ལ་རྟག་པའི་དྲི་བ་སྤང་ལ་ཅིར་ཡང་མི་རྟོག་པ་མོས་པའི་སྒྲོ་ནས་པ་མོ་ཤོང་འདུག་པར་བྱརོ་ཞེས་བསྟན་པ་ཡིན། སྤྲོས་པ་ཕྱོགས་རེ་བཅད་ནས་བསྒོམ་ཞེས་བྱ་བ་འམ། ལས་དང་པོ་བ་ཅིར་ཡང་མི་རྟག་པ་བསྒོམ ་པ་ནི་མ་བསྟན་ཏོ།། བསྒོམ་པའི་རིམ་པ་བར་དུ་མཛད་པ་ལས་ཀྱང་། དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ་ཞེས་བྱ་བ་ནས། ཤེས་རབ་མཆོག་གིས་བསམ་གཏན་པ་ཞེས་བྱའོ་ཞེས་བྱ ་བའི་བར་དུ་བསམ་པའི་ཤེས་རབ་བསྟན་ནས་བསྒོམ་པའི་ཤེས་རབ་ཀྱིས་གནས་སྐབས་སུ་དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པར་བྱ་བ་བལྟ་བར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ ་དང་བྲལ་བ་བརྗོད་དུ་མེད་པ་དང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གི་འཇུག་པ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལྔ་པར་བསྒོམ་ཞིང་འདུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར ་ཡང་སྤྲོས་པ་ཕྱོགས་གཅིག་བཅད་པ་ལ་བསྒྲིམ་པ་ཡང་གསུངས་ལ། ལས་དང་པོ་པ་ལ་མི་རྟོག་པར་བསྒོམ་པ་ཡང་གྲུབ་པ་ཡིན་ཏེ། ས་དང་པོ་པ་མི་ལ་ཚེ་ཐུན་ཕྱེད་ལ་སོགས་པ་ལས་གནས་མི་ནུས་པ་ནི་མི་སྲིད་དོ།། སྒོམ་པའི ་རིམ་པ་ཐ་མར་མཛད་པ་ལས་ཀྱང་། ཏིང་ངེ་འཛིན་ལ་གནས་ནས་བསམ་པའི་ཤེས་རབ་ཀྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དབང་དུ་མཛད་ནས། དེ་བཞིན་གཤེགས་པའི་སྐུ་ཇི་སྲིད་དུ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང ་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྱོན་པ་འམ། བཞུད་པ་ལ་རྟོག་པས་ལྷག་མཐོང་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། དེ་ནས་དེའི་དོན་ལ ་སྒོམ་པའི་དབང་དུ་མཛད་ནས། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ་ཞེས་དཔྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པ་དང་གཅིག་དུ་གྱུར་པའི་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པའི་བར་དུ་འདུག་པར་བྱེད་པ ་ལ་སོགས་པ་གསུངས་པ་དང་། རྣལ་འབྱོར་པའི་ཞི་གནས་གྲུབ་ནས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཡང་དག་པ་ལ་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱ་བ་ནས། ཤེས་རབ་ཀྱི་བརྟགས ་ནས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ་ཞེས་གསུངས་ནས། དེ་བསྒོམ་པའི་དབང་དུ་མཛད་ནས། དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད ་པ་དེ་ཁོ་ན་ལ་ཞུགས་པས་བལྟ་བར་བྱ་བ་འམ། བརྟག་པར་བྱ་བ་གཞན་མེད་པའི་ཕྱིར་དཔྱོད་པ་མེད་ཅིང་བརྗོད་པ་མེད་པ་དང་། དང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་རྣལ་འབྱོར་པ་དེ ་ཁོ་ན་ཤིན་ཏུ་གསལ་བར་ངེས་པར་གཟུང་ཞིང་འདུག་པར་བྱའོ།། དེར་གནས་ནས་ཀྱང་སེམས་ཀྱི་རྒྱུད་མི་གཡེང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཞི་གནས་ལ་གནས་ནས། བསམ་པའི་ཤེས་རབ་ཀྱི་ལྷག་མཐོང་སོ་སོར་རྟོག་པ་དེས ་གང་ཟག་དང་ཆོས་ཐམས་ཅད་མ་དམིགས་ནུས། དེའི་དོན་བསྒོམ་པའི་ཕྱིར་ཡང་མི་རྟོག་པར་ངེས་པར་གཟུང་དུ་མེད་པའི་ཚུལ་གྱིས་གཟུང་ཞེས་བྱ་སྟེ། སྤྲོས་པ་ཕྱོགས་རེ་ལ་བསྒོམ་པ་ཡང་མ་ཡིན་ལ་ལས་དང་པོ་པ་རྟོག་པ་དང་ཚོལ ་བ་ལས་དང་པོ་པ་རྟོག་པ་དང་ཚོལ་བ་ལས་མི་རྟོག་པའི་བསྒོམ་པ་མེད་པ་ཡང་མ་ཡིན་ཞིང་། དེ་ཙམ་གྱིས་བདེན་པ་མཐོང་བ་ཡང་མ་ཡིན་ཏེ། ཤས་ཆ་ཆུང་ལ་སོགས་པ་ཡང་ཡང་དང་ཡང་བཙོས་ལ། དེ་ལྟ་བུ་དེས་ཀྱང་ཆུ་ཚོད་གཅིག ་ལ་སོགས་པ་ལས་གནས་མི་ནུས་པར་བསྟན་པའི་ཕྱིར་རོ།། ལས་དང་པོ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡང་མི་རྟོག་པ་བསྒོམ་པ་ཡང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། དེ་བཞིན་གཤེགས་པས།། འཇམ ་དཔལ་ཁྱོད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་གམ་ཞེས་གསུངས་པ་དང་། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་ལགསསོ།། ་དེ་ཅིའི་སླད་དུ་ཞེ་ན། བདག་སྔོན་ལས་དང་པོ་པའི་ཚེ་ན་ནི་བསམ་གྱིས་མི་ཁྱབ་པའི་ཏིངངེ་འཛིན་ལ་སྙོམས་པར་འཇུག་གོ།། ད་ལྟ་ནི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལགས་པས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་མི ་འཇུག་ལགས་སོ།། ཞེས་དཔེ་དང་བཅས་ནས་གསུངས་སོ།། བསམ་གྱིས་མི་ཁྱབ་པ་ནི་དེ་ཉིད་ཀྱི་འགྲེལ་པ་ལས། བསམ་གྱིས་མི་ཁྱབ་པས་ཞེས་བྱ་བ་ནི། བསམ་པ་ལས་འདས་པའོ།། བསམ་པ་ལས་འདས་པ་ནི། བསམ་དུ་མེད ་པའོ།། ཞེས་སྨོས་པ་དང་བྲལ་བ་ལ་གསུངས་སོ།། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང་། མཚན་མ་སྤོང་བའི་ཐབས་ཀྱི་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་གང་རྣམ་པར་རྟོག་པ་པ་དེ་རྣམ་པར་མི་རྟོག་པའི ་དབྱིངས་སོ།། ཞེས་དཔྱོད་ན་ཡང་རྣམ་པར་རྟོག་པ་ལ་དཔྱོད་པའོ།། ཞེས་གསུངས་སོ།། ཏྲོན་མུན་ཞེས་བྱ་བ་ནི། ཅིག་ཅར་འཇུག་པ་ཅེས་བྱ་སྟེ། གང་ཅིག་ཅར་འཇུག་པ་ཞེས་བྱ་བ་ནི་ཆོས་ཉིད་སྤྲོས་པ་ཐམས་ཙྪ་ད་དང་བྲལ་བ་ལ་སོ ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་རྟོག་པ་སྔོན་དུ་འགྲོ་བ་སྤངས་ནས་ཅིར་ཡང་མི་རྟོག་པར་བསྒོམ་པ་ཙམ་བྱེད་པ་ཡིན་པར་སློབ་དཔོན་ཀ་མ་བ་ཤཱི་ལས་བསྟན་ཏོ།། ཐབས་མི་སྟོན་པ་ནི་གཞན་དུ་བསྟན་ཟིན་ཏོ།། དེ་བས་ན ་དེ་ལྟ་བུ་ལ་ཟེར་བ་ཡིན་གྱི། སོ་སོར་རྟོག་པ་སྔོན་དུ་སོང་ནས་ཅིར་ཡང་མི་རྟོག་པ་ནི་རིམ་གྱིས་འཇུག་པ་ཡིན་པར་སློབ་དཔོན་ཉིད་ཀྱི་གསུངས་པ་ཡིན་ཏེ། གོང་དུ་སྨོས་པ་བཞིན་ནོ།། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས ་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་ཏེ། ཞེས་གསུངས་པ་དེ་ཡང་རྒྱུ་མེད་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་གྱི། ཡུན་རིང་པོ་མ་ལོན་པས་མི་རྟོག་པའི་ཡེ་ཤེས་མི་སྐྱེ་གསུངས་པ་མ་ཡིན་ཏེ། དེ་ནི་གཞན་དག ་ཀྱང་ཁས་མི་ལེན་པའི་ཕྱིར་རོ།། དེ་ལྟ་བས་ན་དེ་ནི་འདི་སྐད་དུ་གང་དང་གང་ལོགས་པར་རྟོག་པ་སྔོན་དུ་འགྲོ་བ་མེད་པ་དེ་དག་ནི་དམིགས་པ་མེད་པར་མི་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་སྣང་བ་གང་ཞིག་ལེགས་པར་རྟོག་པ་སྔོན ་དུ་འགྲོ་བ་མེད་པས་ཆུར་དམིགས་པ་མེད་པར་མི་འགྱུར་བ་ལྟ་བུའོ།། རྣལ་འབྱོར་པ་འདི་ཡང་རྣམ་པར་མྱ་གཡེངས་པའི་ཡིད་ཀྱིས་གང་ཟག་དང་ཆོས་ལ་དམིགས་པ་འཇིག་པར་བྱེད་པའི་རྟོག་པ་སྔོན་དུ་འགྲོ་བ་མེད་པས་ཁྱབ་པར ་བྱེད་པ་མི་དམིགས་པའོ།། དེ་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལྔ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། དེ་ནི་བདག་ཏུ་འདུ་ཤེས་འཇིག་མེད་བྱེང།། དེ་ཡིས་ཉོན་མོངས་ཕྱི་ནས་རབ་ཏུ་ལྡང་ཞེས་གསུངས་སོ།། ་གོང་དང་གང་མ་ཡེངས་པར་ལེགས་པར་རྟོགས་པ་སྔོན་དུ་འགྲོ་བ་དེ་ནི་དམིགས་པ་མེད་པར་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ལ་ཚུར་མཐོང་བ་གང་ཞིག་མ་ཡེངས་པར་གྱེན་ལ་འགྲོ་བར་སྣང་བ་འདི་མཐའ་འགྲོ་འམ། དབུས་འགྲོ་འམ ་ཞེས་བྱ་བ་ལ་སོགས་པར་མ་ཡེངས་པར་རྟོགས་པ་སྔོན་དུ་འགྲོ་བས་ཆུར་མི་དམིགས་པའི་ཤེས་པ་སྐྱེ་བ་ལྟ་བུའོ།། ལས་དང་པོ་པའི་རྣལ་འབྱོར་པ་འདི་ཡང་ཞི་གནས་ལ་གནས་ནས་འདི་ཡང་དག་པར་གཅིག་ཡིན་ནམ། དུ ་མ་ཡིན། ཞེས་ལེགས་པར་རྟོགས་པ་སྔོན་དུ་འགྲོ་བས་རང་བཞིན་གྱི་གཏན་ཚིགས་སོ།། དེ་སྐད་དུ། འཕགས་པ་དཀོན་མཆོག་སྦྱིན་ལུས། ལྷག་མཐོང་གི་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོག་པ་ནི་མཚན་མ་མེད་པ་ལ་འཇུག ་པའོ།། ཞེས་གསུངས་སོ།། འཕགས་པ་ལང་ཀཱར་གཤེགས་པ་ལས། བློ་གྲོས་ཆེན་པོ་གང་གི་ཕྱིར་བློས་རྣམ་པར་བརྟགས་ན་རང་དང་སྤྱིའི་མཚན་ཉིད་མྱི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ་ཞེས ་ངས་སོ།། ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་གླང་གི་རྭ་ཡང་རྡུལ་ཕྲ་མོར་བཤིག་ན་མི་འདུག་གོ། རྡུལ་ཕྲ་མོ་རྣམས་ཀྱང་སོ་སོར་བཤིག་ན་རྡུལ་ཕྲ་མོའི་མཚན་ཉིད་དུ་མི་གནས་སོ་ཞེས་གསུངས་སོ།། འཕགས་པ་འཇམ ་དཔལ་རྣམ་པར་རོལ་བ་ལས་ཀྱང་། འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། བུ་མོས་སྨྲས་པ། འཇམ་དཔལ་གང་ཆོས་ཐམས་ཅད་ལ་རྣམ་པར་འབྱེད་ཀྱང་མི ་དམིགས་པ་ལགས་སོ།། ཞེས་གསུངས་སོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས་གལ་ཏེ་སྒོམ་བྱེད་ན།། དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ།། རྒྱུ ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར་ཞེས་གསུངས་སོ།། སྒོམ་པའི་རིམ་པ་ཐ་མར་མཛད་པ་ལས། དེ་ཉིད་ཀྱི་སྐབས་སུ་སོ་སོར་རྟོག་པ་སྔོན་དུ་སོང་ནས་ཡིད་ལ་བྱ་བར་ནུས་པ་དང་། དམིགས་པ་མེད ་པར་ནུས་པ་གསུངས་ཏེ། འདི་སྐད་དུ། དེ་ལ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་ལྟ་བར་བྱ་སྟེ། གང་གི་ཕྱིར་ཡང ་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་ནུས་སྲིད་ཀྱི། གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པས་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱི་རྟགས་ན། དོན་དམ་པར་ན་དུས་གསུམ་དུ ་ཆོས་སྐྱེས་པ་གང་ཡང་མ་མཐོང་བ་དེའི་ཚེ། ཇི་ལྟར་དྲན་པ་དང་ཡིད་ལ་བྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བསྒོམ་པའི་རིམ་པ་དང་པོར་མཛད་པ་ལས་ཀྱང་། ཏིང་ངེ་འཛིན་གྱི་ལག་གི་གཟུང་སྟེ། ཤིན་ཏུ་ཆ་ཕྲ་བྱའི ་ཤེས་རབ་ཀྱི་མཚོན་གྱི་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ།། དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ས་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པ་ནས་ལོག ་པར་རྣམ་པར་རྟོག་པའི་སེམས་དེ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ།། བསམ་གཏན་བཞི་མ་ཐོབ་པའི་ཞེས་གསུངས་པ་དེ་ཡང་ཕ་རོལ་པོ་ལ་མཉམ་པར་གཞག་པའི་དུས་སུ། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་ནི་དེའི ་དེས་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བའི་ཤེས་པ་རྒྱུ་མེད་པར་དམིགས་པ་མེད་པར་མི་འགྱུར་རོ།། ཅི་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་མེད་ན་ནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས ་པར་འགྱུར། གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། དེ་ལྟ་བས་ན་རྣལ་འབྱོར་པར་ཇི་ལྟར་འགྱུར་ཞེས་གསུངས་པས། དེའི་ལན་དུ་ཕ་རོལ་པོ་བརྒྱ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ ་ཤེས་མེད་ཀྱང་རྣལ་འབྱོར་པ་ཞེས་ཟེར་བ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ་ཤེས་ཡོད་བཞིན་དུ་ཡུལ་ལ་དམིགས་པར་མི་འགྱུར་བས་སྐྱོན་དེ་མ་ངེས་སོ་ཞེས་ཟེར་དུ་དོགས་ནས། ལན་དུ་སོ་སོའི་སྐྱེ་བོ ་ཡིན་ཡང་བསམ་གཏན་བཞི་པ་མཱ་ཐོབ་པར་ཡིད་ཀྱི་རྣམ་ཤེས་འགག་པར་མི་ནུས་ལ། སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་མ་སྤོང་བར་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་བཞིན་དུ་དམིགས་པ་མེད་པར་འགྱུར་བ་ནི་འཕགས ་བྱས་ནུས་ཀྱི། སོ་སོ་སྐྱེ་བློས་ནཾ་མི་ནུས་པས་དེ་སྣད་སྨྲས་ཅི་ལ་ཕན་ཞེས་གསུངས་པ་ཡིན་ཏེ། སོ་སྡེའི་སྐྱེ་བོ་ལ་ཏིང་ངེ་འཛིན་སྔོན་དུ། སོང་ནས་ལེགས་པར་བརྞགས་ཀྱང་དམིགས་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན། ་ནོ།། དེ་བས་ན་གཟུ་བོའི་བློས་མི་དཔྱོད་པར་རེས་འགའ་ནི་ད་ལྟར་དམིགས་པ་མེད་པར་འགྱུར་མི་སྲིད་དོ།། ཞེས་ཁུངས་འདྲེན་པར་བྱེད། རེས་འགའ་ནི་ཅིར་ཡང་མི་རྟོག་པར་མ་བསྒོམ་ཞིག། འདུ་ཤེས་མེད་པའི་སྙོམས ་པར་འཇུག་པར་འགྱུར་རོ་ཞེས་སྨྲ་བ་ནི། མཁས་པའི་སེམས་འཕྲོག་པར་བྱེད་པ་མ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། དེ་ལ་རྟགས་ལ་ལོག་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། མཉམ་པར་བཞག་པ ་དང་། ལངས་པའོ།། དེ་ལ་ཁ་ཅིག་ནཱ་རེ་མཉམ་པར་བཞག་ཙམ་ན་ལུས་ཕྱོགས་རེ་ལ་སོགས་པ་ཧཱ་ཙང་ཟེ་བ་དང་། གཡའ་བ་དང་། འཛག་པ་དང་། རྩུབ་པ་དང་། འདར་ནིར་གཡོ་འཕྲེར་བ་དང་། བ་དང་། གཏིང་དུའམ། གྱེན་དུ ་བཏེགས་པ་ལ་སོགས་པ་དང་། སེམས་ཀྱིས་དགའ་བ་ཙམ་ལྷག་མཐོང་གི་རྟག་སུ་བྱེད་པ་དེ་ནི་ལོག་པར་རྟོག་པ་ཡིན་ཏེ། ཞི་གནས་ཙམ་གྱིས་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ།། མི་མ་ཡིན་པའི་སྒྲ་ཐོས་པ་དང་། གཟུགས ་མཐོང་བ་དང་། འོད་ལ་སོགས་པ་དང་། ཟས་སྟོབ་པ་ལ་ངོ་མཚར་དུ་འཛིན་པ་དང་། ཁ་ཅིག་ནི་དྲི་མ་རགས་པ་གསུམ་དང་མ་བྲལ་བར་ནི་སྤྲུལ་པའི་སྐུའི་ཞལ་མི་མཐོང་ན། ལོ་དང་ཟླ་བ་ཙམ་ལོན་མ་ཐག་ཏུ་འཕགས་པས་ལུང་སྟོན ་པ་དང་། བྱིན་གྱི་བརླབས་སུ་རེ་བདག་ནི་བདུད་ཀྱིས་བྱིན་གྱིས་རློབ་པའི་ཕྱིར་ལོག་པར་རྟོགས་པའོ།། ལངས་པའི་གནས་སྐབས་སུ་ཁ་ཅིག་རྡུལ་ཕྲ་རབ་ཏུ་མཐོང་ཞེས་ཟེར་བའམ། ཅི་ཡང་མ་མཐོང་ཞེས་ཟེར་བ་ཡང་ལོག་པར་རྟོག་པ ་ཡིན་ཏེ། འདུས་པ་དང་གཉིས་ཀྱིས་ཐ་སྙད་འདོགས་པ་དང་། ལངས་པའི་ཤེས་པ་ལ་རྣམ་པ་མེད་པར་སྐྱེ་མི་སྲིད་པའི་ཕྱིར་རོ།། དེ་བས་འཕགས་པ་ལང་ཀར་གཤེགས་པ་ལས་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང་། དོན ་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་གྱི་དབང་དུ་མཛད་ནས། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན།། ཉི་མ་ཟླ་བའི་གཟུགས་འདྲ་དང་།། འོད་དང་པད་མོ་འདྲ་བ་དང་།། རི་མོ་ན་མཁའི་མེ་འདྲ་མཐོང་།། མཚན་མ་སྣ་ཚོགས་དེ་དག ་ནི། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད།། དེ་དག་ཐམས་ཅད་རྣམས་སྤངས་ཤིང་།། སྣང་བ་མེད་པར་ནམ་གྱུར་པ།། དྲི་ཚེ་སངས་རྒྱས་ལྷ་ཡི་ཕྱག། ཐམས་ཅད་ཞིང་ནས་བྱུང་བ་ཡིས།། དེ་ཡི་མགོ་ལ་ཉུག་མཛད་དེ།། ཡང ་དག་རྗེས་སུ་འགྲོ་བའི་ལྟས་ཞེས་གསུངས་སོ།། དེ་ལྟ་བས་ན་བསླབ་པ་བསྲུང་བར་འདོད་པས། ལྕགས་པ་བཞིན་དུ་བྱ་ཞིང་ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། སྒྱུ་མ་ལྟ་བུའི་ཡེ་ཤེས་སྐྱེ་བར་འདོད་པས་མཉམ་པར་བཞག་པའི ་དུས་སུ་ཅི་ལ་ཡང་མི་གནས་པར་བསླབ་ཅིང་། ལངས་པའི་སྐབས་སུ་ཡང་དག་པའི་ངོ་བོས་སྟོང་པའི་ཕྱིར་དང་། རྨི་ལམ་སྣང་བ་དང་འདྲ་བ་ལ་བསླབ་དགོས་པས་ཤིན་ཏུ་དབེན་པའི་སྐབས་སུ་དེ་ལ་མོས་པ་བརྟན་པོ་འབྱུང་ན ་ལམ་དུ་བཞུགས་པའི་རྟགས་ཡིན་ནོ།། མ་ནོར་ལམ་རྟགས་གཞན་དག་ནི།། སྒྲུབ་པ་སྙིང་པོར་བྱེད་པ་ལ།། དེ་དག་རིམ་གྱིས་བསྟན་པར་བྱ།། བར་སྐབས་ཀྱི་ནི་ཚིགས་བཅད་ཡིན།། དམིགས་པ་དང་ནི་ཤེས་པ་ལྔ།། ལོག ་རྟོགས་སུན་དབྱུང་མདོར་བསྟན་དང་།། རྟགས་ལ་ལོག་རྟོག་སུན་དབྱུང་གིས།། བསྒོམ་ལ་ལོག་རྟོག་བསྡུས་པ་ཡིན།། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། དེ་ལ་རང་གི་ཕྱོགས་སྒྲུབ་ཏུ་མེད་པའི་ཚུལ་གྱིས་བསྒྲུབ་པ ་པ་ནི། ཞེན་པ་མི་བསྐྱེད་ཅེས་བྱ་བ་ཡིན་ཏེ། གང་དག་ལ་ནི་ཕྱོགས་མེད་པ།། དེ་ལ་གཞན་ཕྱོགས་ག་ལ་ཡོད།། ཅེས་འབྱུང་བའི་རྗེས་སུ་སློབ་པས་སོ།། འོན་ཀྱང་གང་ཞིག་བསྒྲུབ་བྱ་གང་དང་འབྲེལ ་པའི་རྟགས་དྲན་ཞིང་འབྲེལ་བའི་རྗེས་ལ་སྐྱེས་པའི་ཤེས་པ་དེ་ནི་རྟོག་བཅས་ཡིན་ཏེ། དཔེར་ན་དུ་བ་ལ་བརྟེན་ནས་འབྲེལ་པ་དྲན་པའི་རྗེས་ལ་སྐྱེས་པའི་ཤེས་པ་ལྐོག་ཏུ་གྱུར་པའི་མེར་སྣང་བ་ལྟ་བུའོ།། ཆོས་ཉིད་སྤྲོས་པ་ཐམས ་ཅད་དང་བྲལ་བ་དང་འབྲེལ་པའི་རྟགས་གཅིག་དང་དུ་མ་དང་བྲལ་བ་ལ་བརྟེན་ནས་འབྲེལ་པ་དྲན་པའི་རྗེས་ལ་སྐྱེས་པས་རང་བཞིན་གྱིས་གཽཏན་ཚིགས་སོ།། གང་རྟོག་པ་དང་བཅས་པ་དེ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ། དཔེར ་ན་མེ་མ་ཡིན་པས་ལོག་པ་ཙམ་ལ་དམིགས་པའི་ཤེས་པ་ལྟ་བུའོ།། སོ་སོའི་སྐྱེ་བོ་དོན་ལྐོག་ཏུ་གྱུར་པ་ལ་དཔྱོད་པའི་ཆོས་ཉིད་ལ་དམིགས་པ་འདི་ཡང་རྟོག་པ་དང་བཅས་པ་ཡིན་པས་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས ་པ་ཐམས་ཅད་དང་བྲལ་བའི་སྤྱིའི་ཡུལ་ཅན་ཡིན་ནོ།། དེ་ལ་མཉམ་པར་བཞག་པའི་ཤེས་པའི་བསམ་པས་གང་ཡང་ཁས་མི་ལེན་པས་གོང་དུ་སྨོས་པའི་སྐྱོན་ཐམས་ཅད་སེལ་ཏོ།། ལངས་པའི་ཤེས་པས་ཐ་སྙད་འདོག ་པ་ནི་ངོ་བོའི་སྒོ་ནས་རྟོག་བཅས་ཞེས་བྱ་བ་དང་། ཡོད་པ་དང་མེད་པའི་བརྗོད་པ་དང་འདྲེར་རུང་བ་ཙམ་དེ་ཧ་ཅང་ཆེས། སྤྱིར་ཡང་དམིགས་སུ་མེད་ཅེས་བྱ་བ་ལ་ཡང་མི་རྟོག་པ་ཞེས་བྱ་བ་དང་དེ་ཙམ་ལ་ཡུལ་གསལ་ཞེས་བྱ ་བ་དང་། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དང་། རང་གི་མཚན་ཉིད་དུ་ཞེན་པ་ཡོད་པས་ན་ཀུན་བརྟགས་བསྒོམ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པ་ཕལ་ཆེར་བརྗོད་འདོད་དེ། འདིར་མངས་ཀྱི་དོགས་ནས་མ་བྲིས་སོ།། མཉམ ་བཞག་ལངས་པའི་ཤེས་པ་ཡིས།། ཚུལ་གཉིས་མཚོན་ཆ་གཟུང་ནས་ནི།། རིགས་པའི་ལག་གིས་འདེབས་བྱེད་པ།། ལོག་རྟོག་སྤངས་ནས་ལྷག་མཐོང་སྐྱེ།། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།། བདག་ནི་ཤིན་ཏུ ་དམུས་ལོང་བས།། ལྷག་མཐོང་བསྐྱེད་ཐབས་ཟབ་མོའི་དོན།། མི་རིགས་བཟོད་གསོལ་བདག་གིས་འདི།། སློབ་མས་ལྷག་མཐོང་སྐྱེད་ཕྱིར་བྱས།། དགེ་བ་འདི་ཡིས་དང་པོའི་ལས་ཅན་ཀུན།། ཧ་ཅང་མི་མཐོ་མི་དམའ་རྒྱུ་འབྲས ་སྟོན།། ཚུལ་ཁྲིམས་བསྲུང་ཞིང་མི་སྙེམས་ཆོས་ཉིད་བསྒོམ།། མ་ནོར་ལམ་ཞུགས་དྲོད་སོགས་སྐྱེ་བར་ཤོག། ལྷག་མཐོང་བསྐྱེད་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། ་སེམས་གནས་སྐྱེ་མདོར་བསྡུས་པ་བལྡན་སོ།། @#།། སྦོམ་ནི། སྨོན་དང་འཇུག་དང་བཟོད་པ་དང་།། ཐོས་བསྟེན་བཀུར་སྟི་སྒྲ་དགའ་སྤོང་།། ལས་དང་སྤྲོས་པ་འདུ་འཛི་སྤྱང་།། དགོན་གནས་སྤྱོད་ལམ་བསམ་པ་བསྟེན།། ཞི་གནས ་ལྷག་མཐོང་ཚོགས་དང་རྟགས།། དམིགས་དང་གཞག་དང་ངོས་གཟུང་དང་།། སྐྱོ་དང་ཟུང་འབྲེལ་ལམ་འཇུག་ཕྱིར།། ཉི་ཤུ་གཅིག་གིས་སྒྲུབ་ལ་གདམས།། སྡོམ་ནི་རྟེན་དང་གྲོགས་བྱེད་སྔོན་འགྲོ་དང་།། དབྱེ་བ་ངོ་བོ་དམིགས་པ ་དང་།། ཕན་ཡོན་སོ་སོ་ངེས་ཚིག་དང་།། བསྒྲུབ་དང་མི་ལྡན་རྐྱེན་དང་རྒྱུ།། ལྡོག་རྒྱུ་ཉམས་བྱེད་བཏང་ཚད་དང་།། ཉེས་དམིགས་གང་གིས་ཆོ་ག་དང་།། མི་ཉམས་འཕེལ་བྱེད་བསླབ་བྱ་སྟེ། ཉི་ཤུ་གཅིག ་གིས་སྨྱོན་པའི་སེམས།། སྡོམ་ནི་ཕན་ཡོན་སོ་སོ་ཁམས་དང་ནི།། འགྲོ་བ་གཏོང་དང་གནས་པའི་དུས།། གྲངསོ་དང་གོ་རིམས་ངེས་ཚིག་དང་།། དགག་དང་སྒྲུབ་དང་ཁྱད་པར་དང་།། ཚེ་འབྲིང་ཉམས་དང་མི་ཉམས་རྒྱུ།། ་སྔོན་འགྲོ་ཆོ་ག་ངོ་བོ་དང་།། ཡན་ལག་ཉེས་དམིགས་བསླབ་བྱ་སྟེ།། ཉི་ཤུ་གཅིག་གིས་འཇུག་པའི་སེམས།། ཆོ་གའི་སྡོམ་ནི། སློབ་དཔོན་དང་ནི་སློབ་མས་སོ།། སྡོམ་ནི། བསྒྲགས་དང་བརྟག་དང་མ་ཡེངས་དང་།། ་མེ་ཡེངས་སྤྲོ་བསྐྱེད་མ་ཡེངས་གཉིས།། དྲི་དང་བརྗོད་དང་མཁྱེན་པར་གསོལ།། རྫོགས་དང་གཟེང་བསྟོད་ཁྱད་པར་དང་།། མདོར་བསྟན་དང་ནི་གདམས་པ་ཡི།། སློབ་དཔོན་ཆོ་ག་བསྡུས་པ་ཡིན།། སྡོམ་ནི། ཐོས་དང་བརྟག ་དང་གུས་པ་དང་།། གསོལ་གདབ་སྤྲོ་བྱ་ལན་གདབ་དང་།། བསོད་ནམས་སྐུ་དང་སྟོན་པའི་སེམས།། བསྐུལ་དང་སྤྱོད་ལམ་བསམ་པ་དང་།། སྔོན་འགྲོ་ངོ་བོ་ཁས་བླངས་ཉམས།། གཟེང་བསྟོད་རྫོགས་དང་ཁྱད་པར་དང་།། ་མདོར་བསྟན་གདམས་ལ་མཉན་པའོ།། སློབ་དཔོན་བརྟགས་པའི་སྤྱི་སྡོམ་ནི།། སྣོད་དུ་རུང་དང་མི་རུང་བའོ།། སྡོམོ་ནི་སྨོད་དང་ངན་དང་ཞུགས་སྨིན་དང་།། སྨོན་དང་བླངས་དང་གནས་པ་དང་།། མཁས་ད་འཛིན་ནུས ་གོ་བྱེད་ནུས།། མཐུ་ཡོད་བརྩེར་ལྡན་སྐྱོ་བ་བཟོད།། སྡོམ་ནི། མི་མོས་མི་འཇུག་མི་རྟོག་དང་།། བརྐམ་དང་ཟིལ་གནོན་འདོད་པ་ཆེ།། མི་ཆོག་ཉམས་དང་མ་གུས་དང་།། ལྷོ་དང་ཁྲོ་དང་འཁོན་དུ་འཛིན།། མི་བཟོད་གཤེ་དང ་བརྡེག་པ་དང་།། མཚང་འདྲུ་འཕྱ་དང་ལེ་ལོ་དང་།། སྙོམས་ལས་ཉིད་དུས་ཚོད་མིན་དང་།། ཉལ་བ་དུས་ཚོད་གཉིས་དུས་མིན།། ཚོད་མིན་དུས་ཡོལ་གཡེངས་པ་དང་།། མི་གནས་ཡིད་དུལ་རྨོངས་པ་དང་།། ཞུམ་དང་སྡིག ་པའི་ཚིག་སྒྱུ་དང་།། ལྷ་དང་རྟོག་པའང་དེ་བཞིན་ནོ།། གང་གི་རྒྱུ་དང་སྐྱེས་པ་དང་།། འབབ་དང་བག་གཉིས་ཉེས་མེད་དང་།། ཉེས་དམིགས་ཕྱིར་བཅོས་མི་འབྱུང་རྒྱུ།། བཅུ་གཅིག་བསླབ་བྱ་ཕན་ཡོན་གཉིས།། གང་ཟག་ལས ་དང་པོ་པ་ལས་ཐོག་མ་པ།། བདག་ལ་ཕན་པར་འདོད་པ།། བདག་གི་དོན་རྗེས་སུ་ཐོབ་པར་འདོད་པས། གནས་བཞི་པོ་ཀུན་ཤེས་པར་འདོད་ཅིང་། ཀླན་ཀའི་སེམས་མེད་པ་དང་། གུས་པ་དང་བཅས་ཤིང་། ང་རྒྱལ་གྱི་ཁེངས ་པ་མེད་པ་དང་། དགེ་བ་གང་ཡིན་ཞེས་ཚོལ་ཞིང་།། བདག་ཉིད་སྒྲོགས་པའི་ཕྱིར་མ་ཡིན་པ་དང་། བདག་དང་གཞན་དག་དགེ་བའི་རྩ་བ་དག་ལ་ངེས་པར་སྦྱར་བར་བྱ་ཞིང་། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་བ་མེད་པ་དག་ལ ་དྲན་ཉེ་བར་གཞག་ནས། མཁན་པོ་འམ་སློབ་དཔོན་ནམ། བླ་མ་འམ། བླ་མ་ལྟ་བུར་རྣལ་འབྱོར་པ་ཤེས་པ་གང་ཡིན་པའི་དྲུང་དུ་འགྲོ་བར་བྱའོ།། དེ་ལྟར་དུས་སུ་སོང་ནས་ཀྱང་སྐབས་སུ་བབ་པར་བྱ་སྟེ། སྟན་ཤིན་དུ་དམའ ་བ་ལ་འདུག་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། རྗེས་དང་བཅས་གུས་པ་དང་བཅས་པ། བཙུན་པ་བདག་ནི་རྣལ་འབྱོར་དོན་དུ་གཉེར་བ་ལགས་ན། ་བདག་ལ་རྗེས་སུ་ཐུགས་བརྩེ་བའི་སླད་དུ། རྣལ་འབྱོར་བསྟན་དུ་གསོལ་ཞེས་རྣལ་འབྱོར་གསོལ་བར་བྱའོ།། དེ་ལྟར་གསོལ་བ་བཏབ་པའི་རྣལ་འབྱོར་ཤེས་པ་དེས་ཀྱང་། གང་ཟག་ལས་དང་པོ་པ། ལས་ཐོག་མ་པ། རྣལ ་འབྱོར་ཡིད་ལ་བྱ་བ་ལ་རབ་ཏུ་བརྩོན་པར་འདོད་པ་དེ་ལྀ། བཞིན་བཟངས་ཁྱོད་སྐྱེ་དགུ་བག་མེད་པ་དང་ལྡན་པ། ཡུལ་ལ་གཞོལ་བ། ཡུལ་ལ་ལྷག་པར་ཞེན་པར་གྱུར་པ། བག་ཡོད་པ་ལ་རབ་ཏུ་སྦྱོར་བར་འདོད་པ་དང་། ངན ་སོང་གི་བཙོན་རར་ཞུགས་པ། ངན་སོང་གི་བཙོན་ར་ནས་གདོན་པར་འདོད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ལྕགས་སྒྲོགས་གིས་བཅིངས་པའི་འཆིང་བ་དག་གཅོད་པར་འདོད་པ་དང་། འཁོར ་བའི་འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་དུ་ཞུགས་པ། འབྲོག་དགོན་པ་ཆེན་པོ་བགྲོད་དཀའ་བའི་ལམ་ལས་ངེས་པར་བསྒྲལ་བར་འདོད་པ་དང་། ཉོན་མོངས་པ་དང་མི་དགེ་བའི་རྩ་བའི་མུ་གེ་ཆེན་པོ་བྱུང་བ ་ལ། དགེ་བའི་རྩ་བའི་ལོ་ལེགས་པར་འབྱུང་བར་འདོད་པ་དང་། ཉོན་མོངས་པའི་ཆོམ་རྐུན་གྱི་འཇིགས་པ་ཆེན་པོ་དང་བྲལ་བས། མྱ་ངན་ལས་འདས་པའི་བདེ་བ་རྗེས་སུ་ཐོབ་པར་འདོད་པ་དང་། ཉོན་མོངས་པའི་ནད ་ཆེན་པོས་ཐེབས་པ། ཤིན་ཏུ་ནད་མེད་པའི་མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འདོད་པ་དང་། ཆུ་བོ་བཞིས་རྒྱུན་ཕྱོགས་སུ་བངས་པ། ཆུ་བོ་ལས་བསྒྲལ་བར་འདོད་པ་དང་། མ་རིག་པའི་མུན་པ་ཆེན་པོར་ཞུགས་པ། ་ཡེ་ཤེས་ཀྱི་སྣང་བ་རྗེས་སུ་ཐོབ་པར་འདོད་པ་ནི་ལེགས་སོ་ལེགས་སོ།། ཚེ་དང་ལྡན་པ་ཁྱོད་དེ་ལྟར། ཡང་དག་པར་རབ་ཏུ་བརྩོན་པར་བྱེད་པ་ན། གདོན་མི་ཟ་བར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བ་དང ་པའི་དཀའ་ལུང་བཞིན་དུ་བྱེད་པ་དང་། རྟག་ཏུ་འགྲུས་པའི་བསམ་གཏན་པ་ལྷག་མཐོང་དང་ལྡན་པ་དང་། ཁྱིམ་གྱི་སྟོང་པ་དག་རྒྱས་པར་བྱེད་པ་དང་། བདག་གི་དོན་གྱི་རྗེས་སུ་བྱེད་པ་དང་། ཚངས་པ་མཚུངས་པར ་སྤྱོད་པ་མཁསྡུ་པཱ་རྣམས་ཀྱིས་མ་སྨད་པ་དང་། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན ་པོ་དང་བདེ་བའི་ཕྱིར་ཞུགས་པར་འགྱུར་རོ་ཞེས་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པ་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་སྤོང་བའི་ཕན་ཡོན་ཡང་བརྗོད་པར་བྱའོ།། དེ་ལྟར ་དེ་ལྟ་བུ་དང་མཐུན་པའི་ཚིག་གི་ལམ་འཇམ་པོ་འཇམ་པོ་དག་གིས་ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བོར་བྱས་ཤིང་། སྤོང་བའི་ཕན་ཡོན་ཡང་ཡང་དག་པར་བསྟན་ནས་ཡོངས་སུ་དྲི་བར་བྱ་བའི ་གནས་ཀྱིས། ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱ་སྟེ། ཅི་ཚེ་དང་ལྡན་པ་ཁྱོད་གཅིག་ཏུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང་། འདི་ལས་ཕྱི་རོལ་པའི་སྟོན་པའམ། སྦྱིན་གནས ་གཞན་དག་ཡང་དག་པར་མི་འདོད་པ་ཡིན་ནམ། ཅི་ཁྱོད་ཚངས་པར་སྤྱོད་པ་བསྒོམ་པར་བྱ་བའི་ཕྱིར། ཁྱོད་ཀྱིས་དང་པོར་ཡོངས་སུ་སྦྱང་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་། ལྟ་བ་དྲང་པོ་ཡིན་ནམ། ཅི་ཁྱོད ་འཕགས་པའི་བདེན་པ་མདོ་དང་རྣམ་པར་དབྱེ་བ་ལས་བྱིརྣམས་ཏེ། ཆོས་ཆུང་དྲཥྚམ། མང་པོ་དྲུག་མཉན་ཅིང་གཟུང་བ་ཡིན་ནཱམ། ཁྱོད་མྱ་ངན་འང་བྲ་ལ་སེམས་མོས་ཤིང་མྱ་ངན་ལས་འདའ་བར་འདོད་པས། རབ་ཏུ་བྱུང ་བ་ཡིན་ནམ། ཞེས་དྲི་བར་བྱ་བའི་གནས་ཀྱི་ཆོས་བཞི་པོ་དག་ཡོངས་སུ་དྲི་བར་བྱའོ།། དེ་ལྟར་དྲིས་པ་ནཱ། གལ་ཏེ་དེ་ལྟ་བུ་ལེགས་སོ་ཞེས། དོམ་འཆའ་བར་བྱེད་ན། དེའི་འོག་ཏུ་གནས་བཞི་པོ་དག་རྒྱུ་རྣམ་པ་བཞིས། ལས ་པར་རྗེས་སུ་བརྟག་པར་བྱ་སྟེ། སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ། རིགས་དང་། དབང་པོ་དང་། སྤྱད་པ་ལེགས་པར་རྗེས་སུ་བརྟག་པར་བྱའོ།། དྲིས་པས་ལེགས་པར་རྗེས་སུ་བརྟག་པར་བྱ། གཏམ་དང་། ་སྤྱོད་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པས་ལེགས་པར་བརྟག་པར་བྱའོ།། དེ་ལ་ཇི་ལྟར་ན་དྲི་བས་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། འདི་སྐད་ཡོངས་སུ་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱི་ཉན་ཐོས ་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ་གླང་དུ་སྨོན་ལམ་བཏུབ་ཅེས་ཡོངས་སུ་དྲི་བར་བྱའོ།། དེ་ཡང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་བཞིན་དུ་བདག་ཉིད་ལན་འདེབས་པར་འགྱུར་ཏེ། དེ་ལྟར ་དྲི་བ་སྨོན་ལམ་ལེགས་པར་རྗེས་སུ་བརྟག་པར་བྱའོ།། ཇི་ལྟར་དྲི་བས་རིགས་པ་དང་དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། དེས་འདི་སྐད་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱི་བདག་གི་རིགས་གང ་ཡིན་པ་དང་། བདག་གི་དབང་པོ་རྣམས་རྟུལ་བའམ་འབྲིང་ངམ་རྣོ་བ་ཇི་ལྟ་བུ་ཡིན་པ་དང་། ཅི་བདག་འདོད་ཆགས་སྤྱད་པ་འམ། འོན་ཏེ་ཞེ་སྡང་སྤྱོད་པའམ། དེ་བཞིན་དུ་རྣམ་པར་རྟོག་པ་སྤྱད་པའི་བར་གང་ཞིག་ཡིན། ཞེས ་བདག་ཉིད་ཀྱི་རིགས་དང་དབང་པོ་དང་། སྤྱད་པ་དག་ཤེས་སམ་ཞེས་དྭཱི་བར་བྱའོ།། གལ་ཏེ་ཤེས་རབ་ཅན་ཞིག་ཡིན་ནོ་དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང་། དབང་པོ་དང་། སྤྱད་པ་བདག་ཉེ་བར་རྟོགས་ཤིང་། མཚན་མར ་བཟུང་བུ་དེ་བཞིན་དུ། ལན་འདེབས་པར་བྱེད་དོ།། གལ་ཏེ་དམན་པ་ཞིག་ཡིན་ན་ནི། དེས་རིམ་གྱིས་བདག་ཉིད་ཀྱི་རིགས་དང་། དབང་པོ་དང་། སྤྱད་པ་དག་ཉེ་བར་རྟོགས་ཤིང་མཚོན་མར་མ་ཟིན་པས། དེས་དྲིས་ཀྱང་ལན་འདེབས།། ་པར་མི་བྱེད་པས། དེ་ལ་དེའི་འོག་ཏུ་རེ་ཞི་གཏམ་གྱིས་དེ་གསུམ་ལེགས་པར་རྗེས་སུ་བརྟག་པར་བྱ་སྟེ། དེའི་འདུན་ཚིག་གི་ལམ་གསལ་བ། འབྲེལ་པ་སྣ་ཚོགས་པ། སྙན་པ། གོ་སླ་བ་དག་གིས་ཉན་ཐོས་ཀྱི་ཐེག་པ་དང ་ལྡན་པའི་གཏམ་བྷའོ།། ད་གལ་ཏེ་ཉན་ཐོས་ཀྱི་རིགས་ཅན་ཞིག་ཡིན་ན་ནི། གཏམ་དེ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང་། རངས་པ་དང་། ཀུན་ཏུ་དགའ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ ་བ་དང་། རབ་ཏུ་དང་བ་དང་། མོས་པར་འགྱུར་རོ།། གལ་ཏེ་དེ་རང་སངས་རྒྱས་ཀྱི་རིགས་ཅན་ནམ། ཐེག་པ་ཆེན་པོའི་རིགས་ཅན་ཞིག་ཡིན་ན་ནི། གཏམ་ངེས་ཤིན་ཏུ་དགའ་བ་དང་། རངས་པོ་དང་། ཡིད་བདེ་བ་སྐྱེ་བ་དང་། ་རབ་ཏུ་དང་བ་དང་། མོས་པར་མི་འགྱུར་རོ།། ཐེག་པ་ཆེན་པོའི་རིགས་ཅན་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོ་དང་ལྡན་པའི་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་དགའ་བ་དང་། རངས་པ་དང་། ཀུན་ཏུ་དགའ་བོ་སྐྱེ་བ་དང་། ་ཡིད་བདེ་བ་སྐྱེ་བ་དང་། རབ་ཏུ་དང་བ་དང་། མོས་པར་འགྱུར་རོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་ནི་དེ་ལྟ་མ་ཡིན་ནོ།། གལ་ཏེ་དབང་པོ་རྟུལ་པོ་ཞིག་ཡིན་ན་ནི། གསལ་བའི་གཏམ་བྱས་ན་ཡང་། ཆོས ་ཀྱི་དོན་ཉེ་བར་བརྟག་པ་དང་། བཟུང་བ་དང་། སོ་སོར་བརྟག་པར་བྱ་བ་ལ་ཤིན་ཏུ་མང་རྟུལ་བར་འགྱུར་རོ།། གལ་ཏེ་དབང་པོ་འབྲིང་ཞིག་ཡིན་ན་ནི་དེ་ལྟ་མ་ཡིན་ནོ།། གལ་ཏེ་དབང་པོ་རྣོན་པོ་ཞིག་ཡིན་ནཱ་ནི། དབང་པོ་རྟུལ ་པོ་ལ་སླ་བའི་གཏམ་བྱས་པ་ལས་བཟློག་པ། ཟབ་མོའི་གཏམ་བྱས་ན་ཡང་། ཆོས་ཀྱི་དོན་མྱུར་དུ་ཉེ་བར་རྟོགས་པ་དང་། ཟིན་པ་དང་སོ་སོར་རྟོག་པར་བྱེད་དོ།། གལ་ཏེ་འདོད་ཆགས་སྤྱད་པ་ཞིག་ཡིན་ན་ནི། དང་བར་འགྱུར ་བའི་གཏམ་བྱས་པ་ན། གཏམ་དེས་ཤིན་ཏུ་རབ་ཏུ་དང་བ་དང་། དགའ་བ་དང་། དགོངས་པའི་རྗེས་སུ་འཇུག་པ་དང་། སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་བཀྲུག་ཅེས་བྱེད་པ་དང་། སེམས་ཀྱིས་རྒྱུད་སྣུམ་པ་དང་། སེམས ་འཇམ་པ་སྟོན་པར་བྱེད་དོ།། གལ་ཏེ་དེ་ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི། དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་གཏི་མུག་སྤྱད་པ་ཞིག་ཡིན་ན་ནི། ངེས་པར་འབྱེད་པའི་གཏམ་མྱ་ངན་ལས་འདས་པ་དང་། ལྡན ་པ་ཟང་ཟིང་མེད་པ་བྱས་པ་ན། སྐྲག་པ་དང་དང་པོ་དང་། ཀུན་ཏུ་སྐྲག་པར་འགྱུར་རོ།། ཇི་ལྟར་དབང་པོ་རྟུལ་པོ་བསྟན་པ་དེ་བཞིན་དུ་དེ་ཡང་རིག་པར་བྱའོ།། གལ་ཏེ་དེ་ང་རྒྱལ་སྤྱོད་པ་ཞིག་ཡིན་ན་ནི། ཤིན་ཏུ་གུས་པར་ཉན་པར ་མི་བྱེད་ཅིང་ཅང་། ནཱ་གཏོད་པར་མི་བྱེད་ལ། དེ་བཞིན་དུ་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་མི་བྱེད་ཅིང་། དད་པར་གྱུར་ན་ཡང་དེ་བཞིན་དུ་བསྙེན་བཀུར་དང་། ལེགས་སོ་ཞེས་བྱ་བ་བྱིན་མི་བྱེད་དོ།། གལ་ཏེ་དེ་རྣམ་པར ་རྟོག་པ་སྤྱད་པ་ཞིག་ཡིན་ན་ནི། ལེགས་པར་རྣ་བླགས་ཉན་པར་བྱེད་ཀྱང་སེམས་རྣམ་པར་གཡེངས་པར་འགྱུར་ཞིང་ལོག་པར་བཟུང་སྟེ། འཛིན་པར་ཡང་འགྱུར་ཞིང་མི་བསྟན་ཞིང་མི་དམ་པོར་འཛིན་པར་ཡང་འགྱུར། གཟུང་ན་ཡང ་ཆུད་ཟ་བར་འགྱུར་ཞིང་། ཡང་དང་ཡང་དུ་ཕྱི་ཕྱིར་ཡོངས་སུ་འདྲི་བར་ཡང་འགྱུར་ཏེ། དེ་ལྟར་རིགས་པ་དང་། དབང་པོ་དང་། སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱའོ།། ཇི་ལྟར་ན་སྤྱོད་པས་རིགས་པ་དང་། དབང་པོ་དང་། ་སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པར་བྱ་ཞེ་ན། གང་ཟག་ཉན་ཐོས་ཀྱི་རིགས་ཅན་ལ། འདོད་ཆགས་ལ་སོགས་པ་སྤྱད་པ་དག་གིས་རྟགས་གང་དག་སྔར་བསྟན་པ་དེ་དག་ནི་སྤྱོད་པ་ཞེས་བྱ་སྟེ། ་སྤྱོད་པ་དེས་རིགས་དང་དབང་པོ་དང་། སྤྱད་དག་ཅི་རིགས་པར་ལེགས་པར་རྗེ་སུ་བརྟག་པར་བྱའོ།། དེ་ལ་ཇི་ལྟར་ན་སེམས་ཀྱི་རྣམ་གྲངས་ཤེས་པས་རིགས་དང་། དབང་པོ་དང་སྤྱད་པ་དག་ལེགས་པར་རྗེས་སུ་བརྟག་པོར་བྱ་ཞེ་ན། ་གལ་ཏེ་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཐོབ་པ་ཞིག་ཡིན་ན། དེས་ཕ་རོལ་གྱི་སེམས་ཤེས་པ་དེས། དེའི་རིགས་དང་དབང་པོ་དང་། སྤྱད་པ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས ་ལེགས་པར་རྗེས་སུ་བརྟག་པར་བྱའོ།། ཉེས་པ་ཀུན་སྤངས་ཡེ་ཤེས་ཐོབ་མེད་རབ་བསྒྲེས་པ།། ཁམས་རྣམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་མངོན་སུམ་གཟིགས། གང་ལ་གང་ཕན་གསུངས་པའི་དམ་ཆོས་རི་རབ་ལས།། ་རྡུལ་ཙམ་བླངས་ནས་དང་པོའི་ལས་ཅན་དོན་དུ་བཤད། དེ་ལ་ལས་དང་པོའི་གང་ཟག་ནི་བདུན་ཏེ། འདོད་ཆགས་ཤེས་ཆེ་བ་ནས། རྣམ་པར་རྟོག་པ་ཤས་ཆེ་བའི་བར་དང་། ཆ་མཉམ་པ་དང་། ཉོན་མོངས་ཆུང་བའོ།། ཆ་མཉམ ་པའི་རྟགས་གང་ཞེ་ན། གང་ཟག་གང་གི་སྔོན་ཚེ་རབས་གཞན་དག་ཏུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྣམ་པར་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་གོམས་པར་མ་བྱས། ལན་མང་དུ་མ་བྱས་ཀྱང ་ཆོས་དེ་དག་ཉེ་དམིགས་སུ་མ་མཐོང་ཞིང་སུན་མ་ཕྱིན་ཡང་དག་པར་མ་རྟོགས་པས། དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བ་དང་། རྨོངས་པར་འགྱུར་བ་དང་། ཁེངས་པར་འགྱུར་བ ་དང་། རྣམ་པར་རྟོག་པ་དང་མཐུན་པའི་དངོས་པོ་ལ་འདོད་ཆགས་ཤས་ཆེན་པོ་དང་། འདོད་ཆགས་ཡུན་རིང་པོར་སྐྱེ་བར་མི་འགྱུར་ཡང་འདི་ལྟ་སྟེ། དངོས་པོ་དེས་དེ་ལས་འདོད་ཆགས་ཀུན་ཏུ་མི་འབྱུང་བ་མ་ཡིན་པ་དང་།། ། ་འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་། རྣམ་པར་རྟོག་པ་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་གང་ཟག་ཆ་མཉམ་པར་འགྱུར་བ་ཞེས་བྱའོ།། གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་གང་ཞེ་ན། ་གང་ཟག་གང་གིས་སྔོན་ཚེ་རབས་གཞན་དག་ཏུ་འདོད་ཆགས་ཀུན་ཏུ་མ་བསྟེན་ཅིང་གོམས་པར་མ་བྱས། ལན་མང་དུ་མ་བྱས་ལ་ཉེས་དམིགས་སུ་ཡང་ལན་མང་དུ་མཐོང་ཞིང་། སུན་ཀྱང་ཕྱིན་ཡང་དག་པར་རྟོགས ་པས་དེ་རྒྱུ་དེ་དང་རྐྱེན་དེས་ད་ལྟར་ཆགས་པར་འགྱུར་བའི་དངོས་པོ་ཆེན་པོ་དང་། མང་པོ་དང་། ལྷག་པ་དང་ཕྲད་ཅིང་མངོན་སུམ་དུ་གྱུར་པ་ལྔ་ནི་འདོད་ཆགས་བུལ་བར་སྐྱེ་ལ། འབྲིང་དང་ཆུང་ངུ་ལ་ནི་བསམ་གཏན་མི་སྐྱེ ་བ་དང་། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་། གཏི་མུག་དང་ང་རྒྱལ་དང་། རྣམ་པར་རྟོག་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན་ཞེས་བྱའོ།། ཞེས་གསུངསོ།། ་ཡང་ན་གང་ཟག་ཆ་མཉམ་པར་སྤྱད་པ་ལ་ནི་འདོད་ཆགས་ལ་སོགས་པ་སྤྱད་པ་དག་གི་རྟགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོད་མོད་ཀྱི། དེ་དག་ཇི་ལྟར་ཆགས་པ་ལ་སོགས་པ་སྤྱད་པ་དེ་དག་གི ་ལྟར་ཆེ་བ་དང་བརྩན་པ་ནི་མ་ཡིན་ཏེ། དེ་དག་ཀྱང་རྐྱེན་དག་ཡོད་ན་ཆ་མཉམ་པར་འགྱུར་བ་ཡིན་པར་མངོན་ནོ།། ཡང་གང་ཟག་ཉོན་མོངས་པ་ཆུང་བའི་རྟགས་རྣམས་ནི་མ་བསྒྲིབས་པ་དང་། དང་པོ་དག་པ་དང་། ཚོགས ་བསགས་པ་དང་། དད་པ་ཆེ་བ་དང་། ཡིད་གཞུངས་པ་དང་། བསོད་ནམས་བྱས་པ་དང་། ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ།། དེ་གཉིས་ཀྱི་དམིགས་པ་ནི་མི་སྡུག་པ་སྒོམ་པ་ནུས་དབུགས་བགྲང་བ་ཡན ་ཆད་དམིགས་པ་གང་ལ་དགའ་བ་སྐྱེ་བར་འགྱུར་བ་དེ་ལ་བསྒོམ་མོ་ཞེས་གསུངས་ཏེ། དེ་ནི་མཐུན་པའི་དམིགས་པ་ཡིན་ནོ།། ཞེས་གསུངས་སོ།། འདོད་ཆགས་ལ་སོགས་པ་ཤས་ཆེ་བ་དེ་དག་གི་དམིགས་པ་ནི་སོ་སོར་ངེས ་པ་ཁོ་ན་ཡིན་ནོ།། ཉོན་མོངས་པ་ཆུང་ངུ་བས་ཉེ་བས་མྱུར་བ་མྱུར་བས་སེམས་གནས་པ་རྟོགས་པར་འགྱུར་རོ།། ཆ་མཉམ་པ་རྟོགས་པས་ནི་ཧ་ཅང་ཡུན་རིང་པོ་མ་ཡིན་པས་སོ།། ཤས་ཆེ་བ་ནི་ཡུན་རིང་བས་སོ།། ཉོན་མོངས་པ ་དེ་དག་ལས་བཞི་ཤས་ཆེ་བ་དང་། གསུམ་ཤས་ཆེ་བ་དང་། གཉིས་ཤས་ཆེ་བ་ཡང་ཤེས་པར་བྱའོ།། ཉོན་མོངས་པ་ཆུང་བ་དང་། ཆ་མཉམ་པ་ལ་ནི་བདེ་བར་གཤེགས་པའི་སྐུ་ལ་སོགས་པ་ལ་དམིགས་ཀྱང་སེམས་གནས། ་པར་འགྱུར་རོ།། དེ་སྐད་དུ་སློབ་དཔོན་ཀཱ་མ་ལ་ཤཱི་ལས་ཀྱང་དེའི་དམིགས་པ་ངེས་པ་མེད་དོ་ཞེས་གསུངས་སོ།། དེའི་བསྒོམ་པ་ནི་གཞིན་དུ་བལྟའོ།། དེ་ལ་མ་བསྒྲིབས་པ་ནི་སྒྲིབ་པ་གསུམ་པ་ལས་ཀྱི་སྒྲིབ་པ་དང་། ཉོན་མོང ་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབས་པ་དག་གིས་མ་བསྒྲིབས་པ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔའི་ལས་དག་དང་། གཞན་ཡང་བསམ་བཞིན་བྱས་པའི་ལས་ལྕི་བ་ལས་ཀྱི་རྣམ་པར་སྨིན་པ ་མ་བསྐྱེད་པའམ་སྐྱེད་པའི་བར་ཆད་བྱེད་པ་གང་ཡིན་པའོ།། དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་པ་ཤེས་ཆེན་པོ་དང་། ཉོན་མོངས་པ་ཡུན་རིང་པོ་གང་དག་ཡིན་པ་སྟེ། ཚེ་འདི་ཉིད་ལ་སྤྱད་པ་རྣམ་པར་སྦྱོང་བའི ་དམིགས་པ་རྣམ་པར་སྦྱང་བར་མི་ནུས་པ་གང་ཡིན་པའོ།། དེ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ནི། སྐྱེ་བའི་གནས་གང་དུ་འཕགས་པའི་ལམ་མི་འཇུག་ཅིང་མི་རྒྱུ་བ་དང་། གང་དུ་འཕགས་པའི་ལམ་འཇུག་ཅིང་རྒྱུ་བ་དོར་རྣམ ་པར་སྨིན་པ་མངོན་པར་གྲུབ་ན་ཡང་། དེར་སྐྱེས་པའི་ཚེ་གླེན་པ་དང་། ལྐུག་པ་དང་། ལག་པས་པར་བྱེད་པར་འགྱུར་ཞིང་ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས ་པར་གྱུར་པའོ།། དེ་ལ་དང་པོ་དག་པ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་། ལྟ་བ་དྲང་བའོ།། དེ་ལ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རྣམ་པ་བཅུར་རིག་པར་བྱའོ།། དེ་ལ་ལྟ་བ་དྲང་བ་ནི། དད ་པ་དང་མཚུངས་པར་ལྡན་པ་དང་མོས་པ་དང་། མཚུངས་པར་ལྡན་པ་དང་། སྒྱུ་དང་གཡོ་དང་བྲལ་བ་དང་། ལེགས་པར་བསམ་པའི་ཆོས་ཀྱི་དོན་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མེད་པའི་སྦྱོར་བ ་དང་ལྡན་པའི་ཕྱིར་ཏེ། ལྟ་བ་དང་མཚུངས་པར་ལྡན་པ་གང་ཡིན་པ་ནི། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་འགྱུར་རོ།། མོས་པ་དང་མཚུངས་པར་ལྡན་པ་ནི། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་མཐུ ་བསམ་གྱིས་མི་ཁྱབ་པ་དང་། སྐྱེ་བའི་གནས་བསེམ་གྱིས་མི་ཁྱབ་པ་དང་། ཟབ་མོ་བསྟན་པ་དག་དང་། ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་མོས་ཤིང་མི་སྐྲག་མི་དངང་བར་འགྱུར་རོ།། སྒྱུ་དང་གཡོ་དང་བྲལ་བའི་ལྟ་བ ་ནི། དེ་ན་དྲང་པོ་དང་། དྲང་བའི་རང་བཞིན་ཅན་དང་། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་པ་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ།། ཆོས་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང ་པ་དང་། བདག་མེད་པ་ལས་བརྩམས་ཏེ། དོན་ལེགས་པར་བྱརྩམས། དོན་ལེགས་པར་གཞལ། ལགས་པར་ཉེ་བར་བརྟགས་པ་ཡིན་ཏེ། རྒྱུ་དེས་ང་ནི་ནེམ་ནཱར་མེད་ཅིང་ཐེ་ཚུམ་མེད་ལ་ལམ་གཉིས་དང་བྲལ་ཞིང་ཁྱད ་པར་དུ་འགྲོ་བ་ཡིན་ཏེ། ཇི་སྐད་སྨོས་པའི་ལྟ་བ་རྣམ་པ་བཞི་པོ་དེ་དག་ལ་ལྟ་བ་དྲང་བ་ཞེས་བྱའོ།། དེ་ལ་ཚོགས་བསགས་པ་ནི། རྒྱས་པར་སྔར་བསྟན་པའི་དེ་ཁོ་ན་ལྟ་བུའི་ཚོགས་དང་ལྡན་པའོ།། ཡང་མདོར་བསྡུ་ན ་རྣམ་པ་བཞི་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། སྔོན་གྱི་དང་། ཚེ་འདིའི་འོ།། དེ་ལ་བསོད་ནམས་ཀྱི་ཚོགས་ནི། གང་གིས་ད་ལྟར་དེ་ལ་ཡོ་བྱད་རྐྱེན་དུ་བབ་ཅིང་མཐུན་པ་རབ་ཏུ་དང་པོ་དག་བདོག ་པ་དང་། དགེ་བའི་བཤེས་གཉེན་དག་རྙེད་པ་དང་། རབ་ཏུ་བརྩོན་པ་ན་བར་ཆད་མེད་པ་གང་ཡིན་པའོ།། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། གང་གིས་ཡིད་གཞུངས་པར་འགྱུར་བ་དང་། ལེགས་པར་གསུངས་པ་དང་། ཉེས་པར ་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། རྗེས་སུ་མཐུན་པའི་ཆོས་བསྟན་པ་དང་། དོན་བསྟན་པ་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པར་འགྱུར་བའོ།། དེ་ལ་སྔོན་གྱི་ནི་དགེ་བའི་རྩ་བ་ཉེ་བར་བསགས ་པས་དེས་ད་ལྟར་དང་པོ་ཡོངས་སུ་སྨིན་པ་དག་ཐོབ་པའོ།། དེ་ལ་ཚེ་འདིའི་ནི་འདི་ལྟ་སྟེ། དགེ་བའི་ཆོས་འདུན་པ་དང་། དེ་བཞིན་དུ་དབང་པོ་ཡོངས་སུ་སྨིན་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོ་སྡོམ་པ་ལ་སོགས ་པ་སྟེ་རྒྱས་པར་སྔ་མ་བཞིན་ནོ།། དེ་ལ་དྲད་པ་ཆེ་བ་ནི་སྟོན་པ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ལ་དད་པར་བྱེད་ཅིང་མོས་པར་བྱེད་པ་དང་། སྟོན་པ་ཇི་ལྟ་བ་བཞིན་དུ་ཆོས་དང་བསླབ་པ་ལང་ཡང་དེ་བཞིན་ནོ།། ཞེས་བྱ་བ ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་བཞིན་ནོ།། དེ་ལ་ཡིད་གཞུངས་པ་ནི། གང་གིས་ཆོས་རྣམས་མྱུར་དུ་འཛིན་པར་བྱེད་པ་དང་། ཆོས་དང་དོན་རྣམས་ཡུན་རིང་པོར་ཡང་མི་བརྗེད་པར་བྱེད་པ་དང་། ཆོས་དང་དོན་རྣམས ་མྱུར་དུ་རྟོགས་པར་བྱེད་པའོ།། དེ་ལ་བསོད་ནམས་བྱས་པ་ནི། གང་གིས་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པ་དང་། ཚེ་རིང་བ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ ་དང་། གྲུགས་པ་དང་ལྡན་པ་དང་། བསོད་ནམས་ཆེ་བ་དང་། ཆོས་གོས་ལ་སོགས་པ་རྙེད་པ་དང་། རྒྱལ་པོ་ལ་སོགས་པས་བསྙེན་བཀུར་བྱས་བླ་མར་བྱས་པའོ།། དེ་ལ་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་ཡོན་ཏན་ནི་འདོད་པ་ཆུང ་བ་ལ་སོགས་པ་ཡིན་པར་རིགས་པར་བྱ་སྟེ། དེ་ནི་རང་བཞིན་ནི་དགེ་སྦྱོང་གི་རྒྱན་ཇི་སྐད་བསྟན་པ་དེ་དང་ལྡན་པ་དང་། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་གང་ཟག་འདོད་ཆགས་ཆུང་བའི་རྟགས་རྣམས་ཡིན་པར་རིག་པར་བྱའོ།། སྤྱིའི་ཡེ ་གེ་རྫོགས་སོ།། །། མེ་འབར་འོབས་འདྲའི་འཇིག་བཅས་འདོད་པ་དག། གང་གིས་བག་ཆགས་བཅས་པར་གཏན་སྤངས་ལ།། རབ་ཏུ་དང་བས་ཕྱག་འཚལ་དེ་གསུངས་པའི།། བདུད་རྩི་ཆུ་རྒྱུན་འདོད་མེ་ཟིལ་གནོན་བཤད ་སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང་།། ཚོགས་དང་བསྒོམ་དང་ཚོད་གཟུངས་དང་།། སྐྱེ་རིམ་གནས་ཚད་བསྟན་པའི་ཐབས།། འཁྲུལ་པར་ཤེས་དང་བཅུ་ཡིན་ནོ།། དེ་ལ་རྟགས་ནི་འདིར་འདོད་ཆགས་ཤེས་ཆེ་བའི་རྟགས་བཟུངས། ་སྟེ། དེ་ཡང་གང་ཞེ་ན། འདི་ན་གང་ཟག་འདོད་ཆགས་སྤྱད་པ་ནི།། ཆགས་པར་འགྱུར་བའི་དངོས་པོ་ཆུང་ངུ་དང་།། ངན་པ་ཐམས་ཅད་ལ་ཡང་འདོད་ཆགས་ཀུན་ནས་དཀྲིས་པ་སྟུག་པོ་དང་། ཆེན་པོ་སྐྱེད་པར་བྱེད་ན། འབྲིང་དང་བཟང ་པོ་དག་སྨོས་ཀྱང་ཅི་དགོས། བསོད་ནམས་ཀྱི་ཀུན་ནས་བཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལྔ་གནས་པར་བྱེད་ཅིང་། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེ་སུ་འབྲེལ་པར་འགྱུར་བ་དང་། དེ་ཆགས ་པར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་། ཆགས་པར་འགྱུར་བའི་ཆོས་རྣམས་ཟིལ་གྱི་ས་གནོན་པར་མི་ནུས་པ་དང་། དབང་པོ་མཉེན་པ་དང་། དབང་པོ་འཇམ་པ་དང་། དབང་པོ་མི་རྩུབ་པ་དང་། ་དབང་པོ་མི་བརླང་བ་དང་། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་ཐོ་འཚམ་པའི་རང་བཞིན་ཅན་མ་ཡིན་པ་དང་། དཔྲལ་བར་དཀའ་བ་དང་། ཡིད་འབྱུང་བར་དཀའ་བ་དང་། དམན་པ་ལ་མོས་པ་དང་། ་ལས་ཀྱི་མཐའ་དམའ་བ་དང་། ལས་ཀྱི་མཐའ་བརྟེན་པ་དང་བརྟུལ་ཞུགས་དམའ་བ་དང་། བརྟུལ་ཞུགས་བརྟན་པ་དང་། སྒྲོ་རིང་བ་དང་། འཚོགས་ཆས་དང་ཡོ་བྱད་དག་ལ་བརྐམ་པའི་རང་བཞིན་ཅན་ཡིན་ཞིང་། དེ་ལ་གདུ ་དང་། ཡིད་བབྱེ་བ་མང་བ་དང་། ཀུན་དགའ་བ་མང་བ་དང་། ཁྲོ་གཉེར་མེད་པ་དང་། བཞིན་གྱི་མདོག་གསལ་བ་དང་། འཛུམ་པ་སྔོན་དུ་གཏོང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི། གང་ཟག་འདོད་ཆགས་སྤྱད་པའི་རྟགས་རྣམས ་ཡིན་པར་བྱའོ།། ཞེས་གསུངས་སོ།། དེ་ལ་ཕན་ཡོན་ནི། ནད་དང་ཕྱི་རོལ་ལ་བརྟེན་པའི་འདོད་པ་མེ་དང་འདྲ་བ་དེ་ནང་དང་ཕྱི་རོལ་གྱི་མི་སྡུག་པ་གོམས་པ་ཆུ་དང་འདྲ་བའི་གཉེན་པོས་ཞི་བར་འགྱུར་ཏེ། ཇི་སྐད་དུ་འདོད་ཆགས ་མེ་ནི་མི་སྡུག་ཆུས་ཞི་བྱེད་ཅེས་གསུངས་སོ།། གཞན་ཡང་འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་པས་དེ་ཞི་ན་དེ་ལ་བརྟེན་པའི་ཉོན་མོངས་པ་གཞན་ཡང་ཞི་བར་འགྱུར་རོ།། ་དེའི་ཕྱིར་ཏིང་ངེ་འཛིན་སྔོན་དུ་མྱུར་དུ་ཐོབ་ནས་དེ་ལ་བརྟེན་པའི་ཤེས་རབ་གོམས་པས་ཉོན་མོངས་པརྡྷ་ནཱས་སྤྱོང་བ་ཡོངས་སུ་དག་པའི་ཡེ་ཤེས་ཤཱཪྵ་ནུས་ལུས་ཕུན་སུམ་ཚོགས་པ་གསེར་གྱི་ཁ་དོག་ལྟ་བུ་ཐོབ་ཅིང་། བདག ་དང་གཞན་གྱིས་ཕུན་སུམ་ཚོགས་པའི་སྒྲུབ་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ།། དེ་སྐད་དུ་བུམྦྷ་བྷྲཱུཾ་མཆོག་གིས་ཞུས་པ་ལས་ཀྱང་། གསེར་ཀྵི། བ་དོག་ལྟ་བློ་རབ་འབྱུར་ཞིང་།། ཡིད་དུ་འོང་བ་བྱང་གི་ལུས་འདི་ལ་ལྷས། ་ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ།། ཚོགས་པའི་སེམས་དང་ལྡན་ལ་ཡོད་རོ་སྠཱན་ཞེས་གསུངས་སོ།། དེ་ལ་ཤེས་པར་བྱ་བ་ནི་འདིར་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པའི་མཚན་ཉིད་ཤེས་པར་བྱའོ།། འདོད་ཆགས་ནི་གཉིས ་ཏེ། ནང་གི་འདོད་པ་ལ་བདུན་པའི་འདོད་ཆགས་དང་། ཕྱི་རོལ་གྱི་འདོད་པ་རྣམས་ཀྱི་འཁྲིག་པ་ལ་འདུན་པ་འཁྲིག་པའི་འདོད་ཆགས་སོ།། དེ་ལ་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ཉིད་ལ་དམིགས་པས་ནི། ནང་གི་འདོད ་པ་རྣམ་ས་ཀྱི་འདོད་པ་ལ་འདུན་པའི་འདོད་ཆགས་ལས་སེམས་ལྡོག་པར་བྱེད་དོ།། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྒྲ་དང་སྤུ་དང་སེན་མོ་དང་སོ་དང་ཀློག་དང་། དྲི་མ་དང་པགས་པ་དང་ཤ་དང་། རུས་པ་དང་ཆུ་རྒྱུས་དང་། ་དང་། རྩ་དང་མཁལ་མ་དང་། སྙིང་དང་མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། མཆེར་པ་དང་། ཕྱི་ས་དང་། མཆི་མ་དང་རྡུལ་དང་མཆིལ་མ་དང་སྐབས་དང་ཞག་དང་ཆུ་སེར་དང་། རྐང ་དང་ཚིལ་དང་མཁྲིས་པ་དང་། བད་ཀན་དང་རྣག་དང་ཁྲག་དང་། གླང་སྤྲིན་དང་གླང་རྒྱས་དང་། གཅི་ནཱ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ནང་ལ་བརྟེན་པའི་མི་སྡུག་པ་དག་ཡིན་པར་རིག་པར་བྱའོ།། དེ་ཡང་ཁམས་གཉིས ་བློ་སའི་ཁམས་དང་ཆུའི་ཁམས་ཀྱིས་བསྡུས་ཏེ། དེ་ལ་སྐྲ་དང་སྤུ་དང་བཤད་པའི་བར་དག་ནི་སའི་ཁམས་སོ།། མཆི་མ་དང་རྡུལ་དག་ནས་ལྕིའི་བར་དག་ནི་ཆུའི་ཁམས་སོ།། དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་འབུས་གཤེགས་པ་དང་། རྣམ་པར་བམ་པ་དང་། རྣམ་ཕྱུར་ཟོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་འཐོར་བ་དང་། རུས ་གོང་དང་། ཀེང་རུས་དང་། རུས་པའི་ཀང་རུས་དང་། བཤིང་བས་གོས་པ་དང་། གྲི་ཅི་བས་གོས་པ་དང་། མཆིལ་མུས་གོས་པ་དང་། སྣབས་ཀྱིས་གོས་པ་དང་། ཁྲག་གིས་གོས་པ་དང་། རྣག་གིས་གོས་དང་། ཆ་ག་ཟུངས་དང་། ་ལྡན་ལྗིན་དང་དེ་ལྟ་བུ་དང་མཐུན་པ་དག་ནི་ཕྱི་རོལ་ལ་བརྟེན་པའི་མི་སྡུག་པ་དག་ཡིན་པར་རིག་པར་བྱའོ།། དེ་ཡང་འདོད་ཆགས་རྣམ་པ་བཞིའི་གཉེན་པོ་སྟེ་ཁ་དོག་དང་། དབྱིབས་དང་། རེག་པ་དང་། ཉེ་བར་སྤྱོད་པ་ལ་ཆགས ་པ་དང་ལྡན་པ་ལ་སེམས་རྣམ་པར་སྦྱོར་བར་བྱེད་དོ།། དེ་ལ་གང་གི་ཚེ་རྣམ་པར་བསྔོས་པ་ནས་རྣམ་པར་ཟོས་པའི་བར་ཡིད་ལ་བྱེད་པ་དེའི་ཚེ། ཁ་དོག་ལ་འདོད་ཆགས་པ་ལས་སེམས་རྣམ་པར་སྦྱོང་བར ་བྱེད་དོ།། གང་གི་ཚེ་རྣམ་པར་དམར་བ་ཡིད་ལ་བྱེད་པ་དེའི་ཚེ། དབྱིབས་ཀྱི་འདོད་ཆགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ།། གང་གི་ཚེ་རུས་གོང་དང་ཀེང་རུས་དང་རུས་པའི་ཀེང་རུས་ཡིད་ལ་བྱེད་པ་དེའི་ཚེ་རེག་པའི་འདོད ་ཚོགས་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ།། གང་གི་ཚེ་རྣམ་པར་དམྱུར་བ་ཡིད་ལ་བྱེད་པ་དེའི་ཚེ། ཉེ་བར་སྤྱོད་པ་ལ་འདོད་ཆགས་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི ་རོལ་ལ་བརྟན་པའི་མི་སྡུག་པ་དུ་ར་ཁྲོད་རྣམ་པ་བཞི་གསུངས་སོ།། དེ་ནི་རེ་ཞིག་ཤེས་པར་བྱའོ།། དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ།། འདིར་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། ་འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་ཞིག་མེད་ན་སྒྲུབ་པར་དཀའ་བས། བདག་གིས་ཐོག་མར་སེམས་གནས་པ་ཞིག་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ།། དེ་ཡང་ནང་གི་ལུས་དང་ཕྱི་རོལ་གྱི་བུད་མེད ་ལ་ཆགས་ན་གནོད་པ་སྣ་ཚོགས་བསྐྱེད་ཅིང་ངན་སོང་གསུམ་དུ་འགྲོ་ནོ། སེམས་གནས་པ་དང་། བདེ་འགྲོར་སྐྱེ་ཞིང་ཐར་པར་ལྟ་ག་ལ་ནུས་པར་འགྱུར། བདེ་འགྲོ་མེད་པར་ཇི་ལྟར་སྒྲུབ། དེ་སྐད་དུ་ཟླ་བ་སྒྲོན་མོའི་མདོ་ལས། རུལ་པར ་གྱུར་པའི་ལུས་འདི་དང་སྲོག་ཀྱང་གཡོ་བ་དབང་མེད་དོ།། རྨི་ལམ་སྒྱུ་མ་འདྲ་བ་ལ།། བྱིས་པ་འདི་དག་ཆགས་པས་ན།། དེ་དག་མི་བཟད་སེམས་དམྱལ་འགྲོ། ཞེས་གསུངས་སོ།། ཡང་གསུངས་པ། གང་ཞིག་འདོད་ཆགས ་སེམས་ཀྱིས་ནི།། བུད་མེད་རུལ་པ་རྟེན་བྱེད་པ།། འགྲོ་བ་རུལ་པར་འགྲོ་འགྱུར་ཏེ།། དེས་ན་ངན་འགྲོར་འགྲོ་བར་འགྱུར། ཞེས་གསུངས་སོ།། དེ་ལྟ་བས་ན་ལུས་དང་བུད་མེད་ལ་ཆགས་པའི་སེམས་སྤང་བར་བྱའོ།། ། ་དེ་ལ་སྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བསས་ལུས་དྲང་པོར་བསྲངས་ལ་ཡུང་ཙམ་ཞིག་བསྡད་དོ།། དེ་ནས་རེ་ཞིག་ནང་ལ་བརྟེན་པའི་མི ་སྡུག་པ་ལ་སེམས་འདི་ལྟར་གཏད་པར་བྱ་སྟེ། ལུས་འདི་ལ་སྒྱུ་དང་སྤུ་དང་གླད་པ་དང་། གླང་རྒྱས་དང་གཙོ་བོའི་བར་དག་ལ་ལེ་ནས་འདི་འི་རུལ་པ་དྲི་མི་ཞིམ་པ་དྲི་ང་བ་མི་སྡུག་པ་ཉིད་དོ།། སྐམ་དུརབ་ཏུ་སྒོམས་ལ་ཙི་གསལ ་དུ་བསྒོམ།། ཕྱི་རོལ་བརྟེན་བརྟེན་པའི་མི་སྡུག་པ་ལ་སེམས་གཏོད་པར་བྱེད་པ་ནི་རྣམ་པར་བསྔོས་པ་ལ་སེམས་གཏོད་པར་བྱེད་པ་ན། དེས་བུད་མེང་ངམ་སྐྱེས་པའམ་མཛའ་ཤེས་སམ། ཐ་མལ་པསངན་པའམ་འབྲིང ་ངམ། བཟང་པོ་འམ། བྱིས་པ་འམ། བར་མའམ། རྒན་པོ་ཤི་བའི་རོ་བདག་ཉིད་ཀྱི་མཐོང་ངམ། གཞན་ལས་ཐོས་སམ་ཡོངས་སུ་བརྡགས་ཀྱང་རུང་སྟེ། དེའི་མཚན་མ་བཟུང་ན། ཤི་ནས་འག་གཅིག་ལོན་པ་ཁྲག ་ཟགས་ལ་རུལ་བར་མ་གྱུར་པ་གང་ཡིན་པ་ལ། འདི་ནི་རྣམ་པར་བསྔོས་པའོ།། ཞེས་རབ་ཏུ་སྒྲིམས་ལ་ཅི་གསལ་དུ་བསྒོམ་མོ།། གཞན་ཡང་རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་ཀྱི་བར ་དག་གང་ལ་མོས་པ་རབ་ཏུ་བསྒྲིམས་ལ་ཅི་གསལ་དུ་བསྒོམ་མོ།། ཁམས་ཀྱི་ཚོད་གཟུང་བ་ནི། སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་། དགེ་སྦྱོར་གཞན་ལ་རབ་ཏུ་སྣང་ལ་སྒོམ་པ་ལ་མི་ནུས་པ་ཡང་སྣང ་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་པར་བྱའོ།། དེ་པས་ན་གསུམ་གས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱའོ།། མཚན་མོ་བཏང་སྙོམས་སུ་བཞག་སྟེ་གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་བརྟས ་པ་ཙམ་ལོག་ཅིང་བརྡལ་ལོ།། ཉིན་པར་ཞར་ལ་ཚོད་བཟུང་ཞིང་བསྒོམ་སྟེ། འདི་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་གོམ་པ་ཐ་མལ་པས་མངའ་རྒྱུད་ཕྱེད་དུ་ཕྱིན་པའི་ཡུད་ཙམ་ཞིག་བསྒོམ་མོ།། ཕྱི་དྲོ་ཐུན་གཅིག་ལ ་ཡང་དེ་བཞིན་དུ་བསྒོམ་མོ།། དེ་ནས་ཉི་མྱ་བཅུའི་བར་དུ་ཐུན་རེ་རེ་བསྣུན་ཞིང་བསྒོམ་མོ།། ནཱ་ཚ་ཕན་ཚེགས་བྱུང་ན་འཕྲུལ་ལ་ཞི་བར་བྱ་སྟེ། སྲན་སྐྱེད་ཅིང་མི་བསྒོམ་མོ།། ཁམས་ནི་བདེ་བ་མེད་ན་གོང་དུ་སྨོས་པ་བཞིན་དུ ་བསྒོམ་མོ།། དེ་ལྟ་བས་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ།། དེ་ལ་སེམས་ཀྱིས་སྐྱེ་བའི་རིམ་པ་ནི་བཞི་སྟེ་དང་པོ་རྩོལ་བ་དྲིག་ཞན་གཉི་ག་ལ་དམིགས་པ་མི་གསལ་བ་དང་། གཉིས་པ་རྩོལ་བ་དྲག་ཏུ་བསྒོམས ་ནས། ཕྱོགས་འགའ་གསལ་ཏེ། དེ་ཡང་ཡུན་རིང་པོར་མི་ཚུགས་པ་དང་། གསུམ་པ་ནི་རྩོལ་བ་དྲག་ཏུ་བསྒོམས་ན་གང་ལ་གཏད་ཀྱང་གསལ་ལ་ཞན་ན། ལ་ལ་མི་གསལ་ཏེ། དེ་ཡང་ཡུན་རིང་པོར་མི་སྣང་ངོ་།། བཞི་པ་ནི ་རྩོལ་བ་དྲག་གཞན་གཞིག་ལ་གླད་པ་ལ་སོགས་པ་གང་ལ་དམིགས་ཀྱང་ཤིན་ཏུ་གསལ་བར་སྣང་བ་དང་། དེ་ཉིད་དམིགས་ཀྱང་རུང་། རིམ་གྱིས་བགྲངས་ཀྱང་རུང་སྟེ། ཐུན་རིང་བར་ནུས་པ་དང་། རང་དབང་མེད་པའི་རྒོད་པ ་དང་། བྱིང་བ་དང་བྲལ་དང་། ལུས་ཀྱི་བདེ་བ་སྔར་ཉམས་སུ་མ་མྱོང་བས་ལུས་ལ་ཁྱབ་པ་དང་། སེམས་ཀྱི་དགའ་བ་དད་པ་དང་། མཚུངས་པར་ལྡན་པས་སེམས་ལ་ཁྱབ་པ་དང་ལྡན་པའོ།། དེ་ལ་གནས་པའི་ཚད་ནི།། ་འདི་ལྟར་རྣལ་འབྱོར་པ་དེ་མཱི་སྡུག་པའི་སྦྱོར་བ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ན། རྒྱུ་གང་ཡང་རུང་གནས་ཀྱང་རུང་སྟེ། ཡུལ་མངོན་དུ་གྱུར་ཅིང་མཚན་མར་སོ་སོར་བརྟགས་སུ་ཟིན་ཀྱང་མངོན་པར་འདུ ་བྱེད་པ་མེད་པར་རང་བཞིན་གྱི་མི་སྡུག་པོ་ཉིད་ཅེས་མང་དུ་སྣང་སྟེ། འདི་ལྟ་སྟེ་མི་སྡུག་པ་ཉིད་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་འདོད་པའི་འདོད་ཆགས་དང་། མཐུན་པའི་ཆོས་རྣམས་ལ་སེམས་འཇུག་པར་མི་འགྱུར། མོས ་པར་མི་འགྱུར་ཞིང་བཏང་སྙོམས་དང་། ཡིད་འབྱུང་བ་དང་མི་མཐུན་པར་ཀུན་ཏུ་གནས་ན། རྣལ་འབྱོར་པ་བདག་ནི་མི་སྡུག་པ་ཐོབ་པ་ཡིན་ནོ།། བདག་ནི་བསྒོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ།། ཞེས་རིགས་པར་བྱའོ།། མི ་སྡུག་པ་དེ་ཙམ་གྱིས་མི་སྡུག་པ་ཡིན་ནོ།། དེ་ལ་བརྟན་པའི་ཐབས་ནི། སེམས་གནས་ནུས་ཤེས་ནས་སྔར་བསྒོམ་པ་བས་ཐུན་གྱི་གྲངས་ཉུང་བར་རིག་པར་བྱ་སྟེ། ཡུལ་ཅུང་ཟད་རིང་བཱར་བྱ། སྲོད་ན ་རངས་ལ་ཡང་བསྒོམ། དམིགས་པ་ལ་རྩོལ་བར་མི་བྱ་བར་སྦྱར་ཇི་ཙམ་གསལ་བ་དེ་ཙམ་ལ་དམིགས་སོ།། ཇི་སྲིད་ལུས་ངལ་བ་དང་སེམས་དྲུབ་པ་འམ། དང་བ་འམ། ཤུག་འབྱུང་བ་འམ། མགོ་བགས་ཀྱི་ལྕི་བའམ། ཡམ ་ཡོ་མ་བྱེད་པའམ། འདར་བའམ། གཉིད་སྲབ་པའམ། ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་བྱུང་བ་དེ་སྲིད་དུ་བསྒོམ་མོ།། དེ་ནམ་བྱུང་ནས་ངལ་གསོ་སྟེ། ་ལུས་ལོ་སྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་ནུས་པ་བརྟུས་སུ་བཞུག་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་ངུ་རེ་རེ་བལྟ་བ་ཙམ་བསྒོམ་མོ། ་ཁམས་སར་ཆུད་ནས་སྲོང་དང་ཐོ་རངས་ཐུན་རེ། ཉིན་པར་གསུམ་ཙམ་བསྒོམ་ཞིང་། ཐུན་ལྡ་ན་པས་རིང་བར་བྱའོ།། དེ་ལ་འཁྲུལ་པར་ཤེས་པར་བྱ་བ་གང་ཞེ་ན། དེ་ཡེ་ཤེས་པ་ཤིན་ཏུ་གསལ་བར་སྣང་ཡང་རང་གི་ངོ་བོས་ཡོད ་བ་མ་ཡིན་པ་དེ་ནི་འཁྲུལ་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན། རང་གི་ལུས་ལ་ནང་བྱུང་བ་དང་། ཕྱི་རོལ་གྱི་ལུས་ལ་རྣམ་པར་བསྔོས་པོ་ལ་སོགས་པ་དེ་ན་མེད་ཀྱང་གསལ་པོར་སྣང་བ་ལྟ་བུའོ།། སྒོམ་པའི་ཤེས་པ ་ལ་ཕྱི་རོལ་ཏུ་ཆད་པ་ལྟ་བུ་ཤིན་ཏུ་གསལ་བར་སྨང་བའི་མི་སྡུག་པ་འདི་དག་ཀྱང་། རང་གིས་ངོ་བོས་དོན་དམ་པར་ཡོད་པ་མ་ཡིན་པས་སེམས་ཉིད་འཁྲུལ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པ་ལས ་ཕྱི་རོལ་གཟུགས་ནི་ཡོང་མིན་ཏེ།། རང་གི་སེམས་ཉིད་ཕྱི་རོལ་སྣང་།། ཞེས་གསུངས་སོ།། དེ་ལྟ་བས་ན་ཡང་དག་པར་མེད་ཀྱང་ཡོད་པར་ལྟ་བུར་སྣང་བ་དེ་ནི་ཕྱིན་ཅི་ལོག་གི་དོན་སྟོན་པས་འཁྲུལ་པ་ཡིན་ཏེ། འདི་ནི་ཡང་དག་པའི ་མི་སྡུག་པའོ།། སྙམ་དུ་འདུ་ཤེས་བསྐྱུད་པར་མི་བྱ་ཞིང་། སྐྱེ་བ་མེད་ལ་ངེས་པ་སྐྱེ་བར་འགྱུར་བའི་རིགས་པ་གང་ཡང་རུང་བ་ལ་བརྟེན་ནས་ལྷག་མཐོང་བསྐྱེད་པར་བྱའོ།། ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང་།། བདག་པས་བློ ་གཞན་མི་སྲིད་དེ།། འོན་ཀྱང་དོན་དུ་མི་གཉེར་བསོ།། མཁས་པའི་གདམ་དག་མ་ཐོས་ལ།། ཕྲན་སྐྱིད་བསམས་ནས་བྲིས་པ་ལགས། རབ་ཅི་བ་ཅན་གྱི་གཟུགས་བལྟས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམ ་ལ་བཟོད་པར་གསོལ།། མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། ། ཞེ་སྡང་ཟུག་རྔུ་བག་ཆགས་བཅས་པར་སྤངས།། འགྲོ་བ་ཀུན་ལ་བུ་གཅིག་བཞིན་དུ་བྱམས། ཟུག ་འབྱིན་པའི་སྨན་འདྲ་གསུང་སྒྲོགས་ལ།། ཕྱག་འཚལ་དེ་གསུང་བྱམས་པའི་བསྒོམ་ཐབས་བཤད།། སྡོམ་ནི་རྟགས་དང་ཕན་ཡོན་ཤེས་བྱ་དང་།། ཚོགས་དང་བསྒོམ་དང་ཚོད་གཟུང་དང་།། སྐྱེད་རིམ་གནས་ཚད་བསྟན་པའི ་ཐབས།། སྐྱོ་བ་སྤང་དང་བཅུ་ཡིན་ནོ།། དེ་ལ་རྟགས་འདིར་ཞེ་སྡང་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ལ་གང་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་གང་ཞེ་ན། འདི་ན་གང་ཟག་ཞེ་སྡང་སྤྱད་པ་ནི།། ཞེ་སྡང་བར་འགྱུར ་ངའི་དངོས་པོ་ལ་ཁོང་ཁྲོ་བའི་རྒྱུ་མཚན་ཆུང་ངུས་ཀྱང་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན། འབྲིང་དང་ཆེན་པོ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང་། དེ་ཁོང་ཁྲོ་བར་འགྱུར་བའི་ཆོས་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ཞིང་ཁོང་ཁྲོ་བར་འགྱུར་བའི་ཆོས ་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང་། དབང་པོ་མི་མཉེན་པ་དང་། དབང་པོ་མི་འཇམ་པ་དང་། དབང་པོ་རྩུབ་པ་དང་། དབང་པོ་བརླང་བ་དང་། གཞན་དག་ལ་འདི་ལྟ་སྟེ། ལུས་དང་ངག་གིས་ཤིན་ཏུ་རྣམ་པར་ཐོ་འཚམ་པའི ་རང་བཞིན་ཅན་ཡིན་པ་དང་། དཔྲལ་བར་བླ་བ་དང་། ཡིད་དབྱུང་བར་སླ་བ་དང་། གཅོར་བ་དང་མུར་གཙོར་སྨྲ་བ་དང་།། སྤྱི་བརྟོལ་ཆེ་བ་དང་། མི་མོས་པ་མང་བ་དང་། ལས་ཀྱི་མཐའ་དམའ་བ་དང་། ལས་ཀྱི་མཐའ་བརྟན་པ་དང་། བརྟུལ ་ཞུགས་དམའ་བ་དང་། བརྟུལ་ཞུགས་བརྟན་པ་དང་། ཡིད་མི་བདེ་བ་མང་བ་དང་། འཁྲུག་པ་མང་བ་དང་། བཟོད་པ་མེད་པ་དང་། སྤྲོ་ཐུང་བ་དང་། མི་མཐུན་པའི་རང་བཞིན་ཅན་ཡིན་པ་དང་། མཐུན་པར་འཛིན་པ་མ་ཡིན་པ་དང་། ་བ་མང་བ་དང་། བཟློག་དཀའ་བའི་རང་བཞིན་ཅན་དང་། འཁྲུག་པ་མང་བ་དང་། བསམ་པ་ཁྲོ་ཞིང་གཏུམ་པ་དང་། འཚིག་ཅིང་བརླང་པོར་སྨྲ་བ་དང་། དེ་ཅུང་ཟད་ཞིག་སྨྲ་བ་ཡང་མི་དང་ཞིང་འཁྲུག་ལ་གནོད་སེམས་བསྐྱེད་པ་དང ་གནོད་བཞིན་དུ་གནས་པ་དང་། འཁྲུག་པ་བསྐྱེད་པ་དང་། ཁྲོ་གཉེར་དང་ལྡན་པ་དང་། གཞིན་གྱི་མདོག་མི་གསལ་བ་དང་། གཞན་གྱི་འབྱོར་པ་ལ་ཞེ་སྡང་ཞིང་ཕྲག་དོག་མང་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང ་ཟག་ཞེ་སྡང་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ།། དེ་ལ་ཕན་ཡོན་ནི། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན།། མཆོད་པ་རྣམ་མང ་དཔག་མེད་ཇི་སྙེད་པ།། སྐྱེས་མཆོག་རྣམས་ལ་དེ་ཡི་རྟག་མཆོད་པ།། བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད།། ཅེས་གསུངས་སོ།། བཀྲ་ཤིས་ཚིགསུ་བཅད་པའི་མདོ་ལས་ཀྱང་།། གང་ཞིག་སེམས་ཅན་ཐམས ་ཅད་ལ།། བྱམས་པའི་སེམས་ནི་རབ་བསྒོམ་ཞིང་།། དཔག་ཏུ་མེད་པ་མི་འཁྲུགས་པ།། དེ་ནི་བཀྲ་ཤིས་དམ་པ་ཡིན།། ཞེས་གསུངས་སོ།། དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ། དབྱེ་བ་དང་། ངོ་བོའོ།། དེ་ལ་དབྱེ་བ ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ།། དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པ་རྣམས་ཀྱིས་བྱམས་པའོ་ཞེས་གསུངས་སོ།། ་ངོ་བོ་ནི་གཞན་ལ་ཕན་པ་དང་བདེ་བར་འདོད་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཆགས་པའོ།། དེ་ལ་ཚོགས་ནི་སྤྱིར་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ།། འདིར་བྱེ་བྲག ་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། དཔེར་ན་ཐ་བ་སྐམ་པོ་ལ་མྱུ་གུ་མི་སྐྱེ་བ་དེ་བཞིན་དུ་བདག་གི་རྒྱུད་ཞེ་སྡང་དང་ལྡན་ན་འཇིག་རྟེན་དང་། འཇིག་རྟེན་ལྔས་འདས་པའི་དགེ་བ་གཞན་ཡང་སྐྱེ་མི་ནུས་ལ། བླ་ན་མེད་པའི ་བྱང་ཆུབ་ཆེན་པོ་ལྟ་ག་ལ་འཐོབ། དེ་སྐད་དུ་ཞེ་སྡང་ཟུག་ངུའི་སེམས་འཆང་ན།། ཡིད་ནི་ཞི་བའི་ཉམས་མི་མྱོང་།། དགེའ་བ་དང་བདེ་བ་མི་འཐོབ་ཅིང་།། གཉིད་མི་འོང་བཞིན་བརྟན་མེད་འགྱུར།། ཞེས་གསུངས་སོ།། འཕགས ་པོ་འཇམ་དཔལ་རྣམ་པར་འཕྲུལ་པ་ལས་ཀྱང་། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་ཟད་པར་ན་ཁོང་ཁྲོ་བ་ཞེས་བྱའོ།། ཞེས་གསུངས་སོ།། དེ་བས་ན་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བདག་གི་རྒྱུད་ཐབ་སྐམ་པོ་དང་འདྲ་བ་དེ་བྱམས་པ་ཆུ་དང་འདྲ་བ་དེས་བརླན་པ་ཞིག་ཐོག་མར་བསྒྲུབ་པར་བྱའོ།། སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་ལ་བསྒོམ་པ ་ནི། འདི་ལྟར་ཡིད་དུ་འོང་བའི་ས་ཕྱོགསུ་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ།། དེ་ནས་མིའི་འགྲོ་བ་བདག་གིས་མཛའ་བོ་འམ་བཤེས་པའམ་ཡོད་དུ་འོང་བ་ཞིག་ལ་འདི་ནི་བདག ་གཱི་ཕྲ་མའོ།། འདི་ལ་ལན་དུ་ཕུན་འདགས་སོ།། དོན་དུ་གཉེར་རོ།། འཇིག་རྟེན་འདིར་ཁ་ན་མ་ཐོ་བ་མེད་པའི་བདེ་བ་ཐོབ་ཅིང་། ཐོབ་པ་མ་ཉམས་ཤིང་གོང་དུ་འཕེལ་ནཱ་ཅི་མ་རུང་། ཕྱི་མ་ལ་ངན་འགྲོའི་འགྲོ་བ་སྤངས་ཏེ། ལྷ་དང ་མིའི་བདེ་བ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཚོགས་རྒྱ་ཆེན་པོ་ལ་སོགས་པ་རབ་ཏུ་བརྩོན་པ་ཅི་མ་རུང་སྙམ་དུ་ཤིན་ཏུ་བགྲིམས་ལ་གཏང་ངོ་།། དེ་ལ་ཁམས་ཀྱི་ཚོད་བཟུང་པོ་ནི། སྤྱིར་ཁམས་རབ་འབྱིང་ཐ་མ་གསུམ་ཡོད ་ཀྱང་ང་གེ་སྦྱོར་གཞན་ལ་རབ་ཏུ་འཇུག་ལ་སྒོམ་པ་ལ་ཧ་ཅང་མི་ནུས་པ་ཡང་སྣང་བས། རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་མོ།། དེ་བས་ན་རེ་ཞིག་སློབ་ལུགས་གཅིག་པར་བྱའོ།། མཚན་མོ་བཏང་སྙོམས་སུ་བཞོག་སྟེ། ་གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱི་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ།། ཉིན་པར་ཞག་ལ་ཚེད་གཟུང་ཞིང་བསྒོམ་མོ།། འདི་ལྟར་ཉི་མ་དང་པོ་སྔ་དྲོ་ཐུན་ཅིག་ཡན་གོམ་པ་ཐ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པ ་ཙམ་ཞིག་བསྒོམ་མོ།། ཕྱི་དྲོ་ཐུན་གཅིག་ལ་ཡང་དེ་བཞིན་དུ་བསྒོམ་མོ།། དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣུན་ཅིང་བསྒོམ་མོ།། ན་ཚྭ་འཕྲན་ཚེ་གེས་བྱུང་ན་འཕྲལ་དུ་ཞི་བར་བྱའོ།། སྲན་བསྐྱེད་ཅིང་མི་བསྒོམ་མོ།། ་ཁམས་མི་བདེ་བ་མེད་ན་གོ་དུ་ཐོས་པ་བཞིན་དུ་བསྒོམ་མོ།། དེ་ལྟ་བས་ན་ཁམས་ཀྱི་ཚོད་ཞར་ལ་ཤེས་པར་འགྱུར་རོ།། དེ་ལ་སེམས་ཀྱིས་སྐྱེ་བའི་རིམ་པ་ནི་བདུན་ཏེ། ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་མཉམ ་པར་གཞག་པའི་ཚེ། ཕན་པ་དང་བདེ་བའི་སེམས་མི་མཐུན་པའི་ཕྱོགས་ཀྱི་མི་འཕྲོགས་པར་སྐྱེ་ལ། ལངས་པའི་གནས་སྐབས་སུ་ཡང་ནམ་དྲན་པའི་ཚེ་ཕན་པ་དང་བདེ་བའི་སེམས་དཀའ་བ་མེད་པ་འཇུག ་སྟེ། བྱེ་བྲག་ནི་མཉམ་པར་བཞག་ཙམ་ན་ལུས་ཅུང་ཟད་བདེ་བ་དང་། སེམས་ཀྱང་སེམས་ཅན་ལ་དམིགས་པའི་མེ་དེ་ཡོད། ཡིད་ལ་གསལ་རབ་ཏུ་སྣང་ལ། དེའི་སྦྱོར་བས་སེམས་འཕྲོ་བ་ཙམ་དུ་འོང་ངོ་།། དེའི་འོག་ཏུ་འདྲིས་པ་རྣམས ་ལའོ།། དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ།། དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ།། དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ།། དེའི་འོག་ཏུ་གཞན་གྱི་གྲོང་ནི་གནས་པ་རྣམས་ལའོ།། དེའི་འོག་ཏུ་ཕྱོགས་གཅིག་དང་གཉིས ་ལ་སོགས་ཐམས་ཅད་ལ་ཡང་མཚན་ཉིད་དེ་འདྲ་བའི་སྒོ་ནས་སྐྱེ་བར་འགྱུར་རོ།། གནས་པའི་ཚད་ནི་ཇི་ཙམ་གྱི་ན་བྱམས་པ་ལ་སེམས་གནས་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་པ་དེས་བྱམས་པའི་སྦྱོར་པོ་ཀུན་ཏུ་བསྟེན་ཅིང་གོམས ་པར་བྱ་བ་དང་། ལན་མང་དུ་བྱས་པའི་རྒྱུས་ན། རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། ཡུལ་མངོན་དུ་གྱུར་ཅིང་མཚན་མ་སོ་སོར་བརྟགས་སུ་ཟིན་ཀྱང་། མངོན་པར་འདུ་བྱེད་པ་མེད་པར་རང་བཞིན་གྱིས་བྱམས་པའི་སེམས་མང་དུ་སྣང ་ལ། འདི་ལྟ་སྟེ་བྱམས་པ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་ཁོང་ཁྲོ་བའི་སེམས་མེད་པ་དང་། གནོད་སེམས་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་པར་རིག་པར་བྱ་སྟེ། དེ་ཙམ་གྱིས་ན་བྱམས་པ་ཐོབ་པ་ཡིན་ནོ།། ། ་དེ་ལ་བརྟན་པའི་ཐབས་ནི། སེམས་གནས་པར་ཤེས་ནས། སྔར་བསྒོམས་པ་ལས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བྱ།། སྲོད་ཐོ་རང་ལ་ཡང་བསྒོམ་མོ།། སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བར་འདོད་པའི ་ཉོན་མོངས་པ་ཅན་མ་ཡིན་པའི་ཆགས་པ་ཞེས་བྱ་བ། བྱམས་པའི་སེམས་དེ་སྔར་ཇི་ཙམ་འཇུག་པ་དེ་ཙམ་ལས་ལྷག་པར་གདུང་བ་མི་བསྐྱེད་པར་དམིགས་པའོ།། ཇི་སྲིད་ལུས་ངལ་བའམ། སེམས་དུབ་པའམ། སྒོམ་ཙམ་ན ་དངང་བའམ། ཤུགས་འབྱུང་བའམ། མགོ་བོགས་ཀྱིས་ལྕི་བ་འམ། ཡམ་ཡིམ་བྱེད་པའམ། འདར་བའམ། ནུབ་མོ་གཉིད་སྲབ་པའམོ། ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི ་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ།། དེ་ནམ་བྱུང་ཙ་ན་ངལ་གསོ་སྟེ། ལུས་བསྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱི་ནུས་པ་བརྟས་སུ་གཞུག་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལྔ་བསྒོམ ་སྙིང་འདོད་པའི་དུས་སུ་ཐུན་ཆུད་རེ་རཾ་ལྟ་བ་ཙམ་བསྒོམ་མོ།། ནུས་པརྟས་སྲོས་ཐོ་རངས་ཐུན་ར་ཙམོ་བསྒོམ་ཞིང་དགེ་སྦྱོང་གཞན་ལ་ཡང་འཇུག་པར་བྱའོ།། དེ་ལ་སྐྱེ་བ་སྦྱངས་པ་གང་ཞེ་ན། འདི་ལྟར་བྱམས་པའི་མཚན་ཉིད་ནི ་སེམས་ཅན་ཐམས་ཅད་བདེ་བར་འདོད་པ་ཡིན་ལ། སེམས་ཅན་ནི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་དེ་ལ་དམིགས་པའི་སྙིང་རྗེ་ངང་གིས་འབྱུང་བས་སྙིང་རྗེ། ཤིན་ཏུ་གོམས་ཤིང་ལོན་མང་དུ་བྱས་པའི་རྒྱུས ་དང་། གཞན་གྱི་དྲིང་འཇོག་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་གཏི་མུག་སྤྱད་པའི་རྟགས་རྣམས་ཡིན་པར་རིག་པར་བྱའོ།། ཞེས་གསུངས་སོ།། དེ་ལ་ཕན་ཡོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལ་གོམས ་ན་མ་རིག་པ་སྦྱོང་ཞིང་ཡང་དག་པའི་ལྟ་བ་སྐྱེ་བར་འགྱུར་རོ།། དེ་སྐད་དུ། གང་དག་དངོས་རྣམས་རྟེན་བྱས་ནས།། ཆུ་ཡི་ཟླ་བ་ལྟ་བུར་ནི།། ཡང་དག་མ་ཡོན་ལོག་མིན་པར།། འདོད་པ་དེ་དག་ལྟས་མི་ཕྲོགས་ཞེས་གསུངས་སོ།། དེ་ལ་ཤེས ་པར་བྱ་བ་ནི་མདོར་བསྒྱུ་ན་བཞི་སྟེ་གྲངས་དང་།། ངོ་བོ་དང་། ངེས་པའི་ཚིག་དང་། དེ་གང་གི་བསྡུས་པའོ།། དེ་ལ་གྲངས་ནི་བཅུ་གཉིས་ཏེ། མ་རིག་པ་དང་། མ་རིག་པའི་རྐྱེན་གྱི་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་དང་། རྣམ ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་གྱི་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱི་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྐྱེད་པའི་རྐྱེན་གྱི་ལེན་པ་དང་། ་ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱི་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའོ།། མ་རིག་པའི་ངོ་བོ་ནི་ཁམས་དྲུག་པོ་འདི་དག་ཉིད ་ལ་གང་གཅིག་པུར་འཛིན་པ་དང་། རིལ་པོར་འདུ་ཤེས་པ་ལ་སོགས་པའོ།། དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ། འདོད་ཆགས་དང་། ཞེ་སྡང་དང ་གཏི་མུག་གང་ཡིན་པ་འདི་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི། རྣམ་པར་ཤེས་པ་ཞེས་བྱའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག ་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལྔ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ།། ཆོས་གསུམ་འདུས་པ་ནི་རེག་པའོ།། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེན་པ་ནི་སྲེད་པའོ།། སྲེད་པ་ལ་འཕེལ་བ་ནི་ལེན ་བའོ།། ལེན་པ་ལས་སྐྱེད་པ་ཡང་སྲིད་པ་སྐྱེད་པའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཆི་ཞིང་མྱོས་ཏེ། མངོན་པར ་ཆགས་པ་དྲང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ།། མྱ་ངན་ལས་བྱུང་བའི་ཚིག་ཏུ་སྤྲོ་བ་ནི་སྨྲེ་སྔོགས་འདོན་པའོ།། རྣམ་པར་ཤེས་པ་ལྷའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ།། ཡིད་ལ་བྱེད་པ ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ།། ངེས་པའི་ཚིག་ནི་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ།། མངོན་པར་འདུ་བྱེད ་བའི་ཕྱིར་འདུ་བྱེད་པ་རྣམས་སོ།། རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ།། རྟེན་པའི་ཕྱིར་མིང་དང་གཟུགས་སོ།། སྐྱེ་བོའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ།། རེག་པའི་ཕྱིར་རེག་པའོ།། མྱོང་བའི་ཕྱིར་ཚོར་བའོ།། སྐོམ་པའི་ཕྱིར་སྲོད ་པའོ།། ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པའོ།། ཡང་སྐྱིད་པ་བསྐྱེད་པའི་ཕྱིར་སྐྱིང་པའོ།། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།། ཕུང་པོ་སྨིན་པའི་ཕྱིར་རྨྱ་བའོ།། འཇིག་པའི་ཕྱིར་འཆི་བའོ།། མྱ་ངན་བྱེད་པའི་ཕྱིར ་མྱ་ངན་ནོ།། ཚིག་གི་སྐྱེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ།། ཉོན་མོངས་པའི་ཕྱིར་འཁྲུག་པའོ།། དེ་གང་གིས་སྤྱད་ཅེ་ན། གསུམ་པོ་འདི ་དག་གིས་བསྡུས་ཏེ། ཉོན་མོངས་པ་དང་ལྔས་དང་སྡུག་བསྔལ་ལོ།། དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ།། འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱ་སྟེ། གཽ་ཏི་མུག་འདིས་འཇིག་རྟེན ་ལས་འདས་པའི་བྱ་བའི་ཐབས་མི་ཤེས་ཤིང་མི་མཐོང་སྟེ། དེས་ན་ངན་འགྲོ་འབའ་ཞིག་ཏུ་ལྷུང་ན་བྱང་ཆུབ་ལྟ་ག་ལ་འཐོབ། དེ་སྐད་དུ། རྨོངས་པས་ཆོས་རྣམས་མི་མཐོང་ངོ་།། གང་དག་གཏི་མུག་རྟེན་བྱེད་པ།། དེ་དག་ངན་འགྲོར ་འགྲོ་བར་འགྱུར་ཞེས་གསུངས་སོ།། དེ་བས་ན་བདུག་གི་གཏི་མུག་སྦྱངས་པའི་ཆེད་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གུས་པར་སྒོམ་མོ།། སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་ལ་སྒོམ་པ་གང་ཞེ་ན། ཐོག་མར་བྱ་བ་ཐམས་ཅད་ཡང ་སུ་རྫོགས་པར་བྱས་ལ་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཙས་ལུས་དྲང་པོར་བསྲང་ལ། ཡུད་ཙམ་ཞིག་བསྡང་ངོ་།། དེ་ནས་འདི་སྙམ་དུ་རྟེན་འབྲེལ་ནི་མ་རིག་པ་ནས་འཁྲུག་པའི་བར་འདི་ལས་མེད་པར་གསུངས་པས། འདི་ཉིད ་ཚོགས་ལ་དུ་བསྐུམ་མ་མཱ་དུ་བསམམ།། དེ་ནས་རིམ་རྗེམ་གྲངས་ཞིང་གྲངས་མི་བརྗེད་པ་ག་རིམས་མ་འཁྲུགས་པར་སྒྲ་སྟེ་དང་། ངན་སྨྲའོ་རྣམ་པ་ཡིད་ཀྱི་བརྗོད་པ་དེ་ལ་ཤེས་པ་ཤིན་ཏུ་བསྒྲི་སྨྲས་ལྔ་རབ་ཏུ་གསལ་བར་བཏུང་ངོ་།། ་ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་འབྲིང་གསུམ་ཡོད་ཀྱང་དགེ་སྦྱོར་གཞན་ལ་རབ་ཏུ་འཇུག་ལ་སྒོམ་པ་ལ་ཞན་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསླབས་ན་ལེགས་སོ།། དེ་བས་ན་གསུམ་གས་ཀྱང ་དང་པོ་ནས་སློབ་ལུགས་གཅིག་པར་བྱའོ།། མཚན་མོ་བཏང་སྙོམས་སུ་བཞག་སྟེ། གཉིད་ཇི་ཙམ་ལོག་པ་དེ་ཙམ་གྱིས་ཁམས་རྟས་པ་དེ་ཙམ་ལོག་ཅིང་གདུལ་ལོ།། ཉིན་པར་ཞར་ལ་ཚེད་གཟུང་ཞིང་བསྒོམ་མོ།། འདི་ལྟར་དང ་པོའི་ཉིན་པར་སྔ་དྲོའི་ཐུན་ཅིག་ལ་ཡུན་གོམྦ་པ་ཐ་མལ་པས་མདའ་རྒྱུད་ཕྱེད་དུ་ཕྱིན་པ་ཙམ་ཞིག་བསྒོམ་མོ།། ཕྱི་དྲོ་ཐུན་གཅིག་ལས་ཡང་དེ་བཞིན་དུ་བསྒོམ་མོ།། དེ་ནས་ཉི་མ་བཅུའི་བར་དུ་ཉི་མ་རེ་རེ་ལ་ཐུན་རེ་བསྣུན་ཅིང་བསྒོམ་མོ།། ་ན་ཚ་འཕྲན་ཚེགས་བྱུང་ན་ཐུན་གྱི་གྲངས་དབྲི་བའམ། ཐབས་གཞན་གྱིས་ཀྱང་རུང་སྟེ། འཕྲལ་ལ་ཞི་བར་བྱ། སྲིན་བསྐྱེད་ཅིང་མི་བསྒོམ་མོ།། ན་ཚ་མེད་ན་གོང་དུ་བསྟན་པ་བཞིན་དུ་བསྒོམ་མོ།། དེ་ལྟར་ན་ཁམས་ཀྱི་ཚོང་ཞར་ལ ་ཤེས་པར་འགྱུར་རོ།། དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་རབ་ཏུ་བསྒྲིམས་ཀྱང་། གྲངས་ཀྱང་བརྗེད་ཅིང་འགྲོ། གོ་རིམས་ཀྱང་འཁྲུགས་ཤིང་འགྲོ་བ་དང་། གཉིས་པ་ནི་གྲངས་མི་བརྗོད་ལ་གོ་རིམས་ཀྱང་འཁྲུག་པ ་མེད་པར་འཇུག་གོ། གསུམ་པ་ནི་གྲངས་དང་གོ་རིམས་མི་འཁྲུགས་ཤིང་རྟེན་འབྲེལ་གཟུགས་ཅན་གང་དག་ཡིན་པ་དེ་དག་ཕལ་ཆེར་སྣང་བར་འགྱུར་རོ།། བཞི་པ་ནི་གཟུགས་ཅན་རྣམས་གསལ ་པར་རྩོལ་བ་དྲག་ཞན་གཉིས་ཀ་ལ་སྣང་བ་དང་། གཟུགས་ཅན་མ་ཡིན་པ་ཡང་ཤིན་ཏུ་ངེས་པ་དང་། གང་ལ་གཏད་ཀྱང་བདེ་ཞིང་འོག་མ་འཕོར་མི་འདོད་པ་སྙམ་བྱེད་ཅིང་བདེ་བ་དང་། སེམས་ཀྱི་དགའ་བ་དང་ལྡན་པ་ཡིན་ནོ།། ་དེ་ལ་ཇི་ཙམ་གྱིས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སེམས་གནས་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས། རྒྱུ་ཡང་རུང ་གནས་ཀྱང་རུང་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པར་ཆོས་མང་དུ་སྣང་ལ། རྟག་པ་དང་། བདེ་བ་དང་། འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་མེད་པ་དང་། ཀུན་ཏུ་རྨོངས་པར་འགྱུར་བའི་མཚན ་མཚན་མ་དང་། ཀུན་ཏུ་རྨོངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་པ་ཡིན་ནི།། དེ་ལ་བརྟན་པའི་ཐབས་ནི་སེམས་གནས་པར་ཤེས་ནས་སྔར་བསྒོམས་པ་བས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན ་ཅུང་ཟད་རིང་བར་བསྒོམ་མོ།། སྲོད་དང་ཐོ་རངས་ལ་ཡང་བསྒོམ་མོ།། སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་རྩོལ་བར་མོ་བྱའོ།། བྱེ་བྲག་ནི་འདི་ཡིན་ཏེ། སྐྱེ་བ་སྔ་མའི་མ་རིག་པ་ལས་འདུ་བྱེད་འབྱུང་བས། དེ་གཉིས་ཀྱི་སྐྱེ ་འདྲའི་མངལ་དུ་རྣམ་པར་ཤེས་པ་ཞུགས་ནས་སྲིད་པའི་བར་དུ་སྐྱེ་བ་འདི་དང་། ལེན་པ་ནས་སྲིད་པའི་བར་དུ་མ་འོངས་པའི་རྒྱུ་བྱས་ཤིང་། དེས་མ་འོངས་པ་ནས་དང་པོ་མངལ་དུ་འཇུག་པ་ནི་སྐྱེ་བའོ།། དེས་རྒ་བ་ལ་སོགས ་པ་རིམ་གྱིས་འབྱུང་སྟེ། དེས་ཡང་མ་རིགས་པ་དང་འདུ་བྱེད་འབྱུང་སྟེ། དེ་ཡང་མ་འོངས་པ་ན་ཉིང་མཚམས་སྦྱོར་རོ།། དེ་རྒྱུན་མི་འཆད་པར་རླུང་གི་རྒྱུན་བཞིན་དུ་འཇུག་གོ།། སྙམ་དུ་བསམ་མོ།། ཇི་སྲིད་དུ་ལུས་ངལ་བ ་འམ། སེམས་དུབ་པའམ། སྒོམ་ཙམ་ན་སྡང་བའམ། ཤུགས་འབྱུང་བའམ། མགོ་བགས་ཀྱི་ལྕི་བའམ། ཡམ་ཡོམ་བྱེད་པའམ། འདར་བའམ། ནུབ་མོ་གཉིད་སྲབ་པ་དང་། ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་མ་བྱུང་གི་བར་དུ་བསྒོམ་མོ།། དེ་ནས་བྱུང་ན་ངལ་གསོ་སྟེ། ལུས་ལ་སྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ་གྱིས་ལུས་ཀྱི་དུབ་པ་རྟས་སུ་གཞུག ་སྟེ། ཁམས་སོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་ནམ་སྒོམ་སྙིང་འདོད་པའི་དུས་སུ། ཐུན་ཆུང་ངུ་རེ་རེ་ལྟ་བ་ཙམ་བསྒོམ་མོ་ནུས་པ་བརྟས་ནས་སྲོང་ཐོ་རངས། ཐུན་རེ་མི་འཆད་པར་བསྒོམ་ཉིན་པར་ཐུན་གསུམ ་གསུམ་དུ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང་། སྨོན་ལམ་ལ་སོགས་པ་ཡང་བྱའོ།། དེ་ལ་ལོག་པར་རྟོག་པ་སྤང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། རང་བཞིན་ཡོད་པར་རྟོག་པ་ནི་ལོག་པར་རྟོག་པའོ།། ། ་དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སངས་རྒྱས་ལམ་ལ་བརྟེན་ནས་ནི།། ཐམས་ཅད་མི་རྟག་སྨྲ་བ་རྣམས།། རྩོད་པ་ཡིད་ནི་དངོས་པོ་ལ།། ཆགས་གནས་གང་ཡིན་དེ་སྨང་ངོ་།། ཞེས་གསུངས ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སངས་རྒྱས་ཀྱི་ལམ་མོ།། དེ་བས་ན་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དོན་དམ་པ་རང་བཞིན་མེད་དེ་དཔེར་ན་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་དེའི་རྗེས་སུ་འབྲང་བར་བྱ། ལམ ་ཚུལ་བསམ་གྱིས་མི་ཁྱབ་ཀྱང་།། བདག་པས་བློ་ཞན་མི་སྲིད་དེ།། འོན་ཀྱང་དོན་དུ་མི་གཉེར་བས།། མཁས་པའི་གདམས་ངག་མ་ཐོས་ལ།། ཕན་སྲིད་བསམས་ནས་བྲིས་པ་ལགས།། རབ་རིབ་ཅན་གྱིས་གཟུགས་བལྟོས་ནས། ་གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལ་བཟོད་པར་གསོལ།། རྟེན་ཅིང་འབྲེལ་པར་འབྱུང་བ་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །། གང་གིས་ང་རྒྱལ ་པོ་གཏན་སྤངས་ནས།། སྐྱེ་བོ་ཁེངས་པའི་དོན་དུ་ཁམས་དབྱེ་བའི།། བདུད་རྩི་གསུམ་པ་དེ་ལ་ཕྱག་འཚལ་ཏེ།། ང་རྒྱལ་ཤས་ཆེའི་དོན་དུ་དེས་གསུངས་བཤད།། སྡོམ་ནི། རྟགས་དང་པར་ཡོན་ཤེས་བྱ་དང་།། ཚོགས་དང་བསྒོམ་པ ་གཟུང་དང་།། སྐྱེ་རིམ་གནས་ཚད་བརྟན་པའི་ཐབས།། ལྷག་མཐོང་བསྐྱེད་དང་བཅུ་ཡིན་ནོ།། དེ་ལ་རྟགས་ནི་གང་ཟག་ང་རྒྱལ་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ལ་གང་ཟགས་གང་། འདི ་ཟག་ང་རྒྱལ་སྤྱད་པ་ནི།། ཁེངས་པར་འགྱུར་བ་དང་མཐུན་པའི་དངོས་པོ་ཆུང་ངུ་དག་ལ་ཡང་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་རྒྱལ་གྱི་ཀུན་ནས ་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང་། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་འགྱུར ་ཞིང་།། ཁེངས་པར་འགྱུར་བ་དང་། མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང་། དབང་རྒོད་པ་དང་། དབང་པོ་འདམ་པ་ལྟར་མཐོ་བ་དང་།། དབང་པོ་ཁེངས་པ་དང་། ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ་བརྩན་དག་དུ་སྨྲ་ཞིང་མི་འདུད་པ་དང་། ཕ་མ་དང་ཉེ་དུ་དང་བླ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པར་མི་བྱེད་པ་དང་ཁེངས་པ་དང་། ལུས་མི་འདུད་པ་དང་། གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ ་དང་། ཐལ་མོ་སྦྱར་བ་དང་། འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང་། བདག་ཉིད་ཀུན་ཏུ་འཛིན་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གྲགིས ་པའི་སྒྲའི་ཚོགས་འདོད་པ་དང་། ཐལ་ཐོམ་གྱི་སྣོད་དུ་གྱུར་པ་དང་། འབྲལ་བར་དཀའ་བ་དང་། ཡིད་དབྱུང་བར་དཀའ་བ་དང་། རྒྱ་ཆེན་པོ་ལ་མོས་པ་དང་། སྙིང་རྗེ་ཆུང་བ་དང་། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། གང ་ཟག་དུ་ལྟ་བུའི་ཤཱས་ཆེ་བ་དང་། ཁྲོ་གཏུམ་ཆེ་བ་དང་། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟག་རྣམས་ཡིན་པར་རིག་པར་བྱའོ།། ཞེས་གསུངས་སོ།། ་དེ་ལ་ཕན་ཡོན་ནི་ང་རྒྱལ་སྤོང་བ་ལ་ཞུགས་ན་རིགས་དང་ལུས་ཕུན་སུམ་ཚོགས་པ་དང་། བླ་མ་རྣམས་ཀྱི་གདམས་ངག་ཀྱང་ཚོགས་མེད་པར་འཐོབ་སྟེ། དེས་ན་ཚོགས་རྣམས་མྱུར་དུ་རྫོགས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང ་མྱུར་དུ་ཐོབ་པར་འགྱུར་རོ།། དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེའི་ལུས་ཡོངས་སུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང་། ་བ་སོང་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཆེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཤིན་ཏུ་རྫོགས་པ་ཡིན་ཡང་གཟུགས་ཀྱི་རྒྱ་གས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ ་བའི་ཚུལ་དང་ལྡན་པ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་གཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ། གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ།། རབ་ཏུ་འདུད་དོ་ཞེས་འབྱུང་ངོ་།། ཡང་གསུངས་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ་དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ།། དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུ་དེར་འབབ་བོ།། བཅོམ ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པར། བླ་མ་དང་། སྦྱིན་གནས་ལ་གུས་པ་ལ་ཡང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ།། དེ་དྲན་པ་ལ་ཡང ་གནས་པར་འགྱུར་རོ་ཞེས་གསུངས་སོ།། དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ་གྲངས་དང་། ངོ་བོའོ།། དེ་ལ་གྲངས་ནི་དྲུག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི ་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ།། ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་། མཁྲང་བའི་རྣམ་པ་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི ་ལྟ་སྟེ། སྒྲ་དང་སྤུ་དང་སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ།། ནང་གི་ཆུའི་ཁམས་གང་ཞེ་ན་གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་། ཆུ་ཉིད་དང་། བརླན་པ་དང་། བརླན་པའི་རྣམ་པ་དང་། ་བརླན་པ་ཉིད་དང་། གཤེར་བ་ཉིད་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་རྡུལ་དང་། མཆིལ་མ་དང་། སྣབས་དང་ཆུ་སེར་དང་། ཚིལ་དང་མཁྲིས་པ་དང་། ངར་སྣབས་དང་། རྣག་དང་། ་ཁྲག་དང་། འོ་མ་དང་གཅིན་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ནང་ཆུ་དང་། ཆུའི་རྣམ་པ་དང་། ཆུ་ཉིད་དང་། བརླན་པ་དང་། བརླན་པའི་རྣམ་པ་དང་། བརླན་པ་ཉིད་དང་། གཤེར་བ་ཉིད་དང་། ཉེ་བར་གྱུར་པ ་དང་། ཟིན་པ་འདི་ནི། ནང་གི་ཆུའི་ཁམས་ཞེས་བྱའོ།། ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང་མེའི་རྣམ་པ་དང་། མེ་ཉིད་དང་དྲོ་བ་དང་། དྲོ་བའི་རྣམ་པ་དང་། ཉེ་བར་གྱུར ་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། གང་གི་ལུས་འདི་ལ་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ ་བར་འགྱུར་བ་དང་། ངག་གི་ཤས་ཆེན་རིམས་སོ་རིམས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང་། རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་། ་གཡོ་བ་ཉིད་དང་། ཉེ་བར་གྱུར་པ་དང་། ཟིན་པའོ།། དེ་ཡང་གང་ཞེན་འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་། ཟུར་དུ་འགྲོ་བ་དང་། ཐད་ཀར་འགྲོ་བ་དང་། རྒྱབ་ཏུ་འགྲོ་བ་དང་། རྒྱུབ་ན་གནས་པ་དང་། ལྷ་ནི་གནས་པ་དང་། རྒྱུད ་པར་བྱེད་པ་དང་། འགགས་པར་བྱེད་པ་དང་། གཟེར་བ་དང་། འདྲར་ཐུ་སྦྲང་དང་རླུང་སྲན་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་ལ་ཞེས་བྱ་བ་ལ་སོགས ་པའོ།། ནང་གི་ན་མཁའ་གང་ཞེ་ནོ། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ན་མཁའ་དང་། ན་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བའམ། གང་པགས་པ་དང་ཤ་དང་། ཁྲག ་གིས་དགང་བར་བྱ་བ་མ་ཡིན་པའོ།། དེ་དག་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བའམ། སྣའི་ནང་ཞེ་འམ། ཁ་ཞེའམ་ཁའི་ནང་ཞེ་འམ། ཁྭའི་སྒོ་ཞེ་འམ། མིད་པ་ཞེ་འམ། གང་ནས་མིད་པ་དང་། གང་དུ་གནས ་པ་དང་། གང་གིས་ཟོད་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང་། གཞན་ཡང་ལུས་འདི་ལ་ནང་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པའམ། ཕུང་པོར་གྱུར་པ་འམ། ཁམས ་སུ་གྱུར་པའམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང་། ན་མཁའི་རྣམ་པ་དང་། མེ་གང་པོ་དང་། པགས་པ་དང་། ཤ་དང་ཁྲག་གི་དགང་བར་བྱ་བ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། ་དེ་དག་ནི་རླུང་གི་ན་མཁའ་ཞེས་བྱའོ།། རྣམ་པར་ཤེས་པའི་ཁམས་གང་ཞེ་ནི། མྱིག་གི་དབང་པོ་ནི་བདག་པོ། གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང་། ་དམར་པོ་དང་། ཁྲ་བོ་རྣམ་པར་རིག་པའམ། རིང་པོ་དང་། ཐུང་དྲུ་དང་། སྦོམ་པོ་དང་། ཕྲ་མོ་རྣམ་པར་རིག་པ་སྟེ། གང་ཅི་ཡང་རུང་། ཁ་དོག་དང་དབྱིབས་རྣམ་པཱར་རིག་པ་འདི་ནི་མིག་གཱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ ་དེ་བཞིན་དུ་གང་ཅི་ཡང་རུང་། རྣ་བའི་དབང་པོ་ནི་བདག་པོ་ནས་ཡིད་ཀྱི་དབང་པོ་ནི་བདག་པོ། ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པའམ། དྲི་རྣམ་པར་རིག་པའམ། རོ་རྣམ་པར་རིག་པ་འམ། རེག་བྱ་རྣམ་པར་རིག ་པའམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། ཡུལ་དྲུག་ནི་དམིགས་པ་ཡིན་ལ་ཡུལ ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། ཞེས་གསུངས་སོ།། དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ།། འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱའོ།། འདི ་སྙམ་དུ་འཕགས་པའི་ལམ་གྱིས་གེགས་སུ་འགྱུར་བའི་ངོ་རྒྱལ་འདི་མ་སྤངས་ན་རྟག་ཏུ་ངན་སོང་དང་མི་ཁོམ་པར་སྐྱེ་ཞིང་། བརྒྱ་ལ་མིར་སྐྱེས་ན་ཡང་རིགས་དམའ་བ་དང་། ལོང་བ་དང་། མདོག་ངན་ཅིང་། མཐུ་ཚོང་བའི་འགྲོ ་བི་འཛིན་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལ་འཐོབ། དེ་སྐད་དྲུ། འཕགས་པ་ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། རྨོངས་ནས་ང་རྒྱལ་དབང་གི་ངན་སོངས།། མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང་།། དམྱའ་བའི་རིགས ་སྐྱེ་དང་ལོང་པ་དང་།། མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན།། ཅེས་གསུངས་སོ།། དེ་བས་ན་བདག་གིས་ཅི་ནས་ཀྱང་ཁེངས་པ་འདི་དུས་ཐམས་ཅད་དུ་སྤང་བར་བྱའོ།། སྙམ་དུ་བསམ་པར་བྱའོ།། དེ་ལ་བསྒོམ་པ་གང་ཞེ ་ནོ། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལ་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ།། དེ་ནས་ཕྱི་རོལ་གྱི་ཁམས་ལྔ་པོ་དག་མཚན་མ་བཟུང་ནས ་ནང་གི་ཁམས་ལྟར་རྟོགས་པ་ལ་མྱོས་པར་བྱེད་དོ།། ཐོས་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་མོས་པར་བྱེད་དོ།། འདི་ལྟར་མིག་གི་ཁམས་འདི་ནི་འབྱུང་བ་ཆེན་པོ་བཞི་དང་པ་སྟེ། སྲ་བ་དང་། གཤེར ་བ་དང་། ཚ་བ་དང་། ཡང་ཞིང་གཡོ་བའོ་ཞེས་ཤེས་པ་རབ་ཏུ་བསྒྲིམས་ལ་བཞིར་ཅི་གསལ་ཏུ་བརྟག་གོ།། དེ་ལྟར་གཟུགས་ཅན་གྱི་དངོས་པོ་དབང་པོ་ལྔ་ལ་སོ་སོར་ཕྱི་ཞིང་བརྟག་གོ། ཁོང་སྟོང་དང་། སྦུབས་དང་། མ་གང་བ ་ལ་ནི་ན་མཁའི་ཁམས་སུ་བརྟག་གོ། ཐོས་པ་དང་བསམ་པ་ལ་བརྟན་ནས་རྣམ་པར་ཤེས་པའི་ཁམས་ལ་འདི་ལྟར་དབང་པོ་དང་། ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་དྲུག་སྐྱེ་སྟེ། ་རྣམ་པ་སྣ་ཚོགས་ལ་དམིགས་སོ།། སྙམ་དུ་དེ་དག་སོ་སོར་ཕྱེ་བ་ལ་དམིགས་སོ།། དེ་ལ་ཁམས་ཀྱི་ཚད་གཟུང་བ་གང་ཞེ་ན། སྤྱིར་ཁམས་རབ་འབྲིང་དང་ཐ་མུ་གསུམ་ཡོད་ཀྱང་དགུ་སྦྱར་གཞན་ལ་རབ་ཏུ་འཇུག་པར་སྣང ་ལ་སྒོམ་པ་ན་ཧ་ཅང་མི་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསླབ་པར་བྱའོ།། དེ་བས་ན་གསུམ་གས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱ་སྟེ། མཚན་མོ་བཏང་སྙོམས་སུ་བཞག་ལ་གཉིད་ཇི ་ཙམ་ལོག་པ་དེ་ཙམ་གྱི་ཁམས་བརྟས་ལ་དེ་ཙམ་ལོག་ལ་གདལ་ལོ།། ཉན་པར་ཞར་ལ་ཚོང་གཟུང་ཞིང་བསྒོམ་མོ།། འདི་ལྟར་དང་པོ་ཉིན་པར་སྔ་དྲོ་ཐུན་གཅིག་གོམ་པ་ཕ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པའི་ཡུལ་ཙམ ་ཞིག་བསྒོམ་མོ།། ཕྱི་དྲོ་ཐུན་ཅིག་ལ་ཡང་དེ་བཞིན་དུ་བརྐོམ་མོ།། དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣུན་ཞིང་བསྒོམ་མོ།། ན་ཚ་ཕྲན་ཚེགས་བྱུང་ནཱ་ཞར་ལ་ཞི་བར་བྱ་སྟེ། སྤྱན་བསྐྱེད་ལ་མི་བསྒོམ་མ ་དེ་ལྟ་བས་ན་ཁམས་ཀྱི་ཚད་ཞར་ལ་ཤེས་པར་འགྱུར་རོ།། དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་སོ་སོར་ཕྱེ་བ་མི་གསལ་ཞིང་གོ་རིམས་ཀྱང་འཁྲུགས་ཏེ་འགྲོ་བ་ཡིན་ནོ།། གཉིས་པ་ནི་སོ་སོར་ཕྱེ་བའི་སྐབས་སུ ་གསལ་ཞིང་གོ་རིམས་མི་ཁྲུགས་པ་ཡིན་ནོ།། གསུམ་པ་ནི་སོ་སོར་ཕྱེ་བ་གསལ་ལ་གོ་རིམས་ཀྱང་མི་འཁྲུག་སྟེ། འོན་ཀྱང་ཡུན་ཐུང་ངུ་ལས་མི་ཐུབ་ཅིང་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་མེད་ལ་འཇུག་སྙིང་བག་འདོད ་པ་ཙམ་དུ་བས་སོ།། བཞི་པ་ནི་རྩོལ་བ་དུ་གཞན་གཉིས་ཀ་ལ་སོ་སོར་ཕྱེ་བ་གསལ་ཞིང་གང་ལ་གཏད་པ་ལས་གཞན་དུ་འཕོར་མི་འདོད་ལ། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་དང་བཅས་པར་ཡུན་རིང་དུ་གནས་པར་ནུས ་པ་ཡིན་ནོ།། དེ་ལ་གནས་པའི་ཚད་ནི་འདི་ལྟར་རྣལ་འབྱོར་པ་དེ་ཁམས་རབ་ཏུ་དབྱེ་བའི་སྦྱོར་བ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ཡང་རླུང་གནས་ཀྱང་རུང་ཁམས་སྣ་ཚོགས་དང་། ཁམས་དུ་མའི ་ལུས་ལ་རིལ་པོའམ་རབ་ཏུ་འབྱེད་པའི་འདུ་ཤེས་ཆེས་མོང་དུ་སྣང་ལ། རིལ་པོའི་འདུ་ཤེས་པ་དང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ལ་སེམས་མི་འཇུག་པ་ཡིན་ནོ།། དེ་ལ་བརྟན་པའི་ཐབས་ནི་སེམས ་གནས་པར་ཤེས་ནས་སྔར་བསྒོམ་པ་བས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བསྒོམ་མོ།། སྲོང་དང་ཐོ་རངས་ལ་ཡང་བསྒོམ་མོ།། སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་ལྷག་པར་རྩོལ་བ་མི་བྱ་སྟེ། བག་གློང། ་ལ་བསྒོམ་མོ།། ཇི་སྲིད་དུ་ལུས་ངལ་བའམ། སེམས་དུབ་པའམ། སྒོམ་ཙམ་ན་སྡང་བའམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱི་ལྕི་བའམ། ཡ་མ་ཡོམ་བྱེད་པའམ། འདར་བའམ། ནུབ་མོ་གཉིད་སྒྲུབ་པའམ། ་ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་བྱུང་གི་བར་དུ་བསྒོམ་མོ།། དེ་ནས་བྱུང་ན་ངལ་གསོ་སྟེ། ལུས་ལ་སྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་བཞུག་གོ། ཁམས་སྐོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་རེ་རེ་ཙམྲ་བསྒོམ་སྟེ། དེ་ཡང་ལྟ་བ་རྩམ་མ~ཾ།། ནུས་པར་བརྟས་ནས་སྲོང་དང་ཐོ ་རངས་ཐུན་རེ་ཉིན་པར་ཐུན་གསུམ་ཙམ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང་། སྨོན་ལམཱ་བཏབ་པ་ལ་སོགས་པ་ཡང་བྱའོ།། དེ་ལ་ལྷག་མཐོང་བསྐྱེད་པ་གང་ཞེ་ན། དམིགས་པ་འདི་ལ་བརྟེན་ནས་གཅིག་དང་དུ་མ་དང ་བྲལ་བའི་རྟགས་གྲུབ་ཤིན་ཏུ་སླ་བར་འགྱུར་ཏེ། འདི་ལྟར་ཁམས་གཟུགས་ཅན་དེ་དག་ནི་ཤིན་ཏུ་ཕྲ་ཡང་མ་ཤས་དང་བཅས་པར་སྣང་སྟེ། དེ་ལ་བཙལོ་ན་ཆ་ཤས་མེད་པ་ནི་དམིགས་པར་མི་འགྱུར་རོ།། རྣམ་པར་ཤེས་པའི ་ཁམས་སེམས་ལས་བྱུང་བ་དང་བཅས་པ་ཡང་སྐད་ཅིག་མ་ཆུ་ཤས་མེད་པ་ན་དམིགས་སུ་མེད་དོ།། ནམ་མཁའི་ཁམས་ཀྱང་ཆ་ཤས་ཙམ་དང་འབྲེལ་པ་ཡིན་པའི་ཕྱིར་གཅིག་པ་ག་ལ་ཡོད། དེ་སྐད་དུ།། ་འཕགས་པ་ཡབ་དང་སྲས་འཇལ་བ་ལས་ཀྱང་། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རེ་རེ་ནས་བཙལ་ན་མི་དམིགས་སོ།། ཞེས་གསུངས་སོ།། དེ་ལྟ་བས་ན་གཅིག་མ་གྲུབ་ན་དུ་མ་མི་འགྲུབ་སྟེ། དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ། ་དེ་ལ་རབ་ཏུ་གསལ་ན་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་ཡིན་ནོ།། དེ་བས་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་གསུངས་པའི། གདམས་ངག ་གྱི་རྗེས་སུ་འབྲང་བར་བྱའོ།། ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང་།། བདག་ལས་བློ་ཞན་མི་སྲིད་དོ།། འོན་ཀྱང་དོན་དུ་མི་གཉེར་བས།། མཁས་པའི་གདམས་ངག་མ་ཐོས་ལ།། ཕན་སྲིད་བསམས་ནས་བྲིས་པ་ལེགས།། རབ ་རིབ་ཅན་གྱི་གཟུགས་བལྟས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལ་བཟོད་པར་གསོལ།། ཁམས་རབ་ཏུ་དབྱེ་བའི་སྒོ་ནས། སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོག་སོ།། ་གང་གིས་རླུང་འདི་དབང་གྱུར་པས།། མི་རྟོག་ཡེ་ཤེས་སྐྱེས་གྱུར་ཅིང་།། འོད་ཟེར་སྣ་ཚོགས་སྟོན་མཛད་པ།། དེ་ལ་ཕྱག་འཚལ་འཇུག་ཐབས་བྲི།། སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང་།། ཚོགས་དང་སྒོམ་དང་ཚོད་གཟུང ་དང་།། བསྐྱེད་རིམ་གནས་ཚད་བརྟན་པའི་ཐབས།། སྟེང་དབྱུང་གྲངས་མཐར་ཕྱིན་དང་གཅིག། དེ་ལ་རྟགས་ནི་འདིར་རྣམ་པར་རྟོག་པ་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབང་པོ་འགྱུར་བ་དང་། ་དབང་པོ་གཡོ་བ་དང་། དབང་པོ་མི་བརྟན་པ་དང་། དབང་པོ་འཁྲུག་པ་དང་། ལུས་ཀྱི་ལས་ཀྱི་མཐའ་བརྟད་པ་དང་། གང་གི་ལས་ཀྱི་མཐའ་བརྟད་པ་དང་། འབྲལ་བར་དཀའ་བ་དང་། ཡིད་དབྱུང་བར་དཀའ་བ་དང་། སྤྲོས་པ་འདོད ་པ་དང་། སྤྲོས་པ་ལ་དགའ་བ་དང་། ནེམ་ནུར་མང་བ་དང་། ཐེ་ཚོམ་མང་བ་དང་། འདུན་པ་དང་ལྡན་པ་དང་། བརྟུལ་ཞུགས་མི་བརྟན་པ་དང་། བརྟུལ་ཞུགས་མ་ངེས་པ་དང་། ལས་ཀྱི་མཐའ་མི་བརྟན་པ་དང་། ལས་ཀྱི་མཐའ་མ ་ཡེངས་པ་དང་། དགོས་པ་མང་བ་དང་། བརྗེད་ངས་པ་དང་། དབྱེན་པ་ལ་མི་དགའ་བ་དང་། རྣམ་པར་གཡེང་བ་མང་བ་དང་། འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག་པ་དང་། མཁས་པ་དང་ལེ ་ལོ་མེད་པ་དང་། སྒྲུབ་ཕོད་པའོ་ཞེས་གསུངས་པའོ།། ཕན་ཡོན་ནི། དབུགས་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚོགས་མེད་པར་འཐོ་བ།། དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པར་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ། ་འབྲེལ་བས་མི་རྟོག་པའི་ལས་ཀྱང་མྱུར་དུ་སྐྱེ་བར་གསུངས།། ལྟོམ་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ནང་ཉུང་བ་དངཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནད་པར་ལངས་ནས་སྟོང་ཕྲག་གཅིག། རྟག་ཏུ་བགྲང་བ་བྱས་ན་ནི། ་ནང་ཀུན་ལས་ནི་རྣམ་གྲོལ་ཞིང་།། ཟླ་གཉིས་གནས་ཀྱི་བར་དུ་འཚོ།། ཞེས་གསུངས་སོ།། ཤེས་པར་བྱ་བ་ནི་ངོ་བོ་གྱེན་དུ་རྒྱུ་བའི་རླུང་དང་། གྲངས་ཀྱི་དབྱེ་བ་ནི་གཉིས་ཏེ། ནང་དུ་རྔུབ་པ་དང་ཕྱིར་འབྱུང ་བའོ།། མཚན་ཉིད་རྔུབ་པའི་མཚན་ཉིད་དང་།། འབྱུང་བའི་མཚན་ཉིད་དོ།། རྔུབ་པ་ལ་གཉིས་ཏེ། རྔུབ་པ་དང་བར་རྔུབ་པའོ།། འབྱུང་བ་ལ་ཡང་གཉིས་ཏེ། འབྱུང་བ་དང་། བར་དུ་འབྱུང་བའོ།། ངེས་པའི་ཚིག་ནི་རླུང་ཞེས་བྱ། ་དབུགས་ཞེས་བྱ་ལུས་ཀྱི་འདུ་བྱེད་ཅེས་བྱ། འགྲོ་བ་དང་འོང་བ་ཞེས་བྱའོ།། རྒྱུ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་དང་། ལྟེ་བའི་ཕྱོགས་ནས་ཁ་འམ་སྣའི་བར་དུ་སྦུབས་ཡོད་པ་དང་། རྟེན་ནི་ལུས་འབའ་ཞིག་ལ་ཡང་མི་བརྟེན། སེམས ་འབའ་ཞིག་ལ་ཡང་། མི་བརྟེན། གཉིས་ཀ་ཁོ་ན་ལ་ཡང་མི་བརྟེན་ཏོ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བསམ་གཏན་བཞི་པའི་སྙོམས ་པར་འཇུག་པ་དང་། ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པ་མངལ་ན་གནས་པའི་སེམས་ཅན་ལ་སོགས་པ་ལ་ཡང་ཡོད་པར་ཐལ་བར་འགྱུར་ཏེ། དེ་བས་ན་གཉིས་ཀ་ཁ་ཅིག་ལ་ཡོད་དོ།། ས་ནི་རགས་པ་རྒྱུ་བའི་ས་དང་། ཕྲ་བ ་རྒྱུ་བའི་སའོ།། དེ་ལ་རགས་པའི་ནི་ལྟེ་བ་ནས་ཁའམ་སྣའི་བར་དུ་སྦུབས་ཡོད་པ་ཡིན་ནོ།། ཕྲ་བའི་ནི་བ་སྤུའི་ཁུང་བུ་ལ་སོགས་པའོ།། བགྲོད་པ་ནི་གཉིས་ཏེ། རྔུབ་པའི་བགྲོད་པ་ནི་ཐུར་ངུའོ།། འབྱུང་བའི་བགྲོད་པོ་ནི་གྱེན་དུའོ།། ཤེས ་པར་བྱ་བ་བསྡུས་པའི་སྡོམ་ནི། ངོ་བོ་གྲངས་ཀྱི་དབྱེ་བ་དང་། མཚན་ཉིད་ངེས་ཚིག་རྒྱུ་དང་ནི།། གང་ལ་བརྟེན་དང་དེ་བཞིན་ས།། བགྲོད་དང་བརྒྱད་དེ་ཐ་མ་ཡིན།། ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ ་བལྟའོ།། འདིར་འཕྲལ་ལ་བྱ་བ་ཅུང་ཟད་ཙམ་ཞིག་ཤེས་པར་བྱ་སྟེ། ཐོག་མར་སེམས་ཀྱི་འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་གཅིག་མེད་ན། བསྒྲུབ་པར་དཀའ་བས་སེམས་གནས་གཅིག་སྒྲུབ་པར་བྱའོ།། ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་ནས་ཁམས་རང་གི་རླུང་གི་ཤས་ཆེ་བ་འམ། ཆུང་བ་ཤེས་པར་བྱ་བའམ།། གཞོན་ལ་དྲི་བ་བྱས་ལ། ཁམས་དང་འཕྲོད་པའི་ཁོ་ཟས་དང་བཏུན་པས་ཁམས་གསོ་བར་བྱའོ།། དེའི་བར་དུ ་ཆོས་དང་མཐུན་པོའི་བྱ་བ་ཡང་ཉུང་བར་བྱ་བ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། ལུས་ངག་གི་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་བར་བྱ་ཞིང་། སེམས་ཀྱི་འདོད་པ་ལ་བདུན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ།། ་སོས་ངལ་བར་བྱས་ལ་དགེ་བའི་སེམས་ཀྱིས་གནས་པར་བྱ། མི་ནུས་ནི་ལུང་དུ་མ་བསྟན་པའི་སེམས་ཀྱི་ངལ་གསོའོ།། དེ་ལྟར་བྱས་པས་རྒྱུད་ཀྱི་ནུས་པ་བརྟས་ནས་བགས་ཀྱིས་འདུག་ནི་ཚུགས་པར་དགེ་བ་ལ་འཇུག་འདོད་ཙམ ་ན་བཟོད་པ་བསྒོམ་མོ།། དེ་ལ་བསྒོམ་པ་གང་ཞེ་ན། དབང་པོ་སྔོན་པོས་བསྒོམ་པ་དང་། རྟུལ་པོས་བསྒོམ་པའོ།། དེ་ལ་སྔོན་པོས་ནི་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་ནས་བསྒོམ་གྱི་བགྲང་བར་མི་བྱེད་དོ།། ་རྟུལ་པོས་ནི་བགྲང་ཞིང་བསྒོམ་མོ།། རེ་ཞིག་རྣོན་པོས་ཀྱང་བགྲང་བས་སྦྱང་བ་ལ་བསླབས་ན་ལེགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་ཚད་གཟུང་སླ་བས་མྱུར་དུ་སེམས་གནས་པའི་ཕྱིར་རོ།། དེ་བས་ན ་གཉིས་ཀས་བགྲང་བ་ལ་སེམས་གཏད་པར་བྱའོ།། འདི་ལྟར་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡུད་དོ།། དེ་ནས་དབུགས་སྙོམས་པ་དང་། ཁ་ནས་འབྱུང་བ་ཚོར་བར ་བྱ་སྟེ། ཁའི་སྒོ་ནས་ཅིར་གྱིས་གཟུང་ནས་རབ་ཏུ་བསྒྲིམས་ལ་ལྕགས་མགར་གྱིས་སྤྱད་པའམ། གསེར་མགར་གྱི་ཤིང་སྦུད་བཞིན་དུ་དྲང་གསེར་གྱི་ལྟེ་བའི་ཐད་ཀའི་ནང་ལོགས་སུ་ཕྱིན་པར་བྱས་ལ། ཡུད་ཙམ་བསྡད་ནས ་གཅིག་ཅེས་བསམས་ལ་ཡང་གྱེན་དུ་ལོག་གིས་བཟློག་སྟེ། དཀར་ལང་གིས་ཁའི་སྒོ་ནས་སོར་བཞི་ཙམ་དུ་ཅི་གསལ་དུ་བསམ་ཞིང་ཡུད་ཙམ་ཞིག་བསྡད་དེ། གཉིས་བསམ་ཞིང་། ཡང་འུད་ཀྱི་འཐེན་ལ། དཀར་ནེར་གྱི ་ལྟེ་བའི་ནང་ལོགས་སུ་ཕྱིན་པར་བྱས་ལ་བགྲང་ཞིང་ཅི་ནས་ཀྱང་ཚོར་བར་བྱ་ཞིང་དྲན་པ་དང་མ་བྲལ་བར་བྱའོ།། ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོར་གཞན་ལ་རབ་ཏུ ་འཇུག་ལ། སྡོམ་པ་ལ་ཧ་ཅང་མཽ་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་པར་བྱའོ།། དེ་བས་ན་གསུམ་གིས་ཀྱང་སློ་བ་ལུགས་གཅིག་པར་བྱའོ།། མཚན་མོ་བཏང་སྙོམས་སུ་བཞག་སྟེ། ་གཉིས་ཇི་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ།། ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་མོ།། དེ་ལ་སྦྱོར་བ་ཧ་ཅང་ལྷོད་ན་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པ་དང་། ་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་དོ།། སྦྱོར་བ་ཧ་ཅང་དྲགས་ན་ལུས་ལ་གནོད་པའམ། སེམས་ལ་གནོད་པ་བསྐྱོད་པར་བྱེད་དོ།། དེ་ལ་ཇི་ལྟར་ན་ལུས་ལ་གནོད་པ་སྐྱེད་བྱེད་ཅེ་ན། མཐུ་ཀར་བྱོར་ཏེ། དབུགས་རྔུབ་པ ་དང་དབུགས་འབྱུང་བ་དག་གིས་གནོད་པར་གྱུར་པའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང་དེ་དག་གིས་དང་པོ་ཁོ་ནོར་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ཁྱབ་པར་བྱེད་དེ་དག་ནི་ཁྱབ་བྱེད་ཅེས་བྱའོ།། ་རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་ན། ནད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་དེ་དག་ལ་ནང་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱའོ།། ཇི་ལྟར་ན་སེམས་ལ་གནོད་པར་བྱེད་ཅེ ་ནི་དེའི་སེམས་རྣམ་པར་གཡེང་བར་བྱེད་པ་འམ། ཡིད་ཀྱི་བདེ་བ་དང་འཁྲུག་པ་རབ་ཏུ་མང་པོ་དག་གིས་ཟིལ་གྱིས་ནོན་པར་བྱེད་དོ།། དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ།། འོ་ན་ཚོད་ཇི་ལྟར་གཟུང་ཞེ་ནོ། འདི ་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་རྐྱང་བ་བཞི་སྒོམ་མོ།། ཕྱི་འཕྲེད་ཀྱི་ཐུན་གཅིག་ལ་ཡང་རྐྱང་པ་བཞི་བསྒོམ་མོ།། དེའི་ཕྱི་དེ་ཉིན་པར་སྔ་དྲོ་ཐུན་གཉིས་བསྒོམ་མོ།། རྐྱང་པ་དྲུག་དྲུག་གོ། ཕྱི་དྲོ་ཐུན་གཉིས་ལ་ཡང ་རྒྱུང་པ་དྲུག་དྲུག་གོ།། ཉི་མ་གསུམ་པ་ལ་སྔ་དྨོ་ཕྱི་དྲོ་ཐུན་གཉིས་གཉིས་ལ་རྐྱང་པ་བརྒྱད་བརྒྱད་དོ།། ཉི་མ་བཞི་པ་ལ་སྔ་དྲོ་ཕྱི་རེག་ཐུན་གསུམ་གསུམ་ལ་དབུགས་རྐྱང་པ་བཅུ་བཅུ་བསྒོམ་མོ།། དེ་ནས་ཉི ་མ་ལྔ་པ་ལ་སྔ་དྲོ་ཐུན་བཞི་ཕྱི་རིང་ཐུན་གསུམ་སྟེ། བདུན་ལ་ཟུང་བཅུ་བཅུའོ།། དེའི་བར་དུ་ཁམས་ཞར་ལ་དཔྱད་ཅིང་བསྒོམས་པས་ན་ཚ་ཕྲན་ཚེགས་བྱུང་ན་ཡང་འཕྲལ་ལ་ཞི་བར་བྱ་སྟེ། ན་ཚ་ཕྲན་ཚེགས་ལ་སྲན་བསྐྱེད་ཅིང་མི་བསྒོམ ་མོ།། དེ་ནས་ཁམས་མི་བདེ་བ་མེད་ན་ཉི་མ་རེ་ལ་ཐུན་རེ་བསྣན་ཅིང་བསྒོམ་མོ།། དབུགས་ཀྱི་གྲངས་ནི་སེམས་གནས་པ་མ་ཐོབ་ཀྱི་བར་དུ་བཅུ་བཅུ་ལས་མང་བ་མི་བསྒོམ་མོ།། ཡོང་གཉིད་ཆུང་བའམ་མ་བདེ་བ་ཕྲན་ཚེགས་བྱུང་ན ་ཐུན་རེ་དབྲི་ཞིང་བསྒོམ་མོ།། མི་བསྒོམ་པའི་བར་དུ་ངལ་གསོ་བ་སྙོམས་པར་བྱ་ཞིང་འདུག་ས་གཅིག་ཏུ་བསྙུང་མར་ཐུན་གཉིས་ལ་སོགས་པ་མི་བསྒོམ་མོ།། ཉིན་པར་གཉིད་མི་ལོག། སྤྱོད་ལམ་ཐམས་ཅད་དུ་བགས་ཀྱི་དལ་བར ་བྱའོ།། སྐྱེ་བའི་རིམ་པ་ནི་བཞི་སྟེ། དེ་ལ་དང་པོ་ནི་ཤེས་པ་སྒྲིམས་ཀྱང་དབུགས་ནང་དུ་རྩུབ་པ་ནི་མར་འགྲོ་ལ་མི་འདོད་པ་སྙམ་བྱེད་ཅིང་གཏུག་པ་སྙམ་བྱེད་ལ་རེ་དྲན་པས་མི་ཟིན་པ་སྐམ་བྱེད་པ་དང་། ཡང་འབྱུང་བ་ཡང་དྲན་པས་མ ་ཚོར་བར་ཡང་བྱུང་ནས་འགྲོ་བ་དང་། གྲངས་ཀྱང་བརྗེད་རྐྱེན་པ་དང་། དྲན་པས་དབུགས་གཟུང་དཀའ་བར་འོང་ངོ་།། གཉིས་པ་ནི་ཐུན་ཕལ་ཆར་གྲངས་མི་བརྗེད་པ་དང་། ནང་དུ་རྔུབ་པ་ཡང་རུགས་པ་མེད་པར་གྲངས་ཟང་ཟང་འགྲོ་ཞིང་། ་ཡར་འབྱུང་བ་ཡང་དྲན་པ་དང་མཉམ་པོར་འབྱུང་སྟེ། དཔེར་ན་རྟ་ལ་བག་ཙམ་ཆགས་པ་དང་འདྲ་སྟེ། དྲན་པས་བག་ཙམ་ཟིན་པ་ཡིན་ནོ།། གསུམ་པ་ནི་གྲངས་མི་བརྗེད་པ་དང་། ནང་དུ་རྔུབས་པའི་ཐོག་ལ་གྲང་སིལ་གྱིས་སོང་བར་ཚོར ་བ་དང་། ཡར་མ་བཟློག་གི་བར་དུ་མ་གི་ན་གྲང་སིང་ངེ་འདུག་པར་ཚོར་བ་དང་། ཡར་བྱུང་བའི་ཐོག་ལ་ཁའི་སྒོ་ནས་པར་འབྱུང་བའི་ཚེ་ཆུང་ཡང་འཐེམ་པ་སྙམ་པ་དང་། བདེ་བ་ཡང་ཐུན་སྟོང་ཐུན་སྨད་ལ་བག་རེ་འོང་ངོ་།། བཞི་པ་ནི ་རྔུབས་པའི་ཐོག་ལ་ལུས་ཀྱང་བྱིང་བ་སྙམ་བྱེད་ཅིང་ཚོར་བ་སྔ་ན་ཉམས་སུ་མྱོང་བ་གཅིག་གིས་གློ་བུར་དུ་ལུས་ཐམས་ཅད་ཁྱབ་པར་འོང་ངོ་།། ཡང་ན་འབྱུང་བའི་ཐོག་ལ་ཁའི་སྒོ་ནས་ཕར་དཀར་ནར་གྱིས་བྱུང་ནས་ལུས་པགས་ཀྱི་ཡར ་བཏེག་པ་སྙམ་བྱེད་ཅིང་ཚོར་བ་བདེ་བས་ལུས་ཐམས་ཅད་ལ་ཁྱབ་ཅིང་སེམས་ཀྱང་ཤིན་དུ་དགའ་བ་དང་། དྲན་པས་དབུགས་དེ་ཤིན་དུ་ཟིན་ཏེ། དཔེར་ན་རྟ་ལ་ཆགས་པའི་མི་རང་གར་འདོད་པར་རྟ་གཏོང་པ་དེ་བཞིན་དུ་ནང་དུ་ནུབ་པ ་དང་ཕྱིར་འབྱུང་བ་ལ་ཡང་རང་དབྱུང་དུ་འགྱུར་རོ།། གནས་པའི་ཆེད་ནི་ཁྱད་པར་བཞི་སྟེ། གྲངས་ཀྱི་ཁྱད་པར་བདེ་བ་དེ་འབྱུང་བའི་རྗེས་ལ་ཉིས་བརྒྱ་ནས་བརྒྱ་བཞི་ཡན་ཆད་བགྲངས་ཀྱང་དང་པོ་བཞིན་དུ་བདེ་བ་དང་། རྩོལ་བའི་ཁྱད་པར ་གློད་ཀྱང་དབུགས་དེ་དྲན་པས་མི་ཚོར་བ་དང་། བདེ་བའི་ཁྱད་པར་སེམས་མ་བཏང་གི་བར་དུ་ལུས་ཐམས་ཅད་ལ་ཁྱབ་ཅིང་ལངས་ནས་ཀྱང་ཅུང་ཟད་བདེ་བ་དང་། དགའ་བའི་སེམས་རང་ཞུགས་ཀྱི་རྒོད་འཚོར་བ་དང་། འབྲལ་མི་ཕོད་པ ་དང་། འདི་ངེས་པར་གནས་པ་ཡིན་ནོ་སྙམ་ནས་ཆོས་ལ་དང་བ་དང་། ངང་པའི་ཤས་ཆེན་པོ་སྐྱེ་བ་དང་། ལངས་པའི་མོདོ་ལ་ཡང་སེམས་ཡང་ཡེང་པོར་མི་འོང་བ་དང་། གང་ཟག་གཞན་ལ་ཡང་བསྒོམས ་ན་ཅི་མ་རུང་སྙམ་པའི་སེམས་འབྱུང་ངོ་།། གཞན་ཡང་རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། ནང་ཉེ་བར་ཞི་བའི་འདུ་ཤེས་དང་། ཞི་གནས་ཀྱི་འདུ་ཤེས་དང་། ཞི་གནས་ཀྱི་འདུ་ཤེས་མང་དུ་སྣང་ལ། སྤྲོས་པའི་འདུ་ཤེས་མེད་པ་དང་། ་རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང་། མཐུན་པོའི་ཆོས་རྣམས་ལ་སེམས་མི་འཇུག། གོ།། བརྟན་པར་བྱ་བའི་ཐབས་ནི་ཁམས་ཀྱི་ཚད་ལས་དཔག་སྟེ། ཁམས་བདེན་ནི་ཐུན་གྱི་གྲངས་ཉུང་བར་བྱས་ལ་བགྲང་བ ་དྲངས་མང་བས་ཡུན་རིང་བར་བྱ་ཞིང་ཉི་མ་ཁ་ཅིག་ཏུ་བསྒོམས་ལ་ངལ་གསོའོ།། ཁམས་ཞན་ན་ནི་ཉི་མ་གཅིག་ཙམ་བསྒོམས་ལ་ངལ་གསོའོ།། འོ་ན་ཚོད་དེ་གང་གིས་གཟུང་ཞེ་ན། ལུས་ངལ་བའམ། ཤུགས་འབྱུང་བའམ ་བསྒོམ་ཙམ་ན་སྔ་བའམ། མགོ་བགས་ཀྱིས་ལྕི་བའམ། ལུས་འདར་བའམ། ནུབ་མོ་གཉིད་མི་ཁུགས་པའམ། སེམས་སང་སང་པོར་འདུག་པའམ། མདོར་ན་ཁམས་མི་བདེ་བའི་མཚན་མ་བག་ཙམ་བྱུང་མ་ཐག་ཏུ་ངལ ་གསོའོ།། དེ་མི་བྱུང་ན་རྟག་པར་ཡང་བསྒོམ་པར་བྱ་སྟེ། བསྟན་པར་བྱ་བ་ནི་སེམས་པའི་བར་དེར་ཁམས་བདེན་བསྒོམ་པས་ཕྱིས་བརྟན་པར་འགྱུར་རོ།། མི་བདེན་ངལ་གསོ་བས་བརྟན་པར་འགྱུར་བ་ཡིན་ནོ།། སྐྱེད་དབྱུང ་བའི་ཚད་ནི་སྔར་བརྟུན་པར་བྱས་ནས་ཞག་པར་ངལ་བསས་པར་བྱས་ལ། བྱིས་སྲོད་ཐོ་རངས་ཐུན་རེ་བསྒོམ། སྦྱིན་པར་ཐུན་པཞི་བཞི་ལྔ་ལྔ་བསྒོམ་མོ།། དབུགས་ཀྱི་གྲངས་ནི་བརྒྱ་མུན་ཆང་ནས་བཞི་བཅུ་ཡན་ཆད་བགླང་ངོ་།། ་ཟླ་བ་ཁ་ཅིག་རྒྱང་དེ་ཧ་ཅང་མི་དྲག་པར་བསྒོམ་མོ།། ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། ལོང་བ་མེད་ན་ཡང་སྲོད་དང་ཐོ་རངས་ཙམ་བསྒོམ་མོ།། དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཁམས་དང་འཕྲོད་པའི ་ཁ་ཟས་དང་། གྲོགས་མཐུན་པ་དང་། གནས་བདེ་བ་དང་། བྱ་བ་མང་པོ་སྤངས་པ་ལ་སོགས་པ་བྱས་ལ། ཞལ་བཅུ་ཙམ་དུ་ཉི་མ་རེ་ལ་ཐུན་ཆུང་རེ་རེ་ཙམ་ལས་མི་བསྒོམ་པར་ངལ་གསོའོ།། ལུས་ཀྱི་ནུས་པ་རྟས་སུ་གཞུག། ་མཚན་མོ་བསྒོམ། དགེ་སྦྱོར་གཞན་ལ་ཡང་བག་ཙམ་ལས་མི་བྱ། དེ་ནས་ནུས་པ་བརྟས་པ་དང་། མཚན་མོ་འམ་ཉིན་པར་ཁམས་གང་བདེ་བ་གཅིག་ལ་བརྟེན་ནས་བསྐྱེད་དབྱུང་ངོ་།། དེ་ཡང་ཉིན་པར་ལེགས་ཏེ། ཉི་མ ་དང་པོ་ལ་ཐུན་གསུམ་ལ་གྲོངས་བརྒྱ་བརྒྱ་བསྒོམ། དེ་ནས་ཉི་མ་བཅུའི་བར་དུ་ཐུན་གསུམ་གསུམ་ལས་མི་མང་བར་བསྒོམ་མོ།། དབུགས་ཀྱི་གྲངས་ནི་ཉིན་རོ་ལ་བརྒྱ་བརྒྱས་མང་བར་བསྒོམ་མོ།། བར་དེར་ཐ་ན་ཟས་ཟའི ་བར་དུ་ཡང་མི་དང་མི་འཕྲད་དོ།། ཡང་གཉིད་ཆུང་བ་འམ་ཡང་ན་ཆ་ཕྲན་ཚེགས་བྱུང་ན་ངལ་གསོའོ།། ངལ་བསོས་པའམ། མི་བདེ་བ་མེད་ན་སྔོན་མ་བཞིན་དུ་བྱའོ།། གྲངས་ཀྱི་མཐར་ཕྱིན་པ་གང་ཞེ་ན། གྲངས་སྟོང་གི ་བར་དུ་སེམས་རྣམ་པར་གཡེང་བར་མི་འགྱུར་ཞིང་བརྗེད་པ་མེད་པ་རང་གི་ངང་གིས་འཇུག་ཅིང་མངོན་པར་དགའ་བ་དང་བཅས་པས་འཇུག་ན་དེ་ཙམ་གྱིས་བགྲང་བའི་ས་ལས་འདས་པ་ཡིན་ནོ།། དེ་ནས་མི ་བགྲེང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་དེ། སྣ་ནས་འབྱུང་བ་ལ་གཏད་ཅིང་ལུགས་སུ་སྣ་གཡས་པ་ནས་འགྲོ་བ་དང་། གཡོན་པ་ནས་འགྲོ་བ་ལ་གཏད་པའམ། གཡས་ནས་ཕྱུང་ལ་གཡོན་དུ་རྩུབ་པ་ལ་སོགས་པ་བྱ ་ཞིང་མི་བགྲང་བར་བསྒོམ་མོ།། དེ་ནས་ལྕུག་མཐོང་བསྐྱེད་པར་བྱའོ།། ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། བདག་པས་བློ་ཞན་མི་སྲིད་དེ། འོན་ཀྱང་དོན་དུ་མི་གཉེར་བས། མཁས་པའི་གདམས་ངག་མ་ཐོས་ལ།། ཕན་སྲིད ་བསྣམས་ནས་བྲིས་པ་ལགས།། རབ་རིབ་ཅན་གྱི་གཟུགས་བལྟོས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལས་བཟོད་པར་གསོལ། དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང ་ཟད་བྲིས་པ་རྫོགས་སོ།། ། འཛམ་བུ་ཆུ་བོའི་གསེར་འདྲས་ཁ་དོག་བསླུས།། བདི་གཤེགས་འགྲོ་བའི་གཉེན་གཅིག་རབ་མཛེས་ལ།། ཡོན་ཏན་དྲན་པའི་དང་བསྔོན་འགྲོ་བས།། ཕྱག་འཚལ་ཞི་གནས་ལ་འཇུག ་ཅུང་ཟད་བྲི།། སྟོང་གསུམ་གྱི་ནི་སྟོང་ཆེན་པོའི།། རྡུལ་ཕྲན་མ་ལུས་ཇི་སྙེད་པ།། ཉན་ཐོས་རང་རྒྱལ་གཟུགས་གྱུར་ལ།། བསོད་ནམས་འདོད་པས་རྟག་མཆོད་པས།། གང་གིས་ཡང་ངག་རྫོགས་པའི་སྐུ།། རི་མོ་བྲིས་སོགས ་མཐོང་བ་འཕགས།། དད་པའི་སྟོབས་བསྐྱེད་ལ་འཇུག་པའི།། ཕྱག་རྒྱའི་མདོ་ལས་བདེར་གཤེགས་གསུངས།། རིན་ཆེན་སྣ་བདུན་གཞལ་ཡས་ཁང་།། འཛམ་བུའི་གླིང་རྣམས་བཀང་ནང་དུ།། ཙན་དན་མཆོག་ལ་བདེར ་གཤེགས་གཟུགས།། བྱས་གང་རྟག་ཏུ་མཆོད་པ་བས།། གང་གིས་ཡིད་རབ་ནང་བཏུང་ནས།། ཡུད་ཙམ་བསྒོམ་པ་ཁྱད་འཕགས་ཞེས།། ཏིང་ངེ་འཛིན་མཆོག་དམ་པ་ཡི།། མདོ་ལས་སངས་རྒྱས་དེ་སྐད་གསུངས།། ་ཕན་ཡོན་བསྟན་པའོ།། བདག་དང་ལོངས་སྤྱོད་མཛའ་བཤེས་ལ།། ཆགས་པར་འགྱུར་བ་སྤང་བར་བྱ།། ཚུལ་ཁྲིམས་རྣམ་ངག་ལ་གནས་ནས།། རབ་ཏུ་དབྱེན་པའི་གནས་འདུན་ཏེ།། མ་ཆགས་ཚུལ་ཁྲིམས་རྣམ་དག ་ཅིང་།། ཞེ་སྡང་ཟུག་རྔུའི་སེམས་སྤངས་ན།། ཏིང་འཛིན་འགྲུབ་པར་འགྱུར་རོ་ཞེས།། འོད་སྲུངས་ཞུས་པའི་མདོ་ལས་གསུངས།། ཚོགས་བསྟན་པའོ།། འཇམ་པའི་སྟན་ལ་སྐྱིལ་ཀྲུང་བཅས།། འགྲོ་ལ་སྙིང་བརྩེའི་སེམས ་བཏང་ནས།། དེ་དོན་བྱང་ཆུབ་ཐོབ་བྱ་བསམ།། ཡིད་ནི་རྣམ་པར་གཡེངས་གྱུར་ན།། ཉོན་མོངས་མཆེ་བའི་འཕྲག་ལ་གནས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ།། ཏིང་ངེ་འཛིན་ལས་སྐྱེའོ་ཞེས།། ས་བཅུའི་མདོ་ལས ་བདེ་གཤེགས་གསུངས།། སྔོན་འགྲོ་བའོ།། བདག་གི་མདུན་དུ་བདེར་གཤེགས་སྐུ།། དབྱིབས་ལེགས་ཁ་དོག་གསལ་བར་བསམ།། རབ་ཏུ་བསྒྲིམས་པའི་དྲན་པ་ཡིས།། ཡང་དང་ཡོང་དུ་གསལ་བར་བསྒོམ།། གལ ་ཏེ་རངས་པ་མི་གསལ་ན།། ཇི་ཙམ་སྣང་བ་དེ་ལ་གཏད།། དེ་མེད་གྱུར་ན་རངས་པ་བསམ།། དེ་ལྟར་ཡང་དང་ཡང་དུ་བསྒོམ།། སེམས་ཇི་ལྟར་གཏད་པའོ།། དེ་ཡི་སེམས་ཀྱི་སྐྱེ་ལུགས་ནི།། རིམ་པ ་བཞིར་ནི་འབྱུང་སྲིད་དེ།། རྩོལ་བ་དྲག་ཞན་གཉི་ག་ལ།། ཅུང་ཟད་མི་སྣང་དང་པོའི་སེམས།། དྲག་ཏུ་བསྒོམས་ནས་ཅུང་ཟད་སྣང་།། ཞན་ན་མི་སྣང་གཉིས་པ་ཡིན།། དྲག་ཏུ་བསྒོམ་ནཱ་རྟག་ཏུ་སྣང་།། ཞོན་ནུ་མི་སྣང་གསུམ་པ ་ཡིན།། རྩོལ་བ་དྲག་ཞན་གཉིས་ཀ་ལྔ།། བྱིང་རྒོད་གཉིས་བྲལ་རྫོགས་པར་སྣང་།། ལུས་བདེ་སེམས་དགའ་རྩེ་གཅིག་པ།། བཞི་པ་ཞི་གནས་ཕྱོགས་མཐུན་ཐོབ།། སེམས་ཀྱི་སྐྱེ་བའི་རིམ་པའོ།། མིག་གི་མཐོང་བ་བས་གསལ ་པའི།། ང་རྒྱལ་སྐྱེ་བ་རབ་ཚད་ཡིན།། མིག་གིས་མཐོང་བ་འདྲ་བ་ཡིན།། ང་རྒྱལ་སྐྱེ་བ་འབྲིང་ཚང་ཡིན།། ཡན་ལག་ཀུན་ཚང་རིམ་པ་ཙམ།། སྣང་པོ་དེ་ནི་ཐ་མའི་ཚད།། གསུམ་ག་ཡིད་ཀྱི་ཡུལ་ཡིན་ཡང་།། གསལ་མི་གསལ་གྱིས ་ཕྱེ་བ་ཡིན།། གསལ་བྱེད་བྲག་གི་ཚད་བསྟན་པའོ།། དང་པོའི་ཉིན་པར་ཐུན་གཅིག་ཙམ།། དེ་ནས་ཉི་མ་བདུན་གྱི་བར།། ཐུན་རེ་ཐུན་རེ་བསྣུན་པར་བྱ།། དེ་ནས་དྲུག་དྲུག་བདུན་བདུན་ཙམ།། སྐྱེས་བུ་གོམ་བྷ་ཐ་མལ་པས།། མདའ ་རྐྱོང་ཕྱེད་དུ་ཕྱིན་ཚད་ཙམ།། ཡུན་གྱི་ཚད་ནི་དེ་ཙམ་སྟེ།། གྲངས་ནི་གོང་དུ་བསྟན་པའོ།། ཁམས་ཀྱི་ཚོད་གཟུང་བའོ།། བྱ་བ་སྣ་ཚོགས་སེམས་ཀྱིས་སྤངས།། འཁོར་བའི་ཆོས་ལ་སྐྱོ་བ་བསྐྱེད།། ཁོན་དུ་འཛིན་པ་ཡོངས་སྤངས་ནས། ་འགྲོ་བ་ཀུན་ལ་སེམས་སྙོམས་བྱ།། འགྲོན་དུ་འབོད་དང་འདུ་འཛི་ནི།། ཐམས་ཅད་དུ་ནི་སྤང་བར་བྱ།། སྙན་དང་མི་སྙན་གཏམ་སྙན་དང་།། སྨྲ་བ་རྟག་ཏུ་སྤང་བར་བྱ།། ཁ་ནཱ་མ་ཐོ་ཆུང་བའི་ཟས།། ཁམས་དང་མཐུན་པའི་ཚད་ལྡན་བཟའ། ་ཉིན་པར་གཉིད་ནི་མི་ལོག་ཅིང་།། སྤྱོད་ལ་མི་རྣམ་བཞི་ཡང་ཡང་སྤྲོ།། ལུས་ཀྱི་སྤྱོད་པ་དུལ་བ་དང་།། དགེ་དང་ལུང་དུ་མ་བསྟན་སེམས།། བདག་ཉིད་གཅིག་དུ་གྲོགས་མེད་པར།། ཉིན་མཚན་རྟག་ཏུ་གནས་པར་བྱ།། རྐྱེན ་དང་མཚན་མོ་ལན་གསུམ་དུ།། མཆོད་དང་བཤགས་སོགས་དགེ་བ་གང་།། སྐུ་མོ་ལྟ་བུའི་སེམས་བསྐྱེད་དེ།། ཐམས་ཅད་བྱང་ཆུབ་ཆེན་པོར་བསྒོ།། ངལ་གསོ་བའི་དུས་ཀྱི་བསླབ་པའོ།། ཕན་ཡོན་ཚོགས་དང་སྟོན་འགྲོ་བསྒོམ།། ་སྐྱེད་རིམས་གནས་ཚད་ཁམས་དང་བསླབ།། བརྒྱད་པོ་དག་གི་ཞི་གནས་ཀྱི།། ཕྱོགས་མཐུན་བྱ་ཐབས་བསྡུས་པ་ཡིན།། བདེ་གཤེགས་བཀའ་ན་བདུད་རྩི་ལྟ་བུ་སྨན་ཆེན་ལས།། བདག་འདྲ་རྨོངས་པས་སློབ་ཕྱིར་བསྒྲུབ་པར་མི ་འོས་ཀྱང་།། ཅི་ཞིག་ཝཱར་ངེས་བདག་ལ་མོས་པ་དེ་དོན་བྱས། བསོད་ནམས་འདི་ཡིས་སྐྱེ་མེད་ཡེ་ཤེས་ཐོབ་གྱུར་ཅིག། ཞི་གནས་སྐུ་ལ་བསྒོམ་ཐབས་ཆུང་ངུ་རྫོགས་སོ།། །། གང་གིས་ཞི་གནས་ལྷག་མཐོང་མཐར ་